| Wylie | e-texts produced with BDRC’s OCR application |
ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བ་ལ་སོགས་པའི་ལྟ་བའི་བྱེ་བྲག་དང་། ཐེག་པ་གསུམ་དང་། སྐུ་གསུམ་ལ་སོགས་པ། མཁན་པོ་ངག་ལས་ཐོས་པ་དང་།། གསུང་རབ་མདོ་སྡེ་དང་། བསྟན་བཅོས་ལས་བྱུང་བའི་དོན་མདོ ་མ་ཞིག་བརྗིད་བྱུང་དུ་བྱས་པ། ཨཱ་ནནྡ་ནཱ་གཱརྫྫ་ནས་ཤྲ་མཱུ་རཾ་ཀཱ་རི་ཀ་མཛང་པའི་འགྲེལ་པ་ཤེས་རབ་སྐྱོན་མེ་ཞེས་བྱ་བ་དང་། དབུ་མའི་སྙིང་པོ་ཞེས་བྱ་བ་མཛད་པ་དང་། བར་གྱི་མཁན་པ་ཤོ་ཏ་རཀྵི་ཏཱ་ཞེས་བྱ་བས། ཨཱ་ཙམྦས་ས་གས ་རྣམ་པར་ཤཱས་པོ་ཙམ་དུ་བཤད་པའི་བསྟ་བཅིས་རྣལ་འསྤྱོར་སྐྱེད་པ་མཛད་པ་ལ་བརྟན་ཏེ། ཀུན་རྫོབ་ཏུ་དེ་ལགས་དྲུང་འཐུན་པར་རྣམ་པར་ཤེས་པོ་ཙམ་དུ་བསྙུངས་ལ། དོན་དམ་པར་རྣམ་པར་ཤེས་པ་ཡང་རང་བཞིན་མེད་པར ་བཤད་པའི་དབུ་མའི་བསྟན་བཅོས་དབུ་མའི་རྒྱན་ཞེས་བྱ་བ་ཞིག་མཛད་དེ། དབུ་མའི་བསྟན་བཅོས་ལུགས་ཅུང་ཟད་མི་མཐུན་པ་གཉིས་བྱུང་བས། ཨཱ་ཙརྱ་བྷ་བྱས་མཛད་པ་ལ་ནི་མདོ་སྡེ་པའི་དབུ་མ་ཞེས་བཏགས། ཨཱ་ཙཨཱརྱ་ཤཱནྟ་རཀྵི་ཏས ་མཛད་པ་ལ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་ཞེས་བཏགས་སོ།། ཨཱ་ཙརྱ་ནཱ་ཀཱརྫུ་ན་དང་། ཨཱརྱཱ་དེ་བས་མཛད་པ་ནི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལས་འབྱུང་བུ་བཞིན་དུ་གལ་ཏེ་གཟུགས་ལ་སོགས་པ་རི ་གི་རྭ་བཞིན་དུ་མེང་ལ། རྣམ་པར་ཤེས་པ་དེ་ཉིད་དེ་ལྟར་སྣང་བ་ཡིན་ན་ནི་འོདི་ངག་ཐོག་མ་མེད་པ་ཉིད་ནས་མེད་པ་ཉིད་ཡིན་པས། གཟུགས་སུ་འཁྲུལ་པའི་གཞི་མེད་པའི་ཕྱིར། དེའི་དབང་གི་རྣམ་པར་ཤེས་པ་དེ་ལྟར་སྣང་ཞེས ་བྱར་ཡང་མི་རུང་ངོ་།། ཡང་གཅིག་ཏུ་ན། གཞི་མང་པར་སེམས་ཉིད་དེ་ལྟར་སྣང་རི་འོང་གི་རྭ་དང་མོ་ག་ཤམ་གེ་བུ་ལ་སོགས་པ་ཡང་སྣང་བར་འགྱུར་པའི་རིགས་སོ།། ཅི་སྟེ་ཡུལ་མེད་པའི་གཏན་ཚིགས ་དངོས་པོ་རགས་པ་རྡུལ་དུ་བཤིག་ལ་རྡུལ་ཡང་ཕྱོགས་ཆ་ཡོད་དེ་མི་འགྲུབ་པས། སེམས་ཙམ་མོ་ཞེས་བྱ་བ་ན་ནི། འོ་ན་ལྷ་རྣམ་པར་ཤེས་པའི་སྐད་ཅིག་མ་ཡང་སྤྱིའི་མཚན་ཉིད་བཤད་པས་ཡུལ་ཡོད་དོ།། སྤྱིར་དངོས་པོ་རྣམས ་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པས།། ཀུན་རྫོབ་ཏུ་ནི་སྒྱུ་མ་དང་འདྲ་བ་ཙམ་དུ་སྐྱེ་བ་ཡོད་ལ། དོན་དམ་པར་ནི་བདག་དང་གཞན་དང་གཉི་ག་དང་། རྒྱུ་མེད་པ་ལོས་ཀྱང་སྐྱེར་མི་རུང་སྟེ། རང་བཞིན་མེད་དོ་ཞེས་བཤད་པས ་དབུ་མ་པ་གཉི་ག་ཡང་དེ་ལ་བརྟན་ཏོ།། དེ་ལ་རྣལ་འབྱོར་སྤྱོད་པའི་དབུ་མའི་ལུགས་ནི་ཀུན་རྫོབ་ཏུ་ནི་རྣམ་པར་ཤེས་པ་ཙམ་དུ་སྨྲ་བ་དང་འཐུན་ཏེ། རྣམ་པར་ཤེས་པས་ཡུལ་ཤེས་པ་ཡང་ཡུལ་ཉིད་རྣམ་པར་ཤེས་པའི་རང་བཞིན ་ཡིན་པས། འབྲེལ་པ་ཡོད་པའི་ཕྱིར་རང་གི་ཡུལ་རིག་པས་ཤེས་པར་རུང་གི་ཡུལ་གཞན་ཡིན་པར་འདོད་ན་ནི་ཤེས་པ་དང་འབྲེལ་པ་མེད་པས་རིག་པར་མི་རུང་ངོ་།། ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་སྣང་བ་ཡང་། དཔེར་ན ་རྨི་ལམ་ན་མཐོང་བ་རྣམས་ཡུལོ་མེད་ཀྱི་སེམས་ཉིད་མཐོང་བ་དང་འདྲ་སྟེ། པདྨར་གཤེགས་པ་ལས་ཕྱི་རོལ་གཟུགས་ནི་ཡོད་མ་ཡིན། བདག་གིས་སེམས་ནི་ཕྱི་རོལ་སྣང་ཞེས་གསུངས་པ་ལྟ་བུའོ།། དོན་དམ་པར་ནི ་སེམས་དེ་ཡང་གཅིག་དང་། དུ་མའི་ངོ་བོ་ཉིད་བྲལ་བའི་གཏན་ཚིགས་ཀྱིས་བཤིག་ན་ཡོད་པར་མི་འགྲུབ་སྟེ། ཇི་ལྟ་ཞེ་ན། ཡུལ་ཉིད་རྣམ་པར་ཤེས་པའི་རང་བཞིན་ཡིན་ན། ཡང་ན་ནི་ཡུལ་ཐ་དད་པ་རྣམ་པ་མང་པོ་བཞིན་དུ་སེམ ་ཀྱང་དུ་མར་འགྱུར་རོ།། ཡང་ན་ནི་སེམས་བཞིན་དུ་ཡུལ་ཡང་སྣ་ཚོགས་སུ་མི་འགྱུར་རོ།། དེ་ལྟ་བས་ན་སེམས་ཙམ་ལ་བརྟེན་ནས། ཕྱི་རོལ་གྱི་ཡུལ་མེད་པར་ཤེས་པར་བྱའོ།། དབུ་མའི་ཚུལ་འདི་ལ་བརྟེན་ནས། སེམས་དེ་ཡང ་བདག་མིང་བར་རྟོགས་པར་བྱ་སྟེ། འཕགས་པ་འཇིག་རྟེན་ལས་འདས་པའི་ལེའུ་ལས་ཀྱང་། ཀྱེ་རྒྱལ་བའི་སྲས་ཁམས་གསུམ་ནི་སེམས་ཙམ་སྟེ། དུས་གསུམ་ཡང་སེམས་ཙམ་དུ་རྟོགས་ཤིང་། སེམས་དེ་ཡང་མཐའ་དང ་དབུས་སྲུང་བར་རྟོགས་སོ་ཞེས་འབྱུང་བ་ལྟ་བུའོ།། ལངྒར་གཤེགས་པ་ལས་ཀྱང་།། སེམས་ཙམ་ལཱ་ནི་བརྟེན་ནས་སུ།། ཕྱི་རོལ་དོན་ལ་མི་རྟག་གོ།། དེ་བཞིན་ཉིད་ལ་གནས་ནས་སུ།། སེམས་ཙམ་ལས་ཀྱང་ཟླ་བར་བྱ།། སེམས་ཅམ ་ལས་ནི་བཟླས་ནས་སུ།། སྣང་བ་མེང་ལས་བཻཟླ་བར་བྱ།། སྣང་མེད་གནས་པའི་རྣལ་འབྱོར་པ།། དེ་ཡི་ཐེག་པ་ཆེན་པོ་མཐོང་ཞེས་གསུངས་ཏེ། དེ་ལྟ་བས་ན་དབུ་མའི་ཚུལ་འདི་དོན་མེད་པའི་ཉེས་པར་འགྱུར་བའི་ཕྱིར་རོ།། དེ་ལྟར ་གང་གི་ཕྱིར་དངོས་པོ་སྐྱེ་བ་མི་འཐད་པ་དེའི་ཕྱིར་སྐྱེ་བ་མི་སྲིང་ངེ། སྐྱེ་བ་བརྗོད་པ་ནི་ཐ་སྙད་བཏགས་པ་ཙམ་དུ་ཟད་དོ།། རྣམ་པར་ཤེས་པ་ཙམ་དུ་སྨྲ་བས། ཕྱི་རོལ་གྱི་ཡུལ་མེད་ཀྱི།། སེམས་ཉིད་དོན་དུ་སྣང་ཞེས་བྱ་བ་ཡང ་མི་རུང་སྟེ། ཇི་ལྟར་ཞེ་ན་ཡུལ་ཉིད་རྣམ་པར་ཤེས་པའི་རང་བཞིན་སྨིན་པས། ཡུལ་ཡང་ཤེས་པ་ཅན་དུ་འགྱུར་རོ།། ཡང་ན་ཤེས་པ་ཉིད་གཟུགས་ཡིན་པས་སེམས་ཀྱང་ཤེས་པ་མང་བྱར་འགྱུར་རོ།། ཡང་ན་ནི ་ཡུལ་རྣམ་པ་མང་པོ་སྣ་ཚོགས་ཡོད་པ་བཞིན་དུ་སེམས་ཀྱང་སྣ་ཚོགས་དུ་མར་འགྱུར་རོ།། སང་ན་ནི་སྡོམས་བཞིན་དུ་ཡུལ་ཡང་སྣ་ཚོགས་སུ་མི་འགྱུར་རོ།། ཡང་ན་ནི་སེམས་ཀྱང་གཟུགས་ཅན་འགྱུར་རོ།། ཡང་ན་ནི་གཟུགས ་ཀྱང་སེམས་བཞིན་དུ་བལྟར་མི་སྣང་བར་འགྱུར་རོ།། རྣམ་པ་གཅིག་ཏུ་ན་ཡུལ་མེད་ཀྱི་སེམས་ཉིད་ཡུལ་དུ་སྣང་ན་ནི་གཟུགས་དང་ཁ་དོག་གི་རྣམ་པ་ཇི་ལྟ་བུ་བསམས་པ་དང་། ཇི་ལྟར་འདིང་བ་དེ་བཞིན་དུ་ཐམས་ཅད ་ཡུལ་ཉིད་དུ་འབྱུང་ཞིང་སྣང་བའི་རིགས་སོ།། ཡང་རྣམ་པ་གཅིག་ཏུ་ན་གཟུགས་རྡུལ་དུ་བཤིག་སྟེ། རྡུལ་ཕྲ་རབ་ཀྱང་ཆ་ཤས་ཀྱིས་བཤིག་ན་མེད་པ་བཞིན་དུ་སེམས་ཀྱང་མེང་བར་འགྱུར་ཏེ། དེ་ལྟར་སེམས་ཉིད་ཡུལ་དུ ་སྣང་ཞེས་བྱར་མི་རུང་ངོ་།། ཐོག་མ་མེད་པ་ནས་གཟུགས་སུ་རྟོག་རྟོག་པའི་བག་ཆགས་སྨིན་པས། དེ་ལྟར་སྣང་ངོ་ཞེས་བྱར་ཡང་ཡུལ་ཡང་མེད་ན་དེ་ལྟར་རྟོགས་པར་མི་འབྱུང་བས་དེའི་བག་ཆགས་ཀྱང་ཡོད་པར་མི་འགྱུར ་འཕགས་པ་ས་བཅུ་པ་ལས་ཁམས་གསུམ་པ་སེམས་ཙམ་མོ་ཞེས་འབྱུང་བ་ནི་བྱེད་པ་པོ་དང་ཟ་བ་པོ་དགག་པ་སྟེ། མདོ་སྡེ་ཉིད་ལས་དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བས་རྣམ་པ་བཅུར་རབ་ཏུ་རྟོག་ཅིང་བདག ་མེད་པ་དང་སྲོག་མེད་པ་དང་། གང་ཟག་མེད་པ་དང་། ངོ་བོ་ཉིད་ཀྱིས་སྟོང་བྱ་དང་།། རང་བཞིན་གྱིས་བྱེད་པ་པོ་དང་། ཚོར་བ་པོ་མེད་པར་རབ་ཏུ་རྟོག་པའི་ཚེ། སྟོང་པ་ཉིད་ཀྱི་རྣམ་པར་ཐར་པའི་སྒོ་སྐྱེས་པ་ཡིན་ཞེས་གསུངས ་པའི་ཕྱིར་རོ།། འཕགས་པ་ལངྒར་གཤེགས་པ་ལ་སོགས་པ་ལས། ཕྱི་རོལ་གྱི་དོན་མེད་ཀྱི་སེམ་ས་དེ་ལྟར་སྣང་ངོ་ཞེས་འབྱུང་བ་ཡང་དངོས་པོ་དོན་དམ་པར་ཡོད་པར་དགག་པ་དང་། སེམས་ཙམ་དུ་བཤད་པས་འདུལ་བ ་པ་ཕན་གདགས་པའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་རང་བཞིན་གྱིས་དངོས་པོར་གྲུབ་པ་མེད་པ་ལ་ལོག་པའི་རྣམ་པར་རྟོག་པས། དངོས་པོར་སྒྲོ་བཏགས་པ་ལ་དགོངས་ནས་དེ་སྐད་དུ་གསུངས་པ་ཡིན་ནོ་ཞེས ་འཆང་དོ།། ཨཱ་ཙརྱ་ཀཽ་མ་པ་ཤཱི་ལས་དབུ་མའི་བསྟན་བཅོས་དབུ་མ་སྣང་བ་ཞེས་བྱ་བ་མཛད་པ་ལས་ནི་དབུ་མ་འདི་གཉིས་ཀུན་རྫོབ་ཏུ་ཅུང་ཟད་མི་མཐུན་ཡང་། དོན་དམ་པར་བྱི་ནང་གི་དངོས་པོ་ཐམས་ཅད་རང་བཞིན་མེད ་པར་འདོད་དུ་འདྲ་བས་ན་འགལ་བ་མེད་དོ་ཞེས་འབྱུང་ངོ་།། ཐེག་པ་གསུམ་ནི་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོའོ།། ཐེག་པ་ཞེས་བྱ་བ་ནི་གཞོན་པ་དང་འདྲ་སྟེ།། དེས་ཐག་ཅིང་སོ ་སོའི་གནས་སུ་སོན་པར་བྱེད་པས་ཐེག་པའོ།། ཟམ་པ་དང་གྲུ་དང་གཟིངས་དང་འདྲ་སྟེ། དེས་བཏེག་ཅིང་བརྟན་ནས། འཁོར་བའི་ཆུ་བོའི་ཕ་རོལ་ཏུ་ཕྱིན་པས་ན་ཡང་ཐེག་པའོ།། དེ་ལ་ཉན་ཐོས་ཀྱི་ཐེག་པ་ནི་བདེན་པ་བཞིའོ ་སྒོ་ནས་འཇུག་སྟེ། ཟག་པ་དང་བཅས་པའི་འབྲས་བུ་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སྡུག་བསྔལ་སྣ་ཚོགས་ཀྱི་གཞི་ཡིན་པས། བལྟ་སླ་བའི་ཕྱིར་ཐོག་མར་སྡུག་བསྔ་གྱི་བདེན་པ་རྟོགས་སོ།། དེ་ནས་སྡུག་བསྔལ ་གྱི་རྒྱུ་བརྟགས་ན་ལས་དང་ཉོན་མོངས་པ་ལས་བྱུང་བར་རིག་སྟེ། ཀུན་འབྱུང་བའི་བདེན་པ་རྟོགས་སོ།། དེ་ནས་ལས་དང་ཉོན་མོངས་པ་སྤངས་ཏེ། ཕུང་པོ་ལྔ་དང་བྲལ་བ་ནི་བདེ་བ་ཡིན་པར་རིག་སྟེ། འགོག་པའི་བདེན་པ་རྟོགས་སོ།། ་དེ་ནས་འགོག་པ་ཐོབ་པར་བྱ་བའི་ཐབས་ནི་ཡང་དག་པའི་ལྟ་བ་ལ་སོགས་པ་འཕགས་པའི་ལམ་ཡིན་པར་རིག་སྟེ། ལམ་གྱི་བདེན་པ་རྟོགས་སོ།། དེ་ལྟར་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་ཡང་རྒྱུ་དང་འབྲས་བུ་ཙམ་དུ་ཟད་དེ། ་བྱེད་པ་དང་ཟ་བ་པོའི་བདག་མེད་པར་མཐོང་བས། གང་ཟག་ལ་བདག་མེད་པར་རྟོགས་སོ།། འཁོར་པ་ནི་སྡུག་བསྔལ་མི་བཟང་པ་ཡིན་ཞིང་། མྱ་ངན་ལས་འདས་པ་ནི་ཞི་བ་དང་བདེ་བར་རིགས་ལ། དེ་གཉིས་ལས་གཅིག་སྤང་ཞིང ་གཅིག་ཐོབ་པར་བྱ་བར་རུང་བར་རྟོགས་པས། སྡུག་བསྔལ་གྱིས་ཁོང་དྲངས་ཤིང་མི་བཟོད་དོ།། འཁོར་བས་སྐྱོ་ཞིང་ཡིད་བྱུང་བ་དང་། སྙིང་རྗེ་ཤིན་ཏུ་ཆུང་སྟེ། ཕ་རོལ་ཏུ་ཕྱིན་པ་ལ་སོགས་དགེ་བ་སྤྱོད་པ་ཡང་། སེམས་ཅན་མང་པོའི ་དོན་གྱི་ཕྱིར་མ་ཡིན་གྱི། བདག་གཅིག་པུའི་དོན་དུ་སྤྱོད་ཅིང་། བདག་ཉིད་མྱ་ངན་ལས་འདས་པའི་བདེ་བ་སྒྲུབ་པ་དང་། མངོན་པར་རྟོགས་པ་ཐོབ་པའི་དུས་ན་ཡང་། དགེ་བའི་བཤེས་གཉེན་ལོ་མ་བལྟོས་པར། བདག་ཉིད་ཀྱིས ་བདེན་པ་བཞིའི་དེ་ཁོ་ན་ཉིད་རྟོགས་པར་མི་ནུས་ཏེ། དབང་པོ་རྟུལ་བས་ཐེག་པ་དམན་པ་ཞེས་བྱའོ།། ཉན་ཐོས་ཞེས་བྱ་བ་ནི་དགེ་བའི་བཤེས་གཉེན་ལས་ཉན་ཅིང་གཞན་ལ་ཡང་སྒྲོགས་ཏེ། ཐོས་པར་བྱེད་པས་ན་ཉན་ཐོས་ཞེས་བྱའོ།། རང་སངས ་རྒྱས་ཀྱི་ཐེག་པ་ལ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་པའི་སྒོ་ནས་འཇུག་སྟེ། འཁོར་བའི་ཉེས་དམིགས་རྒ་ཤི་མཐོང་ནས། ཅི་ལས་བྱུང་ཞེས་བརྟགས་ན་དེའི་རྒྱུ་སྐྱེ་བ་ཡིན་པར་རིག་ལ། དེ་བཞིན་དུ་རྩ་བཅད་ན་གོང་ནས ་གོང་དུ་མ་རིག་པ་ལ་ཐུག་གི་བར་དུ་རྒྱུ་དང་འབྲས་བུའི་ཚུལ་དུ་རྟོགས་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་ཙམ་དུ་ཟད་དེ། བདག་གམ་བདག་གི་ཞེས་བྱ་བ་མེད་པས། ཅགས་བང་གི་མྱེད་པར་མཐོང་ཞིང་སྔ་ཕྱི་ཆ་ཤཱས་ཀྱིས་བཤིག་ན་ཡོད ་བྷཱུངྠ་བྷྱཱཾ། སྐྱོན་བུ་སྣརོན་དེ་གྱུར་བྱས་སུས་སྟོང་ལ་སེམས་སྣང་བར་མྱེ་ཙྪ་སྱ། ཧཱུ~ཾཉིས་ཏྭཱ་ཙྪཊྚཱ་ནཱིཊྚེ་སྐྱེང་བརྟགས་པར་ཟང་ཀྱི་ས+འུརྦྦ་དྲཱ་མྦྷ་མ་སྦྱིན་ཏེ། བཅོས་སྤྱན་ལས་ཀྱིས་ཅིང་འབྲེལ་བ ་བ་དང་། ནང་གི་རྟེན་ཅིང་འབྲེལ་པོར་འབྱུང་བ་ཕྱེ་སྟེ་གསུངས་པས། སེམས་དང་ཡུལ་གཉི་ག་དོན་དམ་པར་སོང་པར་མངོན་ནོ།། མདོ་དགུ་ལས་ཡུལ་མེད་ཀྱི་སེམས་ཉིད་ཡུལ་དུ་སྣང་ངོ་ཞེས་འབྱུང་བ་ནི་ཡུལ་རྣམ་པ་ཐམས་ཅད་དུ་དགག་པ ་མ་ཡིན་གྱི་དངོས་པོ་མི་རྟག་པ་དང་། རྡུལ་མང་པོ་འདུས་པ་ལ་འཁྲུལ་པའི་རྟོག་པས་རྟག་པ་དང་། རིལ་པོར་འན་པ་བཟློག་པའི་གཉེན་པོར་གསུངས་པ་ཡིན་ནོ་ཞེས་འཚང་ངོ་།། རྣམ་པར་ཤེས་པ་ཙམ་དུ་སྨྲ་བ་ནི་གཟུགས་ལ་སོགས་པ ་པ་ཕྱི་རོལ་གྱི་དོན་མེད་ཀྱི་རྣམ་པར་ཤེས་པ་ཉིད་དེ་ལྟར་སྣང་དུ་ཟད་དྷེ། འཇིག་རྟེན་ན་གྲགས་པ་དང་། བསྟན་བཅོས་ལས་འབྱུང་བའི་བདག་ཏུ་བརྗོད་པ་སྣ་ཚོགས་དང་། ཆོས་སྣ་ཚོགས་ཉེ་བར་འདོགས་པ་འབྱུང་བ་ན ་རྣམ་པར་ཤེས་པ་གྱུར་པ་ཡིན་ཏེ། དེ་དག་དངོས་སུ་ཡོད་པ་ལ་འདོག་པ་མ་ཡིན་གྱི་ཐོག་མ་མེད་པའི་དུས་ནས་བདག་ལ་སོགས་པ་དང་གཟུགས་ལ་སོགས་པ་ཆོས་སུ་རྣམ་པར་རྟོག་རྟོག་པའི་བག་ཚིགས་ཀུན་གཎྜཱི་རྣམ་པར་ཤེས་པ་ལ ་ཡོད་པ་རྟས་པས། ཀུན་གཞིའི་རྣམ་པར་ཤེས་པ་དེ་ལས་བདག་དང་ཆོས་སུ་སྣང་ངོ་སྙམ་དུ་རྣམ་པར་རྟོག་པ་འབྱུང་བས་ཡུལ་མེད་དོ།། ཇི་ལྟ་ཞེ་ན། དངོས་པོ་གོང་བུར་སྣང་བ་ནི་རྡུལ་ཕྲ་མོ་འདུས་པ་ཡིན་ལ། གོང་བུར་རྩོམ་པའི་རྡུལ ་ཕྲ་མོ་ནི་ཕྱོགས་དྲུག་གི་ཚྭ་ཡོད་པས། རྡུལ་ཕྲ་མོར་མི་འགྲུབ་པའི་ཕྱིར་ཡུལ་མེད་པར་མངོན་ཏེ། དཔེར་ན་རབ་རིབ་ཅན་གྱིས་ནམ་མཁའ་ལ་སྐུ་ཤས་འཛིངས་པ་ལ་སོགས་པ་མཐོང་བ་བཞིན་ནོ།། ས་བཅུ་པའི་མདོ་ལས་ཀྱང་། ཀྱེ་རྒྱལ་བའི ་སྲས་ཁམས་གསུམ་འདི་ནི་སེམས་ཙམ་མོ་ཞེས་འབྱུང་། སྟུག་པོ་བཀོད་པ་ལས་ཀྱང་། སེམས་ནི་རྣམ་པ་གཉིས་དངོས་སུ།། གཟུང་དང་འཛིན་པར་སྣང་བ་སྟེ།། བུམ་པ་སྣམ་བུ་ལ་སོགས་པའི།། ཡུལ་ནི་གང་ཡང་ཡོད་མ་ཡིན།། ་ཞེས་གསུངས་ལངྐར་གཤེགས་པ་ལས།། ཕྱིའི་ང་ངོས་པོ་མེད་པར་ཡང་།། སེམས་ནི་རྣམ་པ་གཉིས་སུ་སྣང་།། ཞེས་བྱ་བ་ལ་སོགས་པ་འབྱུང་བས།། ཕྱིའི་དོན་ཡོད་པ་མེ་ཡིན་གྱི་རྣམ་པར་ཤེས་པ་ཉིད་དེ་ལྟར་སྣང་ངོ་།། རྣམ ་པར་ཤེས་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་སྟེ། རྒྱན་གྱི་རྟག་པ་ཡིན་པར་དོན་དམ་པར་ཡང་ཡོད་དེ། གནས་གྱུར་པའི་དུས་ན་ཡང་གཟུང་བ་དང་འཛིན་པ་ལས་དབེན་པ་གཉིས་སུ་མེད་པའི་ཡེ་ཤེས་ཕྱིན་ཅི་མ་ལོག་པར་ཡོངས་སུ ་གྲུབ་པ་ཡོད་དོ།། ཞེས་འཆང་ངོ་།། དབུ་མ་རྣམ་གཉིས་ཀྱི་ཚུལ་ཇི་ལྟ་བུ་ཞེ་ན། སྔོན་གྱི་དབུ་མའི་མཁན་པོ་ཨཱ་ཙིརྱཱ་ནྱཱ་གཱརྫུ་ན་དང་། ཨཱརྱ་དེ་བས་དབུ་མའི་བསྟན་བཅོས་མཛད་པར་ཟད་དེ། རྣམ་པ་གཉིསུ་ཕྱེ་བ་ཡང་མང་། དེ་རཱི་འོག་ཏུ ་ཨཱ་ཙརྱ་ཨ་སྱཱང་ག་དང་། བ་སུ་བནྡྷས་རྣམ་པར་ཤེས་པ་ཙམ?་དུ་སྨྲ་བའི་བསྟན་བཅོས་མཛད་དེ། ཕྱི་རོལ་གྱི་ཡུལ་མེད་ཀྱི་རྣམ་པར་ཤེས་པ་ཉིད་ཡུལ་དུ་སྣང་བར་བསྒྲུབས་ཤིང་། རྣམ་པར་ཤེས་པ་དག་པ་གཉིས་སུ་མེད་པ་ནི་དོན་དས ་པར་ཡང་ཡོད་པར་བཤད་པ་ལ་ཕྱིས་དགུ་མའི་མཁན་པོ་བྷ་བྱཾ་ཞེས་བྱ་བ། ཨཱ་ཙརྱ་ནཱ་གཱརྫུ་ནའི་ལུགས་ཀྱི་མན་ངག་ཡོད་པས་དངོས་གྲུབ་རྙེད་པ་ཞིག་བཞུགས་པས། རྣམ་པར་ཤེས་པ་ཙམ་དུ་སྨྲ་བ་སུན་ཕྱུང་སྟེ། ཐེག་པ་ཆུང་ངུ་པ། ཕྱི ་རོལ་གྱི་དོན་ཡོད་པར་སྨྲ་བ་ནི་ཕྱི་རོལ་གྱི་དོན་ཞེས་བྱ་བ་ནི་འབྱུང་བ་ཆེན་པོ་བཞི་དང་། དེ་ལས་གྱུར་པའི་གཟུགས་ལ་སོགས་པ་ཡིན་ཏོ།། དེ་དག་ནི་མངོན་སུམ་གྱི་ཚད་མས་ཀྱང་ཡོད་པར་གྲུབ་ལ། ཕུང་པོ་ལྔ་ལས་ཀྱང་གཟུགས་ཀྱི་ཕུང ་པོ་དང་ཁམས་དང་། སྐྱེ་མཆེད་ལས་ཀྱང་དབང་པོ་གཟུགས་ཅན་དང་། དེ་དག་གི་ཡུལ་རྣམས་ནི་འབྱུང་བ་ཆེན་པོ་བཞི་དང་། དེ་ལས་གྱུར་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཡོད།། ་ཞེས་གསུངས་ཤིང་། འབྱུང་བ་ཆེན་པོ་ལ་སོགས་པའི་རང་དང་མ་རིག་པ་ནི་དགག་ཏུ་རུང་ལ། དེ་འགགས་ན་རྒ་ཤིའི་བར་དུ་འགགས་པར་མཐོང་།། རྟེན་ཅིང་འབྲེལ་པར་འབྱུང་བ་ལུགས་དང་འཐུན་པ་དང་། ལུགས ་དང་འཐུན་པ་ཀུན་ནས་ཉོན་མོངས་པ་རྣམ་པར་བྱེད་པའི་ཕྱོགས་རྟོགས་པས། འཁོར་བའི་སྡུག་བསྔལ་གྱིས་སྐྱོ་ཞིང་ཡིད་བྱུང་སྟེ། རྣམ་པར་བྱང་བ་ལ་མངོན་སུམ་དུ་ཕྱོགས་ནས། བདག་འབའ་ཞིག་བྱང་ཆུབ་པ་དང་། མྱ་ངན་ལས་འདས་པར་བྱ། ་བའི་ཕྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ། དགེ་བ་སྤྱོད་ཅིང་སྙིང་རྗེ་ཆུང་སྟེ། སེམས་ཅན་མང་པོའི་དོན་མི་བྱེད་པར་རང་སངས་རྒྱས་ཀྱི་ཐེག་པ་ཞེས་བྱའོ།། རང་སངས་རྒྱས་ནི་འཕགས་པ་བི་བྷཱ་ཤ་ན་ལུང་བསྟན་པའི་མདོ་ལས། རྟེན་ཅིང་འབྲེལ་པར ་འབྱུང་བ་ཟབ་མོ་མི་མཐོང་བ་དང་། ཆོས་དབྱིངས་མཐའ་ད་བུས་མེད་པ་རྟོགས་སོ་ཞེས་གསུངས་པ་དང་ཡོ་ག་ཙརྱ་ཊཱི་ཀ་ལས་གཟུགས་ཀྱི་ཕུང་པོ་ལ་ཆོས་ལ་བདག་མེད་པར་རྟོགས་སོ་ཞེས་འབྱུང་བ་དང་། མངོན་པར་རྟོགས་པ་འཐོབ ་པའི་དུས་ན་ཡང་སློབ་དཔོན་ལ་མི་བལྟོས་པར་བདག་ཉིད་ཀྱིས་ཆོས་ཉིད་རྟོགས་པར་ནུས་ཏེ། དབང་པོ་རྣོ་བ་ཉན་ཐོས་ལས་ཁྱད་པར་དུ་འཕགས་སོ།། ཐེག་པ་ཆེན་པོ་ནི་དོན་དམ་པར་དངོས་པོ་ཐམས་ཅད་རང་བཞིན་མེད་པར་རིག་ཅིང་། འཁོར་བ ་དང་མྱ་ངན་ལས་འདས་པ་གཉིས་སུ་མེད་པར་རྟོགས་པ་དང་ཀུན་རྫོབ་ཏུ་དངོས་པོ་སྒྱུ་མི་ཙམ་དུ་དམིགས་པས། ཤེས་རབ་དང་སྙིང་རྗེ་ཆེན་པོ་དང་ལྡན་ཏེ། འཁོར་བ་ཡང་མི་སྲིང་། མྱ་ངན་ལས་འདས་པ་ཡང་མི་ལེན་པར་སེམས་ཅན ་ཐམས་ཅད་ཀྱི་དོན་དུ་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སྤྱོད་ཅིང་། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་བསྒྲུབ་པ་སྟེ། མདོར་ན་བྱང་ཆུབ་སེམས་དཔའི་ས་བཅུ་འབྲས་བུ་སངས་རྒྱས་ཀྱི་ས་དང་བཅས་པ་ནི་ཐེག་པ་ཆེན་པོ་ཞེས་བྱའོ།། ་ཐེག་པ་ཆེན་པོ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལས། ཆེན་པོ་རྣམ་པ་བདུན་གྱི་ཁྱད་པར་དུ་འབགས་པ་སྟེ། ཆེན་པོ་རྣམ་པ་བདུན་ནི་དམིགས་པ་དང་། བསྒྲུབ་པ་དང་ཡེ་ཤེས་དང་བརྩོན་འགྲུས་དང་ཐབས་དང་ཡང་དག་པར ་འགྲུབ་པ་དང་། ལས་ཆེན་པོའོ།། དེ་ལ་མི་དམིགས་པ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་དང་། དཀོན་མཆོག་བརྩེགས་པ་ཆེན་པོའི་འབུམ་དང་། འདུས་པ་ཆེན་པོ་འབུམ་ལ་སོགས་པ་ཐེག་པ་ཆེན་པོ་མདོ་སྡེ་མཐའ་ཡས་པ། ་བྱང་ཆུབ་སེམས་དཔའི་ལམ་བཤད་བའི་ཆོས་ལ་དམིགས་པའོ།། བསྒྲུབ་པ་ཆེན་པོ་ནི་བདག་དང་གཞན་གྱི་དོན་ཐམས་ཅད་སྒྲུབ་པའོ།། ཡེ་ཤེས་ཆེན་པོ་ནི་གང་ཟག་དང་ཆོས་ལ་བདག་མེད་པར་རྟོགས་པའོ།། བརྩོན་འགྲུས་ཆེན་པོ་ནི ་བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་དུ་བྷ་དཀའ་བ་རྣམ་པ་མང་པོ་ལ་སྦྱོར་བའོ།། ཐབས་ལ་མཁས་པ་ཆེན་པོ་མོ་འཁོར་བ་དང་མྱ་ངན་ལས་འདས་པ་ཆེན་པོ་ལ་མི་གནས་པའོ།། ཡང་དག་པར་འགྲུབ་པ་ཆེན་པོ་ནི་སྟོབས་བཅུ ་དང་། མི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལོ་སོགས་པ་ཡོན་ཏན་དཔག་ཏུ་མེད་པར་འགྲུབ་བོ།། ལས་ཆེན་པོ་ནི་འཁོར་བ་ཇི་སྲིད་པ་དེ་སྲིད་དུ་སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་སྒྲུབ་ཅིང་མཛད་པའོ།། ་ཐེག་པ་གསུམ་དུ་ཡང་གསུངས་པ་གཅིག་ཅེས་ཀྱང་གསུངས་པ་གང་བདེན་ཅི་ལས་དགོངས་ཤེས་ན། འདུལ་བའི་དབང་གི་ཕྱིར་མོས་པའི་རྐྱེན་ཙམ་དུ་དབང་པོའི་རིམ་པ་དང་སྦྱར་ནས་ཐེག་པ་གསུམ་དུ་བཤད་དེ། ཐེ ་བ་གཉིས་ནི་ཉན་ཐོས་དང་རང་སངས་རྒྱས་འཁོར་བས་སྐྱོ་ཞིང་སྡུག་བསྔལ་མི་བཟོད་པས། དེ་གྱུར་དུ་ཞི་བར་བྱ་བའི་ཕྱིར་རིངས་ཐབས་བསྟི་བའི་གནས་ཙམ་དུ་ཟད་དེ། གཏན་ཏུ་མྱ་ངན་ལས་འདས་པའི་གནས་མ་ཡིན་པས། འབྲས་བུ་ཐོ ་ནས་སངས་རྒྱས་ཀྱིས་བསྡུབ་ཏེ། ཆོས་ལ་བདག་མེད་པར་རྟོགས་པར་མཛད་ཅིང་།། བྱང་ཆུབ་ཀྱི་སྤྲིང་བ་ལ་སྨོད་དུ་བཅུག་ནས། དེས་བསྒྲུབས་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། ཕྲ་མར་ཐེག་པ་ཆེན་པོ ་འདུ་བས་ལངྐར་གཤེགས་པའི་མདོ་ལས་ཉན་ཐོས་ཟག་པ་མེད་པའི་དབྱིངས་ལ་གནས་པ་དེ་བཞིན་གཤེགས་པའི་འོད་ཟེར་གྱིས་བསྐུལ་ཏེ། ཐེག་པ་ཆེན་པོ་ལ་འཇུག་ཅིང་ཐེག་པ་གཅིག་ཏུ་བཤང་པ་དང་། དམ་པའི་ཆོས་པདྨ་དཀར་པོརི་མ ་ལས། ཉན་ཐོས་མང་པོ་སངས་རྒྱས་སུ་འགྲུབ་པར་ལུང་བསྟན་ཅིང་། ཐེག་པ་གཅིག་ཏུ་བཤད་པ་ལ་སོགས་པའི་ཚུལ་གྱིས་ཐེག་པ་གསུམ་དུ་མེད་དེ་གཅིག་ཏུ་ཟད་དོ།། མདོ་སྡེ་གཞན་ལས་རིགས་ལྔ་དང་སྦྱར་ཏེ། ཐེག་པ་གསུམ་དུ་བཤད ་རིགས་ལྔ་ཡང་རིགས་ཡོང་གིས་དེ་ལྟར་ངེས་ཏེ། གཏན་དུ་ཡོད་པ་ནི་མ་ཡིན་གྱི་འཕྲིན་ལས་ཀྱི་དུས་ལ་བལྟོས་ཏེ་སྔར་ཕྱེ་བར་ཟད་ངོ་།། མདོ་ཁ་ཅིག་ལས་ཞི་བོ་ཕྱོགས་གཅིག་པའི་ཉན་ཐོས་ནི་དེ་བཞིན་གཤེགས་པ་མང་པོས་བསྐུལ་ཀྱང ་བརྒྱང་རྒྱ་བའི་སྐམ་པ་བྱེད་དོ།། རས་འགྱུར་བ་ཡང་བདེན་པ་བདི་ལ་ངེས་པ་རྙེད་ནས། དགྲ་བཅོམ་པའི་འབྲས་བུ་མ་ཐོབ་པའི་བྱུར་དུ་བསྒྱུར་དུ་མི་རུང་སུ་བྱའོ།། མགོག་ཅིག་ལས་དགྲ་བཅོམ་པ་ནི་ས་བོམཚིག་པ་དང་འདྲ་ཞེས་འབྱུང་བ་དང་། མཆིང་དུ། ་བྱི་དོར་བྱས་ཀྱང་རིན་པོ་ཚྭ་བཻ་ཌཱུ་རྱ་མི་འགྱུར་བའི་དཔེས། ཉན་ཐོས་སངས་རྒྱས་སུ་མི་འགྲུབ་པ་སྐད་འབྱུང་བ་ཡང་། ཐོག་མ་ནས་ཐེག་པ་ཆེན་པོ་ལ་འཇུག་པར་བྱ་ཞིང་། དོན་ཅུང་ངུ་ཉིད་ལས་དང་འགྱུར་བ་ཐེག་པ་དམན་པ་ལ་མི་འཇུག་པར ་དགའ་བོའི་ཕྱིར་སྨད་པ་ཡིན་ནོ།། ཚུས་འདི་ལྟར་མི་འདོད་ན་ནི་འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལ་སོགས་པ་མདོ་སྡེ་མང་པོ་ལས་སེམས་ཅན་ཐམས་ཅད་ནི་དེ་བཞིན་ག། འི་སྙིང་པོ་ཅམ་ཡིན་ནོ་ཞེས་འབྱུང་བ་དང་། སེམས་ཅན ་ཐམས་ཅད་སངས་རྒྱས་སུ་འགྱུར་ཏེ། སྣོད་མ་ཡིན་པ་གང་ཡང་མེད་དོ་ཞེས་འབྱུང་བ་ལ་སོགས་པ་དང་། འགཡེ་བར་འགྱུར་བ་ནས། ཐེག་པ་གཉིས་ཀྱང་ཐ་མ་ཐེག་པ་ཆེན་པོར་འདུས་ཏེ། ས་མར་ཐེག་པ་ས་ཅིག་ཏུ་འདུ་བར་མྱ་ངོན་མོ། ་སྟེ་ཤེས་བཞི་ནི་མེ་ལོང་ལྟ་བུའི་ཡེ་ཤེས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། སོ་སོར་རྟོག་པའི་ཡེ་ཤེས་དང་། བྱ་བ་སྒྲུབ་པའི་ཡེ་ཤེས་སོ།། དེ་ལ་མེ་ལོང་ལྟ་བུའི་ཡེ་ཤེས་ནི་ཆོས་ཀྱི་དཤྲཱི་ས་རྣམ་པར་དལ་པ་དང་། བྱམས་པ་ཆེན་པོ་དང ་སྙིང་རྗེ་ཆེན་པོ་དང་ལྡན་པ། སངས་རྒྱས་ཀྱིས་མི་གནས་པའི་མྱ་ངན་ལས་འདས་པ་ལ་ཞུགས་པ།། གཟུགས་དང་ཁ་རིག་དང་སྐུ་སྣ་ཚོགས་ཀུན་ཏུ་སྟོན་པའི་བཞིར་གྱུར་པའོ།། སོ་སོར་རྟོག་པའི་ཡེ་ཤེས་ནི་ཡིད་ཀྱི་རྣམ་པར་ཤེས་པ་གནས ་གྱུར་པས། གཟུགས་དང་། ཏིང་ངེ་འཛིན་དང་བསམ་གཏན་དང་། སྙོམས་པར་འཇུག་པ་ཐམས་ཅད་ཀྱི་གཞིར་གྱུར་ཅིག་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་ཡེ་ཤེས་འཇུག་པས། ཆོས་ཀྱི་ཆར་ཆེན་པོ་འབེབས་ཤིང་། ་ཐེ་ཚོམ་སྣ་ཚོགས་གཅོད་པ་དང་། མཚམས་མ་མེད་པ་ལ་དམིགས་པས། རྟོག་པ་ཐམས་ཅད་དང་བྲལ་ཏེ། གཞི་རྣམ་པར་ཤེས་པ་གནས་གྱུར་པ། བསྙེ། ལ་བ་མི་མངའ་བ་མ་ལུས་པ་ལ་དམིགས་པ། མེ་ལོང་ཕྱིས་པའི་ནང་དུ་གཟུགས ་བརྙན་ཅི་ཡིང་འབྱུང་ཞིང་སྣང་བ་བཞིན་དུ་དེ་ཡང་ཡེ་ཤེས་དང་ཆོས་ཐམས་ཅད་ཀྱི་གཟུགས་བརྙན་འབྱུང་བའི་གཞི་ཡིན་པས། མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་བྱའོ།། མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་བྱང་ཆུབ་སེམས་དཔའི་ས་དང་པོ་ལ་ཆོས་ཐམས ་ཅད་རོ་གཅིག་པའི་དེ་བཞིན་ཉིད་མངོན་པར་རྟོགས་པའི་དུས་ན། བདག་དང་གཞན་དུ་མི་བྱེད་ཅིང་མཉམ་པ་ཉིད་དུ་རྟོགས་པའི་ཐོབ་པ་གང་ཡིན་པ་དེ་ཉིད་ལ་དམིགས་ཤིང་གོང་ནས་གོང་དུ་སྦྱངས་པས། ཉོན་མོངས་པ་ཅན་གྱི་ཡིད་གྱུར་ཏེ། ་ཤེལ་དང་བཻ་ཌཱུརྱ་ལ་སོགས་པའི་ཁ་དོག་གི་སྐུ་སྟོན་པའི་རྒྱུར་གྱུར་པའོ།། བྱ་བ་སྒྲུབ་པའི་ཡེ་ཤེས་ནི་མིག་ལ་སོགས་པའི་དབང་པོ་ལྔའི་རྣམ་པར་ཤེས་པ་གནས་གྱུར་པས། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འདུལ་བའི་སེམས ་ཅན་གྱི་བསམ་པ་དང་། མོས་པ་ཇི་ལྟ་བ་བཞིན་དུ་ཐབས་སྣ་ཚོགས་དཔག་ཏུ་མེད་པས། ཡོངས་སུ་སྨིན་པར་བྱ་བ་དང་། རྣམ་པར་གྲོལ་བར་བྱ་བ་སྒྲུབ་པའི་གཞིར་གྱུར་པའོ།། སྐུ་གསུམ་ནི་ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས ་པའི་སྐུ་དང་། སྤྲུལ་པའི་སྐུའོ།། དེ་ལ་ཆོས་ཀྱི་སྐུ་ནི་རྣམ་པར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན། གཟུགས་ཅན་མ་ཡིན་པ། ཤེས་བྱ་ཐམས་ཅད་ཏུ་ཁྱབ་པ། སངས་རྒྱས་ཀྱི་ཆེ་བ་ཉིད་ཏིང་འཛིན་ལ་སོགས་པ་ཡོན་ཏན་ཐམས་ཅད་ཀྱི་འབྱུང ་གནས་དེ་བཞིན་ཉིད་དང་། ཀུན་གཞི་རྣམ་པར་ཤེས་པ་རྣམས་པར་དག་པ་ལ་བྱའོ།། དེ་ལྟར་ནི་ཅི་མངོན་ཞེ་ན་འཕགས་པ་གསོར་འོད་དམ་པའི་མདོ་ལས་སྒྲིབ་པ་ཐམས་ཅད་དང་བྲལ་ཞིང་། དགེ་བའི་ཆོས་ཐམས་ཅད་རྫོགས་པའི་ཕྱིར་རོ། ་དེ་ཁོ་ན་ཉིད་དང་ཡང་དག་པའི་ཡེ་ཤེས་ནི་ཆོས་ཀྱི་སྐུ་ཞེས་གསུངས་སོ།། འཕགས་པ་སངས་རྒྱས་སའི་ཊཱི་ཀ་ལས་ཀྱང་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། མེ་ལོང་ལྟ་བུའི་ཡེ་ཤེས་ནི་ཆོས་ཀྱི་སྐུའོ་ཞེས་བཤད་དེ། ཆོས་ཀྱི་དབྱིངས་རྣམ་པར ་དག་པ་ནི་ཆོས་རྣམས་ཀྱི་དེ་བཞིན་ཉིད་དྲི་མ་མེད་པ་ཡིན་ལ་མེ་ལོང་ལྟ་བའི་ཡེ་ཤེས་ནི་དེ་བཞིན་ཉིད་འ་མིགས་པ་རྣམ་པར་མི་རྟོག་པ་ཡིན་པས། འདི་གཉིས་ནི་ཆོས་ཀྱི་སྐུའོ།། ཐ་སྙད་དུ་ཐ་དད་པ་སྐད་དུ་བྱ་ཡང་། དངོས་སུ་ནི་མི་དམིགས ་པར་བྱ་བ་དང་། དམིགས་པར་བྱེད་པར་དབྱེར་མེད་དེ། དེ་སྐད་དུ་དབུས་དང་མཐའ་རྣམ་པར་འབྱེད་པའི་ཊཱི་ཀ་དང་། མདོ་སྟེ་རྒྱན་གྱི་ཊཱི་ཀཱ་ལས་ཀྱང་བཤད་དོ།། སྐུ་དེ་ཏིང་ངེ་འཛིན་ལ་སོགས་དང་ལྡན་པར་ནི་འཕགས་པ་གསེར་འོད་དམ ་པ་དང་། སངས་རྒྱས་ཀྱི་སའི་མདོ་ལས་རྒྱས་པར་བཤད་དོ།། མདོ་སྡེ་རྒྱན་ལས་མེ་ལོང་ལྟ་བུའི་ཡེ་ཤེས་དེ་ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཀྱང་དེ་བཞིན་ནོ་ཞེས་འབྱུང་བ་ནི་དེའི་རྒྱུར་གྱུར་པ་ཙམ་ལ་བྱ་སྟེ། དེ་ཉིད་ལས་ཡེ་ཤེས ་ཐམས་ཅད་ཀྱི་འབྱུང་གནས་ཡིན་ནོ་ཞེས་ཀྱང་བཤད་ལ། དེའི་ཊཱི་ཀཱ་ལས་དེའི་རྒྱུར་གྱུར་པའི་ཕྱིར་རོ་ཞེས་བཤད་དོ།། འཕགས་པ་གསེར་འོད་དམ་པའི་མདོ་ལས་ཀྱང་ཀུན་གཞི་རྣམ་པར་ཤེས་པ་གནས་གྱུར་པ་ནི་ཆོས་ཀྱི་སྐུ ་ཞེས་གསུངས་སོ།། འཕག་པ་དུང་བྲིད་གྱི་མདོ་ལས་ཀྱང་། དེ་བཞིན་གཤེགས་པའི་སྙིང་པོ་གསལ་བར་མ་གྱུར་པའི་ཚེ་ནི་ཀུན་གཞི་ཞེས་བྱའོ།། གསལ་བར་གྱུར་པ་དེའི་ཚེ་ནི་ཆོས་སྐུ་ཞེས་བྱའོ་ཞེས་གསུངས་སོ།། འཕགས་པ་དགོངས ་པ་ངེས་པར་འགྲེལ་པའི་མདོ་ལས་ཀྱང་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུའི་མཚན་ཉིད་ནི་ས་བཅུ་དང་ཕ་རོལ་ཏུ་ཕྱིན་པ་བཅུ་ཤིན་ཏུ་བསྒོམས་པའི་ངེས་པར་འབྱུང་བས། གནས་གྱུར་པ་ཡང་དག་བྱར་གྲུབ་པའོ་ཞེས་གསུངས ་ཏེ། ཀུན་གཞི་རྣམ་པར་ཤེས་པ་གནས་གྱུར་པ་ལ་བྱའོ།། དོན་བསྡུས་པ་ཞེས་བྱ་བའི་བསྟན་བཅོས་ལས་ཀྱང་ཆོས་སྐུ་ཞེས་བྱ་བ་ལ་ཆོས་ནི་ཐོག་མ་མེད་པ་ནས་རིགས་སུ་གྱུར་པ་དེ་བཞིན་གཤེགས་པའི་སྙིང་པོ་ལ་བྱ་སྟེ། སེམས་ཅན ་ཐམས་ཅད་ཀྱི་རང་བཞིན་ནོ།། དེ་ནི་ཡང་དག་པ་མི་ཡིན་པས་བསྒྲིབས་པས་དྲི་མ་ཅན་དུ་གྱུར་ཏེ། གང་གི་ཚེ་སྦྱོར་བ་སྔོན་དུ་བཏང་ནས། འཁྲུལ་པ་དང་བྲལ་བ་དེའི་ཚེ་རང་བཞིན་དུ་འགྱུར་རོ།། རང་བཞིན་དུ་གྱུར་པ་དེ་ནི་ཆོས་ཀྱི་སྐུ་ཞེས ་བཤད་དོ།། ལོངས་སྤྱོད་རྫོགས་པའི་སྐུ་ནི་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་ན།། ཆོས་ཀྱི་ལོངས་སྤྱོད་ཆེན་པོ་མ་ལུས་པར་མྱོང་བ་མཛད་པ། རྣམ་པར་སྣང་མཛད་ལ་སོགས་པའི་སྐུ་སྟེ། མཚན་དང་དཔེ་བྱད་བཟང་པོ་ཐམས ་ཅད་དང་ལྡན་པའོ།། འཕགས་བྱ་སངས་རྒྱས་ཀྱི་སཥཱི་ཊཱི་ཀ་ལས་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་སོ་སོར་རྟོག་པའི་ཡེ་ཤེས་སུ་བཤད་དོ།། དེ་ཡང་རུང་བར་ཅི་མངོན་ཞེ་ན། འཕགས་པ་གསེར་འོད་དམ་པའི་ལྕེ་མདོ་ལས་ཉོན་མོངས་པ ་ཅན་གྱི་ཡིད་གནས་གྱུར་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་གསུངས་ཏེ། དེ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན་ནོ།། འཕགས་པ་སངས་རྒྱས་ས་ལས་ཀྱང་།། ད་བབེན་གཤེགས་པ་རྣམས་ཀྱི་སོ་སོར་རྟོག་པའི་ཡེ་ཤེས་ལ། སངས ་རྒྱས་དང་བྱང་ཆུབ་སེམས་དཔའི་མཐུ་དང་ལྡན་པའི་ཆོས་རྒྱ་ཆེན་པོ་སྟོན་པ་དག་སྣང་ངོ་ཞེས་གསུངས་སོ།། འཕགས་པ་རྡོ་རྗེ་རི་རབ་ཀྱི་ཟོམ་ལས་ཀྱང་ལོངས་སྤྱོད་རྫོགས་པའི་སྐུ་ནི་བསོད་ནམས་ཆེན་པོའི་རྒྱུ་འཐུན་པ་ཞེས་གསུང ་པས། དེ་ནི་ཡེ་ཤེས་གཉིས་དང་ལྡན་པའི་གཟུགས་ཀྱི་སྐུའོ།། སྤྲུལ་པའི་སྐུ་ནི་ཤཱཀྱ་ཐུབ་པའི་སྐུ་ལ་སོགས་པ་སྤྲུལ་པ་གང་གིས་སེམས་ཅན་རྣམས་ཀྱི་དོན་མཛད་པ་སྟེ། དེ་ནི་བྱ་བ་བསྒྲུབ་པའི་ཡེ་ཤེས་སོ།། དེ་ཅེས་མངོན་ནོ། ་ན། འཕགས་པ་གསེར་འོད་དམ་པའི་མདོ་ལས་ཀྱང་འཇུག་པའི་རྣམ་པར་ཤེས་པ་གནས་གྱུར་པ་ནི་སྤྲུལ་པའི་སྐུའི་ཞེས་གསུངས་ལ། འཕགས་པ་སངས་རྒྱས་ཀྱི་སའི་ཊཱི་ཀཱི་ལོས་ཀྱང་བྱེ་བ་བསྒྲུབ་པའི་སྐུ་ཡིན་ནོ་ཞེས ་བཤད་དོ།། འཕབས་པ་སངས་རྒྱས་ཀྱི་སའི་མདོ་ལས་ཀྱང་བྱ་བ་བསླབ་པའི་ཡེ་ཤེས་ནི་ལུས་སྤྲུལ་པའི་ལས་བྱུང་བ་ངེས། དེ་བཞིན་གཤེགས་པ་རྣམས་སེམས་ཅན་ལས་དང་བཟོའི་གནས་ཐམས་ཅད་ཀྱིས་རྒྱགས ་དྲེགས་པ་རྣམས་ལ། ལས་དང་བཟོའི་གནས་ཐམས་ཅད་ཉེ་བར་བརྟན་ཏེ། ཟིལ་གྱིས་མནན་ནས་ཐབས་མཁས་པ་དེས་ཀྱང་བསྟན་པ་ལ་འཛུད་དེ། དེ་ཡོངས་སུ་སྨིན་པར་བྱེད། རྣམ་པར་གྲོལ་བར་བྱེད་དོ་ཞེས་སྐུ ་དང་གསུང་དང་ཐུགས་ཀྱི་སྤྲུལ་པ་རྒྱ་ཆེར་བཀར་སྩལ་ཏོ།། དེ་ལ་སྐུ་སྤྲུལ་པ་ནི་རྣམ་པ་གསུམ་སྟེ། བདག་གི་ལུས་དང་འབྲེལ་པ་དང་། གཞན་གྱི་ལུས་དང་འབྲེལ་པ་དང་མ་འབྲེ་ལི་པའོ།། དེ་ལ་བདག་གི་ལུས་དང་འབྲེལ་པ་ནི ་བདག་ཉིད་འཁོར་ལོས་སྒྱུར་བ་ལ་སོགས་པའི་གཟུགས་ཀུན་ཏུ་སྟོན་པའོ།། གཞན་གྱི་ལུས་དང་འབྲེལ་པ་ནི་བདུད་ལ་སོགས་པ་སངས་རྒྱས་ལ་སོགས་པའི་གཟུགས་ཀུན་ཏུ་སྟོན་པའོ།། མ་འབྲེལ་པ་ནི་ས་ལ་སོགས་པ ་རིན་པོ་ཆེ་སྣ་བདུན་དུ་ཀུན་ཏུ་སྟོན་པ་དང་། སངས་རྒྱས་ཀྱི་སྐུ་གཟུགས་དཔག་ཏུ་མེད་པ་ཀུན་ཏུ་སྟོན་པ་ལ་སོགས་པའོ།། གསུང་སྤྲུལ་པ་ཡང་རྣམ་པ་གསུམ་སྟེ། བདག་གིས་ལུས་དང་འབྲེལ་པ་ནི་ཚངས་པའི་དབྱངས་ཀྱིས་འཇིག ་རྟེན་གྱི་ཁམས་མཐའ་ཡས་པར་གོ་བར་མཛད་པའོ།། གཞན་གྱི་ལུས་དང་འབྲེལ་པ་ནི་གང་གིས་ཉན་ཐོས་ལ་སོགས་པ་ཡང་། སངས་རྒྱས་ཀྱི་གསུང་གི་ཐེག་པ་ཆེན་པའི་ཆོས་སྟོན་པའོ།། མ་འབྲེལ་པ་ནི་ནམ་མཁའ་ལ་སོགས་པ་ལ ་ཆོས་བསྟན་པའི་སྒྲ་འབྱུང་ཞེས་བྱ་བ་ལ་སོགས་པའོ།། ཐུགས་སྤྲུལ་པ་ནི་བདག་དང་གཞན་གཉིས་ཏེ། བདག་ཆོས་ཐམས་ཅད་ཐུགས་སུ་ཆུད་པ་དང་། གཞན་ཡང་སེམས་དེ་བཞིན་དུ་བསྒྱུར་བ་སྟེ། དེས་ན་ཤེས་རབ་ཆུང་ངུ་དག་ཀྱང ་ཆོས་ཟབ་མོ་ཁོང་དུ་ཆུད་པ་དང་། དྲན་པ་ཉམས་པ་ཡང་དྲན་པ་ཐོབ་ཅེས་བྱ་བ་ལ་སོགས་པ་དང་། སྦྱར་རོ་ཞེས་བཤད་།། སྐུ་གཉིས་ལ་རྟོགས་པ་མངའ་འམ་མི་མངའ་ཞེ་ན། དེ་གཉིས་ཏེ་ཆོས་ཀྱི་སྐུ་རྣམ་པར་རྟོག་པ་མི་མངའ་བ་ལས ་བྱུང་བས་རྟོག་པ་མྱི་མངའོ།། དེ་ལྟར་ཅི་མངོན་ཞེ་ན། འབགས་པ་གསེར་འོད་དམ་པའི་མདོ་ལས་ཀྱང་རྟོགས་པ་མྱོང་པ་འདྲ་མོད་ཀྱི་དེ་བཞིན་ཉིད་ལ་ནི་རྟོག་པ་མེད་དོ།། གསུམ་དུ་བགྲང་བ་ཡོང་མོད་ཀྱི་དངོས་པོ་ནི་གསུམ་དུ་མེད་དོ་ཞེས ་གསུངས་སོ།། མདོ་སྟེ་དུ་མྱ་ལས་ཀྱང་དེ་བཞིན་གཤེགས་པ་ནི་རྟག་ཏུ་མཉམ་པར་བནག་པའོ་ཞེས་བཀའ་སྩལ་ཏོ།། དེ་བཞིན་གཤེགས་པ་ལ་དག་ན་པ་འཇིག་རྟེན་པའི་ཡེ་ཤེས་མིང་འམ་མི་མངའ་ཐམས་ཅད་མཁྱེན་པས་དངོས་པོ ་རྣམས་ཀྱི་རང་གི་མཚན་ཉིད་མཁྱེན་ཏམ། སྤྱིའི་མཚན་ཉིད་མཁྱེན།། རྟོག་པ་དང་བཅས་པས་མཁྱེན་ཏམ། རྣམ་པར་མི་རྟོག་པར་མཁྱེན་ཅེ་ན། རྣམ་པར་མི་རྟོག་བཞིན་དུ་རང་དང་སྤྱིའི་མཚན་ཉིད་ཐམས་ཅུང་མཁྱེན་ཏེ། སྔོན་བྱང ་ཆུབ་སེམས་དཔའ་མཛད་ཅིང་སྒྲིབ་པ་མ་བྱུང་། ལྷུན་གྱི་མ་གྲུབ་དབང་བསམ་གྱིས་མི་ཁྱབ་པ་མ་རྙེང་པའི་ཚེ། མཉམ་པར་གཞག་པའི་དུས་ན་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་དངོས་པོ་ཐམས་ཅད་ཀྱིས་སྤྱིའི་མཚན་ཉིད་སྟོང་པ་ཉིད ་དུ་གཟིགས་ལ། དེ་ལས་གནངས་ནས་རྗེས་ལས་ཐོབ་པ་དག་པ་འཇིག་རྟེན་པའི་སེ་ཤེས་ཀྱིས་སྒྱུ་མ་ཙམ་དུ་རང་གི་མཚམ་ཉིད་མཁྱེན་པ་ང་གོང་ནས་གོང་དུ་སྦྱངས་པས། རྟོག་པ་བསལ་ཏེ་སྒྲིབ་པ་བྱང་ཆུབ་པའི་འབྲས་བུ། སངས ་རྒྱས་ཀྱི་ས་ལ་ལྷུན་གྱིས་གྲུབ་སྟེ། མཉམ་པར་འཇོག་པ་དང་། བཞེངས་པ་མི་མངའ་བར་ཤེས་བྱ་ཇི་སྙེད་པ་དེ་ཐམས་ཅད་དུས་གཅིག་ཏུ་མངོན་དུ་གྱུར་ཏེ། རྣམ་པར་རྟོག་པ་མི་མངའ་བས་རང་གི་མཚན་ཉིད་སྒྱུ་མ་ཙམ ་དུ་མཁྱེན་ཀྱང་དངོས་པོར་མི་དམིགས། མཚན་མར་མི་འཛིན་པའི་ཕྱིར། གཟུང་བ་དང་འཛིན་པའི་སྐྱོན་དུ་འགྱུར་བ་ཡང་མེད་དེ། སངས་རྒྱས་ཕལ་པོ་ཆེའི་མདོ་ལས་ཀྱང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དགོངས་པ་ནི ་ཆགས་པ་མི་མངའ་སྟེ། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱུ་སྟོང་བརྗོད་དུ་མེད་པའི་སང་བརྗོད་དུ་མེད་པར་ཡོངས་སུ་སྦྱངས་པའོ།། འཇིག་རྟེན་གྱི་ཁམས་ཐམས་ཅད་མ་ལུས་པར་ཡུལ་དུ་གྱུར་པའོ།། ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད ་ཡུལ་དུ་གྱུར་པའོ།། དུས་གསུམ་ཐམས་ཅད་ལྷ་དགོངས་པ་གཅིག་གིས་ཆགས་པ་མེད་པར་མཁྱེན་ཅིང་ཐུགས་སུ་ཆུད་པའི་ཡུལ་དང་ལྡན་པའོ་ཞེས་བྷཱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ།། འཕགས་པ་ཆོས་ཐམས་ཅད་ཡང ་དག་པར་སྡུང་བའི་མདོ་ལས་ཀྱང་། དཔེར་ན་སྒྱུ་མའི་མཁན་པོ་ཞིག། སྤྲུལ་པ་ཐར་པར་བྱ་ཕྱིར་བརྩོན།། དེས་ནི་སྔ་ནས་དེ་ཤེས་པས།། སྤྲུལ་པ་དྲི་ལ་ཆགས་པ་མེད།། སྒྱིད་གསུམ་སྤྲུལ་པ་འདྲ་བ་ནི།། རྟོགས་པའི་བྱང་ཆུབ་མཁས་པས ་ཤེས།། འགྲོ་བའི་ཆེད་དུ་གོ་བགོས་ཏེ།། འགྲོ་བ་དེ་ལྟར་སྔ་ནས་ཤེས་ཞེས་གསུངས་སོ།། དེ་བས་ན་སངས་རྒྱས་ཀྱི་ས་ལ་དག་པ་འཇིག་རྟེན་པའི་ཡེ་ཤེས་མངའ་བར་མི་འགྱུར་རོ།། དེ་ལྟར་རྣམ་པར་མི་རྟོག་པ་ལས། སྐུ་དང་གསུང་དང ་ཐུགས་སྤྲུལ་པ་ཇི་ལྟར་འབྱུང་ཞེ་ན། སྔོན་ཐུགས་རྗེ་ཆེན་པོའི་དབང་གིས་སེམས་ཅན་མ་ལུས་པའི་དོན་མཛད་པར་ཐུགས་དམ་བཅས་ཤིང་སྨོན་ལམ་ཆེན་པོ་བཏབ་ནས། ཐབས་དང་ཤེས་རབ་བསྒོམས་པ་མཐར་ཕྱིན་ཏེ། ཆོས་ཀྱི ་གྷུ་རྣམ་པར་དག་བ་སྤྲིན་གྱིས་གྲུབ་ནས་དེ་བདྨེ་དང་ཏཱིངངེ་འཛིན་དང་མཐུ་དང་བྱིན་གྱིས་བརླབས་དང་ཤུགས་བསམ་གྱིས་མི་ཁྱབ་པ་བརྙེས་པས། སྤྲུལ་བ་ཐམས་ཅད་ཀྱང་། རྣམ་པར་རྟོག་པ་མི་མྱངའ་བར། གདུལ་བྲོ་མེད་བཞིན་དུ ་ལྷུན་གྱིས་གྲུབ་པར་འབྱུང་སྟེ། དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་། དཔག་བསམ་གྱི་ཤིང་ནི་འདི་དང་འདི་དྲ་བྱུང་ཞིང་སེམས་ཅན་ལ་ཕན་གདུགས་སོ་སྙམ་དུ་མི་སེམས་མོད་ཀྱི། འོན་ཀྱང་མཐུ་ཆེན་པོ་དང་ལྡན་པ་དེ་ལས ་སེམས་ཅན་སྐུལ་བ་ཅན་གྱི་བསམ་པ་དང་འཐུན་པར་ཅི་འདོད་པ་འབྱུང་ཞིང་ཕན་འདོགས་སོ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་འདི་ལྟར་སྤྲུལ་ལོ།། འདི་སྐད་བཤད་དོ།། འདི་ལྟ་བུར་བཅོས་སོ།། འདི་ལྟར་ཕན་འདོགས་སོ་སྙམ་དུ ་མེ་དགོངས་མེད་ཀྱི། ཆོས་སྐུ་དབང་དང་མཐུ་ཆེན་པོ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་དེ་ལས། སེམས་ཅན་སྦྲུལ་བ་ཅི་ཡོད་པ་དང་འཐུན་པར་སྐུ་མཐོང་བ་དང་། གསུང་ཐོས་པ་དང་། དེནཔ་རྙེད་བྱར་འགྱུར་བ་ལ ་སོགས་པའི་སྐུ་སྤྲུལ་པ་སྣ་ཚོགས་ཡིད་བཞིན་དུ་འབྱུང་ཞིང་ཕན་འདོགས་སོ།། འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་གསུངས་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུ་མངོན ་བར་འདུ་བྱེད་པ་དང་བྲལ་མ་ཇི་ལྟར་མངོན་པར་འདུ་བྱེད་པ་མ་མཆིས་པར་སེམས་འབྱུང་བར་འགྱུར། འཇམ་དཔལ་སྔོན་ཐབས་དང་ཤེས་རབ་བསྒོམས་པའི་མངོན་པར་འདུ་བྱེད་པའི་ཕྱིར་རོ།། འཇམ་དཔལ་འདི་ལྟ་སྟེ། ་དཔེར་ན། སེམས་མེད་པར་གཉིད་ཀྱི་ལྕོགས་པའི་ཚེ། ཕྱིར་སད་པར་མངོན་པར་འདུ་བྱ་བ་མེད་ཀྱང་། སྔོན་གྱི་མངོན་པར་འདུ་བྱེད་ཀྱི་དབང་གིས་སད་བར་འགྱུར་བའང་ཡོད་དོ།། འགོག་པ་ལ་སྙོམས་པར་འཇུག་པ་ཡང་ལྡང་བར ་མངོན་པར་འདུ་བྱེད་པ་མེད་མོད་ཀྱི་སྔོན་གྱི་འདུ་བྱེད་ཀྱི་དབང་གིས་ལྡང་བར་ཡང་ཡོད་དོ།། དེ་བཞིན་དུ་དེ་བཞིན་གཤེགས་པའི་སེམས་འབྱུང་བ་ཡང་སྔོན་གྱི་ཐབས་དང་ཤེས་རབ་བསྒོམས་པའི་མངོན་པར་འདུ་བྱེད་པ་ལས་ཤེས ་བྱར་བྱ་རོ་ཞེས་གྲོ་སྦྱངས་སོ།། འཕགས་པ་གསེར་འོད་དམ་པའི་མདོ་ལེས་ཀྱང་། རིགས་ཀྱི་བུ་དཔེར་ན་ཉི་མ་དང་ཟླ་བ་ལ་ཡང་རྣམ་པར་རྟག་པ་མེད། ཆུ་དང་མེ་ལོང་ལ་ཡང་རྣམ་པར་རྟོག་པ་མེད། འོད་སྣང་བ་ལ་ཡང་རྣམ་པར ་རྟོག་པ་མེད་མོད་ཀྱི། གསུམ་འདུས་པ་ལས་གཟུགས་བརྙན་འབྱུང་ངོ་།། དེ་བཞིན་དུ་ཡང་དག་པའི་མཐའ་དང་། སང་དག་པའི་ཡེ་ཤེས་ལ་ཡང་རྣམ་པར་རྟོག་པ་མེད་མོད་ཀྱི། སྨོན་ལམ་གྱི་དབང་དང་སེམས་ཅན་གྱི་མཐུ་ལས། ་ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པའི་སྐུ་འབྱུང་ངོ་ཞེས་གསུངས་སོ།། དེ་སྐད་དུ་འཕགས་པ་དེ་བཞིན་གཤེགས་པའི་གསང་བའི་མདོ་ལས་ཀྱང་། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་རྒྱུན་རྣམས་ནི་སྒྲིབ་པ་མི་མངའ་ཞིང ་ལྷུན་གྱིས་གྲུབ་ལ། མངོན་པར་འདུ་མཛད་པ་མི་མངར་བར་གནས་སོ།། སེམས་ཅན་གྱི་སྤྱོད་པ་ཐམས་ཅད་ལ་ཡང་གཟིགས་སོ།། སེམས་ཅན་ཐམས་ཅད་ཀྱི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བར་ཡང་རབ་ཏུ་མཁྱེན་ཏོ།། ་དེའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་མཁྱེན་པ་ཡང་བསྙེལ་བ་མི་མངའ་སྟེ། དེ་བཞིན་གཤེགས་པའི་ཆོས་དེ་དག་ནི་ལྷུན་གྱིས་གྲུབ་ཅིང་། བསྒྲིབ་པ་མི་མངའ་བ་མངོན་པར ་འདུ་མཛད་པ་མི་མངའ་བར་འཇུག་གོ།། དེ་བཞིན་གཤེགས་པ་ནི་སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་ཡང་བྲལ་ལ། ཏིང་འཛིན་གྱི་གནས་ཀྱང་མི་འདོར་རོ།། སངས་རྒྱས་ཀྱི་མཛད་པ་ཐམས་ཅད་ཀྱང་མཛད་ལ། དྭའི་ཆོས་ཐམས ་ཅད་ལ་ཆགས་པ་མི་མངའ་བའི་ཡེ་ཤེས་ཀྱིས་གང་དུ་ཡང་མི་ཆགས་སོ།། ཞི་བའི་བློ་གྲོས་འདི་ལྟ་སྟེ། དཔེར་ན་དེ་བཞིན་གཤེགས་པས་སྤྲུལ་པའི་དེ་བཞིན་གཤེགས་པ་གཉིས་པ་གང་ཡིན་པ་དེ་ལ་ནི་སེམས་ཀྱང་མི་མངའ་ཡིད་ཀྱང ་མི་མངའ་རྣམ་པར་ཤེས་པ་ཡང་མི་མངའ། སྐུའི་འདུ་བྱེད་ཀྱང་མི་མངའ་གསུང་གི་འདུ་བྱེད་ཀྱང་མི་མངའ། ཐུགས་ཀྱི་འདུ་བྱེད་ཀྱང་མི་མངའ་མོད་ཀྱི། འདི་ལྟ་སྟེ་སངས་རྒྱས་ཀྱི་མཐུ་ཉིད་ཀྱིས་སངས་རྒྱས་ཀྱི་མཛད་པ་ཐམས ་ཅད་ཀྱང་མཛད་།། ཞི་བའི་བློ་གྲོས་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་སྤྲུལ་པ་དང་མཚུངས་པར་མཉམ་མོ།། སྤྲུལ་པའི་ཆོས་ཉིད་ཀྱིས་རྣམ་པར་མི་རྟོག་གོ།། དེ་ལ་སྐུའི་རྩོམ་པ་དང་། གསུངས་གི་རྩོམ་པ་དང་། ཐུགས ་རྩོམ་པ་ཡང་མི་སྦྱང་ལ། སངས་རྒྱས་ཀྱི་མཛད་པ་ཐམས་ཅད་ཀྱང་མཛད་དུ། ད་ཡང་ལྷུན་གྱིས་གྲུབ་ཅིང་། བསྒྲིབ་པ་མྱི་མང་བྱ། མངོན་པར་འང་མཛད་པ་མི་མངའ་བས་མཛད་དོ།། ངཙ་བྱུར་ན། ་ན། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པས་སྤྲུལ་པའི་རང་བཞིན་གྱི་མཚན་ཉིད་དུ་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་ཏེ། མངོན་པར་རྫོགས་པར་སངས་རྒྱས་ནུས་སེམས་ཅན་ལ་ཐུགས་བརྩེ་བས་དེ་བཞིན ་དུ་བསྟན་ཏོ།། ཞི་བའི་བློ་གྲོས་འདི་ཡང་དེ་བཞིན་གཤེགས་པའི་ཐུགས་ཀྱི་གསང་བ་སྟེ། མཉམ་པར་བཞག་པའི་གནས་ཀྱང་མི་འདོད་ལ། སེམས་ཅན་ཐམས་ཅད་ལ་རྣམ་པར་རིག་པར་ཡང་མཛད་པས། ཐུགས་བསམ་གྱིས ་མི་ཁྱབ་པ་ཉིད་དོ་ཞེས་གསུངས་སོ།། སྐུ་གསུམ་རྟག་གམ་མི་རྟག་ཅེ་ན། ཆོས་ཀྱི་སྐུ་ནི་མདོ་སྡེ་དང་བ་སྟན་བཅོས་ལས་ཀྱང་རྟག་པར་བཤད་དེ། དེ་བཞིན་གཤེགས་པ་བྱུང་ཡང་རུང་མ་བྱུང་ཡང་རུང་ཆོས་རྣམས་ཀྱི ་ཆོས་ཉིད་ནི་གནས་ང་ཉིད་དོ་ཞེས་འབྱུང་ངོ་།། དེ་ལྟ་ན་མུ་སྟེགས་ཅན་གྱི་བདག་རྟག་པར་འདོད་པ་དང་འདྲ་བར་མི་འགྱུར་རམ་ཞེ་ན། དེ་དང་མ་འདྲ་སྟེ་རྟག་པ་ནི་དེ་བཞིན་ཉིད་ལ་བྱ་ན། དེ་ནི་དངོས་པོར་གཟུང་དུ་མེད་པས། ་དེ་ཉིད་ཀྱང་བདག་མ་ཡིན་ལ་དེ་ལ་གང་ཟག་གི་དངོས་པོ་དང་། ཆོས་ཀྱི་དངོས་པོའི་བདག་ཀྱང་མེད་པས་དེ་ལྟར་མི་འདྲའོ།། དེ་ལྟ་བས་ན་དེ་ནི་དོན་དུ་ན་རྟག་པ་ཡང་མ་ཡིན་མོ་རྟག་པ་ཡང་མ་ཡིནོ།། དེ་ལྟར་ཅི་མངོན་ཞེས། ་འཕགས་པ་ལངྐར་གཤེགས་པའི་མདོ་ལས། དེ་བཞིན་གཤེགས་པ་ནི་རྟག་པ་ཡང་མ་ཡིན་ཏེ། རྟག་ཏུ་ཟིན་ན་ནི་རྒྱུར་འགྱུར་རོ།། བློ་གྲོས་ཆེན་པོ་མུ་སྟེགས་བྱེད་པ་ཐམས་ཅད་ཀྱི་རྒྱུ་ནི་མྱ་བྱས་པ་རྟག་པ་སྟེ། དེ་བས་ན་མ་བྱས ་པ་རྟག་པའི་ཕྱིར། དེ་བཞིན་གཤེགས་པ་ནི་རྟག་པ་ཡང་མ་ཡིན་ནོ།། མི་རྟག་ན་ནི་བྱས་པའི་མི་རྟག་པར་འགྱུར་རོ།། ཞེས་རྒྱ་ཆེར་གསུངས་སོ།། འཕགས་པ་གསེར་འོད་དམ་པའི་མདོ་ལས་ཀྱང་། རིགས་ཀྱི་བུ་སྐུད་གསུམ ་ནི་རྟག་པའི་རྣམ་གྲངས་ཡོད་པས་རྟག་པ་ཞེས་ཀྱང་བྱ། མི་རྟག་པའི་རྣམ་གྲངསོ་ཡོད་པས་མི་རྟག་པ་ཞེས་བྱ་བ་སྟེ། སྤྲུལ་པའི་སྐུ་ནི་ཐབས་མཁས་པས་གནས་ཐམས་ཅད་དུ་རྐྱེན་ཇི་ལྟ་བ་བཞིན་དུ་རྒྱུན་མི་འཆད་པར ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་བརྟག་པའོ།། དྭ་རྩ་བ་མ་ཡིན་པའི་ཕྱིར་སྤྱོད་པ་ཆེན་པོ་ཕུན་སུམ་ཚོགས་པ་མངོན་དུ་མི་འབྱུང་བས་མི་རྟག་པ་ཞེས་བྱའོ།། ལོངས་སྤྱོད་རྫོགས་པའི་སྐུ་ནི་རྒྱུན་མི་འཆང་།། སངས་རྒྱས ་ཐམས་ཅད་ཀྱི་མ་འདྲེས་པའི་ཆོས་འཛིན་ཅིང་སྡུད་པའི་ཕྱིར། སེམས་ཅ་ནི་མི་ཟད་པས་ནཱ་སྤྱོད་པ་མི་ཟད་དེ། དེ་བས་ནི་རྟག་པའོ།། དེ་རྩ་བ་མ་ཡིན་པའི་ཕྱིར་སྤྱོད་པ་ཆེན་པོ་ཕུན་སུམ་ཚོགས་པ་མི་འབྱུང་བས་མི་རྟག་པའོ།། ། ་ཆོས་ཀྱི་སྐུ་ནི་འདུས་བྱས་ཀྱི་ཆོས་མ་ཡིན་ཞིང་མཚན་མོ་ཐ་དད་པ་མེད་ལ་རྩ་བ་དང་གཞི་ཡིན་པས་རྟག་པའོ།། རིགས་ཀྱི་བུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལོས་གུད་ན་འཕགས་པའི་ཡེ་ཤེས་མེད་དེ། ཡང་དག་པའི་མཐའི ་ཆོས་དང་བྲལ་མ། འཕགས་པའི་སྤྱོད་ཡུལ་མེད་དོ།། ཡང་དག་པར་རྣམ་པ་གཉིས་ནི་གཅིག་པའང་མ་ཡིན་ཐ་དད་པའང་མ་ཡིན་ནོ།། དེའི་ཕྱིར་ཆོས་ཀྱི་སྐུ་ནི་ཤེས་རབ་རྣམ་པར་དག་པ་དང་། སྤྱོད་ཡུལ་རྣམ་པར ་དག་པས། རྣམ་པར་དག་པ་ཕུན་སུམ་ཚོགས་པ་ཞེས་བྱའོ།། ཆོས་ཀྱི་སྐུ་ལ་བརྟེན་ནས། ཏིང་ངེ་འཛིན་ཆེན་པོ་བསམ་གྱིས་མི་ཁྱབ་པ་མངོན་དུ་སྣང་བར་འགྱུར་རོ།། ཡེ་ཤེས་ཆེན་པོ་ཐམས་ཅད་སྣང་བར་འགྱུར་ཏེ། དེ་ལྟ ་བས་སྐུ་གཉིས་ཀྱང་ཏིང་ངེ་འཛིན་དང་ཤེས་རབ་ལ་རྟེན་ནས་མངོན་དུ་སྣང་བར་འགྱུར་རོ།། ཆོས་ཀྱི་སྐུ་ནི་བདག་གི་ངོ་བོ་ཉིད་ལ་རྟེན་ནོས་པས་རྟག་པ་ཞེས་བྱའོ།། བདག་ཅེས་བྱའོ།། ཏིང་ངེ་འཛིན་ཆེན་པོ་ལ་རྟེན་པས་བདེ་བ་ཞེས་བྱའོ། ་ཡེ་ཤེས་ཆེན་པོ་ལ་བཙུན་ནས་རྣམ་པར་དག་པ་ཞེས་བྱའོ།། དེའི་ཕྱིར་ན་དེ་བཞིན་གཤེགས་པ་ནི་རྟག་པར་བཞུགས་པ་མངའ་མཛད་པ་བདེ་ཞིང་སྐྱིད་པ་རྣམ་པར་དག་པའོ་ཞེས་གསུངས་ཏེ། སེམས་ཅན་ལས་དང་ཉོན་མོངས ་པས་འདུས་བྱས་པའི་ཕྱིར་མི་རྟག་པ་རང་དབང་མེད་པ་སྡུག་བསྔལ་བ་རྣམ་པར་མ་དག་པའི་གཉེན་པོར་དེ་སྐད་ཅེས་བཀའ་སྩལ་ཏོ།། ཡང་མདོ་སྡེ་དེ་ཉིད་ལས་དེ་ལྟ་བུའི་ཆོས་ཀྱི་སྐུ་ཏིང་ངེ་འཛིན་དང་ཤེས་རབ་དང་ལྡན་པ་ནི ་མཚན་མ་ཐམས་ཅད་ལས་འདས་པ།། མཚན་མ་ལ་མི་ཆགས་པ་རྣམས་པར་མི་རྟོག་པ། རྟག་པའང་མ་ཡིན། མི་རྟག་པའང་མ་ཡིན་པ་སྟེ་དེ་ནི་དབུ་མའི་ལམ་མོ་ཞེས་གསུངས་སོ།། འཕགས་པ་ལངྐར་གཤེས ་པའི་མདོ་ལས་ཀྱང་། ཇི་སྲིད་དུ་ཚིག་གི་རྣམ་པར་རྟོག་པ་འཇུག་པ་དེ་སྲིད་དུ་བརྟག་པ་དང་། མི་རྟག་པའི་ཉེས་པར་འགྱུར་རོ།། བློ་གྲོས་ཆེན་པོ་རྣམ་པར་རྟོག་པའི་བློ་ཟད་པས། བྱིས་པ་རྣམས་ཀྱི་རྟག་པ་དང་མི་རྟག་པར་ལྟ་ཧཱ ་ལྡོག་སྟེ། དབེན་པའི་བློ་ཟད་པའི་ཕྱིར་ནི་མ་ཡིན་ནོ་ཞེས་གསུངས་ཏེ། དེ་ལྟ་བས་ན་བསམ་གྱིས་མི་ཁྱབ་ཅིང་། ཚིག་གིས་བརྗོད་དུ་མེད་དོ།། ཐེག་པ་ཆེན་པོ་བསྡུས་པ་དང་། མདོ་སྡེ་རྒྱན་ལས་སྐུ་གསུམ་ཆར་རྟག་སྟེ། ཆོས་ཀྱི་སྐུ་ནི་མི ་འགྱུར་བས། ངོ་བོ་ཉིད་ཀྱིས་རྟག་པའོ།། ལོངས་སྤྱོད་རྫོགས་པའི་སྐུ་ནི་ཆོས་ཀྱི་ལོངས་སྤྱོད་རྒྱུན་མི་འཆད་པས། མི་ཉམས་པའི་རྟག་པའོ།། སྤྲུལ་པའི་སྐུ་ནི་ཡང་དང་ཡང་འབྱུང་བས་རྒྱུན་གྱི་རྟག་པའོ།། རྣམ་པ་གཅིག་ཏུ་ན ་སྐུ་གཉིས་ནི་ཆོས་ཀྱི་སྐུ་རྟག་པ་ལ་བརྟེན་པསོ་རྟག་པའོ་ཞེས་བཻ་ཤུང་བའང་དོན་དུ་ན་གོང་མ་བཞིན་དུ་སྦྱར་བར་འགྱུར་རོ།། མདོ་ཁ་ཅིག་ལས་རྟག་ཅེས་བཤད་ནའང་ཡིད་ཆེས་པར་གྱིས་ཤིག། མི་རྟག་ཅེས་བཤད་ན་ཡང་ཡིང ་ཆེས་པར་གྱིས་ཤིག། ཡོད་ཅེས་བཤད་ན་ཡང་ཡིད་ཆེས་པར་གྱིས་ཤིག། མེད་ཅེས་བཤད་ན་ཡང་ཡིང་ཆེས་པར་གྱིས་ཤིག། རྟག་པའང་མ་ཡིན་མི་རྟག་པ་ཡང་མ་ཡིན། ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་ཞེས ་བཤད་ན་ཡིང་ཆེས་པར་གྱིས་ཤིག། ཅེས་འབྱུང་བ་ཡང་སྒྲ་ཙམ་གྱི་ཕྱིར་འབྲང་སྟེ། དེ་ལྟར་གཟུང་བ་ཡང་མ་ཡིན་གྱི། དགོངས་པའི་དོན་རྟོགས་པར་བྱས་ལ། དེ་ལྟར་གཟུང་བ་ཡིན་ནོ།། རྣམ་པར་ཤེས་པ་བརྒྱད་ནི་མིག་རྣམ་པར་ཤེས ་པ་དང་། རྣ་བའི་རྣམ་པར་ཤེས་པ་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་དང་། ཀུན་གཞི ་རྣམ་པར་ཤེས་པའོ།། དེ་ལ་མིག་གི་རྣམ་པར་ཤེས་པ་ནི་མིག་དང་གཟུགས་ལ་བརྟེན་ནས་འབྱུང་སྟེ། སྔོན་པོ་ཙམ་དུ་ཡུལ་གྱིས་མཚན་ཉིད་ཤེས་པ་ཡིན་གྱི། འདི་ནི་སྔོན་པོའོ་ཞེས་རྟོག་པ་དང་འདྲེས་པ་ནི་མ་ཡིན་ནོ།། རྣ་བ་དང་། ་སྣེ་དང་ལྕེ་དང་ལུས་ཀྱི་རྣམ་པར་ཤེས་པའང་ཚུལ་འདི་དང་འདྲའོ།། འདི་དག་ནི་རང་བཞིན་གྱི་ཕྱི་རོལ་གྱི་ཡུལ་ལ་དམིགས་པ་སྟེ། དེ་བཞིན་ཉིད་ལ་ནམ་ཡང་མི་དམིགས་པས། གཅིག་ཏུ་ཟད་པ་དང་བཅས་པའོ།། ཡིད་ཀྱི ་རྣམ་པར་ཤེས་པ་ནཱི་ཡིད་དང་ཆོས་ལ་རྟེན་ནས་འབྱུང་སྟེ། ཡིད་ནི་རྣམ་པརཱ་ཤེས་པ་གང་ཡང་རུང་འགགས་མ་ཐག་པའོ།། ཆོས་ནི་འདུས་བྱས་པ་དང་འདུས་མ་བྱས་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ། ་ཐམས་ཅད་དྲི་ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་ནི་ཆོས་ཐམས་ཅད་དོ།། དེའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པ་ནི་ཟག་པ་དང་བཅས་པ་ཡང་ཡིན་ལྷོ། ཟག་པ་མེད་པ་ཡང་ཡིན་ནོ།། འཇུག་པའི་རྣམ་པར་ཤེས་པ་དྲུག་པོ་འདི་དག་ནི། ་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་གསུམ་ཆར་དུ་འགྱུར་ཏེ། སེམོས་ལས་བྱུང་བ་དགེ་པ་ལ་སོགས་པ་གང་ལྡན་པ་བཞིན་དུ་འགྱུར་རོ།། འདི་དག་ནི་སེམས་ལས་བྱུང་བ་ཀུན་ཏུ་འགྲོ་བ་དང་། ཡུལ་སོ་སོར་ངེས་པ་དང་། ་དགེ་བ་དང་། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་དང་། ཚོར་བའང་གསུམ་ཅུར་དང་ལྡན་ནོ།། དེ་དག་ནི་དགེ་བ་དང་མི་དག་པའི་འབྲས་མྱོང་བར་འགྱུར་བའི་རྣམ་པར་སྨིན་པར་འགྱུར་བ་དང་། རང་གི་རྒྱུན་མི་འཆད་པའི ་ས་བོན་རྣམ་པར་སྨིན་པའི་བག་ཆགས་དང་རྒྱུ་འཐུན་པའི་བག་ཆགས་དང་རྣམས་གཉིས་ཀུན་གཞི་རྣམ་པར་ཤེས་པ་ལ་སོགས་སོ།། ཡུལ་ལ་འཇུག་པ་འདི་དག་ནི་བསྟན་པ་མ་ཡིན་པ་སྟེ། འདུ་ཤེས་མེད་པ་དང་། འདུ་ཤེས་མེད ་པའི་སྙོམས་པར་འཇུག་པ་དང་། འགོག་པའི་སྙོམས་པར་འཇུག་པ་དང་། བརྒྱལ་བ་དང་། གཉིད་སྟུག་པོས་ནོན་པ་ན་ལྡོག་གོ། ཉོན་མོངས་པ་ཅན་གྱི་ཡིད་ནི་དབང་པོ་དང་ཡུལ་གཞན་ལ་རྟེན་ནས་འབྱུང་བ་མ་ཡིན་གྱི། ཀུན ་གཞི་རྣམ་པར་ཤེས་པ་ཉིད་ལ་བརྟེན་ཏེ། ཀུན་གཞི་རྣམ་པར་ཤེས་པ་ཉིད་ལ་དམིགས་ནས་འབྱུང་ངོ་།། ཇི་ལྟ་དེ་ལ་བརྟེན་ཏེ་འབྱུང་ཞེ་ན། ཀུན་གཞི་ནི་དེའི་ས་བོན་གྱི་གནས་ཡིན་ཏེ། ཇི་ལྟར་ཉོན་མོངས་པ་ཅན་གྱི་བག་ཆགས ་དེ་ལ་གནས་པས་ནཱ། དེ་ལ་བརྟེན་ཏེ་འབྱུང་།། ཇི་ལྟར་དེ་དམིགས་ཤྲཱི་ནྱ། འདི་ལྟར་ཉོན་མོངས་པ་ཅན་གྱི་ཡིད་ནི་འཇིགས་ཚོགས་ལ་ལྟ་བུ་ལ་སོགས་པ་དང་ལྡན་ཏེ་འདིའི་ཕྱིར་ང་དང་ངའི་སྙམ་པའི་རྣམ་པས་ཀུན་གཞི ་རྣམ་པར་ཤེས་པ་ཉིད་ལ་དམིགས་སོ།། འདི་ནི་སེམས་ལས་བྱུང་བའི་ཆོས་ཀུན་ཏུ་འགྲོ་བ་ལྔ་དང་། བསྒྲིབས་པ་ལུང་དུ་མ་བསྟན་པའི་ཉོན་མོངས་པ་བཞི་དང་རྟག་ཏུ་ལྡན་ནོ།། ཚོར་བ་གསུམ་ལས་ནི་ཚོར་བ་བཏང ་སྙོམས་དང་ལྡན་ནོ།། ཉོན་མོངས་པ་བཞི་ནི་བདག་ཏུ་ལྟ་བ་དང་། བདག་ཏུ་རྨོངས་པ་དང་། བདག་ཏུ་ང་རྒྱལ་དང་། བདག་ཏུ་ཆགས་པ་སྟེ། འདི་བཞིས་བསྒྲིབས་བྷ་ནི་ཉོན་མོངས་པ་ཅན་ནོ།། བསྒྲིབས་བྱའི། ་རྣམ་པར་ཤེས་པ་ནི་མི་དགེ་བ་རྣམས་དང་ལྡན་མི་སྲིད་དོ།། དེ་བས་ན་ཉོན་མོངས་པ་ཅན་གྱི་ཡིད་ནི་མི་དགེ་བ་རྣམས་དང་མི་ལྡན་པས་རྣམ་པར་སྨིན་པ་འཕེན་མི་ནུས་པ་དང་། ངར་འཛིན་པའི་ཚུལ་གྱིས་བསྦྱིན་པར་བྱེད་དོ།། ་ངབསྲོག་གཅོད་པ་བྱེད་དོ།། པ་རི་མོ་འདྲིའོ་སྙམ་པ་ལ་སོགས་པ་དགེ་བ་དང་མི་དགེ་བ་དང་། ལུང་དུ་མ་བསྟན་པ་བྱེད་པའི་གནས་སྐབས་སུ་འང་འབྱུང་བ་ལུང་དུ་མ་བསྟན་པའོ།། འདི་ནི་དགྲ་བཅོམ་པ་དང་། འཇིག་རྟེན་ལས ་འདས་པའི་ལྷམ་ཐོབ་པ་དང་། འགོག་པའི་སྙོམས་པར་འཇུག་པ་ལ་གནས་པའི་དུས་མ་གཏོགས་པར་དུས་ཐམས་ཅད་དུ་འབྱུང་ངོ་།། ཉོན་མོངས་པ་ཅན་གྱི་ཡིད་རླུང་ལྲྀང་དུ་མ་བསྟནྡྲ་པ་རྣམས་ཀྱི་ནི་རྒྱུ་འཐུན་པའི་བག་ཆགས ་གཅིག་པུ་སོགས་སོ།། ཀུན་གཞི་རྣམ་པར་ཤེས་པ་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་ཆོས་ཐམས་ཅད་ཀྱི་ས་བོན་གྱི་གཞི་ཡིན་པས་ཀུན་གཞིའོ།། རྣམ་པ་གཅིག་ཏུ་ན་དེ་ལ་ཚེ་ས་ཐམས་ཅད་འབྲས ་བུའི་དངོས་པོར་འཇུག་ཅིང་འབྲེལ་པ་འམ། དེ་ཆོས་ཐམས་ཅད་ལ་རྒྱུའི་དངོས་པོར་འཇུག་ཅིང་འབྲེལ་པས་ན་ཀུན་གཞིའོ།། ཤེས་པའི་རང་བཞིན་ཡིན་པས་ན་རྣམ་པར་ཤེས་པའོ།། ཀུན་བཞི་ནི་མིང་གཅིག་ཏུ་ན་སེམ ་ཞེས་ཀྱང་བྱ་སྟེ། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་བག་ཆགས་སོགས་པའི་ཕྱིར་རོ།། སྡང་གཅིག་ཏུ་ནི་ལེན་པའི་རྣམ་པར་ཤེས་པ་ཞེས་ཀྱང་བྱ་སྟེ། སེམས་ཅན་གྱི་རི་སཱ་དང་གང་དུ་གླང་དང་གང་གི ་ལུས་མངོན་པར་འགྲུབ་ཅིང་སྐྱེ་བ་ན། ལུས་དང་བཅས་པའི་དབང་པོ་གཟུགས་ཅན་ཉེ་བར་ལེན་པ་དང་། མིང་ཉེ་བར་ལོན་པའི་ཕྱིར་ཉེ་བར་ལེན་པ་ཞེས་བྱ་སྟེ། འདོད་པ་དང་གཟུགས་ཡོད་པའི་ཁམས་ན་ནི་གཉི་ག་ལེན་ཏོ།། ། ་གཟུགས་མེད་པའི་ཁྲིམས་ནོ་ནི་མིང་བཞི་འབའ་ཞིག་ལེན་ནོ།། ལེན་པའི་རྣམ་པར་ཤེས་པ་ཡོད་པར་ལུང་དང་རིག་པས་མངོན་ཏེ་ལུང་ནི་དགོངས་པ་ངེས་པར་འགྲེལ་པ་ལས་ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་པྲ། ས ་བོན་ཐམས་ཅད་ཆུ་བོ་བཞིན་དུ་འབབ།། བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས།། འདི་ནི་བྱིས་པ་རྣམས་ལ་ངེས་མ་བསྟན། ཅེས་གསུངས་པ་དང་། ཐེག་པ་ཆེན་པོའི་ཆོས་མངོན་པ་ལས། ཐོག་མ་མེད་པ་རུས་ཀྱི་དབྱིངས།། ་ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ།། དེ་ཡོད་པས་ན་འགྲོ་ཀུན་དང་།། མྱ་ངན་འདས་པའང་ཐོབ་པར་འགྱུར་ཞེས་གསུངས་པ་ཡིན་ནོ།། རིགས་པ་ནི་ཀུན་གནི་རྣམ་པར་ཤེས་པ་མེད་ན་འཁོར་བར་མི་རུང་སྟེ་འཁོར་བ་འགྱུར ་བའི་ས་བོན་བག་ཆགས་ཀྱི་གཞི་མེད་པར་འཁོར་བར་མི་རུང་ངོ་།། ཉོན་མོངས་པ་ཡང་སྤང་བ་ཡང་ཀུན་གཞི་མེད་ན་མི་རུང་སྟེ། འཇུག་པའི་རྣམ་པར་ཤེས་པ་ཉིད་ལ་མི་མཐུན་པའི་ཕྱོགས་དང་། གཉེན་པོ་གཉིས་དུས ་གཅིག་ཏུ་འབྱུང་དུ་མྱི་རུང་བས་ཉོན་མོངས་པ་མངོན་དུ་གྱུར་པ་ཡང་ཞེས་བྱར་ནི་རྣལ་འབྱོར་པ་ལམ་ལ་སྙོམས་པར་ཞུགས་པའི་ཉོན་མོངས་པ་མངོན་དུ་འགྱུར་མི་སྲིང་ས་བོན་གྱི་གནས་སྐབས་ཀྱི་ཆེ་ན་སྤང ་ཞེས་བྱར་ནི་གང་ན་ཉོན་མོངས་པའི་ས་བོན་གནས་པ་དེ་གཉེན་པོས་སྤང་དེ་གོས་ན། གཉེན་པོ་མ་གཏོགས་པར་ས་བོན་གྱི་གནས་གཞན་མེད་པས་དེ་སྐད་དུ་སྣང་མི་རུང་ངོ་།། དེ་ལྟ་བསྣུ་ན་ཀུན་གཞི་རྣམས་པར་ཤེས་པ་མང ་ན་ཉོན་མོངས་པ་སྤང་དུ་མི་རུང་བས། འཁོར་བ་ལས་ལྡོག་པ་མྱ་ངན་ལས་འདས་པ་ཡང་ཐོབ་པར་མི་འགྱུར་རོ།། རྣམ་པ་གཅིག་ཏུ་ན་ཀུན་གཞི་མེང་དུ་ཟིན་ན། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང་། འདུ་ཤེས ་མེད་པ་དང་། འགོག་པའི་སྙོམས་པར་འཇུག་པའི་དུས་ནི་འཇུག་པའི་རྣམ་པར་ཤེས་པ་ཐམས་ཅད་འགགས་ཏེ་མེད་པས། དེ་ལས་ལངས་པའི་ཚེ་ཅི་ལས་བརྟེན་ནས་འབྱུང་ཞེས་བྱ་སྟེ། དེ་ལྟ་བས་ནཱ་ཀུན་གཞི་རྣམ་པར ་ཤེས་པ་སྤྱོང་པར་མངོན་ནོ།། ང་སེམས་ལས་བྱུང་བ་དྷི་ཞིག་དང་ལྡན་ཙནྟེ། ཀུན་ཏུ་འགྲོ་བ་ལྔ་དང་ལྡན་ནོ།། ཚོར་བ་གསུམ་གྱི་ནང་ནས་ནི་ཚོར་བ་བཏང་སྙོམས་དང་ལྡན་ཏེ། ཀུན་གའི་རྣམ་པར་ཤེས་པ་ནི་ལུང་མ་བསྦྱིན ་ཡིན་ལ། ཚོར་བ་གཉིས་ནི་འདིད་ཆགས་ཞེ་སྡང་གི་རྒྱུ་ཡིན་ཏེ། རྣམ་པར་སྨིན་པ་བསྐྱེད་ནུས་པས་ཀུན་གཞི་དང་ལྡན་དུ་མེ་རུང་ངོ་།། དེ་ལ་བདེ་བའི་ཚོར་པ་ནི་ལས་དགེ་བ་རྣམས་ཀྱི་རྣམ་པར་སྨིན་པ་ཡིན། སྡུག་བསྔལ་གྱི་ཚོར ་བ་ནི་མི་དགེ་བ་རྣམས་ཀྱི་རྣམ་པར་སྨིན་པ་ཡིན། ཚོར་བ་བཏང་སྙོམས་ནི་དགེ་བ་དང་མི་དགེ་བ་གཉི་གའི་རྣམ་པར་སྨིན་པ་ཞེས་འབྱུང་བས། ལས་དགེ་བ་དང་མི་དགེ་བའི་རྣམ་པར་སྨིན་པ་ཀུནྡ་གཎྜཱི་རྣམ་པར་ཤེས་པ་དང་། ་ལྡན་པའི་ཚོར་བ་བཏང་སྙོམས་ཉིད་རྣམ་པར་སྨིན་པ་ཡིན་ཏེ། གཉིས་ནི་རྣམ་པར་སྨིན་པ་ལས་བྱུང་བའི་ཕྱིར་རྣམ་པར་སྨིན་པ་ཞེས་བཏགས་སོ།། ཀུན་གཞི་དམིགས་པ་དང་རྣམ་པར་གཅོད་པ་ནི་ཕྲ་སྟེ་མངོན་པས།། ་གཞན་གྱིས་མི་རྟོགས་པའི་ཕྱིར་དམིགས་པ་ཡོངས་སུ་མ་ཚང་བ་དང་རྣམ་པ་ཡོངས་སུ་མ་ཆད་པ་ཞེས་བྱ་སྟེ། དཔེར་ན་ཉི་མའི་འོད་ཀྱི་སྣང་བ་བྱུང་ན་ཟླ་བ་དང་སྐར་མའི་འོད་ཡོད་བཞིན་དུ་མི་མངོན་པ་ལྟར་རྣམ་པར་རྟོག་པ ་རགས་པའི་དབང་གིས་ཕྲ་བ་མི་རྟོགས་སོ།། ཉོན་མོངས་པ་ཅན་གྱི་ཡིད་ཀྱི་སའི་ཉོན་མོངས་པ་བཞིས་མ་བསྒྲིབས་ལ། རྣམ་པར་སྨིན་པའི་རང་བཞིན་ཏེ་རྣམ་པར་སྨིན་པ་དེ་ལས་རྣམ་པར་སྨིན་པ་གཞན་རྫི་འབྱུང ་དགེ་བ་དང་མི་དགེ་བ་ཞེས་ལུང་དུ་བསྟན་དུ་མེད་པའི་ཕྱིར་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཞེས་བྱའོ།། བདེན་པ་གཉིས་ནི་ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་པའི་བདེན་པའོ།། དེ་ལ་ཀུན་རྫོབ་ཀྱི་བདེན་པ་ནི་རྣམ་པར ་རྟོག་པ་དང་བཅས་པའི་ཤེས་པས། ཆོས་རྣམས་ཀྱི་ངོ་ཁོ་ན་ཉིད་མཐོང་བར་བྱ་བ་མི་རྟོག་ཏེ། སྒྲིབ་པས་ཡང་དག་སྒྲིབ་ཅེས་ཀྱང་བྱ།། རྣམ་པ་གཅིག་ཏུ་ན་ཆོས་ཐམས་ཅད་རང་བཞིན་མེད་ཅིང་སྟོང་པ་ལས། བྱིན་ཅི ་ལོག་གི་དངོས་པོ་སྐྱེ་ཞིང་འབྱུང་བར་མཐོང་བ་ལ་སོགས་པ་འཇིག་རྟེན་གྱི་ཐ་སྙད་དང་གྲགས་པ་ཙམ་དུ་བདེན་པ་སྟེ། ཀུན་གྱིས་ཤེས་པ་ལ་བྱ་བར་དབུ་མའི་བསྟན་བཅོས་ལས་ཀྱང་བཤད་དོ།། བློ་གྲོས་མི་ཟད ་པས་བསྟན་པ་ལ་སོགས་པའི་ནང་ནས་ཀྱང་ཇི་སྙེད་དུ་ཚིག་འབྲུ་དང་ཡི་གེས་བསྟན་པ་ཐམས་ཅད་ནི་ཀུན་རྫོབ་བདེན་པའོ་ཞེས་འབྱུང་སྟེ། མདོར་ན་དངོས་པོ་རྣམས་བརྟག་མི་བཟོད་དེ་རུང་བཞིན་མེད་ཀྱང་འཕྲུལ་དུ་བྱ་བ་བྱུང ་ནུས་པར་སྣང་ངོ་།། དེ་ཙམ་དུ་བདེན་པས་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱའོ།། དོན་དམ་པའི་བདེན་པ་ནི་ཆོས་རྣམས་ཀྱི་ཆོས་ཉིད་མི་སྐྱེ་མི་འགགས་པ་སྟེ། དེ་དོན་ཀྱང་ཡིན་ལ་དམ་པ་ཡང་ཡིན་པས་དོན་དམ་པའོ།། རྣ་མོ་པ་གཅིག ་ཏུནཱ་དམ་པའི་དོན་དུ་བཤད་།། དངོས་པོ་མེད་པར་རྟོག་པའི་ཡེ་ཤེས་དམ་པའི་ཡུལ་ཡིན་པས་དམ་པའི་དོན་ཏེ། འཕགས་པ་ཆོས་ཀྱི་ངདེ་ཁོ་ན་ཉིད་གཟིགས་པ་རྣམས་ལ་དེ་ལྟར་བདེན་པས་ན། དོན་དམ་པའི་བདེན་པ་ཞེས ་བྱའོ།། བདག་མེད་པ་རྣམ་པ་གཉིས་ནི་གང་ཟག་ལ་བདག་མྱེང་བ་དང་ཆོས་ལ་བདག་མེད་པའོ།། ང་ལ་གང་ཟག་ལ་བདག་མེད་པ་ཇི་ལྟ་བུ་ཞེ་ན། གང་ཟག་ཅེས་བྱ་བ་ནི་བློ་གྲོས་དྲན་པ་ལོག་པར་རྟོག་པ་རྣམས་ཀྱིས། ལུས ་ཀྱི་ཁོང་དུ་བྱེད་པའི་སྐྱེས་བུ་བདག་ཅེས་བྱ་བ། བྱེད་པ་པོ་དང་ཟབ་པ་པོ་རྟག་པ་གཅིག་པུ་ཞིག་ཡོད་པར་བརྟགས་ནས། སེམས་ཅན་དང་སྲོག་དང་གང་ཟག་ལ་སོགས་པའི་སྒྲར་འཇིགས་ཏེ། བདག་རྟག་པ་གཅོས ་བུ་ཞིག་ཡོད་པས། ལས་གང་གིས་བྱས་པའི་འབྲས་བུ་ཡང་དེས་མྱོང་ངོ་།། གང་བཅིངས་པ་དེས་འགྲོལ་ལོ།། གང་གིས་སྔོན་མཐོང་བ་དེས་སོ་སོར་པོ་ཤེས་སོ།། གང་གིས་བཞག་པ་དེས་དྲན་ནོ།། གལ་ཏེ་བདག་རྟག་པ་མེད་དེ ་སྐད་ཅིག་མ་ཡིན་དུ་ཟིན་ན། བྱེད་པ་ཡང་གཞན་ཟ་བ་ཡང་གཞན་པས། གཞན་གྱིས་བྱས་ལ་གཞན་གྱིས་བྱས་མྱོང་བར་འགྱུར་ཞིང་། གཞན་བཅིངས་ལ་གཞན་གྲོལ་བ་ལ་སོགས་པའི་ཉེས་པར་འགྱུར་ཏེ། དེ་ལྟ་བས་ན ་བདགུ་རྟག་པ་གཅིག་པུ་ཞིག་ཡོད་པར་འདོད་ངོ་དོ།། དེ་ནི་དེ་ལྟར་མི་རུང་སྟེ། རྟག་པ་ནི་མི་འགྱུར་པས་བྱེད་པ་པོ་དང་ཟ་བ་པོ་ཆོས་མི་མཐུན་པ་གཉིས་སུ་འགྱུར་མི་སྲིད་དོ།། རྟག་པ་གཅིག་པུ་ཡིན་པས་གང་གི་བཅིངས་པར ་ཉིད་གྲོལ་ལ་ཞེས་བྱར་ཡང་གོང་མ་ལྟ་བུའི་སྐྱོན་ཡོད་ཀྱི་སྟེང་དུ་སེམས་ཅན་ཐམས་ཅད་ནི་མི་རྟག་པར་མངོན་སུམ་དུ་སྣང་ལ་རྟག་པ་གཅིག་པུ་ནི་སུས་ཀྱང་མ་མཐོང་བས་མངོན་སུམ་དང་ཡང་འགལ་ལོ།། དེ་ཤེས་པ་དེ ་བཞིན་དུ་སྦྱར་རོ།། དེ་ལྟ་བས་ན་གང་ཟག་ཅེས་བྱ་བ་ཕུང་པོ་ལྔ་དང་ཐ་དད་པའི་རྟག་པ་གཅིག་པུ་མེད་པས་གང་ཟག་ལ་བདག་མེད་པ་ཞེས་བྱའོ།། ཅི་སྟེ་བདག་རྟག་པ་གཅིག་པུ་དེ་ཁོ་ན། ཕུང་པོ་ལྔ་ལས་གཞན་མ་ཡིན་ན་ནི་ཕུང ་པོ་བཞིན་དུ་སྐད་ཅིག་པར་འགྱུར་རོ།། ཡང་ན་ཕུང་པོ་ཡང་བདགེ་བཞིན་དུ་རྟག་པར་འགྱུར་རོ།། ཕུང་པོ་བཞིན་དུ་ཐ་དད་དུ་མར་འགྱུར་བས། གཅིག་པུ་མི་རུང་བའི་སྐྱོན་དུ་ཡང་འགྱུར་ཏེ། དེ་ལྟར་ན་གང་ཟག་ལ་བདག་མེད་དོ ་ཆོས་ལ་བདག་མེད་པ་ཇི་ལྟ་བུ་ཞེ་ན། ཆོས་ཞེས་བྱ་བ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཏེ། དེ་དག་ཀྱང་མདོར་བསྡུ་ན་འདུས་བྱས་དང་། འདུས་མ་བྱས་དང་། གཟུགས་ཡོད་པ་དང་། གཟུགས་མེད་པའོ།། ། ་དི་རྣམས་ཀྱང་གཅིག་དང་དུ་མའི་རང་བཞིན་དུ་མ་གྲུབ་པས་རང་བཞིན་མེད་པ་སྟེ། ཇི་ལྟ་ཞེ་ན། གཟུགས་རྣམས་དངོས་པོ་གཅིག་ཏུ་གྱུར་ན་ནི་གཅིག་པུ་ལ་ཆ་མེད་པའི་ཕྱིར། མཐོང་བ་དང་མ་མཐོང་བ་དང་ཟིན་པ་དང་མ་ཟིན་པ་དང་།། གཡོས ་པ་དང་མ་གཡོགས་པ་དང་ལ་སོགས་པའི་བྱེ་བྲག་ཀྱང་མེད་ཅིང་། གོམ་པ་གཅིག་གིས་ཀྱང་ཕྱོགས་ཐམས་ཅད་དུ་སོན་པའི་རིགས་སོ།། ཅི་སྟེ་ཆ་ཤས་ཡོད་པར་འདོད་ན་ནི་ཆ་ཤས་ཀྱི་བཤིག་ན། དངོས་པོ་གཅིག་ཏུ་མི་འགྲུབ་བོ།། རྡུལ ་ཕྲ་མོ་ཆ་མེད་པ་ཡོད་ཅེས་བྱ་བར་ཡང་། ཇི་ཙམ་དུ་རྡུལ་ཡོད་པ་དེ་ཙམ་དུ་ལུས་ཡོད་དེ། རང་གི་ཡུལ་དུ་གཞན་འབྱུང་བའི་གོ་མི་བྱེད་པས་ཚེ་ཤས་ཡོད་དེ་གཅིག་ཏུ་མི་འགྲུབ་བོ།། གཅིག་མི་འགྲུབ་ན་དེ་བསམས་པའི་དུ་མ་ཡང ་མེད་དེ། དེ་ལྟར་དེ་གཉིས་ཀྱི་རང་བཞིན་དང་བྲལ་བས་དངོས་པོ་མེད་དོ།། གཟུགས་མེད་པ་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱང་གཅིག་ན་ནི་རང་བཞིན་མི་འགྱུར་བས། དགེ་བ་དང་མི་དག་པ་ལ་སོགས་པ་རྣམ་པ་མང ་པོ་ཡང་འགྱུར་དུ་ཡང་མི་རུང་ལ། སྐད་ཅིག་པ་ཐམས་ཅད་ཀྱང་སྐད་ཅིག་གཅིག་པུར་འགྱུར་ཏེ། དུས་གསུམ་ཐམས་ཅད་ཀྱང་སྐད་ཅིག་གཅིག་ཏུ་ཟད་པར་འགྱུར་རོ།། ཅི་སྟེ་ཆ་ལོང་བར་འདོད་ན་ནི་སྐད་ཅིག་གི་ཆས ་བཤིག་ན་དོན་དམ་པར་དངོས་པོར་མི་འགྲུབ་སྟེ། དེ་ལྟར་གཅིག་ཏུ་མི་རུང་ངོ་།། གཅིག་མ་གྲུབ་པས་དུ་མར་ཡང་མི་འགྲུབ་སྟེ། དེ་གཉི་གའི་རང་བཞིན་དང་བྲལ་བས་དངོས་པོ་མེད་དོ།། རྣམ་པ་གཅིག་ཏུ་ན་འདུས་བྱས ་ཐམས་ཅད་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ཏེ། གང་དག་བདག་ཉིད་གྲུབ་པ་མེད་ཀྱི་རྒྱུ་དང་རྐྱེན་ལ་བལྟོས་ནས་འབྱུང་བ་དེ་དག་ནི་སྒྱུ་མ་ལྟ་བུ་ཡིན་པས་རང་བཞིན་མེད་དོ།། འདུས་མ་བྱས་ན་མཁའ་ལ་སོགས་པ་ལ ་ཡང་དངོས་པོ་ཡོད་པ་ཞིག་ཡིན་ན་ནི་གཅིག་དང་དུ་མའི་རང་བཞིན་དུ་འགྱུར་བས་སྐྱོན་པ་ཟློག་པར་དཀའ་བར་འགྱུར་རོ།། དེ་བས་ན་ཆོས་ཐམས་ཅད་གཅིག་དང་དུ་མའི་རང་བཞིན་དུ་མོ་གྲུབ་སྟེ། དངོས་པོ་མེད་བྱས ་ཆོས་ལ་བདག་མེད་པ་ཞེས་བྱའོ།། མཚན་ཉིད་གསུམ་ནི་ཀུན་ཏུ་བརྟགས་པའི་མཚན་ཉིད་དང་། གཞན་གྱི་དབང་གི་མཚན་ཉིད་དང་། ཡོངས་སུ་གྲུབ་པའི་མཚན་ཉིད་དོ།། དེ་ལ་ཀུན་བརྟགས་པའི་མཚན་ཉིད་ནི་ངོ་བོ་ཉིད་དམ ་བྱེ་བྲག་ཏུ་མིང་གི་བརྡར་བརྟོགས་པ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བ་རང་བཞིན་མེད་པ་སྒྱུ་མ་ཙམ་དུ་སྣང་བ་ལ། དངོས་པོ་སྣ་ཚོགས་སུ་མངོན་པར་ཞེན་ནས། གཟུང་བ་དང་འཛིན་པ་དང་བཅས་པའི་ཆོས་ནན་གྱིས ་བཏགས་པ་རྣམས་སོ།། དེ་ལ་ངོ་བོ་ཉིད་ནི་གཟུགས་ཚོར་བ་འདུ་ཤེས་འདུ་བྱེད་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པའོ།། བྱེ་བྲག་ནི་གཟུགས་རྟག་གོ།། གཟུགས་མི་རྟག་གོ།། གཟུགས་ཀུན་ནས་ཉོན་མོངས ་པའོ།། གཟུགས་རྣམ་པར་བྱང་བའོ། ཞེས་བྱ་བ་ལ་སོགས་པའོ།། གཞན་གྱི་དབང་གི་མཚན་ཉིད་ནི་རང་མི་འབྱུང་གི་རྒྱུ་དང་རྒྱུན་གཞན་གྱི་དབང་གིས་འབྱུང་བས་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་ཏེ། བྱ ་གི་རྟེན་ཅིང་འབྲེལ་བཀ་འབྱུང་བ་ཐམས་ཅད་ལ་བྱ་མོད་ཀྱི། དངོས་སུ་ན་སེམས་དང་སེམས་ལས་བྱུང་བའི་ཆོས་སྔ་མ་སྔ་མ་ལ་བརྟེན་ཏེ་ཕྱི་མ་ཕྱི་མ་འབྱང་བ་ལ་བའོ།། ཡོངས་སུ་གྲུབ་པའི་མཚན་ཉིད་ནི་དེ་བཞིན་ཉིད་དང་མྱ་ངན ་ལས་འདས་པ་ཉིད་དང་ལམ་མོ།། དེ་ལ་དེ་བཞིན་ཉིད་ནི་ཆོས་རྣམས་ཀྱི་ཆོས་ཉིད་འདུས་མ་བྱས་པ་གཟུང་བ་དང་འཛིན་པ་དང་བྲལ་བ་སྟེ། ལོམ་གྱི་དམིགས་པའོ།། མྱ་ངན་ལས་འདས་པ་ནི་ཤིན་ཏུ་དྲི་མ་མེད་པའི་དེ་བཞིན་ཉིད་གནས ་གྱུར་པའི་མཚན་ཉིད་དེ། ཀུན་གཞི་རྣམ་པར་ཤེས་པ་རྣམ་པར་དག་ནས་སྨྲ་བ་དང་འཇིག་པ་དང་བྲལ་བ་འདུས་བྱས་ཀྱི་གནོད་པ་མེད་པ་སྟེ། ལམ་གྱིས་ཐོབ་པར་བྱ་བའོ།། འདི་གཉིས་ནི་འདུས་མ་བྱས་པ་སྟེ། མི་འགྱུར་བའི ་ཕྱིར་འགྱུར་བ་མེད་པར་ཡོངས་སུ་གྲུབ་པ་ཞེས་བྱའོ།། ལམ་ནི་འདུས་བྱས་ཏེ་དེས་ཡང་དག་པར་རྟོག་པའི་ཕྱིར་བྱིན་ཙ་མ་ལོག་པར་སྐྱོངས་སུ་གྲུབ་པ་ཞེས་བྱའོ།། མདོར་ན་ཡོངས་སུ་གྲུབ་པའི་མཚན་ཉིད་ནི་ཆོས་རྣམས་ཀྱི་དེ་བཞིན ་ཧོ་དེ། བྱང་ཆུབ་སེམས་དཔའི་རྣམས་ཀྱིས། བརྩོན་འགྲུས་ཀྱི་སྟོབས་དང་། ཡང་དག་པར་ཚུལ་བཞིན་ཡོད་ལ་བྱེད་པའི་སྟོབས་ཀྱིས་རྟོག་པར་འགྱུར་ཞིང་ང་རྟོགས་པ་གོམས་པར་བྱས་པ་ཡང་དག་པར་གྲུབ་པས་ཀྱང ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་འགྲུབ་པའོ།། རྟེན་ཅིང་འབྲེལ་པར་འབྱུང་བྱ་ནི་རྒྱུ་དང་བཅས། རྐྱེན་དང་བཅས་པ་ལ་བྱ་སྟེ། རྒྱུ་མེད་རྐྱེན་མེད་པ་ནི་མ་ཡིན་ནོ།། དེ་ཡང་རྣམ་པ་གཉིས་ཏེ། ཕྱི་རང ་ནང་གིའོ།། ཕྱིའི་རྟེན་ཅིང་འབྲེལ་པར་འབྱུང་པོ་ལ་ཡང་རྣམ་པ་གཉིས་ཏེ། རྒྱུ་དང་འབྲེལ་པ་དང་རྐྱེན་དང་འབྲེལ་བའོ།། དེ་ལ་རྒྱུ་དང་འབྲེལ་པ་ནི་ས་བོན་ལས་མྱུ་གུ་འབྱུང་བ་ནས། མེ་ཏོག་ལས་འབྲས་བུ་འབྱུང་བའི་བར་དུའོ།། རྐྱེན ་དང་འབྲེལ་པོ་ནི་ཁམས་དྲུག་འདུས་པ་ལས་འབྲས་བུ་འབྱུང་བ་སྟེ། སཱིའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ན་མཁའི་ཁམས་དང་། དུས་ཀྱི་ཁམས་སོ།། ནང་གི་རྟེན་ཅིང་འབྲེལ་པར་འབྱུང ་ཡང་རྣམ་པ་གཉིས་ཏེ། ལུགས་སུ་འབྱུང་བ་དང་། ལུགས་སུ་མི་འབྱུང་བའོ།། ལུགས་སུ་འབྱུང་བ་ཡང་རྣམ་པ་གཉིས་ཏེ། རྒྱུ་དང་འབྲེལ་པ་དང་། རྐྱེན་དང་འབྲེལ་པའོ།། དེ་ལ་རྒྱུ་དང་འབྲེལ་པ་ནི་འདི་ཡོད་པས་འདི་འབྱུང ་འདི་སྐྱེས་པའི་ཕྱིར་འདི་ལྟ་བ་སྟེ། འདི་ལྟ་སྟེ་མ་རིགས་པའི་རྐྱེན་གྱིས་འདུ་བྱེང་རྣམས་ཞེས་བྱ་བ་ནས། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། ་འཁྲུག་པ་རྣམས་འབྱུང་སྟེ། འདི་ལྟར་སྡུག་བསྔལ་གྱི་ཕུང་པོ་འབའི་ཞིག་པ་འདི་འབྱུང་བར་འགྱུར་བའི་བར་དུའོ།། དེ་ལ་མ་རིག་པ་ནི་ལས་ལེགས་ཉེས་པ་དང་། ངོར་འབྲས་བུ་མི་ཤེས་པ་དང་། ཡང་དག་པའི་དོན་མི་ཤེས ་པའོ།། འདུ་བྱེད་ནི་ལས་ལེགས་ཉེས་བྱེད་པའོ།། རྣམ་པར་ཤེས་པ་ནི་ལས་བསྒོས་པའི་ཀུན་གཞི་རྣམ་པར་ཤེས་པ་སྐྱེ་བར་ཐོག་མར་མཚམས་སྦྱོར་བའོ།། མིང་དང་གཟུགས་ནི་ཕུང་པོ་ལྔར་གྱུར་པའོ།། ་སྐྱེ་མཆེད་དྲུག་ནི་དབང་པོ་རྣམས་འདོད་པའོ།། རེག་པ་ནི་གསུམ་འདུས་པའི་ཡོངས་སུ་གཅོད་པའོ།། ཚོར་བ་ནི་རེག་པ་ལས་བྱུང་བ་རྣམ་པ་གསུམ་མྱོང་བའོ།། སྲོང་པ་ནི་ཚེར་བ་ལ་ཞེན་ཅིང་མི་ངོམས་པའོ།། ལེན་པ་ནི ་སྲོད་པས་གཡོན་སྤྱོས་ནུས་འཛིན་ཅིང་ཡོངས་སུ་མི་གཏོང་བའོ།། སྲིད་པ་ནི་ལེན་པ་ལས་བྱུང་བའི་ལས་ཟག་པ་དང་བཅས་པའོ།། སྐྱེ་བ་ནི་སྲིད་པ་དང་འཐུན་པའི་འབྲས་བུ་འགྲུབ་པའོ།། རྒ་ཤི་ནི་ཕུང་པོ་སྨིན་པ་དང་ཕུང་པོ ་འཇིག་པའོ།། མྱ་ངན་ནི་མི་དགའ་བའོ།། སྨྲེ་སྔགས་འདོན་པ་ནི་མྱ་ངན་ལས་བྱུང་བའི་ཚིག་ཏུ་སྨྲའ་བའོ།། སྡུག་བསྔལ་བ་ནི་ལུས་ལ་གནོད་པའོ།། འབའ་ཞིག་པོ་ནི་བང་གི་མེད་པའོ།། བཅུ་གཉིས་པོ་འདི་དག་ནི་བྱ་བ་གཉིས ་གཉིས་སུ་ཉེ་བར་གནས་ཏེ་མ་རིགས་པ་ནི་སེམས་ཅན་སྟོངས་པར་ཡང་བྱེད་དོ།། འདུ་བྱེད་མངོན་པར་འགྲུབ་པོའི་རྒྱུ་ཡང་འབྱིན་ཏོ།། འདུ་བྱེད་ནི་མ་འོངས་པའི་རྣམ་པར་སྨིན་པ་མངོན་པར་འགྲུབ་པར་ཡང་བྱེད་དོ།། རྣམ་པར ་ཤེས་པ་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་ཏོ།། རྣམ་པར་ཤེས་པ་ནི་སྲིད་པའི་ཉིང་མཚམས་སྦྱར་རོ།། མིང་དེ་ང་གཟུགས་མངོན་པར་འགྲུབ་པའི་རྒྱུ་འབྱིན་ཏོ།། མིང་དང་གཟུགས་ནི་ཕན་ཚུན་སྟོན་པར་ཡང་བྱེད་དོ།། ་སྐྱེ་མཆེད་དྲུག་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་ཏོ།། སྐྱེ་མཆེད་དྲུག་ནི་རང་གི་ཡུལ་རྣམ་པར་ཕྱེ་བ་ཡང་སྟོན་ཏོ།། རིག་པ་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་ཏོ།། རིག་པ་ནི་དམིགས་པ་ལ་རིག་པར་ཡང་བྱེད་དོ།། ཚེ ་པོ་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་ཏོ།། ཚོར་བྱ་ནི་ཡིད་དུ་འོང་བ་དང་། ཡིད་དུ་མི་འོང་བ་དང་གཉི་ག་མ་ཡིན་པ་མྱོང་བར་ཡང་བྱེད་དོ།། སྲེད་པ་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་ཏོ།། སྲེད་པ་ནི་ཆགསྔོ་པར་འགྱུར ་འི་དངོས་པོ་ལ་མངོན་པར་ཆགས་པར་ཡང་བྱུང་ངོ་།། ལེན་པ་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་ཏོ།། ལེན་པ་ནི་ཀུན་ནས་ཉོན་མོངས་པས་འཆིང་བར་ཡང་བྱེད་དོ།། སྲིད་པའི་མངོན་པོར་འགྲུབ་པའི་རྒྱུ་ཡང་འབྱིན་ཏོ།། ་སྲིད་པ་ནི་སྲིད་པའི་རྒྱུད་གཞན་དུ་གནས་པར་ཡང་བྱེད་དོ།། སྐྱེ་བ་མངོན་པར་འགྲུབ་པའི་རྒྱུ་ཡིང་འབྱིན་ཏོ།། སྐྱེ་བ་ནི་ཕུང་པོ་འབྱུང་བར་ཡང་བྱེད་དོ།། དགའ་བ་མ་ངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་ཏོ།། རྒ་བེ་ནི་དབང་པོ་ཡོངསུ ་འགྱུར་བར་ཡང་བྱེད་དོ།། འཆི་བ་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་ཏོ།། འཆི་བ་ནིའི་དུ་བྱེད་འཇིག་པར་ཡང་བྱེད་དོ།། ཡོངས་སུ་མ་ཤེས་པ་རྒྱན་མི་འཆད་པའི་རྒྱུ་ཡང་འབྱིན་ཏོ།། ཆོས་བཅུ་གཉིས་པོ་འདི་དག་ནི་ཡནཱ་ལྷག ་སྔར་འགྱུར་ཏེ།། དང་པོ་གསུམ་ནི་འཕེན་པའི་ཡན་ལག་གོ།། ངོའི་འོག་མ་བཞི་ནི་འཕངས་པོའི་ཡན་ལགོ།། དེའི་འོག་མ་གསུམ་ནི་མངོན་པར་སྤྲུ་པ་པའི་ཡན་ལག་གོ། སྐྱོ་བ་ནི་མངོན་པར་སྒྲུབ་པའི་ཡན་ལག་གོ།། རྒ་ཤི་ནི ་ཉེས་དམིགས་ཀྱི་ཡན་ལག་གོ།། ཇི་ལྟར་འཕེན་ཅེ་ན། མ་རིག་པ་ཡོད་པས་ལེགས་ཉེས་བྱེད་ཅིང་ལས་ཀྱི་རྣམ་པར་ཤེས་པ་ལ་བག་ཆགས་བསྒོས་ནས། དེ་གསུམ་གྱིས་ནི་མྱུར་སྐྱེ་འཕངས་པར་འགྱུར་རོ།། དེ་ནས་སྲེད་པ་དང་ལེན ་བ་དང་སྲིད་པས་ལས་དེ་བསྐུལ་ནས། ཚེ་མངོན་པར་འགྲུབ་པར་འགྱུར་རོ།། དེ་ནས་ལང་ཚེ་དང་སྲོག་འཕངས་པ་འཇིག་པས་ཉེས་དམིགས་སུ་འགྱུར་རོ།། ཡ་འདི་དག་ནི་ལས་དང་ཉོན་མོངས་པ་དང་། ཚེ་དང་གསུམ་འགྱུར་ཏེ། མ་རིག ་པ་དང་སྲེད་པ་དང་ལེན་པ་ནི་ཉོན་མོངས་པའོ།། འདུ་བྱེད་དང་སྲིད་པ་ནི་ལས་སོ།། ལྷག་མ་བདུན་ནི་ཚེ་སྟེ་སྡུག་བསྔལ་ཞེས་ཀྱང་བྱའོ།། གསུམ་ལས་གཉིས་འབྱུང་གཉིས་ལས་བདུན་འབྱུང་བདུན་ལས་ཀྱང་གསུམ་འབྱུང་སྟེ། ཐོག་མ ་དང་ཐ་མ་མེད་ཅིང་ངེས་པ་མེད་པར་ཡང་འཁོར་རོ།། ཡང་དེ་དག་རབ་གསུམ་དུ་དབྱེ་སྟེ། དང་པོ་གཉིས་ན་འདས་པའོ།། བར་མ་བརྒྱད་ནི་ད་ལྟར་བྱའོ།། ཐ་མ་གཉིས་མ་འོངས་པའོ།། དེ་ལ་མ་རིག་པ་དང་འདུ་བྱེད་ནི་འདས་པའི་ཉོན་མོངས་པ ་དང་ལས་ཏེ་ད་ལྟར་གྱི་རྒྱུར་གྱུར་པའོ།། རྣམ་པར་ཤེས་པ་དང་མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་། རེག་པ་དང་ཚོར་བ་ནི་ད་ལྟར་གྱི་འབྲས་བུའོ།། སྲིད་པ་དང་ལེན་པ་དང་སྲིད་པ་ནི་ད་ལྟར་གྱི་ཉོན་མོངས་པ་དང་ལས་ཏེ། མ ་འོངས་པའི་རྒྱུར་འགྱུར་བའོ།། སྐྱེ་བ་དང་རྒ་ཤི་ནི་མ་འོངས་པའི་འབྲས་བུའོ།། རྐྱེན་དང་འབྲེལ་པ་ནི་ཁམས་དྲུག་འདུས་པ་ལས་ཕུང་པོ་འགྲུབ་པ་སྟེ། སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ་ནམཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་སོ།། དེ་ལསའི་ཁམས་ནི་ལུས་ཀྱི་སླུ་བའོ།། ཆུའི་ཁམས་ནི་ལུས་སྡུད་པ་དང་གཤེར་བའོ།། མེའི་ཁམས་ནི་ལུས་ཀྱི་དྲོད་དོ།། རླུང་གི་ཁམས་ནི་ལུས་ཀྱི་གཡོ་བའོ།། ན་མཁའི ་ཁམས་ནི་ལུས་ཀྱི་ནང་སྦུབས་ཡོད་པའོ།། རྣམ་པར་ཤེས་པའི་ཁམས་ནི་རྣམ་པར་ཤེས་པ་ལྔ་དང་། ཡིད་ཀྱི་རྣམ་པར་ཤེས་པ་ཟག་པ་དང་བཅས་པའོ།། རྟེན་ཅིང་འབྲེལ་པར་འབྱུང་བ་བསྟན་པས་ནི་མུ་སྟེགས་ཅན་རྒྱུ་མེད་པ ་འབྱུང་བར་འདོད་པ་དང་། མི་མཐུན་པའི་རྒྱུ་ལས་འབྱུང་བར་འདོད་པ་སེལ་ཏེ། རྒྱུ་ཡོད་པ་ལས་འབྱུང་ཞིང་རྟག་པ་མ་ཡིན་པ་དང་། ཆད་པར་མ་ཡིན་པ་དང་། འཕོ་བར་མ་ཡིན་པ་དང་། རྒྱ་ཆུང་ངུ་ལས་འབྲས་བུ་ཆེན་པོ་འབྱུང་བ་དང་། དེ་ང ་འདྲ་བ་ནི་རྒྱུང་དུ་འབྱུང་བར་སྟོན་ཏོ།། ཇི་ལྟར་རྟག་པ་མ་ཡིན་ཞེ་ན། འཆི་བའི་ཆུར་གཏོགས་པའི་ཕུ་ང་པོ་རྣམས་འགྲག་ལ། སྐྱེ་བའི་ཚྭར་གཏོགས་པའི་ཕུང་པོ་རྣམས་འབྱུང་བར་འགྱུར་རོ།། ཛཱི་ལྟར་ཆུད་པ་མ་ཡིམྦ་ནཽ་ནྱཱ། ཐ་མི་འཆི་བའི ་ཆར་གཏོགས་པོའི་ཕུང་པོ་འགག་ལ། དེ་ཉིད་ཀྱི་ཚེ་སྐྱེ་བའི་ཆར་གཏོགས་པའི་ཕུང་པོ་སྲང་མངའི་འཐོན་དམན་བཞིན་དུ་འབྱུང་བའི་ཕྱིར་རོ།། ཇི་ལྟར་འཕོ་བ་མ་ཡིན་ཞེ་ན། སེམས་ཅན་གྱི་རིས་མི་འདྲེ་བར་ཤྲཱི་འཕོས་ལ་གཞན་དུ ་སྐྱེ་བའི་ཕྱིར་རོ།། ཇི་ལྟར་རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོ་འབྱུང་ཞེ་ན། ལས་ཆུང་ངུ་བྱས་པ་ལས་འབྲས་བུ་ཆེན་པོའི་རྣམ་པར་སྨོན་པ་མྱོང་བའི་ཕྱིར་རོ།། ཇི་ལྟར་དེ་དང་འདྲ་བའི་རྒྱུང་འབྱུང་ཞེ་ན། ཇི་ལྟར་མྱོང་བར་འགྱུར་བའི་ལས ་བྱས་པ་དེ་ལྟར་མྱོང་བར་འགྱུར་བའི་རྣམ་པར་སྨིན་པ་མྱོང་བའི་ཕྱིར་རོ།། ལུག་སུ་མི་འབྱུང་བ་ནི་འདི་འགགས་པས་འདི་འགག་པ་སྟེ། འདི་ལྟར་མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་བྱ་བ ་ནས། སྐྱེ་བ་འགག་པས་རྒ་ཤི་ལ་སོགས་པ་འགག་པའི་བར་དུའོ།། མ་རིག་པ་འགགས་པས་ཅི་ཡང་མེད་པར་འགྱུར་བའང་མ་ཡིན། རྟེན་ཅིང་འབྲེལ་པར་འབྱུང་བར་མི་འགྱུར་བའང་མ་ཡིན་གྱི། ཀུན་ནས་ཉོན་མོངས་པའི་ཕྱོགས ་འགགས་ནས། རྣམ་པར་བྱང་བའི་ཕྱོགས་སུ་འགྱུར་ཏེ། དཔེར་ན་སྨན་བཅུད་ཀྱིས་ལེན་བྱ་བ་ཐོས་ན། ཚེ་ཐུང་བ་དང་ནད་རྣམས་མེད་པར་གྱུར་ནས། ཚེ་རིང་བ་དང་ནད་མེད་པ་སྐྱེད་པར་འགྱུར་བ་བཞིན་དུ། མ་རིག་པ་འགོགས ་ཏེ་རིག་པ་བྱུང་ནས། ཉན་ཐོས་དང་རིང་སངས་རྒྱས་ཀྱི་འབྲས་བུ་གྲུབ་པ་དང་། རིག་པ་ལས་བྱུང་བའི་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་ཆེན་པོ་སྐོང་པའི་བྱེ་བྲག་གིས་བྱང་ཆུབ་སེམས་དཔའི་ས་ནས་སར་འཕར་བ ་དང་། སངས་རྒྱས་ཀྱི་ས་ལ་ཚོགས་ལྗོངས་སུ་རྫོགས་ཏེ། བསྒྲུབ་པ་ཐམས་ཅད་མཐར་ཕྱིན་ནས། ཡོན་ཏན་ཕུན་སུམ་ཚོགས་པ་མཐའ་དག་བརྙེས་ཏེ། འཁོར་བའི་མཐའ་ཇི་ས་ཙམ་པར་འགྲོ་བ་མ་ལུས་པའི ་དོན་ལྷུན་གྱིས་གྲུབ་པར་མཛད་ཅིང་། མི་གནས་པའི་མྱ་ངན་ལས་འོངས་པ་ལ་ཞུགས་པ་ཡིན་རྣོ་རྫོགས་སོ།། །། ལྟ་བའི་ཁྱད་པར་མཁན་པོ་ཡེ་ཤེས་སྡེས་མཛད་པའོ།། ། ་