| Wylie | e-texts produced with BDRC’s OCR application |
ནཱ་མོ་ལོ་གི་ཤྭ་ར་ཡ། སྔོན་རྒྱ་གར་ལྷོ་ཕྱོགས་ནཱ་བསྟན་པ་དར་བའི་ཚེ་གཙུག་ལག་ཁང་ཆེན་པོ་གཅིག་ན་པཎྜི་ཏཱ་ཏིང་ངེ་འཛིན་ལ་བསྟན་པ་ཐོབ་པ་གཅིག་སྔ་དྲོ་རང་གི་བྲང་ཁང་སྒོ་བསྡམས་ཏེ་ཏིང་ངེ་འཛིན་ལ ་བཞུགས་ནས། པོ་ཏ་ལ་ཀཱིའི་རིམ་ལ་ཐུགས་རྗེ་ཆེན་པོ་ལ་ཉི་མ་རོ་རེ་ཞིང་ཆོས་གསན་དུ་གཤེགས་སྐད། དེ་ལ་གཡོགས་དགེ་བསྙེན་གཅིག་ཡོད་པ་ན་རེ་སློབ་དཔོན་ཉིན་རེ་བཞིན་སྒོ་བསྡམས་ནས་ཐུགས་དམ་མཛད་པ་ཅི་ལགས་ཞེས་ཞུས ་ས་དེ་ལ་ཁྱོད་ལ་དོན་ཅི་ཡོད་ཅེས་གསུང་ངོ་།། དེས་བདག་ལའང་ཆོས་དེ་ཞུས་ནས་སློབ་དཔོན་བཞིན་དག་སྦྱོར་བགྱིས་ཅེས་བྱས་པས། པཎྜི་ཏའི་ཞལ་ནས་དེ་ཁྱོད་ཀྱི་མི་འོང་སྟེ། དགེ་སྦྱོར་གཞན་མི་བྱེད་དཔལ་པོ་ཏ་ལར་ཐུགས་རྗེ ་ཆེན་པོ་ལ་ཆོས་ཉན་དུ་འགྲོ་བ་ཡིན་གསུང་ངོ་།། དགེ་བསྙེན་གྱི་བདག་ཀྱང་དེ་བཞིན་དུ་ཞུ་ཞེས་བྱས་པས། ཇོ་བོ་ལ་ཞུ་དགོས་གསུངས་ཏེ། ནང་པ་ཆོས་ཐུན་རྗེས་ལ་བཅོམ་ལྡན་འདས་ལ་ཕྱག་དང་བསྐོར་བ་བྱས་ནས་ཞུས་པས། ་ལྡན་འདས་ཀྱི་ཞལ་ནས། ལས་ངན་མཆེན་པོ་ཆེ་བྱས་པས་དམྱལ་བ.རེ་མྱུར་དུ་སྐྱེ་བ་དྲི་དང་འཛོལ་པའི་སྐལ་བ་མེད་པས་དེ་སྐད་མ་ཟེར་ཅིག་ཅེས་གསུང་ངོ་།། དེའི་ཚུལ་ཞུས་པས་ཁྱེད་རང་གོ་གཙུག་ལག་ཁང་དེ་ནས་དུས་གསུམ་གྱི ་སངས་རྒྱས་ཐམས་ཅད་ཀྱི་ཡུམ་བརྒྱད་སྟོང་པ་དངུལ་གྱི་གླེགས་བམ་ལ་གསེར་གྱིས་བྲིས་པའི་ཤུ་གུས་གཉིས་བརྐུས་ཏེ་གཟུགས་མཚོ་ཕ་མ་ལ་བྱིན་གསུང་ངོ་།། དེར་པཎྜི་ཏ་དེ་ལྟ་བུར་རང་གི་ལས་ངན་ཡང་མི་ཤེས་པའི་སེམས ་ཅན་གྱིས་བཅོམ་ལྡན་འདས་ལ་གསོལ་བ་འདེབས་སུ་འཇུག་པ་སྙམ་དུ་སྡུག་བསྔལ་དེར་ལོག་སྟེ་སྒོ་ཕྱིར་བྱོན་པ་དང་། དགེ་བསྙེན་གྱིས་སློབ་དཔོན་ལ་ཕྱག་འཕུལ་ནས་ཞུས་པས། ཁྱོད་དམྱལ་བར་སྐྱེ་བ་དེ་ལྟ་བུའི་ལས་བྱས ་བ་མི་ཤེས་པར་ཞུར་བཅུག་ངན་པ་ཡིན་ཅེ་སྡེ་གསུང་ངོ་།། བདག་གིས་ནི་བགྱིས་ཅེས་སྨྲས་པ་སྔར་གྱི་གཏམ་བརྙད་པ་དང་། དེ་ངོ་ཚ་དང་རྣམ་སྨིན་དམྱལ་བར་སྐྱེ་བ་བསྒོག་ནས་མང་པོ་དུས་སོ།། དེ་ནས་ཡང་སློབ་དཔོན་ལ་ཕྱག་ཕུལ་ཏེ ་བདག་ལས་དྲན་པ་འདིར་ཐར་པའི་ཐབས་ཀྱི་རྗེས་སུ་བཟུང་དུ་གསོལ་ཞེས་ཞུས་པས། དེ་ཁྱོད་ཀྱིས་ནུས་ན་ནི་ངས་མི་ཤེས་པས་བཅོམ་ལྡན་འདས་ལ་ཞུ་དགོས་ཞེས་གསུང་སྟེ། ནང་པར་ཆོས་ཐོན་པའི་རྗེས་ལ་ཕྱག་དང་བསྐོར་བ་བྱས ་ནས་བདག་གིས་སྡིག་དེ་ལྔས་ཐར་པའི་ཐབས་བདོག་ནས་ཐུགས་རྗེས་བཟུང་བར་ཞུ་ཞེས་གསོལ་པས། ཐབས་གཞན་མེད་ན་ཤི་བ་ལ་དེའི་ཡི་གེ་དྲུག་པ་ལ་ནི་བསྒོམ་བཟླས་རྒྱུན་མ་ཆད་པར་བྱས་ན་ཐབ་ཀྱི་མཆོག་གོ། ཞེས་གསུང ་ངོངོ་པཎྜི་ཏས་ཏི་ངེ་འཛིན་དེ་ལས་བཞེངས་ཏེ་ཕྱིར་བྱོན་ནས་ཁྱོད་བྱ་བ་གཞན་ཐམས་ཅད་བཏང་སྟེ་བཅོམ་ལྡན་འདས་ཡི་གེ་དྲུག་པའི་བསྒོམ་བཟླས་ཀྱིས་དུས་འདའི་བུར་བྱས་ན་ཕན་ཡོན་ཆེན་པོ་འབྱུང་ཞེས་འཕགས་པ ་གསུང་ངོ་།། ཞེས་སྨྲས་པས། དེར་དགེ་བསྙེན་གྱིས་སློབ་དཔོན་ལ་གདམས་ངག་རྫོགས་པར་ཞུས་ཏེ། དེ་སྡིག་པའི་འབྲས་བུ་ལ་ཤིན་ཏུ་འཇིགས་སྐྲག་པས་ལྷོ་ཕྱོགས་དཔལ་གྱི་རིའི་ནགས་གསེབ་ཤིན་ཏུ་དབེན་པར་ཕྱིན་ཏེ། ཤན་མ ་ལྔའི་སྡོང་པོའི་ལོགས་ལ་བུག་པ་ཁོང་སྟོང་ཡོད་པའི་ནང་དུ་བསྡང་དེ་ཤིང་དེའི་ལྤགས་པ་ཟ་ཞིང་ལོ་བཅུ་གཉིས་གཞན་ཅི་ཡང་ཡིད་ལ་མི་བྱེད་པས་དེ་ལ་བསྒྲུབ་པ་བྱས་སོ།། ནམ་ཞིག་ཕྱིར་བསྒོམ་བཟླས་བྱེད་པའི་ཚེ་བྱ་རོག་གཅིག ་