CLOSE WINDOW

GT3872: dbugs bgrang ba'i sgo nas sems gnas par bya ba'i thabs
Wyliee-texts produced with BDRC’s OCR application

རིབ་ཅན་གྱི་གཟུགས་བལྟས་ནས།། གཞན་ལ་འདི་ཞེས་སྟོན་འདྲ་བས།། མཁས་པ་རྣམས་ལ་བཟོད་པར་གསོལ།། ཁམས་རབ་ཏུ་དབྱེ་བའི་སྒོ་ནས། སེམས་གནས་པར་བྱ་བའི་ཐབས་ཅུང་ཟད་བྲིས་པ་རྫོག་སོ།། ་གང་གིས་རླུང་འདི་དབང་གྱུར་པས།། མི་རྟོག་ཡེ་ཤེས་སྐྱེས་གྱུར་ཅིང་།། འོད་ཟེར་སྣ་ཚོགས་སྟོན་མཛད་པ།། དེ་ལ་ཕྱག་འཚལ་འཇུག་ཐབས་བྲི།། སྡོམ་ནི། རྟགས་དང་ཕན་ཡོན་ཤེས་བྱ་དང་།། ཚོགས་དང་སྒོམ་དང་ཚོད་གཟུང ་དང་།། བསྐྱེད་རིམ་གནས་ཚད་བརྟན་པའི་ཐབས།། སྟེང་དབྱུང་གྲངས་མཐར་ཕྱིན་དང་གཅིག། དེ་ལ་རྟགས་ནི་འདིར་རྣམ་པར་རྟོག་པ་ཤས་ཆེ་བའི་རྟགས་གཟུང་སྟེ། དེ་ཡང་གང་ཞེ་ན། འདི་ལྟ་སྟེ། དབང་པོ་འགྱུར་བ་དང་། ་དབང་པོ་གཡོ་བ་དང་། དབང་པོ་མི་བརྟན་པ་དང་། དབང་པོ་འཁྲུག་པ་དང་། ལུས་ཀྱི་ལས་ཀྱི་མཐའ་བརྟད་པ་དང་། གང་གི་ལས་ཀྱི་མཐའ་བརྟད་པ་དང་། འབྲལ་བར་དཀའ་བ་དང་། ཡིད་དབྱུང་བར་དཀའ་བ་དང་། སྤྲོས་པ་འདོད ་པ་དང་། སྤྲོས་པ་ལ་དགའ་བ་དང་། ནེམ་ནུར་མང་བ་དང་། ཐེ་ཚོམ་མང་བ་དང་། འདུན་པ་དང་ལྡན་པ་དང་། བརྟུལ་ཞུགས་མི་བརྟན་པ་དང་། བརྟུལ་ཞུགས་མ་ངེས་པ་དང་། ལས་ཀྱི་མཐའ་མི་བརྟན་པ་དང་། ལས་ཀྱི་མཐའ་མ ་ཡེངས་པ་དང་། དགོས་པ་མང་བ་དང་། བརྗེད་ངས་པ་དང་། དབྱེན་པ་ལ་མི་དགའ་བ་དང་། རྣམ་པར་གཡེང་བ་མང་བ་དང་། འཇིག་རྟེན་གྱི་སྣ་ཚོགས་དག་ལ་འདུན་པའི་འདོད་ཆགས་རྗེས་སུ་འཇུག་པ་དང་། མཁས་པ་དང་ལེ ་ལོ་མེད་པ་དང་། སྒྲུབ་ཕོད་པའོ་ཞེས་གསུངས་པའོ།། ཕན་ཡོན་ནི། དབུགས་བགྲང་བ་འདིས་རྣམ་པར་རྟོག་པ་མྱུར་དུ་ཞི་ནས་ཞི་གནས་ཚོགས་མེད་པར་འཐོ་བ།། དེ་ནས་ལྷག་མཐོང་ཡང་དཀའ་བ་མེད་པར་སྐྱེ་སྟེ། ཞི་གནས་དང་ལྷག་མཐོང་ཟུང་དུ། ་འབྲེལ་བས་མི་རྟོག་པའི་ལས་ཀྱང་མྱུར་དུ་སྐྱེ་བར་གསུངས།། ལྟོམ་ཁྱད་པར་ཅན་མ་ཐོབ་ཀྱི་བར་དུ་ཡང་རྟག་ཏུ་ནང་ཉུང་བ་དངཚེ་རིང་བར་ཡང་འགྱུར་ཏེ། དེ་སྐད་དུ། ནད་པར་ལངས་ནས་སྟོང་ཕྲག་གཅིག། རྟག་ཏུ་བགྲང་བ་བྱས་ན་ནི། ་ནང་ཀུན་ལས་ནི་རྣམ་གྲོལ་ཞིང་།། ཟླ་གཉིས་གནས་ཀྱི་བར་དུ་འཚོ།། ཞེས་གསུངས་སོ།། ཤེས་པར་བྱ་བ་ནི་ངོ་བོ་གྱེན་དུ་རྒྱུ་བའི་རླུང་དང་། གྲངས་ཀྱི་དབྱེ་བ་ནི་གཉིས་ཏེ། ནང་དུ་རྔུབ་པ་དང་ཕྱིར་འབྱུང ་བའོ།། མཚན་ཉིད་རྔུབ་པའི་མཚན་ཉིད་དང་།། འབྱུང་བའི་མཚན་ཉིད་དོ།། རྔུབ་པ་ལ་གཉིས་ཏེ། རྔུབ་པ་དང་བར་རྔུབ་པའོ།། འབྱུང་བ་ལ་ཡང་གཉིས་ཏེ། འབྱུང་བ་དང་། བར་དུ་འབྱུང་བའོ།། ངེས་པའི་ཚིག་ནི་རླུང་ཞེས་བྱ། ་དབུགས་ཞེས་བྱ་ལུས་ཀྱི་འདུ་བྱེད་ཅེས་བྱ། འགྲོ་བ་དང་འོང་བ་ཞེས་བྱའོ།། རྒྱུ་ནི་སྔོན་གྱི་ལས་ཀྱིས་འཕངས་པ་དང་། ལྟེ་བའི་ཕྱོགས་ནས་ཁ་འམ་སྣའི་བར་དུ་སྦུབས་ཡོད་པ་དང་། རྟེན་ནི་ལུས་འབའ་ཞིག་ལ་ཡང་མི་བརྟེན། སེམས ་འབའ་ཞིག་ལ་ཡང་། མི་བརྟེན། གཉིས་ཀ་ཁོ་ན་ལ་ཡང་མི་བརྟེན་ཏོ། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། བསམ་གཏན་བཞི་པའི་སྙོམས ་པར་འཇུག་པ་དང་། ནུར་ནུར་པོ་དང་མེར་མེར་པོ་ལ་སོགས་པ་མངལ་ན་གནས་པའི་སེམས་ཅན་ལ་སོགས་པ་ལ་ཡང་ཡོད་པར་ཐལ་བར་འགྱུར་ཏེ། དེ་བས་ན་གཉིས་ཀ་ཁ་ཅིག་ལ་ཡོད་དོ།། ས་ནི་རགས་པ་རྒྱུ་བའི་ས་དང་། ཕྲ་བ ་རྒྱུ་བའི་སའོ།། དེ་ལ་རགས་པའི་ནི་ལྟེ་བ་ནས་ཁའམ་སྣའི་བར་དུ་སྦུབས་ཡོད་པ་ཡིན་ནོ།། ཕྲ་བའི་ནི་བ་སྤུའི་ཁུང་བུ་ལ་སོགས་པའོ།། བགྲོད་པ་ནི་གཉིས་ཏེ། རྔུབ་པའི་བགྲོད་པ་ནི་ཐུར་ངུའོ།། འབྱུང་བའི་བགྲོད་པོ་ནི་གྱེན་དུའོ།། ཤེས ་པར་བྱ་བ་བསྡུས་པའི་སྡོམ་ནི། ངོ་བོ་གྲངས་ཀྱི་དབྱེ་བ་དང་། མཚན་ཉིད་ངེས་ཚིག་རྒྱུ་དང་ནི།། གང་ལ་བརྟེན་དང་དེ་བཞིན་ས།། བགྲོད་དང་བརྒྱད་དེ་ཐ་མ་ཡིན།། ཚོགས་ནི་ཚུལ་ཁྲིམས་རྣམ་པར་དག་པ་ལ་སོགས་པ་གཞན་དུ ་བལྟའོ།། འདིར་འཕྲལ་ལ་བྱ་བ་ཅུང་ཟད་ཙམ་ཞིག་ཤེས་པར་བྱ་སྟེ། ཐོག་མར་སེམས་ཀྱི་འདི་སྙམ་དུ་སྒྲུབ་པ་སྙིང་པོར་བྱ་བ་ལ་སེམས་གནས་པ་གཅིག་མེད་ན། བསྒྲུབ་པར་དཀའ་བས་སེམས་གནས་གཅིག་སྒྲུབ་པར་བྱའོ།། ་སྙམ་དུ་སེམས་བསྐྱེད་པར་བྱའོ།། དེ་ནས་ཁམས་རང་གི་རླུང་གི་ཤས་ཆེ་བ་འམ། ཆུང་བ་ཤེས་པར་བྱ་བའམ།། གཞོན་ལ་དྲི་བ་བྱས་ལ། ཁམས་དང་འཕྲོད་པའི་ཁོ་ཟས་དང་བཏུན་པས་ཁམས་གསོ་བར་བྱའོ།། དེའི་བར་དུ ་ཆོས་དང་མཐུན་པོའི་བྱ་བ་ཡང་ཉུང་བར་བྱ་བ་ཡིན་ན་མི་མཐུན་པ་ལྟ་ཅི་སྨོས། ལུས་ངག་གི་ཉེས་པ་ཅུང་ཟད་ཀྱང་མི་འབྱུང་བར་བྱ་ཞིང་། སེམས་ཀྱི་འདོད་པ་ལ་བདུན་པ་ལ་སོགས་པའི་རྣམ་པར་རྟོག་པ་ཅུང་ཟད་ཀྱང་མི་བསྐྱེད་དོ།། ་སོས་ངལ་བར་བྱས་ལ་དགེ་བའི་སེམས་ཀྱིས་གནས་པར་བྱ། མི་ནུས་ནི་ལུང་དུ་མ་བསྟན་པའི་སེམས་ཀྱི་ངལ་གསོའོ།། དེ་ལྟར་བྱས་པས་རྒྱུད་ཀྱི་ནུས་པ་བརྟས་ནས་བགས་ཀྱིས་འདུག་ནི་ཚུགས་པར་དགེ་བ་ལ་འཇུག་འདོད་ཙམ ་ན་བཟོད་པ་བསྒོམ་མོ།། དེ་ལ་བསྒོམ་པ་གང་ཞེ་ན། དབང་པོ་སྔོན་པོས་བསྒོམ་པ་དང་། རྟུལ་པོས་བསྒོམ་པའོ།། དེ་ལ་སྔོན་པོས་ནི་མི་བགྲང་བར་དབུགས་ཀྱི་འགྲོ་ལུགས་ལ་གཏད་ནས་བསྒོམ་གྱི་བགྲང་བར་མི་བྱེད་དོ།། ་རྟུལ་པོས་ནི་བགྲང་ཞིང་བསྒོམ་མོ།། རེ་ཞིག་རྣོན་པོས་ཀྱང་བགྲང་བས་སྦྱང་བ་ལ་བསླབས་ན་ལེགས་ཏེ། དེ་ཅིའི་ཕྱིར་ཞེ་ན། ཁམས་ཚད་གཟུང་སླ་བས་མྱུར་དུ་སེམས་གནས་པའི་ཕྱིར་རོ།། དེ་བས་ན ་གཉིས་ཀས་བགྲང་བ་ལ་སེམས་གཏད་པར་བྱའོ།། འདི་ལྟར་སྟན་བདེ་བའི་སྟེང་དུ་སྐྱིལ་མོ་ཀྲུང་བཅས་ལུས་དྲང་པོར་བསྲངས་ལ་ཡུད་ཙམ་ཞིག་བསྡུད་དོ།། དེ་ནས་དབུགས་སྙོམས་པ་དང་། ཁ་ནས་འབྱུང་བ་ཚོར་བར ་བྱ་སྟེ། ཁའི་སྒོ་ནས་ཅིར་གྱིས་གཟུང་ནས་རབ་ཏུ་བསྒྲིམས་ལ་ལྕགས་མགར་གྱིས་སྤྱད་པའམ། གསེར་མགར་གྱི་ཤིང་སྦུད་བཞིན་དུ་དྲང་གསེར་གྱི་ལྟེ་བའི་ཐད་ཀའི་ནང་ལོགས་སུ་ཕྱིན་པར་བྱས་ལ། ཡུད་ཙམ་བསྡད་ནས ་གཅིག་ཅེས་བསམས་ལ་ཡང་གྱེན་དུ་ལོག་གིས་བཟློག་སྟེ། དཀར་ལང་གིས་ཁའི་སྒོ་ནས་སོར་བཞི་ཙམ་དུ་ཅི་གསལ་དུ་བསམ་ཞིང་ཡུད་ཙམ་ཞིག་བསྡད་དེ། གཉིས་བསམ་ཞིང་། ཡང་འུད་ཀྱི་འཐེན་ལ། དཀར་ནེར་གྱི ་ལྟེ་བའི་ནང་ལོགས་སུ་ཕྱིན་པར་བྱས་ལ་བགྲང་ཞིང་ཅི་ནས་ཀྱང་ཚོར་བར་བྱ་ཞིང་དྲན་པ་དང་མ་བྲལ་བར་བྱའོ།། ཁམས་ཀྱི་ཚོད་གཟུང་བ་ནི་སྤྱིར་ཁམས་རབ་དང་འབྲིང་དང་ཐ་མ་གསུམ་ཡོད་ཀྱང་དགེ་སྦྱོར་གཞན་ལ་རབ་ཏུ ་འཇུག་ལ། སྡོམ་པ་ལ་ཧ་ཅང་མཽ་ནུས་པ་ཡང་སྣང་བས་ཁམས་རབ་ཀྱིས་ཀྱང་ཐུན་ཐུང་ངུ་ནས་བསྒོམ་པར་བྱའོ།། དེ་བས་ན་གསུམ་གིས་ཀྱང་སློ་བ་ལུགས་གཅིག་པར་བྱའོ།། མཚན་མོ་བཏང་སྙོམས་སུ་བཞག་སྟེ། ་གཉིས་ཇི་ཙམ་གྱིས་ཁམས་བརྟས་པ་དེ་ཙམ་ལོག་ཅིང་གདལ་ལོ།། ཉིན་པར་ཞར་ལ་ཚོད་གཟུང་ཞིང་བསྒོམ་མོ།། དེ་ལ་སྦྱོར་བ་ཧ་ཅང་ལྷོད་ན་ལེ་ལོ་དང་ལྡན་པའི་སེམས་རྨུགས་པ་དང་། གཉིད་ཀྱིས་ཀུན་ནས་དཀྲིས་པ་དང་། ་སེམས་ཕྱི་རོལ་ཏུ་རྣམ་པར་གཡེང་བར་བྱེད་དོ།། སྦྱོར་བ་ཧ་ཅང་དྲགས་ན་ལུས་ལ་གནོད་པའམ། སེམས་ལ་གནོད་པ་བསྐྱོད་པར་བྱེད་དོ།། དེ་ལ་ཇི་ལྟར་ན་ལུས་ལ་གནོད་པ་སྐྱེད་བྱེད་ཅེ་ན། མཐུ་ཀར་བྱོར་ཏེ། དབུགས་རྔུབ་པ ་དང་དབུགས་འབྱུང་བ་དག་གིས་གནོད་པར་གྱུར་པའི་ལུས་ལ་རླུང་མི་མཉམ་པ་དག་འཇུག་པར་འགྱུར་ཞིང་དེ་དག་གིས་དང་པོ་ཁོ་ནོར་དེའི་ཡན་ལག་དང་ཉིང་ལག་དེ་དང་དེ་དག་ལ་ཁྱབ་པར་བྱེད་དེ་དག་ནི་ཁྱབ་བྱེད་ཅེས་བྱའོ།། ་རླུང་ཁྱབ་བྱེད་དེ་དག་རྣམ་པར་འཕེལ་ན། ནད་ཅེས་བྱ་བ་དག་ཏུ་འགྱུར་ཞིང་དེ་དག་གིས་དེའི་ཡན་ལག་དང་ཉིང་ལག་དེ་དག་ལ་ནང་སྐྱེད་པར་བྱེད་དེ། དེ་ནི་ལུས་ལ་གནོད་པ་ཞེས་བྱའོ།། ཇི་ལྟར་ན་སེམས་ལ་གནོད་པར་བྱེད་ཅེ ་ནི་དེའི་སེམས་རྣམ་པར་གཡེང་བར་བྱེད་པ་འམ། ཡིད་ཀྱི་བདེ་བ་དང་འཁྲུག་པ་རབ་ཏུ་མང་པོ་དག་གིས་ཟིལ་གྱིས་ནོན་པར་བྱེད་དོ།། དེ་ལྟར་ན་སེམས་ལ་གནོད་པ་སྐྱེད་པར་བྱེད་པ་ཡིན་ནོ།། འོ་ན་ཚོད་ཇི་ལྟར་གཟུང་ཞེ་ནོ། འདི ་ལྟར་དང་པོའི་ཉིན་པར་སྔ་དྲོ་ཐུན་གཅིག་ལ་རྐྱང་བ་བཞི་སྒོམ་མོ།། ཕྱི་འཕྲེད་ཀྱི་ཐུན་གཅིག་ལ་ཡང་རྐྱང་པ་བཞི་བསྒོམ་མོ།། དེའི་ཕྱི་དེ་ཉིན་པར་སྔ་དྲོ་ཐུན་གཉིས་བསྒོམ་མོ།། རྐྱང་པ་དྲུག་དྲུག་གོ། ཕྱི་དྲོ་ཐུན་གཉིས་ལ་ཡང ་རྒྱུང་པ་དྲུག་དྲུག་གོ།། ཉི་མ་གསུམ་པ་ལ་སྔ་དྨོ་ཕྱི་དྲོ་ཐུན་གཉིས་གཉིས་ལ་རྐྱང་པ་བརྒྱད་བརྒྱད་དོ།། ཉི་མ་བཞི་པ་ལ་སྔ་དྲོ་ཕྱི་རེག་ཐུན་གསུམ་གསུམ་ལ་དབུགས་རྐྱང་པ་བཅུ་བཅུ་བསྒོམ་མོ།། དེ་ནས་ཉི ་མ་ལྔ་པ་ལ་སྔ་དྲོ་ཐུན་བཞི་ཕྱི་རིང་ཐུན་གསུམ་སྟེ། བདུན་ལ་ཟུང་བཅུ་བཅུའོ།། དེའི་བར་དུ་ཁམས་ཞར་ལ་དཔྱད་ཅིང་བསྒོམས་པས་ན་ཚ་ཕྲན་ཚེགས་བྱུང་ན་ཡང་འཕྲལ་ལ་ཞི་བར་བྱ་སྟེ། ན་ཚ་ཕྲན་ཚེགས་ལ་སྲན་བསྐྱེད་ཅིང་མི་བསྒོམ ་མོ།། དེ་ནས་ཁམས་མི་བདེ་བ་མེད་ན་ཉི་མ་རེ་ལ་ཐུན་རེ་བསྣན་ཅིང་བསྒོམ་མོ།། དབུགས་ཀྱི་གྲངས་ནི་སེམས་གནས་པ་མ་ཐོབ་ཀྱི་བར་དུ་བཅུ་བཅུ་ལས་མང་བ་མི་བསྒོམ་མོ།། ཡོང་གཉིད་ཆུང་བའམ་མ་བདེ་བ་ཕྲན་ཚེགས་བྱུང་ན ་ཐུན་རེ་དབྲི་ཞིང་བསྒོམ་མོ།། མི་བསྒོམ་པའི་བར་དུ་ངལ་གསོ་བ་སྙོམས་པར་བྱ་ཞིང་འདུག་ས་གཅིག་ཏུ་བསྙུང་མར་ཐུན་གཉིས་ལ་སོགས་པ་མི་བསྒོམ་མོ།། ཉིན་པར་གཉིད་མི་ལོག། སྤྱོད་ལམ་ཐམས་ཅད་དུ་བགས་ཀྱི་དལ་བར ་བྱའོ།། སྐྱེ་བའི་རིམ་པ་ནི་བཞི་སྟེ། དེ་ལ་དང་པོ་ནི་ཤེས་པ་སྒྲིམས་ཀྱང་དབུགས་ནང་དུ་རྩུབ་པ་ནི་མར་འགྲོ་ལ་མི་འདོད་པ་སྙམ་བྱེད་ཅིང་གཏུག་པ་སྙམ་བྱེད་ལ་རེ་དྲན་པས་མི་ཟིན་པ་སྐམ་བྱེད་པ་དང་། ཡང་འབྱུང་བ་ཡང་དྲན་པས་མ ་ཚོར་བར་ཡང་བྱུང་ནས་འགྲོ་བ་དང་། གྲངས་ཀྱང་བརྗེད་རྐྱེན་པ་དང་། དྲན་པས་དབུགས་གཟུང་དཀའ་བར་འོང་ངོ་།། གཉིས་པ་ནི་ཐུན་ཕལ་ཆར་གྲངས་མི་བརྗེད་པ་དང་། ནང་དུ་རྔུབ་པ་ཡང་རུགས་པ་མེད་པར་གྲངས་ཟང་ཟང་འགྲོ་ཞིང་། ་ཡར་འབྱུང་བ་ཡང་དྲན་པ་དང་མཉམ་པོར་འབྱུང་སྟེ། དཔེར་ན་རྟ་ལ་བག་ཙམ་ཆགས་པ་དང་འདྲ་སྟེ། དྲན་པས་བག་ཙམ་ཟིན་པ་ཡིན་ནོ།། གསུམ་པ་ནི་གྲངས་མི་བརྗེད་པ་དང་། ནང་དུ་རྔུབས་པའི་ཐོག་ལ་གྲང་སིལ་གྱིས་སོང་བར་ཚོར ་བ་དང་། ཡར་མ་བཟློག་གི་བར་དུ་མ་གི་ན་གྲང་སིང་ངེ་འདུག་པར་ཚོར་བ་དང་། ཡར་བྱུང་བའི་ཐོག་ལ་ཁའི་སྒོ་ནས་པར་འབྱུང་བའི་ཚེ་ཆུང་ཡང་འཐེམ་པ་སྙམ་པ་དང་། བདེ་བ་ཡང་ཐུན་སྟོང་ཐུན་སྨད་ལ་བག་རེ་འོང་ངོ་།། བཞི་པ་ནི ་རྔུབས་པའི་ཐོག་ལ་ལུས་ཀྱང་བྱིང་བ་སྙམ་བྱེད་ཅིང་ཚོར་བ་སྔ་ན་ཉམས་སུ་མྱོང་བ་གཅིག་གིས་གློ་བུར་དུ་ལུས་ཐམས་ཅད་ཁྱབ་པར་འོང་ངོ་།། ཡང་ན་འབྱུང་བའི་ཐོག་ལ་ཁའི་སྒོ་ནས་ཕར་དཀར་ནར་གྱིས་བྱུང་ནས་ལུས་པགས་ཀྱི་ཡར ་བཏེག་པ་སྙམ་བྱེད་ཅིང་ཚོར་བ་བདེ་བས་ལུས་ཐམས་ཅད་ལ་ཁྱབ་ཅིང་སེམས་ཀྱང་ཤིན་དུ་དགའ་བ་དང་། དྲན་པས་དབུགས་དེ་ཤིན་དུ་ཟིན་ཏེ། དཔེར་ན་རྟ་ལ་ཆགས་པའི་མི་རང་གར་འདོད་པར་རྟ་གཏོང་པ་དེ་བཞིན་དུ་ནང་དུ་ནུབ་པ ་དང་ཕྱིར་འབྱུང་བ་ལ་ཡང་རང་དབྱུང་དུ་འགྱུར་རོ།། གནས་པའི་ཆེད་ནི་ཁྱད་པར་བཞི་སྟེ། གྲངས་ཀྱི་ཁྱད་པར་བདེ་བ་དེ་འབྱུང་བའི་རྗེས་ལ་ཉིས་བརྒྱ་ནས་བརྒྱ་བཞི་ཡན་ཆད་བགྲངས་ཀྱང་དང་པོ་བཞིན་དུ་བདེ་བ་དང་། རྩོལ་བའི་ཁྱད་པར ་གློད་ཀྱང་དབུགས་དེ་དྲན་པས་མི་ཚོར་བ་དང་། བདེ་བའི་ཁྱད་པར་སེམས་མ་བཏང་གི་བར་དུ་ལུས་ཐམས་ཅད་ལ་ཁྱབ་ཅིང་ལངས་ནས་ཀྱང་ཅུང་ཟད་བདེ་བ་དང་། དགའ་བའི་སེམས་རང་ཞུགས་ཀྱི་རྒོད་འཚོར་བ་དང་། འབྲལ་མི་ཕོད་པ ་དང་། འདི་ངེས་པར་གནས་པ་ཡིན་ནོ་སྙམ་ནས་ཆོས་ལ་དང་བ་དང་། ངང་པའི་ཤས་ཆེན་པོ་སྐྱེ་བ་དང་། ལངས་པའི་མོདོ་ལ་ཡང་སེམས་ཡང་ཡེང་པོར་མི་འོང་བ་དང་། གང་ཟག་གཞན་ལ་ཡང་བསྒོམས ་ན་ཅི་མ་རུང་སྙམ་པའི་སེམས་འབྱུང་ངོ་།། གཞན་ཡང་རྒྱུ་ཡང་རུང་གནས་ཀྱང་རུང་སྟེ། ནང་ཉེ་བར་ཞི་བའི་འདུ་ཤེས་དང་། ཞི་གནས་ཀྱི་འདུ་ཤེས་དང་། ཞི་གནས་ཀྱི་འདུ་ཤེས་མང་དུ་སྣང་ལ། སྤྲོས་པའི་འདུ་ཤེས་མེད་པ་དང་། ་རྣམ་པར་རྟོག་པའི་ཀུན་ནས་དཀྲིས་པ་དང་། མཐུན་པོའི་ཆོས་རྣམས་ལ་སེམས་མི་འཇུག། གོ།། བརྟན་པར་བྱ་བའི་ཐབས་ནི་ཁམས་ཀྱི་ཚད་ལས་དཔག་སྟེ། ཁམས་བདེན་ནི་ཐུན་གྱི་གྲངས་ཉུང་བར་བྱས་ལ་བགྲང་བ ་དྲངས་མང་བས་ཡུན་རིང་བར་བྱ་ཞིང་ཉི་མ་ཁ་ཅིག་ཏུ་བསྒོམས་ལ་ངལ་གསོའོ།། ཁམས་ཞན་ན་ནི་ཉི་མ་གཅིག་ཙམ་བསྒོམས་ལ་ངལ་གསོའོ།། འོ་ན་ཚོད་དེ་གང་གིས་གཟུང་ཞེ་ན། ལུས་ངལ་བའམ། ཤུགས་འབྱུང་བའམ ་བསྒོམ་ཙམ་ན་སྔ་བའམ། མགོ་བགས་ཀྱིས་ལྕི་བའམ། ལུས་འདར་བའམ། ནུབ་མོ་གཉིད་མི་ཁུགས་པའམ། སེམས་སང་སང་པོར་འདུག་པའམ། མདོར་ན་ཁམས་མི་བདེ་བའི་མཚན་མ་བག་ཙམ་བྱུང་མ་ཐག་ཏུ་ངལ ་གསོའོ།། དེ་མི་བྱུང་ན་རྟག་པར་ཡང་བསྒོམ་པར་བྱ་སྟེ། བསྟན་པར་བྱ་བ་ནི་སེམས་པའི་བར་དེར་ཁམས་བདེན་བསྒོམ་པས་ཕྱིས་བརྟན་པར་འགྱུར་རོ།། མི་བདེན་ངལ་གསོ་བས་བརྟན་པར་འགྱུར་བ་ཡིན་ནོ།། སྐྱེད་དབྱུང ་བའི་ཚད་ནི་སྔར་བརྟུན་པར་བྱས་ནས་ཞག་པར་ངལ་བསས་པར་བྱས་ལ། བྱིས་སྲོད་ཐོ་རངས་ཐུན་རེ་བསྒོམ། སྦྱིན་པར་ཐུན་པཞི་བཞི་ལྔ་ལྔ་བསྒོམ་མོ།། དབུགས་ཀྱི་གྲངས་ནི་བརྒྱ་མུན་ཆང་ནས་བཞི་བཅུ་ཡན་ཆད་བགླང་ངོ་།། ་ཟླ་བ་ཁ་ཅིག་རྒྱང་དེ་ཧ་ཅང་མི་དྲག་པར་བསྒོམ་མོ།། ཆོས་དང་མི་འགལ་བའི་བྱ་བ་ཕྲན་ཚེགས་ཀྱང་བྱ། ལོང་བ་མེད་ན་ཡང་སྲོད་དང་ཐོ་རངས་ཙམ་བསྒོམ་མོ།། དེ་ནས་དང་པོའི་སློབ་ལུགས་བཞིན་དུ་ཁམས་དང་འཕྲོད་པའི ་ཁ་ཟས་དང་། གྲོགས་མཐུན་པ་དང་། གནས་བདེ་བ་དང་། བྱ་བ་མང་པོ་སྤངས་པ་ལ་སོགས་པ་བྱས་ལ། ཞལ་བཅུ་ཙམ་དུ་ཉི་མ་རེ་ལ་ཐུན་ཆུང་རེ་རེ་ཙམ་ལས་མི་བསྒོམ་པར་ངལ་གསོའོ།། ལུས་ཀྱི་ནུས་པ་རྟས་སུ་གཞུག། ་མཚན་མོ་བསྒོམ། དགེ་སྦྱོར་གཞན་ལ་ཡང་བག་ཙམ་ལས་མི་བྱ། དེ་ནས་ནུས་པ་བརྟས་པ་དང་། མཚན་མོ་འམ་ཉིན་པར་ཁམས་གང་བདེ་བ་གཅིག་ལ་བརྟེན་ནས་བསྐྱེད་དབྱུང་ངོ་།། དེ་ཡང་ཉིན་པར་ལེགས་ཏེ། ཉི་མ ་དང་པོ་ལ་ཐུན་གསུམ་ལ་གྲོངས་བརྒྱ་བརྒྱ་བསྒོམ། དེ་ནས་ཉི་མ་བཅུའི་བར་དུ་ཐུན་གསུམ་གསུམ་ལས་མི་མང་བར་བསྒོམ་མོ།། དབུགས་ཀྱི་གྲངས་ནི་ཉིན་རོ་ལ་བརྒྱ་བརྒྱས་མང་བར་བསྒོམ་མོ།། བར་དེར་ཐ་ན་ཟས་ཟའི ་བར་དུ་ཡང་མི་དང་མི་འཕྲད་དོ།། ཡང་གཉིད་ཆུང་བ་འམ་ཡང་ན་ཆ་ཕྲན་ཚེགས་བྱུང་ན་ངལ་གསོའོ།། ངལ་བསོས་པའམ། མི་བདེ་བ་མེད་ན་སྔོན་མ་བཞིན་དུ་བྱའོ།། གྲངས་ཀྱི་མཐར་ཕྱིན་པ་གང་ཞེ་ན། གྲངས་སྟོང་གི ་བར་དུ་སེམས་རྣམ་པར་གཡེང་བར་མི་འགྱུར་ཞིང་བརྗེད་པ་མེད་པ་རང་གི་ངང་གིས་འཇུག་ཅིང་མངོན་པར་དགའ་བ་དང་བཅས་པས་འཇུག་ན་དེ་ཙམ་གྱིས་བགྲང་བའི་ས་ལས་འདས་པ་ཡིན་ནོ།། དེ་ནས་མི ་བགྲེང་བར་དབུགས་ཀྱི་འགྲོ་ལུགས་ལ་གཏད་དེ། སྣ་ནས་འབྱུང་བ་ལ་གཏད་ཅིང་ལུགས་སུ་སྣ་གཡས་པ་ནས་འགྲོ་བ་དང་། གཡོན་པ་ནས་འགྲོ་བ་ལ་གཏད་པའམ། གཡས་ནས་ཕྱུང་ལ་གཡོན་དུ་རྩུབ་པ་ལ་སོགས་པ་བྱ ་ཞིང་མི་བགྲང་བར་བསྒོམ་མོ།། དེ་ནས་ལྕུག་མཐོང་བསྐྱེད་པར་བྱའོ།། ལས་ཚུལ་བསམ་གྱིས་མི་ཁྱབ་ཀྱང་། བདག་པས་བློ་ཞན་མི་སྲིད་དེ། འོན་ཀྱང་དོན་དུ་མི་གཉེར་བས། མཁས་པའི་གདམས་ངག་མ་ཐོས་ལ།། ཕན་སྲིད ་བསྣམས་ནས་བྲིས་པ་ལགས།། རབ་རིབ་ཅན་གྱི་གཟུགས་བལྟོས་ནས།། གཞན་ལ་འདི་ཞེས་སྟོན་འདྲ་བས།། མཁས་པ་རྣམས་ལས་བཟོད་པར་གསོལ། དབུགས་བགྲང་བའི་སྒོ་ནས་སེམས་གནས་པར་བྱ་བའི་ཐབས་ཅུང ་ཟད་བྲིས་པ་རྫོགས་སོ།། ། འཛམ་བུ་ཆུ་བོའི་གསེར་འདྲས་ཁ་དོག་བསླུས།། བདི་གཤེགས་འགྲོ་བའི་གཉེན་གཅིག་རབ་མཛེས་ལ།། ཡོན་ཏན་དྲན་པའི་དང་བསྔོན་འགྲོ་བས།། ཕྱག་འཚལ་ཞི་གནས་ལ་འཇུག ་ཅུང་ཟད་བྲི།། སྟོང་གསུམ་གྱི་ནི་སྟོང་ཆེན་པོའི།། རྡུལ་ཕྲན་མ་ལུས་ཇི་སྙེད་པ།། ཉན་ཐོས་རང་རྒྱལ་གཟུགས་གྱུར་ལ།། བསོད་ནམས་འདོད་པས་རྟག་མཆོད་པས།། གང་གིས་ཡང་ངག་རྫོགས་པའི་སྐུ།། རི་མོ་བྲིས་སོགས ་