| Wylie | e-texts produced with BDRC’s OCR application |
སངས་རྒྱས་གཅོལ་ཕྱག་འཚལ་ལོ།། སྐྱོབ་པའི་ཆོས་ལ་ཕྱག་འཚལ་ལོ།། དགེ་འདུན་ཚལ་ཕྱག་འཚལ་ལོ།། གསུས་ལ་རྟག་ཏུ་དྲུག་འཚལ་ལོ།། སངས་རྒྱས་ལ་དོན་རྣམས་བྱ་ལྔས་བསྟན་ཏུ ་དེ་ཡང་གང་ཞེ་ན། རྒྱུ་ཕུན་སུམ་ཚོགས་པ་དང་། འབྲས་བུ་ཕུན་སུམ་ཚོགས་པོ་དང་། རང་བཞིན་ཕུན་སུམ་ཚོགས་པ་དང་། བདག་གི་དོན་ཕུན་སུམ་ཚོགས་པ་དང་།། གཞན་གྱི་དོན་ཕུན་སུམ་ཚོགས་པ་དང་། དེ ་ལྟར་དོན་རྣམ་པ་ལྕེས་བསྟན་ཏོ།། དེ་ལ་ཚོགས་ཆེན་གཉིས་རྫོགས་ཞེས་འབྱུང་བས་རྒྱུན་ཕུན་སུམ་ཚོགས་པ་བསྟན་ཏོ།། ཚོགས་ཆེན་གཉིས་རྫོགས་ནི་བསོད་ནམས་དང་ཡེ་ཤེས་ཀྱི་གཉིས་ཏེ། དེ་ཡང ་གང་ཞེ་ནི།། ཕ་རོལ་ཏུ་ཕྱིན་པ་དྲུག་ཚོགས་གཉིས་སུ་འདུས་ཏེ། དེ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་།། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བསམྱ་གཏན་གྱི་ཕྱི་རོལ ་ཏུ་ཕྱིན་པའི་ནང་ནས། བྱམས་པའི་ཏིང་ངེ་འཛིན་པ་སོགས་རྐྱེན་མེད་པ་བནྡྷ་ད་། ལྷའི་ཏིང་ངེ་འཛིན་ལ་སོགས་པཱ་མཚན་མོའི་ཏིང་ངེ་འཛིན་ཐམས་ཅད་དང་། བརྩོན་འགྲུས་ཀྱི་ཆུ་གཅིག་ནཱི་བསོད་ནམས་ཀྱི་ཆོག ་སུ་བིསྡུ། བསམ་གཏན་གྱི་ནང་ནས་རྣམ་པར་ཐར་པའི་སྒོ་གསུམ་ལ་སོགས་ཏེ། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཆ་ཅིག་ནི་ཡེ་ཤེས་ཀྱི་ཚོགསུ་བསྡུ་། ་དེ་ལྟར་ན་ཚོགས་ཆེན་པོ་གཉིས་རྫོགས་པས་ནཱི་རྒྱུ་ཕུན་སུམ་ཚོགས་པའོ།། མཁྱེན་བཞི་སྒྲ་གསུམ་གྲུབ་ཅེས་པས་ནི། འབྲུས་བྷ་ཕུན་སུམ་ཚོགས་པ་བསྟན་ཏེ། མཁྱེན་བཞི་ནི་ཡེ་ཤེས་བཞི་ལ་བྱ། དེ་གང་ཞེ་ན། མ ་ལོང་ལྟ་བུའི་ཡེ་ཤེས་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། སོ་སོར་རྟོག་པའི་ཡེ་ཤེས་དང་། བྱ་བ་གྲུབ་པའི་ཡེ་ཤེས་དང་བཞིའོ།། དེ་ཡང་དངོས་པོ་གང་ཞེ་ན། སོ་སོའི་སྐྱེ་བོའི་གནས་སྐབས་ན་རྣམ་པར་ཤེས་པའི་ཚོགས་བརྒྱད ་གནས་གྱུར་ན། ཡེ་ཤེས་བཞིར་འགྱུར་ཏེ། དེ་ལ་ཀུན་གཞི་རྣམ་པར་གལ་གནས་གྱུར་ན། མེ་ལོང་ལྟ་བུའི་ཡེ་ཤེས་སུ་འགྱུར་རོ།། ཉོན་མོངས་པ་ཅན་གྱི་འདེགས་གྱུར་ན། མཉམ་ཉིད་ཀྱི་ཡེ་ཤེས་སུ་འགྱུར་རོ།། སོ་སོའི་སྐྱེ་བོའིའོ་གནས ་སྐབས་ནཱི་ཡིད་ཀྱི་རྣམ་པར་ཤེས་པ་གནས་གྱུར་ན། སོ་སོར་རྟོག་པའི་ཡེ་ཤེས་སུ་འགྱུར་རོ།། སྐྲྀ་ལྔའི་རྣམ་པར་ཤེས་པ་གནས་གྱུར་པ་ནི། བྱ་བ་གྲུབ་པའི་ཡེ་ཤེས་སུ་འགྱུར་རོ།། ད་ལྟར་ན་ཡེ་ཤེས་བཞི་ནི་དེ་དག་གོ། སྐུ ་གསུམ་ནི་ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་དང་གསུམ་མོ།། དེ་རྣམས་ཀྱང་གང་ཞེ་ན། ཡེ་ཤེས་བཞི་དང་སྐུ་གསུམ་དང་སྦྱར་ན། མེ་ལོང་ལྟ་བུའི་ཡེ་ཤེས་ནི་ཆོས་ཀྱི་སྐུ་དང་སྦྱར་ཏེ། མཉམ་པ་ཉིད ་ཀྱི་ཡེ་ཤེས་དང་། སོ་སོར་རྟོག་པའི་ཡེ་ཤེས་གཉིས། ལོངས་སྤྱོད་རྫོགས་པའི་སྐུ་དང་སྦྱར་རོ།། བྱ་བ་གྲུབ་པའི་ཡེ་ཤེས་དང་། སྤྲུལ་པའི་སྐུར་སྦྱར་རོ།། དེ་ལྟར་སྐུ་གསུམ་དང་ཡེ་ཤེས་བཞི་པོ་འདི་དག་ནི། རྒྱུ་ཚོགས ་གཉིས་རྫོགས་པའི་འབྲས་བུ་ཡིན་པའི་ཕྱིར་རོ།། འབྲས་བུ་ཕུན་སུམ་ཚོགས་པ་ཞེས་བྱའོ།། རྣམ་རྟོག་མི་མངའ་ཅི་ཡང་ས་ལ་མཁྱེན། ཅེས་འབྱུང་བ་ནི་རང་བཞིན་ཕུན་སུམ་ཚོགས་པ་བསྟན་ཏེ། དེ་ལ་སངས་རྒྱས་བཅོམ་ལྡན ་འདས་ཐམས་ཅད་ཀྱི་རང་བཞིན་ནི། རྣམ་པོར་རྟོག་པ་ནི་རྡུལ་ཙམ་ཡང་མི་མངའ་ལ། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། འདུས་བྱས་དང་། འདུས་མ་བྱས་དང་། ཕྱི་སྣོད་ཀྱི་འཇིག་རྟེན་དང་། ནང་བཅུད་ཀྱི་འཇིག ་རྟེན་གྱི་ལྷ་སོགས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། ཆོས་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཇི་ལྟ་བ་བཞིན་དུ་མ་ནོར་བ་སྥོ་རུ་ར་ཕྱག་མཐིལ་དུ་བཞག་པ་བཞིན་དུ་སྣ་ལྕེར་མཁྱེན་པའི་ཕྱིར། རྣམ་རྟོག་མི ་མཱབ་ཅི་ཡང་སུ་ལཱ་ཁྱཱནྡ་ཅེས་བྱཱ་སྟྭཾ། དེ་ལྟ་བྷཱུའི་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་ཡིན་ནོ། རྒྱུས་སྨྲ་ན་མཁའ་འདྲ། གཟུགས་སྐུ་མཛེས་སུ་ལྗོན་ནས་འབྱུང་བས་ན། བདག་སག་གི་དོན་ཕུན་སུམཆོགས་པ་སྟོན་ཏེ། ་སངས་རྒྱས་ཀྱི་ཆོས་ཀྱི་སྒོ་ནི་གཟུགས་ཅན་མ་ཡིན་པ། རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ། སྤྲོས་པ་ཐམས་ཅད་ལྔས་འདས་པ་ཡང་དག་པ་ཇི་ལྟ་བུར་ཡང་དམིགས་སུ་མེད་པ་སྟེ། དཔེར་ན་ན་མཁའ་ཇི་ལྟ་བུར་ཡང ་དམིགསུ་མེད་པ་དང་འདྲ་བའི་ཕྱིར། ཆོས་སྐུ་ན་མཁའ་འདྲ་ཞེས་བྱའོ།། གཟུགས་སྐུ་ནི་གདུལ་བྱ་ས་སོ་ཀུན་གྱི་རྣམ་པར་རིག་པ་ཇི་ལྟར་མོས་ཤིང་དང་པ་བཞིན་དུ་མཛེས་པར་སྣང་བའི་ཕྱིར་གཟུགས་སྐུ་མཛེས་སྐུ་ལྡན་ཞེས་བྱ ་སྟེ། དེ་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པ་ཆེན་པོ་འོག་མིན་གྱི་གནས་ན། བྱང་ཆུབ་སེམས་དཔའ་ས་ཆེན་པོ་ལ་ཞུགས་པ་རྣམས་ཀྱི་དཀྱིལ་འཁོར་ན། མཚན་བཟང ་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་ཅིང་། ཆོས་ལ་ལོངས་སྤྱོད་པར་མཛད་པ་དང་། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལོ་བྱང་ཆུབ་སེམས་དཔའ་མོས་པས་སྤྱོད་པའི་ས་ལ་གནས་པ་རྣམས་དང་། འཕགས ་པ་ཉན་ཐོས་ལ་སོགས་པའི་འཁོར་དཀྱིལ་འཁོར་ན་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅེས་བརྒྱན་ཏེ། རབ་ཏུ་བྱུང་བའི་ཚུལ་དུ་བཞུགས་པ་དང་། གཞན་ཡང་འགྲོ་བའི་རིས་ལྔ་སོ་སོའི་ལུས་དང ་འཐུན་པར་མཛེས་པར་སྐུ་སྣ་ཚོགས་སུ་སྟོན་པའི་ཕྱིར། གཟུགས་སྐུ་མཛེས་སྐུར་ལྡན་ཞེས་བྱ་སྟེ། དེ་དག་ནི་བདག་གི་དོན་ཕུན་སུམ་ཚོགས་པའོ།། སངས་རྒྱས་དཔག་བསམ་འདྲ་ལ་ཕྱག་འཚལ་ལོ་ཞེས་བྱ་བ་འབྱུང་བས་ནི ་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་ཏེ། དེ་ལ་སངས་རྒྱས་བཅོམ་ལྡན་འདས་ནི་དཔག་བསམ་གྱི་ཤིང་ངམ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་སྟེ། དཔེར་ན་དཔག་བསམ་གྱི་ཤིང་དང་ཡིད་བཞིན་གྱི་ནོར་བུ་རིན་པོ ་ཚེ་ནི་རྟོག་པ་རྡུལ་ཙམ་ཡང་མེད་ན་ཡང་སྐལ་པ་ཅན་གང་ཞིག་གིས་རྙེད་དམ་ཡོད་ན། ལོང་བས་གཟུགས་མཐོང་འོན་པས་སྒྲ་ཐོས། སྨྱོན་པས་དྲན་པ་རྙེད་པ་ལ་སོགས་པ་ཡོན་ཏན་གཞན་ཡང་གྲང་བའི་དུས་ན་དྲོ་ཞིང་འཇམ ་བ་དང་། ཚ་ཞིང་གདུང་བའི་དསྟ་ན་བསིལ་བ་ལ་སོགས་པ་ཇི་ལྟར་འདོད་ཅིང་སྨོན་པའི་དོན་ཐམས་ཅད་སིད་བཞིན་དུ་བྱེད་པ་དང་། གྲུབ་པར་ངེས་པ་དང་འདྲ་བར་སྐུ་གསུམ་རྣམ་པ་སྣ་ཚོགས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན ་ཡིད་བཞིན་དུ་གྲུབ་པར་མཛད་པས་སངས་རྒྱས་དཔག་བསམ་འདྲ་ཞེས་བྱ་སྟེ། དེ་ལྟར་སངས་རྒྱས་དཀོན་མཆོག་ལ་དོན་ལྔས་བསྟན་ཏོ།། ཆོས་དཀོན་མ་ཆོག་ལ་དོན་བཞིས་བསྟན་ཏེ། དེ་ཡང་གང་ཞེ་ན། རྒྱུ་ཕུན་སུམ་ཚོག ་བ་དང་། འབྲས་བུ་ཕུན་སུམ་ཚོགས་པ་དང་། རང་བཞིན་ཕུན་སུམ་ཚོགས་པ་དང་། གཞན་གྱི་དོན་ཕུན་སུམ་ཚོགས་པ་སྟེ། ཆོས་དབྱིངས་རྒྱུ་འཐུན་ཞེས་འབྱུང་བས་ན། རྒྱུ་ཕུན་སུམ་ཚོགས་པ་བསྟན་ཏེ། དེ་ལྔ་དབྱངས ་ཞེས་བྱ་བ་ནི་རྒྱ་གར་སྒྲ་ལས་དྲངསཱ་ན་དྷཱ་ཏུ་ཞེས་འབྱུང་། དྷཱ་ཏུ་བོད་སྐད་དུ་བཟློག་ན་དབྱིངས་ཞེས་འབྱུང་སྟེ། དབྱིངས་ཀྱི་དོན་ནི་རྒྱུའི་དོན་ཏོ། དབྱིངས་ཀྱི་རྒྱུའི་དོན་ཏེ། ཡང་གང་ཞེ་ནུ། ཆོས་ཐམས་ཅད་ཀྱི་ཆོས་ཉིད་སྟོང་པ ་བདག་མེད་པ་ལ་བྱ་སྟེ། ཆོས་ཉིད་སྟོང་པ་དེ་ཇི་ལྟར་རྒྱུ་ཡིན་ཞེ་ན་ཆོས་ཀྱི་དབྱིངས་སྟོང་པ་བདག་མེད་པ་དེ་ལ་དམིགས་པས། དེ་རྟོག་པ་ལས་གསུང་རབ་ཡན་ལག་བཅུ་གཉིས་ལ་སོགས་པ་བཤད་པའི་ཆོས་དང་བྱུང ་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པ་ལམ་གྱི་ཆོས་དང་། སྟོབས་དང་། མི་འཇིགས་པ་ལ་སོགས་པ་འབྲས་བུའི་ཆོས་དང་། མདོར་ན་ཡོན་ཏན་གྱི་ཕྱོགས་མཐའ་ངག་འབྱུང་བའི་བཞིར་གྱུར་པ་ཕྱིར། ་ནོས་ལ་དབྱིངས་སམ་རྒྱུ་ཞེས་བྱའོ།། གསུང་རབ་བཅུ་གཉིས་ཞེས་འབྱུང་བས་འབྲས་བུ་ཕུན་སྨྲ་ཚོགས་པ་སྟོན་ཏོ།། མདོཛེ་སྡེ་ལ་སོགས་པ་གསུང་རབ་བཅུ་གཉིས་ནི་ཆོས་ཀྱི་དབྱིངས་དེ་རྟོགས་པའི་རྒྱུན་འཐུན ་བའི་འབྲས་བུ་ཡིན་པའི་ཕྱིར། འབྲས་བུ་ཕུན་སུམ་ཚོགས་པ་བསྟན་ཏོ།། ཆོས་ཉིད་སྐྱེ་འགག་མེད་ཅིང་སྤོས་ལས་དབེན་ཞེས་པ་ནི་རང་བཞིན་ཕུན་སུམ་ཚོགས་པ་བསྟན་ཏེ། ཆོས་ཐམས་ཅད་ཀྱི་ཆོས་ཉིད་ནི་བཟོད་མ ་ནས་མ་བྱུང་མ་སྐྱེས་པ་སྨོས་པ་ཐམས་ཅད་དང་བྲལ་བ་ཡིན་ལ། དེ་ལྟར་ཡང་དག་པར་མོ་སྐྱེས་ན། འགག་ཀྱང་མི་སྲིད་དེ། སྐྱེ་འགག་རྟག་ཆད་ཡོད་མེད་ལ་སོགས་པའི་སྤྲོས་པའི་མཐའ་ཐམས་ཅད་ལས་དབེན་པའི་རང ་བཞིན་ཡིན་པས། ཆོས་ཉིད་སྐྱེ་འགག་མེད་ཅིང་སྤྲོས་པས་དབེན་ཞེས་བྱ་བས་བསྟན་ཏོ།། དེ་ལ་དམིགས་ཏེ་ཡོན་ཏན་ཀུན་གྲུབ་པ། ལེགས་རྒྱུ་དམ་པའི་ཆོས་ལ་ཕྱག་འཚལ་ལོ་ཞེས་འབྱུང་བས། གཞན་གྱི་དོན་ཕུན ་སུམ་ཚོགས་པ་བསྟན་ཏེ། ཆོས་ཀྱི་དབྱིངས་སྤྲོས་པ་མེད་པར་བསྟན་པ་དང་། དེ་རྟོགས་པ་ལས་བྱུང་བ་གསུང་རབ་ཡན་ལག་བཅུ་གཉིས་པ་དེ་ལ་དམིགས་ཤིང་གོམས་པར་བྱས་ན། འཇིག་རྟེན་དང་འཇིག་རྟེན ་ལས་འདས་པའི་ཡོན་ཏན་གྱི་ཚོགས་ཐམས་ཅད་ལྷུན་གྱིས་གྲུབ་པའི་ཕྱིར་དེ་ལ་དམིགས་ནས། ཡོན་ཏན་ཀུན་གྲུབ་པ་ཡིན་ལ། དེ་ལྟར་ཡོན་ཏན་གྲུབ་པའི་གཞི་འམ། དམིགས་པར་གྱུར་པ་དེ་ཉིད་ལེགས་པ་ཐཾད ་འཐོབ་པའི་རྒྱུ་ཡིན་པས། དེ་ལེགས་པ་ཐམས་ཅད་ཀྱི་རྒྱུར་གྱུར་པའི་ཆོས་ལ་ཕྱག་འཚལ་ལོ་ཞེས་བསྟན་ཏོ།། དེ་ལྟར་ཆོས་དཀོན་མཆོག་ལ་དོན་བཞིས་བསྟན་ཏོ།། དགེ་འདུན་དཀོན་མཆོག་ལ་དོན་ལྔས ་བསྟན་ཏོ།། དེ་ཡང་གང་ཞེ་ན། རྒྱུ་ཕུན་སུམ་ཚོགས་པ་དང་། འབྲས་བུ་ཕུན་སུམ་ཚོགས་པ་དང་། གཞན་གྱི་དོན་ཕུན་སུམ་ཚོགས་པ་དང་། བདག་གི་དོན་ཕུན་སུམ་ཚོགས་པ་དང་། རང་བཞིན་ཕུན་སུམ ་ཚོགས་པ་དང་། དེ་ལྟར་རྣམ་པ་ལྔས་བསྟན་ཏེ། དེ་ལ་ཉོན་མོངས་སྒྲིབ་དང་ཤེས་བྱའི་སྒྲིབ་པ་དག། གཉེན་པོས་རིམ་པར་ཞེས་འབྱུང་བས། རྒྱུན་ཕུན་སུམ་ཚོགས་བསྟན་ཏེ། སྒྲིབ་པ་མཐའ་དག་མདོར་སྔ་ན ་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་གཉིས་སུ་འདུས་སོ།། དེ་ལ་ཉོན་མོངས་པའི་སྒྲིབ་པ་ནི་འདོད་ཆགས་དང་། ཞེ་སྡང་དང་གཏི་མུག་ལ་སོགས་པ་ཉོན་མོངས་པ་དྲུག་དང་། ཉེ་བའི་ཉོན་མོངས་པ་ཉི་ཤུ་ཡ་བྱ ་ཤེས་བྱའི་སྒྲིབ་པ་ནི་ཉོན་མོངས་པ་ཅན་མ་ཡིན་པ་སྟེ། དངོས་སུ་བཟུང་བ་དང་འཛིན་པ་ལ་མངོན་པར་ཞེན་པ་དང་། རིག་པའི་གནས་ལྔ་ལ་སོགས་པ་མི་ཤེས་པ་ལ་བྱ། དེའི་གཉེན་པོ་ནི་འཕགས་པའི་ལམ་ཡན་ལག་བརྒྱད ་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་བདུན་དང་། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་དང་། ཐེག་པ་ཆེན་པོ་ཐུན་མོངས་མ་ཡིན་པའི་དབུ་མའི་ལམ་དང་། རིག་པའི་གནས་ལྔ་ལ་སོགས་པ་ལམ་ལ་སོགས ་པ་ལ་མཁས་པ་ལ་བྱ། རིམ་པར་བསལ་ཏེ་སར་ཞུགས་པ་ཞེས་འབྱུང་བས་ནི། འབྲས་བུ་ཕུན་སུམ་ཚོགས་པ་བསྟན་ཏེ། གཉེན་པོ་གོང་དུ་སྨོས་པ་དེས་མི་མཐུན་པའི་ཕྱོགས་ཉོན་མོངས་པ་དང་། ཤེས་བྱའི ་སྒྲིབ་པ་མཐོང་བ་དང་བསྒོམ་པས་སྤྱང་བཱིར་བྱ་བའི་རིམ་གྱིས་སྤངས་པའི་འབྲས་བུ། ས་ལ་བཙུགས་པ་ནི་བྱང་ཆུབ་སེམས་དཔའི་ས་དང་པོ་རབ་ཏུ་དགའ་བ་དང་ས་གཉིས་པ་དྲི་མ་མེད་པ་དང་། ས་གསུམ་པ་འོད་བྱེད་ན་། ་ས་བཞི་པ་འོད་འཕྲོ་བ་དང་། ས་ལྔ་པ་ཤིན་ཏུ་སྦྱང་དཀའ་བ་དང་། ས་དྲུག་པ་མངོན་དུ་གྱུར་པ་དང་། ས་བདུན་པ་རིང་དུ་སོང་བ་དང་། ས་བརྒྱད་པ་མི་གཡོ་བ་དང་། ས་དགུ་པ་ལེགས་པའི་བློ་གྲོས་དང་། ས་བཅུ་པ་ཆོས་ཀྱི་སྤྲིན ་ཏེ་བྱང་ཆུབ་སེམས་དཔའི་ས་བཅུ་དང་། འཕགས་པའི་ཉན་ཐོས་དང་། རང་རྒྱལ་བའི་དགེ་འདུན་སྐྱེས་བུ་ཆེན་པོ་ཟུང་བཞི། གང་ཟག་ཡ་བརྒྱངས་བདུན་གྱིས་བསྡུས་ཏེ། དཀར་པོ་རྣམ་པར་མཐོང་བའི་ས་དང་། རིགས་ཀྱི་ས ་དང་། བརྒྱད་པོའི་ས་དང་། མཐོང་བའི་ས་དང་། བསླབས་པའི་ས་དང་། འདོད་ཆགས་དང་བྲལ་བའི་ས་དང་། བྱས་པ་རྟོགས་པ་ཅན་གྱི་ས་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དབུའི་ས་བཅུ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས ་བདུན་དང་སྤངས་པ་ཕུན་སུམ་ཚོགས་པ། ཡེ་ཤེས་ཕུན་སུམ་ཚོགས་པ་ལ་རིམ་བཞིན་དུ་བཞུགས་པ་ནི་འབྲས་བུ་ཕུན་སུམ་ཚོགས་པ་ཡིན་ནོ།། སེམོས་ཅན་དོན་མཛད་ཅེས་འབྱུང་བས་ནི།། གཞན་གྱི་དོན་ཕུན་སུམ་ཚོགས་པ ་བསྟན་ཏེ། འཕགས་པའི་དགེ་འདུན་ས་ལ་རིམས་བཞིན་དུ་བཞུགས་པའི་འཕྲིན་ལས་ནི། སྐུ་གསུང་ཐུགས་ཀྱི་སྒོ་ནས་ཐབས་ཀྱི་རྣམ་པ་སྣ་ཚོགས་ཀྱི་སེམས་ཅན་གྱི་དོན་ཁོ་ན་མཛད་དོ།། འདྲེ་ནི་གཞན་གྱི་དོན་ཕུན་སུམ་ཚོགས་བྱ་སམྦྷ། ་སངས་རྒྱས་ཞིང་སྐྱོང་བ་ཞེས་འབྱུང་བས་ནི། བདག་གི་དོན་ཕུན་སུམ་ཚོགས་པ་བསྟན་ཏེ། འདི་ལྟར་སངས་རྒྱས་ཀྱི་ཞིང་རྣམ་པ་གཉིས་ཏེ། ཕྱི་སྣོད་ཀྱི་འཇིག་རྟེན་དང་། ནང་བཅུད་ཀྱི་འཇིག་རྟེན་དང་གཉིས་སོ།། དེ་དག་སྦྱོང་བ་ནི། ་ཕྱི་སྣོད་ཀྱི་འཇིག་རྟེན་ངམ་གྲོག་དང་། སྡོང་དུམ་དང་།། ཚ་སྒོ་ཅན་ལ་སོགས་ཏེ། མྱ་དག་པ་རྣམས་ལ་གསེར་ལ་སོགས་པ་རིན་པོ་ཆེ་སྣ་ཚོགས་དང་། བདེ་བ་ཙན་དང་པདྨ་ཅན་ལ་སོགས་པ་ཡོན་ཏན་སྣ་ཚོགས་དང་། ལྡན་པར ་འགྱུར་བར་བསྒྲུ་བ་ནི། ཕྱི་སྣོད་ཀྱི་འཇིག་རྟེན་སངས་རྒྱས་ཀྱི་ཞིང་སྦྱོང་བ་ཡིན་ནོ།། ནང་བཅུད་ཀྱི་འཇིག་རྟེན་འགྲོ་བ་རིས་ལྔས་བསྡུས་པ་སེམས་ཅན་སྡུག་བསྔལ་བ་རྣམས་བང་པ་ལ་དགོད་པ་དང་། མི་དག་པ་བཅུ་ལ་གནས ་པ་རྣམས་དགེ་བ་བཅུ་ལ་དགེ་པ་དང་། རྣམ་པར་གཡེང་བ་རྣམས་ནི་བྱོས་མ་གཏན་དང་སྙོམས་པར་འཇུག་པ་ལ་དགོད་པ་དང་།། འཁོར་བ་པ་རྣམས་འཕགས་པའི་ལཱམ་དང་། བྱང་ཆུབ་གས་གྱི་འབྲས་བུ་ལ་དགོད་པར་བྱེད ་པ་དང་། རང་སེམས་རྒྱུད་སྦྱོང་བ་སྟེ། ཅིའི་ཕྱིར་སངས་རྒྱས་ཀྱི་ཞིང་སྦྱོང་བ་ཞེས་བྱ་ཞེ་ན། དེ་རང་དང་གཞན་གྱི་རྒྱུད་སྦྱང་བ་ལས། སངས་རྒྱས་སུ་འགྲུབ་པ་འམ་སྐྱེ་བའི་ཕྱིར། སངས་རྒྱས་ཀྱི་ཞིང་ཞེས་བྱ་སྟེ། དཔེར་ན་ཞིང་ལོས ་ནུས་སྐྱེ་བ་བཞིན་ནོ།། སྐབས་འདིར་གཙོར་ཡང་རང་གི་སེམས་སྦྱང་བ་ལ་བྱ། རང་གི་སེམས་སྦྱང་བ་ཡང་གཞན་གྱི་དོན་བྱས་པས་འགྲུབ་བོ།། འཕགས་པའི་དགེ་འདུན་ཆེ་ཞེས་བྱ་བས་ནི།། རང་བཞིན་ཕུན་སུམ་ཚོགས ་བ་བསྟན་ཏེ། འདི་ལྟར་འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་རང་བཞིན་ནི་རྒྱུ་ལས་དང་ཉོན་མོངས་པ་དང་། འབྲས་བུ་སྡུག་བསྔལ་གསུམ་དང་བརྒྱད་ལ་སོགས་ཏེ། འཁོར་བའི་ཉེས་པའི་སྐྱོན་ཐམས་ཅད་ལས་འཕགས་པ་ཡིན་ལ། ་འཕགས་དེ་ལྟར་བུ་མང་པོ་འདུལ་བ་ལ་དགེ་འདུན་ཞེས་བྱ། ཚེ་ཞེས་འབྱུང་བ་ཡང་གཉིས་ཏེ། དེ་ཡང་གང་ཞེ་ན། མཐུ་ཆེ་བ་དང་གྲངས་མང་བས་ཚ་བའོ།། དེ་ལ་མཐུ་རྒྱུ་བ་ནི་ཉོན་མོངས་པའི་སྒྲུབ་པ་དང་།། ཤེས་བྱའི་སྒྲིབ་པ་ལ་སོ ་པའི་དགྲ་ཐམས་ཅད་ཆོམས་པ་དང་། ལཱའི་བུའི་བདུད་ལ་སོགས་པ་བདུདྨ་པནྡེའི་ཚོགས་ཐམས་ཅད་ཀྱི་མྱི་ཚུགས་ཤིང་། འཕྲོགས་པར་མཛད་པས་ནུ་མཐུ་ཆུ་བ་ཡིན་ནོ།། སྟོང་ཉིས་བརྒྱས་སོགས་པ་མང་དུ་བཞུགས་པས་གྲངས་ཀྱི ་ཆེ་བ་ཡིན་ནོ།། དེ་ལྟ་བུ་ནི་དགེ་འདུན་གྱི་རང་བཞིན་ཏེ། དེ་ལྟར་དགེ་འདུན་དཀོན་མཆོག་ལ་དོན་ལྔས་བསྟན་ཏོ།། དེ་ལྟར་དཀོན་མཆོག་གསུམ་གྱི་མཚན་ཉིད་དང་ཡོན་ཏན་ལ་དམིགས་ཏེ། སེམས་དང་བ་དང་མོས་པ་ཆེན་པོས ་བྱ་བ་བྱས་ནས། སྒྲིབ་པ་གཉིས་བྱང་ནས། འབྲས་བུ་རྣམ་པ་གསུམ་འཐོབ་བོ།། སངས་རྒྱས་གཙོ་བོའི་ཊཱི་ཀཱ་རྒྱ་ཆེར་འགྲེལ་པ། བོད་ཀྱི་ལོ་ཙཱ་བ་ཞང་ཡེ་ཤེས་སྡེས་མཛད་པ་རྫོགས་སོ།། ་