CLOSE WINDOW

GT3849: gnas brgyad chen po'i rtsa ba
Wyliee-texts produced with BDRC’s OCR application

ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། བྱཱ་ཀ་ར་ཎའི་སྐད་ནི་གནས་བརྒྱད་དེ། བྱེད་པའི་གནས་པ། བསྡུས་པའི་གནས་དང་། བསྒྱུར་བའི་གནས་དང་། དྲང་བར་གནས་དང་། འཇུག་པའི ་གླནས་དང་། རྣམ་པར་དབྱེ་བའི་གནས་དང་། ཕྱོགས་ཀྱི་གནས་དང་། དངོས་པོའི་གནས་སོ།། དེ་ལ་བྱེད་པའི་གནས་ནི་བྱེད་པའི་ཚིག་བརྒྱད་ཀྱི་ལུགས་དང་། རྨི་གི་དྲུག་གི་ལུགས་དང་། ཚིག་བཞིའི་ལུགས་སོ།། དེ་ལ ་ཚིག་བརྒྱད་ནི་གང་བྱེད་གང་ལ་བྱེད།། གང་གིས་བྱེད། གང་གི་ཕྱིར་བྱེད། གང་ལས་བྱེད་དེ།། གང་གི་བྱེད། གང་ན་བྱེད། གང་ཞེས་བྱ་བ་བྱེད། དང་པོ་ངོ་བོའི་ཚིག། གཉིས་པ་དམིགས་འཛིན་པའི་ཚིག། གསུམ་པ་བྱེད ་པའི་ཚིག། བཞི་པོ་ཆེད་དུ་བྱ་བའི་ཚིག། ལྔ་པ་འབྱུང་གནས་ཀྱི་ཆོག། དྲུག་པ་འབྲེལ་པོའི་ཚིག། བདུན་པོ་གནས་བཞིའི་ཚིག། བརྒྱད་པོ་གླདོགས་པའི་ཚིག། ཚིག་དྲུག་ནི། གང་བྱེད། གང་ལ་བྱེད། གང་གིས་བྱེད། གོང་གི ་ཕྱིར་བྱེད། གང་ལས་བྱེད། གང་ལ་བྱེད། དང་པོ་ངོ་བོའི་ཚིག། གཉིས་པ་ལས་ཀྱི་ཚིག། གསུམ་པ་བྱེད་པའི་ཚིག། བཞི་པ་དགོས་ཆུད་ཀྱི་ཚིག། ལྔ་པ་རྒྱུའི་ཚིག། དྲུག་པ་གནས་བཞིའི་ཚིག། ཚིག་བཞིའི་ཊཱི་གང་བྱེད། གང་ལ ་བྱེད། གང་གིས་བྱེད། གང་ན་བྱེད། དང་པོ་དངོས་པོའི་ཚིག། གཉིས་པ་ལས་ཀྱི་ཚིག། གསུམ་པ་བྱེད་པའི་ཚིག། བཞི་པ་བཞིའི་ཚིག། དེ་དག་ནི་བྱེད་པོའི་གནས་ཤེས་བྱ་སྟེ།། སྐད་ཀྱི་དབྱིངས་ལ་བསྒྱུར་བའི་ལུགས་ཡིན ་པས། ལུགས་རེ་རེས་བྱས་པ་གཅིག་ལ་སྦྱོར་བ་ཡིན་གྱིས། བི་དྷཀྟ་ལྟ་བུ་མིང་ངོ་ཅོག་གི་སྒྲ་ལ་སྦྱོར་བ་མ་ཡིན་ནོ།། བསྡུ་བའི་གནས་ནི་བརྒྱད་དེ། འབྲུ་མང་པོ་པའི་བསྡུ་བ་དང་། མདོར་བསྡུ་བ་དང་། བྱེ་བྲག ་བསྡུ་བ་དང་། ཡན་ལག་བསྡུ་བ་དང་། གཞི་བསྡུ་བ་དང་། གཞི་གཅིག་ཏུ་བསྡུ་བ་དང་། སྐྱེས་བུའི་བསྡུ་བ་དང་། ཟློས་དབྱེ་བ་བསྡུ་བའོ།། དེ་ལ་འབྲུ་མང་པོ་པ་ནི་གཉིས་ཏེ། ཚིག་འབྲུ་གཉིས་དོན་གཞན་ལ་འཇུག་པའི་འབྲི ་མང་པོ་དང་། ཚིག་མང་པོ་དོན་གཞན་ལ་འཇུག་པའི་འབྲུ་མང་པོ་པ་གཉིས་སོ།། དེ་ལ་ཚིག་འབྲུ་གཉིས་དངོས་པོ་གཞན་ལ་འཇུག་པ་ནི་གསུམ་སྟེ། རང་གི་མིང་དང་ལྡན་པ་དང་། གཞན་གྱི་མིང་དང་ལྡན་པ་དང་། ཕྱོགས་ཀྱི་མིང ་དང་ལྡན་པའོ།། ཚིག་མང་པོ་དོན་གཞན་ལ་འཇུག་པ་ནི་གསུམ་སྟེ། གྲངས་ཙམ་དང་ལྡན་པ་དང་། གྲངས་མ་ཡིན་པ་དང་ལྡན་པ་དང་། གཅིག་ལ་གཅིག་བརྟེན་པས་གྲུབ་པ་དང་། དེ་རྣམས་ནི་ཚིག་འབྲུ་གཞན་གྱིས་དོན ་གཞན་སྟོན་པའི་སྦྱོར་བའི་མིང་ཡིན་ནོ།། མདོར་བསྡུ་བ་ནི་ལྔ་སྟེ། གཉིས་ཀྱིས་མདོར་བསྡུས་པ་དང་། རྣམ་གྲངས་ཀྱིས་མདོར་བསྡུས་པ་དང་། གཞན་གྱིས་མདོར་བསྡུས་པ་དང་། བྱེད་པའི་ཚིག་དྲུག་གིས་མདོར་བསྡུས་པ ་དང་། ཁྱད་པར་གྱི་མདོར་བསྡུས་པའོ།། དེ་རྣམས་ནི་ཚིག་མདོར་བསྡུས་པ་ཙམ་གྱི་སྦྱོར་བ་ཡིན་ནོ།། བྱེ་བྲག་བསྡུ་བ་ནི་གཉིས་ཏེ། ཚིག་སྔ་མ་བྱེ་བྲག་ཏུ་སྦྱོར་བ་དང་། ཚིག་ཕྱི་མ་བྱེ་བྲག་ཏུ་སྦྱོ་ར་བའོ།། དེ་དག ་ནི་དངོས་པོ་ཀུན་སྤྱི་དང་བྱེ་བྲག་དང་ལྡན་པའི་ཕྱིར་སྤྱིར་བྱེ་བྲག་བསྡུས་པའི་སྦྱོར་བ་ཡིན་ནོ།། ཡན་ལག་བསྡུ་བ་ནི་བཞི་སྟེ། འབྲེལ་པ་དང་། གོ་རིམ་དང་། དོན་དང་། གྲགས་པའི་ཡན་ལག་བསྡུ་བའོ།། དེ་རྣམས་ནི་དངོས ་པོ་ཀུན་གཙོ་བོ་དང་ཡན་ལག་དང་ལྡན་པའི་ཕྱིར་གཙོ་བོ་ལ་སོགས་པའི་ཡན་ལག་ཅི་རིགས་སྡུད་པའི་སྦྱོར་བ་ཡིན་ནོ།། གཞི་བསྡུ་བ་ནི་གཉིས་ཏེ། རིགས་གསལ་བ་དང་། མ་གསལ་བའི་བསྡུ་བའོ།། དེ་དག་ནི་དེ་གཉིས་ཀྱི་སྒོ ་ནས། ཀུན་སྡུད་པ་ཙམ་བྱེད་པའི་སྦྱོར་བ་ཡིན་ནོ།། གཞི་གཅིག་ཏུ་བསྡུ་བའི་སྦྱོར་བ་ནི་གཉིས་ཏེ། ཕྱོགས་གཅིག་ཏུ་བྱེད་པའི་བསྡུ་བ་དང་། སོ་སོ་ཕྱོགས་གཅིག་ཏུ་བྱེད་པའི་བསྡུ་བའོ།། དེ་དག་ནི་གཞི་བསྡུ་བའི་སྦྱོར་བ་ཕྱོགས ་སུ་བྱས་པ་ལས། མཚན་ཉིད་གཅིག་ཏུ་བསྡུས་པའི་སྦྱོར་བ་ཡིན་ནོ།། སྐྱེས་བུ་བསྡུ་བ་ནི་གསུམ་སྟེ། ལས་འཛིན་པའི་བསྡུ་བ་དང་། བ་གཉིས་པའི་བསྡུ་བ་དང་། བྱེད་པའི་ཚིག་གི་བསྡུ་བའོ།། ད་རྣམས་ནི་ཡིན་ལགོ་གཙོ་བོར ་སྟོན་པའི་སྦྱོར་བ་ཡིན་ནོ།། ཟླས་བསྡུས་པ་ནི་གཉིས་ཏེ། འཐུན་པ་དང་བསྡུ་བ་དང་མི་མཐུན་པ་བསྡུ་བའོ།། དེ་དག་ནི་གཅིག་གི་ཟླས་གཅིག་ཤེས་པའི་སྦྱོར་བ་ཡིན་ནོ།། བསྒྱུར་བའི་གནས་ནི་བཞི་ཏེ། བརྒྱུད་དེ་བསྒྱུར་བ་དང་། ཡན ་ལག་བསྒྱུར་བ་དང་། རྣམ་གྲངས་བསྒྱུར་བ་དང་། དྲང་ཐད་དུ་བསྒྱུར་བའོ།། དེ་ལ་བརྒྱུད་དེ་བསྒྱུར་བ་ནི། སྒྲ་གཅིག་གི་ཟུར་ལས་བརྒྱུད་པས་དོན་རྫོགསོ་བར་སྟོན་ནུས་པས་སྒྲ་གོ་བ་སྟེ། ཇི་ལྟར་གུ་ལུ་ཞེས་བྱ་བ་ལས་བརྒྱུད་པས། ་འཛམྦུའི་འབྲས་བུ་སྨིན་པ་ནི། དྲི་མ་མེད་པའི་ཆུ་ལ་ལྷུང་།། ཉ་བའི་བཟའ་བའི་ཆེད་དུ་ནི།། གུ་ལུ་གུ་ལུ་ཞེས་སུ་སྨྲ་ཞེས་ཟེར་རོ།། ཞེས་བྱ་བ་ལ་སོགས་པ་ལྟ་བུའོ།། ཡན་ལག་བསྒྱུར་བ་ནི། ཚིག་གཅིག ་གི་སྒྲའི་ཡན་ལག་ཕྲལ་ཏེ། ཇི་ལྟར་ཨ་པྲ་ཤི་ཁ་ཞེས་བྱ་བ་སོ་སོར་ཕྲལ་ལ། ཨ་ལས་བསྒྱུར་ན། ཨ་ནཻ་ན་དྷཾ་ཛི་མི་ཏྲེ། པྲ་བཽཥྚ་ཧ་བ་ན་དྷ་རེ། ཤི་རོ་མཱ་ཀྲ་མྱ་པཱ་དེ་ན། ཁ་གང་ནེ་ན་མུཎྜོ་པ་ཚི་ཏྱཾ་ཞེས་བྱ་བ་ལྟ་བུའོ།། ་རྣམ་གྲངས་བསྒྱུར་བ་ནི། སྒྲ་གཅིག་གི་རྣམ་གྲངས་དུ་མར་གྱུར་པ་བསྒྱུར་བ་སྟེ། ཇི་ལྟར་རི་འོང་སཽ་དང་། རྡོ་རྗེ་དང་། ངག་དང་མིག་དེང་ཆུ་དག་དང་། མཐོ་རིས་པ་ལང་ཕྱོགས་རྣམས་སུ།། མཁས་པ་གཽ་སྒྲ་ཤེས་པར་བྱ ་ཞེས་པ་ལྟ་བུ་འམ། སྐྱ་དང་བདེན་དང་དེ་བཞིན་ཡོད།། སེམས་ཅན་འདས་དང་མི་མ་ཡིན། ཅུང་ཟད་ལུས་དང་ས་ལ་སོགས།། འབྱུང་བའི་སྒྲ་ནི་མཁས་པས་བརྗོད་ཅེསཽ་བྱ་བ་ལ་སོགས་པ་ལྟ་བུའོ།། དྲངས་ཐང་དུ་བསྒྱུར་བ ་ནི། ཉེ་བར་བསྒྱུར་བ་ཉི་ཚའི་དབང་དུ་བྱས་པ་སྟེ། ཇི་ལྟར་བཅོམ་པ་དང་ལྡན་པའི་དོན་ནི་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལྟ་བུ་ཐམས་ཅད་དོ།། དྲང་བའི་གནས་ནི་མུ་བཞི་སྟེ། ཡིན་པ་དང་མ་ཡིན་པ་དང་། གཉི ་ཀ་ཡིན་པ་དང་། གཉི་ཀ་མ་ཡིན་པའོ།། དེ་དག་ལ་ཡང་དངོས་པོ་གཅིག་ལ་མུ་བཞིར་དྲང་བ་དང་། མུ་བཞི་ལས་དངོས་པོ་གཅིག་ཏུ་དྲང་བའོ།། དེ་ལ་གཅིག་ལ་མུ་བཞིར་དྲང་བ་ལ་ནི་ཆོས་གཅིག་སྒྲུབ་པའི་སྒོ་ནས་ནི་ཡིན ་ཡིན་པར་སྒྲུབ་པའོ།། ཆོས་གཅིག་དགག་པའི་སྒོ་ནས་ནི་མ་ཡིན་པ་བསྒྲུབ་པའོ།། མུ་བའི་ལས་གཅིག་ཏུ་དད་པ་ལས་ནི་གཉིས་ཏེ། ངོ་བོ་ཉིད་ཀྱི་ཚིག་དང་ཁྱད་པར་གྱི་ཚིག་དང་ལྡན་པའོ།། དེ་ལ་ངོ་བོ་ཉིད་ལ་ནི་ངོ་བོ་སྒྲུབ་པའི་ཚུལ ་གྱིས་ཡིན་པ་འགྲུབ་པའོ།། ངོ་བོ་དགག་པའི་ཚུལ་གྱིས་མ་ཡིན་པ་འགྲུབ་བོ།། ཚུལ་གཞན་གྱིས་སྒོ་ནས་ནི་པ་ཉེ་བ་ཡིན་པ་འགྲང་ངོ་།། ཚུལ་གཞན་གཅིག་ལ་གཅིག་གི་སྒོ་ནས་ནི་གཉིས་ཀ་མ་ཡིན་པ་གྲུབ་བོ།། ཁྱད་པར་གྱི་ཚིག ་དང་ལྡན་པ་ལ་ནི་ཁྱད་པར་གྱི་གཞི་ཡིན་ལ་ཁྱད་པར་མ་ཡིན་པ་དང་། ཁྱད་པར་ཡིན་ལ་བྱད་པར་གྱི་གཞི་མ་ཡིན་པ་དང་གཉིས་ཀ་ཡིན་པ་དང་། གཉིས་ཀ་མ་ཡིན་པའོ།། མུ་གསུམ་ལ་ནི་ཁྱད་པར་གྱི་གཞི་མ་ཡིན་པ ་མེད་དོ།། མུ་གཉིས་པ་ལ་ནི་ཁྱད་པར་གྱི་གཞི་ཡོན་ལ་ཁྱད་པར་མ་ཡིན་པའང་མེད་དོ།། ཡི་གཽ་འཇུག་པའི་གནས་ནི་བརྒྱད་དེ། སྒྲ་དང་སྐད་དང་མིང་ད་མཚན་མ་དང་བརྡ་དང་ཐ་སྙད་དང་ཚིག་དང་དོན་ནོ།། དེ་ལ་སྒྲ་ནི་ཤེས ་བས་ཟིན་པ་ལས་འབྱུང་བ་དང་། མ་ཟིན་པ་དང་། གཉི་ག་ལས་འབྱུང་བ་ལ་སེམས་ཅན་དུ་སྟོན་པ་དང་། མི་སྟོན་པར་ཕྱེ་བ་དང་། ལུང་དུ་སྟོན་པ་དང་། མི་སྟོན་པ་དག་གོ།། སྐད་ནི་བཞི་སྟེ། རང་བཞིན་དང་། འདུས་བྱས་དང་། ་ཟུར་བཅག་པ་དང་། ཤ་ཟའིའོ།། ཡིང་ནི་ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱི་ཚིག་བླ་དགས་ཏེ། ཡི་གེ་འདུས་པའི་བདག་ཉིད་དོ།། མཚན་མ་ནི་འདིས་མཚན་པར་བྱེད་པས་མཚན་མ་སྟེ། སྣང་བར་ནུས་པའོ།། བརྡ་ནི་མིང་དང་མཽང་ཅན ་འབྲེལ་བར་བྱེད་པ་སྟེ། སྒྱུ་དང་དོན་གྱི་སྤྱིའི་རྣམ་པ་གཞན་ལ་སྨྲ་བར་བྱེད་པའི་དུས་ཅན་གྱི་བདག་ཉིད་དོ།། ཐ་སྙད་ནི་དངོས་པོ་མེད་པ་ལ་དངོས་པོར་བརྟགས་པ་སྟེ། དེ་ཡང་བརྟགས་པ་དང་འཇུག་པ་དང་། བརྗོད ་པར་བཅས་པ་ཐམས་ཅད་དོ།། དེ་ལ་བརྡ་ནི་གོ་བར་བྱེད་པའི་བདག་ཉིད་ཅན་ཡིན་ལ། ཐ་སྙད་ནི་འཇུག་པར་བྱེད་པའི་བདག་ཉིད་ཅན་ཡིན་ནོ།། ཚིག་ནི་ཆོས་རྣམས་ཀྱི་ཁྱད་པར་གྱི་ཚིག་བླ་དགས་ཡིན་ཏེ། མིང་འདུས་པའི་བདག ་ཉིད་ཅན་ནོ།། དོན་ནི་ཆོས་རང་གི་ངོ་བོ་ཇི་ལྟར་གནས་པའོ།། དེ་རྣམས་ལ་ཡི་གེ་ཇི་ལྟར་འཇུག་ཅེ་ན། དོན་གྱི་དངོས་གཞི་ལས་དོན་གྱི་སྤྱིའི་རྣམ་པ་སྐྱེའོ།། དེ་ལོས་སྒྲའི་སྤྱིའི་རྣམ་པ་སྐྱེའོ།། བརྡ་དང་ཐ་སྙད་འབྱུང་ངོ་།། ་བརྡ་དང་ཐ་སྙད་ཀྱི་དུས་སྐབས་ན། ཡི་གེའི་ཚོགས་དང་། མིང་གི་ཚོགས་དང་། ཚིག་གི་ཚེགས་ཀྱི་རྣམ་པ་ཡོད་དོ།། དེ་ལ་རྒྱུ་རྐྱེན་གྱི་ཚོགས་ལ་རྟེན་ནོས་སྒྲ་རང་གི་མཚན་ཉིད་དུ་འབྱུང་སྟེ། སྒྲ་ཞེས་བྱ་བའི་མིང་ཐོབ་པོ།། ་སྒྲ་དེས་ཉན་པ་པོ་ལ་སྒྲ་ལས་བྱུང་བའི་ཤེས་པ་སྐྱེ་བ་ན་སྔོན་བརྡའི་དུས་ཀྱི་དང་གཅིག་ཏུ་སྒྲོ་བཏགས་ཏེ་ཕྱི་གསལ་བར་བྱེད་དོ།། དེས་དོན་གྱི་སྤྱི་སྒྲོ་བཏགས་པའི་བདག་ཉིད་དུ་བརྗོད་ནས། དེས་དོན་རང་གི་མཚན་ཉིད་ཁོང ་དུ་ཆུད་པར་འགྱུར་བས་དེ་དག་གི་ཡི་གེའི་འཇུག་པ་ཞེས་བྱ་བའོ།། རྣམ་པར་དབྱེ་བའི་གནས་ནི་བརྒྱད་དོ། གང་གང་ལ་གང་གིས་གང་གི་ཕྱིར་གང་ལས་གང་གི་གང་ལ། འདི་རྣམས་བོད་པ་དང་བཅས་པ་ནི། རྣམ ་པར་དབྱེ་བ་བདུན་བོད་པ་དང་བརྒྱད་དོ།། འདི་རྣམས་གཅིག་གི་ཚིག་དང་། གཉིས་ཀྱི་ཚིག་དང་། མང་པོའི་ཚིག་དང་། གསུམ་གྱིས་ན་ཉི་ཤུ་གཅིག་གོ།། དེ་ལ་སྒྱུར་བྱེད་ཀྱི་ཡི་གེ་ཉི་ཤུ་རྩ་གཅིག་དང་སྒྲ་ཙམ་དུ་ཕྲད་ནས ་སྒྲ་གཅིག་སྒྲ་ཐམས་ཅད་དུ་འགྱུར་ད་རུང་བའི་དོན་ནི། བི་བྷཀྟ་ཞེས་བྱ་བ་རྣམ་པར་འབྱེད་པའི་དོན་ཡིན་གྱི། བྱེད་པའི་གནས་ལྟེ་བུ་སྐད་ཀྱི་དབྱིངས་ཙམ་ལ་བསྒྱུར་བ་ནི་ལྀ་ཡན་ནོ།། དེ་དག་ཀྱང་སི་ཨོཾ་ཛེས། པྲ། ཐ་མཱ། ཨ་མ ་ཨ་ཤས། དྭི་ཏཱི་ཡ། ཊཱ་བྷྱཱཾ་བྷིས། ཏྲྀ་ཏཱཾ་ཡ། དེ་བྷྱཱཾ་བྷྱཱས། ཙེ་ཏུརྠི། དཱ་སི་བྷྱཱ་བྷྱས། པཉྩི་མི། ངས་ཨོས་ཨཱ་མ། ཥཥྚི། ངི་ཨོས་སུ་པ་སཔྟ་མིཾ་ཞེས་བྱ་བ་བསྒྱུར་ནི། རྣམ་པར་དབྱེ་བ་བདུན་པོ་རེ་རེ་ལ་ཡང་། གང་། གང་དག། ་གང་རྣམས། གང་ལ། གང་དག་ལ། གང་རྣ་མོས་ལ། གང་གིས། གང་དག་གིས། གང་རྣམས་ཀྱིས། གང་གི་ཕྱིར། གང་དག་གི་ཕྱིར། གང་རྣམས་ཀྱི་ཕྱིར། གང་ལས། གང་དག་ལས། གང་རྣམས་ལས ་གང་གི། གང་དག་གི། གང་རྣམས་ཀྱི། གང་ལ། གང་དག་ལ། གང་རྣམས་ལ་ཞེས་བྱ་བ་བོད་པ་དང་བཅས་པར་འགྱུར་བའི་དོན་ཡིན་ནོ།། ཕྱོགས་ཀྱི་གནས་ནི། སྒྲོ་གཅིག་ཤེས་པས་ཕྱོགས་གཅིག་ཤེས་པ་དང་། སྒྲ ་གཅིག་ཤེས་པས་ཕྱོགས་ཤེས་ཀུན་ཤེས་པ་དང་། སྒྲ་ཇི་སྙེད་པ་ཤེས་པས་ཕྱོགས་ཀུན་ཤེས་པ་དང་། སྒྲ་ཕྱོགས་མེད་ཤེས་པས་ཆོས་ཐམས་ཅད་ཤེས་པའོ།། དེ་དག་ནི་སྐྱེས་བུ་རབ་འབྲིང་གིས་ཕྱེ་བ་ཡིན་ནོ།། དངོས ་པོའི་གནས་ནི་ཆོས་ཅན་གྱི་སྒོ་ནས་ཆོས་ཉིད་ཀྱི་དངོས་པོ་བསྒྲུབ་པ་འམ། སྒྱུ་སྐད་ཀྱི་སྒོ་ནས་དོན་གྱི་དངོས་པོ་སྒྲུབ་པའོ།། བྱེད་པས་བྱེ་བྲག་རྣམ་པར་འབྱེད།། བྱ་བའང་ཡོངས་སུ་རྫོགས་པར་སྟོན།། བསྡུས ་པས་ཡི་གེ་ཉུང་འགྱུར་ཞིང་།། འབྲེལ་པ་འམ་མིང་ཡང་འདོགས་པར་བྱེད།། བསྒྱུར་བས་བསྒྱུར་བྱའི་མཐུ་ཤེས་ཤིང་།། སྐད་དབྱིངས་ཁོང་དུ་ཆུད་པར་འགྱུར།། དྲང་བས་བཤད་པའི་དམིགས་ལ་མཁས།། གཞན་སེལ་བ་ཡང ་ཤེས་པར་འགྱུར།། འཇུག་པས་བརྡ་དང་ཐ་སྙད་ཤེས།། དགོས་འབྲེལ་ཁོང་དུ་ཆུད་པར་འགྱུར།། དབྱེ་བས་སྒྱུར་བྱེད་རྐྱེན་ལ་མཁས།། སྒྲ་བོ་ཅོག་ལ་མཁས་པར་འགྱུར།། ཕྱོགས་ཀྱིས་སྐྱེས་བུ་རབ་འབྲིང་ཤེས།། དངོས་པོས ་དོན་གྱི་དངོས་གཞི་རྟོགས།། མིང་གི་ཚིག་ནི་འཐུན་པ་དང་།། མིང་ཅན་ཐ་དད་སྟོན་པ་དང་།། མིང་དང་མིང་ཅན་འབྲེལ་པ་ཡང་།། དགོས་པ་ཐ་དད་སྟོན་པ་དང་།། ཁ་ཅིག་སྦྱོར་བ་ཐ་དད་ཀྱང་།། དགོས་པ་ཐ་དད་མ་ཡིན་དང་།། ་ཕྱོགས་གཅིག་འཐུན་པར་སྟོན་པ་རྣམས།། སྒྲ་ཡི་མིང་གིས་ཤེས་པ་ཡིན།། ཚིག་མིང་གིས་སྦྱོར་བ་དང་།། གང་ལ་ཚིག་གི་སྦྱོར་བ་དག། བྱེ་བྲག་ཇི་སྙེད་ཡོད་པ་རྣམས།། གང་གི་ཚིག་དོན་གཙོ་བོ་ཞེས།། སྦྱོར་བའི ་དགོས་པ་ཐ་དད་པའང་།། སྒྲ་ཡི་མིང་གིས་ཤེས་པ་ཡིན།། དབུལ་བ་འཇོམས་བྱེད་རྙེད་དཀའ་རིན་པོ་ཆེ།། བགྲོད་དཀའ་རྒྱ་མཚོ་ཆེ་ལོ་གནས་པ་དོག། ལེགས་པར་གྲུ་བཙུགས་དར་ཕྱར་རླུང་གིས་བསྐྱོད།། རིན་ཆེན་ཐོབ ་བྱེད་གཞན་དུ་ཐབས་མེད་བཞིན།། སྡུག་བསྔལ་འཇོམས་བྱེད་དམ་ཆོས་རིན་པོ་ཆེ།། རྟོགས་དཀའ་གསུང་རབ་རྒྱ་མཚོ་དག་ལ་གནས།། ཡི་གེ་མིང་དང་ཚིག་གི་གྲུ་བཙུགས་ཏེ།། སྒྲ་ཡི་དར་ཕྱར་ཤེས་རབ་རླུང་གིས ་བསྐྱེད།། དམ་ཆོས་ཐོབ་བྱེད་གཞན་དུ་ཐབས་མེད་དོ།། ཙཽ་ཁྱི་འབྲུག་གིས། བྱཱ་ཀ་ར་ཎའི་སྐད། མདོ་ཙམ་ཞིག་བསྒྱུར་བ། གནས་བརྒྱད་ཆེན་པོའི་རྩ་བ་རྫོགས་སོ།། ་