| Wylie | e-texts produced with BDRC’s OCR application |
མཱིའི་གཏམ་རྒྱུད་བི་ན་ཡ་ཤྲིས་བསྒྱུར་རོ།། ། ན་མོ་ལོ་ཀྲྀ་ཤཱ་ར་ཡ། བི་ཁྱ་ཏ་དེ་བས་ཐུགས་རྗེ་ཆེན་པོའི་གྲུབ་པ་ཐོབ་པའི་གཏམ་རྒྱུད་ནི། ང་རྒྱ་གར་ཤར་ཕྱོགས་སུ་འཁྲུངས་ཏེ། བྷི་ཏྲ་མར་རབ་ཏུ་བྱུང ་རིག་པའི་གུ་ནས་ལ་མཁས་པ་ར་གྱུར་ཏོ།། འོན་ཀྱང་སྲེད་པ་ཤས་ཆ་བཱིའི་སྐྱོན་གྱིས་དེར་མ་བཞུགས་པར་རྡོ་རྗེ་གདན་དུ་ཇོ་མོ་གཅིག་དང་ལྷན་ཅིག་འཁོར་ཁ་ཅིག་ལྔ་ཆོསཽ་སྟོན་གྱི་བཞུགས་སོ།། ནུབ་གཅིག་གི་རྨ་ལམ ་ན་ཐུབ་པ་ཆེན་པོའི་ཞལ་ནས་ཁྱོད་ད་སྟེ་ལོ་གསུམ་ན་ནད་དྲེགས་ལ་ཡུན་རིངས་བས་ཤི་ནས་ལས་ངན་པས་དམྱལ་བར་སྐྱེ་བས། ད་བཤད་པས་མི་ཕན་གྱིས།། ཡི་གེ་དྲུག་པའི་སྒོམ་བཟླས་གྱིས་ཞིག་ཅེས་གསུངས་སོ།། ་སད་པ་དང་། ཤིན་ཏུ་སྐྲག་སྟེ་འཁོར་རྣམས་ལ་སྨྲས་ནས་ཇོ་མོས་གཡོགས་བྱས་འཁོར་རྣམས་ཀྱིས་འཚོ་བ་སྦྱར་ནས་སྒྲུབ་པ་མཛད། དེ་ནས་ལོ་དུས་སུ་ནད་དེ་འདྲ་བས་གྲོངས་ཏེ། འཁོར་རྣམས་ཀྱི་དུར་ཁྲོད ་དུ་མེའི་སྲེག་ཏུ་བཞུགས་ཏེ་མེ་མཿའ་ནས་སྤར་བ་དང་ཤིང་གི་སྟེང་དུ་འཐོན་བྱུང་ངོ་།། རོ་ལངས་བྱུང་སྙོམ་ཏེ་བྲོས་པ་དང་མ་བྲོས་པའི་བརྡའ་བྱས་པས་འཁོར་རྒན་པོ་ཕོ་ཚོད་ཅན་གཅིག་གིས་ཉེ་མ་རིང་བསྡད་པས་མ་གློངས་པར ་ཤཾ་སཱ་ན་སཱི། དེར་ཐམས་ཅད་ཀྱི་ཅི་ལགས་ཞུས་པས། ངས་བཤད་མི་ནུས་ཞོ་དང་འབྲས་ཟན་ཁྱེར་ཤོག་ཅེས་གསུངས་སོ།། དེར་གསོལ་ནས་གསུངས་པ། གཤིན་རྗེའི་མི་ཤིན་ཏུ་འཇིགས་པ་བཞིས་པ་ཐག་རིང་པོར་ཁྱེར་སྟེ། རཱི ་གཅིག་གིས་རྩ་ལྔ་སླེབས་པ་དང་། འོད་དཀར་པོ་ཟླ་བའི་འོད་པས་ཚེས་ལྷག་པ་གཅིག་ནུ་མཁའ་བྱུང་བའི་རྗེས་ལ་ཐུགས་རྗེ་ཆེན་པོ་དོན་ཞགས་རྟ་མགྲིན་སྒྲོལ་མ།། ནོར་ཟངས་དང་ལྡ་ན་མཁའ་ལྔ་བྱོན་པ་མཐོང་སྟེ། དེས་གྲི་ཤིན ་རྗེ་དེ་དག་ཤིན་ཏུ་བྲེས་ནས་འདར་ད་མི་དེས་རྟ་མགྲིན་གྱིས་དབྱུག་ཐོས་བསྡུས་པས་བཅོམ་ལྡན་འདས་ཀྱི་ཞལ་ནུས་སྙིང་རྗེ་མ་བྱེད་གསུངས་པས། རྟ་མགྲིན་གྱིས་ཞལ་ནས་འོ་སྒྲོལ་གྱི་མི་ལ་འདོར་བར་ཆད་བྱེད་པ་མ་རིགས ་གསུང་ངོ་།། དེར་བཅོམ་ལྡན་འདས་ཀྱིས་ཞལ་ནས་དེ་ཆོག་གི་འདི་ཕ་གིར་མི་ཚིག་པ་ལ་ཅིག་ཅེར་སྒྲོལ་ཅེས་གསུང་ངོ་།། དེང་བཞི་པོས་འདིར་བསྐྱལ། སྐྱིལ་གྱི་བར་དུ་མཐོང་།། དེ་ནས་མ་མཐོང་སྟེ་ངའི་ནོད་དྲག་འདུག་པ ་པ་ཐག་ཅེས་གསུང་ངོ་།། དེ་ནས་བཎྜི་ཏཱ་གྲུབ་ཐོབ་ཏུ་གྲགས་ཏེ་བླ་མ་ཤཱཀྱ་ཤྲཱི་དང་བུད་དྷ་ཤཱི་ལ་སོགས་པ་མང་པོ་འདུས་ཤིང་གྲགས་པ་ཤིན་ཏུ་ཆེ་སྐད་ངོ་།། པཎྜི་ཏ་རྣམ་པར་གྲགས་པའི་ལྷས་ཐུགས་རྗེ་ཆེན་པོ་ལ་གྲུབ་པ་ཐོབ ་པབའི་གཏམ་རྒྱུད་པཎྜི་ཏཱ་བི་ནཱ་ཡ་ཤྲི་མཱི་ཏྲས་བསྒྱུར་རོ།། ། ཤིང་བཟོངས་གྲུབ་པ་ཐོས་པའི་ལོ་རྒྱས་བཞུགས་སོ།། ན་མོ་ལོ་ཀེ་ཤྭ་ར་ཡེ། ཤིང་བཟོ་བས་གྲུབ་པ་ཐོབ་པ་ནི། ཛ་ག་ཏ ་