CLOSE WINDOW

GT3835: mi'i mtshan nyid rtag pa rgya mtsho zhes bya ba
Wyliee-texts produced with BDRC’s OCR application

མ་སུ་རཀྵས་བྱས་པ་ལུགས་ཀྱི་བསྟན་བཅྡོཾས་རྫོགསོ།། ། རྒྱ་གར་གྱི་མཁན་པོ་ཨ་ཙརྱ་དྷརྨ་ཤྲཱི་བཛྲཱ་དང་།། ལོཙྪ་བ་དགེ་སློང་ཤཱཀྱ་བློ་གྲོས་ལ་སོགས་པས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། །། རྒྱ་གར་སྐད་དུ། ས་མུ་ཏྲི་ཀཻ་པ་རིཀྵ ་ཏ་ན་ལཀྵ་ཎི་ནཱ་མ~ཾ། བོད་སྐད་དུ། མིའི་མཚན་ཉིད་རྟག་པ་རྒྱ་མཚོ་ཞེས་བྱ་བ། ཐཾད་མཁྱེན་པ་ལ་ཕྱག་འཚལོ།། ཐཾད་མཁྱེན་པ་ཐ~ཾད་གཟིགས།། དང་པོར་ལྷ་ལ་ཕྱག་འཚལ་ནས།། སྐལ་པོ་ཟང་སྐྱེས་པ་བུད་མེད་ཀྱི།། མཚན་ཉིད་རབ་ཏུ་བཤད་པར་བྱ།། སྔོན ་དུ་ཚེ་ནི་ཡོངསུ་བརྟག། ཕྱི་ནས་མཚན་ཉིད་ལ་སོགས་རྣམས།། ཚེ་ཐུང་བ་ཡི་མི་རྣམས་ལ།། མཚན་ཉིད་ཀྱིས་ནི་ཅི་ཞིག་བྱ།། བུད་མེད་རྣམས་ཀྱི་གཡོན་གྱི་ཆ།། སྐྱེས་པ་དེ་བཞིན་གཡས་སུ་སྟེ།། རྒྱ་མཚོའི་ཚིག་ནི་ཇི་བཞིན་དུ།། དེ་རྣམས་མཚན་ཉིད་ངེས་པར ་བརྟག། གནས་ལྔ་རིང་ཞིང་བཞི་ནི་ཐུང་།། ལྔ་ནི་ཕྲ་ཞིང་དྲུག་ནི་མཐོ།། བདུན་ནི་དམར་ཞིང་གསུམ་ནི་ཟབ།། གསུམ་ནི་ཡངས་པ་རབ་ཏུ་བསྔགས།། ལག་པ་མོག་དང་བྲང་དང་ནི།། དེ་བཞིན་པུས་མོ་སྣ་དེ་བཞིན།། ཡན་ལག་འདི་རྣམས་རིང་བ་ནི།། ལྔ་པོ་རིང ་བར་བསྔགས་པ་སྟེ།། མགྲིན་པ་རྐང་པ་རྒྱབ་དང་ནི།། རྗེ་རང་རྣམས་ནི་ཐུང་བ་བསྔགས།། གང་གི་བཞི་པོ་ཐུང་བ་རྣམས།། རྟག་ཏུ་མཆོད་པ་ཐོབ་པར་འགྱུར།། སོར་མོ་ཕྲ་ཞིང་ཆགས་པ་དང་།། སོ་དང་སྐྲ་དང་སེན་མོ་བགས།། གང་གི་ལྔ་པོ་པྲ་བ་ཉིད།། དེ་ནི ་མཚན་ཉིད་མཆོག་ཡི་ནོ།། མཚན་འོག་རྩིབ་ལོགས་བྲང་དང་ནི།། སྣ་དང་དཔུང་པ་དཔྲལ་བ་རྣམས།། རྒྱ་མཚོ་ཆེན་པོའི་བདག་ཉིད་ཀྱིས།། དྲུག་པོ་མཐོ་ན་དགེ་བར་བཤད།། ལག་པ་རྐང་པའི་མཐིལ་དམར་ཞིང་།། མིག་གི་མཐའ་དང་སེན་མོ་དང་།། རྐན ་དང་ལྕེ་དང་མཆུ་རྣམས་ཏེ།། བདུན་པོ་རྣམས་ནི་དམར་བ་བསྔགས།། དབྱངས་དང་སེམས་དང་དང་ལྟེ་བ་སྟེ།། གསུམ་པོ་རྣམས་ནི་ཟལ་བསྔགས།། བྲང་དང་མགོ་བོ་དཔྲལ་བ་སྟེ།། གསུམ་པོ་རྣམས་ནི་ཡངས་པ་བསྔགས།། ལུས་ཀྱི་ནང་ནས་བཞིན་ནམ་ནི།། ་ཡང་ན་ཐ~ཾད་ཡང་དག་བརྗོད།། དེ་ཡང་མཆོག་ཏུ་སྣ་དང་ནི།། དེ་བཞིན་མཆོག་ཏུ་སོ་དང་ནི།། ཁ་དོག་རྣམས་ནི་མཆོག་ཏུ་སྣུམ།། དབྱངས་ནི་མཆོག་ཏུ་སྙན་པ་དང་།། དབྱངས་ལ་མཆོག་ཏུ་བདེན་པ་དང་།། ཀུན་ནས་བདེན་པས་རབ་ཏུ་གནས།། མིག ་དམར་བུད་མེད་སྤོང་མི་བྱེད།། གསེར་མདོག་དམར་སྐྱ་ནོར་མེད་མིན།། ལག་རིང་རྣམས་ནི་དབང་ཕྱུག་སྟེ།། ཡན་ལག་མཛེས་བསྔགས་བདེ་བར་འགྲུབ།། དབང་པོ་ཆུང་ན་ནོར་ལྡན་ཞིང་།། བུ་བྲལ་ཆེ་བས་ནོར་རྣམས ་དམན།། སྤྲོ་བའི་མཚམས་དམའ་བུ་ནོར་བྲལ།། གཞན་ནམ་ཡོན་པོས་བུ་ལྡན་དབུལ།། མགོ་བོ་ཆེ་ཞིང་རྩ་ཕྲ་དང་།། རྩུ་བ་དང་རྩ་ནི་མཐོ་བ་དང་།། སྦོམ་དང་མདུད་པར་གང་གྱུར་དབུལ།། མཉེན་པས་རྟག་ཏུ་ཕོད་པ་དང་།། རབ་ཏུ་དགའ་བ་སྟེར ་བར་འགྱུར།། རྟགས་ནི་གྱོང་པོས་ཡུལ་གཞན་འཁྱམ།། ཆེན་པོ་ཡིས་ནི་དབུལ་བ་དང་།། དམའ་མོས་བུད་མེད་ངེས་པར་རྒྱལ།། སྤྲོ་བ་མཉམ་ཞིང་མཛེས་པར་མཐོ།། ཕན་པ་དང་ནི་ཚེ་དང་ལྡན།། བྲང་ཡངས་འབྲུ་དང་ནོར་རྣམས་སྤྱོད།། དབུ་ཡངས ་མི་བདག་མཆོད་དང་ལྡན།། རྐེད་ཡངས་བུ་ནི་མང་དུ་སྤྱོད།། རྐང་པ་ཡངས་པ་ནོར་ལྡན་འགྱུར།། མིག་སྣུམ་པ་ནི་སྐལ་བ་བཟང་།། སཽ་སྣུམ་པ་ནི་ཟས་དང་ལྡན།། པགས་པ་སྣུམ་པ་བདེ་བར་འགྱུར།། རྐང་པ་སྡུམ་པ་བཞོན་པར་ལྡན།། ལསོ་མེད་ལག་པ ་སྲ། རྐང་པ་དག་ནི་འཇམ་ལ་མཉེན།། གང་གི་ལག་པོ་རྐང་པར་ལྡན།། དེ་ནི་རྒྱལ་པོར་ངེས་པར་བསྟེན།། གང་ལ་ཉ་ཡི་དབྱིབས་ཡོད་ན།། བརྒྱ་ཡི་བདག་པོར་ཤེས་པར་བྱ།། ཆུ་སྲིན་གྱིས་ནི་སྟོང་དུ་སྟེ།། དུང་གིས་བྱེ་བར་ཤེས་པར་བྱ།། པདྨ་ཡིས་ནི ་བྱེ་བ་སྟོང་།། མཐེའུ་ཆུང་གི་ཕྱོགས་རྣམས་ནས།། མིང་མིང་ལ་ནི་རི་མོ་འགྲོ།། རྟགས་འདི་ཡིས་ནི་སུམ་ཅུའི་ཁོར།། འཚོ་བ་ཉིད་དུ་ཤེས་པར་བྱ།། མཐེའུ་ཆུང་གི་ཕྱོགས་རྣམས་ནས།། གུང་མོ་ལ་ནི་རི་མོ་འགྲོ།། འདི་ནི་རྟགས་ཀྱིས་དྲུག་ཅུའི ་ལོར།། འཚོ་བ་ཉིད་དུ་ཤེས་པར་བྱ།། མཉམ་པའི་ཕྱིར་ན་བརྒྱད་ཅུར་འཚོ།། མི་མཉམ་དེ་བཞིན་བདུན་ཅུར་འཚོ།། ཚོགས་པས་དམན་པའི་སྐྱེས་བུ་རྣམས།། ལེ་ནི་དྲུག་ཅུར་འཚོ་བར་འགྱུར།། མཐེབ་ཆེན་གྱི་ནི་ཚིགས་ཀྱི་དབུས།། གང་ལ་ནས་ཡོད་རྣམ་པར་དགེ། རྙེད ་པ་ཟ་སུ་ལོངས་སྤྱོད་ཅིང་།། མི་དེ་བདེ་བའི་ལོངས་སྤྱོད་ཅན།། རི་མོ་མང་བ་ལོངས་སྤྱོད་ཅན།། ཉུང་བ་ཡི་ནི་ནོར་དམན་ནོ།། དམར་པོ་ཡིས་ནི་བདེ་བ་འཐོབ།། ནག་པོ་ཡིས་ནི་འཆོལ་བར་བྱེད།། སློ་མའི་དབྱིབས་ལྟར་རྣམ་པར་རྩུབ།། སེན་མོ་ཀྱ་བོ་ཡོན་པོ་དང་།། ་རྩེ་མོ་ལ་ནི་རི་མོ་དང་།། ཤིན་ཏུ་དཀར་བར་གྱུར་པ་དང་།། རྐང་པའི་སོར་མོ་སྤྲང་པོ་ནི།། དབུལ་བའི་སྡུག་བསྔལ་རབ་ཏུ་སྟེར།། གང་གི་རྐང་པ་ཚ་བ་དང་།། དུར་མིག་ལྟ་བུར་གྱུར་པ་ནི།། རིགས་ནི་རྣམ་པར་འཆད་པ་སྟེ།། ཚང་འཇོམ ་གཞན་གྱི་ལས་བྱེད་པ།། ས་སྟེང་དབང་མེད་མནར་བར་བྱེད།། རྡུལ་མི་འབྱུང་ཞིང་མཐིལ་ནི་མཉེན།། པདྨའི་ལྟེ་བ་ལྟ་བུ་སྟེ།། སེར་མོ་འབྱར་ཞིང་མཛེས་པ་དང་།། སེན་མོ་ཟངས་མདོག་རིང་བ་མཛེས།། གྲོ་ཞིང་རྩ་ནི་མི་མངོན་དང་།། ལོང་བུ་དག་ནི་མི ་མངོན་ཞིང་།། རྐང་པ་རུས་སྦྲུལ་ལྟར་མཐོ་ན།། མི་རྣམས་ཀྱི་ནི་དབང་ཕྱུག་གོ། ཤིན་ཏུ་བློ་ལྡན་གྲགས་དང་ལྡན།། དེ་བཞིན་དུ་ནི་རྣམ་པར་གནོན།། བདེ་དང་ཤིན་ཏུ་སྣུམ་པའི་མིག། དེ་རྣམས་ཚེ་ནི་ཐུང་བར་བཤད།། གོས་ངན་སོ་ཡི་དྲི་མི་སེལ། མ ་དུ་ཟ་ཞིང་ཚིག་རྩུབ་སྨྲ།། ཉི་མ་ནུབ་ཤར་ཉལ་བ་རྣམས།། གལ་ཏེ་མཁོ་བའི་ལག་ལྡན་ཡང་།། དཔལ་ནི་རྣམ་པར་སྤོང་བར་འགྱུར།། མགོ་བོ་ལ་ནི་མེ་ཏོག་བཅས།། རྐང་པ་ལ་ནི་ལེགས་པར་མཆོད།། ཡན་ལག་མཆོག་ལྡན་བསྟེན་པ་དང་།། ཁ་ཟས ་ཉུང་ངུ་སྤྱོད་པ་དང་།། གོས་མེད་ཉལ་བར་མི་བྱེད་ཅིང་།། དུས་ཚིགས་འཁྲིག་པ་མི་བསྟེན་ན།། དཔལ་ནི་རབ་ཏུ་ཉམས་གྱུར་ཀྱང་།། སླར་ཡང་རབ་ཏུ་འཐོབ་པར་འགྱུར།། མི་སྦྱིན་གྱིས་གསུངས་པའི་རྒྱ་མཚོ་ལས་སྐྱེས་པའི་མཚན་ཉིད་བསྟན་པའི ་ལེའུ་སྟེ་དང་བའོ།། མོ་སྤྱི་གྱི་ནི་ཚིག་ཇི་བཞིན།། བུད་མེད་མཚན་ཉིད་བཤད་པར་བྱ།། ཉི་མ་འཆར་ཀའི་འོད་མཚུངས་པའི།། བུ་མོ་ཟླ་གང་བའི་གདོང་།། མིག་ཡངས་མ་ནི་དམ་རོ་བ་ཡི།། བུ་མོ་དེ་ནི་རྙེད་ན་བདེ།། ཨུཏྤ་ལོ་སྔོན་པོའི་འདབ་ལྟར་མཱ~ཾ།། རི ་དྭགས་མིག་ཅན་གླང་ལྟར་དཀར།། ནོར་བུ་རིན་ཆེན་མཐའ་དག་དང་།། གསེར་གྱི་རྒྱན་གྱི་བརྒྱན་གྱུར་མ།། དེ་བཞིན་གང་ཞིག་མིག་གནག་མའི།། བུ་མོ་དཀར་མོ་ཤིན་ཏུ་མཛེས།། མིག་ཡངས་མ་ནུ་ནི་དམར་བ་ཡི།། བུ་མོ་དེ་ནི་རྙེད་ན་བདེ།། གང་ཞིག་འགྲོ་བ་ཙ ་གྱིས་ནི།། ས་གཞི་གཡོག་ལྟར་བྱེད་འགྲོ།། ཇི་ལྟར་མི་སྦྱིན་ཚིག་ལས་ནི།། དེ་ཡིས་ཞེ་འདས་བྱེད་པར་གསུངས།། གང་གི་སོར་མོ་མི་སྡུག་ཅིང་།། རྐང་པའི་མཐིལ་ནི་ཉག་པོར་འགྱུར།། དེ་ཡང་ཞེ་འདྲས་བྱེད་པར་ནི།། ཇི་ལྟར་མེ་སྦྱིན་གྱིས་ནི་གསུངས།། གང་ཞིག་རྐང་པའི ་མཐེབ་ཆུང་དག། ས་གཞི་ལ་ནི་མ་རེག་ན།། བདག་པོ་བརྒྱ་ཡང་མྱུར་འཇོམས་ཤིང་།། དེ་སྲིད་དེ་ནི་འཚོ་བར་འགྱུར།། གང་གི་སྒྲ་ཡི་ཚོགས་པ་རྣམས།། རྟག་ཏུ་ལངས་པར་གྱུར་པ་ནི།། རྒྱལ་རིགས་ཉི་དུ་སྐྱེས་གྱུར་ཀྱང་།། དེ་ནི་བྲན་མོ་ཉིད་དུ་འགྱུར།། རྨ་བྱ་འཁོར ་ལོ་པདྨ་དང་།། བུམ་པ་གང་དང་རྟ་བབས་ལྡན།། དེ་ནི་བྲན་མོའི་རིགས་སྐྱེས་ཀྱང་།། རྒྱལ་པོ་ཡི་ནི་བཙུན་མོར་འགྱུར།། གང་གི་ལག་མཐིལ་རི་མོ་ལ།། སོ་དང་རྟ་བབས་རི་མེ་གསལ།། བྲན་མོའི་རིགསུ་སྐྱེས་གྱུར་ཀྱང་།། དེ་ནི་རྒྱལ་པོའི་བཙུན་མོར ་འགྱུར།། རྣམ་པར་བརྩོན་པའི་ངང་ཚུལ་ཅན།། བློ་ནི་རྐུ་བ་ལ་དགའ་ཞིང་།། བཞིན་གྱི་རིགས་དང་ལྡན་གྱུར་མ།། སྡིག་པ་ལྟར་བྱེད་ལས་མེད་ཅིང་།། བཞིན་གྱི་ཁྱིམ་ལ་ཉེས་བསྟེན་ན།། གལ་ཏེ་བུ་དང་བཅས་གྱུར་ཀྱང་།། མི་ཡིས་དེ་འདྲའི་བུད་མེད་སྤང་།། མིག ་ཀྱང་ཁྲོན་པའི་འགྲོ་བ་དང་།། ཕ་རོལ་སྐྱེས་བུ་རྣམས་ལ་དགའ།། བྱིན་པ་སྦོམ་ཞིང་སྐུ་ནི་འཕྱར།། མཆུ་འཕྱང་རྩིབསོ་ན་རིང་བ་དང་།། ཡོ་ནི་སྤྲད་པོ་ཁ་དོག་སྔོ།། རྐན་དང་མཆུ་དང་ལྕེ་དང་ནི།། ཡན་ལག་སྐམས་ཤིང་ཁ་སྐམས་ཤིང་།། ནུ་མ་ཟུང ་དག་མི་མཉམ་ཞིང་།། སྣ་དང་པུས་མོ་རིང་བ་རྣམས།། བུ་བླལ་ཚུལ་ཉམས་བུད་མེད་དེ།། བུ་མོ་དེ་ནི་ནོར་རྣམས་སྤོང་།། པརླ་རྒྱས་འགྲམ་པ་རྒྱས་པ་དང་།། སོ་ནི་དཀར་ཞིང་མཉམ་པ་དང་།། པདྨའི་འདབ་འདྲ་སྤྱན་ཡངས་མ།། བིལླའི་མཆུ་དང ་སྣ་མཐོ་དང་།། གོམ་པ་གླང་པོ་ལྟར་འགྲོ་དང་།། གཡསུ་བསྐོར་ཞིང་བཟློག་པ་དང་།། ལུས་ནི་སྣུམ་ཞིང་ཁ་དོག་མཛེས།། གསང་གནས་མཉེན་ཞིང་མཐུག་པ་དང་།། དབྱངས་སྙན་སྒྲ་ནི་མཛེས་པ་རྣམས།། དེ་ནི་བདག་པོའོ་ཞིང་དུ་འགྱུར།། སྐལ་བཟང་བུ ་བཅས་བུད་མེད་དོ།། རྡུལ་ཆུ་སྨྲ་ནི་ཉུང་བ་དང་།། གཉིད་དང་ཟས་ནི་ཆུང་བ་དང་།། མིག་དང་ལུས་ལེ་སྤུ་མེད་ན།། བུད་མེད་རྣམས་ཀྱི་མཚན་ཉིད་མཆོག། གཉིས་པོའི་མཚན་ཉིད་ཡང་དག་པ།། གཞོ་ནུ་མ་དང་སྐྱེས་བུ་དང་།། དགེ་བ་དང་ནི་མི་དགེའི་ལས།། ་དེ་བཞིན་དུ་ནི་བྱེད་པར་འགྱུར།། ཞེས་པ་ནི་བུད་མེད་ཀྱི་མཚན་ཉིད་དེ། མི་སྦྱིན་གྱིས་གསུངས་པ་ལས་མིའི་མཚན་ཉིད་བརྟག་པ་རྒྱ་མཚོ་ཞེས་བྱ་བ་རྫོག་སོ།། །། སྡེ་སྣོད་འཛིན་པ་ཆེན་པོ། བྷོ་ཊཾ་པཎྜི་ཏ་ཆེན་པོའི་གསུང་གིས་བསྐུལ་ནས། པཎྜི་ཏ ་དྷརྨཱ་དྷ་རའི་ཞལ་སྔ་ནས་དང་།། ཟོད་ཀྱི་ལོཙྪ་བ་སྤངས་པ་གྲགས་པ་རྒྱལ་མཚན་གྱིས། དཔལ་ས་སྒྱུའི་གཙུག་ལག་ཁང་ཆེན་པོར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། རྒྱུ་གར་སྐད་དུ། ས་མུ་དྲ་བྷཱུ་ཛྙཱ་ན ་