CLOSE WINDOW

GT3856: lta ba'i rim pa bshad pa
Wyliee-texts produced with BDRC’s OCR application

རྗེ་འབངས་ལ་བརྫངས་པ་རྫོགས་སོ།། ། ལྟ་བའི་རིམ་བཤད་པ་བཞུགས།། ། པདྨའི་སྤྱན་ལ་ཕྱག་འཚལ་ནས།། ལྟ་བའི་རིམ་པ་བཤད་པར་བྱ།། འཇིག་རྟེན་པ་དང་འཇིག་རྟེན་འདས།། གསེར ་གྱི་རྫས་ལྟར་གཅིག་ལས་སྣང་།། རྣམ་གྲངས་སྣང་བ་ལྔ་གསུམ་གཉིས།། ཤེས་ནས་གཞག་དང་བླང་བར་བྱ།། ཐམས་ཅད་བྱང་ཆུབ་སྙིང་པོ་ཀློང་།། པདྨ་འཁྱིལ་པའི་རང་བཞོན་ལ།། རང་གི་རྟོག་རྙོག་རི་བོས་མནན།། རང་རྒྱུད ་རྐྱེན་གྱིས་ལོག་སྣང་བས།། སྐྱེ་བོ་པ་དང་མུ་སྟེགས་པ།། དྲུག་དང་རྟག་ཆུང་སྣང་བར་བྱུང་།། དུམུ་ལོང་ཚུལ་གྱུར་སྐྱེ་བོ་སྤང་།། མབྷྱོ་ཡོར་མི་ལྟར་བརྟ་གས་སློང་བ།། དམྱལ་བའི་རང་སེམས་མི་སོགས་སྲུང་།། ཡི་དགས ་སྡིག་སེམས་མི་གཙང་ཡུལ།། བྱོལ་སོང་གྱེན་ཐུར་ངམ་གྲོག་སྣང་།། མི་ལི་མཐོང་ཡུལ་འདི་ཉིད་སྣང་།། དེ་བཞིན་ལྷ་མིན་གོ་མཚོན་སྣང་།། ལྷ་ཡི་དགེ་སེམས་རིན་ཚོན་སྣང་།། ཅི་ཡང་སྣང་ཕྱིར་མཐོང་མི་བདེན།། སྐྱེ་བོ ་རྟོག་པས་ཕྲོགས་པ་ཡིས།། རྣམ་འཕྲུལ་ཕྱི་ནང་ལྟ་བུར་སྣང་།། བརྟགས་པ་བརྡ་ཡིས་ཐ་སྙད་ཤར།། རྐྱེན་གྱིས་ལོང་ཚུལ་མུ་སྟེགས་པ།། ཁྲིད་བྱེད་དྲུག་གི་བསྟན་པས་བསླུས།། མདོ་བསྡུས་མུ་སྟེགས་ཆད་པ་ལ།། ་གློ་བུར་ཙམ་སྣང་མཐའ་མེད་ལྔ།། རྟག་པ་བྱོས་སྣང་དངོས་པོར་འདོད།། དེ་ཡང་རྒྱུ་མིན་རྒྱུར་སྨྲ་བ།། རང་བཞིན་རྒྱུར་འདོད་དབང་ཕྱུག་རྒྱུ།། ངོ་བོ་ཉིད་ལ་རྒྱུར་སྒྲ་དང་།། རྡུལ་ཕྲན་རྒྱུ་འདོད་པ་དང་།། བྱེད་པོ་རྒྱུ་རུ་འདོད་པ་ལོག། ་གཞན་ཡང་མུ་སྟེགས་ཞར་བྱུང་བ།། ཕྱི་རོལ་པ་དང་ཡང་དག་པ།། གསང་སྔགས་པ་དང་གསང་ཆེན་པ།། གཉིས་གསུམ་ལྔ་རྣམས་རྒྱུ་ཡི་ཚུལ།། གསུམ་གཉིས་འབྲས་བུའི་ཚུལ་སྣང་བ།། བདག་ཏུ་འཛིན་པ་བཞིས ་ལས་ལྷ།། འཇིག་རྟེན་འདས་པའི་ལྔ་པོ་ཡང་།། ཙག་ཤོས་ལྟ་བ་ལས་འཕགས་པ།། ཉན་ཐོས་རང་རྒྱལ་མདོ་སྡེ་དང་།། ཀྲྀ་ཡ་ཨུ་པ་ཡང་དག་དང་།། དེ་བཞིན་ཡོ་གེའི་ཐེག་པ་དང་།། མ་ཧཱ་ཡོ་གའི་ཐེག་པ་དང་།། ཨ ་ནུ་ཡོ་གའི་ཐེག་པ་དང་།། ཨ་ཏཱི་ཡི་གའི་ཐེག་པ་དང་།། ཆོས་ཙམ་ལྟ་བའི་ཉན་ཐོས་པས།། མདོ་སྡེ་པ་དང་བྱེ་བྲག་གཉིས།། ཕྱི་རོལ་ཡུལ་ལྔ་རྩོད་བྱེད་ཅིང་།། ཤེས་པ་སྐད་ཅིག་སྣང་བར་མཐུན།། དེ་བཞིན་རང་རྒྱལ ་ཐེག་པ་པ།། ཕྱི་རོལ་བཅུ་གཉིས་སྒྱུ་མ་ཙམ།། རྡུལ་ཡང་ཕྱོགས་ཆེས་མ་གྲུབ་འཕགས།། ཤེས་པ་སྐད་ཅིག་སྣང་དང་མཐུན།། མཚན་ཉིད་ཐེག་པའང་རྣམ་པ་གསུམ།། རྣམ་རིག་པ་དང་རྣལ་འབྱོར་པ།། དེ་བཞིན ་མདོ་སྡེ་དབུ་མ་པའོ།། རྣམ་རིག་ཕྱི་རོལ་མཐོ་ཡོར་མི།། སབ་མོ་རྟ་ལྟར་མེད་བཞིན་དུ།། རང་གི་རྣམ་ཤེས་འཁྲུལ་སྣང་འདོད།། དོན་དམ་ཡེ་ཤེས་སྐད་ཅིག་འདོད།། རྣལ་འབྱོར་དབུ་མ་ཀུན་རྫོབ་མཐུན།། ་དམ་སྟོང་པ་མ་སྐྱེས་འདོད།། མདོ་སྡེ་ཀུན་རྫོབ་སྒྱུ་མ་ཙམ།། ཡུལ་རྣམས་ལོགས་ནས་སྣང་བར་ལྟ།། དམ་པར་མཐའ་གཉིས་བྲལ་བི་ཡི།། དབུ་མ་ཆེན་པོར་འདོད་པའོ།། ཀྲྀ་ཡས་དོན་དམ་ཚོས་ཉིད་བལྟ།། ཀུན་རྫོབ་རང ་ཡོན་ཏན་བལྟ།། རིགས་གསུམ་དཀྱིལ་འཁོར་སྣང་བ་ལ།། སྐྱེ་བོའི་འཁྲུལ་པ་མེད་པར་འདོད།། གཉིས་ཀ་རྒྱུད་ཀྱི་སྤྱོད་པ་ནི།། ལྟ་སྤྱོད་གོང་འོག་རྗེས་སུ་མཐུན།། ཡོ་གས་དོན་དམ་རྣམ་དག་པའི།། ཆོས་ཀྱི་དབྱིངས ་ཀྱི་ཡ་ཤེས་སུ།། རྟོགས་པའི་བྱིན་རླབས་ལྷར་སྣང་ལ།། སྐྱེ་བོས་འདི་དག་ལྷར་མཐོང་འཁྲུལ།། མ་ཧཱ་ཡོ་གས་དོན་དམ་དུ།། རང་གཉིས་མེད་དེ་དེ་བཞིན་ཉིད།། རྟོགས་པའི་ཆོས་འཕྲུལ་དྲུག་སོགས་པའི།། ལྷར་སྣོད་དང ་ལ་འཁོར་བ་མེད།། ཨ་ནུ་ཡོ་གས་དོན་དམ་དུ།། བདེ་ཆེན་རྟོགས་པ་རིགས་པའི་རྩ་ལ།། ཀུན་རྫོབ་ལྷའི་དཀྱིལ་འཁོར་སྣང་།། དེ་ཕྱིར་སྐྱེ་བོས་བརྟགས་པ་འཁྲུལ།། ཨ་ཏི་ཡོ་གས་བདེན་གཉིས་བྲལ།། ཐམས་ཅད་རང ་བྱུང་རང་སྣང་བའི།། ཡེ་ཤེས་མཐའ་དབུས་བྲལ་བ་ལ།། བརྟགས་པ་གཉིས་པོ་གདོད་ནས་མེད།། དེ་ཕྱིར་གསེར་ལ་གསེར་མཐོང་ལྟར།། ཇི་བཞིན་མ་ནོར་བདེན་མཐོང་ཡིན།། མཉམ་ཉིད་རང་བཞིན་མི་ངེས་པས།། ཇི་ལྟར ་བལྟས་པ་དེར་སྣང་ཕྱིར།། དངོས་པོ་རྟག་པ་ཡོད་མིན་ཏེ།། ཡོད་ན་ཀུན་ལ་མཐུན་སྣང་ཕྱིར།། དེ་ཕྱིར་རང་སེམས་ངོ་བོར་སྣང་།། བརྟག་པ་གཅིག་ཡུལ་གཅིག་མིན་པས།། འཁྲུལ་པ་སྣང་བར་ཐེ་ཚོམ་མེད།། དེས་ན་སྤྱོད་ཡུལ ་གདོད་ནས་མེད།། རྟག་སེམས་འགྲོ་བ་སོ་སོའི་སེམས།། གཅིག་ནི་དགེ་སྡིག་རྣམ་སྨིན་ཡང་།། མ་སྤྱང་ཀུན་གྱིས་མྱོང་བར་རིག། དེ་མིན་ཡང་དག་དོན་མི་རུང་།། རྣམ་སྨིན་ཐུན་མོང་མ་གྱུར་ཕྱིར།། གཅིག་མིན་དེ་ཉིད་མ ་སྐྱེས་པས།། ཐ་དད་དོན་དུའང་མི་རུང་སྟེ།། གཅིག་དང་ཐ་དད་ལས་གྲོལ་བའོ།། དངོས་པོ་སྣ་ཚོགས་པ་རྟོགས་པ་ཡི།། མིང་ལ་གྲུབ་པའི་གཏན་ཚིགས་མེད།། དེ་ཕྱིར་མཚན་ཉིད་ཅི་ཡང་མནི།། མ་གྲུབ་པ་ལ་ཡོད་རྟོགས་པ། ་སྒྱུ་མའི་སྐྱེས་བུས་ཤེས་འགྱུར་གྱི།། རྒྱལ་བ་ཉིད་ཀྱིས་མི་མཁྱེན་ནོ།། སྣང་བས་སྤྱོད་ཡུལ་མ་གྲུབ་ཕྱིར།། དམིགས་པའི་ཤེས་པ་ཡོད་མི་རུང་།། སྤྱོད་ཡུལ་མ་སྐྱེས་ཡེ་ཤེས་ཕྱིར།། བསྒོམ་བྱའི་ཆོས་ཉིད་ལོགས་ན་མེད།། ་སེམས་ཀྱི་ཡེ་ཤེས་མཐའ་བྲལ་ཕྱིར།། སྒོམ་པ་པོ་ཡང་གི་ལ་ཡོད།། དེ་ལྟར་སྒོམ་མཁན་དངོས་མེད་ན།། མི་གནས་མི་རྟོགས་འཇོག་པ་དང་།། ནམ་མཁའི་ལྟ་བུར་རང་གསལ་བའི།། རང་སེམས་ཡོད་གིས་དེ་ལྟའོ།། ་ཅི་ཡང་ཡིད་ལ་མི་བྱེད་ན།། ཡང་དོག་དོན་ལ་ཕེབས་པའི་རིགས།། ལུས་ངག་མ་སྐྱེས་གཞི་མེད་ཕྱིར།། སྐྱིལ་ཀྲུང་སྨྲ་བཅད་ཁ་ན་མེད།། དེ་བཞིན་སེམས་ཀྱང་དངོས་བྲལ་བས།། རྟོག་སྤང་སྒོམ་པའི་ཁར་མི་འོང་།། དེ་ལྟར ་རྟོགས་པ་སྒོམ་པའོ།། ཡལ་བར་འདུག་པ་ནམ་ཡང་མེད།། ཅི་ཕྱིར་བདག་ཉིད་དེ་ཕྱིར་བས།། རང་གི་དབྱིངས་ལས་གཡོས་པ་མེད།། རྟོག་པའི་མཚན་མ་བཟང་དང་དྲན།། ཅི་སྐྱེས་དགག་པར་མི་བྱ་ཞིང་།། ་དེ་དོན་དྲན་པས་འབྲལ་བའང་མེད།། རང་བྱུང་རང་ཞིང་ང་སྨྲའོ།། དཔེར་ན་རྐུན་པོ་ཚེར་མི་ཐག། མ་སྤྱད་འབྲོས་བཞིན་གདེང་གིས་ཞི།། ལྟ་བའི་ཤུགས་ལས་བྱུང་བའི་ཕྱིར།། ཆུང་ངུ་ཚོར་བ་བསྟེན་མི་དགོས།། དེ་མིན་བློ ་ཡིས་སྐད་ཅིག་ཏུ།། རྣམ་རྟོག་རང་གི་དེ་ཉིད་བལྟའོ།། བྱིང་བ་ཤེས་པ་ལྡེང་མི་ནུས།། རྨུགས་པ་དོན་ཉིད་མི་གསལ་བའོ།། བྱིང་རྨུགས་རབ་ཏུ་བྱིང་རྨུགས་དང་།། ཤིན་ཏུ་བྱིང་རྨུགས་ཕྱིར་མྱི་བཏང་།། དེ་བཞིན ་རྒོད་པ་རྣམ་པ་གསུམ།། ལེ་ལོ་སྙོམས་ལས་དམན་ལ་སྦྱོར།། དོགས་པ་གོལ་དང་ལྷུང་བ་གཉིས།། ར་བ་རྟགས་དང་འབྲས་བུའོ།། འཁྲུག་དང་འཇུག་ཏུ་མི་བཏུབ་དང་།། ལུས་ཀྱི་བྱ་བྱེད་སྤྱོད་པ་དགའ།། ངག་གི ་ཅ་ཅོ་སྨྲ་དགའ་བ།། ཡང་དག་དོན་ལས་རིང་བའི་ཕྱིར།། བྱ་བྱེད་གྲོང་ཡུལ་གཏམ་མི་གླན།། སྦྱིན་དང་ཆོ་གའི་ལས་མི་བྱ།། དགེ་བའི་ལས་ཀྱང་གཡང་འགྱུར་ན།། སྡིག་ལསཽ་མི་བྱ་སྨོས་ཅི་དགོས།། ཉམས ་དང་གཡོ་དང་གོམས་པ་དང་།། བརྟག་པའི་ཉམོས་དང་སྦྱར་བར་བྱ།། དོན་དུ་འདི་སྙམ་བསྟན་དུ་མེད།། དེ་རྟོགས་ཡང་དག་ཉམས་དང་ལྡན།། དེ་ཚེ་ཕྱི་ནང་གསང་བའི་དྲོད།། ཕྱི་ནང་རྟོགས་ཀྱང་རིམ་པས་འབྱུང་།། ་སྐྱེས་ཀྱང་དགའ་བྲོས་སེམས་མ་བྱེད།། མེད་ཀྱང་དེ་ལ་མི་དགའ་མེད།། དེ་དག་གཡོ་དང་ཐོབ་བརྟན་ན།། རིམ་འབྱུང་གསངས་ན་དངོས་གྲུབ་འབྱུང་།། ཀླུ་གསུམ་ལྡན་པའི་སྐྱེས་མཆོག་ལ། སེང་གེ་ལྟ་བུར ་འཇིག་ཚོགས་བྲལ།། ཟས་དང་ནོར་གཉེན་མ་ཆགས་ཤིང་།། སྙིང་རྗེ་ཆེན་པོ་མི་འབྲལ་ན།། ཆོས་ཉིད་དོན་དང་ཕྲད་པའི་རྟགས།། ཅི་སྤྱོད་དོན་ལས་མ་ཉམས་ན།། གོམས་ནས་ལས་སུ་རུང་བའི་རྟགས།། འ ་ལྡན་དབང་ཕྱེ་བཙུམས་མེད་ན།། སྣང་བ་གང་ཡང་མི་སྐྱོན་ཞིང་།། ཡིད་ལ་བྱ་བ་མེད་ཕྱིར་རོ།། ལུས་ཀྱིས་རིམ་པར་བཟོད་ཐོབ་དང་།། ཆོས་བརྒྱད་སྤོང་ལེན་མེད་པ་དང་།། གང་ལའང་ཉོན་མོངས་མི་སྐྱེ་ན། ་འདི་ཡང་སཽ་ལ་འགྲོ་བའི་རྟགས།། ཡིད་ལ་བྱེད་མེད་འོག་གས་སྣང་མེད།། འདུ་ཤེས་མ་གཟུང་རང་གསལ་ལ།། གང་ཡང་ཉམས་སུ་མི་ལེན་ཅིང་།། སེམས་ཀྱིས་མངོན་པར་མ་ཕྱོགས་ཤིང་།། དམིགས ་མེད་ཚུལ་དུ་རང་སྣང་བ།། ཐ་སྙད་ཙམ་དུ་བསྒོམ་ཞེས་བརྗོད།། ཡུང་དག་དོན་གྱི་གདེངས་མེད་པར།། ཚིག་ཙམ་ལྟ་ལ་ཁུངས་ཆུང་ཞིང་།། བྱ་མེད་ཆོས་ལ་བློ་གཏང་ནས།། རྩིང་ཆོས་ཕཊ་རལ་སྤྱོད ་བྱེད་པ།། རྒྱལ་བའི་བཀས་ཀྱང་མི་སྐྱོབས་ཏེ།། ཡ་ངའི་འབྲས་བུ་ཐེ་ཚོམ་མེད།། རྟོགས་པའི་མཚན་ཉིད་བརྒྱད་ལྡན་ན།། སྐྱེས་བུ་དེ་ནི་རྒྱལ་བའི་སྲོས།། གདེངས་མེད་ལྟ་བ་མཐོ་འདོད་པས།། རང་གི ་ང་རྒྱལ་སྙེམས་བྱེད་པ།། རི་བོས་སྲོག་ཆགས་མནན་པ་ལྟར།། ནམ་ཡང་ཐར་པའི་ཁར་མི་འབྱུང་།། གསང་སྔགས་གསང་བའི་སྒོར་ཞུགས་ནས།། ཡང་དག་དོན་ལ་མི་འདུད་པར།། མི ་ཆོས་ཟང་ཟིང་ལས་བྱེད་ཅིང་།། རང་དབང་སྤྱོད་བཞིན་དབང་མེད་ཅེས།། སྨྲ་ཞིང་གསང་དོན་ཡལ་འཇོག་པ།། ཕྱི་མ་གེར་འགྲོ་གཏོལ་མེད་པར།། གལ་མེད་ལ་ལོའི་ལས་བྱེད་པ།། ཨེ་མའོ་རང་འཇོམས་དཔའ་བ་སྟེ། ་རྒྱ་མཚོ་གཟིངས་ཀྱི་ཕོ་བོང་ལྟར།། ཐུགས་རྗེ་ཞགས་པ་སྤྱང་ཐག་ཡན།། རང་གི་རང་བསླུས་སྙིང་རེ་རྗེ།། ལེ་ལོ་ཅན་ལ་ཐར་ལམ་མེད།། ལྟ་བའི་རིམ་པའི་མན་ངག། དཀའ་བ་དཔལ་རྩེགས་ཀྱིས་མཛད་པ་རྫོགས།། ་