CLOSE WINDOW

GT3871: khams rab tu dbye ba'i sgo nas sems gnas par bya ba'i thabs
Wyliee-texts produced with BDRC’s OCR application

གཞན་ལ་འདི་ཞེས་སྟོན་འདྲ་བས།། མཁས་པ་རྣམས་ལ་བཟོད་པར་གསོལ།། རྟེན་ཅིང་འབྲེལ་པར་འབྱུང་བ་བགྲང་བའི་སྒོ་ནས་སེམས་གནས་པར་བྱ་བའི་ཐབས་ཅུང་ཟད་བྲིས་པ་རྫོགས་སོ།། །། གང་གིས་ང་རྒྱལ ་པོ་གཏན་སྤངས་ནས།། སྐྱེ་བོ་ཁེངས་པའི་དོན་དུ་ཁམས་དབྱེ་བའི།། བདུད་རྩི་གསུམ་པ་དེ་ལ་ཕྱག་འཚལ་ཏེ།། ང་རྒྱལ་ཤས་ཆེའི་དོན་དུ་དེས་གསུངས་བཤད།། སྡོམ་ནི། རྟགས་དང་པར་ཡོན་ཤེས་བྱ་དང་།། ཚོགས་དང་བསྒོམ་པ ་གཟུང་དང་།། སྐྱེ་རིམ་གནས་ཚད་བརྟན་པའི་ཐབས།། ལྷག་མཐོང་བསྐྱེད་དང་བཅུ་ཡིན་ནོ།། དེ་ལ་རྟགས་ནི་གང་ཟག་ང་རྒྱལ་ཤས་ཆེ་བའི་རྟགས་གཟུང་སྟེ། དེ་ལ་གང་ཟགས་གང་། འདི ་ཟག་ང་རྒྱལ་སྤྱད་པ་ནི།། ཁེངས་པར་འགྱུར་བ་དང་མཐུན་པའི་དངོས་པོ་ཆུང་ངུ་དག་ལ་ཡང་ང་རྒྱལ་གྱི་ཀུན་ནས་དཀྲིས་པ་སྟུག་པོ་དང་མང་པོ་སྐྱེད་པར་བྱེད་ན་འབྲིང་དང་ཆེན་པོ་དག་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ང་རྒྱལ་གྱི་ཀུན་ནས ་དཀྲིས་པ་དེ་ཡང་ཡུན་རིང་དུ་སེམས་ཀྱི་རྒྱུད་ལ་གནས་པར་བྱེད་ཅིང་། ང་རྒྱལ་གྱི་ཀུན་ནས་དཀྲིས་པ་དེ་ཡང་ཡུན་རིང་དུ་རྗེས་སུ་འབྲེལ་པར་འགྱུར་བ་དང་། དེ་ཁེངས་པར་འགྱུར་བ་དང་མཐུན་པའི་ཆོས་རྣམས་ཟིལ་གྱིས་ནོན་པར་འགྱུར ་ཞིང་།། ཁེངས་པར་འགྱུར་བ་དང་། མཐུན་པའི་ཆོས་རྣམས་ཟིལ་གྱིས་ནོན་པར་མི་ནུས་པ་དང་། དབང་རྒོད་པ་དང་། དབང་པོ་འདམ་པ་ལྟར་མཐོ་བ་དང་།། དབང་པོ་ཁེངས་པ་དང་། ལུས་ཆེར་བརྒྱན་པ་ལ་སྦྱོར་བའི་རྗེས་སུ་བརྩོན་པ་དང་། ་བརྩན་དག་དུ་སྨྲ་ཞིང་མི་འདུད་པ་དང་། ཕ་མ་དང་ཉེ་དུ་དང་བླ་མ་ལྟ་བུ་དག་ལ་དུས་དུས་སུ་རྐྱེན་དུ་བབ་པའི་མཆོད་པར་མི་བྱེད་པ་དང་ཁེངས་པ་དང་། ལུས་མི་འདུད་པ་དང་། གསོང་པོར་སྨྲ་བ་དང་། ཕྱག་འཚལ་བ་དང་། མངོན་དུ་ལྡང་བ ་དང་། ཐལ་མོ་སྦྱར་བ་དང་། འདུད་པར་བྱེད་པའི་ངང་ཚུལ་ཅན་མ་ཡིན་པ་དང་། བདག་ཉིད་ཀུན་ཏུ་འཛིན་པ་དང་། བདག་ལ་བསྟོད་པ་དང་། གཞན་ལ་སྨོད་པ་དང་། རྙེད་པ་འདོད་པ་དང་། བཀུར་སྟི་འདོད་པ་དང་། གྲགིས ་པའི་སྒྲའི་ཚོགས་འདོད་པ་དང་། ཐལ་ཐོམ་གྱི་སྣོད་དུ་གྱུར་པ་དང་། འབྲལ་བར་དཀའ་བ་དང་། ཡིད་དབྱུང་བར་དཀའ་བ་དང་། རྒྱ་ཆེན་པོ་ལ་མོས་པ་དང་། སྙིང་རྗེ་ཆུང་བ་དང་། བདག་དང་སེམས་ཅན་དང་། སྲོག་དང་གསོ་བ་དང་། གང ་ཟག་དུ་ལྟ་བུའི་ཤཱས་ཆེ་བ་དང་། ཁྲོ་གཏུམ་ཆེ་བ་དང་། འཁྲུག་པ་དང་ལྡན་པ་ཡིན་ཏེ། དེ་ལྟ་བུ་དང་མཐུན་པ་དག་ནི་གང་ཟག་ང་རྒྱལ་སྤྱད་པའི་རྟག་རྣམས་ཡིན་པར་རིག་པར་བྱའོ།། ཞེས་གསུངས་སོ།། ་དེ་ལ་ཕན་ཡོན་ནི་ང་རྒྱལ་སྤོང་བ་ལ་ཞུགས་ན་རིགས་དང་ལུས་ཕུན་སུམ་ཚོགས་པ་དང་། བླ་མ་རྣམས་ཀྱི་གདམས་ངག་ཀྱང་ཚོགས་མེད་པར་འཐོབ་སྟེ། དེས་ན་ཚོགས་རྣམས་མྱུར་དུ་རྫོགས་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང ་མྱུར་དུ་ཐོབ་པར་འགྱུར་རོ།། དེ་སྐད་དུ། འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། དེའི་ལུས་ཡོངས་སུ་དག་པ་ཡིན་ཏེ། ལུས་མཚན་གྱིས་ལེགས་པར་བརྒྱན་པ་དང་། ལག་པ་དང་རྐང་པ་འཇམ་ཞིང་མཉེན་པ་དང་། ་བ་སོང་ནམས་ཀྱི་རྒྱུ་མཐུན་པའི་ལུས་ཤིན་ཏུ་རྣམ་པར་ཆེ་བ་དང་། དབང་པོ་མ་ཚང་བ་མེད་པ་དང་། ཡན་ལག་དང་ཉིང་ལག་ཐམས་ཅད་ཤིན་ཏུ་རྫོགས་པ་ཡིན་ཡང་གཟུགས་ཀྱི་རྒྱ་གས་ཤིང་དྲེགས་པ་མེད་པ་ཡིན་ཏེ། ལུས་ཆེ ་བའི་ཚུལ་དང་ལྡན་པ་ཡིན་ནོ།། དེ་ཆོས་འཛིན་པ་ཉེ་བར་གཟུང་ནས་སེམས་ཅན་ཇི་ཙམ་དུ་དམན་པ། གཟུགས་མ་ཚང་བ་རྣམས་ལ་ཡང་འདུད་དོ།། རབ་ཏུ་འདུད་དོ་ཞེས་འབྱུང་ངོ་།། ཡང་གསུངས་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ་དཔེར་ན་གང་གི་ཚེ་རྒྱ་མཚོ་ཆེན་པོ་མཆིས་པར་གྱུར་པ་དེའི་ཚེ་གཞོལ་བའི་ཕྱོགས་ན་མཆིས་པར་འགྱུར་རོ།། དེ་གཞོལ་བའི་སླད་དུ་ཆུ་ཀླུང་ཐམས་ཅད་དང་ཆབ་མིག་དང་། འབབ་ཆུ་ཐམས་ཅད་ཚེགས་ཆུང་ངུ་དེར་འབབ་བོ།། བཅོམ ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ང་རྒྱལ་མ་མཆིས་པར། བླ་མ་དང་། སྦྱིན་གནས་ལ་གུས་པ་ལ་ཡང་ཚེགས་ཆུང་ངུས་ཆོས་ཟབ་མོའི་སྒོ་རྣམས་རྣ་བའི་དབང་པོ་ལ་གྲགས་པར་འགྱུར་རོ།། དེ་དྲན་པ་ལ་ཡང ་གནས་པར་འགྱུར་རོ་ཞེས་གསུངས་སོ།། དེ་ལ་ཤེས་པར་བྱ་བ་ནི་མདོར་བསྡུ་ན་གཉིས་ཏེ་གྲངས་དང་། ངོ་བོའོ།། དེ་ལ་གྲངས་ནི་དྲུག་སྟེ། སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ན་མཁའི ་ཁམས་དང་། རྣམ་པར་ཤེས་པའི་ཁམས་སོ།། ནང་གི་སའི་ཁམས་གང་ཞེ་ན། གང་ཅི་ཡང་རུང་སྟེ། ལུས་འདི་ལ་ནང་གི་ཁོང་ན་སྲ་བ་དང་། མཁྲང་བའི་རྣམ་པ་དང་། ཉེ་བར་གྱུར་པ་དང་ཟིན་པའོ།། དེ་ཡང་གང་ཞེ་ན། འདི ་ལྟ་སྟེ། སྒྲ་དང་སྤུ་དང་སེན་མོ་དང་ཞེས་བྱ་བ་ལ་སོགས་པའོ།། ནང་གི་ཆུའི་ཁམས་གང་ཞེ་ན་གང་ཅི་ཡང་རུང་སྟེ། ལུས་འདི་ལ་ནང་གི་ཁོང་ན་ཆུ་དང་ཆུའི་རྣམ་པ་དང་། ཆུ་ཉིད་དང་། བརླན་པ་དང་། བརླན་པའི་རྣམ་པ་དང་། ་བརླན་པ་ཉིད་དང་། གཤེར་བ་ཉིད་དང་། ཉེ་བར་གྱུར་པ་དང་ཟིན་པའོ།། དེ་ཡང་གང་ཞེ་ན། འདི་ལྟ་སྟེ། མཆི་མ་དང་རྡུལ་དང་། མཆིལ་མ་དང་། སྣབས་དང་ཆུ་སེར་དང་། ཚིལ་དང་མཁྲིས་པ་དང་། ངར་སྣབས་དང་། རྣག་དང་། ་ཁྲག་དང་། འོ་མ་དང་གཅིན་དང་། གཞན་ཡང་གང་ལུས་འདི་ལ་ནང་གི་ཁོང་ནང་ཆུ་དང་། ཆུའི་རྣམ་པ་དང་། ཆུ་ཉིད་དང་། བརླན་པ་དང་། བརླན་པའི་རྣམ་པ་དང་། བརླན་པ་ཉིད་དང་། གཤེར་བ་ཉིད་དང་། ཉེ་བར་གྱུར་པ ་དང་། ཟིན་པ་འདི་ནི། ནང་གི་ཆུའི་ཁམས་ཞེས་བྱའོ།། ནང་གི་མེའི་ཁམས་གང་ཞེ་ན། གང་ཅི་ཡང་རུང་སྟེ། ལུས་འདི་ལ་མེ་དང་མེའི་རྣམ་པ་དང་། མེ་ཉིད་དང་དྲོ་བ་དང་། དྲོ་བའི་རྣམ་པ་དང་། ཉེ་བར་གྱུར ་པ་དང་ཟིན་པའོ།། དེ་ཡང་གང་ཞེ་ན། གང་གི་ལུས་འདི་ལ་གདུང་བ་དང་། ཀུན་ཏུ་གདུང་བ་དང་། ཡོངས་སུ་གདུང་བ་དང་། གང་གིས་ཟོས་པ་དང་། འཐུངས་པ་དང་། འཆོས་པ་དང་མྱངས་པ་རྣམས་བདེ་ཞིང་ལེགས་པར་ཞུ ་བར་འགྱུར་བ་དང་། ངག་གི་ཤས་ཆེན་རིམས་སོ་རིམས་སོ་ཞེས་བྱ་བའི་གྲངས་སུ་འགྲོ་བ་དང་ཞེས་བྱ་བ་ལ་སོགས་པའོ།། དེ་ལ་ནང་གི་རླུང་གི་ཁམས་གང་ཞེ་ན། གང་ལུས་འདི་ལ་རླུང་དང་། རླུང་གི་རྣམ་པ་དང་། ཡང་བ་ཉིད་དང་། ་གཡོ་བ་ཉིད་དང་། ཉེ་བར་གྱུར་པ་དང་། ཟིན་པའོ།། དེ་ཡང་གང་ཞེན་འདི་ལྟ་སྟེ། གྱེན་དུ་འགྲོ་བའི་རླུང་དང་། ཟུར་དུ་འགྲོ་བ་དང་། ཐད་ཀར་འགྲོ་བ་དང་། རྒྱབ་ཏུ་འགྲོ་བ་དང་། རྒྱུབ་ན་གནས་པ་དང་། ལྷ་ནི་གནས་པ་དང་། རྒྱུད ་པར་བྱེད་པ་དང་། འགགས་པར་བྱེད་པ་དང་། གཟེར་བ་དང་། འདྲར་ཐུ་སྦྲང་དང་རླུང་སྲན་དང་། དབུགས་འབྱུང་བ་དང་། རྔུབ་པ་དང་ལྡན་པ་དང་། ཡན་ལག་དང་ཉིང་ལག་ལ་གནས་པའི་རླུང་དག་ལ་ཞེས་བྱ་བ་ལ་སོགས ་པའོ།། ནང་གི་ན་མཁའ་གང་ཞེ་ནོ། གང་ཅི་ཡང་རུང་སྟེ། ལུས་འདི་ལ་ནང་གི་ཁོང་ན་ཉེ་བར་གྱུར་པ་དང་། ཟིན་པ་དང་། ན་མཁའ་དང་། ན་མཁའི་རྣམ་པ་ནང་ཞེས་བྱ་བའི་གྲངས་སུ་འགྲོ་བའམ། གང་པགས་པ་དང་ཤ་དང་། ཁྲག ་གིས་དགང་བར་བྱ་བ་མ་ཡིན་པའོ།། དེ་དག་གང་ཞེ་ན། ལུས་འདི་ལ་མིག་གི་ནང་ཞེ་འམ། རྣ་བའམ། སྣའི་ནང་ཞེ་འམ། ཁ་ཞེའམ་ཁའི་ནང་ཞེ་འམ། ཁྭའི་སྒོ་ཞེ་འམ། མིད་པ་ཞེ་འམ། གང་ནས་མིད་པ་དང་། གང་དུ་གནས ་པ་དང་། གང་གིས་ཟོད་པ་དང་། འཐུངས་པ་དང་། འཆོས་པ་དང་། མྱངས་པ་རྣམས་ཐུར་དུ་རྒྱུ་བར་བྱེད་པ་དང་། གཞན་ཡང་ལུས་འདི་ལ་ནང་ཁོང་ན་ཉེ་བར་གྱུར་པ་དང་། ཟིན་པའམ། ཕུང་པོར་གྱུར་པ་འམ། ཁམས ་སུ་གྱུར་པའམ། སྐྱེ་མཆེད་དུ་གྱུར་པ་དག་གི་ནམ་མཁའ་དང་། ན་མཁའི་རྣམ་པ་དང་། མེ་གང་པོ་དང་། པགས་པ་དང་། ཤ་དང་ཁྲག་གི་དགང་བར་བྱ་བ་ཡིན་པ་ནང་གི་གྲངས་སུ་འགྲོ་བ་ཁོང་སྟོང་དང་བུ་ག་ཞེས་བྱ་བ་དག་སྟེ། ་དེ་དག་ནི་རླུང་གི་ན་མཁའ་ཞེས་བྱའོ།། རྣམ་པར་