| Wylie | e-texts produced with BDRC’s OCR application |
ཆོས་ཀྱི་རྣམ་གྲངས། དཔལ་འཇམ་པའི་དབྱངས་ལ་ཕྱུག་འཚའོ།། ཕུང་པོ་ལྔནི། གཟུགས་ཀྱི་ཕུང་པོ་དང་། ཚོར་བའི་ཕུང་བ་དང་། འདུ་ཤེས་ཀྱི་ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་པོ་དང་། རྣམ་པར་ཤེས་པ ་ཕུང་པོའོ།། དེ་ལས་གཟུགས་ཀྱི་ཕུང་པོ་ནཱི་བཅོཾ་ལྔ་སྟེ། འབྱུང་བཚོན་པོ་བཞི་དང་། དེས་རྒྱུར་བྱས་པའི་གཟུགས་བཅུ་གཅིག། འབྱུང་བ་ཆེན་པོ་བཞི་ནི་སའོ་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམསོ།། ་རྒྱུར་བྱས་པའི་གཟུགས་ནི། མིག་གི་དབང་པོ་དང་། རྣ་བའི་དབང་པོ་དང་། སྣའི་དབང་པོ་དང་། ལྕེའི་དབངདང་། ལུས་ཀྱི་དབང་པོ་དང་། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྣམ་པར་རིག་བྱེད་མ་ཡིན ་པའོ།། ཚོར་བའི་ཕུང་པོ་ནི་གསུམ་སྟེ་བདེ་བ་དང་། སྡུག་བསྔལ་དང་གཉི་ག་མ་ཡིན་པ་རྣམས།། འདུ་ཤེས་ཀྱི་ཕུང་པོ་ཡང་གསུམ་སྟེ་ཆུང་ངུ་དང་། རྒྱ་ཆེན་པོར་གྱུར་པ་དང་། ཚད་མེད་པའོ།། འདུ་བྱེད་ཀྱི་ཕུང་པོ་ནི་སེམས་ལ ་བྱུང་བའི་འདུ་བྱེད་ལྔ་བཅུ་རྩ་གཅིག་དང་། སེམས་དེང་མི་ལྡན་པ་བཅུ་བཞིའོ།། སེམས་ལས་འབྱུང་བའི་འདུ་བྱེད་ནི།། རེག་པ་དང་། ཡིད་ལ་བྱེད་པ་དང་། ཚོར་བ་དང་འདུ་ཤེས་དང་། སེམས་པ་དང་། ལྔ་ནི་ཀུན་ཏུ་འགྲོ་བའོ།། ་འདུན་པ་དང་། མོས་པ་དང་། དྲན་པ་དང་། ཏིང་འཛིན་དང་། ཤེས་རབ་ནི། ཡུལ་སོ་སོར་ངེས་པའོ།། དང་པོ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་། མ་ཆགས་པའི་དགེ་བའི་རྩ་བ་དང་། ཞེ་སྡང་མེད་པའི་དགེ་བའི ་བ་དང་། གཏི་མུག་མེད་པའི་དགེ་བའི་རྩ་བ་དང་། བརྩོན་འགྲུས་དང་། ཤིན་ཏུ་སྦྱངས་པ་དང་། བག་ཡོད་པ་དང་། བཏང་སྙོམས་དང་རྣམ་པརཱ་མི་འཚེ་བ་དང་། བཅུ་གཅིག་པོ་འདི་ནི་དགེ་བའོ།། འདོད་ཆགས ་དང་དཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་དང་། ལྟ་བ་དང་། ཐེ་ཚོམ་དང་། དྲུག་ནི་ཉོན་མོངས་པའོ།། ཁྲ་ད་དང་། འཁོན་དུ་འཛིན་པ་དང་། འཆབ་པ་དང་། ཚིག་པ་དང་། ཕྲག་དོག་དང་། སེར་སྣ་དང་། གཡོ་དང་། རྒྱུ་དང་། རྒྱགས ་པ་དང་། རྣམ་པར་འཆེ་བ་དང་། ངོ་ཚ་མེད་པ་དང་། ཁྲལ་མེད་པ་དང་། རྨུགས་པ་དང་། རྙེད་པ་དང་། མ་དང་པ་དང་། ལེ་ལོ་དང་། བག་མེད་པ་དང་། བརྗོད་ངས་པ་དང་། རྣམ་པར་གཡེང་བ་དང་། ཤེས་བཞིནི་མ་ཡིན་པ་དང་། ཉི་ཤུ་ནི་ཉེ ་བཱའི་ཉོན་མོངས་སོ།། འགྱོད་པ་དང་། གཉིད་དང་། རྟོག་པ་དང་། དཔྱོད་པའོ།། བཞི་པོ་འདི་གཞན་དུ་འགྱུར་པའོ།། དེ་ལ་ལྔ་ནི་ཀུན་ཏུ་འགྲོ་བའོ།། ལྔ་ནི་ཡུལ་སོ་སོ་རེ་ངེས་པའོ།། བཅུ་གཅིག་ནི་དགེ་བའོ།། དྲུག་ནི་ཉོན་མོངས་པའོ།། ཉི་ཤུ་ན ་བའི་ཉོན་མོངས་དངུ། བཞི་ནི་གཞན་ངའང་འགྲོ་བའོ།། དེ་ལ་ང་རྒྱལྔ་ནི་རྣམ་པ་བདུན་ཏེ། ང་རྒྱལ་དང་། ཆེ་བའི་ང་རྒྱལ་དང་། ང་རྒྱལ་ལས་ཀྱང་ང་རྒྱལ་དང་། དུའོ་སྙམ་པའི་ང་རྒྱལ་དང་། མངོན་པའི་ང་རྒྱལ་དང་། ཅུང་ཟད་སྙམ་པའི ་ང་རྒྱལ་དང་། ལོག་པའི་ང་རྒྱལ།། ལྟ་བ་ནི་རྣམ་པ་ལྔ་སྟེ། འཇིག་ཚོགས་ལ་ལྷ་པ་དང་། མཐར་འཛིན་པར་ལྟ་བ་དང་། ལོག་པར་ལྟ་བ་དང་། ལྔ་པ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ ་འཛིན་པའོ།། སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་ནི་གཟུགས་དང་། སེམས་སེམས་ལས་འབྱུང་བའི་གནས་སྐབས་ལ་གདགས་ཏེ། ཐོབ་པ་དང་། འདུ་ཤེས་མེད་པའི་འགོག་པ་ལ་སྙོམས་པར་འཇུག་པ་དང་། འགོག་པའི ་སྙོམས་པར་འཇུག་པ་ལ་འདུ་ཤེས་མེད་པ་དང་། སྲོག་གི་དབང་པོ་དང་། རིགས་མཐུན་པ་དང་། སྐྱེ་བ་དང་། རྒ་བ་དང་། གནས་པ་དང་། མི་རྟག་པ་དང་། མིང་གི་ཚོགས་དང་། ཡི་གེའི་ཚོགས་དང་། སོ་སོའི་སྐྱེ་བ་ཉིད་དང་། དེ་ལྟ་བུའི ་ཆ་དང་། མཐུན་པ་རྣམསོ།། རྣམ་པར་ཤེས་པའི་ཕུང་པོ་ནི། རྣམ་པར་ཤེས་པ་བརྒྱད་དེ། མིག་གི་རྣམ་པར་ཤེས་པ་དང་། རྣ་བའི་རྣམ་པར་ཤེས་པ་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་ཀྱི་རྣམ་པར ་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་དང་། ཀུན་གཞི་རྣམ་པར་ཤེས་པའོ།། ཡིད་ཀྱི་རྣམ་པར་ཤེས་པའི་དབང་བ་ནི་རྣམ་པར་ཤེས་པ་དྲུག་པོ་འགགས་མ་ཐག་པའོ།། ཡུལ་ནི་བརྒྱད། ་ཚེཚོར་བྷ་དང་། དུ་ཤྲཱིས་དང་།། 2དུ་བྱེད་དང་། རྣམ་པར་རིག་བྱེད་ཡིན་པ་དང་། འདུས་མ་བྱས་ན་མཁའ་དང་། སོ་སོ་བརྟགས་པ་མ་ཡིན་པའི་འགོག་པ་དང་། སྔོ་སོར་བརྟགས་པའི་འགོག་པ་དང་། དེ་བཞིན་ཉིད།། ཉོན་མོངས་པ ་ཅན་གྱིས་ཡིད་ཀྱི་འཁོར་བཞི་ནི། བདོག་ཏུ་ལྟེ་བ་དང་། བདག་ཏུ་ང་རྒྱལ་བ་དང་། བདག་ཏུ་ཚོགས་པའོ།། ཀུན་བཞི་རྣམ་པར་ཤེས་པ་ནི། ས་བོན་ཐམས་ཅད་ཀྱི་གཞི་ཉིད་དང་། ལུས་ཀྱི་ཀུན་གཞི་དང་། རྒྱུ་ཉིད་དང་། ལུས་ལ་གན ་པ་ཉིད་དང་། དམིགས་པ་དང་། རྣམ་པ་ཡོངསུ་མ་ཆད་པ་དང་། རིས་གཅིག་པ་དང་རྒྱུན་ཆགས་པར་འཇུག་པའོ།། སྐྱེ་མཆེད་བཅུ་གཉིས་ནི། མིག་གི་སྐྱེ་མཆེད་དང་། རྣ་བའི། སྣའི། ལྕེཥྚི་ལུས་ཀྱི་ཡིད ་གཟུགས་ཀྱི། སྐུའི་དྲིའི་རོའི། རེག་བྱའི། ཆོས་ཀྱི་སྐྱེ་མཆེད་།། ཁམས་བཅོ་བརྒྱད་ནི་མིག་གི་ཁམས་ང་། གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་དང་། རྣ་བ་སྣ་ལྕེ་ལུས་ཡིད། རྣམ་པར་ཤེས་པའི ་ཁམསོ།། རྟེན་ཅིང་འབྲེལ་པར་འབྱུང་བ་ནི། ཕྱི་རྒྱུན་ཅིང་འབྲེལ་པར་འབྱུང་བའོ།། ནང་རྟེན་ཅིང་འབྲལ་པར་འབྱུང་བའོ།། ཕྱིའི་རྟེན་ཅིང་འབྲེལ་པར་འབྱུང་བ་ནི། ས་བོན་ལས་ནི་མྱུ་གུ། མྱུ་གུ་ལས་མདབ་མ། མདབ་མ་ལས ་སྡོང་བུ། སྡོང་བུ་ལས་སྦུ་གུ། སྦུ་གུ་ལས་སྙིང་པོ། སྙིང་པོ་ལས་མེ་ཏོག། མེ་ཏོག་ལས་འབྲས་བུའོ།། རྐྱེན་དྲུག་སྟེ། ས་དང་ཆུ་དང་། མེ་དང་རླུང་དང་། ན་མཁའ་དང་དུས་ཀྱི་ཁམས་རྣམསོ།། ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་ནི ་འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱི་འདུ་བྱེད། འདུ་བྱེད་གྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་ཀྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག། སྐྱེ་མཚད་དྲུག་གི་རྐྱེན་གྱིས་རེག ་པ་རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པར་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤ་དང་། མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག ་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་སྟེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པོ་འདི་དག་འབྱུང་བར་འགྱུར་རོ།། དེ་ལ་མ་རིག་པ་འགག་པས་འདུ་བྱེད་འགག་འདུ་བྱེད་འགགས་པས་རྣམ་པར ་པ་འགག། རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འག་གི་མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག། སྐྱེ་མཆེད་དྲུག་འགག་པ་རེག་པ་འགག། རེག་པ་འགག་པས་ཚོར་བ་འགག། ཚོར་བ་འགགས ་པས་སྲེད་པ་འགག། སྲེད་པ་འགགས་པས་ལེན་པ་འགག། ལེན་པ་འགགས་པས། སྲིད་པ་འགག་སྲིད་པ་འགགས་པས་སྐྱེ་བ་འགགོ།། སྐྱེ་བ་འགེགས་པས་རྒ་ཤི་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ ་བ་དང་ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འགག་པར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་འདི་དག་འགག་པར་འགྱུ་།། རྐྱེན་ནི་ཁམས་དྲུག་སྟེ། ས་དང་། ཆུ་དང་། མི་དང་། རླུང་དང་། ན་མཁའ་དང་། རྣམ་པར ་ཤེས་པའི་ཁམ་སོ།། དེ་དག་ཀྱང་རྣམ་པ་ལྟར་བལྟ་སྟེ། རྟག་པར་མ་ཡིན་པ་དང་། ཆེད་པར་མ་ཡིན་པ་དང་། འཕོ་བར་མ་ཡིན་པ་དང་། རྒྱུ་རྒྱུད་པ་ལས་འབྲས་བུ་ཆེན་པོར་འབྱུང་བ་དང་། དེ་དང་འདྲ་བའི་རྒྱུ་དེ།། རྒྱུ་དྲུག་ནི ་བྱེད་པའི་རྒྱུ་དང་། ལྷན་ཅིག་འབྱུང་བའི་རྒྱུ་དང་། སྐལ་བ་མཉམ་པའི་རྒྱུད། མ་ཚུངས་པར་ལྡན་པའི་རྒྱུ་དང་། ཀུན་ཏུ་འགྲོ་བའི་རྒྱུ་དང་། རྣམ་པར་སྨིན་པའི་རྒྱུའོ།། རྐྱེན་བཞི་ནི་དམིགས་པའི་རྐྱེན་དང་། བདན ་རྐྱེན་དང་། དེ་མ་ཐག་པའི་རྐྱེན་དང་། རྒྱུའི་རྐྱེན་ནོ།། འབྲས་བུ་ལྔ་ནི། རྣམ་པར་སྨིན་པའི་འབྲས་བུ་དང་། རྒྱུ་མཐུན་པའི་འབྲས་བུ་དང་། བྲལ་བའི་འབྲས་བུ་དང་། སྐྱེས་བུ་བྱེད་པའི་འབྲས་བུ་དང་། བདག ་པོའི་འབྲསྣ་བུ་དང་། བདེན་པ་གཉིས་ནི། ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པའོ།། ཀུ་ནི་རྫོབ་ཀྱི་བདེན་པ་ལ་ཡང་གཉིས་ཏེ། ཡང་དག་པའི་ཀུན་རྫོཔ་དང་། ཡང་དག་པ་མ་ཡིན་པའི་ཀུན་རྫོབ། མཚན་ཉིད ་གསུམ་ནི་ཀུན་བརྟགས་དང་། གཞན་དབང་དང་། ཡོངསུ་གྲུབ་པའོ།། ཆོས་ལྔ་ནི་མིང་དང་། རྒྱུ་མཚན་དང་། རྣམ་པར་རྟོག་པ་དང་། ཡང་དག་པའི་ཡེ་ཤེས་ཀྱི་དེ་བཞིན་ཉིད།། བདག་མེད་པ་གཉིས་ནི། ཆོས་ལ་བདག་མེད་པ ་དང་གང་ཟག་ལ་བདག་མེད་པའོ།། ཐེག་པ་གསུམ་ནི། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོའོ།། དཀོན་མཆོག་གསུམ་པོ་ནི། སངས་རྒྱས་དཀོན་མཆོག་དང་། ཆོས་དཀོན་མཆོག་དང་། ་དགེ་འདུན་དཀོན་མཆོགོ།། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནི། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་དོ།། དྲན་པ་ཉེ་བར་གཞག་པ་བཞི་ནི། ལུས་དྲན་པ་ཉེ་བར་གཞག་པ་དང་། ཚོར་བ་དྲིན་པོ་ཉེ་བར་གཞག་པ་དང་། སེམས་དྲན་པ་ཉེ་བར་གཞག་པ་དང་། ཆོས ་དྲན་པ་ཉེ་བར་གཞག་པ་དང་བཞིའོ།། ཡང་དག་པར་སྤོང་བ་བཞི་ནི། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་བྱ་ཁྱིམ་དུན་པ་སྐྱེད་པ་དང་། སྡིག་པ་མེད་ནམམ་སྣརུས་ནམ་སུང་བའི་ཕྱིར་དུན་པ་སྐྱེད་པ་དང་། རྗེཚལ་མསྐྱེས་ལནསུ་བྱུད་བ་ཕྱིར་འདུན ་པ་བསྐྱེད་པ་དང་། དགེ་བའི་ཆོས་སྐྱེས་པ་རྣམས་གནས་པར་བྱ་བ་དང་། ཕྱིར་བཞིན་འབྱུང་བ་དང་།། ཉམས་པར་མི་འ་གྱུར་པ་དང་། ཡོངསུ་རྫོགས་པར་བྱ་བའི་ཕྱིར། འདུན་པ་བསྐྱེད་པ་དང་བཞིའོ།། རྫུ་འཕྲུལ་གྱི་རྐང་པ་བཞི ་ནི། འདུན་པའི་ཏིང་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། སེམས་ཀྱི་ཏིང་འཛིན་སྤོང་བའི་འདུ་བྱེད་དང་། ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། སྤྱོད་པའི་ཏིང་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི ་རྫུ་འཕྲུལ་གྱི་རྐང་པའོ།། དབང་པོ་ལྔ་ནི་དྲུང་པོའི་དབང་པོ་དང་། བཎྜིན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོའོ།། སྟོབསོ་ལྔ་ནི། དད་པའི་སྟོབས་དྲུང་། བརྩོན་འགྲུས་ཀྱི་སྟོབས ་དང་དྲན་པའི་སྟོབས་དང་། ཏི་ངེ་འཛིན་གྱི་སྟོབས་དང་། ཤེས་རབ་ཀྱི་སྟོབ་སོ།། བྱང་ཆུབ་ཀྱི་ཡན་ལག་བདུ་ནི། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བརྩོན ་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བཏང་སྙོམས་ཡང ་དག་བྱང་ཆུབ་ཀྱི་ཡན་ལ་གོ།། འཕགས་པའི་ལམ་ཡན་ལག་བརྒྱ་ནི། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྙོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི ་འཚེ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་འཛིན་ཏོ།། ལམ་ལྔ་ནི། ཚོགས་ཀྱི་ལམ་དང་། སྦྱོར་བའི་ལམ་དང་། མཐོང་བའི་ལམ་དང་། སྒོམ་པའི་ལམ་དང་། མཐར་ཕྱིན་པའི་ལ་མོ།། ་ཚོགས་ཀྱི་ལམ་ལྔ་ནི། སོ་སོ་སྐྱེ་བོའི་ཚུལ་ཁྲིམས་དང་། དབང་པོའི་སྒོ་བསྡམ་པ་དང་། ཟས་ཀྱི་ཚོང་ཤེས་པ་དང་། ནམ་གྱི་ཆ་སྟོང་ཚེ་སྨང་ལ་མི་ཉལ་བར་རྣལ་འབྱོར་ལ་བརྩོན་པ་དང་། ཤེས་བཞིན་དུ་གནས་པ་ལ་མངོན ་པར་དགའ་བའོ།། སྦྱོར་བའི་ལོ་མ་ནི། མོས་པ་སྤྱོད་པའི་ས་གཞི་སྟེ། སྣང་བ་ཐོབ་པའི་ཏིངེ་འཛིན་དང་། སྣང་བ་མཆེད་པའི་ཏིང་འཛིན་དང་། དེ་ཁོ་ན་དོན་ཚི་གཱི་ཕྱོགས་གཅིག་ཏུ་ཞུགས་པའི་ཏིངེ་འཛིན་དང་། དེ་མཱ་ཐག་པ ་སེམས་ཀྱི་ཏིང་འཛིན་ཏོ།། མཐོང་བའི་ལམ་ནི་བྱང་ཆུབ་སེམས་དཔའི་སི་དང་པོའོ།། སྒོམ་པའི་ལམ་ནི། ས་གཉིས་པ་ནས་ས་བཅུ་པའི་བར་དུའོ།། མཐར་ཕྱིན་པའི་ལམ་ནི་སངས་རྒྱས་ཀྱི་སའོ།། ཕ་རོལ་ཏུ་ཕྱིན་པ་བཅུ ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པ་དང་། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། བྱང་ཆུབ་སེམས་དཔའི་ས་བཅུ་ནི། རབ་ཏུ་དགའ་བ་དང་། དྲི་མ ་མེད་པ་དང་། འོད་བྱེད་པ་དང་། འོའི་འཕྲོ་བ་དང་། ཤིན་ཏུ་སྦྱངས་དཀའ་བ་དང་། མངོན་དུ་གྱུར་པ་དང་། རིང་དུ་སོང་པ་དང་། མི་གཡོ་བ་དང་། ལེགས་པའི་བློ་གྲོས་དང་། ཆོས་ཀྱི་སྦྱི་ནོ།། སངས་རྒྱས་ཀྱི་ས་ནི་ཀུན་ཏུ་འོ་།། སངས ་རྒྱུས་ཀྱི་ཤེས་བཞི་ནི་མི་ལྟུང་ལྟ་འི་ཡེ་ཤེས་པམཉམ་པ་ཉིད་ཀྱི་ཡེ་ཤེས་དང་། སེཾ་སོར་རྟོག་པའི་ཡེ་ཤེས་དང་། བྱཱ་བ་ནན་ཏན་གྱི་ཡེ་ཤེས།། སངས་རྒྱས་ཀྱི་སྒོ་གསུམ་ནི། ཚྭསྟྭ~ཾ་ཀྱི་སྐུ་དང་། མཛེས་སྤྱོད ་པོའི་སྒྲ་དང་། སྦལ་པའི་སྒྲའོ།། དེ་བཞིན་གཤེགས་པའི་ས་མོ་ཡང་དག་པར་རིག་པ་བཞི་ནི། ཆོས་སོ་སོ་ཡང་དག་པར་རིག་པ་དང་། དོན་སོ་སོ་ཡང་དག་པར་རིག་པ་དང་། ངེས་པའི་ཚིག་མ་སོ་ཡང་དག་པར་རྙོགཔ ་དང་། སྟོབས་པ་སོ་སོ་ཡང་དག་པར་རིག་པའོ།། དེ་བཞིན་གཤེགས་པའི་མི་འཇིག་པ་བཞི་ནི། ཆོས་ཐམས་ཅད་མངོན་པར་རྫོགས་པས་བྱང་ཆུབ་པ་ལ་མི་འཇིགས་པ་དང་། ཟག་པ་ཐམས་ཅད་ཟད་པར་མཁྱེན ་པ་ལ་མི་འཇིགས་པ་དང་། བར་དུ་གཅོད་པའི་ཆོས་རྣམས་གཞན་དུ་མི་འགྱུར་བར་ངེས་པར་ལུང་བསྟན་པ་ལ་འཇིགས་པ་དང་། ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པར་འགྱུར་བ་ལ་ངེས་པར་འབྱུང་བའི་ལམ་དེ ་བཞིན་ཉིད་དུ་གྱུར་པ་ལ་མི་འཇིགས་པའོ།། དེ་བཞིན་གཤེགས་པའི་མངོན་པར་ཤེས་པའི་དྲུག་ནི། ལྷའི་མིག་དང་། ལྷའི་རྣ་བ་དང་། སེམས་ཀྱི་རྣམ་གྲངས་ཤེས་པ་དང་། ལུས་ཀྱི་རྫུ་འཕྲུལ་ཤེས་པ་དང་། སྔོན ་གྱི་གནས་རྗེསུ་དྲན་པ་དང་། ཟག་པ་ཟུད་པ་ཤེས་པའོ།། དེ་བཞིན་གཤེགས་པའི་སྟོབས་བཅུ་ནི། གནས་པ་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་། ལས་ཀྱི་རྣམ་པར་སྨིན་པའི་མཁྱེན་པའི་སྟོབས་དང་། མོས་པ་སྣ་ཚོགས ་མཁྱེན་པའི་སྟོབས་དང་། ཁམས་སྣ་ཚོགས་མཁྱེན་པའི་སྟོབཔ་དང་། དབང་པོ་མཆོག་དང་མ་ཚིག་མ་ཡིན་པ་མཁྱེན་པའི་སྟོབས་དང་། ཐ་མྦ་རྦུ་ཏུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང་། བཽས་མ་གཏན་དང་རྣམ་པར་ཐར་པ་དང ་ཏིང་ངེ་འཛིན་དང་། སྙོམས་པརའཇུག་པ་བཞི་དང་། ཀུ་ན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། ལྡན་པ་ཐམས་ཅད་མཁྱེན་པའི་སྐབས་དང་། སྔོན་གྱི་གནས་རྗེསུ་དྲན་པ་མཁྱེན་པའི་སྟོབས་དང་། འཆི་འཕོ་བ་དང་། ་སྐྱེ་བ་མཁྱེན་པའི་སྟོབས་དང་། ཟག་པ་ཐམས་ཅད་ཟད་པར་མཁྱེན་པའི་སྟོབ་སོ།། དབང་བཅུ་ནི་ཚེ་ལ་དེ་བ་དང་། ཡོ་བྱད་ལ་དབང་བ་དང་། སེམས་ལ་དབང་བ་དང་། ལས་ལ་དབང་པོ་དང་། སྐྱེ་བ་ལ་དབང་བ་དང་། མོ་སྟོ་པ ་ཡེ་དབང་བ་དང་། སྨོན་ལམ་ལ་དབང་བ་དང་། རྫུ་འཕྲུལ་དཔོང་བད་ལ་ཡེང་བ་དང་། ཡེ་ཤེས་ལ་དབང་ང་དངོ་།། དེ་ལ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་མི་དེ་བཞིན་ག་ཤེགས་པ་ལ་འཁྲུལ་པ་མི ་མངའ་བ་དང་། ཅ་ཅོ་མི་མངའ་བ་དང་། བསྙེལ་བ་མེད་པ་དང་། སེམས་མཉམ་པར་མ་བཞག་པ་མེད་པ་དང་། ཐ་དད་པའི་འདུ་ཤེས་མེད་པ་དང་། སོ་སོར་མུ་བརྟགས་པའི་བཏང་སྙོམས་མེད་པ་དང་། འདུན་པ་ཉམས་པ ་མེད་པ་དང་། ཤེས་རབ་ཉམས་པ་མེད་པ་དང་། རྣམ་པར་གྲོལ་བ་ཉམས་པ་མེད་པ་དང་། ལུས་ཀྱི་ལས་ཐམས་ཅད་ཡེ་ཤེས་ཀྱི་སྔོན་དུ་འགྲོ་ཞིང་། ཡེ་ཤེས་ཀྱི་རྗེསུ་འབྲང་བ་དང་། ངག་གི་ལས་ཐམས་ཅད་ཡེ་ཤེས་ཀྱི་སྔོན་དུ ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེ་སུ་འབྲང་བ་དང་། ཡིད་ཀྱི་ལས་ཐམས་ཅད་ཡེ་ཤེས་ཀྱི་སྟོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེ་སུ་འབྲང་བ་དང་། མ་འོངས་པའི་དུས་ལ་མ་ཚིགས་མྱ་ཐོགས་པའི་ཡེ་ཤེས་མཐོང་བ་ལ་འཇུག་པ་དང་། ་འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་ལ་འཇུག་པ་དང་། ད་ལྟར་བཞུགས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བཱ་ལ་འཇུག་པའོ།། སྡེ་སྣོད་གསུམ་ནི། མདོ་སྡེའི་སྡེ་སྣོད་དང་། འདུལ་བའི ་སྡེ་སྣོད་དང་། ཆོས་མངོན་པའི་སྡེ་སྣོད་དོ།། གསུང་རབ་ཡན་ལག་བཅུ་གཉིས་ནི། མདོའི་སྡེ་དང་། དབྱངས་ཀྱི་བསྙད་པའི་སྡེ་དང་། ལུང་དུ་བསྟན་པའི་སྡེ་དང་། ཚིག་སུ་བཅད་པའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དང་། གླིང་གཞིའི་སྡེ་དང་། ་རྟརྟོགས་པ་རྗོད་པའི་སྡེ་དང་། དེ་ལྟ་བུར་བྱུང་བའི་སྡེ་དང་། སྐྱེས་པའི་རབས་ཀྱི་སྡེ་དང་། ཤིན་ཏུ་རྒྱས་པའི་སྡེ་དང་། སྨད་དུ་བྱུང་བའི་སྡེ་དང་། གཏན་ལེ་ཕབ་པའི་སྡེའོ།། དགོངས་པ་བཞི་ནི། མཉམ་པ་ཉིད་ལེ་དགོངས་པ་དང་། དུས ་གཞན་ལ་དགོངས་པ་དང་། དོན་གཞན་ལ་དགོངས་པ་དང་། གང་ཟག་གི་བསམ་པཱ་ལ་དགོངས་པའོ།། སྦོམ་པོར་དགོངས་པ་བཞི་ནི། གཞུག་པ་ལ་ལྡེམ་པོར་དགེངས་པ་དང་། མཚན་ཉིད་ལ་ལྡེམ་པོར་དགོངས ་པ་དང་། གཉེན་པོ་ལ་ལྡེམ་པོར་དགོངས་པ་དང་། བསྒྱུར་བ་ལ་ལྡེམ་པོ་ར་དགྲོངས་པའོ།། བདེན་པ་བཞི་ནི། སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་མོ་སྡུག་བསྔལ་གྱི་བདེན་པ་ལ་བཞི་སྟེ། མི་རྟག་པ་དང་། ་སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པའིའོ།། ཀུན་འབྱུང་གི་བདེན་པ་ལ་ཡང་རྣམ་པ་བཞི་སྟེ། ཀུན་འབྱུང་བ་དང་། རྒྱུ་དང་། རྐྱེན་དང་། རབ་ཏུ་འབྱེད་པའོ།། འགོག་པའི་བདེན་པ་ལ་ཡང་རྣམ་པ་བཞི་སྟེ། འགོག་པ ་དྭདྲུ་ཞི་བ་དང་། གྱ་ནོམ་པ་དང་། ངེས་པར་འབྱུང་བའོ།། ལམ་ལ་ཡང་བཞི་སྟེ། ལམ་དང་། རིགས་པ་དང་། སྒྲུབ་པ་དང་། ངེས་པར་འབྱིན་པའོ།། ཉན་ཐོས་ཀྱི་ཚིགས་ལམ་ལྔ་སྟེ། སོ་སོ་སྐྱེ་བོའི་ཚུལ་ཁྲིམས་དང་། དབང་པོའི ་སྒོ་བསྡམ་པ་དང་། ཟས་ཀྱི་ཚེ་དེ་ཤེས་པ་དང་། ནམ་གྱི་ཆ་སྟོང་ཆ་སྨད་ལ་མི་ཉལ་བར་རྣལ་འབྱོར་ལ་བརྩོན་པ་དང་། ཤེས་བཞིན་དུ་གནས་པར་མངོན་པར་དགའ་བའོ།། སྦྱོར་བའི་ལམ་ནོ་ངེས་པར་འབྱེད་པའི་ཆ་བཞི་སྟེ། ་དྲོད་དང་། རྩེ་མོ་དང་། བཟོད་པ་དང་། འཇིག་རྟེན་ཆོས་ཀྱི་མཆོག། མཐོང་བའི་ལམ་ནི་སེམས་ཀྱི་སྐད་ཅིག་མ་བཅུ་དྲུག། བསྒོམས་པའི་ལམ་ནི། ལམ་ཆུང་ངུ་དང་། ལམ་འབྲིང་པོ་དང་། ལམ་ཆེན་པོ་དང་། སྦྱོར་བའི་ལམ་དང་། བར ་ཚད་མེད་པའི་ལམ་དང་། རྣམ་པར་གྲོལ་བའི་ལམ་དང་། ཁྱད་པར་གྱི་ལ་མོ།། ལམ་ཆུང་ངུ་ལ་ཡང་རྣམ་པ་རུ་གསུམ་སྟེ། ཆུང་ངུའི་ཆུང་ངུ་དང་། ཆུང་ངུའི་འབྲིང་དང་། ཆུང་ངུའི་ཆེན་པོའོ།། ལམྲ་འབྲིང་པོ་ལ་ཡང་གསུམ་སྟེ། ་ཚེ་འབྲིང་ཆུང་གསུམ།། ལམ་ཆེན་པོ་ལ་ཡང་གསུམ་སྟེ། ཚེ་འབྲིང་ཆུང་གས་མོ།། མཐར་ཕྱིན་པའི་ལམ་མི་མི་སློབ་པའོ།། ཉན་ཐོས་ཀྱི་ཤེས་པ་བཅུ་དྲུག་ནི། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ ་ཆོས་ཤེས་པ་དང་། སྡུག་བསྔལ་ལ་རྗེ་སུ་རྟོགས་པར་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་རྗེ་སུ་རྟོགས་པར་ཤེས་པའོ།། ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་དང་། ཀུན་འབྱུང་ལ་ཆོས་ཤེས་པ་དང་། ཀུན ་འབྱུང་ལ་རྗེ་སུ་རྟོགས་པར་ཤེས་པའི་བཟོད་པ་དང་། ཀུན་འབྱུང་ལ་རྗེ་སུ་རྟོགས་པར་ཤེས་པའོ།། འགག་པ་ལ་ཆོས་ཤེས་པའི་བཟོད་པ་དང་། འགོག་པ་ལ་ཆོས་ཤེས་པ་དང་། འགོག་པ་ལ་ཆོས་རྗེས་རྟོགས་པར་ཤེས ་པའི་བཟོད་པ་དང་། འགོག་པ་ལ་རྗེ་སུ་རྟོགས་པར་ཤེས་པའོ།། ལམ་ལ་ཆོས་ཤེས་པའི་བཟོད་པ་དང་། ལམ་ལ་ཆོས་ཤེས་པ་དང་། ལམ་ལ་རྗེསུ་རྟོགས་པར་ཤེས་པའི་བཟོད་པ་དང་། ལམ་ལ་རྗེ་སུ་རྟོགས་པར ་པ་ཉན་ཐོས་ཀྱི་རྣམ་པར་བྲལ་བའི་ལམ་ནི་བརྒྱ་དེ། འཇུག་པ་བཞི་དང་། འབྲས་བུ་ལ་གནས་པ་བཞིའོ།། འཇུག་པ་བཞི་ནི། འབྲས་བུ་ལ། རྒྱུན་ཏུ་ཞུགས་པ་དང་། འཇུག་པ་དང་། ལན་ཅིག་ཕྱིར་འོང་བ་ལ་འཇུག་པ་དང་།། ་ཕྱིར་མི་འོང་བ་ལ་འཇུག་པའི་དང་། དགྲ་བཅོམ་པ་ལ་འཇུག་པའོ།། འབྲས་བུ་ལ་ནི། གནས་པ་བཞི་ནི། རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པའོ།། རྒྱུན་ཏུ ་ཞུགས་པ་ནི་གཉིས་ཏེ། རིམ་གྱིས་པ་དང་། ཅིག་ཆར་ངེས་པ་འབྱིན་པའོ།། རིམ་གྱིས་པ་ནི། ཇི་སྐད་བསྟན་པ་ཡིནོ།། ཅི་ག་ཙ་རེ་ངེས་པར་འབྱུང་བ་ནི། གོང་བདེན་པ་རྣམས་མངོན་པར་རྟོགས་པར་བྱས་ནས། མི ་ལྕོགས་པ་མེད་པ་ལ་བརྟེན་ཏེ། འཇིག་རྟེན་ལས་འདས་པའི་ལམ་གྱི་ཁམས་གསུམ་ན་སྤྱོད་པའི། ཉོན་མོང་པ་ཅིག་ཅར་སྤོང་སྟེ། འདི་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་། དགྲ་བཅོམ་པའི་འབྲས་བུ་ཉིད་ལ་གནསོ།། ། ་རང་སྔངས་རྒྱས་ནི་གཉིས་ཏེ། བསེ་རུ་ལྟར་གཅིག་ཏུ་གནས་པ་དང་། ཚོགས་དང་སྤྱོད་པའོ།། དེ་ནི་ཉན་ཐོས་སྡེ་སྣོད་ལ་དམིགས་ནས། ཆོས་ཀྱི་རྗེ་སུ་མཐུན་པའི་ཆོས་གྲུབ་པས། སངས་རྒྱས་འབྱུང་བ་མེད་པའི་ཇིག ་རྟེན་གྱི་ཁམས་སུ་སྡུག་བསྔལ་མཐར་འབྱིན་པའོ།། འཇིག་རྟེན་གྱི་ལམ་ནི་བརྒྱད་དེ། བསམ་གཏན་བཞི་དང་། སྙོམས་པར་འཇུག་པ་བཞིའོ།། བསམ་གཏན་བཞི་ནི་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པའོ།། ་སྡོམ་པར་འཇུག་པ་བཞི་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མང་། འདུ་ཤེས་མེད་མིན་སྐྱེ་མཆེདདོ།། བསམ་གཏན་དང་པོ་ལ ་ཡན་ལག་ལྔ་སྟེ། རྟོག་པ་དང་། དཔྱོད་པ་དང་། དགའ་བ་དང་། བདེ་བ་དང་། སེམས་རྩ་གཅིག་པ་ཉིད།། བསམ་གཏན་གཉིས་པ་ལ་ཡན་ལག་བཞི་སྟེ། ནང་རབ་ཏུ་དང་བ་དང་། དགའ་བ་དང་། བདེ་བ་དང་། སེམས་རྩེ་གཅིག་པ་ཉིད་དོ།། ་གསུམ་པ་ལ་ཡན་ལག་ལྔ་སྟེ། བཏང་སྙོམས་དང་། དྲན་པ་དང་། ཤེས་བཞིན་དང་། བདེ་བ་དང་། སེམས་རྩེ་གཅིག་པ་ཉྩི་།། བསམ་གདན་བཞི་པ་ལ་ཡན་ལག་བཞི་སྟེ། བཏཱང་སེམས་ཡོང་སུ་དག་པ་དང་། དྲན་པ་ཡང་སུ་དག་པ ་དང་སྡུག་བསྔལ་བ་ཡང་མེ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བ་དང་། སེམས་རྩེ་གཅིག་པ་ཉིད།། ཡང་གཉེན་པོའི་ཡན་ལག་དང་། ཕན་ཡོན་གྱི་ཡན་ལག་དང་། དེ་གཉི་གའི་གནས་ཀྱི་རང་བཞིན་གྱི་ཡན་ལག།། རྣམ་པར ་ཐར་པ་བརྒྱད་ནི། གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་དང་། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་དང་། སྡུག་པའི་རྣམ་པ་མངོན་དུ་བྱས་ནས་གནས་པ་དང་། ན་མཁའ་མཐའ་ཡས ་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེས་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དང་། འདུ་ཤེས་དང་། ཚོར་བ་དང་། འགོག་པ་མངོན་དུ་བྱས་ནས་གནས་པའོ།། ་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱང་ནི་དཀར་པོ་དང་། དམར་པོ་དང་། སེར་པོ་དང་། སྔོན་པོ་དང་། སྡུག་པ་དང་། མི་སྡུག་པ་དང་། བཟང་པོ་དང་། ངན་པའོ།། མཐར་གྱིས་གནས་པའི་སྙོམས་པར་འཇོག་པ་དགུ་ནི། མི་རྟོག་པ ་དང་། དགའ་བ་དང་། བདེ་བ་དང་། བཏང་སྙོམས་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ ་མཆེད་དང་། འགོག་པའི་སྙོམས་པར་འཇུག་པའོ།། ཟད་པར་གྱི་སྐྱེ་མཆེད་བཱརྦྷ་ནི། ཟད་པར་དཀར་བའི་སྐྱེ་མཆེ་དང་། ཟད་པར་དམར་པོའི་སྐྱེ་མཆེད་དང་། ཟད་པརོ་སེར་པོའི་སྐྱེ་མཆེད་དང་། ཟད་པར་སྔོན་པོའི་སྐྱེ་མཆེད ་དང་། ཟང་པར་སའི་སྐྱེ་མཆེད་དང་། ཟད་པར་ཆུའི་སྐྱེ་མཆེད་དང་། ཟད་པར་མོའི་སྐྱེ་མཆེད་དང་། ཟད་པ་རོ་རླུང་གི་སྐྱེ་མཆེད་དང་། ཟད་པར་ན་མཁའི་སྐྱེ་མཆེད་དང་། ཟད་པར་རྣམ་པར་ཤེས་པའི་སྐྱེ་མཆེད་དོ།། སེམས ་ཅན་གྱི་ཁམས་ག་སུམ་ནི། འདོང་ཁམས། གཟུགས་ཁམས། གཟུགས་མེད་པའོ།། འདོད་པའི་ཁམས་ན་སེམས་ཅན་གྱི་རིས་ཉི་ཤུ་གནས་ཏེ། ཚ་བའི་དམྱལ་བ་བརྒྱད་དང་། གྲང་བའི་དམྱལ་བ་བརྒྱ་དོ།། ཉི་ཚེ་བའི་སེམས ་ཅན་དམྱལྟ་བ་ནི། གཅིག་གམྦྷ་གཉིས་མང་པོ་རང་རང་གི་རྒྱུ་ལས་གྲུབ་པའོ།། དུད་འགྲོ་ནི་ཆུ་དང་ཐང་དང་ན་མཁའི་སྤྱོད་ཡུལ།། ཡི་དགས་རྣམ་ནི་ཆོས་ཀྱི་རྒྱལ་པོ་ཤིན་རྗེའི་པོ་པྲང་ནཱའོ།། མིའི་གླིང་བཞི་ནི། བ་ལང་སྤྱོད་སྒྲ་མཱི་སྟན་ལུས ་འཕག་པོ་འཛམྦུ་གླིང་། ལྷའི་རིས་དྲུག་ནི། རྒྱལ་ཆེན་རིས་བཞི་དང་། སུམ་ཅུ་རྩ་གསུམ་དང་། འཐབ་བྲལ་དང་། དགའ་ལྡན་དང་འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དེ།། གཟུགས་ཁམས་བཅུ་པ་དུ་ན་ནི། ཚངས ་པ་དང་། ཚངས་ཆེན་དང་། ཚངས་པ་མདུན་ན་འདོནོ།། བསམ་གཏན་གཉིས་པ་ལ། འོད་ཆུང་དང་། འོད་གསལ། ཚད་མེད་འོད་དོ།། བསམ་གཏན་གསུམ་པ་ལ་ནི། དགེ་ཆུང་དང་། དག་རྒྱུས་དང་། ཚད་མེད་དགེའོ།། བཞི་པ ་ལསྦྱིན་མེད་དང་། བསོད་ནམས་སྐྱེས་དང་། འབྲས་བུ་ཆེའོ།། གནས་གཙང་མའི་ལྷ་ལྔ་ནི། མི་ཚ་བ་དང་། མི་གདུང་བ་དང་། ཀྱེ་ནོམ་སྣང་བ་དང་། ཤིན་ཏུ་མཐོང་བ་དང་། འོག་མིན་རྣམ་སོ།། གཟུགས་མེད་པའི་ལྷ་རཱིས ་ཤཱནན། ན་མཁ་མཐར་མྦྷི་སྟྭ~ཾ་རྒྷ་ན་ཉྩ་བྱེར་འགྲོ་བ་དང་། རྣམ་ཤེས་མཧཱ་རཱི་སྐྱེས་སྒྲ་མརྒྱུད་དེ་ཉེ་བར་འཾགྷྲྀ་བིདྨཱ། ཀྱི་ཡང་མེང་པའི་སྒྲ་མཆོང་དུ་ཉེ་བར་འགྲོ་བ་དང་། འདྲི་ཤེས་མིང་དྲ་ཤེས་མེང་མིན ་ཀྱི་སྐྱེ་མཆེད་དུ་ཉེ་བར་འགྲོ་བའོ།། ཆོས་ཀྱི་རྣམ་གྲངས་ཆུང་ངུ་ཨཱི་ཙརྱ་དཔལ་བརྩེག་ས་ཀྱིས་མཛད་པ་རྫོགས་སྷོ།། ་