| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ནཱི་ཏཱི་ཤཱ་ཤྩ། བདན་ང་། ལུགས་ཀྱི་བསྟན་བཅོས།། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། དོན་གྱི་བསྟན་བཅོས་བྱེ་བྲག་ལས།། བསྟན་བཅས་དག་ལ་ཕན་པ་དང་།། མུ ་རྣམས་བློ་ནི་བསྐྱེད་པའི་ཕྱིར།། མ་སུ་རཀྵ་ས་བསྡུས་ཏེ་བཤད།། འཇིག་རྟེན་ལེགས་བསྐྱེད་ཤེས་པ་བསྒྲག་ཕྱིར་དང་།། ཤེས་པ་བསླབ་ཕྱིར་ཡང་དག་དོན་བསྒྲུབ་ཕྱིར།། བློ་བསྐྱེད་ཕྱིར་ནི་ཚིག་བཤད་ཚུལ་འདི་བརྗོད།། ་དངོས་པོ་ཀུན་ལ་མཁས་ཤིང་གོམས་པར་བྱ།། ཆེས་སྤྱད་གཞན་གྱི་མངོན་སུམ་བསྲུང་བར་བྱ།། ཁྲོ་བ་སྤང་ཞིང་མཁས་པ་བསྟེན་པར་བྱ།། བདེན་པར་སྨྲ་ཞིང་སྨྲེ་ཉམས་བརྗོད་མི་བྱ།། བྲམ་ཟེ་བཀུར་ཞིང་བཾ་ལང་བརྙས ་མི་བྱ།། རྒྱལ་པོས་འཇིགས་ཤིས་སྤྱོད་པ་སྨྲ་བར་བྱ།། དགྲ་བོ་ཤེས་བྱ་མི་རྣམས་བརྙས་མི་བྱ།། དྲེགས་པ་སྤང་ཞིང་སྨད་དངོས་བསྟེན་མི་བྱ།། ཕན་པའི་ཟས་བསྟན་གྲོགས་པོ་བརྙས་མི་བྱ།། མེ་ལ་མི་འགོམ་གཡུལ་ལ ་བ་མི་བྱཱ།། སྙན་དྲང་གས་མཉན་ཞིང་སྲོག་ཆགས་གནོད་མི་བྱ།། བྱ་མིན་མི་བྱ་ཁྲོན་པོ་བགོམ་མི་བྱ།། རིག་པ་བླང་ཞིང་སྦྲུལ་ལ་རྩྩ་མི་བྱཱ།། ཅི་ནུས་སྦྱིན་ཞིང་དམན་ལ་བསླང་མི་བྱ།། བདག་ལ་མི་བསྟོད་གཞན ་ལ་སྨད་མི་བྱ།། དེ་ཉིད་ཤེས་བྱ་མཚན་མོ་རྒྱུ་མི་བྱ།། ཞགས་པ་དང་དྲིལ་གླང་གླ་རྗེས་མི་འགྲོ།། ལྷམ་མདོ་མི་འགྲོ་གྲོགས་མེད་ལམ་མི་འགྲོ།། སྨྲ་བྱེད་བློ་ངན་རིང་དུ་སྤང་བར་བྱ།། ཆུང་མ་ཡ་རུང་སྤང་ཞིང་ཡིད ་བསྟེན།། མ་འདྲིས་པ་དང་ནམ་ཡང་མཐུན་མི་འཇུག། རྒྱལ་པོའི་བྲན་མོ་འདོད་སྤང་མན་ངག་མཉན།། གང་དང་ལྷན་ཅིག་ཞེ་འདྲས་ཡོད་མི་བྱ།། བེའུ་གཞོན་པ་དྲུས་རིང་དུ་སྤང་བར་བྱ།། བུད་མེད་རྣམས ་ལ་ནམ་ཡང་ཡིད་མི་བརྟན།། ཆུ་བོ་རྒལ་དཀའ་རྒྱ་ཆེར་འཇུག་མི་བྱ།། ཆང་འཐུང་ར་རོ་ཤིང་མཐོར་མཛེག་མི་བྱ།། དོན་རྣམས་བསྒྲུབ་ཅིང་ཆོས་དང་ནོར་མི་སྤང་།། གང་དུ་སྲུང་བ་མེད་པའི་ཡུལ་དེ་སྤང་།། ཀུན་གྱི་གསང་ཚིག་ནམ་ཡང ་མི་སྨྲ་སྟེ།། ཁ་རྗེར་མི་བསྡད་སྐྱེས་བུས་རྩོལ་བ་འབད།། གསོང་པོར་མི་སྨྲ་ཞིང་འབྲེལ་མིན་ཚིག་མི་སྨྲ།། གློ་བུར་ལྷགས་མདུན་དུས་སུ་ལེགས་འོངས་བརྗོད།། མེ་དང་ལྷོ་དང་བྲམ་ཟེ་རྣམས་ལ་མཆོད།། བསོད་ནམས་ཡུལ་ནི ་རྟག་ཏུ་བརྟན་པར་བྱ།། རྟག་ཏུ་ཁྲུས་དང་གོས་དཀར་གོས་ལ་གུས།། ཧེ་ཅང་བུད་མེད་ཆགས་མིན་ཞུ་ནས་བཟའ།། ཤེས་ལྡན་གང་ཞིག་དེ་ལྟར་བྱེད་པ་ནི།། འཚོ་བ་ནད་མེད་ཚེ་རེང་ཤེས་པར་བྱ།། མ་སུ་རཀྵས་བྱས་པའི ་ལུགས་ཀྱི་བསྟན་བཅོས་ལྔ་སོ་ལེའུ་དང་པོའོ།། །། བདག་གི་གསང་དང་གཞན་གྱི་གསང་།། བུ་བཞིན་གཅེས་བཞིན་བསྲུང་བྱ་སྟེ།། ས་བཞིན་ཀུན་ལ་སྙོམས་པར་བྱ།། མི་རྣམས་དགའ་བས ་རབ་ཏུ་དགའ།། གནད་ཀྱི་ཚིག་རྣམས་མི་བརྗོད་ཅིང་།། གནང་དུ་འཕོག་འགྱུར་མི་བསྒྲག་སྟེ།། གཞན་གྱི་གནང་རྣམས་སྨྲ་བ་ནི།། སྐྱེས་བུས་མཚོན་ཆ་བཞིན་ཤེས་བྱ།། སྙིང་ལ་ཚམ་ཚོམ་མེད་བྱས་ནས།། བུ་རམ་ཆུ ་བཞིན་ཁ་ནས་བརྗོད།། ཞེ་འགྲས་ཡིད་ཆེས་བྱས་ནས་ནི།། དེ་ནས་ངག་གམ་མཚོན་གྱིས་གཞོམ།། སྒྲ་རྣམས་སྙན་པར་བརྗོད་ཀྱང་ནི།། བློ་ལྡན་བཏང་སྙོམས་མི་བྱའོ།། དེ་ཉིད་མཐར་ནི་གནོད་བྱེད་དེ།། ཇི་ལྟར་དུག་སྣོད་མི ་བཟང་བཞིན།། རང་སྟོབས་ཆུ་བོ་མི་བརྟན་ཏོ།། ཆུ་བོའི་རྒྱ་ཁྱོན་ཡོངས་བརྟགས་ནས།། དེ་བཞིན་དུས་སུ་བརྒལ་བྱས་ཏེ།། རང་གི་དོན་རྣམས་རྗེས་སུ་བསམ།། ཇི་སྲིད་འཇིགས་པ་མ་བྱུང་བར།། དེ་སྲིད་བར་དུ་འཇིགས ་པར་བྱ།། འཇིགས་པ་མངོན་སུམ་བྱུང་ན་ནི།། འཇིགས་པ་བཏང་སྟེ་འརྡེག་པར་བྱ།། དོན་ནི་ཆུ་སྦྱར་བཞིན་དུ་བསམས།། ཕ་རོལ་གནོད་པ་སེང་གེ་བཞིན།། བྱི་ལའི་དྲི་ཚོར་བྱི་བ་ལྟར།། ཤེས་དོན་བཞིན་དུ་བརྟུལ་བར་བྱ།། སིང ་གཅིག་དང་ཆུ་སྒྱུར་བཞི།། བྱཱ་གགྲཱ་གི་ནི་བསླབ་པ་བཞི།། བྱ་རོག་ལྔ་དང་ཁྱི་ཡི་དྲུག། བོང་བུའི་བསླབ་པ་གསུམ་རྣམས་སོ།། བྱ་བ་མང་ཉུང་གང་ཡང་རུང་།། སྐྱེས་བུ་གང་ཞིག་བྱེད་འདོད་པ།། རྟོག་མེད་བྱ་བ་ཀུན་པོ་རྣམས་ཏེ། ་སེང་གེའི་ཙོག་ཅེས་གྲགསོ་པ་ཡིནྟ།། དབང་པོ་རྣམས་ནི་རློབ་བསྣམས་གོང་།། ཡུལ་དང་དུས་ལ་ཅི་རིགས་པར།། བྱ་བ་རྣམས་ནི་རྟག་དབྱེད་དེ།། སྐྱེས་བྲེ་མཛངས་པ་ཆུ་མྱུར་མནོན།། ཕོ་རངས་ལྗང་དང་འཐོབ་པ་དང་།། གཉེན ་ཁ་ལས་རྣམས་པར་འགྱེད།། མེ་ལ་རམ་གནན་ཉེ་བར་སྤྱོད།། ཁྱིམ་བྱའི་བསླབ་མ་ཟ་ནི་ཡིན་ནོ།། མི་མངོན་ལཁྲིག་དང་རྔམ་པ་དང་།། དུས་སུ་གནོས་ནི་འཆའ་བ་དང་།། བོག་ཡོད་པ་དང་ཡིད་མི་ཆེས།། འདི་ནི་བྱ་རོག་བསྒོ ་པ་ལྔ།། མང་དུ་ཟ་དང་ཅུང་ཟབ་ཆོག། ལེགས་པར་གཉིད་ལོག་མྱུར་བར་སད།། དཔའ་ལ་སྙིང་ཉེ་བརྟན་པ་སྟེ།། ཁྱིའི་སྤྱོད་པ་དྲུག་ཡི་ནོ།། ཁལ་གྱིས་བཀལ་ན་འདེབས་པ་དང་།། གྲང་དང་ཚ་བས་མི་བསྐྱོད་དང་།། རྟག་ཏུ་ཆོ་ག་ནི ་ཤེས་པ་སྟེ།། བོང་བུའི་སྤྱོད་པ་གསུམ་ཡིན།། དེ་ལྟར་ཉི་ཤུར་ཤེས་བྱ་སྟེ།། སྐྱེས་བུ་གང་ཞིག་སྤྱོད་འགྱུར་བ།། འདི་ནི་དགྲ་ལས་རྒྱལ་འགྱུར་ཏེ།། དགྲ་རྣམས་ཀུན་གྱིས་མི་ཐུབ་འགྱུར།། ལེའུ་གཉིས་པའོ།། །། ཇི་སྲིད་དུས ་ལ་མ་བབ་པར།། དགྲ་ན་ཕྲག་གོང་བཀུར་བྱ་སྟེ།། དེ་བཞིན་དུས་སུ་ཕྱིན་གྱུར་ན།། རྡོ་ལ་རྫ་མ་བསྦྱིན་བཞིན་གཞོམ།། དམན་བཞིན་སྙིང་རྗེའི་སྐད་འདོན་ཀྱང་།། དགྲ་ནི་བཏང་བར་མི་བྱའོ།། དེ་ལ་སྙིང་རྗེ་མི་བྱ་ཞིང་།། སྔོན་ཆད་གནོད་པ་བྱེད་པ ་གཞོམ།། བུ་ལོན་མེ་ཡོ་ལྷག་མ་དང་།། དེ་བཞིན་དགྲ་ཡི་ལྷག་མ་ནི།། ཡང་དང་ཡང་དུ་འཕེལ་འགྱུར་པས།། དེ་བས་ལྷག་མ་བཞག་མི་བྱ།། བྱམས་ལ་ལན་དུ་ཕན་བྱ་སྟེ།། འཚེ་བར་བྱེད་པ་སླར་ཡང་བརྗེ།། དེ་ལེ་ངེས་པར་མི་བལྟོ་ཞིང ་མ་རུངས་བྱེད་ལ་མ་རུངས་སྤྱད།། འཕོངས་པའི་དོན་དུ་ནོར་རྣམས་བསླུ།། ནོར་བས་ཆུང་མ་བསྲུང་བར་བྱ།། ནོར་དང་ཆུང་མུ་གཉིས་པས་ཀྱང་།། ཛད་དོན་དུ་བདག་བསྲུང་ངོ་།། ལྐོག་ན་བྱ་བ་ཉམས་བྱེད་ཅིང་།། མངོན་སུམ་སྙན ་པར་སྨྲ་བྱེད་པ།། དེ་འདྲའི་གྲོགས་པོ་སྤང་བྱ་སྟེ།། བུམ་པའི་འོ་མ་དུགེ་བཞིན་ནོ།། བརྐམ་ཆགས་སྦྱིན་པ་མི་སྟེར་དང་།། ཁེངས་པ་ཐལ་མོ་མི་སྦྱོར་དང་།། དེ་འདྲའི་གླེན་པ་རྗེས་མཐུན་པོར།། ཇི་ལྟར་དེ་ལྟར་ཤེས་པ་མཁས།། ་དགྲ་ལ་ཐལ་སྦྱར་ཡིད་ཆེས་དང་།། སྤྱི་བོས་བཏུད་དེ་གུས་བྱ་ཞིང་།། གདུང་འགྱུར་མཆི་མ་འཛག་སོགས་བྱ།། འབྱོར་པ་འདོད་པས་དེ་ལྟར་བྱ།། དགྲ་བོ་སྟོབས་ལྡན་རྗེས་མཐུན་བྱ།། སྟོབས་ཆུང་དགྲ་ལ་བཀློག་བྱ་སྟེ།། མཐུ་སྟོབས ་མཉམ་པའི་དགྲ་ལ་ནི།། མཐུན་མིན་གདུལ་མིན་པ་བའོ།། གང་གིས་གདུང་འགྱུར་དེ་མི་བྱ།། གང་གིས་ཞུམ་འགྱུར་དེ་མི་སྤྱད།། མཐར་མི་ཕྱིན་པའི་ལས་མི་བརྩམ།། མཽགོ་ལྟུང་མི་འགྱུར་གདག་མི་བྱ།། ཕ་རོལ་མ་བརྒལ་དེ་མི ་བཛྲམ།། གང་དུ་དགྲ་གནས་དེར་འདུག་མིན།། ཤིང་རྩོམ་ཕྱུང་ཕྱུང་བ་མིན།། གཉིས་སུ་མ་གྱུར་བཅད་པ་མིན།། རྒན་པོ་མེད་པའི་འཚེགས་པ་མིན།། ཆོས་མི་སྟོན་དུག་རྒན་པ་མིན།། གང་ལ་བདེན་མེད་ཆོས་ཀྱང་མེད།། ཚིག་དོན་འབྲེལ་མེད་དོན་མྱ ་ཡིན།། ཚྭར་མུ་གཏིང་དུ་ཟུགས་པ་དང་།། ཆོས་ལ་ཉམས་པོ་ཉིད་དང་ནི།། དགྲ་དང་ཤ་འཁོན་ཞུགས་པ་ནི།། རྩད་ནས་བྱུ་ན་བདེ་བ་ཡིན།། གཏན་དུ་དྲང་པོ་མི་བྱཱ་སྟེ།། ནག་སུ་སོང་ལ་ཡོངས་ལྟོས་དང་།། དེར་ནི་ཤིང་དྲུང་གཙུད་འགྱུར་ཏེ།། ཡོན ་པོའི་ཤིང་ནི་གནས་པ་ལྟོས།། གང་དང་གང་ལ་ཅི་བསམས་པ།། དེ་དང་དེ་ལ་ཕན་བསམས་ཏེ།། རྗེ་སུ་འཇུག་པའི་མཁས་པ་ནི།། མྱུར་དུ་བདག་གི་དབང་དུ་འགྱུར།། འདི་ལྟར་བསད་བྱ་གང་ཡིན་པ།། མི་བརྗོད་མ་ཚོར་བསྡུད་བྱ་སྟེ།། ་རི་དྭགས་རྒྱལ་པོ་རབ་འཁྲུགས་པས།། ལུས་བསྐུམས་ནས་ནི་གསོད་བྱེད་བཞིན།། སྙིང་ལ་ཁོན་དུ་དམ་བཟུང་ནས།། གཞན་ལེ་མི་སྟེན་སྤྱད་པར་བྱ།། བློ་ལྡན་བཟོད་པ་ལྡན་བྱས་ནས།། གཞན་གྱི་སྐྱོན་ནི་ཡོང་མི་བགྲོང་།། ་དཔེར་ན་ཁུ་བྱུག་གྲོག་མ་དང་།། དངུལ་རྡོ་ལྟ་བུའི་མདོག་ལྡན་པའི།། ལག་འགྲོའི་རྐང་མཐིལ་གང་ཡིན་དེ།། དུས་མ་ཡིན་པར་ཉམས་ཀྱང་ནི།། གང་ཞིག་བློ་གྲོས་ལ་བརྟེན་ཏེ།། གདེངས་ཀ་གོ་འཕང་མི་སྤྱད་ཅིང་།། དེ་ནི ་དུག་ཉམས་མི་འགྱུར་ལྟར།། སྐྱེས་བུས་ཉེམ་ཀྱང་གེ་འཕང་མཐོ།། ཇི་སྲིད་དགྲ་བོ་ཕ་རོལ་ལ།། འདིས་ནི་པུས་བཙུགས་གདུང་བྱ་སྟེ།། སྐྱེ་བོ་དམ་པ་རྣམས་ལ་ནི།། བསྙེན་བཀུར་སྣ་ཚོགས་སྤྱོད་པ་དང་།། རྔོན་པའི་སྒྱིད་ལམ་འཛ ་པོ་ཡིས།། རི་དྭགས་དྲུང་དུ་བསྙེན་ནས་ནི།། དུག་བསྒོས་མདའ་ཡིས་བསྣུན་བཞིན་བྱ། ལེའུ་གསུམ་པའོ།། །། བདག་དོན་འབད་པས་བྱ་བ་སྟེ།། གཞན་དོན་དེ་བཞིན་བསམ་མི་བྱ།། བདག་གཞན་དོན་རྣམས་སྤངས ་པ་ནི།། མཛངས་པ་ཐོབ་པར་མི་འགྱུར་རོ།། གཞན་གྱི་དོན་ལ་མི་བརྟུལ་ཏེ།། རང་གི་ལུས་ལ་བརྩོན་པར་བྱ།། མིག་སྨན་སྤྱད་ན་བྲད་སྣང་བཞིན།། གྲོག་མ་ཡིས་ནི་བསགས་པ་ལྟར།། དེ་བཞིན་དུ་ནི་མཁས་པ་ཡིས།། བསགས་པ་ཉུང་ངུ་སྤྱད་པར་བྱ།། མ ་ཆོངས་པདེ་རྨོངས་བྱ་ཞིང་།། རྨོངས་རྣམས་རྟག་ཏུ་མགོ་སྐོར་བྱཱ།། ཡིང་མི་ཆེས་ལ་ཡིད་ཆེས་བྱ།། བདག་ཉིད་སྤུ་ཞིང་རྗེས་སུ་བསམ།། ཉི་མ་དོན་མེད་མི་བྱ་སྟེ།། སྦྱིན་པ་ཁ་དོན་ལས་རྣམས་སྤྱད་འི། ལྟར་སྲིན་གྱི་ཁ་ཆུ་ཡིས།། གྲོག་མ་བསླུས་པ་བཞིན་དུ ་བྱ། དམ་པའི་སྐྱེ་བོ་དགའ་བར་བྱ།། མི་བསྲུན་སྐྱེ་བོ་བསྟེན་མོ་བྱ་། ཁྱེའོས་སུམ་པན་འི་རྗེས་རྒྱ་ཅུ་ར་བ་ན།། བླ་མའི་སྐྱེ་བོ་བཟོད་པར་བྱ།། སྨད་འཚོང་མ་ལ་བྲིང་པོར་བྱ།། གང་གིས་དེ་དག་མ་ལུས་པོར།། ཐམས་ཅད་ཡོངས་སུ་ཤེས་གྱུར་པ།། འཇོག་རྟེན་འཇིག ་རྟེན་ཤེས་པ་ཡིན།། གང་དང་གང་ལ་དོན་ལྡན་པའི།། སྐྱེས་བུ་ལས་ལ་ཆགས་གྱུར་པ།། གྲང་དང་གང་ལ་དགའ་བའི་ཚིག། དེ་དང་དེ་ཡི་ཡོན་ཏན་བརྗོད།། ཡིད་མི་ཆེས་ལ་ཡིད་ནི་བརྟན།། ཡིད་ཆེས་ལྷག་པར་ཡིད་བརྟན་མིན།། ཡིད་ཆེས་པ་ལས་འཇིགས ་པ་འབྱུང་།། རྩ་བ་ལས་ཀྱང་གཅོད་པར་བྱེད།། འབྱུང་པོ་ཀླན་མྦྷ་ཡིད་མི་བརྟེན།། ཀུན་ལ་ཡིད་ཆེས་བྱ་བའང་མིན།། རང་གི་རང་བཞིན་སྦ་བྱ་ཞིང་།། གཞན་གྱིས་རང་བཞིན་ཤེས་པར་གྱིས།། གཞན་གྱི་བུད་མེད་དུག་ཡིན་ཏེ།། དེ་བཞིན་ཆུང་མ་གཞན་འགྲོ ་དང་། དགཉིས་པོ་དེ་ལ་ཡིད་རྟོན་པའི།། མི་རྣམས་འཆི་སྒོར་བརྟེན་པ་ཡིན།། བུད་མེད་རྒྱལ་པོ་སྦྲུལ་རྣམས་དང་།། ཁ་ཏོན་དག་དང་འགྲོ་རྣམས་དང་། ཚེ་དང་ལོངས་སྤྱོད་དག་ལ་ནི།། ཤེས་ལྡན་རྣམས་ཀྱིས་ཡིད་བརྟན་མིན།། རིག་པ་འདོད་པས ་མཁས་བརྟེན་བྱ།། ས་པར་གྱུར་ན་གཞན་སྟེན་བྱེད།། དེ་བས་ལས་རྣམས་ཐམས་ཅད་དང་།། ལུས་པ་མེད་པར་བསླབ་པར་བྱ།། སྡིག་པ་ཅན་ལ་ཡིད་མི་བརྟན།། བློ་ལྡན་བདག་ཅེས་ཟེར་ཡང་ཡིན།། གང་ཕྱིར་དེ་ལས་ཡིད་ཆེས་མིན།། དེ་ཡི་འཚོ་བ ་ཉམས་པར་འགྱུར།། གཤིན་རྡོའི་གཤེད་མ་འཆི་བ་དང་།། ས་འོག་རྒྱ་མཚོའི་གླིང་རྣམས་དང་།། སྤུ་གྲིའི་སོ་དུག་སྦྲུལ་རྣམས་ནི།། མི་སྟེ་ཕྱོགས་གཅིག་བུད་མེད་ཡིན།། དགྲ་ཡི་ཕྱོགས་བྱེད་སྤང་བར་བྱ།། བདག་ལ་དགའ་བ་ཡོངས་སུ་བསྡུ།། ཀུན་ལ ་བློནི་ཡོད་པ་སྟེ།། མུན་རིང་བློ་ནི་དགའ་བ་ཡིན།། མིག་འབྱེད་མིག་བཙུམ་ཙམ་ཡང་རུང་།། དགྲ་ལ་མངོན་སུམ་བྱ་བ་མིན།། དམོད་པ་བྱས་ན་འོན་པ་བཞིན།། དུས་བབ་རལ་གྲིས་བཅད་བཞིན་བྱ།། གང་དུ་ཆུ་ཡོད་ངང་པ་གནས།། ཆུ་སྐམས་མཚོ་ནི་སྐམས ་པར་འགྱུར།། མུ་ཡིས་གང་ན་སླར་གནས་བཞིན། རང་པ་ལྟ་བུའི་གྲོགས་མི་བསྟེན།། རྒྱལ་པོ་སྨད་འཚོང་མ་དང་ནི།། དེ་བཞིན་ཉེ་དུ་སྙན་པ་དང་།། གཡོག་འཁོར་རྣམས་ལ་རྟག་ཏུ་ཡང་།། ཧ་ཅང་གདུང་བར་མི་བྱའོ།། གང་གིས་རྒྱུ་ལས་མྱ་ངན་དང་།། དངོས ་དང་སྡུག་བསྔལ་ཉིད་དང་ནི།། ལུས་ཀྱི་གནོད་བསྐྱེད་རྩུ་བཱ་སྟེ།། གཅིག་གམ་ཅུང་ཟད་ཙམ་ཡང་རུང་།། མཁས་པས་སྤང་ཞིང་དོར་བར་བྱ།། གསེར་ནཱི་རྣམ་བཞིས་བརྟག་པ་སྟེ།། བརྡར་བཅད་བསྲེག་དང་བརྡང་བས་སོ།། དེ་བཞིན་རྣམ་བཞིས་སྐྱེས་བུ་བརྟག། ཐོས་དང ་ཚུལ་ཁྲིམས་རིགས་སྙིང་བརྩེ།། ཐམས་ཅད་ཤོས་ཤིང་རིག་པར་བྱ།། ཀུན་ལ་དོགས་བྱ་དུས་ཤེས་ཀྱིས།། འཇིག་རྟེན་སེམས་ནི་བསྲུང་བྱ་སྟེ།། ཚིག་རྣམས་ཀུན་གྱིས་ཡིད་ཆེས་བྱ།། བདག་གི་གསང་ཚིག་གཞན་མི་བརྙང་།། ལེའུ་བཞི་པའོ།། ་བློན་པོའི་བློ་ནི་ཕུན་སུམ་ཚོགས།། བསྟན་བཅོས་ཀུན་ལ་འཇིགས་མེད་ཅིང་།། བང་མཛོད་སྟོབས་དང་ལྡན་པ་ནི།། མ་བསད་དེ་ཡི་ཕྱིར་བསད་འགྱུར།། ཡིད་ཆེས་སྐྱེས་བུ་འཆི་འགྱུར་ཏེ།། སྨིག་མའི་འབྲས་བུ་བྱུང་བ་བཞིནི།། ཡང་ཆས་ཞགས་པས་གསོད་འགྱུ ་ཏེ། ནགས་ན་གནས་པའི་རི་དྭགས་བཞིན།། མིག་རྩེ་དམར་ཞིང་ཚིག་འཇམ་སྨྲ།། དགའ་བས་སེམས་ཅན་ཀུན་དང་མཐུན།། དོན་རྣམས་ཀུན་ལ་གྱ་གྲུ་སྨྲ།། གཞན་ཚིག་ག་བ་ལ་འཇིག་རྟེན་སྨོད།། དེ་ནི་གཡོན་ཅན་སྤྱོད་ལམ་སྟེ།། དེ་སྙིང་ཉེས་པ་ཆེན་པོ་ཡིས།། ་སྡིག་པ་ཉི་ཚེ་ཚོགས་བསོགས་ནས།། གྲོང་གི་ཚོགས་ནི་བཟློག་བྱས་ནས།། གྲོང་ཁྱེར་འཁྲུག་བྱེད་གཡོན་ཅན་འདི།། འཐུང་ཁུངས་སྐྱེ་བོ་ངན་པའི་གཏེར།། དེ་ནི་འཇིག་རྟེན་སྤྱི་དགྲ་ཡིན།། མ་རུངས་སྐྱེ་བོ་ཁ་སྙན་ཅིང་།། ཙན་དན་ལྟ་བུ་བསིལ་བའི ་དག། སྙིང་ནི་མ་རུངས་བདག་ཉིད་དང་།། སྲོག་ལེ་བས་ཀྱང་ཁྱད་པར་འཕགས།། མ་རུངས་བདག་ཉིད་ཚིག་འཇམ་ཞིང་།། སྐྱོན་དང་རྗེས་མཐུན་སྙན་སྨྲ་སྟེ།། མི་མངོན་ཁོ་ན་བཟུང་བྱམས་མེད་ལ།། ཡིད་བརྟན་བྱེད་དང་གཤིན་རྗེ་གཤེད།། བག་རིངས ་མཐོང་ན་མགོ་སྨོད་ཅིང་།། ཤིན་ཏུ་དམན་པའི་ཚིག་བརྗོད་ལ།། སྐད་གསུང་ཆུང་བ་སྨྲ་བ་ནི།། གཡོན་ཅན་རྣམས་ཀྱི་མཚན་ཉིད་ཡིན།། གང་གིས་སྔོན་ཆད་གནོད་བྱས་དང་།། ད་ལྟ་གང་གིས་གནོད་བྱེད་པ།། དེ་ལ་ཡིད་ཆོས་མི་རིགས་ཏེ།། ཁུང་ན་གནས་པའི ་ལག་འགྲོ་བཞིན།། འབབ་ཆུ་སྡེར་མོ་ཅན་རྣམས་དང་།། རྭ་ཅན་ལག་ན་མཚོན་ཐོགས་དང་།། རྒྱལ་པོའི་ཕོ་བྲང་བུད་མེད་ལ།། ཡིད་བརྟེན་བགྲོད་པར་མི་བྱའོ།། མོ་ཆུ་བུད་མེད་གླེན་མ་དང་།། སྦྲུལ་དང་རྒྱལ་རིགས་དག་ལ་ནི།། རྟག་ཏུ་འབད་པས་སྟེན་བྱེད་པ། 2ཕྱ ་དུ་སྲོག་འཕྲོག་དེ་དྲུག་ཡིན།། ནོར་རྣམས་མང་པོ་སྟེར་བྱེད་པའི།། དགུ་ལ་གང་ཞིག་བསྟེན་པ་དང་།། ཆུང་མ་ཁྱོ་ལ་མ་ཆགས་གཉིས།། དེ་ཡི་འཚོ་བ་བར་དུ་གཅོད།། སྔན་ཆད་དགྲར་གྱུར་པ་ཤེས་བྱེད་ཅིང་།། ཁོན་པའི་གཞི་མེད་འཁྲུག་བྱེད་པ།། གྲོགས་པོའི ་འདོད་པ་བཟློག་བྱེད་པ།། དེ་འདྲའི་གྲོག་པོ་རིང་དུ་སྤང་།། དགྲ་དང་བཤེས་གཉེན་གཡོག་འཁོར་དང་།། བར་གནས་རྒན་པོ་ཉམས་ཆུང་རྣམས།། རྨོངས་པས་བྱེ་བྲག་མི་ཤེས་པས།། དེ་ནི་སྐྱེས་བུ་ཐ་ཤལ་ཡིན།། རྐུན་མའི་ཆད་པས་བསད་པ་དང་།། གྲོགས ་འཁུ་ཉུང་ངུ་བརྗོད་པར་བྱ།། ཆུང་མ་འཁུ་བ་མལ་སྟན་དཔྱ།། བྲམ་ཟེ་ཉེས་མེད་སྤྱན་མི་དྲང་།། བདག་གིས་མངོན་སུམ་མ་གྱུར་པར།། གཞན་གྱི་ཉེས་པ་སྨྲ་བྱེད་པ།། གང་གིས་དམྱལ་བར་ལྟུང་བའི་རྒྱུ།། ལས་དེ་བརྩམས་པར་མི་བྱའོ།། བདག་ཉིད་བདག ་གི་གཉེན་ཡིན་ཞིང་།། བདག་ཉིད་བདག་གི་དགྲ་ཡང་ཡིན།། མཐོ་རིས་དམྱལ་བ་དེ་བཞིན་དུ།། ཐམས་ཅད་བདག་གི་དབང་དུ་གནས།། ལེའུ་ལྔ་པའོ།། །། བློན་པོས་ལེགས་པར་མཉམ་བཞག་སྟེ།། སྤྱོད་པ་གཞན་ལ་སྨྲ་མི་བྱེད།། ཉི་མ་བཞིན ་དུ་དོན་རྣམས་ལ།། གཟི་བརྗིད་ཀྱིས་ནི་གདུང་བར་བྱེད།། མི་བསྲུན་ལྷན་ཅིག་སྤྱོད་པ་དག། དང་པོ་དགའ་ཞིང་མཉན་པ་དང་།། བར་དུ་རྩོད་པས་དགའ་མེད་དེ།། ཐ་མར་ཤ་འཁོན་ཞུགས་པ་ཡིན།། བདག་ཉིད་ཆ་དང་མཚུངས་པ་ཡིན།། དང་པོ་ཆུང་ངུ ་བཤེས་བྱེད་ཅིང་།། བར་དུ་དེ་བས་ལྷག་པར་འགྱུར།། ཐ་མར་རབ་ཏུ་དགའ་བར་མཛད།། དམ་པའི་བཤེས་ནི་འབབ་ཆུ་འདྲ།། དང་པོ་ཉུང་ཞིང་བར་དུ་ཆེ།། རིམ་གྷི་རིམ་གྱིས་རྒྱ་ཆེར་འཕེལ།། འགྲོ་བའི་ཕྱིར་མི་ལྡོག་ཏུ་མེད།། དུད་འགྲོ་དྲི་ཡིས་མཐོང ་བར་བྱེད།། རིག་བྱེད་ཀྱིས་ནི་བྲམ་ཟེ་མཐོང་།། སྨན་གྱི་རིགས་པས་སྨན་པ་མཐོང་།། རྒྱལ་པོ་ཉན་རྣམས་མཐོང་བར་བྱེད།། མི་ཡིས་དགྲ་ནི་གཞོམ་འདོད་པས།། རྟག་ཏུ་སྙན་སྨྲ་དྲན་པས་བསམ།། ཀླུ་ཡིས་བྲིད་པའི་རི་དྭགས་བཞིན།། སེམས་འཁྲུལ ་གྱུར་ན་བསད་པར་བྱ།། གང་ལ་ནོར་ཡོད་གཉེན་བཤེས་དང་།། གང་ལ་ནོར་ཡོད་ཉེ་དུ་སྟེ།། གང་ལ་ནོར་ཡོད་འཇིག་རྟེན་མི།། གང་ལ་ནོར་ཡོད་དེ་མཛངས་ཡིན།། ནོར་མེད་གྱུར་ན་གཉེན་བཤེས་དང་།། བུ་དང་ཆུད་མ་ཉེ་དུ་དང་།། སྐྱེ་བོ་སྡུག་པ ་རྣམས་ཀྱི་སྤོང་།། ནོར་ལྡན་གྱུར་ན་ཕྱིར་ཡང་གཉེན།། ནོར་ནི་འཇིག་རྟེན་མི་ཡི་གཉེན།། གོ་འཕང་མཆོག་ཐོབ་གྱུར་ན་ནི།། བཤེས་གཉེན་གྲོགས་པོ་ལ་སོགས་པཱ།། སྔོན་མ་མཐོང་བ་རྣམས་ཀྱང་བདུད།། ནོར་ཟད་གོ་འཕང་ཉམས་དུས་ན།། རང ་མི་རྣམས་ཀྱང་དགུར་འགྱུར་རོ།། གསང་དང་ཁོང་ནི་གྲིམས་པ་དང་།། བརྣག་པ་མཐར་ཕྱིན་བྱེད་ནུས་དང་།། དགྲ་ལ་འཇིག་པ་སྤྱོད་པ་ནི།། དགྲ་བོ་འཇིགས་འགྱུར་ཐེ་ཚོམ་མེད།། དགྲ་ཡི་ཕྱོགས་ལཱ་མཁས་པ་ཡིས།། དང་པོར་རྩ་བ་བཅད་པར་བྱ།། ་དེ་ནས་རང་གི་ཕྱོགས་བཅས་པས།། སྔོན་ཆད་གནོད་པ་བྱེད་པ་བསད།། ལན་ཅིག་འཇིགས་འགྱུར་བཤེས་གཉེན་གང་།། སླར་ནི་འདུམ་པར་འདོད་གྱུར་པ།། དེ་ནི་འཆི་བར་ཉེར་ལེན་ཏེ།། དྲེའུ་མོ་ཡི་མངལ་བཞིན་ནོ།། དགྲ་དང་ལྷན་ཅིག་འདུམ་བྱེད ་ཅིང་།། ཡིད་བརྟན་བདེ་བར་གཉིད་ལོག་པ།། དེ་ནི་ཤིང་རྩོར་གཉིད་ལོག་པའི།། ལྷུང་ནས་སད་པ་ཇི་བཞི་ནོ།། གལ་ཏེ་བུའམ་སྤུན་ཟླའམ།། སྣག་གཉེན་མཚམས་གྲོགས་པ་ཤེས་རྣམས།། རྒྱལ་པོའི་བར་དུ་གཅོད་བྱེད་ན།། སད་བྱ་འདི་ལ ་ཐེ་ཚོམ་མེད།། གཉེན་པས?