CLOSE WINDOW

GT3853: sher snying 'grel pa sngags su 'grel pa
Wyliee-texts produced with BDRC’s OCR application

ཤང་སྙིང་འབྲེལ་བ་སྔགས་ཁྲེལ་པ་བདུན་པ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་།། དེ་ལ་སོགས་པ་ཡུམ་གཉིས་དང་།། ཚེགས་ཀྱི་མཆོག་གྱུར་དགེ་འདུན་ལ།། ཕྱག་འཚལ་ནས་ཀྱང་སྐྱབསུ་མཆིའོ།། བཀའ ་གསུམ་ལྡན་པའི་མདོ་ཉིད་ལས་སེམས་ཅན་ལ་དམིགས་བྱམས་སེམས་དང་།། སྙིང་རྗེ་ཀུན་གྱི་དང་མི་འབྲལ་ཕྱིར།། མདོ་ལས་སྔགས་སུ་བཀྲོལ་བ་འདི།། སྐྱེས་མཆོག་རྣམས་ལ་བསྟན་པར་བྱ།། རྟོག་གེ་རྣམས ་ལ་བསྟན་མི་བྱ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ནཱཾ་ཞེས་པ་ནི་འདི་ནི་དུས་གཞན་དུ་མ་ཡིན་ཏེ།། དུས་ཉེ་བར་མཚན་པའོ།། དེ་ཡང་རང་རིག་པ་ལ་སོགས་པ་མ་ཡིན་ཏེ།། འདི་སྐད་གཞན་ལོ་ཐོས་པའི་དུསོ།། ་ཡང་ན་སྦུད་པ་པོ་ཉིད་ཐོས་པ་ཆེ་བའི་དོན་ནོ།། དུས་ནི་གཙོ་འཁོར་འདུས་པའི་དུསོ།། དུས་གཙུག་ནཱ་ནཱི་དུས་མང་པོ་འམ།། ཡང་ནས་ཡང་དུ་ཞུས་པ་ལྟ་བུ་མ་ཡིན་ཏེ།། གཙོ་འཁོར་འཛེམ་པའི་དུས་གཅིག་ནའོ།། བཅོམ ་ལྡན་འདས་ཞེས་པ་ནི་སྟོན་པའི་མཚན་ཉིད་སྟོན་ཏེ། དེ་ཡང་ཐུན་མོང་གི་བཅོམ་པ་ནི་བདུད་བཞི་བཅོམ་ནོས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན། ལོག་པའི་ཤེས་པ་ལས་འདས་པའོ།། ཁྱད་པར་གྱིས་བཅོམ་པ་ནི་ཕུང་པོ ་ལ་སོགས་པའི་སྣང་སྲིད་ལྷའི་ངང་དུ་བཅོམ།། དེ་ཉིད་ཀྱི་དོན་དང་ལྡན་པ་འཛིན་པའི་ཡུལ་ལས་འདས་པའོ།། ཁྱད་པར་བླ་ན་མེད་པའི་བཅོམ་པ་ནི་འཁོར་འདས་ཀྱི་ཆེས་སྙིང་པོའི་ངང་དུ ་རྩོལ་བ་དང་བྲལ་བར་བཅོམ་པས། རིང་རིག་པའི་ཡེ་ཤེས་ཆེན་པོ་དང་ལྡན་པ། གང་གི་ཡང་དེ་བོར་མ་གྲིབ་པས་འཁོར་འདས་གཉིས་སུ་སྣང་བའི་ཚིག་གམ་མཐའ་ལས་འདས་པའོ།། རྒྱལ་པོའི་ཁབ་བྱ ་རྒོད་ཕུང་པོའི་རི་ལ་ཞེས་པ་ནི་གནས་ཀྱི་བྱེ་བྲག་སྟོན་ཏེ། དེ་ཡང་ཕྱིའི་གནས་ནི་རྒྱལ་པོ་གཟུགས་ཅན་སྙིང་པོའི་གནས་ཡུལ་མ་ག་དྷའི་ཤར་ཕྱོགས་ན་རིན་པོ་ཆེ་སྤངས་པ་ལྟ་བུའོ།། མཆོད་རྟེན་ཟླུམ་པ་ལྟ་བུའི ་རཱི་ལ་སངས་རྒྱས་རྣམས་ཀྱི་བཞུགས་གནས་རི་ཀུན་གྱི་ཁྱད་པར་གནས་པའོ།། ནང་གི་གནས་ནི་འོག་མིན་གྱི་གནས་ཏེ། གཟུགས་སམ་མཆི་རོ་ལ་འམ་འཛིན་པའི་འོག་ཏུ་ཡང་མ་སོང་བའོ།། གསང་བའི་གནས ་ནི་རིག་པ་བྱང་ཆུབ་ཀྱི་སེམས་ཏེ། འཁོར་འདས་ཀུན་གྱི་གནས་སུ་གྱུར་པའོ།། དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་། ཐབས་ཅིག་ཏུ་བཞུགས་ཏེ་ཞེས་པ་ནི་འཁོར ་སྟོན་ཏེ། ཕྱིའི་འཁོར་ནི་འདུན་པ་མོས་པའི་ས་པ་སྟེ། དགེ་བའི་ཆོས་ལ་གནས་པས་དགེ་སློང་ངོ་།། ལྡེ་སྒོམ་གྱི་དོན་ལ་སྤྱོད་ཅིང་སེམས་པ་ནི་དགེ་འདུན་ཆེན་པོ་ལ། གཞན་དོན་ནུས་པ་ནི་བྱང་ཆུབ་སེམས་དཔའི ་དགེ་འདུན་ནོ།། དེ་ལ་སོགས་པའི་འཁོར་རྣམས་དང་ལྷན་ཅིག་ཏུ་བཞུགས་པའོ།། ནང་གི་འཁོར་ནི་རིགས་ལྔའི་སངས་རྒྱས་ལ་སོགས་པ་ལོངས་སྐུའི་འཁོར་རོ།། གསང་བའི་འཁོར་ནི་རང་རིག་པའི་ཡེ་ཤེས་སྙིང ་པོ་དབྱེར་མི་བྱེད་པའོ།། དེའི་དུས་སུ་ཆོས་བསྟན་པར་བྱའོ།། ཆོས་ཀྱང་ཕྱིའི་ཆོས་སློབ་པའི་ཆོས་ལ་སོགས་ཏེ་དགེ་བ་བཅུ་ལ་སོགས་པའོ།། ནང་གི་ཆོས་ནི་ཐེག་པ་ཆེན་པོའི་ཆོས་སོ།། གསང་བའི་ཆོས་ནི་རིག་པ་ཡེ ་ཤེས་སོ།། དེའི་ཚེ་བཅོམ་ལྡན་འདས་ཟབ་མོ་སྣང་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་པ་ནི་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པའི་ཚེ། འཁོར་རྣམས་སྨིན་པའི་དུས་དེའི ་ཚེ། བཅོམ་ལྡན་འདས་ཀྱིས་སྟོང་པའི་ཟབ་པ་སྟེ། དངོས་པོའི་ཆོས་མིན་པའི་ཟབ་མོའི་དོན་ནི་དེ་ལ་ཆོས་ཀྱི་རྣམ་གྲངས་ནི་ཕྱེ་ནང་གསང་བའི་ཆོས་ལ་ད་ལྟ་བུའི་ཏིང་འཛིན་དམིགས་པ་མེད་པར་སྙོམས་པར་གནས་པ་སྟེ། ་དེ་ཡང་ཕྱིའི་ཏིང་ངེ་འཛིན་དངོས་པོའི་ཆོས་ལ་གནས་པའོ།། ནང་གི་དངོས་པོ་མེད་པའོ།། གསང་བའི་དེ་རྣམས་སུ་མི་འབྱེད་པའི་དོན་ནོ།། ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས ་གཟིགས་དབང་ཕྱུག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྤྱོད་པ་ཉིད་ལ་རྣམ་པར་ལྟ་ཞིང་། ཕུང་པོ་ལྔ་པོ་དེ་དག་ལ་ཡང་རང་བཞིན་གྱིས་སྟོང་པར་ལྟའོ་ཞེས་པ་ནི་སྟོན་པ་ཆོས་ཉིད་བདེན་པའི་ངད་ལ་གནས་པའི་ཚེ། ་འཁོར་གྱི་གཙོ་བོ་ཡང་རང་བཞིན་གྱིས་གནས་པར་འགྱུར་ཏེ། དེ་ཡང་བྱང་ཆུབ་སེམས་དཔའ་ནི་ཕྱི་སློབ་པའི་ས་ལ་གནས་པའོ།། ནང་ནི་ས་བཅུ་ནོན་པ་ཡུན་ཆུད་དོ།། གསང་བ་ནི་སྙིང ་པོའི་དོན་ཉིད་དོ།། དེ་རྣམས་དང་ལྡན་པས་ཆེན་པོའོ།། ཡང་ན་བྱང་ཆུབ་སེམས་དཔའ་ནི་བདག་དོན་གྲུབ་པ་ལ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གཞན་དྲོན་གྲུབ་པའོ།། ཐུན་མོང་གི་འཕགས་པ་ནི་ཉོན་མོངས ་པ་འམ་འཁོར་བ་ལས་རིང་དུ་འཕགས་པའོ།། ཁྱད་པར་ནི་ལོངས་སྐུའི་འཁོར་ལ། བླ་ན་མེད་པ་ནི་རིགས་སྙིང་པོའི་དོན་ཆོས་སྐུའོ།། བདག་དོན་དུ་སྤྱན་རས་གཟིགས་ཏེ་རང་ཉིད་ཀྱི་དོན་རྟོག་པར་བྱེད་པ་དང་། གཞན་དོན ་དུ་གཟིགས་ཏེ་གདུལ་བྱ་གང་ལ་གང་མོས་སྟོན་ནུས་པའོ་དེའི་ཕྱིར་ནི་བདག་གཞན་གཉིས་སཾ། འཁོར་འདས་གཉིས་ལ་དབང་ཕྱུགས་པ་སྟེ་དོན་བྱེ་རུ་ཡོད་པའོ།། ལུང་གི་ཤེས་རབ་ཀྱི་འཁོར་འདས་སྟོན་ནུས་པ། རིག ་པའི་ཤེས་རབ་ཀྱི་དོན་གཽཏན་ལ་འབེབས་པ་དམིགས་པ་མེད་པོའི་ཤེས་རབ་ཀྱི་གང་དུ་ཡང་མི་འབྱེད་པས་འཁོར་བའི་ཕ་རོལ་ཏུ་ཕྱིན་པ་སྟེ། སྡུག་བསྔལ་མེད་པ་མྱ་ངན་ལུས་འདས་པའི་ཕ་རོལ་ཏུ་ཕྱིན་ཏེ། ཐུགས ་རྗེ་འབྱིན་པའོ།། ཟབ་མོ་ནི་རང་བཞིན་དངོས་པོར་མི་སྣང་བས་ཟབ་ལ། བསྟན་པར་དཀའ་བས་ཟབ་པས་རྒྱུ་རྐྱེན་ལས་འདས་པས་ཐོབ་པའོ།། དེ་ལྟ་བུའི་དོན་རང་གི་ཁོང་དུ་ཆུད་དེ་སྤྱོད་པའོ།། དེས་ན་དེ་ཉིད་ལ་ཡང་དང ་ཡང་དུ་དམིགས་པ་མེད་པ་ལྟ་བ་སྟེ། ལྟ་བའི་དོན་རང་ནི་ཕུང་པོ་དེ་ཉིད་དེ། དེ་ལྔ་ནི་གྲངས་ཀྱི་ངེས་པ་ཡིན་ལ་ཕུང་པོ་ལྔ་ནི་ཐུན་མོང་གི་ལྔ་ནི་གཟུགས་ལ་སོགས་པ་ལྔ་ལ། ཁྱད་པར་གྱི་ལྔ་ནི་རིགས་ལྔའི་སངས ་རྒྱས་ཏེ། ཕུང་པོ་ལྔའི་ཡོན་ཏན་ལ་བླ་ན་མེད་པའི་ཡེ་ཤེས་ལྔ་ལ། དེ་ནི་ཕུང་པོ་ལྔའི་ངོ་བོ་དེ་རྣམས་ལ་བདག་པ་སྟེ། བློ་ཡིས་བསམས་ནས་དག་པར་བསྟན་པ་ནི་ས་ལམ་པ་སྟེ། མོས་པའི་གང་ཟག་གོ། ར་བཞིན ་གྱིས་དག་པར་ལྟ་བའི་ནི་དོན་ཐུགས་སུ་ཆུད་པའོ།། དེ་ཡང་དག་པའི་དོན་དེ་ཉིད་སྟོང་པ་སྟེ། སྟོང་པ་ལྟོས་པའི་སྟོང་པ་གཅིག་ལ་གཅིག་མེད་པ་ལྟ་བུ་མིན། མེད་པའི་སྟོང་པ་རིག་པའི་ངོ་བོ་ལ་སོགས་པ་དང་། བཞི་བཅོམ ་བྱས་པའི་སྟོང་པ་རྡུལ་ཕྲ་རབ་ཏུ་གྲུབ་པ་དང་། རང་བཞིན་གྱིས་སྟོང་པ་དངོས་པོ་འམ་དམིགས་པ་སྟེ་སྙིང་པོའི་དོན་ནོ།། དེ་ལྟ་བུ་ལ་དམིགས་པ་མེད་པའི་ཤེས་རབ་ནི་ལྟ་བའི་དོན་ནོ།། དེ་ནས་སངས་རྒྱས་ཀྱི་མཐུས། ཚེ ་དང་ལྡན་པ་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་གང་ལ་ལ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྤྱད་པ་སྤྱོད་པར་འདོད་པ ་དེས་ཇི་ལྟར་བསླབ་པར་བགྱི། དེ་སྐད་ཅེས་སྨྲས་པ་དང་ཞེས་པས་ནི་སྦྱིན་རས་གཟིགས་ལ་ཤཱ་རིའི་བུས་དྲིས་པ་སྟེ། དེ་ཡང་སངས་རྒྱས་ཤཱཀྱ་ཐུབ་པའི་མཐུས་སྤྱན་རས་གཟིགས་གྲོལ་ལ།། དེའོ་མཐུས་ཤཱ་རིའི་བུས ་དྲི་བའི་སྟོབས་དང་ལྡན་པར་ནུས་པ་སྟེ། དེའི་ཕྱིར་ན་སངས་རྒྱས་ཀྱི་མཐུས་སོ།། སྐྱེ་འཆི་ལས་གྲལ་བས་འཆི་མེད་ཀྱི་ཚེ་དང་ལྡན་པ་སྟེ། རིགས་གཞན་མ་ཡོངས་སུ་སྤངས་པ་སྟེ། མ་ཤཱཀྱའི་རིགས་སོ།། ་དེ་ཉིད་ཀྱིས་གཞན་དོན་ལ་དམིགས་ཏེ་ཞུས་པའི་དོན་གྱིས་སྨྲས། ཐོག་པ་ཆེན་པོ་ལ་མོས་པའི་རིགས་ཀྱི་བུ་ལ་ལ་དག་ནི། དམིགས་པ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་དོན་ལ་སྤྱན་རས་གཟིགས་སྤྱོད་པ་དེ་ལ ་གཞན་སྤྱད་པར་འདོད་ན་བསླབ་པའི་ཐབས་ཇི་ལྟར་བསླབ་ཅེས་དྲིས་པའོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱིས། ཚེ་དང་ལྗོན་པ་ཤཱ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ་ཞེས་པ ་ནཱ་ཞེས་ཞུས་པའི་ལན་བསྟན་པའོ།། ཤཱ་རིའི་བུ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྤྱོད་པས་སྤྱད་པར་འདོད་པ་རྙེས། འདི་ལྟར་བསླབ་པར་བྱ་སྟེ་ཞེས་པ་ནི་གསུང་བར་ཞལ ་གྱིས་བཞིས་པ་སྟེ། ཐེག་པ་ཆེན་པོ་ལ་མོས་པར་རིགས་ཕོ་འམ་མོ་འམ་གང་ལ་ལ་དམིགས་པ་མེད་པའི་ཤེས་རབ་ལ་ང་སྤྱོད་པའི་དོན་ལ་ཁྱེད་ཡོད་པར་འདོད་ན་འདི་ལྟར་སློབས་ཞེས་པའི་དོན་ཏོ།། ཕུང་པོ་ལྔ་པོ་དེ་དག་ཀྱང ་རང་བཞིན་གྱིས་སྟོང་པར་རྣམ་པར་རྗེས་སུ་བལྟའོ།། པ་ནི་ཐུན་མོང་གི་ཕུང་པོ་ལྔ་ལ་སོགས་པ་དེ་རྣམས་ནི་ཡེ་ནས་སྟོང་པ་ཡིན་པས། དེ་དག་ཁྱེད་ཀྱིས་ཀྱང་རང་བཞིན་གྱིས་སྟོང་པར་རྣམ་པར་ངའི་རྗེས་སུ་ལྟོས་ཤིག། དེ ་རྣམས་ལ་མོས་པའི་དོན་གྱིས་པའོ།། གཟུགས་སྟོང་པའོ་ཞེས་པ་ནི་གཟུགས་ཀྱི་ངོ་བོ་ཉིད་སྟོང་པའི་རང་བཞིན་ནོ།། སྟོང་པ་ཉིད་གཟུགས་སོ་ཞེས་པ་ནི་སྟོང་པ་ཉིད་དོན་རིག་པ་མ་འགགས་པས་གཟུགས་ལྟར་སྣང་བའོ།། ་གཟུགས་སྟོང་པ་ཉིད་ལས་གཞན་མ་ཡིན་ནོ་ཞེས་གཟུགས་སྟོང་པ་དེ་ལས་འཁོར་འདས་ཀྱི་ཆོས་གཞན་སྣང་བ་མ་ཡིན་ཞེས་པ་ནི། སྟོང་པའི་ཡོན་ཏན་མི་འགགས་པ་དེ་ལས་གཞན་གཟུགས་སྣང་བ་གཞན་མི་ཡིན་ནོ།། ་གཟུགས་དེ་བཞིན་དུ་གནས་པ་དེ་བཞིན་དུ། དེ་ལས་གནས་པའི་དེ་ཚོར་བ་དང་། འདུ་ཤེས་དང་འདུ་བྱེད་ལ་སོགས་པ་རྣམས་ནི་གཟུགས་བཞིན་དུ་གནས་པའི་དོན་ཏོ།། ཤཱ་རིའི་བུ་དེ་ལྟ་བས་ན་ཆོས་ཐམས་ཅད་སྟོང་པ་ཉིད ་དེ་ཞེས་པ་ནི། ཤཱ་རིའི་བུ་འཁོར་བའི་དངོས་པོ་གཟུགས་ལ་སོགས་པ་དངོས་པོ་མེད་པར་སྟོང་པ་ཉིད་དུ་དེ་ལྟ་བས་ན། མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་པ་ཉིད་དོ།། སྟོང་པ་ཉིད་དོན་སྟོང་པ་ཉིད་ཀྱི ་དོན་རང་ནི་འདི་ལྟ་བུ་སྟེ། གཟུགས་སམ་སྟོང་པའི་མཚན་ཉིད་གང་ཡང་མེད་པ། རྒྱུ་རྐྱེན་གང་གིས་ཀྱང་མ་སྐྱེད་པ། རང་གི་ངོ་བོའི་ཡོན་ཏན་གང་དུ་ཡང་མ་འགགས་པ། དངོས་པོའི་དྲི་མ་གང་ཡང་མེད་པ། དེ་ཡང་ཡེ ་ཐོག་མ་ནས་གཟུང་འཛིན་གྱི་ཕྱོགས་གང་དུ་ཡང་མ་ལྷུང་བས། དྲི་མ་དང་བྲལ་བ་ཡང་མེད། སྙིང་པོའི་དོན་དེ་རྐྱེན་གྱིས་བྲི་བ་མེད་པ། རྒྱུ་གཞན་ལྟེ་གཅིག་གིས་བསྐྱེད་ནས། ཡོན་ཏན་གྱིས་གང་བའི་རྒྱུ་ཡང་མེད་དོ།། ་ཤཱ་རཱིའི་བུ་དེ་ལྟ་བྱས་ན་ཞེས་པས་ནི་དམིགས་པར་བྱ་བའི་སྟོང་པ་དེ་ཉིད་ལས། ཉམས་སུ་བླང་བའི་རྒྱུ་དངོས་པོ་གྲུབ་པ་མེད་དེ། གཟུགས་སྟོང་པ་ཉིད་ཡིན་པའི་ཕྱིར་ན། ཚོར་བ་ལ་སོགས་པ་ཡང ་གཉིསུ་མེད་ལ། མིག་ལ་སོགས་པའི་དབང་པོ་སྒོ་ལྔ་དང་། དེ་ལས་ལས་ལྔ་ལ་སོགས་པ་དང་། ཆོས་ལྔ་ས་ནས་དམིགསུ་མེད་དོ།། དེ་རྣམས་ཀྱི་མིག་ལ་སོགས་པའི་ཁམས་ཀྱང་དབྱེར་མི་ཕྱེད་པའོ།། དེ་ལྟར་ན་སྙིང་པོའི་དོན་དེ་ལ ་མ་རིག་པ་ཡང་མེད་དེ། དེ་ཟད་པའི་རྒྱུ་ཡང་མེད་དོ།། སྟོང་པའི་དོན་དེ་ཉིད་ལ་རྒས་པ་དང་ཤི་བ་ཡང་མེད་དེ། དེ་ལྟར་སྐྱེ་རྐྱེ་ན་འཚེ་རྟེན་འབྲེལ་ལ་ཟད་པ་ཡང་མེད་དོ།། དེ་ལྟར་དོན་དེ་ཉིད་ལ་སྡུག་བསྔལ་ཏེ་དུག་ལྔ་ལས་གྲུབ་པ་ཡང ་མེད་ལ། དེ་ལས་བྱུང་བའི་ཀུན་ནས་ཉོན་མོངས་པ་མེདོ།། དེའི་དོན་གྱིས་སྡུག་བསྔལ་བ་མེད་པར་འགོག་པ་ཡང་མད་ལ། དེའི་དོན་གྱི་འཁོར་བའི་དངོས་པོ་ཉམ་སུ་བླང་བ་མེད་ན། མྱ་ངན་ལས་འདས་པར་བྱེད་པའི་ལུམ་ལ་ཡང་ཐོབ ་པའི་རྒྱུ་མེད་དེ། ལམ་དང་ས་རྣམས་ཀྱང་སྦྱང་ཞིབ་བགྲོད་དུ་མེད་དོ།། ཐུན་མོང་གི་ཡེ་ཤེས་ལྔ་ལ་སོགས་པ་ཡང་མེད་དོན་སྙིང་པོའི་དོན་དེ་ལས་གཞན་ནས་ཐོབ་པ་ཡང་མེད་ལ། རང་གི་དངོས་པོའི་དོན་ཡེ་ནས་རང་ཆསུ ་ཡོད་པས། མ་ཐོབ་པའི་རྒྱུ་ཡང་མེད་དོ།། ཤཱ་རིའི་བུ་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་རྣམས་ལ་ཐོབ་པ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཅིང་གནས་ཏེ། ཞེས་པ་ནི་ཤཱ་རིའི་བུ་ལམ་ལ་གཞན ་ནས་ཐོབ་པའི་རྒྱུ་མེད་པ་དེ་ལྟ་བས་ན། འབྲས་བུ་གཞན་ནས་ཐོབ་པ་མེད་པའི་ཕྱིར་ན། དམིགས་པ་མེད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ། སྙིང་པོའི་ཆོས་ཀུན་ཞེས་བྱ་སྟེ། འབྲས་བུ་དེ་ཁ་ལ་བརྟེན་ཅིང་གནས་པ་ཞེས ་བྱའོ།། སེམས་ལ་སྒྲིབ་པ་མེད་པས་སྐྲག་པ་མེད་དེ་ཕྱིན་ཅི་ལོག་ལས་ཤིན་ཏུ་འོངས་ཏེ། མྱ་ངན་ལས་འདས་པའི་མཐར་ཕྱིན་ཏོ།། ཞེས་པ་ནི་འབྲས་བུའི་དོན་རང་ཆོས་སུ་གོནས་པས། དེ་ལས་གཞན་མེད་པས་སེམས་ལ ་སྒྲིབ་པའི་ཆོས་མེད་ལ། གཞན་ནས་མ་ཐོབ་ཀྱིས་དོགས་པའི་སྐྲག་པ་ཡང་མེད་དོ།། ལོག་པའི་ཤེས་པ་རྣམས་ལས་ཤིན་ཏུ་འདས་ཏེ། འཁོར་བའི་དམིགས་པའི་ཤེས་པ་མེད་པར། མྱ་ངན་ལས་འདས་ཏེ། སངས་རྒྱས ་ཀྱི་ས་ལ་མཐར་ཕྱིན་ཏོ།། དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར ་སངས་རྒྱས།། ཞེས་པ་ནི་དེ་ལྟར་ནི་འབྲས་བུའི་རྒྱུ་ཅིག་ལ་བཞག་ནས་ཐོབ་པའི་རྒྱུ་མེད་པ་མ་ཡིན་ཏེ། འདས་པ་དང་མ་བྱིན་པ་དང་ད་ལྟར་ཀྱི་སངས་རྒྱས་རྣམས་ཀྱང་། དམིགས་པ་མེད་པའི་དོན་ལ་བརྟེན་ནས། སངས་རྒྱས ་ཐམས་ཅད་ཀྱི་བླ་ན་མེད་པ་ལས་ལོག་པའི་དོན་མ་དང་། ཡང་དག་པར་སྟོན་པ་ལ་སོགས་པ་རྫོགས་པ། ཤེས་བྱའི་སྒྲིབ་པ་རྣམས་བྱ་བ། སྙིང་པོ་དོན་ལ་བྱ་བར་གཞན་གྱི་དོན། རང་ལ་རང་ཆས་སུ་མངོན་པར་ཡོན་ཏན ་ཐམས་ཅད་རྗོད་པར་སངས་རྒྱས་སོ།། ཤཱ་རིའི་བུ་དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས། ཞེས་པ་ནི་དེ་ལྟ་བུར་དམིགས་པའི་ཡུལ་དང་། ཉམས་བྱུང་བའི་ཐབས་དང་། མཐར་ཕྱིན་པའི ་འབྲས་བུ་རྣམས་གཞན་ནས་འབྱུང་བ་འམ། ཐོབ་པའི་རྒྱུ་མེད་པས་ན་ངོའི་དོནི་ནི་ཤེས་པའི་རབ་འཁོར་བའི་ཕ་རོལ་ཏུ་ཕྱིན་པ་སྟེ། དེའི་དོན་ནི་སྔགས་ཞེས་བྱ་བ་ནི་ཡོན་ཏན་ལྔ་དང་ལྡན་པའོ།། གཞན་གྱི་དོན་ལ་རག་མ་ལུས་རང ་ཉིད་ལ་གནས་པས་སྔགས་ཞེས་བྱའོ།། དེའི་ཡོན་ཏན་ཡང་རང་ཉིད་ཀྱིས་རང་རིག་པས། རིག་པ་ཆེན་པོའི་སྔགས་ལ། གཞན་ལ་ཟླས་སུ་མེད་པས་བླ་ན་མེད་པས་ལ་དངོས་པོར་གྲུབ་པ་མེད་པས་མཚན་མ་དང་མི་མཉམ་པ། ་མཚན་མ་ཉིད་དེའི་ཡོན་ཏན་ཡིན་པས་ན། དབྱེར་མི་ཕྱེད་པས་སྙིང་པོའི་དོན་དུ་མཉམ་པའོ།། སྙིང་པོ་དོན་ཏེ་རྟོགས་ནས་ལོག་པའི་སྡུག་བསྔལ་རྣམས་རབ་ཏུ་མཆོག་ཏུ་ཞི་བར་བྱེད་དོ།། དམིགས་པ་མེད་པའི་ངང་ལ་གནས་པའི ་སྔགས་དེའི་དོན་མི་བརྫུན་ཏེ་སྙིང་པོའི་དོན་ཏུ་བདེན་པར་ཤེས་ཏེ། དེའི་ཕྱིར་ན་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་སྔགས་སྦྱིན་རས་གཟིགས་ཀྱིས་སྨྲས་པ། ཏདྱ་ཐཱ། ཅེས་པ་ནི། འཁོར་འདས་ཀྱི་དོན་སྙིང་པོར་ཅིག་པ ་འདི་ལྟ་སྟེ་ཞེས་པའི་དོན་ནོ།། དེ་ཡང་དམིགས་པ་མེད་པར་གཅིག་གི། བྱེད་པ་མེད་པར་གཅིག་པོ། རང་བཞིན་མི་འགྱུར་བའི་དོནི་འདི་ལྟ་སྟེ། ཨོཾ་ནི་འཁོར་བའི་དུས་སུ་དག་ལྔ་ལྟར་དུ་སྣང་བ་འབྲས་བུའི་དུས་སུ་རིགས ་ཡབ་ཡེ་ཤེས་ལྔ་ལྟར་སྣང་བ་དེ་ནི་ལོག་པའི་ཤེས་པ་ལ་སྣང་གི། དེ་ཉིད་ལ་དམིགས་པ་མེད་པའོ།། ཤེས་རབ་གཞན་མི་གནས་པར་རྟོགས་པས། འབྲས་བུའི་ཕ་རོལ་ཏུ་ག་ཏེ་བདུག་དོན་དུ་ཕྱིན་ལ། གཞན་དོན་དུ་ཡང་ག ་ཏེས་ཕྱིན་པའི་དོན་ཏོ།། བ་ར་ག་ཏེན་བདག་དོན་གྱིས་མཆོག་ཏུ་ཕྱིན་ཏེ། གཞན་ལ་རེ་བའི་ཡུལ་མེད་དོ་ཞེས་པའོ།། པ་ར་སང་ག་ཏེ་ན་གཞན་དོན་གྱིས་མཆོག་གམ་ཕུལ་དུ་ཕྱིན་ཏེ། གདུལ་བྱ་དམིགས་པའི་ཐུགས་རྗེ ་འབྱུང་བ་སྤངས། གདུལ་བྱས་ལས་དག་པ་ལ་སྣང་བ་སྦྲུལ་སྐུ་རང་བཞིན་དག་པ་ལ་སྣང་བ་ལོངས་སྐུ། བོ་དྷི་རྒྱུན་མི་འཆད་པ་ཐུགས་རྗེ། རྡུལ་བྱ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དུ་འབྱུང་ངོ་།། སྭཱ་ཧཱ་སྟེ། རྒྱུད་རྣམས ་རང་བཞིན་གྱིས་གྲོལ་ལ་ཞེས་བྱ་བའི་དོན་ཏེ། དེ་ཡང་ཉིད་ཀྱིས་ཉིད་གྲོལ་བའི་དོན་ཏོ།། གཞན་ལ་སྙིང་པོའི་དོན་ནམ་རག་ལུས་པ་མེད་པའོ།། ཤྲཱི་རིའི་བུ་དེ་ལྟར་ཟབ་པའི་དོན་ལོ་བསླབ་པར་བྱའོ་ཞེས་བསྟན་པའོ།། དེ་ནས ་བཅོམ་ལྡན་འདས་ཏིང་ངེ་འཛིན་ལས་བཞེངས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས་ཞེས་པས་ནི། དུས་གཞན་གྱིས་བར་མཆོད ་པར་སྤྱན་རས་གཟིགས་ཀྱིས་ཤཱ་རིའི་བུ་དེས་བསྟན་པོའི་རྗེས་དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་སྨིན་པར་བྱེད་པ་ཏིང་འཛིན་ལ་བཞེས་ནས་འཕགས་པ་སྐྱོན་རོས་གཟིགས་ལ་དམ་པའི་ཆོས་མ་ནོར་བར་ངས་བསྟན་པ ་ལྟར་ཁྱོད་སྟོན་པ་ལེགས་པར་བྱིན་ནོ།། དེ་ལྟར་སྟོན་པ་ལེགས་སོ།། རིགས་ཀྱི་བུ་རང་དོན་དེ་བཞིན་ནོ།། གཞན་གྱི་དོན་དང་རང་ཆུས་སུ་དུས་གཞི་འམ་འབྲས་བུར་ཆས་པར་སྟོན་པ་དེ་དེ་བཞིན་ཏེ། ་འཕགས་པ་སྤྱན་རས་གཟིགས་ཁྱོད་ཀྱིས་ཤཱ་རིའི་བུ་ལ་བསྟན་པ་དེ་བཞིན་དུ་གདུལ་བྱ་རྣམས་ཀྱི་ཡེ་ཤེས་རང་ལ་རང་ཆས་སུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་པས་བསླབ་པར་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས ་གསུངས་པ་བཀའ་དངོས་སོ།། དེ་བཞིན་གཤེགས་པ་རྣམས་ཀྱང་རྗེས་སུ་ཡི་རང་དྲི་ཞེས་པས་ནི་བཅོམ་ལྡན་འདས་ཀྱིས་གསུངས་པའི་བཀའ་དངོས་དང་བྱིན་གྱིས་བརླབས་པའི་བཀའ་སྤྱན་རས་གཟིགས་གཉིས་མཐུན ་པས་དེཞིན་གཤེགས་པའི་རིགས་ཐམས་ཅད་ཀྱང་བཀའ་མཐུན་པའི་དོན་དེ་ལ་ཡི་རང་ངོ་།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཞེས་པ་ལ་སོགས་པ་ནི་བཀའ་མཐུན་པའི་དོན་ལ་དགྱེས་ཏེ་སྟོན་པ ་ཆོས་དང་འཁོར་འཕགས་པ་སྤྱན་རས་གཟིགས་ལ་བསྟན་པའོ།། འཁོར་རྣམ་པ་བཞི་ལྔ་སོགས་པའི་འཁོར་དང་། ལྷའི་དབང་པོ་བརྒྱ་བྱིན་དམ་པ་འམ་མཆོག་ཏུ་གྱུར་པ་རླུང་། ལྷ་མ་ཡིན་གྱི་རྒྱལ་པོ་ཐག་ཟང ་རིས་དང་། དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་ལ་སོགས་པ་རྣམས་ཀྱིས་བསྟོད་པའོ།། ཤཱ་རིའི་སཾ་ཧས་མཛད་པའི་འགྲེས་པ་མདོ་ལས་སྔོགས་སུ་བཻ་རོ་ཙ་ནའི་དོན་དུ་བག་ལི་བའི་ཚིག་ཏུ་ཉུང་ལ་དོན་ཆེ་བོ་ལ་བསལ་བའི ་སྐྱོན་མ་རྫོགས་སོ།། ། སློབ་དབེན་པ་ཅི་ནས་རྒྱལ་པོ་ཁྲི་སྲོང་སྡེ་བཙུན་ལ་མཚན་མ་ཆོས་སྤྱོད་ལ་དྲེགས་པ་སྐྱེས་པར་དུས་སུ། ཐཱ་དང་རྣམ་པར་འགུལ་བ་འདི་སྣང་བ་ལ།། ད་ལ ་