CLOSE WINDOW

GT3850: sgra'i bstan bcos
Wyliee-texts produced with BDRC’s OCR application

རྒྱ་གྲཝར་སྐུད་དུ། ཤཔྟཱ་ཤཱསྟྲ། བོད་སྐད་དུ། སྒྲའི་བསྟན་བཅོསྣ། ཐམས་ཅད་མཁྱེན་ལ་ཕྱག་འཚལྔ་ལོ།། བྱཱ་ཀ་ར་ཎ་ཞེས་པ་ནི་སྤྱིར་གང་ཡིན་པ་ལུང་སྟོན་པ་ཡིན་ཡང་། འདི་སྐད་ཀུན་གསལ ་པར་བྱེད་པ་ཡིན་ཏེ། དེའི་གཞི་འམ་གནས་ནི། བསླབ་པ་འམ། ཚིག་གིམ་དོན་གྱི་གནས་སུ་གྱུར་པའོ།། བརྒྱད་ནི་བྱེད་པའི་གནས་ལ་སོགས་པ་སྟེ། དེ་ལ་བྱེད་པའི་གནས་ནི། བྱ་བ་གཅིག་སྒྲུབ་པར་བྱེད་པའི་སྒྲའི ་གནས་སོ།། བསྡུ་བའི་གནས་ནི། ཚིག་དོན་དང་ལྡན་པའི་ཚིག་སྡུད་པའི་སྒྲའི་གནས་སོ།། བསྒྱུར་བའི་གནས་ནི་སྐད་ཀྱི་དབྱིངས་དང་། ཉེ་བར་བསྒྱུར་བའི་སྒྲའི་གནསོ།། དྲང་བའི་གནས་ནི་གཞན་གཅོད་ཅིང་བྱེ་བྲག་བྱེད་པའི ་སྒྲའི་གནས་སོ།། འཇུག་པའི་གནས་ནི། ཡི་གེ་འཇུག་པའི་གཞི་དང་། བརྡ་དང་ཐ་སྙད་སྟོན་པའི་སྒྲའི་གནས་སོ།། རྣམ་པ་ར་དབྱེ་བའི་གནས་ནི་སྒྲ་གཅིག་སྒྲ་ཀུན་ཏུ་བསྒྱུར་དུ་བཏུབ་པ་དང་། སྒྲ་གཅིག་དོན་ཐམས་ཅད་ལ ་འཇུག་ཏུ་རུང་བ་སྟོན་པའི་སྒྲའི་གནས་སོ།། ཕྱོགས་ཀྱི་གནས་ནི་སྐྱེས་བུའི་ནུས་པ་སྟོན་པ་སྒྲའི་གནས་སོ།། དངོས་པོའི་གནས་ནི་དོན་གྱི་ངོ་བོ་ཉིད་དམ་གཙོ་བོ་སྟོན་པའི་སྒྲའི་གནས་སོ།། དེ་ལ་བྱེད་པའི་གནས་ཀྱི་དབྱེ་བ་དང ་ངོ་བོ་བསྟན་པའི་ཕྱིར། དེ་ལ་བྱེད་པའི་གནས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱེད་པའི་ཚི་ག་བརྒྱད་ཀྱི་བྱ་བ་གཅིག་སྒྲུབ་པ་སྟོན་པ་ནི་བྱེད་པའི་ཚིག་བརྒྱད་ཀྱི་ལུགས་ཡིན་ནོ།། དེ་བཞིན་དུ་བྱེད་པའི་ཚིག་དྲུག་དང ་བཞིས་བྱ་བ་རེ་རེ་སྟོན་པ་ཡང་བྱེད་པའི་ཚིག་དྲུག་གི་ལུགས་དང་བཞིའི་ལུགས་ཡིན་ནོ།། དེ་ལ་ཚིག་བརྒྱད་ནི་གང་བྱེད་ཅེས་པ་ལ་སོགས་པ་སྟེ་དེ་ལ་གང་བྱེད་ཅེས་པ་ནི་དང་པོ་བྱེད་པའི་དངོས་པོ་འམ་དོན་ཙམ་གྱི ་ཚིག་ཡིན་ཏེ། འདི་ལྟར་འབྲས་ཆན་འཚོད་པར་བྱེད་པ་པོ་ལྷས་བྱིན་ཡིན་པ་དང་འདྲ་བར་ཉོན་མོངས་བསྐྱེད་པའི་བྱེད་པ་པོ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཡིན་པ་དང་། ལམ་སྐྱེ་བའི་བྱེང་པ་པོ་ཆོས་རྒྱུ་འབྲས་ལ་ཡིད་ཆེས་པ་ལྟ་བ ་མ་པར་ཤེས་པ་སྐྱེ་བའི་བྱེད་པ་པོ་འདུ་བྱེད་སེམས་པ་ཡིན་པ་ལྟ་བུ་ནི་དང་པོ་ངོ་བོའི་ཚིག་ཅེས་བྱའོ།། ། ཡངངོ་ན་གང་འཚོད་པར་བྱེད་ན་འབྲས་ཆན་འཚེད་པར་བྱེད་པ་དང་འདྲ་བར་གང་སྐྱེད་པ་བྱེད་ན་ཉོན་མོངས་པ་དང་ལམ་དང་རྣམ་པར ་ཤེས་པ་སྐྱེད་པར་བྱེད་ཅེས་དོན་གྱི་ངོ་བོ་ཙམ་སྟོན་པར་བྱེད་པ་ནི་དང་པོ་ངོ་བོའི་ཚིག་ཅེས་བྱའོ།། གང་གིས་ཞེས་བྱ་བ་ནི་དཔེར་ན་ལྷས་བྱིན་ནི་འབྲས་ཆན་འཚོད་པར་བྱེད་ཅེས་བྱེད་པ་པོ་དམིགས་འཛིན་པ་འམ། ཡང་ན་གང་ཞིག་ལ་འཚོད་པར ་བྱེད་ན་འབྲས་ཆན་ལ་འཚོད་པར་བྱེད་ཅེས་ལས་ཀྱི་དམིགས་འཛིན་པར་བྱེད་པ་བཞིན་དུ་ཚུལ་བཞིན་མ་ཡིན་པ་ནི་ཉོན་མོངས་པ་སྐྱེད་པར་བྱེད་པ་ལ་སོགས་པ་འམ། ཉོན་མོངས་པ་ལ་བྱེད་ཅེས་པ་ལ་སོགས་པ་ནི་གཉིས་པ་དམིགས ་འཛིན་པའི་ཚིག་ཅེས་བྱའོ།། གོང་གིས་བྱེད་ཅེས་པ་ནི་དཔེར་ན་མེ་ཡིས་འཚོང་པར་བྱེད་པ་འདྲ་བས་མ་རིག་པས་ཉོན་མོངས་པ་དང་། དོད་པས་ལམ་དང་། རྐྱེན་གྱིས་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་ལྟ་བུ་ནི་གསུམ་པ་བྱེད་པའི ་ཚིག་ཅེས་བྱའོ།། གང་གི་ཕྱིར་བྱེད་ཅེས་པ་ནི། དཔེར་ན་ཆོས་སྟོན་བྱ་བའི་ཕྱིར་འབྲས་འཚོད་པ་དང་འདྲ་བར་ཕུང་བའི་ཕྱིར་ཉོན་མོངས་པ་དང་། ཡོན་ཏན་གྱི་ཕྱིར་ལས་དང་། ཡུལ་ལ་དམིགས་པར་བྱ་བའི་ཕྱིར་རྣམ་པར་ཤེས་པ་འབྱུང ་བར་བྱེད་ཅེས་པ་ལྟ་བུ་ནི་བཞི་པ་ཆེད་དུ་བྱ་བའི་ཚིག་ཅེས་བྱའོ།། གང་ལས་བྱེད་ཅེས་པ་ནི། དཔེར་ན་འབྲས་ལས་འབྲས་ཆུན་བྱེད་པ་དང་འདྲ་བར་ཡུལ་ལ་གཡེང་བ་ལས་ཉོན་མོངས་པ་དང་། ཤེས་རབ་རྣམ་གསུམ་ལས་ལམ་དང་། ་འཐུན་པའི་བག་ཆགས་ལས་རྣམ་པར་ཤེས་པ་འབྱུང་ཞེས་པ་ལྟ་བུའི་ནི་ལྔ་པ་འབྱུང་གནས་ཀྱི་ཚིག་ཅེས་བྱའོ།། གང་གིས་བྱེད་ཅེས་པ་ནི། དཔེར་ན་མཆོད་སྦྱིན་གྱི་འཚོད་པ་བྱེད་པ་དང་འདྲ་བར་འཁོར་བའི་ཉོན་མོངས་པ་དང་། འཕགས ་བའི་ལམ་དང་། མི་ལ་སོགས་པའི་རྣམ་པར་ཤེས་པར་བྱེད་ཅེས་པ་ལྟ་བུ་ནི། དྲུག་པ་འབྲེལ་པའི་ཚིག་ཅེས་བྱའོ།། གང་ནི་བྱེད་ཅེས་པ་ནི། དཔེར་ན་ཚང་པོའང་འཚོད་པར་བྱེད་པ་དང་འདྲ་བར་ཉོན་མོངས་པ་ཐམས་ཅད་ནི་ཉེ་བར་ལེན ་པའི་ཕུང་པོ་ལ་གནས་ཏེ། སྐྱེ་བ་དང་ལམ་ནི་ཟག་པ་མེདོ་པའི་ཕུང་པོ་ལ་གནས་ཏེ། སྐྱེ་བ་དང་རྣམ་པར་ཤེས་པ་ནི་དབང་པོ་ལ་གནས་ཏེ། སྐྱེ་བ་ལྟ་བུ་ནི་བདུན་པ་གནས་གཞིའི་ཚིག་ཅེས་བྱའོ།། གང་ཞེས་བྱ་བ་བྱེད་ཅེས་པ་ནི། དཔར ་ན་འབྲས་ཆན་ནི་དོན་གྱི་གཞི་ལ་ཐ་སྙད་འབྲས་ཆན་ཞེས་མིང་བཏགས་པ་དང་འདྲ་བར་ཆོས་རྣམས་ཀྱི་དོན་གྱི་དངོས་གཞི་ལ་ཉོན་མོངས་པ་དང་། རྣམ་པར་ཤེས་པ་དང་ལམ་ལ་སོགས་པ་མིང་གདགས་པ་ཐམས་ཅད་ནི་བརྒྱད་པ ་བདགས་པའི་ཚིག་ཅེས་བྱའོ།། བྱེང་པའི་ཚིག་དྲུག་གིས་ལུགས་ནི་གད་བྱུང་ཅེས་པ་ནི་ལྷས་བྱིན་འབྲས་ཆན་འཚོད་པ་དང་། མཆོད་སྦྱིན་ཤིང་གཅོད་པ་ལ་སོགས་པ་དང་པོ་བྱེད་པ་བསྒྱུར་བའམ། ང་ཟ ་ཙམ་སྟོན་པའི་ཚིག་གོ།། གང་ལ་བྱེད་ཅེས་པ་ནི་གཉིས་པ་ལས་ཀྱི་ཚིག་སྟེ། ལས་སུ་བྱ་བ་གང་ཞིག་ལས་བྱེད་པ་གཞན་ཞིག་ཡུལ་དུ་བྱས་པ་ཡིན་ཏེ། ཤིང་ལས་བྱེད་ཅེས་པ་ལྟ་བུའོ།། གླང་གིས་བྱེད་ཅེསཽ་པ་ལྟ་བུ་ནི་གསུམ་པ ་བྱེད་པའི་ཚིག་ཡིན་ཏེ། སྟ་རེས་བྱེད་ཅེས་པ་ལྟ་བུའོ།། གང་གིས་བྱེད་ཅེས་པ་ནི་བཞི་པ་དགོས་ཆེས་ཀྱི་ཚིག་ཡིན་ཏེ། ཀ་བའི་ཕྱིར་བྱེད་ཅེས་པ་ལྟ་བུའོ།། གང་ལས་བྱེད་པ་ནི་ལྔ་པ་རྒྱུའི་ཚིག་ཡིན་ཏོ་ཤིང་ལས་བྱེང་པ་ལྟ་བུའོ།། དེ ་དག་ཀྱང་བྱེད་པའི་དུས་ན་ལས་ཡོན་ལ། བྱ་བ་དང་སྦྱར་ན་རྒྱུ་ཡིན། བྱས་པ་ནི་དགོས་ཆེད་ཡིན་ནོ།། གང་ལ་བྱེད་ཅེས་པ་ནི་བདུན་པོ་གནས་གཞིའི་ཚིག་ཡིན་ཏེ། ཡུལ་དབུས་ན་བྱེད་ཅེས་པ་ལྟ་བུའོ།། བྱང་པའི་ཚིག་གཞིའི་ལུས་ནི།། ་གང་བྱེད་ཅེས་པ་ནི། བྱེད་པ་པོ་འམ་ངོན་ཙམ་གྱི་ཚིག་གོ། གང་ལས་བྱེད་ཅེས་པ་ནི་གཉིས་པ་ལས་ཀྱི་ཆོ་གོ། གང་གིས་བྱེད་ཅེས་པ་ནི། གསུམ་པ་བྱེད་པ་པོའི་ཚིག་གོ། གང་ནརྀ་བྱེད་ཅེས་པ་ནི་བཞི་པ་གནས་བཞིའི་ཚིག་སྟེ། དེ ་དག་ཀྱང་ངོ་བོ་བརྒྱད་པ་དང་འཐུན་ཏེ་གྲངས་ཀྱིས་ཕྱེ་བའི་ཐ་དད་པའི་ལུགས་ཡིན་ནོ།། དེ་དག་ནི་སྐད་ཀྱི་དབྱིངས་ལ་བསྒྱུར་བའི་ལུགས་ཡིན་ནོ་ཞེས་བྱ་བཽ་ནི། ཏི་ངན་ཏའི་ལུགས་ཡིན་ཏེ། བྱ་བ་གཅིག་ལ་ཚང་བར་སྦྱོར་གྱིས། ངོ ་བོ་གཅིག་གི་སྨྲ་ལ་མི་སྦྱོར་བས་བི་བྷཱཀྵྨ་ལཱ་བུ་ཡིན་ཏེ། བཱི་བྷཀྟྭཱ་འོག་ནས་འཆང་པ་ལྟ་བུ་ཡིན་ནོ།། ཅིའི་ཕྱིར་བྱེད་པའི་གནས་ཞེས་བྱ་ཞེ་ན། བྱཱ་བྲཱ་ཤིན་ཏྱཱ་སྒྲུ་པར་བྱེད་པ་ཁོ་ནར་དྲང་བའི་ཡན་ལག་ཡིན་ནོ།། བསྡུ་ཕྱིར་གནས་ཀྱི ་དབྱེ་བ་དང་ངོ་བོ་བསྟན་པའི་ཕྱིར་བསྡུ་བའི་གནས་ནི་བརྒྱད་དེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་འབྲུ་མོང་པོ་པ་ནི་དབྱེ་བའི་གནས་སོ།། དེ་ལོ་ཚིག་འབྲུ་གཉིས་དོན་གཞན་ལ་འཇུག་པ་ཞེས་བྱ་བ་ནི་དཔེར་ན་བ་ཁྲ་མོ་ཅན་ལྟ་བུ་དང་། ་བོ་དང་ཁྲ་མོ་གཉིས་ཀྱི་ཚིག་གི་དོན་བདག་པོ་ཡིན་པ་ལྟ་བུའོ།། དེའི་དབྱེ་བ་ནི་གསུམ་སྟེ། དེ་ལ་རང་གི་མི་དང་ལྡན་པ་ནི། སྐྱེས་བུ་ནཱ་ཅན་ལྟ་བུ་རང་གི་མིང་། སྐྱེསྣ་བུ་དང་རྟ་གཉིས་ཀྱི་དོན་མི་ངོ་ཅན་གྱི་བདག་ཡིན་པ་ལྟ་བུའོ།། གཞན ་གྱི་མིང་དང་ལྡན་པ་ནི་མངའ་གཞུ་ཅན་ལྟ་བུ་ཕྱོགས་ཀྱི་མིང་དང་ལྡན་པ་ནི། ཤར་དང་ལྷོའི་བར་ལ་ཤར་ལྷོ་ཞེས་པ་ལྟ་བུའོ།། ཚིག་མང་པོ་དོན་གཞན་ལ་འཇུག་པ་ནི་གསུམ་སྟེ། དེ་ལ་གྲངས་ཙམ་དང་ལྡན་པ་ནི། བཙུ་དང་ཉེ་བ་ནི་ཉེ ་བ་བཅུ་པ་ཞེས་པའམ། ཡང་ན་བརྒྱ་རྩ་བརྒྱད་ཡིན་པ་ནི། བརྒྱ་རྩ་བརྒྱད་ལྟ་བུའོ།། གྲངས་མ་ཡིན་པ་དང་ལྡན་པ་ནི། ཕྱོགས་གང་ན་མེ་ཏོག་པདྨ་མང་པོ་ཡོད་པ་དེ་ནི་མེ་ཏོག་པདྨ་མང་པོ་ཅན་ནམ། སྐྱེས་བུ་གང་ལ་ལེགས་པའི་ཡོན ་ཏན་མང་པོ་ཡོད་པ་ནི་ཡོན་ཏན་ཕུན་སུམ་ཚོགས་པ་ཅན་ཞེས་པ་ལྟ་བུའོ།། གཅིག་ལ་བརྟེན་པས་འགྲུབ་པ་ནི། གང་དང་གང་དག་ལ་གཅིག་ལ་གཅིག་ཕན་ཚུན་གནོད་པ་སྒྲུབ་པ་སྟེ། དཔེར་ན་ལྷས་བྱིན་དང་མཆོད་སྦྱིན་སྟོབས ་འགྱེད་པ་ན་སྟོབས་འགྱེང་བ་ཅན་ཞེས་མཚུངས་པ་ཐོབ་པ་ལྟ་བུ་ཡིན་ནོ།། སྦྱོར་བའི་བྱེ་བྲག་གིས་ཕྱེ་བས་དྲུག་ཡིན་ཏེ། བྱེང་བའི་ཚིག་དྲུག་གིས་བསྒྱུར་ན་བཞི་བཅུ་རྩ་གཉིས་སུ་འགྱུར་རོ།། དྲང་བའི་གནས་ཀྱི ་མུ་བཞིས་ཕྱེ་ན་བརྒྱ་དྲུག་ཅུ་རྩ་བརྒྱད་ཡིན་ནོ།། མུ་བཞི་ནི་གཞི་འཐུན་པ་གཉིས་གཞི་ཐ་དད་པ་གཉིས་སོ།། དེ་ལ་གཞི་འཐུན་པ་ནི་ལྷས་བྱིན་རྣ་བ་འཕྱང་བ་ཅན་ནམ། སྐྱེས་བུ་ལུས་ལེགས་པ་ཅན་ལྟ་བུ་ཐམས་ཅད་འཐུན་པ་འམ། ་སྐྱེས་བུ་རྐང་ལག་ཅན་ལྟ་བུཾ་ཚིག་དོན་རྐང་པ་དང་ལག་པ་ནི་ཐ་དད་ལ། པ་ཡིས་བསྟན་པའི་ལྡན་པ་ནི་འཐུན་པ་གཉིས་སོ།། གཉིས་ཐ་དད་པ་ནི་མདའ་གཞུ་དང་སྐྱེས་བུ་ཐ་དད་དང་། བ་ཁྲ་མོ་ཅན་ལྟ་བུ་པ་དང་ཁྲ་མོ་གཉིས་ངོ་བོ་འཐུན ་ལོ་ལྡན་པ་དང་ཐ་དད་པ་གཉིས་སོ།། དེས་ཀུན་འཐུན་པ་དང་ཀུན་མི་མཐུན་པ་དང་། འབྲུ་མང་པོ་པ་འཐུན་པ་དང་མི་མཐུན་པ་དང་། འབྲུ་མང་པོ་ཐ་དད་པ་དང་། འཐུན་པའི་གཞི་ཡིན་ནོ།། བྱེད་ཚིག་དྲུག་གི་ལས་དང་བྱེད་པ་དང་ཚོད ་དང་རྒྱུ་དང་འབྲེལ་བ་དང་གཞིའི་ཚིག་གོ།། དེ་རྣམས་ནི་ཚིག་འབྲུ་གཞན་གྱི་དོན་གཞན་སྟོན་པའི་སྦྱོར་བ་ཡིན་ནོ་ཞེས་བྱ་བ་ནི་རང་གི་ཚིག་གི་དོན་གྱིས་བསྟན་པར་བྱ་བ་གཞན་སྟོན་པས་རང་གི་ཚིག་གི་དོན་གཙོ་བོ་མ་ཡིན་ནོ་ཞེས་བྱ ་བའི་དོན་ཏོ།། མདོར་བསྡུ་བ་ནི་ལྔ་སྟེ། ཞེས་བྱ་བ་ནི་ཚིག་བསྡུ་བ་ལྔ་ཡིན་ནོ།། ང་ལ་གཉིས་ཀྱིས་མདོར་བསྡུ་བ་ནི་པ་དང་མ་ནི་ཕ་མ་ཞེས་ཟླས་དབྱེ་བའི་ཚིག་སྡུད་པ་ལྟ་བུའོ།། རྣམ་གྲངས་ཀྱིས་མདོར་བསྡུ་བ་ནི་ས་དང ་ཆུ་དང་མེ་དང་རླུང་ནི། སཱ་ཆུ་མེ་རླུང་ཞེས་ཟླས་དབྱེ་བའི་ཚིག་སྡུད་པ་ལྟ་བུའོ།། གཞན་གྱིས་དོན་བསྡུས་པ་ནི། རྟ་ཁྲ་བོ་དང་ལྡན་པ་ནི་རྟ་ཁྲུ་ཅན་ཞེས་གཞན་གྱི་ཚིག་གི་དོན་བསྡུ་བ་ལྟ་བུའོ།། བྱེད་པའི་ཚིག་དྲུག་གི་མདོར་བསྡུས ་པ་ནི་ལས་ལ་སོགས་པའི་ཚིག་དྲུག་བསྡུས་པ་སྟེ། ཆོས་ལ་སྤྱད་པ་ནི་ཆོས་སྤྱོད་ཅེས་ལས་ཀྱི་ཚིག་བསྡུས་པ་དང་། ཡོན་ཏན་གྱིས་འཐོབ་པ་ནི་ཡོན་ཏན་འཐོབ་ཅེས་བྱེད་པའི་ཆོག་བསྡུས་པ་དང་། མཆོད་པའི་ཆེད་དུ་བཙུགས ་པའི་སྡོང་པོ་ནི་མཆོད་སྡོང་ཞེས་ཆེད་ཀྱི་ཚིག་བསྡུས་པའོ།། ཤིང་ལས་བྱུང་བའི་འབྲས་བུ་ནི་ཤིང་འབྲས་ཞེས་རྒྱུའི་ཚིག་བསྡུས་པ་དང་། ཟས་ཀྱི་བཅུད་ནི་ཟས་བཅུད་ཅེས་འབྲེལ་བའི་ཚིག་བསྡུས་པ་དང་དཀའ་བ་ལས་གནས་པ་ནི ་དཀའ་གནས་ཞེས་གཞིའི་ཚིག་བསྡུས་པའོ།། ཁྱད་པར་གྱི་མདོར་བསྡུས་པ་ནི་སྔོན་པོ་ཡང་དེ་ཉིད་ཨུཏྤ་ལ་ཡང་དེ་ཉིད་ཡིན་པ་ནི་ཨུཏྤ་ལ་སྔོན་པོ་གཞན་སྤོང་བའི་ཚིག་མདོར་བསྡུས་པའོ།། དེ་རྣམས་ནི་མདོར་བསྡུས་པ་ཙཱམ་གྱིས ་སྦྱོར་བ་ཡིན་ཞེས་བྱ་བ་ནི་ཚིག་གིས་དོན་གྱིས་བསྡུས་པ་གཞན་ལས་ཀྱང་ཕྱོགས་འཐུན་ནོ་ཞེས་པའི་དོན་ཏོ།། བྱེ་བྲག་བསྡུ་བ་ནི་གཉིས་ཏེ། དེ་ལ་ཚིག་སྔ་མ་བྱེ་བྲག་ཏུ་སྦྱོར་བ་ནི། སྔོན་པོ་ཉིད་ཨུཏྤ་ལ་ཞེས་པ་སྔ་མའི་ཚིག་གི ་དོན་བྱེ་བྲག་ཏུ་སྟོན་པ་ནི་མ་ཡིན་ནོ།། ཚིག་ཕྱི་མ་བྱེ་བྲག་སྦྱོར་བ་ནི་ཨུཏྤ་ལོ་ཉིད་སྔོན་པོ་ཞེས་པ་ལྟ་བུ་ཕྱི་མའི་ཆོ་ག་གི་དོན་བྱེ་བྲག་ཏུ་སྟོན་པ་ཡིན་ནོ།། དེ་དག་ནི་དངོས་པོ་ཀུན་སྤྱི་དང་བྱེ་བྲག་དང་ལྡན་པའི་ཕྱིར་བྱེ་བྲག་བསྡུ་བ ་སྦྱོར་བ་ཡིན་ཞེས་པ་ནི། སྤྱི་ཙམ་ནི་ཁོང་དུ་ཆུད་ལ། བྱེ་བྲག་ནི་ཁོང་དུ་མ་ཆུད་པ་དག་ལ་སྤྱིར་བྱེ་བྲག་བསྡུས་པས་བྱེ་བྲག་ལ་ཐེ་ཚོམ་ཟ་བར་སེལ་བར་ནུས་པ་ཡིན་ནོ།། ཡན་ལག་བསྡུ་བ་ནི་བཞི ་སྟེ། དེ་ལ་འབྲེལ་བའི་ཡན་ལག་བསྡུ་བ་ནི། གོ་ཙོ་བོ་ལ་འབྲེལ་བའི་ཡན་ལག་འབྲེལ་པ་བསྡུ་བ་སྟེ། ལུས་ལ་སོགས་པའི་དབང་པོ་ལྷའོ་ཞེས་པ་ལྟ་བུའོ།། གོ་རིམས་ཀྱི་ཡན་ལག་བསྡུ་བ་ནི། མིག་ལ་སོགས་པའི་དབང ་པོ་ཞེས་པའམ། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་པ་ལྟ་བུའོ།། དོན་གྱི་ཡན་ལག་བསྡུ་བ་ནི། དོན་གྱི་དབང་གི་གཙོ་བོ་འམ་སྐབས་ཀྱི་དབང་གི་གཙོ་བོ་ཡིན་པའི་ཡན་ལག་བསྡུ་བ་སྟེ། ཤེས་རབ་ལ ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལྟ་བུ་འམ། འཁོར་ལྀ་ལ་སོགས་པའི་རིན་པོ་ཆེ་ཞེས་པ་ལྟ་བུའོ།། གྲོགས་པའི་ཡན་ལག་བསྡུ་བ་ནི། འཇིག་རྟེན་པ་དང་བསྟན་བཅོས་ལ་གྲགས་པ་གཉིས་ཏེ། དེ་ལ་འཇིག་རྟེན་ལས ་གྲགས་པ་ནི། ཀ་བཱ་དང་བུམ་པ་ལ་སོགས་པའི་ཐ་སྙད་ཅེས་པ་ལྟ་བུ་གྲགས་པ་ཙམ་གྱི་གཙོ་བོ་ཡིན་པས་སོ།། བསྟུན་བཅོས་ལ་གྲགས་པ་ནི། ལུས་ལ་སོགས་པའི་བྱེང་པའི་ཚིག་ཅེས་པ་ལ་སོགས་པ་གྲགས་པ ་ཙམ་གྱིས་གཙོ་བོ་ཡིན་པས་ཡན་ལག་བསྡུ་བ་ཡིན་ནོ།། དེ་རྣམས་དངོས་པོ་ཀུན་གཙོ་བོ་དང་ཡན་ལག་དང་ལྡན་པའི་ཕྱིར་ཞེས་བྱ་བ་ནི། རྣམ་པ་བཞིའི་སྒོ་ནས་གཙོ་བོ་དང་ཡོན་ལག་ལྡན་པས་སོ།། གཙོ་བོ་ལ་སོགས ་པས་ཞེས་པ་ནི་གཙོ་བོའི་རྗེས་སུ་སོགས་པའི་ཚིག་གིས་ཡན་ལག་ཇི་ལྟར་རིག་པར་སྡུད་པ་ཡིན་ནོ།། ། བནི་བསྡུ་བ་ནི་གཉིས་ཏེ། དེ་ལ་རིགས་བསལ་བའི་བསྡུ་བ་ནི། རིགས་མི་མཐུན་པ་ཙམ་སེལ་བ ་རྗེས་སུ་ཀུན་སྡུད་པའི་ཚིག་སྤྲོས་པ་སྟེ། ཆོས་ཐམས་ཅད་དང་། ཆོས་མཐའ་དག་དང་ཟིང་པར་ལ་སོགས་པའོ།། རིགས་མ་བསལ་བའི་བསྡུ་བ་ནི་མ་ལུས་པ་ལ་སྙེགས་པའི་ཚིག་སྟེ། ཐམས་ཅད་ཟད་པར་ཀུན་ལ་སོགས ་པའོ།། དེ་དག་ནི་དེ་གཉིས་ཀྱི་སྒོ་ནས་ཀུན་སྡུད་པ་ཙམ་བྱེད་པའི་སྦྱོར་བ་ཡིན་ནོ་ཞེས་པ་ནི། ཆོས་ཐམས་ཅད་ཀྱི་དངོས་པོ་དེ་སྒྲ་གཉིས་ཀྱི་སྒོ་ནས་ཀུན་སྡུད་པའི་ཚིག་ཡིན་ནོ།། །། གཞི་གཅིག་ཏུ་བསྡུ་བ་ནི་གཉིས ་ཏེ། དེ་ལ་ཕྱོགས་གཅིག་ཏུ་བྱེད་པའི་བསྡུ་བ་ནི། འདུས་བྱས་ཐམས་ཅད་མི་རྟག་པར་ཕྱོགས་གཅིག་ཏུ་བྱེད་པ་ལྟ་བུའོ།། སོ་སོ་ཕྱོགས་གཅིག་ཏུ་བྱེད་པ་ནི་འདུས་བྱས་དང་འདུས་མ་བྱས་ནི་བདག་མང་པ་ཞེས་ཐ་དད་པ་དག ་བདག་མེད་པར་ཕྱོགས་གཅིག་ཏུ་བྱེད་པ་ལྟ་བུའོ།། དེ་དག་ནི་གཞི་བསྡུ་བའི་ཕྱོགས་སུ་བྱས་པ་ལས་ཤེས་པ་ནི་འདུས་བྱས་ཐམས་ཅད་ཅེས་གཞི་བསྡུའི་ཕྱོགས་སུ་བྱས་པ་ལས། མི་རྟག་གོ་ཞེས་མཚན་ཉིད་གཅིག་ཏུ་བསྡུས ་པའི་སྦྱོར་བ་ཡིན་ནོ་ཞེས་པའོ།། །། སྐྱེས་བུའི་བསྡུ་བ་ནི་གསུམ་མི།། ལས་འཛིན་པའི་བསྡུ་བ་ནི་ཆོས་རྣམས་ཀྱི་ངོ་བོ་འགའ་ལ་ཁྱད་པར་གྱི་གཞི་དང་། ཁྱད་པར་གྱི་ཡུལ་དུ་ཡང་འགྱུར་བ་སྟེ། ཨུཏྤ་ལ་ཡང ་དེ་སྔོན་པོ་ཡང་དེ་ཡིན་པས་ཨུཏྤལ་སྔོན་པོ་ཞེས་པ་ལྟ་བུ་སྟེ། འདི་ནི་ཁྱད་པར་གྱི་གཞི་ལ་ཐེ་ཚོམ་ཟ་བུ་སེལ་བ་ཡིན་ཏེ། འདི་ལྟར་ཁྱད་པར་གྱི་ཆོས་ནི་ཁོང་དུ་ཆུད་ལ་ཁྱད་པར་གྱི་གཞི་གང་ལ་ཡོད་པ་ཁོང ་དུ་མ་ཆུད་པ་ལ་སྦྱོར་བར་བྱེད་པ་ཡིན་ནོ།། ལས་གཉིས་ནི་འདིར་གཞི་ཡིན་ལ། དེ་འཛིན་པ་ནི་གཙོ་བོ་ཡིན་ནོ།། ལུས་དང་གཙོ་བོ་གཉིས་ཀྱི་དབང་དུ་བྷྱས་པཱ་སྟྭ~ཾ་ཡན་ལག་གཙོ་བོའི་ཕྱིར་ངོ་བོ་ཐ་མོ་དད་ཀྱང་དེའི་སྐྱེས་བུ་ཡིན་ནོ།། ་གཉིས་པའི་བསྡུ་བ་ནི། མཚམས་སྦྱོར་ག་ལ་བསྡུས་པའི་དོན་དང་། རྣམ་གྲངས་ཡོད་པ་སྟེ། ཕུང་པོ་ཞེས་བྱ་བའི་དོན་དང་། ལྔ་ཞེས་བྱ་བ་གངས་ཡོད་པའི་ཚིག་ལ་ཕུང་པོ་ལྔ་ཞེས་ཚིག་གཉིས་བསྡུས་པའི་སྦྱོར་བ་ཡིན་ནོ།། ། ་བྱེད་པའི་ཚིག་གི་བསྡུ་བ་ནི། དོན་ཙམ་གྱི་ཚིག་དང་། དབྱེ་བའི་ཚིག་དང་། ཆེད་ཀྱི་ཚིག་དང་། རྒྱུའི་ཚི་གཽ་དང་། འབྲེལ་པའི་ཚིག་རིང་གཞིའི་ཚིག་དང་དགག་པའི་ཚིག་གོ།། དེ་ལ་དང་པོ་བསྡུ་བ་ནི་དཔེར་ན་ཤིང་ཡན་ལག་རྒྱས ་པོ་ནི། ཤིང་རྒྱས་པ་ཞེས་པ་ལྟ་བུའོ།། ལུས་ལ་སོགས་པ་བསྡུ་བ་ནི། བྱེད་པའི་ཆོག་དྲུག་བསྡུ་བ་ལྟ་བུར་རིག་པར་བྱའོ།། དགག་པ་ཞེས་བྱ་བ་ནི། འགེགས་པའི་ཚིག་སྟེ། མང་པ་དང་མི་ཡིན་པར་རོ།། དེ་ལ་མེང་པར་དགག ་པ་ནི། དཔེར་ན་རྒྱལ་པོ་མེད་ཅེས་པའི་ཚིག་དོན། རྒྱལ་པོ་མེད་པ་ཉིད་དོན་ཡོན་པ་སྟེ། ཚིག་གི་གཞན་ཞིག་ཡོད་པ་ནི་དོན་མ་ཡིན་ནོ།། མེད་པོ་ང་ཡང་གཏན་མེད་པ་དང་། ཞིག་ནས་མེད་པ་ཉིད་ཁོ་ན་ཡིན་གྱི། གཏན་ནི་མ་ཡིན་ནོ།། ། ་མ་ཡིན་པར་དགག་པ་ནི་ཚིག་གི་དོན་ཡོད་པ་ཞིག་སྟེ། དོན་ཡང་དགག་པ་ཡིན་པར་སྟོན་པ་དང་། དེ་བཞིན་དུ་མི་མཐུན་པ་དང་། ཆུང་བ་ལ་སོགས་པ་དང་བྲལ་བ་དང་། མི་འདྲ་བ་དང་། དམན་པ་དག་ཏུ་སྟོན་པར་བྱེད་པ་ཡིནོ།། ། ་དེ་དག་ཀུན་ཡན་ལག་གཙོ་བོར་སྟོན་པས་དེའི་སྐྱེས་བུ་ཡིན་ནོ།། །། ཟླས་བསྡུ་བ་ནི་གཉིས་སོ་དེ་ལ་འཐུན་པར་བསྡུ་བ་ནི་མི་རྟག་པོའི་ཟླས་སྡུག་བསྔལ་བསྡུ་བའོ།། མི་མཐུན་པའི་བསྡུ་བ་ནི་མི་རྟག་པའི་ཟླས་རྟག་པ་བསྡུ་བ ་ལྟ་བུའོ།། དེ་དག་གི་ནི་གཅིག་གི་ཟླས་གཅིག་ཤེས་པའི་སྦྱོར་བ་ཡིན་ཏེ། ཁ་ཅིག་ཏུ་ཟླས་ཉིད་སྡུད། ཁ་ཅིག་ཏུ་སྦྱོར་བའི་ཚིག་སྡུད་དོ།། དེ་དག་གིས་ཚིག་དང་དོན་སྡུད་པའི་ཕྱིར་བསྡུ་བའི་གནས་ཡིན་ནོ།། བསྒྱུར་བའི་གནས་ནི་གོ་སླའོ།། ་དྲང་བའི་གནས་ནི་མུ་བཞི་སྟེ། ཡིན་པ་དང་མ་ཡིན་པ་དང་། གཉི་ག་ཡིན་པ་དང་། གཉི་ག་མ་ཡིན་པ་དག་ལས། དངོས་པོ་གཅིག་ལ་མུ་བཞིར་དང་པོ་ལ་ཆོས་གཅིག་སྒྲུབོ་པའི་སྒོ་ནས་ཡིན་པ་འགྲུབ་པོ་ཞེས་བྱ་བ་ནི། དཔེར་ནཱ་མཾ་ལ ་བདེ་བའི་ཆོས་སྒྲུབ་པའི་སྒོ་ནས་བདེ་བ་ཡིན་པར་འགྲུབ་པའོ།། ཤིན་ཏུ་བདེ་བའི་ཆོས་དགག་པའི་སྒོ་ནས་ནི། སྡུག་བསྔལ་བདེ་བ་མ་ཡིན་པར་འགྲུབ་བོ།། དེ་གཉི་གའི་སྒོ་ནས་ནི་གཉི་ག་ཡིན་པ་འགྲུབ་སྟེ། བདེ་བ་ཡོད་པའི་སྒོ་ནས་ནི་བདེ་བ ་ཡང་ཡིན་ལ། མི་བདེ་བ་ཡོད་པའི་སྒོ་ནས་མི་བདེ་བ་ཡང་ཡིན་ནོ།། མུ་བཞི་ལས་གཅིག་ཏུ་དྲང་བ་ནི་གཉིས་སོ།། དེ་ལ་ངོ་བོ་ཉིད་ཀྱི་ཚིག་དང་ལྡན་པ་ནི་མ་ཡིན་ཞེས་པ་དང་། མི་མ་ཡིན་ཞེས་ངོ་བོ་སྒྲུབ་པ་དང་། དགག་པ་ཡིན་པས་སུ་མ ་ནི་ཁྱད་པར་སྐཱརཱུ་པ་ནང་དགག་པ་ཡིན་པས། ང་བོ་གཅིག་ལ་ལྡན་ནོ།། ཁྱད་པར་གྱི་ཚིག་དང་ལྡན་པ་ནི། མེའི་སྐྱེས་བུ་ལྦུ་བུ་འམ། ཨུཏྤལ་སྔོན་པོ་ལྟ་བུ་ལ། ཁྱད་པར་གཞི་ཨུཏྤ་པ་ཡིན་ལ། ཁྱད་པར་སྔོན་པོ ་མ་ཡིན་པ་དང་། ཁྱད་པར་སྔོན་པོ་ཡིན་ལ། ཁྱད་པར་གྱི་གཞི་ཨུཏྤལ་མ་ཡིན་པ་དང་། གཉི་ག་སྟ་ཨུཏྤལ་མ་ཡིན་ཡོན་ལ། ཁྱད་པར་སྔོན་པོ་ཡང་ཡིན་པ་ལྟ་བུ་དང་། དེ་གཉིས་ཀ་མ་ཡིན་པ་བཞི་ལས་གཅིག་ཡིན་པའོ།། མུ ་གསུམ་པ་ལ་ནི་ཁྱད་པར་ཡིན་ལ། ཁྱད་པར་གྱི་གཞི་མ་ཡིན་པ་མེད་དོ།། ཞེས་བྱ་བ་ནི་དཀར་པོ་ཡིན་ལ། ཁ་དོག་མ་ཡིན་པོ་མེད་དེ་ཞེས་པ་ལྟ་བུའོ།། མུ་གཉིས་པ་ལ་ནི། ཁྱད་པར་གྱི་གཞི་ཡིན་ལ་ཁྱད་པར་མ་ཡིན་པ ་ཡང་མེད་དོ་ཞེས་པ་ནི་འང་གི་བརྗོད་པ་ནི། སྔ་མ་སྡུད་པ་ཡིན་ཏེ། བར་མཚམས་ཤེས་པ་ལྟ་བུ་སྟེ། བར་ཡིན་ལ་མཚམས་མ་ཡིན་པ་ཡང་མེད་ལ་མཚམས་ཡིན་ལ་བར་མི་ཡིན་པ་ཡང་མེད་དོ།། །། ཡི་གེ ་འཇུག་པའི་གནས་ནི་བརྒྱུད་དེ། སྒྲ་དང་སྐད་ལ་སོགས་པ་ལྟ་བུའོ།། དེ་ལ་བརྡ་ནི་མིང་རང་མང་ཞེས་འབྲེལ་པར་བྱེད་པ་སྟེ། སྒྲ་དང་དོན་གྱི་སྤྱིའི་རྣམ་པ་གཞན་སླུ་བར་བྱེད་པའི་དུས་ཅན་གྱི་བདག་ཉིད་དོ་ཞེས་བྱ་བ་ནི་མིང་གི་ཀ ་བ་ལ་སོགས་པ་ནི། སྒྲ་རང་གི་མཚན་ཉིད་དོ།། དེ་འབྲེལ་པར་བྱེད་པའི་སྒྲ་དང་། དོན་གྱི་སྤྱིའི་རྣམ་པ་ནི་བརྡ་བྱེད་པའི་དུས་ན་དོན་ལ་དམིགས་ཅི་ཤིང་སྒྲ་ལས་བྱུང་བའི་ཤེས་པ་ལ་འདིའི་མིང་འདི་སྐད་ཡིན་ནོ་ཞེས་ཞེན་པའི་དབང ་གིས་ཤེས་པ་གཅིག་ལ་མཐོང་བ་ལ་སོགས་པའི་དོན་གྱི་རྣམ་པ་དང་། ཀ་བཱ་ཞེས་པ་ལ་སོགས་པའི་སྒྲའི་རྣམ་པ་གཉིས་ཡོད་པ་ཡིན་ཏེ། དེ་གཞན་ལ་གོ་བར་བྱེད་ན་འབྲེལ་པར་བྱས་པ་ནི་དགོས་ཆེད་ཡིན་ནོ།། འདིར་འབྲེལ ་པ་དང་འབྲེལ་བའི་ཡུལ་ངེས་པ་ཅན་གང་ཞིག་གཟུང་བར་བྱ་ཞེ་ན། དོན་ལ་དམིགས་ཤིང་སྒྲ་ལས་བྱུང་བའི་ཤེས་པ་མངོན་པར་ཞེན་པའི་རྟོག་པ་ལས་འབྲེལ་པ་ངེས་པ་ཡོད་དེ་འབྲེལ་པའི་ཡུལ་དོན་སྤྱིའི་རྣམ་པ་ལ། འབྲེལ་པའི ་སྒྲ་སྤྱི་རེག་ལས་པའི་ཕྱིར་རོ།། །། གཞན་དུ་ནི་སྒྱུ་ལས་བྱུང་ཡང་སྒྲ་ཉིད་ལ་དམིགས་པ་ཡོད་དེ། གནོད་སྦྱིན་གྱི་བརྗོད་པ་ཐབས་ལས་བྱུང་བའི་ཤེས་པ་ལ་དོན་གྱི་སྤྱི་ལ་རག་མ་ལས་ཀྱི་སྒྲ་ཐོས་པ་ཙམ་ཡུལ ་དུ་བྱས་ནས། སྒྲའི་རྣམ་པའི་རྟོག་པ་དང་། དེས་འབྱུང་བའི་སྒྲའི་རང་གི་མཚན་ཉིད་ཀྱང་། གཞན་ཐོས་པ་ཙམ་དུ་བྱུང་ནུས་ཏེ། དེ་ནི་སྔོན་དོན་ལ་དམིགས་ཏེ། མ་སྐྱེས་པས་མིང་དང་མིང་ཅན་འབྲེལ་བར་བྱེད་པའི་ནུས་པ་ཡང ་མྲྀང་ལ། འབྲེལ་པ་ཡུལ་ལ་མ་རྟེན་པས་འབྲེལ་པ་ཉིད་ཀྱང་མ་ཡིན་ནོ།། དེའི་ཕྱིར་དོན་ལ་དམིགས་པ་སྨོས་དགོས་སོ།། ཁ་ཅིག་ནི་དོན་ལས་དམིགས་པ་ལས་སྐྱེས་ཀྱང་བརྡ་ལ་མ་བྱང་བ་དག་སྒྲའི་རྣམ་པ་མེད་པ་ཡོད་དེ། དེའི ་ཕྱིར་སྒྲ་ལས་བྱུང་བ་སྨོས་སོ།། ཁ་ཅིག་ནི་སྔོན་དོན་ལ་དམིགས་ཤིང་སྒྲ་ལས་བྱུང་བའི་ཤེས་པ་སྐྱེས་ཀྱང་མ་ཞེན་པའི་དབང་གིས་ད་ལྟར་བརྗོད་པ་དང་། འདྲེས་པའི་རྟོག་པ་མེད་པ་དེ། དེའི་ཕྱིར་མངོན་པར་ཞེན་པ་སྨོས་སོ།། ་གནོད་ཀྱི་བརྗོད་པ་ཐོས་པ་ལས་སྐྱེས་པའི་གནོད་སྦྱིན་གྱི་སྒྲ་ཙམ་ཡུལ་དུ་བྱས་པ་ལ་ཡང་རྣམ་པར་རྟོག་པ་ཡོད་དེ། སྒྲ་ཉིད་ཡུལ་དུ་བྱས་པ་རྟོག་པ་དང་། རང་གིས་ཀུན་བརྟགས་བྱའི་རྟོག་པ་གཞན་ཞིག་དང ་ཡུལ་དུ་འགྱུར་རོ་ཞེ་ན། དེ་ལྟ་བུའི་རྟོག་པ་ཡོད་ཀྱང་བརྗོད་པ་འདྲེས་པའི་དོན་གྱི་སྤྱི་མ་ཡིན་ཏེ། དོན་དང་སྤྱིའི་ཤེས་པ་ལ་ནི་བརྡ་བྱེད་པའི་དུས་ན་ཤེས་པ་གཞན་ལས་ཁྱད་པར་དུ་བྱེད་པའི་ཆོས་ལྔ་དང་དགོས་ཏེ། དེ་ལ་ཡན་ལག ་གཅིག་ཉམས་ཀྱང་མི་མི་འགྲུབ་པའོ།། ལྔ་གང་ཞེ་ན། དོན་ལ་དམིགས་པ་དང་། སྒྲ་ལས་བྱུང་བ་དང་། འཐུན་པར་སྣང་བ་དང་། ཐུན་མོང་དུ་གྲགས་པ་དང་། མངོན་པར་ཞེན་པའོ།། དེ་ལ་དོན་དམིགས་པ་ནི་ཡུལ་གྱི་བྱེ་བྲག་ཏུ ་བྱས་པ་ཡིན་ཏེ། སྒྲ་ཉིད་ལ་དམིགས་ཏེ། བྱུང་བ་མ་ཡིན་ནོ།། སྒྲ་ལས་བྱུང་བ་ནི། རྒྱུའི་སྒོ་ནས་བྱེ་བྲག་ཏུ་བྱས་པ་ཡིན་ཏེ། དོན་དེ་ཉིད་ལ་དམིགས་ཏེ་འབྱུང་བ་མ་ཡིན་ནོ།། འཐུན་པར་སྣང་བ་ནི་དོན་གྱི་རྣམ་པའི་སྒོ་ནས་བྱེ་བྲག ་ཏུ་བྱས་པ་ཡིན་ཏེ། བརྡ་སྟོན་པ་པོ་ཐ་དད་པར་སྣང་བ་ནི་མ་ཡིན་ནོ།། ཐུན་མོང་དུ་གྲགས་པ་ནི་སྒྲའི་རྣམ་པའི་སྒོ་ནས་བྱེ་བྲག་ཏུ་བྱས་པ་ཡིན་ཏེ། བརྡའ་སྟོན་པ་པོ་དང་། གཞན་དག་ཏུ་ཐ་དད་པར་གྲགས་པའི་རྣམ་པ་ནི་མོ་ཡིན།། ་མངོན་པར་ཞེན་པ་ནི་ཞེན་པའི་སྒོ་ནས་བྱེ་བྲག་ཏུ་བྱིས་པ་ཡིན་ཏེ། མ་ཞེན་པས་ནི་མ་ཡིན་ནོ།། ཞེན་པའང་བཞི་སྟེ། དེའོང་ཁ་ཅིག་ཏུ་ཚང་བར་འབྱུང་། ཁ་ཅིག་ཏུ་མཆིང་བར་འབྱུང་སྟེ། འོག་ནས་རིག་པར་བྱའོ།། དེ་ལྟར་གནོད ་སྦྱིན་གྱི་བརྗོད་པ་ཐོས་པ་ལས་སྐྱེས་པའི་ཤེས་པ་ནི་སྒྲ་ཙམ་ལས་བྱུང་བའི་ཕྱིར་ཡན་ལག་བཞི་ཉམས་པས། སྒྲའི་སྤྱི་རྣམ་པར་བརྗོད་པར་བྱ་བ་དང་། འདྲེར་རུང་བ་ཡིན་ཡང་དོན་གྱི་སྤྱི་རྣམ་པ་དང་། འབྲེལ་པ་མེད་དེ། རག ་ལོས་པ་མེད་པས་འབྲེལ་པའི་ཡུལ་མ་ཡིན་ཞེས་བྱའོ།། སྒྲ་ལས་བྱུང་བའི་ཡན་ལག་མ་ཚང་བ་ལ་སྒྲའི་སྤྱི་མེད་པ་ཡང་ངོ་བཞིན་ནོ།། དེ་དག་གི་ཡན་ལག་དེ་དག་དགར་བའི་ས་ཡིན་ནོ།། དེ་དག་གི་རང་རང་གི་ནུས་པ་ནི། དྲན་ལ ་དམིགས་པས་ནི། དོན་གྱི་སྤྱིའི་རྣམ་པར་སྐྱེད་པར་བྱའོ།། སྒྲ་ལས་བྱུང་བ་ནི་སྒྲ་སྤྱིའི་རྣམ་པར་སྐྱེད་པར་བྱེད་ངོ་།། འཐུན་པར་སྣང་བ་དང་། ཐུན་མོང་དུ་གྲགས་པས་ནི་ཞེན་པ་སྐྱེ་ཞིང་གཞན་ལ་གོ་བར་ནུས་སོ།། མངོན་པར་ཞེན་པས ་ནི་མིང་དང་མིང་ཅན་འབྲེལ་བར་བྱེད་དོ།། དེ་དག་མ་ཚོང་ན་ནི་དེ་ལས་ཟློག་པར་འགྱུར་རོ།། སྐྱེ་བོའི་རིམ་པ་ཡང་བརྡ་བྱེད་པའི་དུས་ན་ནི། ཕལ་ཆར་ནི་དང་པོའི་དོན་མཐོང་ནས་ངོའོ་རྣམ་པར་སྐྱེ་བ་ན། འདི་ནི་མིང་ཙྪི་ཡིན་ཞེས་ཐ་སྦྱད ་འདོགས་པའི་བློ་སྐྱེ་བ་ནི། སྐྱ་བ་པོ་གཞན་གྱིས་འདི་ཀ་པ་ཡིན་ནོ་ཞེས་སྒྲ་ཐོས་པ་ལས། འདི་ཀ་བ་ཡིན་སྙམ་པའི་སྒྲའི་སྤྱི་རྣམ་པར་སྐྱེའོ།། དེ་ནས་ཀ་བ་ཞེས་པའི་སྒྲ་བརྗོད་པར་བྱེད་དོ།། ཁ་ཅིག་ནི་དང་པོ་མིང་གྲི་སྒྲ་ཙམ་ཐོས་པ ་སྟེ། སྒྲ་ཙམ་ལ་བྱུང་བའི་སྒྲ་འི་རྣམ་པ་ཅན་གྱི་ཤེས་པ་སྐྱེས་ནས། དེ་གང་གི་མིང་ཡིན་པའི་ཚོལ་བའི་བློ་སྐྱེ་བ་ན། སྨྲ་བ་པོ་གཞན་གྱིས་ཀ་བ་འདི་ཡིན་ཞེས་དོན་བསྟན་པ་ནི་མིང་ཅན་དང་འབྲེལ་པའི་ཤེས་པ་སྐྱེའོ།། མངོན་པར ་པར་ཞེན་པ་ནི་དང་པོ་མངོན་སུམ་དུ་གྱུར་ནས། དེ་ནས་ཕྱིས་དོན་དང་འདྲ་བའི་མིང་ཅན་གྱིས་ཤེས་པ་སྐྱེས་པ་ན། རྣམ་པ་དེ་ཉིད་ལ་དོན་དེ་ཉིད་དུ་མངོན་པར་ཞེན་པ་སྐྱེའོ།། དེ་ནས་མིང་གི་ཐ་སྙད་བཏགས་པ་ན། སྒྲའི ་རྣམ་པ་ཡི་གེའི་རྣམ་པའི་བདག་ཉིད་ལ་དོན་གྱི་རྣམ་པ་ཉིད་དུ་མངོན་པར་ཞེན་པ་སྐྱེའོ།། དེ་ནས་སྒྲའི་རང་གི་མཚན་ཉིད་བརྗོད་པ་ན། རང་གི་མཚན་ཉིད་ལ་རྣམ་པ་ཉིད་དུ་མངོན་པར་ཞེན་པ་སྐྱེ་སྟེ། དེ་ལྟར་ཞེན་པའི་དབང་གིས་མིང་དང ་མིང་ཅན་འབྲེལ་བར་བྱེད་དོ།། ཞེན་པ་གསུམ་པ་ནི་འདི་ཤིན་ཏུ་ཞེས་པས་ནི། སྨེ་བ་པོ་ཉིད་དོན་སྟོན་པ་ལ་སྒྲ་སྨྲ་བར་བྱེད་པའང་ཡིན་ལ། ཉན་པ་པོ་བརྡ་ལ་བྱུང་བ་དག་སྒྲ་ཡིས་དོན་ཁོང་དུ་ཆུད་པའང་ཡིན་ནོ།། ཞེན་པ་བཞི་པ་ནི།། ་གང་ཟག་བླུན་པོ་བསྟན་བཅོས་ལ་བློ་མ་བྱང་བར་སློབ་པར་ཞུགས་པ་དག་ཡིན་ཏེ། ཡི་གེ་སྟོན་པའི་གཟུགས་ལ་ཡི་གོ་ཉིད་དུ་འཛིན་ཏོ།། དེས་དབང་གིས་ཡི་གེའི་རྣམ་པ་རྣམ་པར་རྟོགས་པ་དང་བཅས་པའི་རྣམ་པར་ཤེས་པ་ལ་མི ་གསལ་བ་ལ་གནས་པའི་སྒྲ་སྤྱིའི་རྣམ་པོའང་ཡི་གེ་གཟུགས་ཀྱི་རྣམ་པར་ཡིད་ལ་བྱེད་པར་འགྱུར་ཏེ། དེ་ནི་སྨྲ་བ་ཀུན་ལ་འབྱུང་བ་མ་ཡིན་ནོ།། གཟུགས་ཡི་གེ་ཉིད་དུ་ཞེན་པས་ནི། གླེགས་བམ་དུ་བྲིས་པ་ལ་བརྗོད་པའི་ཡུལ་བྱེད ་པ་ཡིན་ནོ།། བརྡ་བློ་བྱང་བ་དག་སྨྲ་བ་པོ་སྒྲ་བརྗོད་པ་དང་། ཉན་པ་པོ་ངག་ལ་སྒྲ་ལས་བྱུང་བའི་ཤེས་པ་སྐྱེ་བའི་ཚུལ་ནི་འདི་ཡིན་ཏེ། དེ་ལ་སྨྲ་བ་པོ་དག་སྒྲ་བརྗོད་པ་ནི། སྔོན་བརྡ་བྱེད་པའི་དུས་ན་ཡན་ལག་ལྔའི་ཚུལ་ཤིན་ཏུ་འདྲིས ་པས། ང་ལྟ་རྗོད་པ་བྱེད་པའི་དུས་ནཱ་ཡན་ལག་ལྔའི་ཚུལ་ཤིན་ཏུ་འདྲིས་པས་ད་ལྟ་བརྗོད་པ་བྱེད་པའི་དུས་ན། ཚུལ་དེ་བཞིན་དུ་འབྱུང་བ་འབད་པ་མེད་པར་འབྱུང་སྟེ། འདི་ལྟར་དོན་གྱི་དངོས་པོ་ཉིད་ཉེ་ཡང་རང་རིང་ཡང་རུང་སྟེ། རྣམ ་པ་གཉིས་མངོན་དུ་བྱས་ཏེ། སྒྲའི་རྣམ་པར་ཞེན་པ་ལས། སྒྲ་རང་གི་མཚན་ཉིད་ཀྱི་རྐྱེན་གཞན་དག་ལའང་བརྟན་ནས་སྒྲ་བརྗོད་པར་བྱེད་དོ།། ཉན་པ་པོ་དག་ཀྱང་སྔོན་བརྡའི་དུས་ན་གོམས་པས། དེ་ལྟར་སྒྲ་ཐོས་པ་ན་སྒྲའི་མཐུས ་སྒྲ་ཉིད་ཀྱི་རྣམ་པ་ཙམ་བསྐྱེད་པ་ལས། སྔོན་སྒྲའི་རྣམ་པ་ལ་དོན་གྱི་རྣམ་པར་ཞེན་པས་དེའི་དབང་གིས་འདི་ནི་འདི་ཡིན་ནོ་སྙམ་དུ་སྔོན་བརྡའི་དུས་དང་གཅིག་ཏུ་བསྲེས་ནས་དོན་གྱི་རྣམ་རྟོག་གོ། རྣམ་པ་ཡང་དོན་དང་འདྲ་བ་དང་། དོན ་ཉིད་དུ་ཞེན་པ་ཡིན་པས་དོན་ཁོང་དུ་ཆུད་པར་བྱེད་དོ།། དེས་ན་སྔོན་གྱི་ཡུལ་ལ་དམིགས་པ་དང་ད་ལྟར་གྱི་ཡུལ་ལ་དམིགས་པ་གཉིས་རྟོགས་བཅས་ཀྱི་ཤེས་པ་གཅིག་ཏུ་བས་དགོས་པའི་ཕྱིར་དང་། འཐུན་པར་སྣང་བའི་ཡན་ལག ་དགོས་སོ།། སྔོན་གྱི་སྒྲའི་རྣམ་པའི་ང་དེ་བཞིན་དུ་བསྲེ་དགོས་པས་ཐུན་མོང་དུ་གྲགས་པའི་ཡན་ལག་དགོས་སོ།། འོ་ན་བསྲེས་པས་ཅི་ཞིག་བྱེད་ཅེ་ན། མ་བསྲེས་ན་སྔོན་གྱི་དོན་ཡང་གཞོན་ཡིན་ལ། ང་ལྟར་གྱི་དོན་ཡང་གཞན ་ཡིན་པས། སྔོན་གྱི་དོན་ལ་བརྗོད་པའི་སྒྲས་ད་ལྟར་གྱི་དོན་ལ་འཇུག་མི་ནུས་ཏེ། བརྡ་ཤེས་པ་ཙམ་ལ་དོན་འགགས་པས། བརྗོད་པ་དོན་མེད་པར་འགྱུརརོ།། སྒྲ་ཡང་དེ་བཞིན་དུ་ད་ལྟར་གྱི་སྒྲ་སྔོན་གྱི་མ་ཡིན་པས་དོན་ལ་འཇུག ་མི་ནུས་པ་སྟེ། དེའི་ཕྱིར་གཅིག་ཏུ་བསྲེས་པས་སྒྲ་ཡི་དོན་གོ་བར་བྱེད་པའི་ནུས་པ་ཡོད་པ་ཡིན་ནོ།། ད་ནི་ཡན་ལག་དེ་དག་གིས་ངོ་བོ་བསྟན་པར་བྱ་སྟེ། དེ་ལ་དོན་ལ་དམིགས་པ་ནི་སྔར་དབང་པོ་ཤེས་པ ་དང་དོན་དུ་ཕྲད་པ་ན་དོན་མཐོང་བ་དང་། ཕྱིས་དེའི་རྣམ་པ་སྟེང་བ་ལ་ཞེན་པའི་སྒོ་ནས་དེ་ནི་ཉིད་ལ་དམིགས་པ་འཆལ་པ་ཡིན་ཏེ། སྒྲ་ཐོས་ན་དམིགས་པ་དོན་ལ་དམིགས་པ་ཞེས་བྱ་བའི་ཐ་ཚིག་གོ། འཐུན་པར་སྣང་བའི་ཀ་བའི ་ཁ་དོག་དང་དབྱིབས་དང་བྱ་བ་བྱེད་པའི་ནུས་པ་དག་བརྡ་སློབ་པོའི་ཤེས་པ་ལ་ཇི་ལྟར་སྣང་བ་དེ་ལྟར་བརྡ་སྟོན་པ་པོ་དང་། གཞན་དག་ལ་ཡང་དེ་ལྟར་སྣང་བ་ཡིན་ཏེ། འདིས་དམིགས་པ་འཐུན་པར་སྣང་བ། ཐུན་མོང་དུ་གྲགས་པ ་ནི་བརྡ་སྟོན་པོའི་སྒྲ་གཞན་ངག་དང་ཐུན་མོང་དུ་གྲགས་པ་སྟེ། སྒྲ་སྤྱིའི་རྣམ་པ་ཡང་དེ་ཉིད་ཡིན་ནོ།། སྒྲ་ལས་བྱུང་བ་ནི་ཐུན་མོང་དུ་གྲགས་པའི་སྒྲ་ལས་བྱུང་བ་སྟེ། ཐུན་མོང་དུ་མ་གྲགས་པའི་སྒྲ་ལས་བྱུང་བ་ནི། ཡན་ལག ་ཉམས་པར་འགྱུར་བའི་རྒྱུ་ཡིན་ནོ།། མངོན་པར་ཞེན་པ་ནི་གོང་དུ་བསྟན་པ་ཉིད་དོ།། གཞན་ལ་སྨྲ་བར་བྱེད་པའི་དུས་ཅན་གྱི་བདག་ཉིད་དོ་ཞེས་བྱ་བ་ནི། བརྡ་ཞེས་བྱ་བ་གཞན་ལ་གེ་བར་བྱེད་པའི་རྒྱུ་མཚན་ཡིན་པས་སོ།། ཐ་སྙད་ནི ་དངོས་པོ་ལ་ཐ་སྙད་མེད་པ་ལ་ནན་གྱིས་བཏགས་པ་སྟེ། དེ་ཡང་བཏགས་པའི་ཤེས་པ་ནི་འདི་ཀ་བ་ཡིན་ནོ་སྙམ་པ་ལ་སོགས་པའི་ཤེས་པོའོ།། བརྗོད་པ་ནི་འདི་ཀ་བའོ་ཞེས་བྱ་བའི་སྒྲའོ།། འཇུག་པ་ནི་ཀ་བ་ཡིན་པས་ཁང ་ཁྱིམ་བྱེད་པར་བཅོམ་པ་ལ་སོགས་པའི་ཐ་སྙད་ཅེས་བྱ་བ་ནི་འཇུག་པའི་རྒྱུ་མཚན་ཡིན་ནོ།། གཞན་ནི་གོ་བར་ཟད་དོ།། དེ་ལས་རྒྱུ་རྐྱེན་གྱི་ཚོགས་ལ་བརྟེན་ནས་སྒྲ་རང་གི་མཚན་འབྱུང་སྟེ་ཞེས་བྱ་བ་ནི། བརྒྱུད་པའི་རྒྱུ་ནི་དོན་དང་སྨྲ ་བཽ་ཉིད་དོ།། ཉེ་བའི་རྒྱུ་ནི་སྒྲ་དང་དོན་གྱི་སྤྱི་ཡིན་ནོ།། དོ་ནྀ་དཔེར་ན་པི་ཝང་གི་སྒྲ་འབྱུང་བར་བྱ་བ་ལ་སྐྱེས་བུ་ལྟ་བུའོ།། ཐུན་མོང་གི་འབྱུང་ཁུངས་ནི་བརྒྱད་དེ། ཁོང་སྦུབས་དང་མགུལ་པ་དང་རྐན་དང་། ལྷ་དང་སོ་དང་མཆུ་དང་སྣ་དང་། ་སྤྱི་བོ་སྟེ། པི་ཝང་གི་སྒྲའི་བྱ་བ་ལ་སྦུབས་དང་ཡུ་བ་དང་ལག་རྟེན་དང་། པགས་པ་དང་རྒྱུ་དང་རྒྱུད་རྟེན་དེ་ལྟ་བུའོ།། ཁྱད་པར་གྱི་གནས་ནི་བཅུ་སྟེ། ཡི་གེ་ལ་ནི་མགུལ་པ་ནུས། ལ་ལ་ནི་རྐན་ནས། ལ་ལ་ནི་སོ་ལས། ལ་ལ་ནི ་མཆུ་ལས། ལ་ལ་ནཱི་སྣ་ལྀས། ལ་ལ་སྤྱི་བོ་ལས། ལ་ལ་ནི་ཁྱོད་ནས། ལ་ལཱ་ནི་མགུལ་དང་རྐན་གཉིས་ཀ་ལས། ལྀ་ལ་ནི་མགུལ་དང་མཆུ་གཉིས་ཀ་ལས། ལ་ལི་ནི་སྤྱིའི་མཆུ་ལུས་བྱུང་སྟེ། དེ་དག་ནི་བྱི་ཝ་ང་གི་ཕོ་རྒྱུད ་དང་མོ་རྒྱུད་ལས། ཕོ་སྒྲ་དང་མོ་སྒྲ་འབྱུང་བ་ལྟ་བུའོ།། རྣམ་པ་ནི་བཞི་སྟེ། ལྕེའི་དབུས་དང་། ལྕེའི་དཀྱིལ་སྨད་དང་། ལྕེའི་རྩེ་དང་། རྣ་བའི་སྦུབས་དང་ངོ་།། དེ་དག་གི་པི་ཝཽང་གི་སྒྲའི་བྱ་བ་ལ་གཞུ་རྒྱུད་ལྟ་བུའོ།། གསལ་བྱེད ་པ་ནི་བཅོ་བརྒྱད་དེ། ཨའི་སྒྲ་ལས་བརྟན་ནས་ཐུང་ངུ་དང་། བར་མ་དང་རིང་དུ་འདྲེན་པ་གསུམ་ལ་ཆེ་བ་དང་ཆུང་བ་དང་བར་མ་གསུམ་གསུམ་དུ་ཕྱེ་བས་དགུར་འགྱུར་རོ།། དེ་ལ་སྣ་དང་ལྡན་པ་དང་མི་ལྡན་པར་ཕྱེ་བས་བཙོ ་བརྒྱད་དོ།། དེ་དག་གི་པི་ཝང་གི་སྒྲའི་བྱ་བ་ལ་སྒྲ་ཉིད་གསང་བ་དང་བཅས་པས་དབྱུང་དགོས་པ་པ་འདྲའོ།། དེ་ལྟར་རྒྱུ་རྐྱེན་དེ་སྙེད་ཅིག་ཚོགས་པ་སྒྲ་རང་གི་མཚན་ཉིད་མཉན་དུ་རུང་བ་འབྱུང་བ་ཡིན་ནོ།། རྣམ་པར ་དབྱེ་བ་ནི་བསྒྱུར་བ་བདུན་པོ་པ་དང་བརྒྱད་དོ།། དེ་ཡང་སྒྲ་གཅིག་སྒྲ་ཐམས་ཅད་དུ་བསྒྱུར་དུ་རུདྱ་བཱས། སྒྲ་གཅིག་གིས་དངོས་པོ་ཀུན་བརྗོད་དུ་རུང་བ་ཡིན་ཏེ། དེ་ཡང་བསྒྱུར་བའི་གནས་ཀྱིས་ཡིན་ནོ།། དེ་ལ་གང་ཞེས་བྱ་བར་བསྒྱུར ་དུ་རུང་བའི་སྒྲ་བསྒྱུར་བར་བྱེད་པའི་སུའི་རྟགས་དང་ལྡན་ན་གང་ཞེས་བྱ་བ་དང་པོ་གྲཝ་ཅིག་གི་ཚིག་འགྲུབ་པར་འགྱུར་རོ།། དེ་བཞིན་དུ་ཨོཾ་ཡིས་གང་དག་ཅེས་པ་དང་པོ་གཉིས་ཀྱིས་ཚིག་དང་རྫས་ཡིས་དང་པོ་མང་པོའི ་ཚིག་འགྲུབ་པར་འ་གྱུར་ཏོ། ཡི་གེ་དེ་གསུམ་གྱིས་རྟགས་སྒྲ་གང་ལོ་ཡོད་པ་དེ་ནི་དོན་གྱི་དངོས་པོ་གང་ཡང་རུང་བ་སྟོན་པ་དང་། དེའི་གྲངས་ཙམ་སྟོན་པས་དང་པོ་དངོས་པོ་གང་ཡང་རུང་བ་ཡིན་ནོ།། གཉིས་པ་འགྲུབ་པར་བྱེད ་པ་ནི། ཨོཾ་ཨོཾ་ཤས། འདི་གསུམ་གྱི་རྟགས་དང་ལྡན། གང་ལ་གང་དག་ལ་གང་རྣམས་ལ་ཞེས་པ་གཉིས་པ་གཅིག་གི་ཚིག་དང་། གཉིས་པ་གཉིས་ཀྱི་ཚིག་དང་། གཉིས་པ་མང་པོའི་ཚིག་འགྲུབ་པར་བྱེད་དོ།། ་གཞན་གྱིས་ལས་སུ་སྟོན་པ་དང་། ལས་ལྟ་བུར་བྱེད་པ་སྟོན་པའི་ཕྱིར་གཉིས་པ་ལས་ཀྱི་ས་ཡིན་ནོ།། གསུམ་པ་འགྲུབ་པར་བྱེད་པ་ནི། ཊཱ་བྷྲཱུཾ་བྷིས། སྒྲ་གང་ལ་ཡི་གེ་དེ་གསུམ་གྱི་རྟགས་དང་ལྡན་ནོ། གང་གིས་གང ་གིས་རྣམས་ཀྱིས་ཤེས་པ་གསུམ་པ་གཅིག་གི་ཚིག་དང་། གསུམ་པ་མང་པོའི་ཚིག་འགྲུབ་པར་འགྱུར་ཏེ། འདི་རྣམས་དང་ལྡན་པར་ནི་བྱེད་པ་པོ་སྟོན་པའི་ཕྱིར་གསུམ་པ་བྱེད་པའི་སྭཱ་ཞེས་བྱའོ།། བཞི་པ་འགྲུབ་པར་བྱེད ་པ་ནི། དེ་བྷྱཱཾ་བྷྱས། སྒྲ་གང་ལ་འདི་གསུམ་གྱི་རྟགས་དང་ལྡན་ན། གང་གི་ཕྱིར་གང་རྣམས་ཀྱི་ཕྱིར་ཞེས་པ་བཞི་པ་གཅིག་གི་ཚིག་དང་། བཞི་པ་གཉིས་ཀྱི་ཚིག་དང་། བཞི་པ་མང་པོའི་ཚིག་འགྲུབ་པར་བྱེད་དེ། གང་ལ ་དགོས་ཆེ་དམ། དོན་དམ་གང་ལ་མཆོད་སྦྱིན་དང་ཕྱག་འཚལ་བས་ཁོ་ཅིག་ཡུལ་དེ་ཉིད་ཀྱི་ཚད་དུ་སྦྱོར་བ་ཡང་ཡོད། ཁ་ཅིག་མཆོད་སྦྱིན་གྱི་ཡུལ་སྦྱོར་བ་ཡང་ཡོད། དོན་གིས་ན་བྱེད་པ་པོའི་ཆེད་ཡིན་པར་སྦྱར་བར་བྱ ་སྟེ། ལའི་དོན་འདི་རྒྱུད་པར་བྱའོ།། དེའི་ཕྱིར་བཞི་པ་སྦྱིན་པ་དང་། ཕྱག་འཚལ་བ་ཞེས་བྱ་བ་ཤིང་གི་ཕྱིར་ཆུ་འདྲེན་པ་ཡང་། ཤིང་ཉིད་རྒྱས་པ་དང་སྨིན་པོའི་ཕྱིར་སྦྱོར་ཡང་། དོན་གྱི་ཆུ་འདྲེན་པའི་བྱེད་པོའི་ཕྱེད་ཡིན་པར་འགྱུར ་བ་དང་། མཆོད་རྟེན་ཉིད་ཕྱོག་གི་ཡུ་ལོ་ལཱམ་གནས་སུ་སྦྱར་ཡང་དོན་གྱིས་ཕྱག་འཚལ་བའི་ཆེང་ཡིན་པར་འགྱུར་བ་བས་བཞི་པ་བྱ་འམ་ཆེད་ཀྱི་དོན་དུ་གྲང་ངོ་།། དོན་གྱི་དབང་འདིས་ལ་ཕྱིར་དུ་བསྒྱུར་བ་ཡིན་ནོ།། ལྔ་པ་འགྲུབ ་པར་བྱེད་པ་ནི། ང་སི་བྷྲཱུ~ཾ་བྷྱས་འདི་གསུམ་གྱི་རྟགས་ན། གོང་ལས་གང་དག་ལས་གང་རྣམས་ལས་ཞེས་པ་ལྔ་གཅིག་གི་ཚིག་དང་། ལྔ་གཉིས་ཚིག་དང་། ལྔ་པ་མང་པོའི་ཚིག་འགྲུབ་པར་བྱེད་དེ། ལྔ་པའི་དོན་ནི་གང ་ཞིག་ལ་གང་གི་ཡོད་པ་ལྔས། དེ་གནི་དེ་ལས་བྱུང་བ་དང་། བྲལ་བ་དང་འགར་བ་དང་ཁྱད་པར་དུ་བླུད་ན། གང་ལས་ཞེས་བྱ་བའི་སྒྲ་ཡོད་དེ། དེ་ཅིའི་ཕྱིར་ལྔ་པ་གང་ལས་ཞེས་བྱ་བླས། རྒྱུ་དང་འཐུང་ཁྲུངས ་ཀྱིས་ཞེས་བྱའོ།། དྲུག་པ་འགྲུབ་པར་བྱེད་པ་ནི། དུས་ཨོས?་ཨཱཾ་ཞེས་བྱ་བ་འདི་གསུམ་གྱི་རྟགས་དང་ལྡན་ནོ། ག་གཽ་གང་དག་གི་གང་རྣམས་ཀྱི་ཞེས་དྲུག་པ་གཅིག་གི་ཚི་ག་དང་། དྲུག་པ་གཉིས་ཀྱི་ཚིག་དང་། དྲུག་པ ་མང་པོའི་ཚིག་འགྲུབ་པར་བྱེད། འདི་ནི་བདག་པོའི་དོན་དུ་ཚིག་སྔ་མ་བྱེད་ཅིང་། བསྟན་པར་བྱེད་པའི་དོན་དུ་ཚིག་ཕྱི་མ་བྱེད་པར་སྟོན་པས། དྲུག་པ་བདག་པོ་དང་འབྲེལ་པའི་ས་ཞེས་པ་དང་། ལྷག་མའི་དབང་དུ་བྱས་ཤེས ་བྱའོ།། བདུན་པ་འགྲུབ་པར་བྱེད་པ་ནི། ངི་ཨོས་སུ་པཱ་ཅེས་པ་འདི་གསུམ་གྱི་རྟགས་དང་ལྡན་ན། གང་ལ་གང་དག་རྣམས་ལ་ཞེས་པ་བདུན་པ་གཅིག་གི་ཚིག་དང་། བདུན་པ་གཉིས་ཀྱི་ཚིག་དང་། བདུན་པ་མང་པོའི་ཚིག ་འགྲུབ་པར་བྱེད་དེ། བདུན་པོ་གང་ལ་ཡང་ཡོད་པའི་རྟེན་པའི་དོན་ནི་བདུན་པའི་དོན་ཏོ།། དེ་ནི་བསྒྱུར་བ་བདུན་ཞེས་བྱ་སྟེ། དེ་དག་གང་ཕན་ཚུན་བསྒྱུར་ཏུ་བཏུབ་པས། སྒྲ་གཅིག་སྒྲ་ཐམས་ཅད་ལ་འཇུག་པར་ནུས་པ་ཡིནོ།། ་དེའི་དབང་གིས་སྒྲ་གཅིག་དངོས་ཐམས་ཅད་ལའང་འཇུག་པ་ཡང་ཡིན་ནོ།། བརྒྱད་པ་བོད་པ་ལ་ནི་བསྒྱུར་བ་མེད་དེ། བསྒྱུར་བ་བདུན་གང་དུ་བསྒྱུར་བ་རྣམས་ལ་བོད་པས་བརྒྱང་པ་བོད་པའི་ས་ཞེས་བྱ་སྟེ། དེ་ལྟར་བསྒྱུར ་པ་བདུན་བོད་པ་དང་བརྒྱད་པ་རྣམ་པར་དབྱེ་བ་ཡིན་ནོ།། ཕྱོགས་ཀྱི་གནས་ནི་གོ་བར་ཟད་དོ།། དངོས་པོའི་གནས་ནི་ཆོས་ཅན་གྱི་སྒོ་ནས་ཆོས་ཉིད་ཀྱི་དངོས་པོ་སྒྲུབ་པ་ཞེས་བྱ་བ་ནི་ཆོས་ཅན་གཟུགས་ཀྱི་དངོས་པོའི་སྒོ་ནས་གཟུགས་ཀྱི ་མཚན་ཉིད་གཟུགས་སུ་རུང་བ་ཉིད་ལྟ་བུ་འམ་མི་རྟག་ཉིད་དམ་བདག་པ་ཉིད་ལྟ་བུ་ཁོང་དུ་ཆུད་པ་ཉིད་ལྟ་བུ་འམ་མཚོན་པར་ནུས་པའོ།། སྒྲའི་སྒོ་ནས་དོན་གྱི་དངོས་པོ་སྒྲུབ་པོར་བྱེད་པ་ཞེས་པ་ནི། ཀ་བའི་སྒྲའི་སྒོ་ནས་ཀ་བའི་དངོས ་པོ་ཆུད་པར་བྱེད་པ་སྟེ། རྒྱ་ཆེར་ནི་སྔར་བཤད་ཟིན་ཏོ།། ད་ནི་གནས་བརྒྱད་པོ་དེ་དག་གིས་མདོར་བསྟན་པ་ཤེས་པར་བྱ་བའི་ཕྱིར་ཚིགས་སུ་བཅད་དེ་བསྟན་པ། བྱེད་པས་བྱེ་བྲག་རྣམ་པར་ཕྱེད་བྱ་བ་ཡོངས་སུ་རྫོགས་པ་སྟོན་ཞེས ་བྱ་བ་ནི་བྱེད་པའི་གནས་ཀྱིས་ནི་རང་རང་གི་དངོས་པོ་བྱེད་པ་པོ་དང་། ལས་ལ་སོགས་པ་རེ་རེ་ལ་གསལ་བར་སྟོན་ཅིང་བྱེ་བ་འདི་ཡོངས་སུ་རྫོགས་པར་སྟོན་ཏེ། དཔེར་ན་ཤིང་དུམ་བུ་གཉིས་སུ་བྱོས་པ་ལ། བྱེང་པོ་ལྷས་བྱིན་དང་བྱེད ་པ་སྟ་རེ་དང་། ལས་ཤིང་དང་། དགོས་ཆེད་ཀ་བ་ལ་སོགས་པ་བྱ་བ་གཅིག་གིས་རྒྱུ་རྐྱེན་ཡོངས་སུ་རྫོགས་པར་བསྟན་ཏོ།། བསྡུས་པས་ཡི་གེའི་ཉུང་འགྱུར་ཞིང་། འབྲེལ་པ་འམ་མིང་ཡང་འདོགས་པར་བྱེད་ཅེས་བྱ་བ་ནི། གང ་ཡི་གེ་ཉུང་ངུ་ནི་བ་ལང་དང་ལྡན་པའི་ཤིང་རྟ་ལ་ཤིང་རྟ་ཞེས་བསྡུས་པ་ན་ཡི་གེ་ཉུང་བ་འམ། ཡང་མིང་འབྲེལ་བ་ཡང་འདོགས་ཏེ། དོན་གཞན་གཙོ་བོ་ཡིན་པ་དེ་ནི་འབྲུ་མང་པོ་པ་ཡིན་ཏེ། དཔེར་ན་བ་ཁྲ་མོ་ཅནི་ཞེས་པ་ལྟ་བུའོ།། ་མིང་བཏགས་པ་ནི་ཚིག་གི་དོན་ཁོང་དུ་ཆུད་པར་བྱེད་པ་ཡིན་ཏེ། དེ་ཡང་བཏགས་པའི་སྦྱོར་བ་ལ་མཁས་ནས་མིང་བཏགས་པ་དང་། བཏགས་པའི་གཞི་གནས་མཐོང་ངམ། སྨྲ་བ་པོ་ལ་ཐོས་པ་ན་ཁོང་དུ་ཆུད ་པར་འགྱུར་རོ།། བསྒྱུར་བས་བསྒྱུར་བྱའི་མཐུ་ཤེས་ཤིང་སྐད་དབྱིངས་ཁོང་དུ་ཆུད་པར་འགྱུར་ཞེས་བྱ་བ་ནི་ཡི་གེ་གོང་ལ་བསྒྱུར་བར་བྱ་བའི་ནུས་པ་ཇི་སྙེད་ཡོད་པའོ།། སྐད་དབྱིངས་གང་ལ་བསྒྱུར་བར་བྱ་བའི་ནུས་པ་ཤེས་པ་སྟེ། སྐད་ཀྱི ་དབྱིངས་ནི་དེ་དུང་མ་བསྒྱུར་བའོ།། དེ་ལ་ཉེ་བར་བསྒྱུར་བ་ཡིས་ཉེ་བར་བསྒྱུར་ནི་ཐེ་ཚོམ་ལེགས་པར་སེལ་བ་ཡིན་ནོ།། དྲང་བས་བཤད་པའི་དམིགས་ལ་མཁས་གཞན་སེལ་བ་ཡང་ཤེས་པར་འགྱུར་ཞེས་བྱ་བ་ནི་བྱེ་བྲག་ལེགས་པར ་འབྱེད་པ་ནི་མུ་བཞི་ལ་སོགས་པ་དྲང་བ་ཡིན་ལ་དེ་མཁས་ན་བཤད་པ་མཁས་པའི་དམིགས་པ་ལ་མཁས་སོ།། གཞན་སེལ་བ་ནི་སྒྲ་ཐམས་ཅད་ནི་གང་བསྟན་ཀྱང་གཞན་མ་གསལ་ན་གང་གིས་གང་ཞིག་བསྟན་པ་དེ་ཤེས་པར་མི ་ནུས་ཏེ། གཞན་བསལ་བའི་ཚུལ་གྱིས་རང་གི་ངོ་བོ་ཤེས་སོ།། མུ་བཞི་ལ་སོགས་པ་ནི་གཞན་སེལ་བ་ལ་ཕན་པ་ཡིན་ནོ།། འཇུག་པས་བརྡ་དང་ཐ་སྙད་ཤེས།། དགོས་འབྲེལ་ཁོང་དུ་ཆུད་པར་འགྱུར་ཞེས་བྱ་བ་ནི་བརྡ་དང་ཐ་སྙད ་ཤེས་པ་ནི་གོང་དུ་དཔྱད་ཟིན་ཏོ།། དགོས་འབྲེལ་ནི་དོན་གྱི་རྣམ་པ་ལས་སྒྲའི་རྣམ་པ་འབྱུང་ལ་སྒྲའི་རྣམ་པས་དོན་གྱིས་རྣམ་པ་རྟོགས་པར་འགྱུར་བས། སྤྱིའི་རྣམ་པའི་སྒོ་ནས་ནི་འབྲེལ་བ་ཡིན་ནོ།། འབྲེལ་བའི་སྒོ་ནས་སྒྲ་རང་གི ་མཚན་ཉིད་ཀྱིས་དོན་རང་གི་མཚན་ཉིད་ཁོང་དུ་ཆུད་ནས་དོན་གྱི་བྱ་བ་བྱེད་པ་ནི་དགོས་པའི་ཡང་དགོས་པ་ཡིན་ནོ།། དོན་གྱི་དབང་གིས་སྨྲ་བ་པོ་དག་སྒྲའི་གནས་དགོས་པ་རྩོས་པ་དང་། ངག་ཏུ་སྨྲ་བ་པ་དང་། ཉན་པ་པོ་ཉན་པ་ལ ་འཇུག་གོ།། རྟོག་པ་དང་མི་ལྡན་པ་དང་ནི་དོན་ཡོད་པར་ཡིད་ལ་བྱ་སྟེ། ཞོན་པའི་སྒོ་ནས་སྨྲ་བར་བྱེད་དོ།། དབྱེ་བས་བསྒྱུར་བྱེད་རྐྱེན་ལ་མཁས།། སྒྲ་བོ་ཅོག་ལ་མཁས་པར་འགྱུར་ཞེས་བྱ་བ་ནི་བསྒྱུར་བྱ་སྒྱུར་བྱེད་ནི་བཤད་ཟིན་ཏོ།། སྒྲ་བོ ་ཅོག་ལ་མཁས་པར་འགྱུར་བ་ནི། སུ་བནྟའི་སྒྲ་ནི་སྒྲ་ཐམས་ཅད་ལས་བསྒྱུར་བ་ཡིན་པས་སོ།། ཏི་ངནཽ་ཏའི་ནི་སྐ་ད་ཀྱྀ་དབྱིངས་ལ་བསྒྱུར་བ་ཡིན་པས་སོ།། བྱེ་བྲག་རྣམ་པར་བྱེད་ཅེས་བཤད་པ་ཡིན་ནོ།། ཕྱོགས་ཀྱིས་སྐྱེས་བུ་རབ ་འབྲིང་ཤེས་ཞེས་པ་ནི། སྐྱེས་བུའི་ནུས་པ་རབ་འབྲང་ཤེས་པ་ཡིན་ནོ།། དངོས་པོས་དོན་གྱི་དངོས་པོ་ཞི་རྟོགས་ཞེས་བྱ་བ་ནི་དངོས་གཞི་གང་ཞིག་ཤེས་པར་བྱ་བ་དེ་ཉིད་དོན་གྱི་དངོས་གཞི་ཡིན་ནོ།། དེ་ལྟར་མདོར་བསྟན་པ་བརྗོད་ནས ་སྒྲའི་མིང་གི་ནུས་པ་བརྗོད་པར་བྱ་སྟེ། དེ་ལ་དཔེར་ན་མིང་གི་ཚིག་ནི་དཔེར་ན། སེནྡྷ་པ་ཞེས་བྱ་བ་ནི་ཁ་ཅིག་ཏུ་ལན་ཚྭ་དང་ལྡན་པའི་ཚོད་མ་ཁ་ཅིག་ཏུ་ཆུ་ཁོ་ཅིག་ཏུ་རྟ་སྟེ་མིང་ཅན་ཐ་དད་པར་སྟོན་པ་ལྟ་བུ་དང་། མིང་དང་། མིང་ཅན་མིང ་འབྲེལ་པ་དང་། དགོས་པ་ཐ་དད་པར་སྟོན་པ། ཞེས་བྱ་བ་ནི་གཞི་འཐུན་པ་ནི་ཁྱད་པར་དང་ཁྱད་པར་ཅན་གྱི་གཞི་ནི་གཉིས་ཀ་ལ་ཐེ་ཚོམ་ཟ་བ་སེལ་བ་ཡིན་ལ། ལས་འཛིན་པ་ནི་ཁྱད་པར་གྱི་གཞི་ཡིན་ལ་ཐེ་ཚོམ་ཟ་བ་སེལ་བའི ་དགོས་པ་ཡིན་ནོ།། ཞེས་བྱ་བ་ལ་སོགས་པའི་ཚིག་འཐུན་པ་དགོས་པ་ཐ་དད་པར་སྟོན་པའོ།། ཁ་ཅིག་སྦྱོར་བ་ཐ་དད་ཀྱང་དགོས་པ་ཐ་དད་པ་ཡིན་དང་། ཞེས་བྱ་བ་ནི་ཁྱད་པར་བསྡུ་བ་དང་། བྱེ་བྲག་བསྡུ་བ་ལྟ་བུ ་ཚིག་གི་སྦྱོར་བ་ཐ་དད་ཀྱང་། དགོས་པའི་ཁྱད་པོར་ལ་ཐེ་ཚོམ་ཟ་བ་སེལ་བའི་འདྲ་བ་ལྟ་བུའོ།། ཕྱོགས་གཅིག་མཐུན་པར་སྟོན་པར་རྣམས་ཞེས་བྱ་བ་ནི། དེའི་སྒྲས་བུ་དང་། བྱེད་པོ་དྲུག་བསྔོ་བ་འམ་འབྲུ་མང་པོ་འམ། གཞན་གྱི་མདོར ་བསྡུས་པ་ལྟ་བུ་ཡིན་ཏེ། བྱེད་པ་དྲུག་ནི་དེའི་སྐྱེས་བུར་འདུས་སོ།། དེའི་སྐྱེས་བུའི་ནི་བྱེད་པ་དྲུག་ཏུ་མི་འདུག་སྟེ་རྒྱ་ཆེ་བའི་ཕྱིར་རོ།། འབྲུ་མང་པོ་པ་ཡིན་ལ། ཚིག་དོན་གཞན་མ་ཡིན་པ་ནི། བྱེད་པའི་ཚིག་ཅན་གྱི་འབྲུ་མང་པོ་པ་ཡིན་ནོ།། ། ་ཚིག་དོན་གཞན་གྱིས་བསྡུ་བ་ཡིན་ལ་འབྲུ་མིང་པོ་པ་མ་ཡིན་པ་ནི། གཅིག་གཅིག་གིས་དོན་གཞན་སྟོན་པ་ཡིན་ནོ།། དེ་དག་ཀུན་ཀྱང་སྒྲའི་མིང་ལ་མཁས་ན་ཤེས་པར་འགྱུར་བ་ཡིན་ནོ།། གཞན་ཡང་ཚིག་ལ་མིང་གིས་སྦྱོར ་བ་དང་། ངག་ལ་ཚིག་གིས་སྦྱོར་བ་དག་བྱེ་བྲག་ཇི་སྙེད་ཡོད་པ་རྣམས་ཞེས་བྱ་བ་ནི། ཚིག་གཅིག་ལ་མིང་གི་བྱེ་བྲག་ཏུ་ཡོད་པ་དང་། དགེ་གཅིག་ལ་ཚིག་བཞི་འམ་དྲུག་ཡིད་དུ་རུང་བ་སྟེ་ཞེས་བྱ་བའི་དོན་ཏོ།། གང་གི་ཚིག་དོན ་གཙོ་ཞེས་སྦྱོར་བའི་དགོས་པ་ཐ་དད་པས་ཞེས་བྱ་བ་ནི། སྦྱོར་བ་ཁ་ཅིག་ནི་ཆོ་ག་སྔ་མའི་དོན་བསྟན་པར་བྱ་བའི་དོན་གཙོ་བོ་ཡིན་ནོ།། ཁ་ཅིག་ནི་ཚལ་ཕྱི་མ་བསྟན་པར་བྱ་བའི་དོན་གྱི་གཙོ་བོ་ཡིན་ནོ།། ཁ་ཅིག་ནི་ཚིག་གཉི་གའི ་དོན་བསྟན་པར་བྱ་བའི་གཙོ་བོ་ཡིན་ནོ།། ཁ་ཅིག་ནི་དོན་གཞན་བསྟན་པར་བྱ་བའི་གཙོ་བོ་ཡིན་ཏེ། དེ་ལྟར་དགོས་པ་ཐ་དད་པ་ཐམས་ཅད་ཀྱང་སྒྲའི་མིང་གི་ཤེས་པ་ཡིན་ནོ།། ང་ནི་སྒྲའི་སྒོ་ནས་དམ་པའི་ཆོས་ཀྱང་རྟོགས་པར་འགྱུར་བའི ་ཐབས་དཔེ་བསྟན་པར་བྱ་སྟེ། དེ་ལ་རེ་ཞིག་འཇིག་རྟེན་ན་ཡོད་པའི་ཡོན་ཏན་གྱིས་ཕོངས་ཤིང་དབུལ་བ་འཇོམས་པར་བྱེད་པ་ནི། ནོར་བུ་རིན་པོ་ཆེ་ཡིན་ཏེ། དེ་ནི་རྒྱ་མཚོ་དག་ལ་གནས་པ་ལས། ས་ཕལ་པ་དག་ལ་མི་གནས་པས་ཤིན ་ཏུ་རྙེད་པར་དཀའོ།། རྒྱ་མཚོ་ཆེན་པོ་ཡང་ལམ་རིང་ཞིང་དགྲ་མང་བའི་ཕྱིར་བགྲོད་པར་དཀའ་སྟེ། སྐྱེས་པ་གང་ཞོག་རིན་པོ་ཆེ་ཐོབ་པར་འདོདགྲུ་ཆེན་པོ་ལེགས་པར་ཟག་ལྷན་བྱས་ཏེ། དར་ཆེན་པོ་ཕྱར་ནས་ཕྱོགས ་དང་འཐུན་པའི་རླུང་གིས་བསྐྱོད་དེ། ཚོང་དཔོན་ཆུའི་ལོ་རྒྱུད་ལ་མཁསྡེ་པས་ཁྲིད་ན། རིན་པོ་ཆེ་ཐོབ་པར་འགྱུར་གྱིས། གཞན་དུ་མ་ཡིན་པ་བཞིན་དུ་དམ་པའི་ཆོས་བདུད་རྩི་རིན་པོ་ཆེ་འཁོར་བའི་སྡུག་བསྔལ་ཐམས་ཅིད་འཇོམས ་པར་བྱེད་པ་ནི། རྒྱུ་འཐུན་པ་གསུང་རབ་རྒྱ་མཚོ་ལྟ་བློ་ལ་གནས་ཀྱི། འཇིག་རྟེན་གྱི་ཐ་སྙད་རྟོག་པ་ཡི་མི་གནས་པའི་ཕྱིར་ཤིན་ཏུ་རྙེད་པར་དོ།། འོ།། གསུང་རབ་དེ་དག་ཀྱང་དགོངས་པ་ཐོབ་ཅིང་རྒྱ་ཆེ་བའི་ཕྱིར་རྟོག ་པར་དཀའ་སྟེ། སྐྱེས་བུ་གང་ཞིག་དམ་པའི་ཆོས་ཀྱི་བདུད་རྩི་རིན་པོ་ཆེ་ཐོབ་པར་འདོད་ན། ཡི་གེའི་ཚོགས་དང་། མིང་གི་ཚོགས་དང་། ཚིག་གི་ཚོགས་ཀྱི་གྲུ་གོང་དུ་བསྟན་པའི་ཡན་ལག་ལྔའི་ཚུལ་གྱི་སྐྱོན ་མེད་པར་ཟག་ལན་བྱས་ཏེ། ཚིག་གི་སྒོ་ཇི་ལྟ་བུ་དག་གིས་དོན་རང་གི་དངོས་པོ་ཇི་ལྟ་བུ་དྲུག་གིས་སྟོན་པར་བྱེད་པའི་སྒྲའི་བྱེ་བྲག་འཐད་པ་དང་བཅས་པའི་དར་ཕྱར་ལ། སོ་སོར་རྟོག་པའི་ཤེས་རབ ་ཀྱི་རླུང་གིས་བསྐྱོད་དེ། ལུང་ངེས་པའི་མན་ངག་དང་ལྡན་པའི་སློབ་དཔོན་གྱིས་ཁྲིད་ན་དམ་པའི་ཆོས་ཀྱི་བདུད་རྩི་རིན་པོ་ཆེ་ཐོབ་པར་འགྱུར་གྱི། ཐབས་གཞན་གྱི་མ་ཡིན་ནོ།། གནོས་བརྒྱད་ཀྱི་འགྲེལ་པ་རྫོགས་སོ།། ་