| Wylie | e-texts produced with BDRC’s OCR application |
རྒྱ་གུར་སྐད་དུ། ཀཱ་ཀ་ཛ་རི་ཏི། བོད་སྐད་དུ། བྱ་རོག་གི་སྐུད་བརྟག་པར་བྱ་བ་འདི་ལྟ་སྟེ། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེ་རིགས་དང་། དམངས་རིགས་ཞེས་སོ།། དེ་ལ་ཞོ་ལ་རྩིབ་བྲམ་ཟེའོ།། མིག་དམར་བ་རྒྱལ་རིགས ་སོ། གཤོག་པ་སྡུག་པ་རྗེ་རིགས་སོ།། ཉའི་གཟུགས་ལྟ་བུ་རླངས་རིགས་སོ།། མི་གཙང་བ་ཟ་བ་དང་། ཤ་འདོད་པ་ཡང་དེ་བཞིན་ནོ།། འདི་དག་གི་སྐད་ཀྱི་རྣམ་འགྱུར་ན།། ཁྱིམ་བདག་གིས་ཅིག་ཅར་བདེན་པར་འགྱུར་བ་ནི་བརྗོད་པར ་བྱ་སྟཱཾ། ཐུན་དང་པོ་ལི་ཤར་དུ་བྱ་རོག་སྐུད་སྒྲོགས་ན་སེམས་ཅན་གྱི་འདོད་པ་འགྲུབ་པར་འགྱུར་རོ།། མ་རུ་བྷ་རྙོག་སྐད་སྒྲོགས་ན་དགྲ་འོང་བར་འགྱུར་རོ།། ལྷོ་རུ་བྷྱོ་རོག་སྐད་སྒྲོགས་ན་གྲོགས་པོ་འོང་བར་འགྱུར་རོ།། བདེན་བྲལ་དུ་བྱ ་རིག་སྐད་སྒྲོགས་ན་མ་བསམས་པའི་རྙེད་པ་འོང་བར་འགྱུར་རོ།། ནུབ་དུ་བྱ་རེག་སྐད་སྒྲོགས་ན་རླུང་ཆེན་པོ་འབྱུང་བར་འགྱུར་རོ།། རླུང་གི་ཕྱོགས་སུ་བྱ་རོག་སྐད་སྒྲོགས་ན་འགྲོན་པོ་འོང་བར་འགྱུར་རོ།། བྱང་དུ་བྱ་རོག་སྐད་སྒྲོགས ་ན་འགྲོན་པོ་འོང་བར་འགྱུར་རོ།། དབང་ལྡན་དུ་བྱ་རོག་སྐད་སྒྲོགས་ན་བུད་མེད་འོང་བར་འགྱུར་རོ།། ཚངས་པོའི་གནས་སུ་བྱ་རོག་སྙིང་སྒྲོགས་ན་འགྲོན་པོ་འོང་བར་འགྱུར་རོ།། ཐུན་དང་པོའི་འཁོར་ལོ་རྫོགས་སོ།། ་ཐུན་གཉིས་པ་ལ་ཤར་དུ་བྱ་རོག་སྐད་སྒྲོགས་ན་རོང་གི་ཉེ་བ་འོང་བར་འགྱུར་རོ།། ལྷོ་རུ་བྱ་རོག་སྐད་སྒྲོགས་ན་མེ་ཏོག་དང་གེ་ལོ་ཐོབ་པར་འགྱུར་རོ།། བདེན་བྲལ་དུ་བྱ་རོག་སྐད་སྒྲོགས་ན་རྒྱུད་པ་འཕེལ་བར་འགྱུར་རོ།། ནུབ་ཏུ་སྐད་སྒྲོགས ་ཐག་རིངས་སུ་འགྲོ་བར་འགྱུར་རོ།། རླུང་གི་མཚམས་སུ་སྐད་སྒྲོགས་ན་རྒྱལ་པོ་གཞན་དུ་འགྱུར་བའི་རྟགས་སོ།། བྱང་དུ་སྐད་སྒྲོགས་ན་འཕྲིན་ལས་ལེགས་པར་ཐོས་པར་འགྱུར་རོ།། དབང་ལྡན་དུ་སྐད་སྒྲོགས ་ན་འཁྲུག་པ་འོང་བར་འགྱུར་རོ།། ཚངས་པའི་གནས་སུ་སྐུད་སྒྲོགས་ན་འདོད་པའི་འཇུག་པ་རྙེད་པར་འགྱུར་རོ།། ཐུན་གཉིས་པའི་འཁོར་ལོ་རྫོགས་སོ།། ། ཐུན་གསུམ་པ་ལ་ཤར་དུ་བྱ་རོག་སྐད་སྒྲོགས་ནི་ནོར་རྙེད ་པར་འགྱུར་རོ།། མེ་རུ་བྱ་རོག་སྐད་སྒྲོགས་ན་འཐབ་མོ་འོང་བར་འགྱུར་རོ།། ལྷོ་རུ་སྐད་སྒྲོགས་ན་རླུང་པོ་འོང་བར་འགྱུར་རོ།། བདེན་བྲལ་དུ་སྨད་སྒྲོགས་ན་དག་འོང་བར་འགྱུར་རོ།། ནུབ་ཏུ་སྐད་སྒྲོགས་ན་བུད་མེད་འོང་བར་འགྱུ་རོ།། ་རླུང་ཕྱོགས་སུ་སྐད་སྒྲོགས་ན་ཉྫ་བ་འོང་བར་འགྱུར་རོ།། བྱང་ཕྱོགས་སུ་སྐད་སྒྲོགས་ན་གྲོགས་པོ་བཟང་པོ་འོང་བར་འགྱུར་རོ།། དབང་ལྡན་དོ་སྐད་སྒྲོགས་ན་མིས་འཚིག་པར་འགྱུར་རོ།། ཚངས་པའི་གནས་སུ་སྐད་སྒྲོགས་ན་རྒྱལ ་པོས་ཐུགས་ལོ་བརྟ་གྲེས་པའི་རྙེད་པ་ཐོབ་པར་འགྱུར་རོ།། ཐུན་གསུམ་པའི་འཁོར་ལོ་རྫོགས་སོ།། ། ཐུ་ན་བཞི་པ་ལ་ཤཱར་དུ་བྱ་རོག་སྐད་སྒྲོགས་ན་འཇིགས་པ་ཆེ་བའི་རྟགས་སོ།། མ་རུ་སྐང ་སྒྲོགས་ན་རྙེད་པ་ཚ་བའི་རྟགས་སོ།། ལྷོ་རུ་སྐད་སྒྲོགས་ན་འགྲོན་པོ་འོང་བར་འགྱུར་རོ།། བདེན་བྲལ་དུ་སྐད་སྒྲོགས་ན་ཞག་བདུན་དུ་རླུང་པོ་འབྱུང་བར་འགྱུར་རོ།། ནུབ་དུ་སྐད་སྒྲོགས་ན་རླུང་པོའི་ཆར་འོང་བར་འགྱུར་རོ།། རླུང་གི་མཚམ ་སུ་སྐད་སྒྲོགས་ན་ནོར་གཏོ་བ་རྙེད་པར་འགྱུར་རོ།། བྱང་དུ་བྱ་རོག་སྐད་སྒྲོགས་ན་རྒྱལ་པོ་འོང་བར་འགྱུར་རོ།། དབང་ལྡན་དུ་སྐད་སྒྲོགས་ན་གོ་ལ་རྙེད་པར་འགྱུར་རོ།། ཚངས་པའི་གནས་སུ་བྱ་རོག་སྐད་སྒྲོགས་ན་ལྟོགས་པའི ་རྟགས་སོ།། ཐུནུ་ཕྱེད་དང་བཞིའི་འཁོར་ལོ་རྫོགས་སོ།། ། ཉི་མ་ནུབ་པའི་ཚ་ཤར་དུ་བྱ་རོག་སྐད་སྒྲོགས་ན་ལམ་དུ་དགྲ་འོང་བར་འགྱུར་རོ།། མ་རུ་སྒྲ་སྒྲོགས་ན་ག་ཏར་འོང་བར་འགྱུ་ར་རོ།། ལྷོ་རུ་སྠ ་སྒྲོགས་ན་ནད་ཀྱིས་འཆི་བར་འགྱུར་རོ།། སྲིནྣ་པོའི་མཚམས་སུ་སྠཱ་སྒྲོགས་ནཱ་སེམས་ཀྱི་འདོད་པ་འགྲུབ་པར་འགྱུར་རོ།། ནུབ་དུ་བྱ་རོག་སྐད་སྒྲོགས་ན་ཉེ་བ་འོད་བཱར་འགྱུར་རོ།། རླུང་གི་མཚམས་སུ་སྐད་སྒྲོགས་ནི་ནོར་རྙེད་པའི་རྟབས ་སོ། བྱང་དུ་སྐད་སྒྲོགས་ན་རྒྱལ་པོ་ལ་བཀུར་སྟི་བློང་བྱར་འགྱུར་རོ།། ཚངས་པའི་གནས་སུ་སྐད་སྒྲོགས་ན་བསམས་པའི་རྙེད་པ་འཐོབ་པར་འགྱུར་རོ།། ཐུན་བཞི་པའི་འཁོར་ལོ་རྫོགས་སོ།། ། འདི་ལྟ་བུའི་བྱ་རོག་གི ་སྐད་ཀྱི་རྣམ་འགྱུར་རྫོགས་སོ།། ། ད་ནི་འགྲོ་བའི་མཚན་ཉིད་བརྗོད་པར་བྱ་སྟེ།། འགྲོ་བའི་དུས་སུ་བྱ་རོགི་སྐད་ཀྱི་མཚན་ཉིད་བརྗོད་པར་བྱ་སྟེ།། རགས་དང་ཆུའི་འགྲམ་དག་ལ།། ཤིང་གཅིག་ལ་ནི་དེ་བཞིན་དུ།། གྲོག་སྟོང་དང་ན ་ལམ་བཞི་ལ།། ག་ཡ་སུ་བྱ་རོག་སྒྲ་སྒྲོགས་ན།། འགྲོ་བ་འདི་ནི་ལེགས་པར་ཤེས།། ལམ་ལ་རབ་ཏུ་འགྲོ་བའི་ཚེ།། རྒྱབ་ཏུ་བྱ་རོག་སྒྲ་སྒྲོགས་ན།། དངོས་གྲུབ་རབ་ཏུ་འཐོབ་པར་འགྱུར།། ལམ་དུ་འགྲོ་བའི་ཚེ་གཤོག་པ་སྤྲུག་ཅིང་སྐད་འཛིན་ན། བར ་ཆད་ཆེན་པོ་འོང་བར་འགྱུར་རོ།། ལམ་དུ་ཞུགས་པའི་ཚེ་སྐྱ་མཆུས་གཟིགས་ཤིང་སྒྲ་སྒྲོགས་ན་དེའི་ཚེ་འཆི་བའི་རྟགས་སོ།། ལམ་དུ་ཞུགས་པའི་ཚེ་མི་གཙྪང་བ་ཟ་ཞིང་སྒྲ་སྒྲོགས་ན་བཟའ་དང་སྐོམ་འོང་བའི་རྟག་སོ།། ་ལྷྭམ་དུ་ཞུགས་པའི་ཚྭ་ཚེ་ར་མཱ་ལ་གནས་ཤིང་སྒྲ་སྒྲོགས་ན་དགྲའི་འཇིགས་པར་ཤེས་པར་བྱའོ།། ལམ་དུ་ཞུགས་པའི་ཚེ་འོ་མུ་ཅན་གྱི་ཤིང་ལ་གནས་ཤིང་སྒྲ་སྒྲོགས་ན། དེའི་ཚེའོ་ཐུག་གི་བཟའ་བ་བོང་བར་འགྱུར་རོ།། ཤིང་སྐམ་པ ་ལ་ག་ན་སེ་ཤིང་སྒྲ་སྒྲོགས་ན་དྭེའི་ཚེ་བཟའ་བ་དང་སྐོམ་མེད་པའི་རྟགས་སོ།། ཕྲོ་བྲང་ལ་གནས་ནས་གང་གི་ཚེ་སྐྱོང་སྒྲོགས་ན་དེའི་ཚེ་སྡོང་ས་བཟང་པོ་རྙེད་པར་འགྱུར་རོ།། གདན་ལ་གནས་ནས་སྒྲ་སྒྲོགས་ནཱ་དགྲ་འོང་བར་འགྱུར་རོ།། སྒོ་ལྟ་ཞིང ་སྒྲ་སྒྲོགས་ནཱ་མཚམས་ཀྱི་འཇིགས་བྱུར་ཤེས་བུར་བྱའོ།། མཆུས་གོས་གཟིངས་ཤིང་བྱ་རྙོག་སྐད་སྒྲོགས་ན་གོས་རྙིང་བར་འགྱུར་རོ།། ལམ་ལ་ཞུགས་པའི་ཚེ་ཐེང་བ་ལ་གནས་ཤིང་སྒྲ་སྒྲོགས་ནི་འཆི་བའི་རྟགས་སོ།། སྐུད་པ་དམྱུང་པོ་བཟུང ་ནས་ཁྱིམ་གྱི་ཐོག་ཏུ་གནས་ནས་སྒྲ་སྒྲོགས་ན་ཁྱིམའི་ཚིག་པར་འགྱུར་རོ།། སྣ་དྲོའི་དུ་སྨྲ་བ་རོག་མང་པོའི་ཚོགས་ན་རླུང་པོ་ཆེ་བར་འོང་བར་འགྱུར་རོ།། ལམ་ལྟ་ཞུགས་པའི་ཚྭ་ཤིང་མུཆུས་བཟུང་ནས་སྒྲ་སྒྲོ་ན་རྙོད་པ་ལྗོང་བར་འགྱུར་རོ།། ལམ་ལ ་ཞུག་མོ་པོའི་ཚེ་ཉི་མ་ཤར་དུས་བུ་མོ་སྒྲ་སྤྲོ། ཞི་ནོརྡོ་རྙེ་པ་གྱུ་རི།། ལམ་དུ་ཞུགསོ་པའི་ཚེ་སྒྲ་སྒྲོགས་ན་འདིང་ངེ་འགྲུབ་པར་འགྱུར།། འདི་ལྟ་བུའི་ལམ་གྱིམ་ཚན་ཉིད་རྫོགས་། གནས་པའི་བྱ་རོག་གི་མཚན་ཉིད་ནི།། ་ཤིང་གི་ཤར་གྱི་ཕྱོ་ཊ་ཀྱི་ཡལ་ག་ལ་ཚང་བྱེད་པར་གྱུར་ན། དེའི་ཚེ་ལོ་བཟང་བ་དང་ཆར་འོང་བར་འགྱུར་རོ།། ལྷོ་ཕྱོཊ་ཀྱི་ཡལ་ག་ལ་ཚང་བྱེད་པར་གྱུར་ན་དེའི་ཚེ་འབྲུ་ངན་པར་འགྱུར་རོ།། ཤིང་གི་དབུས་ཀྱི་ཡལ་ག་ལ་ཚང་བྱེད་ན་དེའི་ཚེ་འཇིགས་པ ་ཆེན་པོ་བོང་བར་འགྱུར་རོ།། འོག་ཏུ་ཚང་འཚོའ་ན་ཕ་རོལ་གྱི་དམྱག་ལས་འཇིགས་པར་འགྱུར་རོ།། རྩིག་པ་འམ་ས་འམ་ཆུ་ལ་ཚང་བྱེད་ན་རྒྱལ་པོ་འཚོ་བར་འགྱུར།། གཞན་ཡང་བཤད་པར་བྱ་སྟེ། ཀ་ཀ་ཞེས་བྱ་རོག་སྐོད་སྒྲོན་ན་ནོར་རྙེད་པར་འགྱུར ་དང་ཞེས་བྱ་རོག་སྐད་སྒྲོགས་ན་སྡུག་བསྔལ་འབྱུང་བར་འགྱུརརོ།། ཏ་ཏ་ཞེས་སྐད་སྒྲོགས་ནི་རྙེད་པར་འགྱུར་རོ།། གྷ་གྷ་ཞེས་སྐད་སྒྲོགོས་ན་དོན་འགྲུབ་པར་འགྱུར་རོ།། གྷུ་ག་ཞེས་བྱ་རོག་སྐད་སྤྲོཙོན་ནོར་འོང་བར་འགྱུ་རོ།། འཛིན་པའི་རྟགས་མཐོང་ན ་བྱ་རོག་ལ་གཏོར་མ་དབུལ་བར་བྱའོ།། སྤེ་ལྔ་པའི་ཤ་བྱ་རོག་དགའ་བར་བྱེད་པས། དེས་གཏོར་མ་ཕུལ་ན་བར་ཆད་མེད་པར་འགྱུ་རོ།། ཨོཾ་མི་རི་མི་རི་བཛྲ་ཏུ་ད་ཌེ་བཻ་ལཾ་གྲིཧྞ་གྲྀ་སྭཱ་ཧཱ། འདི་ལྟ་བུའི་བྱ་རོག་གི་སྤྱོད་པ་རྫོགས་སོ།། ་པཏྟཾ་ཏ་ཆེན་པོ་དཱ་ན་ཤི་ལས། ཡུལ་དབུས་ཀྱི་ཡར་ཀླུངས་ཐང་པོ་ཆེའི་གཙུག་ལག་ཁང་དུ་བསྒྱུར་བའོ།། ། པྲ ་