| Wylie | e-texts produced with BDRC’s OCR application |
ཙན་ཏྲ་གོ་མིའི་ལོ་རྒྱུས་བཞུགས་སོ།། ་དྷཱ་ར་ཡེ། སྟོན་གཙུག་ལག་ཁང་ཞིག་ན་སྐྱོབ་དཔོན་ཟླ་གྲགས་དང་ཛྙཱན་དྷ་གོ་མི་གཉིས་ཅུང་ཟད་འགྲན་སྐད། སློབ་དཔོན་ཟླ་གྲགས་སྒྲ་ཆགས་པའི་ཚེ་རྒན་མོ་གཅིག་གིས་བུ་མོ་བག་མར་བཏོང་བ་ན ་བླངས་པས་སློབ་དཔོན་ལ་ནེམ་བཟའ་ལེ་བ་ཅིག་དང་པོ་ཏི་གཅིག་མིན་པའིའང་མེད་པས་མ་དགྱེས་ནས་བཤུམས་སྐད། དེ་ནས་སྒྲུབ་དཔོན་གྱི་རྩིགས་པའི་ལོ་ག་ལ་སྒྲོན་མ་རྒྱན་དང་བཅས་པ་གཅིག་བྲིས་ནས་མ་ཧཱ་ར་ཤྲི་བུ་ཏི ་ཅེས་པ་སྒྲོལ་མ་དཔལ་ཆེན་མོ་ལ་བསྟོད་པ་ཞེས་པ་ཚིགསུ་བཅད་པ་བཞིན་བཅུ་པ་གཅིག་མཛད་པས་ཞབས་ཀྱི་གདུ་བུའི་ནོར་བུ་རིན་པོ་ཆེ་བརྒྱད་སྟོང་རི་བ་གཅིག་བགེ་ནས་བྱུང་བ་དེ་བྱིན་ནས་ཚིམ་པར་མཛད་སྐད་དོ།། ཙན་ཏྲ་གོ ་མཱིའི་གཏམ་རྒྱུད་བི་ན་ཡ་ཤྲིས་བསྒྱུར་རོ།། ། ན་མོ་ལོ་ཀྲྀ་ཤཱ་ར་ཡ། བི་ཁྱ་ཏ་དེ་བས་ཐུགས་རྗེ་ཆེན་པོའི་གྲུབ་པ་ཐོབ་པའི་གཏམ་རྒྱུད་ནི། ང་རྒྱ་གར་ཤར་ཕྱོགས་སུ་འཁྲུངས་ཏེ། བྷི་ཏྲ་མར་རབ་ཏུ་བྱུང ་རིག་པའི་གུ་ནས་ལ་མཁས་པ་ར་གྱུར་ཏོ།། འོན་ཀྱང་སྲེད་པ་ཤས་ཆ་བཱིའི་སྐྱོན་གྱིས་དེར་མ་བཞུགས་པར་རྡོ་རྗེ་གདན་དུ་ཇོ་མོ་གཅིག་དང་ལྷན་ཅིག་འཁོར་ཁ་ཅིག་ལྔ་ཆོསཽ་སྟོན་གྱི་བཞུགས་སོ།། ནུབ་གཅིག་གི་རྨ་ལམ ་ན་ཐུབ་པ་ཆེན་པོའི་ཞལ་ནས་ཁྱོད་ད་སྟེ་ལོ་གསུམ་ན་ནད་དྲེགས་ལ་ཡུན་རིངས་བས་ཤི་ནས་ལས་ངན་པས་དམྱལ་བར་སྐྱེ་བས། ད་བཤད་པས་མི་ཕན་གྱིས།། ཡི་གེ་དྲུག་པའི་སྒོམ་བཟླས་གྱིས་ཞིག་ཅེས་གསུངས་སོ།། ་