་མི་གཉེན་འཇིག་པ་སྟེ།། འཇམ་པོས་རྩུབ་པ་འཇིག་པར་བྱེད།། གཉེན་པས་མི་འདུལ་ཅུང་ཟད་མེད།། དེ་བས་གཉེན་པ་ཤིན་ཏུ་ནོ།། ནོར་ཉམས་ནུས་པ་ཉམས་པ་དང་།། གནད་ལྀ་མཁས་ཤིང་བརྩོན ་འགྲུས་ཆེ།། རྒྱལ་སྲིད་ཕྱེད་ནི་འཕྲོག་པའི་མི།། གལྟེ་མ་བསད་དེས་གསོད་འགྱུར།། ཟབ་མོའི་བློ་ལྡན་དང་འཇམ་ཞིང་།། དམིན་པར་སྨྲ་ལ་དབང་པོ་ཐུལ།། བདེན་པར་སྤྲོ་ཞིང་གཞན་དབང་ཅན།། ཤིས་པའི་ཚིག་ལྡན་དེ་ཉིད་རིག། དེ་ཉིད་གཡོག་འཁོར ་བཟང་པོ་ཡིན།། ཤིནྡྲ་ཆོ་ག་ཤེས་ལེ་ལོ་མེད།། ལེགས་པར་གཉིད་ལོག་རབ་ཏུ་སད།། བདེ་དང་སྡུག་བསྔལ་གྲོགས་བྱེད་པའི།། གཡོག་འཁོར་འཇིག་རྟེན་རབ་ཏུ་དཀོན།། གཡོ་ཅན་དག་ལ་གཡོ་སྟོན་ཅིང་།། དྲང་ལ་དྲང་བའི་སྤྱོད་པ་སྟོན།། དགའ་ལ་དག ་བའི་ཉིད་དང་ནི།། མི་དགའ་བ་ལ་མི་དགའ་སྟོན།། དངོས་པོ་གང་ལ་གླང་དགའ་བའི།། སྐྱེས་པ་བུད་མེད་སྟོན་བྱེད་པའོ།། དམ་པ་རྣམས་ཀྱི་འཇུག་སྒོ་ནི།། ནམ་དུ་ཡང་ནི་མི་འདོར་རོ།། སྐྱེ་བོ་ངན་དང་འགྲོགས་ན་ནི།། སྐྱེ་བོ་དམ་པའང་ཉམས་བྱེད་དེ།། ་ཆུ་དང་འདམ་དུ་འདྲེས་ན་ནི།། དད་པའང་དྲི་མ་ཅན་དུ་འགྱུར།། ཁ་ལ་སྦྲང་རྩིས་བསྒོས་བཞིན་དང་།། ཁོང་ན་རྙོག་པའི་བདག་ཉིད།། ནང་ན་ར་གན་ཕྱིར་རྡུལ་དང་།། ཁ་ཡི་ནང་གི་རྡོ་ཕྱེ་བཞིན།། ཚིག་འཇམ་བརྩེ་མེད་ཤེས་རབ་ལྡན།། མི་མངོན་ཤིན་ཏུ་མི་བཟད་པ།། བུ ་རེམ་དུག་འདྲེས་ལྟ་བུ་ཡི།། དེ་འདྲའི་སྐྱེས་བུ་བསྟན་མི་བྱ།། ཤིན་ཏུ་མ་རུངས་སྐྱེ་བོ་ལ།། རྗེསུ་མཐུན་པས་ཞི་བྱ་ཞིང་།། སྦྱར་བའི་དག་གིས་བསྒོས་བྱས་ཏེ།། མཁྲིས་པའི་ནད་བྱུང་ཇི་བཞི་ནོ།། ནྱ་གྲོ་དྷ་ཞེས་བྱ་བ་ཡི།། ཤིང་གི་རྒྱལ་པོར་གྲགས་པ ་ཡོད། དཱི་ཡི་མྱུ་གུ་བྱ་རྣམས་ནི།། རྩ་བ་ཟུག་ནས་གཏིང་གནས་ཏེ།། ཅིག་ལ་ཅིག་ནི་འབྲེལ་བྱས་ནས།། དེ་ནས་ཤིང་དེ་འཇིག་པར་འགྱུར།། དེ་བཞིན་བུ་དང་ཚའ་དང་།། བློན་པོའི་ཚོགས་དང་བཅས་པ་ཡིས།། རྒྱལ་པོའི་གནས་ནས་སྐྱེད་བྱེད་དེ། ་ནྱ་གྲོ་དྷ་ཡི་མྱུ་གུ་བཞོན།། ལེའུ་སྟེ་དྲུག་པའོ།། ས་བདག་གི་ནི་གཡོག་འཁོར་གྱི།། མཚན་ཉིད་བཤད་ཀྱིས་མཉན་པར་གྱིས།། རྒྱལ་པོ་ཇི་ལྟར་བཤེས་གཉེན་ལྡན།། གཡོག་འཁོར་དེ་ལྟར་བརྟག་པར་བྱ།། ཇི་ལྟར་དབང་པོ་པ ་སོགས་པའོ།། ཨོཾ་ནི་ལྷ་རྣམས་ཀུན་གྱི་ཁ།། དེ་བཞིན་རྒྱལ་པོའི་བྲན་པོ་ཡང་།། ཡུལ་འཁོར་རྒྱུ་དང་མི་ཆུའི་ཁ།། བརྟན་ཞིང་ཟབ་མོའི་བློ་ལྡན་དང་།། མདངས་ལྡན་ཆོས་དང་བསྟན་ཆོས་རིག། དུལ་ཞིང་བདེན་པར་སྨྲ་བ་དང་།། རྒྱལ་པོའི་འཁོར་ལ་པན ་པར་སེམས།། རིགས་བཙུན་རྒྱུད་ནི་མཉེན་པ་དང་།། བླ་མ་ལ་ནི་གུས་ཉན་དང་།། སྐྱེ་དགུའི་རྗེས་རྩེར་ལྡན་པ་ཡི།། རྒྱུད་བྱུང་དེ་ནི་རྒྱལ་སྲས་ཡིན།། རྒྱལ་པོ་སྙིང་བརྩེ་ཕན་སེམས་ལྡན།། བླ་མའི་སྐྱོན་ནི་སྦེད་པ་དང་།། གཡུལ་འཇུག་སླར་ཡང་མི་ལྡོག ་ཅིང་།། བདེ་དང་སྡུག་བསྔལ་མཉམ་པར་སེམས།། རིགས་དང་ཚུལ་ཁྲིམས་ཕུན་སུམ་ཚོགས།། ཆོས་ལུགས་འཚེད་པ་མཁས་པ་སྟེ།། དེ་བཞིན་འདུན་དང་དད་པ་དང་།། གྲིམས་པ་རྒྱལ་པོར་རོབ་གྲག་སོ།། ཚིག་གསལ་བློ་ནི་ཕུན་སུམ་ཚོགས།། ལུ ་ཀྱི་བསྟན་བཅོས་དག་ལ་མཁས།། ངག་འཇམ་སྤྱོད་པ་བྱེད་པ་སྟེ།། རྒྱལ་པོའི་བློན་པོ་དེ་འདྲས་བྱ།། ཡིད་གཞུངས་ཚིག་གསལ་ཤེས་རབ་ལྡན།། གཞན་སེམས་ཉེ་བར་མཚོན་ནུས་དང་།། བརྟན་ཞིང་ཇི་སྐད་བསྒོ་བཞིན་སྨྲ།། རྒྱལ་པོའི་ཕོ་ཉ་འདྲས་བྱ།། རིག ་བྱེད་ཡན་ལག་དེ་ཉིད་ཤེས།། བཟླས་བརྗོད་སྦྱིན་སྲེག་མཆོད་སྦྱིན་བརྩོན།། རྟག་ཏུ་ཤིས་པར་རྗོད་བྱེད་པ།། ཤེས་རབ་ལྡན་དེ་མདུན་འདོན།། སྒྲ་རིག་རྩིས་ཀྱང་ཤེས་པ་སྟེ།། ཡི་གེ་བྱང་ཞིང་ལག་པ་མྱུར།། ཡིད་གཞུངས་ཚིག་ནི་གསལ་བ་དང་།། གྲགས ་དོང་སྦྱིན་ལྡན་ཡི་གེ་བ།། ཡི་གེ་བྱང་ཞིང་སྒྲ་ལ་མཁས།། སྒྲ་ཡི་མཚན་ཉིད་རྟོག་བྱེད་དེ།། དྲི་ཟ་བཞིན་དུ་དབྱངས་མཁས་ཏེ།། དེ་འདྲའི་ཀློག་མཁན་བསྒོ་བར་བྱ།། བརྟན་ཞིང་དབང་པོ་རྗེ་སུ་འོས།། ཤེས་རབ་ཆེ་ཞིང་ལེགས་ཉེས་རྟོགས།། གཙང་ཞིང་རྒྱལ ་པོའི་སྐུ་མཆེད་བསྟེན།། དེ་འདྲའི་ཚོད་པ་གཅོད་མཁན་ཡིན།། ཆེ་ཡི་རིག་བྱེད་གོམསོ་པ་དང་།། ཆོས་རིག་ཡོད་འོང་སྙན་སྨྲ་ཞིང་།། ཆོ་ག་ངང་ཚུལ་ཕུན་སུམ་ཚོགས།། ཐང་ལ་འབར་ཞིང་གསོ་མཁས་ཤིང་།། ནད་ཀྱི་མཚན་ཉིད་ཀུན་ལ་མཁས།། ་བོས་དེ་འདྲའི་སྨན་པ་བསྟེན།། གཞན་གྱི་སྤྱོད་ལམ་ཟུར་གྱིས་ཤེས།། སྟོབས་ལྡན་སྙན་པར་སྨྲ་བ་དང་།། གཞན་གྱི་བསམ་པ་རྟག་ཏུ་ཤེས།། རྒོད་དཔོན་དེ་འདྲ་བསྒོ་བར་བྱ།། མཚོན་ལ་གོམས་ཤིང་ནུས་དང་ལྡན།། བཞན་པ་དག་ལ་བྱང་ཞིང་མཁས།། དཔ ་ཞིང་བརྟན་པ་ཕུན་སུམ་ཚོགས།། དེ་འདྲ་དམག་དཔོན་ཡིན་པར་ཤེས།། ཕ་མེས་རྒྱུད་འབྱུང་གྲིམས་ཤིང་བཤོར།། བསྟན་བཅོས་རིག་ཅིང་ཞིམ་པར་འཚེད།། གཙང་སྦྲ་ཆེ་ཞིང་སྙིང་ཉེ་བའི།། དེ་ལྟ་བུ་ཡི་ཕྱག་ཚང་བྱ།། ཤས་ཆེར་དཔྱད་མེད་ཕུན་སུམ ་ཚོགས།། བསྟན་བཅོས་ཀུན་ལ་འཇིགས་མེད་དང་།། རིགས་ནི་ཆེན་པོར་སྐྱེས་གྱུར་པ།། དེ་ན་ནིང་བློན་ཤེས་པར་བྱ།། དེ་འདྲའི་བསྲུང་མཁན་བསྟན་པར་བྱ།། བརྟན་ཞིང་རྒྱལ་བ་ཐོབ་པ་དང་།། གདུགས་དཀར་བ་དན་དཀར་བ་སྟེ།། གཡུལ་ལས་རྟག་ཏུ་རྒྱལ་བ་སྟེ། ་རྒྱལ་པོའི་ཞེས་ས་རབ་ཏུ་གྲགས།། ཇི་ལྟར་ཁྱི་ཞིག་བཀྲེས་ཉན་ཏེ།། རུས་པ་སྐམ་པོ་ཁར་བརྫངས་ནས།། ཁྲག་བྱུང་སྡུག་བསྔལ་བདེ་སྙམ་པ།། དེ་བཞིན་འདོད་རྨོངས་རྣམས་ཀྱིས་ནི།། བུད་མེད་རྣམས་ལ་བདེར་སྙམ་སེམ་སེམས།། ལེའུ་བདུན་པའོ།། ་མ་སུ་རཀྵས་བྱས་པ་ལུགས་ཀྱི་བསྟན་བཅྡོཾས་རྫོགསོ།། ། རྒྱ་གར་གྱི་མཁན་པོ་ཨ་ཙརྱ་དྷརྨ་ཤྲཱི་བཛྲཱ་དང་།། ལོཙྪ་བ་དགེ་སློང་ཤཱཀྱ་བློ་གྲོས་ལ་སོགས་པས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། །། རྒྱ་གར་སྐད་དུ། ས་མུ་ཏྲི་ཀཻ་པ་རིཀྵ ་