CLOSE WINDOW

GT3824: tshe rtsis kyi 'bras bu gsal bar byed pa zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཨཱ་ཡུག་ཎ་ཊ་ཕ་ལ་སྲ་ཀཱ་ནཱ་མ། བོད་སྐད་དུ། ཚེ་རྩིས་ཀྱི་འབྲས་བུ་གསལ་བར་བྱེད་པ་ཞེས་པ། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།། གནས་སྐབས་བཞིན་ཤེས ་སྐྱེས་བུ་ཡི།། དང་པོའི་གནས་སྐབས་གསེལ་འདོད་ན།། མཁའ་ཉི་དྲུག་སོགས་ལོ་ཡས་བསྒྱུར།། ། དྲ་ལ་མཁའ་ཉིས་བགོས་ཐོབ་ལོ།། དག་ན་ཀུན་སྡོམས་མཁའ་ཉི་གྲུབ།། སོ་སོའི་ལོ་རྣམས་མཁའ་དུས་མེས།། ་བསྐུར་ཏེ་མཁའ་ཉིས་རྙེད་བརྟན་པའོ།། རང་རང་བརྟན་པ་དྲུག་སོགས་བསྒྱུར།། མཁའ་དུས་མེ་ཡསི་ཐོབ་པ་ལོ།། ལྷག་ལ་མཁའ་མེས་ཐོབ་པ་ཟླ་བ།། དེ་ཡི་ལྷག་མ་ཞག་ཏུ་འགྱུར།། དག་ན་རང་ལོའི་འགྲོ་ལྡོག་ངེས ་དྲང་པོའི་ཆུ་ཤྭཱས་དེས་རྒྱས་ཤེས།། བརྒྒ་སྔོགས་གསུམ་ལའང་དྲུག་ལ་སོགས།། གཟའ་དགུ་སོ་སོའི་ལོ་ཡིས་བསྒོ།། མཁའ་དང་ཉི་མས་ཐོབ་པའོ།། ལྷག་ལེ་ན་མཁའ་མེ་ཡིསོ་འགྲོ། ཐོབ་པ་ཟླ་བ་ལྷག་མ་ཞིག ་སུ་སོ་སོའི་ལོ་རྣམས་ཀུན།། མཁའ་དུས་མེ་ཡིས་བསྒྱུར་བར་བྱ།། ཟླ་བ་མཁའ་མེས་བསྒྲེས་ལ་སྦྱིན།། མཁའི་ཉེས་རྙེད་པ་བརྟན་པ་བཞག། ལྷག་མ་དྲུག་ཅུར་ཐོབ་ཆུ་ཚོང་།། དེ་ནས་རང་རང་བརྟེན་པ་རྣམས།། དྲུག ་པ་སོགས་པའི་རིང་ལོས་བསྒྲེ།། མཁའ་དུས་མེས་མ་པོ་ཐོབ་པ་མ།། གལ་ཏེ་རྙེད་པར་མ་གྱུར་ན།། མཁའ་མེས་མགོས་ལ་ཟླ་བ་བྱ།། དེ་ཡིས་ལྷག་མ་ཞིག་ཏུ་འགྱུར།། དགན་ལྔ་སོགས་རང་གི་ལོ།། དགུ ་རེ་ལ་འགྲོ་ལྡོག་ངེས།། ཆ་ཤས་ཕྱི་མུ་རྒྱུས་པའོ།། ཆ་ཤས་རེ་རེ་དྲུག་ཆ་རེ།། ཕྲི་བས་བརྟན་པའང་དྲུག་ཆ་འབྲི།། དེ་ནི་རྩིས་ཀྱི་གཞི་མུ་ཡིན།། བསྒྱུར་དང་འགོང་བྱེད་མཚུངས་པར་ལྡན།། དེ་ལྔར་ཟླ་ཀླུ་རྣམ ་བནི་ཤེས།། གཞན་ཡང་ཚེ་ཡི་སྣརོན་འབྲིང་དང་།། བ་ཞིང་གི་སྐྱོང་བའི་ཚི་ག་རྣམས།། ཁོང་དུ་ཆུད་ནས་སྟོན་པར་གྱིས།། རྡོ་རྗེའི་ཚིག་འབྱེད་ལྡེ་མིག་འདི།། ཇི་སྐད་མཁྱེན་པས་བསྒྱུར་བའོ།། ཚེ་འབྲས་ཀྱི་རྩིས་གསོལ ་བར་བྱེད་པ་མ་ན་པུ་རུ་ཤས་མཛད་པ། དྷཱིན་ཀི་ར་ཀོ་ཊའི་བྲམ་ཟེ་ལག་མི་ཏི་དང་། ན་མཁའ་རྡོ་རྗེས་བསྒྱུར་བའོ།། ། རྒྱ་གར་སྐར་དུ། སྔ་རང་ཡས་བི་རྦཱ་སཾ་གྲཧ། བོད་སྐད་དུ། དབྱངས ་