| Wylie | e-texts produced with BDRC’s OCR application |
བོཔོ་པའི་ཞལ་སྔ་ནས་མཛད་པ་རྫོགསོ།། ། རྒྱ་གར་གྱིས་མཁན་པོ་ནག་པོ་དང་། བིད་ཀྱི་ལོ་ཙ་བ་འགས་ལྷས་བཙས་ཀྱིས་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། རྒྱ་ག་སྐད་དུ། ཧེ་བཛྲ་སཱ་དྷཾ་ནཱཾ་ཏཏྟ ་དྱོ་དྷ་ཀ་རཱ་ན་མེ། བིད་སྐད་དུ། དགྱེས་པའི་རྡོ་རྗེ་སྒྲུབ་པའི་ཐབས་དེ་ཁོ་ན་ཉིད་གསལ་བར་བྱེད་པ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱ་ག་འཚལ།། ཨོཾ་དགྱེས་པའི་རྡོ་རྗེ་ལ་ཕྱག་འཚལོ།། གཅིག་དང་དུ་མས་དཔྱད་པའི་སྟོང་པོས་སྦྲུལ ་འི་སྒྱུ་མའི་དངོས།། འཛག་པའི་དུས་ཀྱི་སྤྲིན་འདྲིར་སྐུ་འཆང་ཤེས་རབ་དམ་པས་འཁྱུད།། རྡོ་རྗེ་ལས་བྱུང་དག་པའི་དེ་ཉིད་སྤྲུལ་ལྷ་མོས་བསྐོར།། སྙིང་རྗེས་ཁྲོས་པའི་གཟུགས་ཅན་དགྱེས་པའི་རྡོ་རྗེ་རྟག་བྱག་ལ།། རྡོ་རྗེ་འཆང་བ་གང་ཞིག་གིས ་འབྲས་བུ་དཔལ་ལྡན་ཁྲག་འཐུང་ཐུགས།། དེ་གསལ་བྱེད་པའི་བླ་མ་ནི།། དམ་ཚིག་རྡོ་རྗེ་ལ་ཕྱག་འཚལ།། དང་པོར་རེ་ཞིག་སྡིག་བསྔལ་རྣམ་པ་སྣ་ཚོགས་ཀྱིས་གནོད་པར་སྐྱོ་བར་གྱུར་པའི་སེམས་ཅན་གྱི་ཁམས་ལ་དམིགས་ལ། སྙིང ་རྗེས་ཕུལ་དུ་བྱུང་བའི་རོས་གྲང་བའི་དབང་དུ་གྱུར་པའི་སེམས་ཀྱིས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་གོམས་པར་བྱས་པས། དག་པར་གྱུར་པའི་སེམས་ཀྱི་རྒྱུན་དང་ལྡན་པ། དཔལ་དགྱེས་པའི་རྡོ་རྗེའི་དཀྱིལ་འཁོར་དུ་དབང་བསྐུར་ཞིང ་རྗེ་སུ་གནང་པོ་ཐོབ་པ། དམ་ཚིགས་དང་སྤྱོད་པ་ལ་མཁས་པའི་རྣལ་འབྱོར་པས། བློ་རངས་ལངས་ལ། རང་གི་སྙིང་གར་རི་ཕ་ལས་བྱུང་པོའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་མཆོག་དང་པོའི་ཡི་གེ་བསམ་ཞིང་། དུར་ཁྲོད་ལ་སོགས་པའི་ཡིད་དུ་འོངས་པའི་གནས ་འགའ་ཞིག་ཏུ་གནས་ནས། བདེ་བའི་སྟན་ལོ་འདུག་ཏེ། ཏིང་འཛིན་གྱི་ཕྱག་རྒྱ་དང་ལྡན་པའི་ཡི་གེ་ཧཱུཾ་ལས་བྱུང་བའི་འོད་ཟེར་གྱི་སྐྱུགས་ཀྱུས།། བཅྡོཾས་འཆང་བར་འགྱུར་བའི་ཁ་དོག་དང་ཕྱག་དང་མཚོན་མ་ཅན་བཀུག་ལ་ན་མཁའི་ཕྱོགསུ་བལྟས་ཏེ་ཡིད་ལས ་བྱུང་བའི་མེ་ཏོག་ལ་སོགས་པའི་མཆོད་པས་མཆོད་ནས། སྟོང་གའོ་ས་བོན་ལས་བྱུང་བའི་གློ་རཱི་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་འདོད་པའི་ཡོན་ཏན་ལྔ་ཡི་མཆོད་པར་བྱའོ།། དེ་ལ་གཾ་རཱི་ནི་རཱྀ་དགྲས་ཀྱིས་མཚན་པའི་ཐོད་པ་ཕྱག་ན་བསྣམས ་ཙ་རཱི་ནི་རང་བྱུང་གི་མེ་ཏོག་གིས་གང་བའི་སྣོད་ཀྱི་ལག་པ་བྲེལ་པའོ།། བེདྷཱ་ལི་ནཱི་ཆུའི་སྣོད་ཀྱིས་ལག་པ་གཉིས་བྲེལ་པར་གྱུར་པའོ།། གྷསྨ་རཱཾ་ཤས་གང་བའི་སྣོད་ཀྱི་ཐོགས་པའོ།། པུཿ་སཱི་ནི་ལག་ར་ཙནྡར་གང་བའི་སྣོད་ཐོགས་པའོ།། ་བ་ནཾ་སྣང་ནས་སྦྲང་རྩི་ལྷུག་པར་བྱེད་པའོ།། ཙཎྜ་ལི་ནི་ཅང་ཏེའུ་བརྡུང་ཞིང་མཆོད་པར་བྱེད་པའོ།། ཌོམྦི་ནཱི་མགུལ་ནས་འཁྱུད་ཅིང་སྙོམས་པར་འཇུག་པར་བྱེའོ།། དེ་ནས་བཅྡོཾས་དེ་ཉིད་ཀྱི་མདུན་དུ་སྡིག་པ་བཤགས་པ་ལ་སོགས་པ་བྱས་ཏེ། ་བདག་གིས་སྡིག་པ་ཐམས་ཅད་སོ་སོར་བཤགས་པར་བགྱིའོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ས་སོའི་སྐྱེ་བོ་ཐ~ཾད་ཀྱི་བསོད་ནམས་ལ་རྗེ་སུ་ཡི་རང་ངོ་།། བདག་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ ་ཐུགས་རྗེ་ཆེན་པོ་དང་ལྡན་པའི་སངས་རྒྱས་རྡོ་རྗེ་འཆང་དང་། ཐེག་པ་ཆེན་པོའི་ཆོས་མ་ལུས་པ་དང་། བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་དང་ལྷ་མའོ་ཆགས་ཀྱི་དགེ་འདུན་ལ་སྐྱབསུ་མཆིའོ།། གང་གིས་བླ་ན་མེད་པའི་ཡང་དག་པར་རྫོགས་པའི ་ཆུབ་ཏུ་སེམས་བསྐྱེད་པར་བགྱི་སྟེ། སེན་ཐ~ཾད་ལ་ཕན་པ་དང་བདེ་བ་བསྒྲུབ་པ་དང་། འདི་དག་ཇི་སྲིད་དུ་མཐར་ཐུགས་པའི་མྱ་ངན་ལས་འདས་པ་སངས་རྒྱས་ཀྱི་བྱང་ཆུབ་ལ་རབ་ཏུ་དགོད་པའི་ཕྱིརརོ།། འདི་ལྟ་སྟེ། བླ་ན་མེད་པའི་ཐེག་པ་ཆེན་པོའི་ལམ ་འདི་ཉིད་ལ་ཡང་བརྟེན་པར་གྱིའོ།། བདག་ཉིད་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐཾད་ལ་དབུའོ།། དགེ་བའི་རྣ་བ་འདི་དག་ཐད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངསུ་བསྔོ་བར་བགྱིའོ།། ཞེས་བརྗོད་ཅིང་ཕྱག་འཚལ་ནས་གཏོ ་མ་བྱིན་ལ། ཡི་གེ་བརྒྱ་པ་བརྗོད་པས་མཉེས་པར་ཡང་བྱའོ།། ཨོཾ་ཤྲཱི་ཧེ་རུ་ཀ་ས་མ་ཡ་མ་ནུ་པཱ་ལ་ཡ་ཧེ་རུ་ཀ་ཏྲེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷཱ་ག་ས་ནུ་རཀྟ་ལེ་བྷ་བ་སུ་ཏེདྱོ་མེ་བྷ་ག་སུ་པོ་ཥྱོ་མེ་བྷ་ག། སརྦྦ་སིདྡྷིམྨེ་པྲཱ་ཡཙྪ། སརྦྦ་ཀརྨྨ་སུ་ཙ་མེ་ཙིཏྟེ་ཤྭེ་ཡ་ཀུ་རུ ་ཧཱུཾ། ཧཿ་ཧ་ཧ་སོ+ོ། བྷ་ག~ཾ་བ་ན་སནྣ་ད་ཐཱ་ག་ཏ་བཛྲ་མཱ་མ་ནྡྲ་བཛྲཱི་བྷཱ་བ་མ་ཧཱ་ས་མ་ཡ་སདྱ་ཨཱཿབཛྲ་མུཿཞེས་བྱེ་བ་གཤེག་སུཾ་གསལ།། \ུ0f7fམཽད་ཐུག་ཅིག་སྡུག་པ་སྦྱར་མཉམ་པའི་མཚན་ཉིད་ཅན་གྱི་བྱམས་པ་དང་། ད་ངག་ཉིད་སྨྲན ་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་བཟློག་པར་འདོད་པའི་མཚན་ཉྀད་ཅན་གྱི་སྙིང་རྗེ་དང་། དེ་དག་ཉིད་ལ་ལྷའི་བདེ་བ་སྒྲུབ་ཅིང་བསྐྱེད་པ་ལ་དགའ་བའི་དགའ་བ་དང་། དེ་ནས་དེ་དག་ཉིད་ས་བླ་ན་མེད་པའི་བདེ་བའི་རྣམས་པའི་ལམ་སྒྲུབ་པར་འདོད ་པའི་རྣམ་པ་ཙནྡ་གྱིས་བཏང་སྙོམས་བསྒོམས་པར་བྱའོ།། འགྲོ་བ་ངོ་བོ་ཉིད་ཀྱིས་སྟོང་།། མཚན་མ་མེད་ཅིང་རྒྱུ་མེད། ཐཾད་རྣམ་པར་རྟོག་བྲལ་བས།། སྨོན་ལམ་དག་ཀྱང་རྣམ་པར་སྤངས།། མ་ལུས་དེ་ལྟར་ཤེས་བྱ་ཞིང་།། བདག་གི་སྒྱུ་འདྲའི་སེམས་ཉིད། རྣམ ་པཔཱ་མཱ་རིག་པ་ཡཱིས་བསྐྱེད།། དེ་འགགས་པའི་འགོག་པར་འགྱུར། ཨུཾ་ཤཱུ་ནྱ་ཏཱ་ཛྙེ་བཛྲ་སཱ་བྷཱ་ཨཱཏྨ་ཀྵོ་ཧཾ། ཞེས་བྱ་བའི་སྔགས་རྒྱས་བྱིན་གྱིས་བརླབ་པར་བྱའོ།། དེ་ནས་བསྲུང་བའི་དོན་དུ། རེ་ཕས་ཉི་མ་སྔོན་དུ་རྣམས་བསྒོམ་ནས།། ཉི་དེར་ཧཱུ~ཾ་བྱུང་སྣ་ཚེ ་རྡོརྗེ་སྟེ། རྡོ་རྗེ་དེ་ཉིད་ཀྱི་ཙ་ནི་ར་བ་དང་།། གུར་བསྟིབ་ཡང་རྣམ་པར་བསྒོམ་པོར་བྱ།། འདི་ཡི་དོན་ནོ་འདི་ཡིན་ཏེ།། ཉི་མ་དང་སྣ་ཚོགས་རྡོ་རྗེ་ངག་ལྷས་སྤྲོས་པ་ཞུ་ཞིང་གཅིག་ཏུ་གྱུར་པ་ལས་རྣམ་པར་སྤྲོས་པས། འོག་ཏུ་རྡོ་རྗེའི་རང་བཞིན་གྱི་ས་གཞི་དང ་སྤྱོ་དྷཱ་རྡོ་གུར་དང་། ཐད་དཀར་རྡོ་རྗེ་བ་དང་། དེ་ཡི་ཕྱི་རོལ་ཏུ་རྡོ་རྗེ་མེ་འབར་བ་བསྒོམ་པར་བྱ་ཞིང་སྔགས་ཀྱིས་ཀྱང་བསྟེན་པར་བྱ་ཞིང་། ཨོཾ་རཀྵ་རཀྵ་ཧཱུ~ཾ་ཏཱི་ཧཱུ~ཾ་ཕཊ་སྭཱ་ཧཱ། ཞེས་བྱའོ།། དེའི་དཀྱིལ་དུ་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་ཀྱི ་ངོ་བོ་ཉིད་སྟོན་ཀའི་ཟླ་བ་ལྟར་དཀར་བའི་ཆོས་འབྱུང་ཞེས་བྱ་བ་གྲུ་གསུམ་ན་མཁའི་ཁམས་བསྒོམ་པར་བྱའོ།། དེའི་དཀྱིལ་དུ་ཡི་གེ་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་གཡོ་བའི་བ་དན་གཉིས་ཀྱིས་མཚོན ་པའོ།། དེའི་སྟེང་དུ་རེ་ཕ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་གྲུ་དྷ་མ་སུ་ཡི་གེ་རས་མཚན་པའོ།། དེའི་སྟེང་ང་བཾ་ལས་བྱུང་བའི་དཀྱིལ་འཁོར་ཟླུམ་པོ་ཁ་དོག་དཀར་པོ་བུཾ་པས་མཚན་པའོ།། དེའི་སྟེང་དུ་ལཾ་ལས ་བྱུང་བའི་སའི་དཀྱིལ་འཁོར་གྲུ་བཞི་པ་སེར་པོ་ཟུར་རྣམསུ་རྡོ་རྗེས་མཚན་པ་བསྒོམ་པར་བྱའོ།། དེ་ཉིད་དུ་བསྒོམ་པ་པོ་དེ་ཉིད་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་ཁྱད་པར་བྱེད་པ་ཉིད་དུ་ངེས་པར་གནསོ།། དེ་ནས་ཆོས་འབྱུང་གི་ནང་དུ་འབྱུང ་པོ་ཆེན་པོ་གཞི་ཡོངསུ་གྱུར་པ་ལས་བྱུང་བའི་སྣ་ཚོགས་པདྨའི་སྟེང་གི་སྐུ་ཚོགས་རྡོ་རྗེ་ལྟེ་བ་ལ་ཐར་པ་ཆེན་པོའི་གྲོང་ཁྱེར་རྣམ་པར་སྣང་མཛད་ཀྱི་ངོ་བོ།། རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་གྱི་གཞལ་ཡས་ཁ་།། གྲུ་བཞི་པ་ལ་སྒོ་བཞི ་གཀ་བ་བརྒྱད་ཀྱིས་ཉེ་བར་བརྒྱམ།། ཕྲེང་བ་རྔ་ཡིབ་སྣ་ཚོགས་ལྡན།། རྡོ་རྗེ་ཐོག་གིས་རྣམ་པར་བརྒྱན།། བཱ་དན་སྣ་ཚོགས་གཡོ་བའི་སྒྲ།། དྲིལ་བུ་གཡེར་ཀའི་སྒྲ་དང་ལྡན།། འདོད་པའི་ཡོན་མཆོག་ལྔ་ཡིས།། ཉེ་བར་འཁོར་བས་རྣམ་པར ་བརྒྱན།། དེ་ཤལ་དེ་ཤུལ་ཕྱེད་པོ་དང་།། རྟ་བབས་བཞི་ཡིས་མཛེས་པར་བྱས།། རིན་པོ་ཆེ་དང་སྣ་ལྡན་ཞིང་།། མངའ་ཡབ་ཕྲེང་བས་རྣམ་པར་བརྒྱན།། གཟུངས་ཀྱི་སྣམ་བུར་བརྒྱད་གཉིས་ཀྱིས། མཆོད་པའི་ལྷ་མོས་མཆོད་པར་བྱེད།། ་བང་འགྱོང་མ་སྔོན་མོ་སྟེ།། གླུ་མ་གླིང་བུ་སེར་མོ་ཉིད།། གར་མ་རྔམ་ལྗང་གུ་ཉིད།། རྒོད་དང་རྫ་རྫི་དཀར་ཞིང་དམར། གར་མ་ལག་པ་བསྐོར་བ་སྟེ།། གླུ་མ་ཏིང་ཏིང་ཅིག་དང་བཙས།། བདུག་པ་མ་སྔོན་མེ་ཏོག་དཀར། མར་མེ་མར་མོ ་འོད་དང་འདྲ།། དྲྀ་མ་རོ་མ་ཁ་དོག་དམར།། རེག་མ་མེ་ལོང་ལྗང་དང་དཀར།། ཆོས་མ་དཀར་ཞིང་རང་རྟགས་ཀྱིས།། ཀུན་ཀྱང་ལག་པ་གཉིས་པའོ།། ཕྱི་རོལ་དུར་ཁྲོད་འཇིགས་པ་སྟེ།། རྡོ་རྗེ་ར་བའི་ནང་ཉི་དུ། གདུག་ཅིང་དྲུག་དང་ཐུག་པ་དང་།། དེ་བཞིན་འབར་བའི ་བྲེཕྲེང་བ་དང་ཀ་འཛེགས་པར་བྱེད་པའི་ཐོད་པ་ཅན།། གཡོན་ནས་ཤར་སོགས་རིམ་པ་བཞིན།། དྲག་ཏུ་རྒོད་པ་དབང་ལྡན་དུ།། དབང་ཕྱུག་གནག་ཚལོ་མེ་ཡི་མཚམས།། འཇིགས་བྱེད་མུན་པ་བདེན་བྲལ་དུ།། རླུང་དུ་ཀི་ལཱི་ཀི་ལི་སྒྲོགས།། ཤི་རུ་ཨ་ཤྨ་ཀངྐ ་ལཾལི། ཙཱུ་ཏའི་ཤིང་ནི་ཤར་སོགས་རིམས།། ཤིང་ཆེན་ཀ་རཉྫ་ཉིད་དང་།། འཁྲི་ཤིང་ཅན་དང་ཨུམྦྷན།། དབང་པོ་ནོར་སྦྱིན་ཞགས་པ་ཅན།། གཤིན་རྗེའི་རྒྱལ་པོའི་ཕྱོགསུ་འདོད།། དབང་ལྡན་མཚམས་དང་བྱིན་ཟ་དང་།། སྲིན་པོའི་དབང་པོ་རླུང་དག་ཏུའོ།། ནོར ་རྒྱས་བུ་དཱང་ཏཱཀྵ་ཀ། ཀནྡོ་ཊ་དང་པདྨ་དང་།། པདྨ་ཆེན་པོ་ཧུ་ལུན་དྷ།། རིགས་ལྡན་དང་ནི་དུང་སྐྱོང་ཉིད།། སྒྲོགས་བྱེད་འཁོར་བྱེད་འཇིགས་པ་དང་།། མདོག་བྱེད་དང་ནི་ཐུག་པ་ཉིད།། འགེངས་བྱེད་དང་ནི་ཆར་འབེབས་དང་།། གཏུམ་པ་རིམ་བཞིན་སྤྲིན་གྱི་བདག། ་དྲི་ལ་རྒྱ་བྱིན་ནི་གླང་པོ་ཆེ་ཞོན་པ་མདོག་སེར་པོ་ལག་པཾ་གཡན་ནཱ་རྡོ་རྗེས་མཚན་པའི་ཐོད་པ་ཐོགས་པའོ།། ནཱར་སྦྱིནྡ་ནི་གནོད་སྦྱིན་ཞོན་པ་མངག་སརརྱ་པཾ་གསུས་པ་འཕྱང་བ་མིའུ་ཐུང་གཡོན་ན་ཐོད་པ་དང་དབྱུག་པ་ཐོགས་པའོ།། ཆུ་ལྷ་ནི་ཆུ། ་སྲིན་ལ་ཞོན་པ་མདོག་དཀར་པོ་སྦྲུལ་གྱི་རྒྱན་གྱིས་བརྒྱན་པ་གཡོན་ནེ་ཐོད་པ་དང་ཞགས་པ་ཐོགས་པའོ།། གཤིན་ཎཱ~ཾ་ནི་མ་ཧེ་ལ་ཞོན་པ་མདོག་སྔོན་པོ་ལྟོ་འཕྱང་བ་སྐྲ་སེར་པོ་གྱེན་དུ་བརྫེས་པ་མིའུ་ཐུང་གི་གཟུགས་ཅན་གཡོན་ན་ཐོད་པ་དང ་པ་ཐོགས་པའོ།། དབང་ལྡན་ནི་གླང་པོ་ཞོན་པ་མིག་གསུམ་པ་མདོག་དཀར་པོ་གཡོན་ན་ཐོད་པ་དང་མདུང་ཐོགས་པའོ།། བྱིན་ཟ་ནི་ར་སྐྱེསཞོན་པ། མདོག་དམར་སེར་ཕྱག་བཞི་པ་སྐྲ་སེར་པོ་དབྱུ་གུ་གསུམ་པ་དང ་ཐོད་པཱ་དང་ཕྲེང་བ་འཛིན་པའོ།། སྲིན་པོའི་བདག་པོ་ནི་ར་ལ་ཞོན་པ་མིའུ་ཐུང་གི་གཟུགས་ཅན་མདོག་སྟོན་པོ་སྐྱ་སེར་པོ་གྱེན་དུ་འབར་བ་གསུས་པ་འཕྱོང་བ་གཡོན་ན་རལ་གྲི་དང་ཐོ་པོ་ཐོགས་པའོ།། རླུང་གི་བདག་པོ་ནི་མདོག་སྔོན ་པོ་ནི་རི་དྭགས་ལ་ཞོན་པ་ཞི་བའི་མདོད་ཅན་པ་ངན་ཐོགས་པའོ།། འཇིག་རྟེན་སྐྱོང་བ་འདི་དག་ཀུན་རེང་གི་མདོག་དང་གདན་དང་ཕྱུག་མཚན་དང་ལྡན་ཞིང་ཀུན་ཀྱང་གཡས་ཀྱིས་ནི་བཅོམ་ལྡན་འདས་ལ་ཕྱག་འཚལ་བའོ།། སྤྲིན ་རྣམས་ཀྱིས་ཁ་དོག་དག་ནི་འཇིག་རྟེན་སྐྱོང་བ་རྣམས་ལྟ་བུའོ།། ཀླུ་རྣམས་ནི་དེ་དག་ལ་གནས་པ་སྟེ།། ཀུན་ཀྱང་ཐལ་མོ་སྦྱར་བའོ།། ཤིང་བརྒྱད་ལ་གནས་པའི་ཞིང་སྐྱོང་བ་རྣམས་ནི་ཕྱོགས་སྐྱོང་བུ་བརྒྱད་ཀྱི་གཞོན་པ་རྣམས་ཀྱི ་གདོང་ལྟ་བུ་སྐྲ་དམར་སེར་གྱེན་དུ་བརྫེས་པ་བཞིར་གྱུར་པ་སྟྭཾ། ཤཱི་རི་ཥ་ར་ལ་གནས་པ་ནཱི་ལྷའི་དགེ་འདུན་ཞེས་བྱ་བ་མདོག་དཀར་པོའོ།། ཤིང་ཙཱུ་ཏ་ལ་གནས་པ་ནི་གཤིན་རྗེ་ཞེས་བྱ་བ་སྟེ། མདོ་ག་སྔོན་པོའོ།། ཨ་ཤྭ་ཀ་ལ་གནས་པ ་ནི་སྤྲིན་གྱི་རྒྱལ་བཾ་ཞེས་བྱ་བ་སྟེ་མདོག་དམར་པོའོ།། བྱང་ཆུབ་ཀྱི་ཤིང་ལ་གནས་པ་ནི་གནོད་སྦྱིན་གྱི་སྡེ་དཔོན་ཞེས་བྱ་བ་སྟེ།། མདོག་སེར་པོའོ།། ཀ་རཉྫའི་ཤིང་ལ་གནས་པ་ནི་དྲང་སྲོང་འདུས་པ་ཞེས་བྱ་བ་སྟེ། དམར་པོའོ།། འཁྲི་ཤིང ་ཅན་ལ་གནས་པ་ནི་སྲིན་པོའི་ཚོགས་ཅན་ཏེ་ཁ་དོག་སྔོན་པོའོ།། ཨརྫུ་ན་ལ་གནས་པ་ནི་རླུང་གི་རྒྱལ་པོ་ཞེས་བྱ་བ་སྟེ་མདོག་ལྗང་གུའོ།། ཤིང་ཆེན་པོ་ལ་གནས་པ་ནི་ཡི་དགས་འདུས་པ་ཞེས་བྱ་བ་སྟེ་ངུ་བའི་མདོག་ཅན་དུ་བལྟ་བར་བྱའོ།། ཕྱོགས ་བརྒྱད་ཀྱི་དུར་ཁྲོད་རྣམས་ནི་མགོ་བཅད་པ་དང་། དབྱིངས་པ་དང་། བསྙལ་བ་དང་། བསལ་ཞིང་གིས་ཕུག་པོ་དང་། མགོ་བོ་དང་། ཀང་རུས་དང་། བ་ལང་གི་ཚེ་དང་། ཁཱ་དང་འུག་པ་དང་། བྱ་རྒོད་དང་རོ་ལངས་རྣམས་ཕེ་མ་ཅེས་བྱ་བའི་སྒྲ་སྒྲོགས ་པར་བྱེད་དེ། མ་ལུས་པ་ཀུན་ཀྱང་སྔོན་གྱི་གྲུབ་པ་ཐོབ་པ་རྣམས་ཀྱིས་མངོན་པརཱ་བརྟགས་པའོ།། གནོད་སྦྱིན་དང་སྲིན་པོ་དང་།། ཡི་དགས་དང་། ཤྲ་ཟ་དང་སྤྲོ་བྱེང་དང་བརྗེད་བྱེད་དང་གདོན་དང་། མཁའ་འགྲོ་དང་། མཁ་འགྲོ་མ་རྣམས་ཀྱིས ་རྣམ་པར་བརྒྱན་ཅིང་སྒྲུབ་པ་པོ་རྣམས་དང་བཅས་པར་བལྟ་བར་བར་བྱའོ།། དེ་ཡི་སྙིང་པོའི་པདྨ་ནི།། འདབ་མ་སྣ་ཚོགས་གྲེ་སར་བཅས།། སྒོ་བཞི་དང་ནི་མ་ཚོམས་བཞི་རུ།། སྣ་ཚོགས་པདྨའི་རི་བོང་ཅན།། ཚངས་པ་དབང་པོ་ཉེ་དབང་དྲག ་གཤིན་རྗེ་དེ་བཞིན་ག་ནོད་སྦྱིན་བདག། བདེན་བྲལ་དང་ནི་ཐག་བཟངས་རིས།། དབུས་སུ་བདུད་ནི་བཞི་པོ་དགྲ། ཉི་མའི་དཀྱིལ་འཁོར་དཀྱིལ་གནས་པ།། འཇིག་སུ་རུང་སྙིང་གི་མནན།། དེ་ལ་གདུན་དབུས་མའི་སྟེང་དུ་དབྱངས་ཀྱི་ཡི ་གེ་བཅོ་ལྔ་ལས་ཟླས་པའི་དཀྱིལ་འཁོར་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཉིད།། དེའི་སྟེང་དུ་གསལ་བྱེད་ཀྱི་ཡི་གེ་སུམ་ཅུ་རྩ་བཞི་ལས་ཉི་མའི་དཀྱིལ་འཁོར་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད།། དེའི་དབུསུ་ཡི་གེ་ཨོཾ་དང་ཧཱུ~ཾ་ཡོང ་སུ་གྱུར་པ་ལས་གྲི་གུ་དང་ཐོད་པ་ཁ་སྦྱོར་རང་གི་ས་བོན་གྱི་སྙིང་པོ་ཅན་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད།། དེ་དང་དེ་ལས་རྣལ་འབྱོར་མའི་རིགས་དཔག་ཏུ་མེད་པའི་སྤྲུལ་པའི་དེ་བཞིན་གཤེགས་པ ་རྣམས་ཡང་དག་པར་སྤྲོས་ལ། འགྲོ་བ་རྣམས་སངས་རྒྱས་ཀྱི་རང་བཞིན་དུ་བྱས་ནས་དེ་ཉིད་དུ་འདུས་ཤིང་གཅིག་ཏུ་གྱུར་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོ་ཉིད།། དེ་ནས་ཟླ་བ་དང་ཉི་མ་དང་ཕྱག་མཚན་དང་ས་བོན་ཡོངསུ་གྱུར ་པཾ་ལས་བྱུང་བའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འཆད་པར་འགྱུར་བའི་ཁ་དོག་དང་དབྱིབས་དང་། ཕྱག་དང་མཚོན་ཚྭ་ཅན་རང་སྣང་བའི་རིགས་པས་འཁྱུད་པ་ཉིད་དུ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས ་ཀྱི་ངོ་བོ་ཉིད་བསྒོམ་པར་བྱའོ།། འདི་ནི་མངོན་པར་བྱང་ཆུབ་པ་རྣམ་པ་ལྔའོ།། དེ་ནས་པར་སྣང་ལ་ཡི་གེ་ཧོཿགཉིས་ཀྱིས་བརྟེན་པའི་ཡི་གེ་ཨཾ་དང་ཧཱུཾ་བལྟས་ལྀ། ཤིན་ཏུ་དགའ་བའི་སྒྲས་ཡང་དག་པར་བཀུག་ནས། བཅོམ་ལྡན ་འདས་མའི་ལ་ནས་ཞུགསོ་ཤིང་བཅོམ་ལྡན་འདས་མའི་པདྨར་ལྷུང་བར་བསྒོམ་པར་བྱའོ།། དེ་ནས་འདོད་ཆགས་ཆེན་པོའི་མེས་བཅོམ་ལྡན་འདས་མ་དང་བཅས་པའི་བཅོམ་ལྡན་འདས་ཞུ་བར་གྱུར་པ་ལ་བྱང་ཆུབ་ཀྱི་སེམ ་ཞུ་བར་གཟུགས་ཀྱི་དཀྱིལ་འཁོར་དུ་བལྟ་བར་བྱའོ།། དེ་ནས་དེ་བསླང་བར་བྱ་བའི་ཕྱིར་རང་རང་གི་ཕྱོགས་ནས་འོངས་པའི་པུཀྐ་སཱི་ལ་སོགས་པའི་ལྷ་མོ་བཞི་པོ་རྣམས་རང་རང་གི་ཕྱོགསུ་སྟན་ལ་འདུག་ནས་ཚིགསུ་བཅད ་བ་བཞིས་སྐུལ་བར་བྱེད་པ་ནི་བཞེངས་ཤིག་དང་སྒྲོལ་བར་ཐུགས་རྗེའི་ཐུགས།། པུཀྐ་སྠི་ནི་བདག་ལ་སྐྱོབས། སྨོད་པའི་རང་བཞིན་ཉིད་སྤོངས་ལ།། བདག་ལ་བདེ་ཆེན་སྦྱོར་བཞེད་མཛོད།། ཁྱོད་མི་བཞུགས་ན་བདག་དགུམ་པས།། དགྱེས ་པའི་རྡོ་རྗེ་ཁྱོད་བཞེངས་ཤིག། སྟོང་པའི་རང་བཞིན་ཉིད་སྤངས་ལ།། རི་ཁྲོད་མ་འབྲས་གྲུབ་པར་མཛོད།། དགའ་གཙོ་འཇིག་རྟེན་མགྲོན་གཉེར་ནས།། སྟོང་པ་ཉིད་ལ་བཞུགས་སམ་ཅི།། ཁྱོད་མེད་ཕྱོགས་མི་འཚལ་བ་ན།། ཙཎྜ་ལི་བདག་གསོལ་བ་འདེབས།། ་བདག་གིས་ཁྱོད་ཀྱི་ཐུགས་འཚལ་གྱིས།། མིག་འཕྲུལ་མངའ་བ་ཁྱོད་བཞེངས་ཤིག། ཌོམྦི་མོ་བདག་སྤྲིན་མོ་ལགས།། ཐུགས་རྗེ་རྒྱུན་བཅད་མ་མཛད་ཅིག། དེ་ནས་བསྐུལ་བར་དེ་མ་ཐག་ཟླ་བ་ཞུ་བར་གྱུར་པ་ལས་ཟླ་བ་དང་ཉི་མའི་དཀྱིལ་འཁོར་གྱི ་སྟེང་གི་གྲི་གུག་དང་ཐོད་པའི་དཀྱིལ་དུ་ས་བོན་གཉིས་པོ་དེ་དག་ཉིད།། དེ་དག་ལས་སྤྲོ་བའི་སྦྱོར་བར་རྣལ་འབྱོར་མའི་འཁོར་ལོའི་རྣམ་པས་འགྲོ་བ་རྣམས་ཀྱི་དོན་བྱས་ནས་དེ་དག་ཉིད་དུ་བསྡུས་པ་ལས། ཟླ་བ་དང་ཉི་མ་ས་བོན་དང་ཕྱག་འཚལ ་ཡོངསུ་གྱུར་པ་ལས་བྱུང་བའི་ཧེ་རུ་ཀའི་གཟུགས་གཉིས་པར་བདག་ཉིད་བསྒོམ་པར་བྱའོ།། ཞབཱ་རྣ་སཱ་ལཱ་བརྡེ་བ་མཛད་ཅིང་།། ལྷ་དང་ལྷ་མིན་རྣམས་ལ་བསྡིགས།། ཁྲོས་ཤིང་སྤྱན་ནི་དམར་ལ་ཟླུམ།། གཞོན་ཤིང་ལང་ཚོ་ལྡན་པའི་གཟུགས།། ་ཞལ་བརྒྱད་ཕྱག་ནི་བཅུ་དྲུག་པ།། ཞབས་རྣམས་བཞི་ཡིས་གཤེགས་མཛད་ཅིང་།། བདུད་རྣམས་བཞི་ནི་མཉམ་པར་མནན།། ཐོད་པའི་ཕྲེང་བས་དབུ་ལ་བརྒྱན།། འཇིགས་པའི་ལུས་ཅན་ཐལ་བས་བསྐུས།། སྐྱིལ་ཀྲུང་ཕྱེད་པའི་གར་ཐབས ་ཅན། རྩ་བའི་ཞལ་ནི་ནག་པོ་ཆེ།། གཡས་པ་ཀུན་ད་ལྟ་བུ་སྟེ།། གཡོན་པ་དམར་པོ་ཆེར་འཇིགས་པ།། སྟེང་གི་དུང་མདོག་རྣམ་པར་འགྱུར།། ལྷག་མ་བུང་པ་ལྟ་བུ་སྟེ།། རེ་རེ་ལ་ཡང་སྤྱན་མོ་གསུ་མོ།། ཞལ་ནས ་ཧཱུཾ། ས་སྨྱོ་མཛད་ཅིང་།། ཕྱག་རྒྱ་ལྔ་ཡི་བརྒྱན་དུ་བྱས།། ཁ་དོག་ནག་པ་འཇིགས་ཆེན་པོ།། སྣ་ཚོགས་རྡོ་རྗེས་སྤྱི་བོར་བརྒྱན།། སྒེག་དང་དཔའ་བྱུང་འཇིགས་རུང་།། དྲག་དང་རྒོད་དང་འཇིགས་པར་བྱེད།། སྙིང་རྗེ་རྔོ་མ་དང་ཞི་བ་ཡི།། གར་དགན ་རི་དང་ལྡན་པ་ཉྀད།། སྒྲ་ནི་དམར་སེར་གྱེན་དུ་འགྱུར།། འཇིགས་པ་པོ་ཡང་འཇིགས་པར་བྱེད།། མགོ་བོ་ཕྲེང་བའི་རྡོ་ཤ་ལ་ཙཱ་ནོ།། འཇིགས་པའི་དུས་ཀྱི་མེ་འདྲའི་མདངས།། གླང་པོ་རྟ་བོང་གླང་མོ།། མཱི་དང་ཤ་ར་བ་བྱཾ་ལ།། གཡས་པའི་ཐོད་པ་བ ་རྣམས་ལ།། གཉིས་འཐུང་ལ་སོགས་རིམ་བཞིན་བྱ།། ས་དང་ཆུ་དང་རླུང་དང་ནཾ།། མེ་དང་ཟླ་བ་ཉྩི་མ་དང་།། མཐུར་བྱེད་དང་ནི་ནཪྵ་སྦྱིན་ཉིད།། གཡོན་པའི་ཐོད་པ་བརྒྱད་ནའོ།། སྙོམས་པར་འཇུག་པའི་བདག་མེད་མོ།། རང་སྣང་བ་ནི་ཕྱག་རྒྱ་ལྔ།། ཕྱག ་གཉིས་ཞལ་གཅིག་ཞབས་གཉིས་པ།། དེ་ནི་གྲི་གུག་ཐོད་པ་འཛིན།། དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀའི་ཉི་མ་ལུ་ཐོད་པའི་སྟེང་དུ་ཡི་གེ་ཧཱུཾ་དང་། བཅོམ་ལྡན་འོདས་མའི་ཐུགས་ཀའི་ཟླ་བའི་སྟེང་གི་གྲི་གུག་ལ་ཡི་གེ་ཨཾ་པིལྟའོ།། དབུ་ལ ་པདྨ་དཀར་པོ་དང་ཟླ་བ་ལ་ཨོཾ་མོ།། མགུལ་ལ་པདྨ་དམར་པོ་དང་ཆེས་འབྱུང་ལ་ཡི་གེ་ཨཱ་པུའོ།། ཐུགས་ཀར་སྣ་ཚོགས་པདྨ་དང་།། ཉི་མ་ལ་ཡི་གེ་ཧཱུཾ་བསྒོམ་པར་བྱའོ།། མིག་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་གི་འཁོར་ལོ་ལ་ཡི་གེ་ཨཱ ་ལས་བྱུང་བའི་རྡོ་རྗེ་མ་དཀར་མོའོ།། རྣ་བ་ལ་ཉི་མ་དང་རྡོ་རྗེའི་སྟེང་དུ་ཨཱཾ་ལས་བྱུང་བའི་བདག་མེད་མ་སྟོན་མེའོ།། སཱ་ལ་ནི་ཉི་མ་དང་རིན་པོ་ཆེའི་སྟེང་དུ་ཡི་གེ་ཨཾ་ལས་བྱུང་བའི་གོ་རཱ་མ་སེར་མོལ།། ཀྵེ་ལ་པདྨ་དང་ཉི་མ་སྟེང་དུ་ཡི་གེ་ཨཱི་ལས་བྱུང་བ ་ཆུའི་ན་སྒྲ་འབྱོར་མ་དམར་མའོ།། སྤྱི་གཙུག་ཏུ་སྣ་ཚོགས་རྡོ་རྗེ་དང་ཉི་མའི་སྟེང་དྲི་ཡི་གེ་ཡཾ་གཾ་ཨཱུ་ལས་བྱུང་བའི་རྡོ་རྗེ་མཁའ་འགྲོ་མ་ལྗང་གུའོ།། སྙིང་གར་སྣ་ཚོགས་པདྨ་དང་། རྡོ་རྗེའི་སྟེང་དུ་ཡཾ་གཾ་ཨ་ལིས་ཕྱུང་བའི་བདག་མེད་མ་དཀར་མ~ཾ་བ ་རབྱའོ།། ལྟོ་མོ་འདི་དག་ཐམས་ཅུད་ཀྱང་གཡོན་ནུ་ཐོད་པ་དང་ཁ་ཊྭཱཾ་གཾ་གཡས་ན་གྲི་གུག་ཐོགས་པའོ།། དེའི་རྗེསཱ་ལ་ལྟེ་བར་པདྨ་དཀར་པ་འདབ་མ་དྲུག་ཅུ་རྩ་བནྡྷ་པ་དང་ཟླ་བ་ལཱ་ཨོཾ་དཀར་བའོ།། དབུས་ཀྱི་འདབ་མ་བརྒྱད་ལ་གཡོན་སྐུར ་དུ་ཨོཾ་ཀ་ཙ་ཊྚ་ཏཱ་པ་ཡ་ཤྭཱ་རྣམ་ས།། སྟོང་གའི་སྣ་ཚོགས་པདྨ་འདབ་མེ་བརྒྱུད་པ་ཁ་ཐུར་ཧཱུཾ་བལྟས་པའི་མཱརྒྷ་མསཾ་ཀྱྀ་འང་བ~ཾ་མ་བནྡེ་ལྀ་ཡརྱ་ལ་ལྷ་རྣམས།། སྟེགས་ཀྱི་འདབ་མ་པའི་ལཱས་ཨཱཾ་ཨ་ཨེ་བཞིའོ།། ལྟེ་བ་ལ་ནི་ཡི་གེ་ཧཱུཾ་ལ་ཐུར ་དུ་བསྡུས་པའོ།། མགྲིན་པའི་པདྨ་དམར་པོ་འདབ་མ་བཅུ་དྲུག་པ་གྱེན་དུ་བལྟས་པའི་དཀྱྀ་ལཱྀ་དུཾ་གནས་པའི་ཕྱོགས་ཀྱི་འདབ་མ་ལ་གཡོན་སྐར་དུ་ཨཱ་ཨཱཾ་ཨཱ་ཨོཾ་བཞིའོ།། ལྟེ་བ་ལ་ནི་ཡི་གེ་ཨཾ་མེ།། མགོ་བོར་པདྨ་དཀར་པཱ་འདབ་མ་སུམ་ཅུ ་གཉིས་པའི་ལྟེ་བ་ལ་ཡི་གེ་ཧོ་ཁ་ཐུར་དུ་བལྟས་པའོ།། དེའི་རྗེས་ལ་བཅྡོཾས་ཀྱི་ཐུགས་ཀའི་ས་བོན་སྤྲོས་པའི་འོད་ཟེར་ཁ་དོག་ནག་པོ་ལྕགས་ཀྱུའི་རྣམ་པ་ལྟ་བུས་དེ་བཞིན་གཤེགས་པ་ཐཾད་སྤྱན་དྲངས་ནས་ན་མཁའི་ཕྱོགསུ་བལྟས་ཏེ།། ་མ་མོ་བརྒྱད་ཀྱི་ཡང་དག་པར་མཆོད་ནས། དབང་བསྐུར་བར་གསོལ་བ་བཏབ་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐཾད་ཀྱི་བདག་ལ་དབང་བསྐུར་དུ་གསོལ་ཞེས་བྱ་བས་སོ།། དེ་ནས་སངས་རྒྱས་བདག་ཉིད་ཆེན་པོ་ཧེ་རུ་ཀའི་གཟུགས་ཅན ་དེདཀ་ལས་དཔག་ཏུ་མེད་པའི་རྣལ་འབྱོར་མ་བསྒྲུབས་པས། དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན་གྱི་བུམ་པས་དབང་བསྐུར་བས། མེ་ཏོག་གི་ཆར་དང་གུར་གུམ་གྱི་ཆར་ཡང་འབབ་པར་འགྱུར་རོ།། གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པས་བསྟོད ་པར་བྱེད་ཅིང་། སངས་རྒྱས་སྤྱན་ལ་སོགས་པ་རྡོ་རྗེ་གླུ་ལེན་པར་བྱེའོ།། དབང་བསྐུར་མ་ཐག་ཏུ་རྒྱལ་བ་མཾ་བསྐྱེད་པས་དབུ་ལ་རྒྱན་པར་བསམ་མོ།། འདི་ནི་དང་པོའི་རྣལ་འབྱོར་ཞེས་བྱ་བ་སྟེ། ཏིང་ངེ་འཛིན་དང་པོ་ངོ་བོ་ཉིད་ཀྱི་སྐུའོ།། དེའི་རྗེས་ལ་སྔ་མ ་བཞིན་དུ་བཅོམ་ལྡན་འདས་མའི་དབུ་ལ་ཨ་མོ།། ཐུགས་ཀ་ར་ཧཱུཾ་ཧཱུ~ཾ།། ཟེ་འབྲུ་ལ་ཡི་གེ་ཨཱ་བལྟས་ལ། ཨོཾ་པདྨ་སུ་ཁཾ་དྷ་ར། མ་ཧཱ་རཱ་གཱ། སུ་ཁཾ་དཏྟ། ཙ་ཏུ་རཱ་ནཱནྡ་བྷཱ་གྲྀ་བི་ཤྭ་ཧཱུ~ཾ་ཧཱུཾ་ཧཱུཾ། ཀརྱཾ་ཀུ་རུ་ཥཱ་མེ། ཡི་གེ་ཧཱུཾ་ལས་བཅོམ་ལྡན་འདས་ཀྱི་རྡོ་རྗེ ་བསྒོམ་ལ། ཨོཾ་ལས་ནོར་བུ་ཕཊ་ལསྭ་བུག་པ་བསམས་ཏྭེ། ཨོཾ་མ་ཧཱ་དྭེ་ཥ། ཙ་ཏུ་རཱ་ནནྡ་ད་ཡ་ཀ་ཁ་ག་མུ་ཁཱ་ཨེ་ཀཱ་ར་སོ་ནཱ་ཐ་ཧཱུ~ཾ་ཧཱུཾ་ཧཱུ~ཾ་ཀརྱཾ་ཀུ་རུ་ཥཱ་མེ། སི་སཽ་སཾ་ཧ་ཧ་ཧ་ཞེས་བྱ་བས་དགའ་བ་བརྩམ་པར་བྱའོ།། དེ་ནས་སྙོམས་པར་འཇུག ་པའི་སྒྲས་བསྐུལ་བས། དེ་བཞིན་གཤེགས་པ་ཐད་ཞལ་གྱི་ལམ་ནས་ཞུགས་ནས་ཐུགས་ཀར་ཞུ་བར་གྱུར་ཅིང་རྡོ་རྗེའི་ལམ་ནས་པདྨའི་ནང་དུ་ཟླ་བ་ཞུ་བར་གྱུར་པའི་ཡི་གེ་ཡོངསུ་གྱུར་པ་ལས། གཽ་རཱི་ཁ་དོག་ནག་མོ་གྲི་གུག་དང་རོ་ཧི་ཏའིཿ ་ཐོགས་པ་སྤྲུལ་ནས། ཤེས་རབ་ཀྱི་ཐུགས་ཀ་ནས་བྱུང་ནས་འགྲོ་བ་རྣམས་ཀྱི་དོན་བྱས་ཏེ། ཤར་ཕྱོགས་ཀྱི་སྒོའི་སྟན་ལ་གནས་པར་བལྟ་བར་བྱའོ།། དེ་བཞིན་དུ་ཙམ་ལས་ཙཽ་རཱི་གཅོད་ཀྱི་མདོག་ཅང་ཏེའུ་དང་ཕག་བསྣམས་པ་ལྷོ་ཕྱོགས་ཀྱི་སྒོའི ་སྟན་ལའོ།། དེ་བཞིན་དུ་བཾ་ལས་བྱུང་བའི་རོ་ལངས་མ་ཁ་དོག་སེར་མོ་རུ་སྦལྟ་དང་ཐོད་པ་ཐོགས་པ་ནུབ་ཕྱོགས་ཀྱི་སྒོ་རོ།། དེ་བཞིན་དུ་གྷཾ་ལས་བྱུང་བའི་གྷསྨ་རཱི་མདོག་ལྗང་གུ་སྦྲུལ་དང་རྣལ་འབྱོར་གྱི་སྣོད་ཐོགས་པ་བྱུང་ཕྱོགས་ཀྱི་སྒོར་རོ།། ་དེ་བཞིན་དུ་པཾ་ལས་བྱུང་བའི་པུཀྐ་སཱི་ཨཱིནྡྲ་ནཱི་ལ་ལྟ་བུ་སིངྒེ་དང་དགྲ་སྟ་འཛིན་པ་ནི་དབང་ལྡན་གྱི་མཚོམ་སུའོ།། དེ་བཞིན་དུསཾ་ལས་བྱུང་བའི་ཤ་བ་ནཱི་མདོག་དཀར་མོ་དགེ་སློང་དང་ཁར་སིལ་ཐོགས་པ་ནི་མེའི་མཚམས་ཀྱི་སྟན་ལ ་འོ།། དེ་བཞིན་དུ་ཙཾ་ལས་བྱུང་བའི་ཙཎྜ་ལཱི་ནཾ་མཁའ་ལྟར་སྟྭཾ་བསངས་འཁོར་ལོ་དང་གཤོལ་མངའ་ཐོགས་པ་ནི་བདེན་བྲལ་མཚམས་ཀྱི་སྟན་ལའོ།། དེ་བཞིན་དུ་ཌཾ་ལས་བྱུང་བའི་ཌོམྦི་ནཱི་སྣ་ཚོགས་རྡོ་རྗེ་དང་སྔགས་མཛུབ་ཀྱི་ཕྱག ་ཅན་རླུང་གི་མཚམས་ཀྱི་སྟན་ལ་བྱལྔའོ།། དེ་ལྟར་ཡོངསུ་རྫོགས་པའི་དཀྱིལ་འཁོར་བལྟས་ལ། སྙིང་གཱའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་བཀུག་ལ་མདུན་གྱི་ན་མཁའི་ཕྱོགསུ་བལྟས་ནས་ཞལ་བརྒྱད་པའི ་སྔགས་ཀྱིས་བགེགས་བསྐང་ལ། ཨོཾ་ཤྲཱི་ཧེ་རུ་ཀ་ཨརྒྷཾ་པྲ་ཏཱཙྪ་སྭཱ་ཧཱ། ཞེས་བྱ་བས་ཡོན་ཆེབ་དབུའོ།། ཨོཾ་ཤྲཱི་ཧེ་རུ་ཀ་པཱ་དྱཾ་པྲ་ཏཱཾཙྪ་སྭཱ་ཧཱ་ཞེས་བྱ་བས་ནི་ཞབས་བསིལོ།། ཨོཾ་ཤྲཱི་ཧེ་རུ་ཀ་ཨཉྩ་མཱ་ནཽ་ཞེས་བྱ་བས་ཞལ་བསིལ་དབུས ་ཨོཾ་གོ་ནྟི་ཨཱ་ཀཱཪྵ་ཡ་ཛཱ། ཨོཾ་ཙཽ་རཱི་པྲ་བེ་ཤྲ་ཡ་ཧཱུཾ། ཨཱཾ་བེདྡྷ་ལཱི་བན་དྷ་བཾ་ཨོཾ་གྷསྨཱ་ཪྼ;ྀ་ཏོ་ཥ་ཡ་ཧོ། ཞེས་བྱ་བས་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱས་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་གཅིག་ཏུ་རོ་མཿ ་པར་བསྒོམས་ལ། སྙིང་གའི་ས་བོན་གྱི་འོད་ཟེར་གྱི་ལྕགས་ཀྱུས་ཡེ་ཤེས་ཀྱི་དཀྱིལ་འཁོར་བཀུག་ནས་མཆོད་པ་བྱས་ནས་དབང་བསྐུར་བར་གསོལ་བ་གདབ་པར་བྱའོ།། དེ་ནས་དེ་དག་གིས་བདག་ཉིད་དབང་བསྐུར་བར་བསྒོ་མོ།། དབང་བསྐུར ་བར་གྱུར་པ་རྣམས་ཀྱི་དབུ་ལ་ནི་རྒྱལ་བ་རྣམས།། དེ་ལ་པུཀྐ་སཱི་དང་གཽ་རཱི་ལ་ནི་མི་བསྐྱོད་པས་སོ།། ཤཱ་བ་རཱི་དང་ཙི་རཱི་ལ་ནི་རྣམ་པར་སྣང་མཛད་ཀྱིསོ།། ཙཎྜ་ལཱི་དང་བེཏྟཱ་ལཱཾ་ལ་ནི་རིན་པོ་ན་འབྱུང་ལྡན་གྱིསོ།། ཌོམྦི་ནཱི་དང་གྷསྨ་རཱི་ལ་ནི་འོད་དཔག ་མེད་ཀྱི་རྒྱས་གདབ་པར་བྱའོ།། དེ་ནས་ཡོངསུ་རྫོགས་པར་གྱུར་པའི་དཀྱིལ་འཁོར་ལོ་བལྟས་ལ། སྒྱུ་མ་ལྟ་བུ་དང་རྨི་ལམ་ལྟ་བུར་མོས་པར་བྱས་ནས། དབང་བསྐུར། སྙིང་གྲཝའི་ས་བོན་ལས་མཆུད་པའི་ལྔ་བརྒྱད་སྤྲོས་པ་དེ་དག་ལས ་སྤྲོས་པའི་སྤྲིན་གྱིས་གཙོ་བོ་དང་བཅས་པའི་དཀྱིལ་འཁོར་ལ་མཆོད་པར་བྱའོ།། དེ་ནས་དེ་དག་ལ་མ་དོན་སུམ་དུ་བདག་ཉིད་ཀྱིས་བསྟོད་པར་བྱ་སྟེ། འཇིག་ཆེན་མི་ཆེ་བ་གཙིགས་པ་པོ།། སྒྱུ་མའི་ཕྲེང་བས་རྣམ་པར་བརྒྱན།། ཤ་ཆེན ་ངག་ནི་གསོལ་མཛད་པ།། ཧེ་རུ་ཀ་ལ་ཕྱག་འཚལོ།། ཞེས་བྱ་བས་སོ།། དེ་ནས་ཡི་གེ་ཨཾ་ལས་རླུང་གི་དཀྱིལ་འཁོར། དོའི་སྟེང་དུ་རཾ་ལས་མོའི་དཀྱིལ་འཁོར། དེ་ལ་ཨ་ལས་བྱུང་བའོ། ཐོད་པ་དེའི་དཀྱིལ་དུ་ཨོཾ་གྱིས་མཚན་པའི ་རྫས་རྣམ་སྷོ།། དེའི་སྟེང་དུ་ཛྭཱ་ལས་རྡོ་རྗེའོ།། རྡོ་རྗེ་ལས་མེ་འབར་བར་གྱུར་པ་དེས་དེ་དག་བསྐོལ་བར་གྱུར་པས།། སྨིན་ཅིང་ཞུ་བར་གྱུར་པ་དེའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐད་ཀྱི་ཐུགས་ཀའི་ས་བོན་གྱི་བདུད་རྩི་བླངས་ནས་དེ་དག་གཅ། ་ཏུ་བྱས། ཨོཾ་ཨཱཿཧཱུཾ་ཞེས་བྱ་བས་མངོན་པར་བསྔགས་ལ། ཡི་གེ་ཧཱུ~ཾ་ལས་རྡོ་རྗེ་དཀར་པོར་གྱུར་པར་བསྒོམས་ཏེ།། སྙིང་གར་ཉི་མ་ལ་དཀྱིལ་འཁོར་གྱི་འཁོར་ལོ་མོས་པར་བྱས་ལ། བདུད་རྩི་དེས་བདག་ཉིད་དཀྱིལ་འཁོར་གྱི་འཁོར་ལོ་ཆེམ་པ ་བྱའོ། མ་མོའི་གྲོང་ཁྱེར་ཉམས་དགའ་བར།། གཙོ་བོ་འདི་འདྲ་བསྒོམ་པར་བྱའོ།། དབའ་རླབས་མེད་པའི་བདེ་བ་ཐོབ།། རླབས་མེད་པ་ཡི་བདེ་བ་ཉིད།། ཅེས་བྱ་བ་ནི། གཉིས་པ་དཀྱིལ་འཁོར་རྒྱལ་མཆོག་གི་ཏིང་འཛིན་ཏེ་ལོངས་སྤྱོད་རྫོགས་པའི ་འོ།། ཐུགས་ཀའི་སོ་བོན་གྱི་འོད་ཟེར་གྱིས་དཔག་ཏུ་མེད་ཅིང་མཐའ་མེད་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་དཔལ་ཧེ་རུ་ཀའི་གཟུགསུ་སྦྱངས་ནས་ཡང་དག་པར་བཀུག་སྟེ། དཀྱིལ་འཁོར་དུ་ཆུད་པར་བྱས་ལོ།། དཀྱིལ་འཁོར ་ནོ་བདག་ཉིད་དུ། བདག་ཉིད་ནི་ཡེ་ཤེས་སེམས་དཔར།། ཡེ་ཤེས་སེམས་དཔའ་ནི་ཕྱག་མཚན་དུ།། ཕྱག་མཚན་ནི་ས་བོན་དུ། ས་བོན་ནི་ཐིག་ལེར། ཐིག་ལེ་ལས་ཀྱང་ཡུད་ཙམ་གྱིས་གསལ་པོ་ཉིད་དུ་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་བསམས ་ལ། ད་ལྟར་ཡང་དང་ཡང་སྤྲོ་ཞིང་བསྡུ་བར་བྱའོ།། དི་ནི་སེམས་སྐྱེ་བ་རྣམས་ཀྱིས་ཐིག་ལའི་རྣལ་འབྱོར།། བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱིས་དེ་བཞིན་གཤེགས་པ་ཐང་བཅུག་ལ། ཤེས་རབ་ཀྱི་པདྨ་ཟེ་འབྲུའི་མཐར་རང་གི་ས་བོན་གྱི་དཀྱི ་དུ་ཡུངས་ཀར་ཙམ་གྱི་རིན་པོ་ཆེའི་ནང་དུ་ཆུད་པར་དཀྱིལ་འཁོར་གྱི་འཁོར་ལོ་གཟུང་བར་བྱ་ཞིང་བསམ་པར་བྱས་ནས། དེ་ལ་མཚན་མ་ལྔ་འབྱུང་བར་འགྱུརོ།། ཕྱི་ནས་རྗེ་སུ་དྲན་པའི་རྣལ་འབྱོར་གྱིས་སྤྲོ་བར་བྱའོ་ཞེས ་བྱ་བ་ནི་ཕྲ་མོའི་རྣལ་འབྱོར།། དེ་ལྟར་ཡུད་ཙམ་གྱིས་ཡེ་ཤེས་ལས་རབ་ཏུ་གྲུབ་པའི་དཔག་ཏུ་མེད་པའི་འོད་ཟེར་གྱི་ཚོགས་སྤྲོས་པས་བདག་དང་གཞན་མཐོང་བར་སྦྱོར་བ་ཉིད་ཀྱིས་རྗེ་སུ་དྲན་པའི་རྣལ་འབྱོར་གྱིས་བདག་ཉིད་ཀྱི་མ་ལུས་པ་ཡོངསུ ་རྫོརྫོགས་པར་བསྒོམ་པར་བྱའོ།། སྐེམ་པར་སྐྱོ་བར་གྱུར་ནས་སྔགས་བཟླས་པར་བྱ་སྟེ་སྔགས་ལ་ཡཱ་ཆགས་པར་མི་བྱའོ།། དེ་ལ་འདིར་ཁམས་ཕྲ་བ་ལ་སེམས་སྦྱ་ལ་སྣའི་རྩེ་མོར་སེམས་བརྟན་པར་བྱས་ནས། འཇུག་པ་དང་གནས་པ་དང་འབྱུང ་བའི་རིམ་པ་དང་ཡི་གེ་གསུམ་གྱི་སྦྱར་ལ་བཟླ་བར་བྱའོ།། ཡང་ན་སྙིང་གའི་ཉི་མོའི་དོཀྱྀ་ལྟ་འཁོར་ལྀ་ཡི་གེ་བཅུ་གསུམ་མེར་མེའི་ཕྲེང་བ་བཞིན་དུ་འབར་བ་སེམས་ཀྱིས་བྲིས་ལ། སེམས་ཀྱི་བྲིས་པོ་བཞིན་དུ་ངེས་པར་བཟླ་བར་བྱ་སྟེ། ཨཾ་དཾ ་ཝ་པི་ཙུ་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བྱའོ།། འདི་ནི་ལས་རྒྱལ་མཆོག་ཅེས་བྱ་སྟེ། ཏིངེ་འཛིན་གསུམ་པ་སྤྲུལ་པའི་སྐུའོ།། དེ་ནས་ལས་ཐམས་ཅད་གྲུབ་པར་བྱ་བའི་ཕྱིར་ཕྲེང་བའི་སྔགས་བཟླ་བར་བྱའོ།། དེ་ཡང་དཀྱིལ་འཁོར་གྱི་འཁེངྒ་ལོའི ་རྣམ་པར་གནས་པཾ་ཐུགས་ཀའི་ས་བོན་ལས་ཕྲེང་བའི་སྔགས་འབྱུང་བར་བསམ་ཞིང་ཞལ་ཐོད་དང་ལྷོ་མེ་ཐམས་ཅད་ཀྱི་ཞལ་ནས་བརྗོད་པར་བསམ་པར་བྱའོ།། གལ་ཏེ་ལངས་པར་འདོད་ནོ་དེས་ལྷ་མོའི་འཁོར་ལོ་ཐུགས་ཀའི་ས ་བོན་གྱི་ནང་དུ་ཆུད་པར་བསྒོམས་ལ། རྟེན་གྱི་དཀྱིལ་འཁོར་ཤིན་ཏུ་རྒྱ་ཆེན་པོ་བསྒོམ་པར་བྱ་ཞིང་།། ཚིགསུ་བཅད་པ་འདིས་བསོད་ནམས་ཡོངསུ་བསྔོ་བར་བྱ་བ་སྟེ། བསོད་ནམས་འདིས་ནི་ཐད་མཁྱེན་པ་ཉིད། ཐོབ་ནས་ཉེས་པའི་དགྲ་རྣམས ་ལས་རྒྱལ་ཏེ།། རྒ་ནད་འཆི་བའི་དབའ་རླབས་འཁྲུགས་པ་ཡི།། སྲིད་པའི་མཚོ་ལས་འགྲོ་པོ་འདོན་པར་ཤོག། ཅེས་བྱའོ།། སྨོན་ལམ་ཡང་གདབ་སྟེ། ཚིགསུ་སྐྱེ་དང་དམ་ཚིག་ཅན།། སྨྱོ་མེད་དགྱེས་པའི་རྡོ་རྗེ་སྟོན།། བླ་མཱ་ལ་གུས་སྙིང་རྗེ་ལྡན། ་སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག། ལག་པ་རྡོ་རྗེ་དྲིལ་བུ་འཁྲོལ།། ཟབ་མེའི་ཆོས་འདི་ཀློག་པ་དང་།། བཙུན་མོའི་ཁུ་བ་མཉམ་ཟས་ཅན།། སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག། དེ་ནས་སེམས་ཅན་རྣམས་ཧེ་རུ་ཀའི་གཟུགསུ་མོས་པར་བྱ་ཞིང་འབྱུང ་བ་ཆེན་པོ་བཞི་ནི་པུཀྐ་སཱི་ལ་སོགས་པ་བཞིའི་ངོ་བོར་ངེས་པར་བྱས་ནས། དེ་ལྟར་དགྱེས་པའི་རྡོ་རྗེའི་ང་རྒྱལ་གྱིས་ཐུང་བྱའོ།། གུང་གི་ཐུན་དང་ཕྱི་དྲོའི་ཐུན་དང་ཡང་དེ་བཞིན་དུ་སྟན་བདེ་བ་ལ་འདུག་སྟེ། ཡུད་ཙམ་གྱིས་དགྱེས་པོའི་རྡོ་རྗེའི ་གཟུགས་བདག་ཉིད་ལྷག་པར་མོས་པར་བྱས་ནས། དེ་ལྟར་དགྱེས་པའི་རྔ་རྗེལ་སྙིང་གའི་ས་བོན་ལས་བྱུང་བའི་ལྷ་མོ་རྣམས་གནས་ཇི་ལྟ་བཞིན་དུ་བལྟས་ལ།། ཡེ་ཤེས་སེམས་དཔའ་གཞུག་པ་དང་། དབང་བསྐུར་བ་དང་། མཆོད་པ་དང་། ་བདུད་རྩི་མྱང་བ་དང་། བཟླས་པ་ལ་སོགས་པ་བྱའོ།། ཀ་ཉིད་ལོག་པའི་དུས་སུ་ཡེ་ཤེས་སེམས་དཔའ་སྙིང་གའི་ས་བོན་ལས་བྱུང་ནས་ན་མཁའི་ཕྱོགསུ་བལྟས་ཏེ། མ་མོ་བརྒྱད་ཀྱི་ཡང་དག་པར་མཆོད་ལ། ཡི་གེ་བརྒྱ་པ་བརྗོད་ཅིང་མཐུ ་མུཿཞེས་བྱ་བ་དང་ལྡན་པར་གཤེགསུ་གསོལ།། དཀྱིལ་འཁོར་གྱི་འཁོར་ལོ་ནི་ཐུགས་ཀར་བསྡུས་ལ། ཡན་ལག་གི་སྦྱོར་བ་བྱས་ནས་སྣ་ཚོགས་འདི་དག་ལྷན་ཅིག་སྐྱེས་པའི་དགའ་བའི་ངོ་བོར་མོས་པར ་བྱས་ནས་གཉིད་ལོག་པར་བྱའོ།། ལྷ་མོ་བཞི་ཡི་གླུས་བསྐུལ་བུ་སྨད་པར་བྱས་ལ། ལངས་ནས་ཐང་སྟེ་མ་བཞིན་དུ་བྱའོ།། དེ་ལྟར་རྟག་ཏུ་ཇི་སྲིད་དངོས་གྲུབ་ཀྱི་མཚན་མ་བྱུང་བར་གྱུར་གྱི་བར་དུ་བྱའོ།། དེ་མཐོང་ནས་རྒྱུད་ཇི་ལྟ་བ་བཞིན་དུ ་ཉམ་སུ་བླངས་པར་བྱའོ།། ཕྱོག་དྲུག་པ་ཡང་དེ་བཞིན་ཏེ། ཕྱག་གཡོན་གྱི་དང་པ་ན་རྩེ་གསུམ་པ། གཡས་ཀྱི་དང་པོ་ན་རྡོ་རྗེ།། གཡོན་གྱི་གཉིས་པ་ན་དྲིལ་བུ། གཡས་ཀྱི་གཉིས་པ་ན་གྲི་གུག། ཕྱག་ལྷག་མ་གཉིས་ཀྱིས་ཤེས་རབ་མ་ལ་འཁྱུད ་པའོ།། དེ་བཞིན་དུ་ཕྱོག་བཞི་པའི་ཕྱག་གཡས་ཀྱི་དང་པ་ནི་རྡོ་རྗེ་གཡོན་ན་ཐོད་པ། ལྷག་མོ་གཉིས་ཀྱིས་ཤེས་རབ་མ་ལ་འཁྱུད་པའོ།། དེ་བཞིན་དུ་ཕྱུག་གཉིས་པའི་གཡས་ན་རྡོ་རྗེ། གཡོན་ན་ཐོད་པ་འཛིན་པས་ཤེས་རབ་ལ་འཁྱུད་པ་སྟེ། ་འཁོར་གྱི་གཙོ་བོའི་གཟུགས་བསྒོམ་པར་བྱའོ།། འདི་དྲུག་ཀྱང་ཕྱག་བཅུ་དྲུག་པ་བཞིན་དུ་ཐཾད་བསྒོམ་པར་བྱའོ།། བཟླས་པ་དང་བསྒོམ་པས་སྐྱོ་བར་འགྱུར་ན་ཐམས་ཅད་རྣམ་པར་དག་པར་ལྷག་པར་མོས་པར་བྱའོ།། ཕྱག་བཅུ་དྲུག་ནི ་སྟོང་པ་ཉིད་དེ་གང་དག་ཅེ་ན། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད ་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་དངོས་པོ ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་འདི་དག་ནི་ཕྱག་བཅུ་དྲུག། བསྡུ་བའི་དངོས་པོ་བཞི་ནི་ཞབས་བཞི་སྟེ། སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་མཐུན་པའོ།། པགས་པ་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་ཏེ། གང་དག་ཅེ་ནི། དྲན་པ་དང་། བརྩོན ་འགྲུས་དང་དགའ་བ་དང་། ས་ཤིན་ཏུ་སྦྱངས་པ་དང་། ཏི་འཛིན་དང་། བཏང་སྙོམས་དང་། ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱ་བ་སྟེ། འདི་དག་ནི་པགས་པའོ།། ཤ་ནཾ་པུཀྐ་སཱི། ཁྲག་ནི་ཤ་བ་རཱི། ཁུ་བ་ནཾ་ཙརྠ། ་ལཱིའཾ། ཚིལ་དང་རྐང་ནི་ཌེམྦི་ནཱིའོ།། རུས་པ་ནི་བདེན་པ་བཞི་སྟེ། སྡུག་སྔལ་དང་། ཀུན་འབྱུང་། འགེག་པ་དང་། ལམ་མོ།། ཞལ་བརྒྱད་ནི་རྣམ་པར་ཐར་པ་བརྒྱད་དེ་གང་དག་ཅེ་ན། གཟུག་སྟོལ་ཉིད་དུ་མཐོང་བ་དང་། ནང་གི་གཟུགས་སྟོང་པ་ཉིད་དུ ་མཐོང་བ་དང་། སྡུག་པ་དང་མི་སྡུག་པས་བྱས་པའི་ལྟ་བ་སྟོང་པ་ཉིད་དུ་མཐོང་བ་དང་། ན་མཁའ་མཐའ་སྐྱེ་མཆེད་སྟོང་པ་ཉིད་དུ་མཐོང་བ་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་སྟོང་པ་ཉིད་དུ་མཐོང་བ་དང་། ཅི་ཡང་མེད་པའི་སྐྱེ་མཆེད ་སྟོང་པ་ཉིད་དུ་མཐོང་བ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་སྟོང་པ་ཉིད་དུ་མཐོང་བ་དང་། འདུ་ཤེས་དང་ཚོར་བ་འགོག་པ་སྟོང་པ་ཉིད་དུ་མཐོང་བའོ།། འདོད་ཆགས་ཆེན་པོ་ལས་བྱུང་བས།། གཡོན་པའི་ཞལ་ནི་ལེགས་པར་འཛིན ་གཏི་མུག་ཆེན་པོ་དག་པའི་བདག། ཞལ་ནི་གཡས་པ་དག་ཏུ་གནས།། བདུད་རྣམས་གཞི་པོ་གཞིག་ཕྱིར་དང་། ཉན་མོངས་ཐམས་ཅད་ཞི་བྱའི་ཕྱིར། དང་། གཡས་དང་གཡོན་པའི་ཞལ་གཉིས་གཉིས།། གནག་ཅིང་འགྱུར་བར་ཤེས ་པར་བྱ།། ཞེ་སྡང་ཆེན་པོ་རྨོངས་ཆེན་དང་། འདོད་ཆགས་ཆེ་ལས་ཀུན་འབྱུང་བར།། རྩ་བའི་ཞལ་ནི་ཤེས་བྱ་སྟེ།། ཉམས་དགུ་ཡིས་ནི་ཚུལ་གྱིས་གནས།། མཁའ་དང་གཉིས་མེད་མཚོན་བྱེད་པར།། སྟེང་གི་ཞལ་ནི་ཤེས་པར་བྱ།། རོ་དགུའི་ཉམས་དང ་ལྡན་པ་ནི།། སྨིག་དང་དཔའ་བྱད་འཇིགས་རུང་དང་། དྲག་དང་རྒོད་དང་འཇིགས་པར་བྱེད།། སྙིང་རྗེ་རྔ་མ་དང་ཞི་བ་ཨི།། རོ་དགུའི་ཉམས་ཤེས་བརྗོད་པ་ཡིན།། འཚོ་བ་ལོག་པ་སྤོང་བའི་ཕྱིར།། མཆེ་བ་ཅུང་ཞིག་གཙིགས་པར་བྱེད།། སྨིན་མ་ཁྲོ་གཉེར། ་གཡོ་བ་དང་།། ལྟ་བ་ལོག་པར་སྤོང་བའོ།། སྤྱན་གསུམ་ནི་རྣམ་པར་ཐར་པའི་སྒོ་གསུམ་ཏེ། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། རིམ་པ་འདི་ཉིད་ཀྱིས་ཞལ་བརྒྱད་དང་སྤྱན་ཉི་ཤུ་རྩ་བཞི་འབྱུང་བར་འགྱུར་བ་ཡིན་ཏེ། དེ ་ཡང་སེམས་ཅན་ཐཾད་ལ་ཐུགས་རྗེ་ཆེན་པོས་ཁྱབ་པའི་ཕྱིར་ཀུན་ཀྱང་དམར་པོར་གྱུར་པ་ཡིནོ།། བྱམས་པའི་ཐུགས་ཀྱིས་སྐུ་ནག་པོར་གྱུར་པ་ཡི་ནོ།། ཚད་རྣམས་ནི་རྒྱལ་བ་ལྔ་སྟེ། མི་བསྐྱོད་པ་ནི་འཁོར་ལོའི་གཟུགས་ཀྱིས་མགོ་ལ་འཆ ་ངོ། སྣང་བ་མཐའ་ཡས་ནི་རྣ་ཆའི་གཟུགས་ཀྱིས་འཛིན་ཏོ།། རིན་ཆེན་འབྱུང་ལྡན་ནི་མགུལ་བའི་ནོར་བུའི་ཚུལ་གྱིས་གནསོ།། རྣམ་པར་སྣང་མཛད་ནི་ལག་གདུབ་ཀྱི་གཟུགས་ཀྱིས་འཛིན་ཏོ།། དོན་ཡོད་གྲུབ་པ་ནི་འོག་བག་གིས་གཟུགས ་ཀྱིས་འཛིན་ཏོ།། བདུད་བཞི་ནི་ཕུང་པོའི་བདུད་དང་། ཉོན་མོངས་པའི་བདུད་དང་། འཆི་བདག་གི་བདུད་དང་། ལྷའི་བུའི་བདུད་རྣམས་ཚངས་པ་དང་། དབང་པོ་དང་། ཉེ་དབང་དང་། དྲག་པོའི་གཟུགསུ་ཞབས་ཀྱིས་མནན་པ་སྟེ། འདོད་ཆགས་དང་ཞེ་སྡང ་དང་གཏི་མུག་དང་ཕྲག་དོག་གི་ངོ་བོ་ཉིད་ཅེས་བྱ་བའི་དོན་ཏོ།། མི་དགེ་བཅུ་བྱས་པ་ནི་མགོ་བོའི་ཕྲེང་བའོ།། དེ་ཡང་གང་ཞེ་ན། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ་ཁྲོ་བ་དང་། ངག་ཁྱལ་པ་དང་། བརླབ་སེམས་དང་། གནོད་སེམས་དང་། ལྡོག་པར་ལྟ་བ་ཞེས་བྱའོ།། དཔུང་རྒྱུན་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་སྟེ། འདུན་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། དཔྱོད་པ་ཞེས་བྱའོ།། རྐང་པའི་གདྲབ་བུ་ནཾ་འཇིག་རྟེན་ལྟ ་འདས་པའི་ཕུང་པོ་ལྔ་སྟེ། ཚུལ་ཁྲིམས་དང་། ཤེས་རབ་དང་། ཏིང་ངེ་འཛིན་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའོ།། རྩ་བའི་མཐུན་དམན་བསྟན་པའི་ཕྱིར།། སྐྱིལ་ཀྲུང་ཕྱེད་པའི་གཱར་གྱིས་གནས།། བརྫུན་པའི། ་འདོད་ཆགས་སྤང་བའི་ཕྱིར།། རྣལ་འབྱོར་མའི་དྲཱ་བའི་སྟན།། འཇིགས་པ་ཡང་དག་སྤངས་པའི་ཕྱིར།། སྐུ་ལ་ཐལ་བའི་རྡུལ་གྱིས་བསྒོས།། དངོས་པོ་མེད་པའི་སྲིད་པ་ངོ་བོ་མེད་པའི་གཟུགས་ཅན་དུ་བསྟན་པའི་ཕྱིར། བདག་མེད་མ་ཡིས ་མགུལ་ནས་འཁྱུད་པའོ།། དེའི་གྲི་གུག་དང་ཐོད་པ་ནི་ཐབས་དང་ཤེས་རབ་ཀྱི་ངོ་བོ་ཉིད།། ཕྱག་གཡས་པའི་ཐོད་པ་བརྒྱད་ན་གནས་པའི་གླང་པོ་ལ་སོགས་པའི་དམ་ཚིག་ནི་འདུས་པ་དང་། རིམས་དང་། གགོ་པ་དང་། དུག་དང་། གཟེར ་དང་། སྨན་དང་། ཕོ་སྲན་དང་། འགོ་བ་དང་། རིམ་བཞི་ནོ།། གཡོན་གྱི་བརྒྱད་ན་གནས་པའི་ས་ལ་སོགས་པ་ནི་འདོད་ཆགས་དང་། ཞེ་སྡང་དང་གཏི་མུག་དང་། ཕྲ་མ་དང་། ཕྲག་དོག་དང་། རྒྱག་པ་དང་། ང་རྒྱལ་དང་། འདོད་པ་དང་། རིམྦྷ ་བཞིན་ཤེས་པར་བྱའོ།། དབང་བསྐུར་ནས་ནི་ཐམས་ཅད་ཀྱིས།། ཡེ་ཤེས་བླ་མེད་ཐོབ་གྱུར་ནས།། བླ་མ་དམ་པ་མི་བསྐྱེད་པ།། དེ་དག་ཅོད་པན་དག་ལ་འཆང་།། ཡེ་ཤེས་སྣང་བ་བསྐྱེད་པའི་ཕྱིར།། འོད་ཀྱིས་དྲ་བ་རབ་གསལ་བྱེད།། དཀྱིལ་འཁོར་གྱི་གཙྪ་བྱོའི ་རྣམ་པར་དག་པའོ།། དཱ་ནཾ་ལྷ་མོ་རྣམས་ཀྱི་རྣམ་པར་དག་པ་བརྗོད་པར་བྱ་སྟེ། གཽ་རཱི་ནི་གཟུགས་ཀྱི་ཕུང་པོའི་ངོ་བོ་ཉིད།། ཙཽ་རཱི་ནི་ཚོར་བའི་ཕུང་པོའི་ངོ་བོ་ཉིད།། བེཏྟ་ལཱི་ནི་འདུ་ཤེས་ཀྱི་ཕུང་པོའི་ངོ་བོ་ཉིདདོ།། གྷསྨཱ་རཱི་ནི་འདུ་བྱེད་ཀྱི་ཕུང་པོའི་ངོ་བོ་ཉྀ་དོ།། ་པུཀྐ་སྟྲི་ནཾ་བྱམས་པའི་ངོ་བོ་ཉྀད།། ཤ་བཱ་ནཱཾ་ནཱི་སྙིང་རྗེའི་ངོ་བོ་ཉིད་དོ།། ཙཏྤ་ལི་ནི་དགའ་བའི་ངོ་བོ་ཉིད།། ཌོམྦྷི་ནཱི་ནཱི་བཏང་སྙོམས་ཀྱི་ངོ་བོ་ཉྀདདོ།། གཻ་རཱི་ནཱི་གཱ་ཡ་ས་ནཱཾ་གྲྀ་གུགྣ་ནཱི་བརྫུན་པའི་རྣམ་པར་རྟོག་པ་གཅོད་པར་བྱེད་པ་ཉིད།། གཡོན་གྱི་རོ་ཧི ་ཏཱཏཱིཉྫ་ནཱཾ་འཁོར་བའི་བགས་ཀྱི་ཚེག་སོ།། ཙཽ་རཱི་གཱཡས་ཀྱི་ཙཱང་ཏེའུ་ནི་ཐབས་དང་ཤེས་རབ་ཏུ་སྒྲུབ་པར་བྱེད་པ་ཉིད།། གཡོན་པའི་ཕྱག་ནཱི་གཏི་མུག་གི་ངོ་བོ་ཉིད།། བེཏྟཱ་ལཱིའི་གཡས་ཀྱི་རུ་སྦལ་ནི་སྟོང་པ་ཉིད་ཀྱི་ངོ་བོའོ།། གཡོན་གྱི་པདྨའི་སྣོད་ནི ་སྙིང་རྗེའི་ངོ་བོ་ཉིད།། གྷསྨ་རཱིན་གཡས་ཀྱི་སྦྲུལ་ནི་ཞེ་སྡང་གི་བདག་ཉིད་།། གཡོན་གྱི་རྣལ་འབྱོར་གྱི་སྣོད་ནི་ཐབས་དང་ཤེས་རབ་ཀྱི་ངོ་བོ་ཉིད།། པུཀྐ་སཱིའི་གཡས་ཀྱི་སིངྒེ་ནི་བདུད་ཀྱི་སྡེའི་གླང་པོ་ཆེ་འཇིགས་པར་བྱེའོ།། གཡོན་གྱི་དགྲ་སྟ་ནི་ཞེ་སྡ ་གཾགི་ལྗོན་ཤིང་གཅོད་པའི་དོན་ཏོ།། ཤཱ་བ་རཱིའི་གཡས་ཀྱི་དགེ་སློང་ནི་རྣམ་པ་ལྔ་བསྒོམ་པར་བྱ་བར་སྒྲུབ་པའོ།། གཡོན་གྱི་ཁཱ་རཱ་སཱི་ལ་ནི་གཉིསུ་མེད་པའི་ཡེ་ཤེས་གྲུབ་པར་བྱེད་པའི་ངན་ཏོ།། ཙཱཎྜ་ལཱིའི་གཡས་ཀྱི་འཁོར་ལོ་ནི་ལོག་པར་ལྦུ་བ་ག ་པའི་དོན་ཏོ།། གཡོན་གྱི་གཤོལ་མངའ་ནི་མི་ཤེས་པའི་ཉོན་མོངས་པ་རྩ་བ་ནས་འབྱིན་པའི་དོན་ཏོ།། ཌོམྦི་ནཱིའི་གཡས་ཀྱི་རྡོ་རྗེ་ནི་མི་ཕྱེད་པའི་ཡེ་ཤེས་རྟོག་པའི་དོན་ཏོ།། གཡོན་གྱི་སྡིགས་མཛུབ་ནི་གདུག་པ་ཅན་རྣམས་ཚར་གཅོད་པའོ།། འདི ་དག་ཀུན་གྱི་སྤྱན་གསུམ་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་གྱིས་དུས་ལ་བལྟོའོ།། ཕྱག་གཉིས་ནི་གཟུགས་མེད་པ་གཉིས་ཀྱི་ངོ་བོའོ།། གཟུགས་མེད་པ་གཉིས་གང་ཞེ་ན། ན་མཁའ་དང་རྣམ་པར་ཤེས་པ་ཞེས་བྱའོ།། འདོད་ཆགས་དང་། ཞེ་ས ་དང་། གཏི་མུགོ་དང་། ཕྲ་མ་དང་། ཁོང་ཁྲོ་བ་དང་། ཕྲ་དོག་དང་། ཆགས་པ་དང་། ང་རྒྱལ་རྣམས་ནི་ཚངས་པ་ལྔ་སོགས་པའི་གཱདན་རྣམསོ།། ཕྱག་རྒྱ་ལྔ་ནི་ལྟ་བ་ལྔ་སྟེ། གང་དག་ཅེ་ན། འཇིགས་ཚེགས་ལྟ་བ་དང་། ལོག་པར་ལྟ་བ་དང་། མཐར ་འཛིན་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ།། ཁྲོ་བའི་སེམས་སྤྱོང་པར་བྱེད་པའི་དོན་དུ་ཞལ་རྣམ་པར་འགྱུར་ཞིང་། དབུས་སྐྲ་གྱེན་དུ་བརྫེས་པའོ།། ད་ནི་དཀྱིལ ་འཁོར་གྱི་རྣམ་པར་དག་པར་བརྗོད་པར་བྱ་སྟེ། ལུས་དང་ངག་དང་ཡིད་ཀྱི་འདུས་པ་ནི་དཀྱིལ་འཁོའོ།། བདེན་བཞིའི་རྣམ་པའི་ཚུལ་གྱིས་གྲུ་བཞིའོ།། བདུད་བཞི་སྐྲག་པར་མཛད་པའི་དོན་གྱིས་སྒོ་བཞི་བརྟགས་པ་ཉིད།། ཚངས་པའི་གནྡ ་བཞིའི་ངོ་བོ་ཉིད་ཀྱིས་ཟུར་བཞིར་བརྟགས་པ་ཉིད།། རྣམ་པར་ཤེས་པ་བརྒྱད་ཀྱི་ངོ་བོ་ཉིད་ཀྱིས་ཉེ་བར་མཛེས་པ་ཉིད་།། རྣམ་པར་ཤེས་པ་དེ་ཡང་གང་ཞེ་ན། མིག་གི་རྣམ་པར་ཤེས་པ་དང་། རྣ་བ་དང་། སྣ་དང་། ་ལྕེ་དང་ལུས་དང་། ཡིད་དང་། ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་དང་། ཀུན་གཞི་རྣམ་པར་ཤེས་པའོ།། བུམ་པ་བརྒྱད་ནི་གཟུགས་པརྒྱ་དེ།། གང་དག་ཅེ་ན། ས་དང་ཆུ་དང་མེ་དང་རླུང་དང་། ཁ་དོག་དང་དྲི་དང་རོ་དང་རེག་བྱ་ཞེས ་བྱའོ།། ཁ་རྒྱུན་གྱིས་ཡལ་ག་ནི་ལམ་ཡན་ལག་བརྒྱད་པ་སྟེ། དེ་དག་གང་ཞེ་ན། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚེ་བ་དང་། ཡང ་དགུ་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་འཛིན་ཞེས་བྱའོ།། རིན་པོ་ཆེ་ལྔ་ནི་སྟོབས་ལྟ་སྟེ། དད་པའི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་དང་། དྲན་པའི་སྟོབས་དང་། ཏིང་འཛིན་གྱི་སྟོབས་དང་། ཤེས་རབ་ཀྱི་སྟོབསོ།། དཀྱིལ་འགྲོ ་གྱི་ངོ་ཤལ་རྣམས་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་ཞེས་བྱ་བོའི་ཉོན་མོངས་པ་རྣམས་འཇོམས་པའི་དོན་ཏོ།། དོ་ཤལ་ཕྱེད་པ་ནི་ཉེ་བའི་ཉོན་མོངས་པ་རྣམས་འཇོམས་པའོ།། དྲོ་དང་དངོས་མེད་བྱེ་བྲག་གིས།། སེམས་ནི་གང་ཞིག ་རྣམ་རྒྱས་པས།། སེམས་ནི་བླ་རེ་ཞེས་བྱ་བར།། དོན་དམ་ཉིད་དུ་གསུངས་པ་ཡིན།། ཏིང་འཛིན་གྱི་ཡན་ལག་ནི་རྟ་བབས་སོ།། དེ་གང་དག་ཅེ་ནོ།། བསྙེན་པ་དང་། ཉེ་བར་བསྒྲུབ་པ་དང་། སྒྲུབ་པ་དང་། སྒྲུབ་པ་ཆེན་པོའོ།། རྒྱལ་མཚན་ཡང་དེ་དག་ཉིད།། ་ལག་བརྒྱད་པའི་ལམ་གྱི་ཡེ་ཤེས་ནི་རྔ་ཡབ་ཀྱི་ཕྲེང་བས་བརྒྱན་པའོ།། ཆོས་ཀྱི་གནས་བཞི་ནི་རྡོ་རྗེའི་ཐིག་དང་ལྡན་པའོ།། དེ་དག་གང་ཞེ་ན། ཆོས་ཐམས་ཅད་མི་རྟག་པ། འདུས་བྱས་ཐམས་ཅད་ནི་སྡུག་བསྔལ་བ། ཆོས་ཐམས་ཅད་ནི་བདག་མེད་པ། མྱ་ངན་ལྦུ ་འདས་པ་ནི་ཞི་བ་ཞེས་བྱའོ།། བྱམས་དང་སྙིང་རྗེ་ལ་སོགས་པ་ནི་མེ་ཏོག་དང་སྤོས་དང་མར་མེ་དང་དྲིའོ།། དེ་ལྟ་བུ་ནང་གི་བདག་ཉིད་ཅན་གྱི་དཀྱིལ་འཁོར་ཕྱིའི་ལའང་ཤེས་པར་བྱའོ།། ད་ནི་དུར་ཁྲོད་བརྗོད་པར་བྱ་སྟེ། དབུགས་རྒྱུ་ཞེས་བྱའི་རིགས་པ་འདིས། དུར་ཁྲོད ་ཅེས་ནི་མངོན་པར་བརྗོད་ཅེས་བྱ་བར་དུས་ཁྲོད་ཅེས་བྱ་བ་ནི་ལུས་ཏེ་སའི་ཁམསོ།། དེས་ཞིང་སྐྱོང་བར་བྱེད་པས་ན་ཞིང་སྐྱོང་སྟེ་རླུང་།། བསྲེག་ཅིང་འཚེད་པའི་བདག་ཉིད་ཀྱིས་ནི་ཀླུའོ།། ན་མཁའི་མཚན་ཉིད་ཀྱིས་ན་ཤིང་།། ། ཆུའི་ངོ་བོ་ཉིད་ཀྱིས་ནི་སྤྲི་ནོ།། རྙེད་པ ་དང་། མ་རྙེད་པ་དང་། གྲགས་པ་དང་། མ་གྲག་པ་དང་། སྨད་པ་དང་། བསྟོད་པ་དང་། བདེ་བ་དང་སྡུག་བསྔལ་བ་ལ་སོགས་པ་ནི་འཇིག་རྟེན་སྐྱེད་པའོ།། ནད་ལ་སྩོགས་པ་ནི་ཡཱི་དགས་དང་། འབྱུང་པོ་དང་། ཤ་ཟ་ལ་སོགས་པའིའོ།། དུར་ཁྲོད་བརྒྱད་ནི་ཡན་ལག་བརྒྱ ་འདི་དགུ་གིས་དཀྱིལ་ན་མཆོག་ཏུ་དགའ་བའི་རང་བཞིན་གྱིས་བཅོམ་ལྡན་འདས་རྣལ་འབྱོར་མ་རྣམས་ཀྱིས་བསྐོར་ནས་བཞུག་སོ།། བོདག་དང་བདག་གིར་འཛིན་པའི་སྐྱོན་རྣམས་མ་ལུས་འཁྲུགས་པའི་རླབས་དང་འཛིན་ཁྲི་དང་།། ལྗོན་པའི་འཁོར་བའི ་རྒྱ་མཚོའི་ནང་ན་གནས་པ་སྲོག་མཐར་ཐུག་པའི་ལྡོང་གྱུར་ལ།། དེ་ཉིད་གསལ་བར་བྱེད་པ་འདི་བསམས་པ་ལས་བསོད་ནམས་སྐྱེས་པ་མ་ལུས་པ།། དེས་ནི་དེ་ཉིད་གྲུ་ཡོས་འཇིག་རྟེན་འདི་དག་རྣམས་ནི་མ་ལུས་རྟག་ཏུ་སྒྲོལ་བར་ཤོག། དགྱེས་པའི་རྡོ་རྗེའི ་སྒྲུབ་པའི་ཐབས་དེ་ཁོ་ན་ཉིད་གསལ་བར་བྱེད་པ་ཞེས་བྱ་བ་སློབ་དཔོན་པཎྜི་ཏ་ནག་པོའི་ཞབས་ཀྱིས་མཛད་པ་རྫོག་སོ།། ། མཁས་པ་ཆེན་པོ་བྲམ་ཟེའི་རིགས།། ནག་པོའི་མཚན་ཅན་དེ་དང་ནི།། སངས་རྒྱས་བསྟན་ལ་ཕན ་བའི།། དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར།། དེ་ལས་དགེ་བ་གང་ཐེབ་པ།། དེས་ནི་འགྲོ་བ་མ་ལུས་པས།། རིམ་གཉིས་ཕྱག་རྒྱ་བཞི་རྟོགས་ནས།། རྡོ་རྗེ་འཛིན་པའི་གནས་ཐོ་བ་ཤོག། ཨོཾ་དེ་ཤར་ཁྲུངས་བླ་མ་ནི།། དབྱེས་རྡོར་གཞུང་ལ་མཁས་གྱུར་པས།། ་བྲམ་ཟེ་ནག་པོའི་མཚན་ཅན་ལ།། ཚུལ་ཁྲིམས་རྨྱི་ལ་སོགས་མཆེད་རྣམས་ཀྱིས།། མང་དུ་གསོལ་བཏབ་མཛད་པ་ཡིན།། །། རྒྱ་གར་སྐད་དུ། ཤྲཱི་ཧེ་བཛྲ་ས་པཏྟ་ཏི་མཎྜལ་བ་དྷི་བོད་སྐད་དུ། དཔལ་དགྱེས་པའི་རྡོ་རྗེའི་གཞུང་འགྲེལ་གྱི་དཀྱིལ ་