| Wylie | e-texts produced with BDRC’s OCR application |
ཡུལ་དབུས་འགྱུར་ཆལ་ཨེ་ཨི་ཏན་ཏཱ་སྥུ་ལཱི་ཙུ་ལག་ཁང་གི་ཕྱི་རོལ།། ཆ་ད་ཏྲ་པུར་གྱིས་གྲོང་ཁྱེར་གྱི། པརྠི་ཏ་པྲ་བ་ཀ་ར་དང་། བོང་ལ་གྱི་ལོ་ཙ་པ། དགེ་སློང་ཨུརྱན་པས། དཔལ་བདེ་ཆེན་གྲིང་། སྥུ་ཏྲར་སྦྱར་བ ་ལགས་སོ།། གེང་ལ་ཀཉེར་མ་ལྔ་ཡོད་ཅིང་།། ཡིས་སྣ་རྒྱུད་མཐོ་བ་དང་།། དཔྲལ་བའི་མཐའ་གཉིས་རྒྱས་ཤིང་མཐོ།། ལུས་པོ་ཤིན་ཏུ་སྦོམ་ལ་སྙོམས།། མགོ་བོ་ཟླུམ་ཞིང་རབ་ཏུ་རྒྱས།། སྨ་ར་སྲབ་ཅིང་སྙོམས་པ་དང་།། ན་ཆུང་ལྟ ་ནུ་མ་རྒྱས།། ཀར་ནངས་ནི་དམ་ཞིང་སྙོམས།། མག་གི་དབང་པོ་རྒྱས་ལ་གསལ།། རྣ་བ་མདངས་སྡུག་ཆུང་ཞིང་སྙོམས།། ཕྲག་གོང་རབ་ཏུ་རྒྱས་པ་དང་།། རྐང་པའི་སེར་མོ་བཅུ་གཉིས་པ།། ཤ་རྒྱས་སྐྲག་བཟང་བོལ་གོང་མགོ། གང་ག ་མཆན་ཁུང་སྤུ་མེད་པ།། ལག་པ་ཆུང་ཞིང་ཤ་རྒྱས་པ།། དེ་རྣམས་མཚན་ལྡན་ལྷ་ཡི་རིགས།། སྐོམ་གདུངས་ཆེ་ཞིང་ཆུང་ངུ་ཟ།། ཤ་ཡི་ཟས་ལ་རྣམ་པར་རྩི།། ནད་མེད་དེ་ཡི་ལུས་ལ་ནི།། ཉི་ཤུ་རྩ་ལྔའི་ལོ་ལོན་ཚེ།། ཆུའི་གནོད་པ ་འབྱུང་བར་འགྱུར།། ཡུལ་རྣམས་བསྐོར་ཞིང་རྣམ་པར་འཁྱམ།། ཀུན་ཏུ་བད་སྐྱིད་ལྡན་པར་བྱེད།། བརྫུན་ཚིགས་སྤངས་ཤིང་ཐམས་ཅད་སྟེར།། འདོད་པ་ཆུང་ཞིང་མི་རྐུ་བ།། དྲོན་རྣམས་སྨྲས་པ་བཞིན་དུ་བསྒྲུབ།། གང་ཞིག ་མི་ཡི་རིགས་གྱུར་པ།། གདོང་རིང་གྱེན་དུ་གཉེར་མ་ཅན།། སྨ་ར་ཉུང་ཞིང་རྣ་ཤ་ལོ་རིང་།། གསུས་པ་ལག་པས་རྣམ་པར་འགྲུལ།། འབྲུ་ཚུགས་སུ་ནི་རྣམ་པར་བལྟ།། ལུས་པོ་རྗུད་ཅིང་སྐེམས་པ་དང་།། བ་སྤྲྀ་མ་ང་ཞིང་རཱིང་བ ་དང་། དེ་ཡི་མིག་ནི་གཏིང་དུ་སོང་།། སྣ་ནི་ཅུང་ཟད་ལེབ་པ་དང་།། ལུས་བོངས་རིང་ཞིང་བརྣབ་སེམས་ཆེ།། མང་དུ་ཟ་ཞིང་རྐུ་ལ་འཁོན།། འདོད་པ་ཆེ་ལ་གཅིག་ཏུ་སྡོང་།། ཆོས་མིན་སྤྱོད་ཅིང་ཐོབ་ཚད་ཟ།། སེམས་ངན་དེ་ནི་མི ་ཡི་རིགས།། རྐང་པ་རིང་ཞིང་གདོང་པ་བསྒོམ།། རྐང་ལག་སེར་ཁ་མང་བ་དང་།། གནག་ཅིང་བ་སྤུ་མེད་པ་དང་།། ཟས་ངན་ཟེ་ཞིང་བཟང་པོ་འདིར།། མཚན་ངན་དེ་ནི་ཉི་མ་འདོད།། ལག་པའི་ནོར་རྣམས་ཉམས་པར་བྱེད།། དེ ་རྣམས་མཚན་ཅན་ཡི་དྭགས་མི།། འགྲོ་ཞིང་འགྲོ་ཞིང་སྡོད་པ་དང་།། འགྲོ་ཞིང་ཕྱོགས་རྣམས་ཀུན་ཏུ་བལྟ།། རྐང་པ་ཤ་མེད་རྩ་ཡིས་གང་།། སྨ་ར་ཆེ་འམ་ཡང་ན་མེང་།། དེ་རྣམས་མཚན་ཅན་དུད་འགྲོའི་རིགས།། དེ་རྣམས ་རྣམ་པར་བཤད་བྱ་བ།། གང་གྲིས་དཔྲལ་བའི་སྒྲ་མཚམས་ལ། ཐིག་ལེ་འམ་རི་མོ་སྔོན་ཅན་ཆགས།། བློ་ལས་ལྡན་ཞིང་སྡུག་བསྔལ་འཐོབ།། སྣ་ཡི་གཡས་གཡོན་མཁུར་བ་ལ།། ་ཤྱ་མཚན་ནག་པོ་ཆགས་གྱུར་ན།། ཟླ་དྲུག་ལོན་ནོས་ནད་ཀྱིས་འདེབས།། མིག་ལ་ནེག་པོ་ཆགས་བཱ་ན།། ནོར་ཡོད་ཟས་ཀྱིས་འཕོངས་པར་འགྱུར།། གདོང་པ་གཙང་ཞིང་མེདངས་བཟུང་ན།། ན་དུ་མེད་གཙང་ཞིང་བདེ་བར ་འཚོ་མཁུར་བ་གཡས་སམ་གཡོན་པྲ་ལ།། མཛད་པ་ཆུང་ངུ་ཆགས་པ་ན།། ལོངས་སྤྱོད་ལྡན་ཞིང་རྙེང་པ་འཐོབ།། སྣ་འདེབས་ནད་ལ་རྨ་བ་ཆགས།། གང་ཞིག་སུམ་ཅུ་ལོན་པའི་ཚེ།། གསེར་དང་རྟ་ཡིས་རྙེད་པ་ནི།། ་རྒྱལ་པོ་ལས་ནི་འཐོབ་པར་འགྱུར།། མི་སྤྱད་འདི་རྡོ་རྗེ་གདན་དུ། ཨུཌྱན་པས་བསྒྱུར་བའི།། ་