ཤེས་པའི་ཁམས་གང་ཞེ་ནི། མྱིག་གི་དབང་པོ་ནི་བདག་པོ། གཟུགས་ནི་དམིགས་པ། གཟུགས་སོ་སོར་རྣམ་པར་རིག་པ་སྟེ། སྔོན་པོ་རྣམ་པར་རིག་པ་འམ། སེར་པོ་དང་། ་དམར་པོ་དང་། ཁྲ་བོ་རྣམ་པར་རིག་པའམ། རིང་པོ་དང་། ཐུང་དྲུ་དང་། སྦོམ་པོ་དང་། ཕྲ་མོ་རྣམ་པར་རིག་པ་སྟེ། གང་ཅི་ཡང་རུང་། ཁ་དོག་དང་དབྱིབས་རྣམ་པཱར་རིག་པ་འདི་ནི་མིག་གཱི་རྣམ་པར་ཤེས་པའི་ཁམས་ཞེས་བྱ ་དེ་བཞིན་དུ་གང་ཅི་ཡང་རུང་། རྣ་བའི་དབང་པོ་ནི་བདག་པོ་ནས་ཡིད་ཀྱི་དབང་པོ་ནི་བདག་པོ། ཆོས་ནི་དམིགས་པ་སྟེ། སྒྲ་རྣམ་པར་རིག་པའམ། དྲི་རྣམ་པར་རིག་པའམ། རོ་རྣམ་པར་རིག་པ་འམ། རེག་བྱ་རྣམ་པར་རིག ་པའམ། ཆོས་རྣམ་པར་རིག་པ་འདི་ནི་རྣ་བའི་རྣམ་པར་ཤེས་པའི་ཁམས་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་གྱི་ཁམས་ཏེ། དེ་ལྟར་དབང་པོ་དྲུག་ནི་བདག་པོ། ཡུལ་དྲུག་ནི་དམིགས་པ་ཡིན་ལ་ཡུལ ་རྣམ་པར་རིག་པ་འདི་ནི་རྣམ་པར་ཤེས་པའི་ཁམས་ཞེས་བྱའོ།། ཞེས་གསུངས་སོ།། དེ་ལ་ཚོགས་ནི་ཚུལ་ཁྲིམས་རྣམ་པར་དག་པ་ལ་སོགས་པ་གཞན་དུ་བལྟའོ།། འདིར་བྱེ་བྲག་ཅུང་ཟད་ཙམ་ཞིག་བསམ་པར་བྱའོ།། འདི ་སྙམ་དུ་འཕགས་པའི་ལམ་གྱིས་གེགས་སུ་འགྱུར་བའི་ངོ་རྒྱལ་འདི་མ་སྤངས་ན་རྟག་ཏུ་ངན་སོང་དང་མི་ཁོམ་པར་སྐྱེ་ཞིང་། བརྒྱ་ལ་མིར་སྐྱེས་ན་ཡང་རིགས་དམའ་བ་དང་། ལོང་བ་དང་། མདོག་ངན་ཅིང་། མཐུ་ཚོང་བའི་འགྲོ ་བི་འཛིན་ན་བླ་ན་མེད་པའི་བྱང་ཆུབ་ལྟ་ག་ལ་འཐོབ། དེ་སྐད་དྲུ། འཕགས་པ་ཡུལ་འཁོར་སྐྱོང་གི་ཞུས་པའི་མདོ་ལས། རྨོངས་ནས་ང་རྒྱལ་དབང་གི་ངན་སོངས།། མི་ཁོམ་འགྲོ་བ་རྣམས་དང་དབུལ་པོ་དང་།། དམྱའ་བའི་རིགས ་སྐྱེ་དང་ལོང་པ་དང་།། མདོག་ངན་པ་དང་མཐུ་ཆུང་དེ་དག་འཛིན།། ཅེས་གསུངས་སོ།། དེ་བས་ན་བདག་གིས་ཅི་ནས་ཀྱང་ཁེངས་པ་འདི་དུས་ཐམས་ཅད་དུ་སྤང་བར་བྱའོ།། སྙམ་དུ་བསམ་པར་བྱའོ།། དེ་ལ་བསྒོམ་པ་གང་ཞེ ་ནོ། ཐོག་མར་བྱ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ལ། སྟན་བདེ་བའི་སྟེང་དུ་སྐྱིལ་མོ་ཀྲུང་བཅས་ལ་ལུས་དྲང་པོར་བསྲངས་ལ་ཡུད་ཙམ་ཞིག་བསྡད་དོ།། དེ་ནས་ཕྱི་རོལ་གྱི་ཁམས་ལྔ་པོ་དག་མཚན་མ་བཟུང་ནས ་ནང་གི་ཁམས་ལྟར་རྟོགས་པ་ལ་མྱོས་པར་བྱེད་དོ།། ཐོས་པ་དང་བསམ་པ་ལ་བརྟེན་ནས་རྣམ་པར་ཤེས་པའི་ཁམས་ལ་མོས་པར་བྱེད་དོ།། འདི་ལྟར་མིག་གི་ཁམས་འདི་ནི་འབྱུང་བ་ཆེན་པོ་བཞི་དང་པ་སྟེ། སྲ་བ་དང་། གཤེར ་བ་དང་། ཚ་བ་དང་། ཡང་ཞིང་གཡོ་བའོ་ཞེས་ཤེས་པ་རབ་ཏུ་བསྒྲིམས་ལ་བཞིར་ཅི་གསལ་ཏུ་བརྟག་གོ།། དེ་ལྟར་གཟུགས་ཅན་གྱི་དངོས་པོ་དབང་པོ་ལྔ་ལ་སོ་སོར་ཕྱི་ཞིང་བརྟག་གོ། ཁོང་སྟོང་དང་། སྦུབས་དང་། མ་གང་བ ་ལ་ནི་ན་མཁའི་ཁམས་སུ་བརྟག་གོ། ཐོས་པ་དང་བསམ་པ་ལ་བརྟན་ནས་རྣམ་པར་ཤེས་པའི་ཁམས་ལ་འདི་ལྟར་དབང་པོ་དང་། ཡུལ་དང་ཡིད་ལ་བྱེད་པ་ལ་སོགས་པ་ལ་བརྟེན་ནས་རྣམ་པར་ཤེས་པའི་ཁམས་དྲུག་སྐྱེ་སྟེ། ་རྣམ་པ་སྣ་ཚོགས་ལ་དམིགས་སོ།། སྙམ་དུ་དེ་དག་སོ་སོར་ཕྱེ་བ་ལ་དམིགས་སོ།། དེ་ལ་ཁམས་ཀྱི་ཚད་གཟུང་བ་གང་ཞེ་ན། སྤྱིར་ཁམས་རབ་འབྲིང་དང་ཐ་མུ་གསུམ་ཡོད་ཀྱང་དགུ་སྦྱར་གཞན་ལ་རབ་ཏུ་འཇུག་པར་སྣང ་ལ་སྒོམ་པ་ན་ཧ་ཅང་མི་ནུས་པ་ཡང་སྣང་བས་ཁམས་རབ་ཀྱིས་ཀྱང་ཐུན་ཐུང་ངུ་ནས་བསླབ་པར་བྱའོ།། དེ་བས་ན་གསུམ་གས་ཀྱང་རེ་ཞིག་སློབ་ལུགས་གཅིག་པར་བྱ་སྟེ། མཚན་མོ་བཏང་སྙོམས་སུ་བཞག་ལ་གཉིད་ཇི ་ཙམ་ལོག་པ་དེ་ཙམ་གྱི་ཁམས་བརྟས་ལ་དེ་ཙམ་ལོག་ལ་གདལ་ལོ།། ཉན་པར་ཞར་ལ་ཚོང་གཟུང་ཞིང་བསྒོམ་མོ།། འདི་ལྟར་དང་པོ་ཉིན་པར་སྔ་དྲོ་ཐུན་གཅིག་གོམ་པ་ཕ་མལ་པས་མདའ་རྒྱང་ཕྱེད་དུ་ཕྱིན་པའི་ཡུལ་ཙམ ་ཞིག་བསྒོམ་མོ།། ཕྱི་དྲོ་ཐུན་ཅིག་ལ་ཡང་དེ་བཞིན་དུ་བརྐོམ་མོ།། དེ་ནས་ཉི་མ་བཅུའི་བར་དུ་ཐུན་རེ་རེ་བསྣུན་ཞིང་བསྒོམ་མོ།། ན་ཚ་ཕྲན་ཚེགས་བྱུང་ནཱ་ཞར་ལ་ཞི་བར་བྱ་སྟེ། སྤྱན་བསྐྱེད་ལ་མི་བསྒོམ་མ ་དེ་ལྟ་བས་ན་ཁམས་ཀྱི་ཚད་ཞར་ལ་ཤེས་པར་འགྱུར་རོ།། དེ་ལ་སེམས་ཀྱི་སྐྱེ་བའི་རིམ་པ་ནི་བཞི་སྟེ། དང་པོ་ནི་སོ་སོར་ཕྱེ་བ་མི་གསལ་ཞིང་གོ་རིམས་ཀྱང་འཁྲུགས་ཏེ་འགྲོ་བ་ཡིན་ནོ།། གཉིས་པ་ནི་སོ་སོར་ཕྱེ་བའི་སྐབས་སུ ་གསལ་ཞིང་གོ་རིམས་མི་ཁྲུགས་པ་ཡིན་ནོ།། གསུམ་པ་ནི་སོ་སོར་ཕྱེ་བ་གསལ་ལ་གོ་རིམས་ཀྱང་མི་འཁྲུག་སྟེ། འོན་ཀྱང་ཡུན་ཐུང་ངུ་ལས་མི་ཐུབ་ཅིང་ལུས་ཀྱི་བདེ་བ་དང་སེམས་ཀྱི་དགའ་བ་མེད་ལ་འཇུག་སྙིང་བག་འདོད ་པ་ཙམ་དུ་བས་སོ།། བཞི་པ་ནི་རྩོལ་བ་དུ་གཞན་གཉིས་ཀ་ལ་སོ་སོར་ཕྱེ་བ་གསལ་ཞིང་གང་ལ་གཏད་པ་ལས་གཞན་དུ་འཕོར་མི་འདོད་ལ། ལུས་ཀྱི་བདེ་བ་དང་སེམས་ཀྱི་དགའ་བ་དང་བཅས་པར་ཡུན་རིང་དུ་གནས་པར་ནུས ་པ་ཡིན་ནོ།། དེ་ལ་གནས་པའི་ཚད་ནི་འདི་ལྟར་རྣལ་འབྱོར་པ་དེ་ཁམས་རབ་ཏུ་དབྱེ་བའི་སྦྱོར་བ་ཀུན་ཏུ་བརྟེན་ཅིང་གོམས་པར་བྱས་ལན་མང་དུ་བྱས་པའི་རྒྱུས་ཡང་རླུང་གནས་ཀྱང་རུང་ཁམས་སྣ་ཚོགས་དང་། ཁམས་དུ་མའི ་ལུས་ལ་རིལ་པོའམ་རབ་ཏུ་འབྱེད་པའི་འདུ་ཤེས་ཆེས་མོང་དུ་སྣང་ལ། རིལ་པོའི་འདུ་ཤེས་པ་དང་། ང་རྒྱལ་གྱི་ཀུན་ནས་དཀྲིས་པ་དང་མཐུན་པའི་ཆོས་ལ་སེམས་མི་འཇུག་པ་ཡིན་ནོ།། དེ་ལ་བརྟན་པའི་ཐབས་ནི་སེམས ་གནས་པར་ཤེས་ནས་སྔར་བསྒོམ་པ་བས་ཐུན་གྱི་གྲངས་ཉུང་བར་བྱ་སྟེ། ཡུན་ཅུང་ཟད་རིང་བར་བསྒོམ་མོ།། སྲོང་དང་ཐོ་རངས་ལ་ཡང་བསྒོམ་མོ།། སྔར་ཇི་ཙམ་གསལ་བ་དེ་ཙམ་ལས་ལྷག་པར་རྩོལ་བ་མི་བྱ་སྟེ། བག་གློང། ་ལ་བསྒོམ་མོ།། ཇི་སྲིད་དུ་ལུས་ངལ་བའམ། སེམས་དུབ་པའམ། སྒོམ་ཙམ་ན་སྡང་བའམ། ཤུགས་འབྱུང་བ་འམ། མགོ་བགས་ཀྱི་ལྕི་བའམ། ཡ་མ་ཡོམ་བྱེད་པའམ། འདར་བའམ། ནུབ་མོ་གཉིད་སྒྲུབ་པའམ། ་ཟས་མི་ཞིམ་པའམ། ངག་གི་འཁྲུལ་པ་མང་དུ་འབྱུང་བ་ལ་སོགས་པ་ཁམས་མི་བདེ་བའི་མཚན་མ་ཅུང་ཟད་བྱུང་གི་བར་དུ་བསྒོམ་མོ།། དེ་ནས་བྱུང་ན་ངལ་གསོ་སྟེ། ལུས་ལ་སྐུ་མཉེ་བྱ། ཆོས་དང་མཐུན་པའི་ཟས་སྐོམ ་གྱིས་ལུས་ཀྱི་ནུས་པ་བརྟས་སུ་བཞུག་གོ། ཁམས་སྐོར་མ་ཆུད་ཀྱི་བར་དུ་ཉིན་མཚན་གཉིས་ལ་བསྒོམ་སྙིང་འདོད་པའི་དུས་སུ་ཐུན་ཆུང་རེ་རེ་ཙམྲ་བསྒོམ་སྟེ། དེ་ཡང་ལྟ་བ་རྩམ་མ~ཾ།། ནུས་པར་བརྟས་ནས་སྲོང་དང་ཐོ ་རངས་ཐུན་རེ་ཉིན་པར་ཐུན་གསུམ་ཙམ་བསྒོམ་ཞིང་སྙིང་རྗེ་སྔོན་དུ་འགྲོ་བ་དང་། སྨོན་ལམཱ་བཏབ་པ་ལ་སོགས་པ་ཡང་བྱའོ།། དེ་ལ་ལྷག་མཐོང་བསྐྱེད་པ་གང་ཞེ་ན། དམིགས་པ་འདི་ལ་བརྟེན་ནས་གཅིག་དང་དུ་མ་དང ་བྲལ་བའི་རྟགས་གྲུབ་ཤིན་ཏུ་སླ་བར་འགྱུར་ཏེ། འདི་ལྟར་ཁམས་གཟུགས་ཅན་དེ་དག་ནི་ཤིན་ཏུ་ཕྲ་ཡང་མ་ཤས་དང་བཅས་པར་སྣང་སྟེ། དེ་ལ་བཙལོ་ན་ཆ་ཤས་མེད་པ་ནི་དམིགས་པར་མི་འགྱུར་རོ།། རྣམ་པར་ཤེས་པའི ་ཁམས་སེམས་ལས་བྱུང་བ་དང་བཅས་པ་ཡང་སྐད་ཅིག་མ་ཆུ་ཤས་མེད་པ་ན་དམིགས་སུ་མེད་དོ།། ནམ་མཁའི་ཁམས་ཀྱང་ཆ་ཤས་ཙམ་དང་འབྲེལ་པ་ཡིན་པའི་ཕྱིར་གཅིག་པ་ག་ལ་ཡོད། དེ་སྐད་དུ།། ་འཕགས་པ་ཡབ་དང་སྲས་འཇལ་བ་ལས་ཀྱང་། རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་རེ་རེ་ནས་བཙལ་ན་མི་དམིགས་སོ།། ཞེས་གསུངས་སོ།། དེ་ལྟ་བས་ན་གཅིག་མ་གྲུབ་ན་དུ་མ་མི་འགྲུབ་སྟེ། དེ་ནི་དེ་ལ་བལྟོས་པའི་ཕྱིར་རོ། ་དེ་ལ་རབ་ཏུ་གསལ་ན་རྟགས་རྗེས་སུ་དཔག་པའི་སྒོ་ནས་གྲུབ་པ་ཡིན་ནོ།། དེ་བས་ན་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་དོན་དམ་པར་རང་བཞིན་མེད་དེ། དཔེར་ན་གཟུགས་བརྙན་བཞིན་ནོ་ཞེས་གསུངས་པའི། གདམས་ངག ་གྱི་རྗེས་སུ་འབྲང་བར་བྱའོ།། ལས་ཚུལ་བསམ་གྱིས་མི་ཁྱབ་ཀྱང་།། བདག་ལས་བློ་ཞན་མི་སྲིད་དོ།། འོན་ཀྱང་དོན་དུ་མི་གཉེར་བས།། མཁས་པའི་གདམས་ངག་མ་ཐོས་ལ།། ཕན་སྲིད་བསམས་ནས་བྲིས་པ་ལེགས།། རབ ་རིབ་ཅན་གྱི་གཟུགས་བལྟས་ནས།། གཞན་ལ་འདི་ཞེས་སྟོན་འདྲ་བས།། མཁས་པ་རྣམས་ལ་བཟོད་པར་གསོལ།། ཁམས་རབ་ཏུ་དབྱེ་བའི་སྒོ་ནས། སེམས་གནས་པར་བྱ་བའི་ཐབས་ཅུང་ཟད་བྲིས་པ་རྫོག་སོ།། ་