| Wylie | e-texts produced with BDRC’s OCR application |
བྱུང་བས་སྐྱེས་བུ་བཞི་པོ་འཇིགས་ནས་གཤིན་རྗེ་ཆོས་རྒྱལ་ལ་དྲིས་པས་དེ་ན་རེ་འདིར་སྐྱེ་བའི་རྒྱུ་ཟད་ཐུགས་རྗེ་ཆེན་པོའི་བུ་ཡིན།། ད་ཅིག་ཅར་སྩོལ་ཟེར་ནས་བསྒྲལ་བ་དང་ངའི་ནད་དྲགས་དྲུག ་ཅེས་ཟེར་རོ།། དེ་ཕྱིར་རགང་བྱུང་བ་མཐོང་ཚོད་ལྔ་བརྐྱང་ཕྱག་འཚལ་ཞིང་བསྙེན་བཀུར་བྱེད། བྱེ་བ་ཐམས་ཅད་བཞག་ནས་སྐྱེ་མ་བཟླས་བྱེད་པ་གཅིག་བྱུང་། བདག་ཀྱང་ཕྲའི་རྗེས་སུ་བགྱིད་པོ་ལགས་ཟེར་རོ།། སྔགས་པ་ཁང ་པ་ནིའི་སྙིང་པོ་འགྲོང་བ་ཅིག་ལཾ་ཡང་དེ་ཁོ་ན་བཞིན་བྱུང་སྐྲོད།། ཤིང་བཟོ་བས་གྲུབ་པ་ཐོབ་པ་བ་ཏཱི་ཏ་བཱི་ན་ཡ་ཤྲིས་བསྒྱུར་རོ།། ཡང་བྷཾ་ག་ལའི་བུད་མེད་ཅིག་གི་ཁྱོ་ཤི་ནས་ཡི་དྭགས་སུ་སྐྱེས་ཏེ་དེས ་བདག་ཏུ་བཟུང་ནས་རྟག་ཏུ་འོང་བ་ལ་ཡུལ་དབུས་ཀྱི་ཚོང་དཔོན་ཅིག་གི་ཤར་ཕྱོགས་སུ་ཚོང་ལ་ཕྱིན་ཏེ་དང་བཞག་ན་ས་གཡོག་གིས་རྐང་བཀྲུས་ཁྲུས་དང་སྐུ་མཉེས་བྱས་ཏེ་སྟན་ཐོག་ཏུ་མི་གེ་དྲུག་པའི་བསྒོམ་བཟླས ་བྱེད་ཀྱི་བསྡད་དོ།། དེར་ཡི་དྭགས་དེས་ནང་དུ་འོང་མ་ནུས་པར་ཕྱིན་ནས་ཀུ་ལུ་ཀུ་ལུ་ཟེར་ཞིང་ཚོང་དཔོན་ཕྱིར་མཐོན་གྱིས་སྒྲས་བརྗོད་པ་བུད་མེད་དེས་མཐོང་སྟེ་བློ་བསྐྱེད་ནས་ཚོང་དཔོན་ལ་ཕྱག་དང་གཉེན་བཀུར་བྱས་ཏེ་བདག ་ལའང་དེ་སློབ་པར་ཞུ་ཞེས་གསོལ་ནས་ཉམས་སུ་བླངས་ནས་དེ་ལས་མཐར་སྐད་བུད་མེད་ཀྱི་གྲུབ་པ་ཐོབ་བོ་ནི་ཡ་ཤྲིས་བསྒྱུར་རོ།། ། ན་མོ་ལོ་ཀེ་ཤྭ་ར་ཡ། སྔོན་རྒྱ་གར་ལྷོ་ཕྱོགས་སུ་བསྟན་པ་དང་བིའི་ཚེ། གྲོང་ཁྱེར ་ཆེན་པོ་གཅིག་ན་ཚོང་དཔོན་གྱི་བུ་དུས་སུ་ཁ་དེ་བ་ཞེས་པས་ལོངས་སྤྱོད་ཐམས་ཅད་རང་གི་ཆུང་གསན་ནས་ཤིན་ཏུ་སྡུག་བསྔལ་ཞིང་ཡོད་པ་ན། ཡུལ་དེར་བུད་མེད་ཅིག་ཚད་པས་ཐོབ་སྟེ་ཙན་དན་གོར་ཤི་ཤ་མིན་པས་གསོ་མི་ནུས་ལ ་དེའང་མ་རྙེད་དེ་སྨན་པ་ཐམས་ཅད་ཀྱིས་བོར་རོ།། དེར་ཚོང་དཔོན་གྱིས་བུ་དེས་དྲིས་པས་ཅན་དྲན་དེ་སྙེད་ནས་སོས་ན་བུ་མཱི་སྟེར་ཅེས་ཟེར་རོ།། དུར་ཕྲ་མེད་ཀྱི་ཡི་དམ་གོར་ཤི་ཤྲ་ལཾ་བྱས་པའི་ཐུབ་པའི་སྐུ་གཅིག་ཡོད་པ་བསྔར་ཏེ ་ནང་དུ་བཏང་ཞིང་ཕྱིར་བྱུག་པས་སོ།། དེ་གཉིས་ལྡན་ཅིག་གནས་པ་ན་བུད་མེད་དེས་དེ་ལ་འདི་ལྟ་བུའི་ལྔས་བྱེད་པ་གཉིས་ཀ་དམྱལ་བར་སྐྱེའོ་ཞེས་སྤྱོད།། དེར་ཚོང་དཔོན་གྱི་བུ་བོ་གྱོད་དེ་དེ་དང་ཉེ་བའི་གཙུག་ལག་ཁང་ཅིག་ཏུ ་པརྞ་ཌེ་ཏ་གཅིག་ལ་ཡི་གེ་དྲུག་པ་ཞུས་ནས་བུད་མེད་ཀྱི་གཡོག་བྱས་ནས་གཉིས་ཀའི་དོན་དུ་ལ་བཅུ་གཉིས་བསྒྲུབ་པས་རྨི་ལམ་དུ་ཞལ་གཟིགས་ཏེ་ད་པོ་ཏ་ལར་འདེངས་ཅེས་གསུང་ངོ་།། ཁོས་བདག་འགྲོ་སྟེ་སློབ་དཔོན་ལ ་འདྲི་དགོས་ཅེས་བྱས་སོ།། སད་པ་དང་སློབ་དཔོན་དང་གཡོག་ལ་དྲིས་པས་དེ་ངེད་ཀྱི་དྲིན་ཡིན་པས་མི་འཁྲི་ངན་མི་ཕན་ཅེས་བྱས་པས།། ཡང་སྒྲུབ་པ་ཡུན་རིང་དུ་བྱས་ཏེ་བཅོམ་ལྡན་འདས་བྱོན་ནས་གསུམ་ཅར་པོ་ཏ ་ལར་ཁྲིད་དོ།། སུ་ཁ་དེ་བས་སྨྲས་པ། ལྟོས་ཅིག་སྔགས་ཀྱི་ནུས་པ་དགེ། ཕྲ་བའི་ལྷ་ཡང་གྲུབ་པ་ཐོབ།། བྱ་བ་ཐམས་ཅད་ཡོངས་སྤོངས་ལ།། སྔགས་ཀྱི་བྱ་བ་སྒྲུབ་པར་གྱིས་ཅེས་གསུངས་ནས་པོ་ཏ་ལར་གཤེགས་སྐད། ་