| Wylie | e-texts produced with BDRC’s OCR application |
ཐུབ་པ་ཆེན་པོ་དྲང་སྲོང་གརྒས་ལྷས་ཀྱི་རྣམ་པ་བསྟན་པ་ཞེས་བྱ་བའི་གཙུག་ལག། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། གཟའ་སྐར་རིག་པའི་ཕ་རོལ་ཕྱིན།། ཐུབ་པའི་ཚོགས་མཆོག་གརྒ་ལ། ་བྷ་གུས་རིས་ཕྱག་འཚལ་ཏེ། ཐལ་མོ་སྦྱར་ནས་ཡོངས་སུ་ཞུས། ལྷ་ཡཱི་མྲིག་ལྡན་དཀའ་ཐུབ་ཆེ། སྐལ་ལྡན་རྒྱ་མཚོ་ཆེ་ལྟ་བུ། ཤེས་རབ་མཆོག་གིས་རབ་གཏོགས་པའི།། རིག་པ་དྲི་ནི་འཐོབ་པར་འཚལ།། ཡུལ་གྱི ་དངོས་དང་དངོས་མེད་དང་། བསྟན་དང་འབྲས་བུ་གྲུབ་པ་དང་།། མི་རྣམས་ཀྱི་ནི་ཕ་མེ་རྒྱལ་དང་།། སྤྲིན་གྱི་ཁ་དོགེ་གཟུགས་རྣམས་དང་། དེ་བཞིན་ཉི་མ་ཟླ་བ་དང་། ལྷ་ཡུལ་བར་སྣང་ས་ཡཱི་བླ།། ལྟ་སུ་བྱུང་བའི་མཚན་མ་དང ་འཕྲལ་གྱི་ཆར་པའི་མཚན་མ་དང་། དུས་མཚན་མ་ཆགས་དང་དགེ་མི་དགེ། ཉི་ཟླ་དག་གི་ཉེ་འཁོར་ན། སྐར་མདའ་ལྟུང་དང་གནམ་གྲུམས་དང་།། དྲི་ཟ་ཡི་ནི་གྲོང་ཁྱེར་དང་། ས་གཱི་ཡོ་བ་ཡི་འབྲས་བུ་དང་། ཉི་མའི་གཟུགས ་ནི་འཁྱིམ་པ་དང་། དེ་བཞིན་ཟླ་བ་འཁྱིམས་བརྗོད་པ།། དེ་དག་ཐམས་ཅད་མ་ལུས་པར།། དཀའ་ཐུབ་པར་གྲུབ་པས་གསུང་བར་འོས།། དེ་སྐད་དྲིས་ནས་གཟི་ཆེན་པོ།། གརྒ་ཡིས་ནི་ཚིག་སྨྲས་པ།། བྷ་གུ་རིས་ནི་གང་དྲིས་པོའོ།། ་དེ་ཉིད་ཉོན་ཅིག་སྐལ་བར་ཅན།། མར་མེ་ལྟ་བུ་གཙུག་ལག་འདི། དགོས་པ་ཐམས་ཅད་རིག་བྱེད་པ། གྲགས་དང་གསལ་དང་། རྣམ་གསལ་དང་། བདེ་སྡུག་ངེས་པར་རྟོག་བྱེད་པ།། བྲམ་ཟེ་གཙེ་དང་རྒྱལ་པོ་ལ།། དྲང་སྲོང ་མཆོག་གིས་བསྟན་པར་བྱ།། ཉི་མ་དང་ཟླ་བའི་ལྟས་ལ་ལེགས་ལྡན་གང་གི་ཚེ་ཉི་མ་ཨུཏྤ་ལ་སྔོན་པོ་ལྔ་བུའི་འོད་ཅན།། རེག་པ་ན་གཟི་བྱིན་དུ་རྣོ་བ་ཙནྡ། ཟླ་བ་ལྟར་བསིལ་བ་ཅན་ན་མཁའི་དཀྱིལ་དུ་སོང ་ལ་སྣང་བ་དེའི་ཚེ་ནི་རྒྱལ་པོའིམཐ་འགྱུརརོ།། གང་གི་ཚེ་ཉི་མ་འཆར་བ་དང་ནུབ་པ་ཁ~ཾ་ནའི་ཚེ་འཁོར་ལོ་བཞིན་དུ་འཁོར་བར་གྱུར་པ་དེའི་ཚེ་ནི་གདོན་མ་ཟ་བར་རྒྱལ་པོ་འཆི་བར་འོང་ལ། ཕ་རོལ་གྱི་དམིག་ཚོགས་རྣམས་ཀྱང་འོང་ཞིང་། ཡུལ་རྣམས ་ཀླུང་འཁྲུག་པར་ཡདྨ་འགྱུར་ཏེ། དེའི་ཚེ་ཡུལཱ་ནི་དགོན་པ་བཞིན་དུ་རིགས་ཀྱིས་གངས་པར་འགྱུ་རོ།། ཡིད་གང་དག་ཉི་མ་གཟུས་ཟིན་པ་ཡང་མེད་པོར་འོད་མེད་པར་འགྱུར་བ་དེ་ནི་དེའི་ཚེ་རྒྱུ་ལྔ་པོ་དག་གི་ནང་ན་རྟག་ཏུ་ཆེ་བར་འགྱུརརོ།། ཡང་གཱང ་གཽ་མ་གཟས་ཟིན་པར་ན་མཁའ་ལ་ཕྱེད་དུ་སྣང་ངམ། ཉི་མོ་ཉིད་ན་མཁའ་ལ་གླཡོ་བར་གྱུར་ཏམ། ཁ་དོག་བྷ་དང་སྐྱ་བོར་གྱུ་རཱན་དེའི་ཚེ་རྒྱལྔ་པོ་ཡང་འཆི་ཞིང་།། སྐྱེ་བོ་འཆི་བའི་ལོ་ཉེས་པ་8། ཆོམ་རྐུན་རྣམ་ཀྱི་མཐུར་གྱུར་པའི ་ཡང་ན་དབང་པོ་སྣ་ཚར་མི་འབེབས་པར་འགྱུར་རོ།། ཡིང་དུས་མཚམས་མ་ཡིན་པར་ཉི་མ་དང་ཟླ་བ་གཟས་ཟིན་པར་གྱུར་ན་དེའི་ཚེ་མི་དགེ་མཚུན་གྱིས་འདེབས། དེ་བཞིན་དུ་ནང་དང་འཐབ་པ་དག་གིས་འཆི་བར་ཡིད་འགྱུར། རྒྱལ ་པོ་ཡང་འི་ཚ་བར་ཞིང་མུ་གེ་དང་མིངས་དག་གིས་ཚེགས་ཆེན་པོར་འགྱུར་རོ།། མི་རྣམས་ཀྱང་ཉེ་དུ་ཕུ་ནུ་དག་དང་མི་མཐུན་ཞིང་འཐབ་པར་འགྱུར་རོ།། མིའི་བུ་རྣམས་མངལ་དུ་ཡང་འཆི་བར་འགྱུར་རོ།། ཡང་ཉི་མ་འོད་ཟེར་དང་བྲལ་ཞིང་མེ་ལོང་ལྟོ་བུར ་སྨྱུང་ན་དེ་ཡང་ངེས་པར་རྒྱལ་པོ་འཇིགས་པར་རླིག་པུར་བྱའོ།། ཡང་ན་ཉི་མ་ནམ་མཁའ་ལ་ཁྲག་གི་འོད་ལྟ་བུར་སྣང་ན། དེའི་ཚེ་རྒྱལ་པོ་རྣམས་དང་། དེ་ལྔ་བརྟེན་པ་རྣམས་དང་། ཡུལ་རྣམས་དང་དེ་བཞིན་དབང་པོ་རྣམས་ཕན་ཚུན་དུ་གསོད་པར་འགྱུར ་དེའི་ཆུ་སྐྱེ་བོ་ཐམས་ཅད་ཆོས་དང་མི་མཐུན་པར་ཕྱིན་ཅི་ལྡོག་སྤྱོད་པའི་ལྷས་ཡིན་ནོ།། གང་གི་ཚེ་ཉི་མ་འཆར་བུ་ནི་གཞུ་ལྟར་རབ་ཏུ་དགུ་པར་སྣང་ཞིང་སྤྲིནྡ་དམར་དག་གིས་ཁེབས་ན། དེའི་ཚེ་ཕ་རོལ་གྱི་དམགས་ཚོགས་དྲུག་འོང་བར་འགྱུར་རོ་རོ།། ་གང་གི་ཚེ་ཉི་མ་འཆར་བར་ནཱ་གཉི་བརྙན་དག་སྟོང་པ་དེའི་ཚེ་ནྡོ་འཇིགས་པ་ཆེན་པོ་འོང་བར་སྟོན་ཏོ།། གང་གི་ཚེ་ཉི་མ་འཆར་བ་དང་ནུབ་པ་ཁྲི་ནའི་ཚེ་ཉི་མ་མགོ་བཅད་པ་ལྟ་བུའི་སྤྲིན་གྱིས་ཁེ་བསྡུ་པའི་ཚེ་ན་ཡུལ་དུ་འཇིགས་པ་ཆེན་པོ་འབྱུང ་བར་རིག་པར་བྱའོ།། ཡང་ཉི་མ་འཆར་བ་དང་ནུབ་པ་ཁོ་ནིའི་ཚེ་ཉི་མ་འཁྱིམ་པ་དང་། སྐྲའི་མདའ་ལྷུང་བ་དང་། ས་གཡོ་བར་གྱུར་པ་དེའི་ཚེ་ནི་རྒྱལ་པོ་གསོད་པར་འགྱུ་རོ།། ལིང་གལ་ཏེ་ཉི་མའི་གཟུ་གས་བུ་གུཾ་ཅནྡ་དང་། བུམ་བུ་ད ་ཁྲག་ལྟ་བུའི་མདོག་དང་། ཉི་མ་ཕྱེད་དུ་གས་པར་སྣང་ན་མིའི་བདག་པོ་མཐའ་དག་འཆ་བ་དང་། ནད་དང་མུ་གེ་དྲུང་ལྡན་པས་སྐྱེ་བོ་བས་པའི་དུས་སུ་འགྱུར་རོ།། གླང་གི་ཚེ་ཉི་མ་དང་ཟླ་བ་དག་འཁྱིམས་པ་ཤིང་དཀྱིལ་འཁོར་ཐ་དད་དུ ་ཆད་ལ་རྩུབ་པར་འགྱུར་བ་དེའི་ཚེ་ནི་ཐེ་ཚོ་མེད་པར་རིམིགས་འབྱུང་བར་འགྱུར་རོ།། གང་དུ་ཉི་མ་དང་ཟླ་བ་དག་ཁྱིམ་པ་དང་། དཀྱིལ་འཁོར་མཐའ་དག་མ་ཡིན་པ་དང་། རྩུབ་ཞིང་རྣམ་པར་ཞིག་པ་དང་། ཉམས་པར་གྱུར་པ་དེའི་ཚེ། ་ཆར་པ་མེད་པར་འགྱུར་ཞིང་། མུ་གེ་དང་མི་ངས་དག་འབྱུང་བར་རིག་པར་བྱའོ།། གང་དུ་ཉི་མ་དང་ཟླ་བ་དགུ་རྨྱ་བྱའི་མགྲིན་པ་ལྟ་བུར་འཁྱིམས་པར་གྱུར་པ་དེའི་ཚེ་ནི་དྲིས་པར་མུ་གེ་བྱུང་བར་སྟོན་ཏོ།། ཉི་མ་སྤྲིན་གྱི ་ཁ་ལྟ་བུ་དང་། འཇའ་འདྲ་བ་དང་། དཀྱིལ་འཁོར་ཆུང་བར་གྱུར་པ་དེའི་ཚེ་འཕྲལ་དུ་ཆར་པཱ་འུབབ་པར་འགྱུར་རོ།། གང་གི་ཚེ་ཉི་མ་ཟླ་བ་གཟའི་རྣམས་གསུམ་འགལ་བར་གྱུར་པ་ནི་ཞག་གསུམ་ཚུན་ཆད་ཆར་འབབ་པ་དང་། ་ཟླ་བ་གསུམ་ཚུན་ཆུད་ཀྱིས་འཇིག་པ་ཆེན་པོ་བདུན་དུ་འབྱུང་བ་ར་རིགས་པར་བྱའོ།། གང་གི་ཚེ་ཟླ་བཱའི་ཟུཪྻ་ན་ཟླ་བརྙན་དག་སྣང་བར་གྱུར་ན་ཞག་གསུམ་ཚུན་ཆད་ཆར་འབབ་པ་དང་། ཟླ་བ་གཅིག་ནུ་འཇིགས་པ་ཆེན་པོ་འབྱུང ་བར་སྟོན་ཏོ།། གང་གི་ཚེ་ཟླ་བ་འཁྱིམས་ཞིང་ནང་དུ་ནུབ་པར་རབ་ཏུ་སྣང་ལ་གཟོའ་རྣམས་ཀྱིས་ཀྱང་ཟིལ་གྱིས་གནོན་པར་གྱུར་ཅིང་། དེ་བཞིན་དུ་སྣང་བ་ཆུང་བར་གྱུར་པ་དེའི་ཚེ་ནི་དམུག་དཔོན་རྣམས་འཆི་བར་འགྱུར་ལ། དེ་བཞི་ན ་དུ་ཡུལ་ཡང་ལོ་ཉེས་དང་མུ་གེ་དང་། མི་དྲས་དག་ཀྱང་འབྱུང་། རྒྱལ་པོ་ཡང་འཆི་བར་འགྱུར་བ་དང་། ཆོམ་རྐུན་པ་དག་ཀྱང་རྒྱུགས་པར་འགྱུར་བའི་ལྷ་སུ་སྟ་ན་ཏོ།། སྡང་ཟླ་བའི་གཟུགས་ཁྱིམ་པ་ན་གཟའ་རྣམས་ཕན་ཚུན ་དུའིཐོར་ཞིང་ཞུམ་པར་ཡང་གྱུར་པ་དེར་མི་ལུས་ཅན་རྣམས་ཤིན་ཏུ་དམན་པར་འགྱུར་བར་སྟན་ཏོ།། གང་གི་ཟླ་བ་ཁྲག་གི་མདོག་ལྟ་བུའི་ཁ་དོག་ཏུ་གྱུར་པ་དེའི་ཚེ་ནི་དམག་ཁྲག་གི་འདམི་རྫབ་ཅན་འབྱུང་བར་འགྱུརརོ།། ་ཉི་ཟླའི་ལྷས་བསྟན་པའི་ལེའུ་སྐྱེ་དང་པོའོ།། ། གཟའ་སྐར་གྱི་ལྟས་ལ་དྲང་སྲོང་ཆེན་པོ་གརྒ་ལ་ལེག་ལྡན་ཕྱོགས་ཀྱི་སྐྱོང་བ་དག་ཇི་ལྟར་གནས་པ་དང་། གཟའ་དང་རྒྱུ་སྐར་དག་གི་ཆེ་ཆུང་དང ་ཇི་ལྟར་རྒྱུབ་དང་དེ་སྐར་མ་དག་གང་གིས་འབྲུང་གླིང་ཇི་ལྟར་ལྟུང་བ་དང་རྣས་བྱར་རྒྱུ་བ་དྲུག་སྐྱེས་བླདམ་པ་ཙཱུངས་བྷཱ་ལླཱ་བྷཱུཥྚ་མྱེ་གྭཊྚ་གྷུཪྻ་ཙུན་བྷི་སྐྱེ་བ་དགུ་ལ་བསྐྲུན་དུ་གསོ་པ་ཞེས་མོངས་པ་ཅན་མི་ཡིན་པའི་སྒོག ་སྱཱདྡྷི་གུ་རིས་ཀུན་དུ་དྲིས་པྲཱ་དང་། རིགཔའི་གནས་ཐརྣམས་ཅད་ཀྱི་ཕྱི་རོལ་ཏུ་ཕྱིན་པས་བཤད་པ། ཕྱོགས་སྐྱོང་དག་ནི་བཞི་སྟེ་རང་གི་ཕྱོགས་ལ་ཡང་དག་པར་བརྟེན་པ་དག་གྲོ། གཟའ་དང་རྒྱུ་སྐར་ཐམས་ཅད ་མྱི་ན་སྡེ་བདུན་དག་གནས་ཤིང་། དེ་དྲུག་གི་འོག་ནས་ནི་སྦྱིན་དག་གནྡྷ་སོ།། ཀཽ་མིའི་དེ་ཀྱི་འཁོར་ནི་དཔག་རྒྱུད་བརྒྱད་ཀྱི་དུ་བརྗོད།། ཟླབཱ་ནི་བཅུ་དྲུག་ཏུ་བརྗོད།། སྒྲ་གཅན་འཛིན་ནཱི་ཉྫིས་འགྱུར།། སྣར་མ་དང་རྨི ་ང། མ། ག ་བྲོག་ཆེད་གཉིས་གཉིས་སོ།། དེ་བཞིན་དུ་སྐར་མེ་ཕྲ་མོ་གཞན་དག་གི་ཚད་དུ་རྒྱང་གྲག་ཙམ་འོ།། དེ་ཙམ་གྱིའི་གྲངས་ནི་དུང་ཕྱུར་ཕྲན་གས་དང་། བྱེ་བ་ཕྲག་བརྒྱད་དང་། སེ་ས་ཕྲག་ལྔར་བཤད་དོ། ་རྒྱུ་སྐར་གྱི་དཀྱིལ་འཁོར་ལ་གནས་པ་ཡིན་ནོ།། རྒྱུ་སྐར་མེ་བཞི་དང་། ནག་པ་དང་། ས་རི་དང་། ལག་དང་། དེ་བཞིན་དུ་མགོ་དང་ནབ་སོ་དང་། དབོ་རྣམས་ནི་རླུང་གི་དཀྱིལ་འཁོར་ཡིན་ཏེ། ་དེ་དག་དབང་བའི་དུས་སུ་གལ་ཏེ། ས་གཡོ་བ་དང་། སེར་བ་བབ་པ་དང་། དྷཱུ་གཅན་འཛིན་མཐོང་བར་གྱུར་པ་དང་། སྐར་མངའ་དང་། སེར་བ་མི་བཟད་པ་འབབ་པར་གྱུར་ན། དེའི་ཚེ་ནི་རླུང་གི་ཚར་མི་བཟང་བ་འབབ་པ་དང་། ་དེའི་ཚེ་རླུང་དམར་མ་རེངས་པ་ལྡང་ཞིང་། ཁང་བཟང་དང་། བ་གམ་དང་། སྐྱེ་ཤིང་དྲུང་། ཁང་པ་རྣམས་འགྱེལ་བར་བྱེད། མཚོ་ཆེན་པོ་དང་། འབབ་ཆུ་དང་། རྫིང་དང་། ཁྲོན་པ་རྣམས་ནི་ཆུ་ཡང་སྐེ་མ་ང་བྱེད་པ་སྟེ། ད་ལྟར་སྔོན་གྱི་རིག ་པས་རླུ་ང་ལྔས་གྱུར་པའི་བྱེ་བྲག་དུ་བརྗོད་པ་ཡིན།། གལ་ཏེ་དེ་དག་ཉེ་བར་ཞི་བའི་རྒྱུ་ཞག་བདུན་ཚུན་ཆུང་ཚོར་པ་འབབ་པར་གྱུར་ན་རླུང་འཁྲུག་པ་ལས་འབྱུང་བའི་གནོད་པ་གཞན་དྲུག་ཀྱང་འབྱུང་བར་འགྱུར་ཏེ། ཡུལ་མེ་རུ་དང ་ཡུལ་བ་ལི་ཀ་དང་། ཡུལཙ་དང་། ཡུལ་ཀཱཾ་པྲོ་ཙེ་དང་། ཡུལ་བར་བར་དང་། ཡུལ་སྤོས་འཛིན་དང་བཅས་པ་དག་ཏུ་ཡང་འིཁྲུག་པཱ་ཅིང་ཕན་ཚུནཱ་མི་མཐུན་པ་དང་། དེ་བཞིན་དུ་ནང་དག་གིས་ཟིན་པའི་སྒྲ་མཱཾ་སྙན་པོ་དང་། ་ལུས་འཕགས་དག་ཀྱང་ཉེན་པར་འགྱུར་ཏེ། མཚོན་གྱིས་ཐེབས་པ་དག་ཀྱང་འབྱུང་། རྒྱལ་པོ་རྣམས་ལ་ཡང་དམག་འདྲེན་པར་འགྱུར་ཞིང་། དེ་བཞིན་དུ་མིའི་མངལ་ཡང་འགག་པ་དང་། ས་ཡང་འབྲས་བུ་མི་སྐྱེ་བ་དང ་ཤིང་རྟོག་དང་། འབྲས་བུའི་ཤིང་དག་ཀྱང་ངན་ཅིང་ཉུང་བ་དང་། དབང་པོས་ཀྱང་ཆར་ཆེན་པོ་མི་འབབ་པ་དང་། ཕྱོགས་ཐམས་ཅད་ཀྱི་སའི་མདངས་ཀྱང་སྔོ་ནག་ཏུ་འགྱུར་ཞིང་མི་གསལ་བ་དང་། རྩུབ་པ་དང་སྣང་བ་དང་། བ་ལང་དང་། ་ར་ལུག་དང་། བྱ་དང་རི་དགས་ཀྱང་འཇིག་པ་མེད་པར་ཡང་སྐྲག་ཅིང་འདྲོག་པ་དང་། ཕྱོགས་བསླད་ཅིང་ཕན་ཚུན་ཐོབ་པར་འགྱུར་རོ།། ཡང་རྒྱུ་སྐར་སཾ་གྲེ་དང་། སྨིན་དྲུག་དང་། རྒྱལ་དང་། ཁྲུམས་སློང་དང་། བྷ་གཱའི་ལྷ་གང་ཡིན ་པ་འོདི་དང་། མཆུ་དང་། གཤིན་རྗེའི་ལྷ་གང་ཡིན་པ་འདི་དག་དབང་པོའི་དུས་སུ་གཡོས་པ་འམ། གནམ་གྲུམ་པ་བྱུང་བར་གྱུར་ན་མེའི་ཕྱོགས་ཀྱི་དཀྱིལ་འཁོར་ལ་བབ་པའི་ཤུགས་ཀྱི་གནོད་པ་འབྱུང་བར་རིག་པར་བྱ་སྟེ། ་འཁྲིག་པའི་རིགས་པས་གྱུར་པའི་གནོང་པས་སྐྱེ་དགུ་ཤིན་ཏུ་གཟིར་བ་དང་། བུད་མེད་རྣམས་ལ་ཁྲག་ནད་འབྱུང་བ་དང་། བ་དང་མ་ཧེ་ཞོ་སྐོམས་པ་དང་། བསོད་ནམས་བྱ་བར་བསམས་ཤིང་བསེམ་ཐམས་ཅད་ཀྱང ་གྲུབ་པར་མི་འགྱུར་ལ། སེམས་ཅན་རྣམས་ལ་ཡམས་ཀྱི་ནད་འབྱུང་བ་དང་། དྲི་བཞིན་དུ་ནད་འབྱུང་བ་དང་། རྒྱལ་པོ་ལས་ཀྱང་གྱུར་པ་འབྱུང་བ་དང་། སྐྱེ་དགུ་རྣམས་ཀྱང་ཕན་ཚུན་དགའ་བ་དག་བྱེད་ནས་མི་མཐུན་པར་ཡང ་རིག་བྱང་ནས་འགྱུར་ཞིང་ཉིན་མཚན་དུ་ཕྱོགས་རྣམ་སུ་གནས་མི་ཞི་བར་ཡང་མི་འགྱུར། སྤྲིན་ཡང་ཆར་བ་འབེབས་པར་མི་འགྱུར། དེ་བཞིན་དུ་འདོད་འཇོ་དག་ཀྱང་འོ་མ་མེད་པར་འགྱུར་བ་དང་། ཤིང་ལྗོན་པ་འམ ་རིགས་དང་། ལྕུག་མ་དག་ཀྱང་མེ་ཏོག་དང་། འབྲས་བུ་ཉུང་བ་དང་། ཆུའི་གནས་ཁྲོན་པ་དང་། རྫིང་དང་ལྟེང་ཀ་ལ་སོགས་པ་ཡང་སྐམ་པར་འགྱུར་ཞིང་། མུ་གེ་དང་ནད་ཀྱི་ཉེན་པ་འབྱུང་བ་དང་། ཆོམ་རྐུན་གྱི ་འཇིག་རྟེན་རྣམས་ཀྱི་མཐུ་དང་། རི་དགས་རྣམས་ཀྱང་འདྲེན་པར་འགྱུར། ཤཱ་སྦྲང་དང་། སྦྲང་བུ་མཆུ་རིང་རྣམས་དང་། དེ་བཞིན་རིག་ངན་གྱི་རིགས་དག་ཀྱང་འཕེལ་བར་འགྱུར་ཏེ། དེ་ལྟར་མེའི་ཕྱོགས་ཀྱི་དཀྱིལ་འཁོར་དུ་ཆོས ་ལུགས་དེ་རྣམས་འབྱུང་བར་ཤེས་པར་བྱའོ།། ཁྲུམས་སྨད་དང་། ཆུ་ལྷ་དང་། དེ་བཞིན་དུ་ནམ་གྲུ་དང་། བདེན་བྲལ་གྱི་ལྷ་དང་། ཀག་དང་དེ་བཞིན་དུ་ལག་ནི་ཆུའི་དཀྱིལ་འཁོར་ཡིན་ཏེ། དེ་ནི་བསྟན་བཅོས་རིག་པ་རྣམས་ཀྱིས ་བརྗོད་པ་ཡི་ནོ།། གྲལ་ཏེ་འདིར་ས་གཡོ་བ་དང་གནམ་གྲུམ་པ་བྱུང་བ་དང་། ཉི་མ་དང་ཟླ་བ་ཡང་ཉེ་བའི་ཆགས་པ་དང་ལྡན་པ་དང་། འཇུག་རིས་དང་། དེ་བཞིན་དུ་ལྷ་སུ་འབྱུང་བ་གཞན་མཐོང་བར་གྱུར་ན། ཆུ་ལྷ་དེའི་དེ་ནི་སྐྱེ་རྒུ་རྣམས། ་ལ་དགེ་བའི་རྒྱུ་ཡིན་པར་རྣམ་པར་རིག་པར་བྱ་སྟེ། དེར་ལོ་ལེགས་པ་དང་། པ་འོ་མ་མང་བ་ཉིད་དུ་ཡང་ཤེས་པར་བྱའོ།། བུད་མེད་དག་ཀྱང་དུས་ཆང་ནས། ཚོར་བ་མེད་པར་བདེ་བར་བཙའ་བར་འགྱུརརོ།། ས་བོན་ཇི་ལྟར་བཏབ ་བ་བཞིན་དུ་གྲུ་བ་ནས་ས་ཡང་ལོ་ཏོག་གི་ཕྲེ་ངོ་བ་ཅན་དུ་འགྱུར་ཞིང་། རྒྱལ་པོ་རིགས་པའི་ལམ་གྱི་རྗེསུ་འབྲང་པོ་དག་ཀྱང་མི་དགེ་བར་མེད་པར་འགྱུར་རོ།། བད་བ་དང་། ལ་ལགས་པ་དང་། ནད་མེད་པ་དང་། སྐྱ་རྒུ་རྣམ ་བྲམ་ཟེ་ལ་སོགས་པའི་རིགས་བཞི་པོ་ཡང་རང་གི་ལས་རྣམལ་གརྣབ་འགྱུར། སྐྱེད་ཀྱི་འཚོ་ཐམས་ཅད་ཀྱིས་ཀྱང་རྙེད་པའི་མཆོག་རྙེད་པར་འགྱུར་ཞིང་། ས་ལ་སྐྱེ་བ་རྣམས་ཀྱང་འབྲས་བུ་དང་། མེ་ཏོག་དང་འདམ་མ་དང་ལྡན་ཞིང་འཕེལ ་བར་འགྱུར་བ་དང་། འདྲེ་བ་དང་། ལོ་ལེགས་པ་དང་། ནཱད་མེད་པ་དང་། སྐྱེ་རྒུ་རྣམས་ལ་དགེ་བར་ཡང་འགྱུརརོ།། མོ་གྲུ་དང་། སྣར་མ་དང་། སྣརོན་དང་། དེ་བཞིན་དུ་ལྷ་མཚམས་དང་། བྱི་ཞིན་དང་། གྲོ་བཞིན་དང་། དེ་བཞིན ་དུ་གཞན་ཡང་ཆུ་སྨད་ནི་དབང་པོ་ཆེན་པོའི་ཕྱོགས་ཀྱི་དཀྱིལ་འཁོར་དུ་རིག་པར་བྱ་སྟེ། ཐམས་ཅད་ལ་ཤིན་ཏུ་ཕན་པའི་རྒྱུ་ཡིན་ཞིང་སྐྱེ་རྒུ་རྣམས་ལ་བདེ་བ་དང་། ནད་མེད་པ་དང་། རྒྱལ་པོ་རྣམས་ལ་དགེ་བ་རབ་ཏུ་སྦྱིན་པར་བྱེད ་པ་ཡིན་ནོ།། གལ་ཏེ་འདིར་ས་གཡོ་བ་དང་། དེ་བཞིན་དུ་གནམ་གྲུམ་པ་ལ་སོགསྔོ་པ་བྱུང་བ་དང་། ཉི་མ་དང་ཟླ་བ་ཉེ་བའི་ཚེ་གས་པ་ཅན་དུ་གྱུར་པ་དང་། མཇུག་རིངས་མཐོང་བར་གྱུར་པ་དང་། གཞན་ཡང་གོ་བུར་ཏུ ་བྱུང་བ་གཞན་ཇི་ལྟར་འབྱུང་བ་ཡང་དེར་ནཱི་བསྟན་ཆོས་རིག་པའི་ཐུབ་པ་རྣམས་ཀྱིས་མི་དགེ་བ་མེད་པར་བསྟན་ཏེ། ལོ་ཏོག་དག་ཤིན་ཏུ་ཕུན་སུམ་ཚོགས་པ་དང་། ལོ་ལེགས་པ་དང་། ཆོམ་རྐུན་མེད་པ་དང་། བྲམ་ཟེ ་རྣམས་ཀྱི་སྤྱན་སྲེག་དེ་ང་། མཆོད་སྦྱིན་གྱི་བྱ་བ་ཐམས་ཅད་འགྲུབ་པར་འགྱུར་ཞིང་། རིག་པར་བྱེད་པའི་རྒྱལ་པོ་ཐམས་ཅད་ཀྱང་ས་སྲུང་བར་བྱེད་པར་འགྱུར་བ་དང་། རིགས་ཀྱང་རང་གི་ཆོས་ལ་གཞོལ་ཞིང་། སེམས ་ཆོས་ལ་མངོན་པར་དགའ་བྲུ་དང་། དུས་ཇི་ལྟ་བ་བཞིན་དུ་ཆར་ཆུ་འབབ་པ་དང་། ཤིང་རྣམས་མེ་ཏོག་དང་། འབྲས་བུ་སྨིན་པར་བྱེད་པ་དང་། སྐྱེ་བོ་མཐའ་དག་རབ་ཏུ་དགའ་བ་དང་། ལྷག་པ་རྣམས་ཕན་ཚུན ་དགའ་བར་འགྱུར་ཞིང་། སྤྲིན་རྣམས་དོན་མེད་པར་མ་ཡིན་ཏེ། སོ་གཞི་ཆར་པ་ལེ་གྲོས་པར་འབབ་པར་འགྱུར་བ་དྲང་། མི་རྣམས་ཀྱི་བྱ་བ་ཇི་ལྟར་བརྩམས་པ་རྣམས་ཀྱོང་ཕལ་ཆེར་འགྲུབ་པར་འགྱུར་ཞིང་། ལུས་ཅན་རྣམས་ལ ་ཡང་གནོད་པ་བྱེད་པ་བྱ་བྱེ་རྣམས་དང་། གྲོག་སྦུར་རྣམས་དང་། སྦྲུལ་དང་། བྱི་བ་ལ་སོགས་པ་དང་། དེ་བཞིན་དུ་ཡམས་ཀྱི་ནད་རྣམས་དང་། བ་ལ་སོགས་པ་རྣམས་ཀྱང་ཡང་དག་པར་འཇིག་པར་འགྱུར་རོ།། རྣམ་པ ་གཞན་དུ་ན་དབང་པོ་ཆེན་པོའི་དཀྱིལ་འཁོར་དབང་བར་གྱུར་ན་ཆུ་དང་མེ་དང་། རླུང་ལྔས་གྱུར་པ་བདེ་ཀན་དང་། མགྲི་སྲྀ་ཝཾ་གྷ་མཱི་པ་ཀྵ་རྡྷ་དང་། དེ་བཞི་ན་ལྔ་བྱུང་བནྟ་ལྱཱདྷེ། དེ་དུག་ནི་གཞན་དུ་མ་ཡིནོ་ཞེས་བྱ་བསྟན་ཏོ།། གཟའ་རྣམས་ཀྱི ་ལྕེའུ་སྟེ་གཉིས་པའོ།། །། སྒྱུརརྱ་མདུའི་ལྟས་ལ་སྦྱར་མདའ་འདྲི་དག་ནི་དེ་དག་གྲི་མཚན་མ་བསྟན་པཱ་སྟེ། འཇིག་རྟེན་དག་ལ་རྟག་སྟོན་པར་བྱེད་པའོ།། དེ་དག་གང་གི་ཚེ། དབང་པོ་རྣམས་དེང་ཆུ་ལྷ་དང་། རླུང་ལྷ་དང་། ་མེའི་ཕྱོགས་ཀྱི་གཞན་དག་ནི་ཁ་དོག་སྣ་ཚོགས་ཤིང་གཟུགས་འཇིགས་པ་དང་། མེ་སྟག་དང་བཅས་ཤིང་འོད་དང་བཅས་པ་དང་། སོལ་བ་འབར་པོ་ལྟར་སྣང་བ་སྟེ། ན་མཁའི་ངོས་ལས་ཆར་དུ་འབྱུང་བར་འགྱུརརོ།། གཤིན ་རྗེའི་ཕྱོགས་ཀྱི་སྐར་མདའ་གནས་པ་དང་། དམར་པོ་རེང་རིང་པོ་དང་། རྩུབ་པ་འཇིགས་པར་བྱེད་པ་སྟེ། མིའི་རྒྱལ་པོ་རྣམས་དང་ཡུལ་རྣམས་ལ་འཇིག་པ་མནྡོ་འབྱུང་བར་བརྗོད་པ་ཡིན།། དེ་བཞིན་དུ་བར་སྣང་ལ་འདུག་པ་དང་། རི་དང ་རྒྱ་མཚོ་ལ་འདུག་པ་ཡང་ཡིནོ།། གང་དུ་ལྷ་ཡུལ་དང་། ས་སྟེང་དུ་ལྕོང་ཞིང་བཟློག། ཕྱོགསུ་འགྲོ་བར་གྱུར་ན་ཡུལ་དེར་ཞི་བ་མ་ཡིན་པར་འགྱུརརོ།། རྒྱུན་ཕྱོགསུ་ནི་རྟག་ཏུ་ཞི་བར་འགྱུར། དེ་བཞིན་དུ་དེ་དགེ་ནི་འཇིག་རྟེན ་ཐམས་ཅད་དུ་རྒྱུ་བ་དང་། གཟུགསོ་འདོད་པ་འཛིན་པ་དག་ཡིན།། གནོད་པར་གྱུར་པའི་ཡུལ་དག་ཏུ་དམིགས་འགྱེད་དུ་འཇུག་པར་ཡོད་བྱེང་པར་འགྱུར་རོ།། དེའི་འོག་ཏུ་རང་བཞི་ནེ་གྱི་དམག་ཁོ་ནས ་འཇོག་རྟེན་རྣམས་འཆི་བར་བྱེད་པར་འགྱུར་རོ།། དེ་དག་ལྷུང་བ་དགུ་རྗེས་སུ་མཚན་ཉིད་ཡང་དག་པར་རིབ་ཏུ་བརྗོད་པར་བྱ་སྟེ། དཀར་པོ་འགྲོ་ཞིང་མེ་སྟགྶ་དང་བཅས་པ་ནི་བྲམ་ཟེ་རྣམས་ལ་འཇིག་པ་འདྲེན ་པ་ཡིན།། དེ་བཞིན་དུ་དམར་པོ་རྣམས་ནི་རྒྱལ་རིགས་རྣམ་ལའོ།། སེར་པོ་ནི་རྗེའུ་རིགས་ལའོ།། ནག་པོ་དང་སྟུ་སངས་ནི་དམོངས་རིགས་རྣམས་ལ་སྟེ་ཤིན་ཏུ་འཇིགས་པ་འབྱུང་བར་བྲེདྷོ་།། དེ་བཞིན་དུ་སྐྱེར་མདའ ་བསྔོ་བསངས་དང་། རྩུབ་པ་དང་། འགྲུམ་པ་དང་། དཀར་པོ་དང་། སེར་པོ་དང་། ཁ་དོག་རྣམ་པ་སྣ་ཚོགས་དང་། མེ་སྟགས་བཅས་པ་དང་། དུ་བ་ཐུལ་བ་དག་ཏུ་ལྟུང་བ་དེར་ནི་རྒྱལ་པོ་ལ་གནོད་པར ་འགྱུར་རོ།། གང་དུ་ལ་ལྔར་ཕག་དང་། སྤྲེའུ་དང་། ཝ་ལྟར་བཅོས་པ་དང་། རི་དྭགས་དང་། བོང་བུའི་གཟུགས་ལྟ་བུའི་འོད་ཅན་གྱི་སྐར་མངའ་ལྟུང་བ་དེར་ནི་རྒྱལ་པོ་དྲུང་ཡུལ་འཁོར་དུ་བཅས་ཏེ་འཆི་བར ་འགྱུར་བ་ཐེ་ཚོམ་དོ།། གུང་རྒྱུ་སྐར་དང་ཕྲད་ནས་གང་མི་བདུན་དུ་གྲུམ་ཞིང་སྐར་མངའ་ལྟུང་བ་དེརུ་ནི་དེ་ཉིད་དུ་འབྲས་བུར་འགྱུར་བར་རྣམ་པར་བཤད་པར་བྱའོ།། གཟའ་དང་རྒྱུ་སྐར་གང་གི་བ་ལང་གི་ལམ་དང་། རྟ་བབས་དང་། རྒྱལ་མཚན ་ཁྱིམ་དུ་ལྟུང་བ་དེ་ལ་ནི་འཇིག་པ་ཆེན་པོ་འབྱུང་བར་བརྗོད་པ་ཡིན་ནོ།། གྲང་དུ་སྐར་མདེའི་ཉི་མ་མངོན་དུ་ཕྱོགས་ལྷུང་བ་ནི། ཤིན་ཏུ་འཇིགས་པར་བྱེད་པར་འགྱུར་རོ།། པཱ་ཝ་སངས་ལ་རེག་པར་བྱེད་པ་དེ་ནི་དེར་རྒྱལ་པོའི་ཆགས་པ ་འབྱུང་བ་རཱྀ་འགྱུར་རོ།། གླང་དུ་ཟླ་བའི་དཀྱིལ་འཁོར་ལ་རེག་པ་མེ་ལྕེའི་འོདྲ་དང་མཉམ་པའི་སྐར་མདོའི་ལྷུང་བ་དེ་ནི་རྒྱལ་ཚབ་གསོད་པར་འགྱུརརོ།། གལ་ཏེ་མདའ་ལྷའི་བླ་མཱ་ཕུར་བུ་ལ་གདུང་བར་བྱེད་པ་དེ་ནི་མདུན་ན་འདོན་གསོད་པར ་འགྱུར་ཞིང་བྲམ་ཟེའི་བདེག་ཉིད་ལ་ཡང་གནོད་པར་འགྱུརརོ།། གང་གི་ཚེ་སྐར་མདའ་གཟའ་ལྷ་ག་ལ་ལྟུང་བར་བྱེད་པ་དྲང་ལྷ་ལྟ་བུ་འབྱུང་དཱར་ཀཽགཞོན་ནུ་འཆི་བར་འགྱུར་ཞིང་། དེའི་ཚེ་རྒྱལ་པོ་ལི་ཡང་གནོད་པར ་འགྱུར་རོ།། གང་དུ་སྐར་མདའ་ལྷུང་ཞིང་གཟའ་མིག་དམར་ལ་གནོད་པ་བྱེད་པ་དེ་དང་དེ་ནི་དམག་དཔོན་གསོད་པར་འགྱུར་ཞིང་། མཚོན་དང་མེའི་འཇིག་པ་ཡང་འི་བྱུང་བར་འགྱུརརོ།། གལ་ཏེ་སྐར་མདའ་འབབ་པ་ཉི་མོའི་བུ ་སྤེན་པ་ལ་གནོད་པ་བྱེད་པ་དེར་ནི་སྣ་བོའི་གྲཙོ་བོ་དང་། ཚོགས་ཀྱི་སྤྱན་དག་འཆི་བར་འགྱུར་རོ།། གང་གིས་སྐྱེ་བའི་རྒྱུ་སྐར་ལ་སྐར་མདའ་ལྷུང་ལྔ་གལ་ཏེ་ཞི་བར་འགྱུར་བར་མི་བྱེད་ན་ཕོ་དེ་འཆི་བར་འགྱུར་རོ།། ཏྲི་ཤཾ་ཀུ་དང་། བྷི་རི་ཤི ་དང་། ས་ག་དང་། ས་རཱྀ་དྭང་། སྐར་མ་ཁྱི་ཁྲི་དང་། སླལ་པོ་དང་། རི་བྱ་དང་། དེ་བཞི་ན་དུ་བྲམྦྷ་ན་དྷི་ད་ཡ་དང་ཨ་རུ་ན་དང་། ཤི་ཤུ་མ་ར་དང་། སླེའི་བདུན་དང་། དེ་བཞིན་དུ་དགུ་ཚིགྶ་ཀྱིས་ཁེབས་ཤིང་སྐར་མདའ ་ལྷུང་བ་དེར་ཤིན་ཏུ་འཇིགས་པ་ཆེན་པོ་འབྱུང་བར་འགྱུར་ཞིང་། དམག་མང་པོས་འཁྲུག་པ་དང་། མཚོན་གྱི་ཚེ་བའང་རབ་ཏུ་ཟད་པར་བྱེད་པར་འགྱུར། དེའི་ཚེ་ཡུལ་འཇིགས་པར་བྱེད་བྲིའི་ཆེ་མེ་རྐྱེནྡ་ལ་སོགས་པ་ཡང་འབྱུང་བར ་འགྱུར་རོ།། གང་དུ་སྐར་མདའ་རབ་ཏུ་འབེར་བ་སཱ་ལེ་ཐུར་དུ་ཐད་ཀར་འཇུག་པ་དེའི་ཚེ་ནཱི་དག་དག་གིས་རྒྱལ་པོ་གསོད་པར་འགྱུར་ཞིང་ཡུལ་འཇིག་པར་ཡང་འགྱུར་རོ།། སྐར་མདའ་རྟིའི་དབྱིབས་ལྟ་བུ་ནི་རྒྱལ་པོའི་དམག་ལ་གནོད ་པར་འགྱུརརོ།། རལ་གྲི་དང་། རྩེ་གསུམ་དང་། ཁ་ཊྭཱཾ་གའི་དབྱེ་བས་ལྟ་བུ་ནི་ཡུལ་དང་རྒྱལ་པོར་བཅས་པ་ལ་གནོད་པར་འགྱུརརོ།། སྐར་མདའ་ཆེན་པོ་གདུགས་དང་། རྒྱལ་མཚན་དང་། ཤིང་རྟིའི་རྣམ་པ་དག་རྟག་ཏུ་ས་ལ་ལྷུང་བ་ནི ་ཞག་པ་དུན་གྱིས་དམག་དང་རྒྱལ་པོར་བཅས་པ་ལོ་གནོད་པར་འགྱུར་རོ།། གང་གི་ཚེ་ས་ལ་སྐར་མདའི་ཆར་དང་། རྡོའི་ཆར་ཆེན་པོ་བབ་པ་ངོའི་ཚེ་ནི་དམག་སྟོང་གིས་ཁྲག་པས་འཐུང་བར་འགྱུར་རོ།། གང་གི་ཚེ་སྐ་ར་མདའ ་མེའི་ཁ་དོག་ལྟ་བུ་གནམ་གྲུམ་པ་དང་བཅས་ཏེ་ས་སྟེང་དུ་ལྟུང་བ་དེའི་ཚེ་ནི་དམག་གི་སྟོང་གི་ཁྲག་པས་འཐུང་བར་འགྱུརརོ།། གང་དུ་གླང་པོ་ཆེ་དང་། རྟ་དང་། ཤིང་རྩཝའི་གཟུགས་ལྟ་བུའི་འོད་དྲུང་། རི་ལྟ་བུའི་རྣམ ་པ་དག་ཐུར་ཏུ་ལྷུང་བ་ན་ཡུལ་དང་། རྒྱལ་པོ་དང་བཅས་པ་ལ་གནོད་པར་འགྱུར་རོ།། གང་གི་ཚེ་སྐར་མདའ་དུས་ཚིགས་སྔ་མ་དང་ཀུན་ཏུ་ཕྲད་པ་ལྟ་བུ་སྭ་ལ་ཐུར་ཏུ་ལྷུང་བ་དེའི་ཚེ་ནི་རྒྱལ་པོ་གསོད་པར་འགྱུར་རོ།། དུས་ཚིགས་ཀྱི་ཕྱི་མ་ལ ་བརྟེན་པའི་སྐར་མདའ་མེ་ལྟ་བུ་ལྷུང་བའི་ཚེ་ནི་མཆོད་སྦྱིན་བྱེད་པ་རྣམས་འཆི་ཞིང་།། དེ་བཞིན་དུ་མཆོད་སྦྱིན་གྱི་ལས་རྣམས་འཇིགས་པར་འགྱུརརོ།། གང་གི་ཚེ་སྐར་མདོའི་སྒྲ་ཆེན་པོ་ས་རབ་ཏུ་རྒྱུག་ཅིང་། ཡུལ་ཡུལ་དང་། གྲོང་གྲོང་དུ་ལྷུང ་བ་རཱིའི་ཚེ་ནཱི། རྟག་ཏུ་རྒྱལ་པོའི་ཆི་བར་འགྱུར་རོ།། ཤར་གྱི་ཕྱོགས་ཆུར་ཀུན་ཏུ་འབྱུང་ཞིང་ཉི་མི་ནི་ལམྦུ་ལ་བརྟེན་ཏེ་ནུ་བུ་ཁ་བལྟས་ཤིང་སོང་ནས་ཡུལ་མ་རྟར་ཕྱིན་ནས་ཏེ། གྲུམ་པྲ་ནི་ལོ་རྟོག་རྣམས་སྦྱིན་ན་ཡང་ལོ་ཉེས་པ་དང་། ་དེ་བཞིན་དུ་མིངས་བྱུང་བར་ཡང་འགྱུར་ཞིང་། འཇིག་རྟེན་རྣམས་ལ་རང་གི་མི་མཐུན་པ་ལས་གྱུར་པའི་དམག་ཀྱང་འབྱུང་བར་བཤད་དོ།། རྒྱལ་པོ་རྣམས་དང་ཁྱོམ་ཁོལ་འབྱོར་པའི་མི་རྣམས་ཀྱང་འཚོ་བར་འགྱུར་རོ།། འཇིག་རྟེན ་ལ་གནོད་པ་བྱེད་པར་ཉེས་པ་རྣམ་པ་མང་པོ་དེ་ལྟ་བུ་དག་འབྱུང་བར་འགྱུརརོ།། གང་དུ་མེ་ཏོག་ཀུན་ད་དང་། ཐུབ་དངུལ་གྱི་ཁ་དོག་ལྟ་བུའི་སྐར་མདའ་ལྷུང་བ་ནི། རྒྱལ་པོ་རྣམས་རྒྱལ་བ་དང་། ལོ་ལེགས་པ་དང་། བདེ་བར་བྱེད་པར་སྨྲ་བ ་བྱེད་དོ།། སྐར་མངའ་ཆེན་པོ་ཁ་དོག་རབ་ཏུ་འབར་བ་ཤིན་ཏུ་སྣུམ་པ་དངུལ་དང་ཤེལ་གྱི་འོད་འདྲ་བ་ནི་ཆར་པ་འབབ་པར་སྨྲ་བར་འགྱུར་ཏེ། འདི་ལ་ཐེ་ཚོམ་མེདོ།། གང་སྐར་མདའ་ཆེན་པོ་དུ་བ་དང་བཅས་པ་གཟུགས་འཛིན་པར་བྱེད་པ་མེ་སྟུག ་དང་བཅས་པ་སོལ་བའི་མདོག་ལྟེ་བུ་བྱུང་བ་དེ་ནི་རྒྱལ་པོ་ལ་འཇིགས་པ་ཆེན་པོ་འབྱུང་བར་འགྱུ་རོ།། དུ་བའི་མདོག་ལྟ་བུ་དང་། ཆེ་བ་དང་། སྐར་མཱ་ལྟར་དག་པ་དང་། གྲཡས་གཡོན་དུ་སོ་སོར་འགྲོ་བར་གྱུར་པ་དང་། བཻ་ཌཱུརྱའི་མདོག ་ལྟ་བུ་དང་། ཤེལ་གྱི་མདོག་ལྟ་བུ་དང་། གསེར་གྱི་མདོག་ལྟ་བུ་དང་། དངུལ་ལྷ་བུ་དང་། ཟླ་བའི་འོད་ཟེར་ལྟར་དཀར་བ་དང་། ཞོའི་འོད་དང་འདྲེ་བའི་སྐེར་མདའ་དོ་ནི་ལོ་ལེགས་པར་འགྱུར་རོ།། རྒྱལ་པོ་ལ་རེ་རྒྱལ་བར་འགྱུར་བ་ཐུབ་པར ་སྔ་མ་རྣམས་ཀྱིས་རབ་ཏུ་བསྟན་ཏོ།། བཻ་ཌཱུརྱའི་མདོག་ལྟ་བུར་བསྟན་པ་ནི་ཆར་པ་འབབ་པ་བརྗོད་དོ།། ཤེལ་ལྟ་བུར་གྱུར་ན་ནི་ལོ་ལེགས་པར་འགྱུར་རོ།། གསེར་གྱི་མདོག་ལྟ་བུར་གྱུར་ན་ནི་མེས་འཁྲུག་པར་འགྱུར་རོ།། དམར་པོར་གྱུར་ན་ནི ་དྲིམེག་འབྱུང་བར་བརྗོད་དོ།། འདི་སྐད་དུ་གང་བསྟན་པ་ནི་ཟླ་བ་གཉིས་མ་ལུས་པར་དེའི་རྣམ་པར་སྨིན་པར་འགྱུར་བར་བརྗོད་དོ།། སྐར་མདའི་ལྟོས་ཀྱི་ལེའུ་སྟེ་གསུམ་པཾའོ།། ། སྦྱིན་དང་། གློག་དང་། འཛུའ་འོད ་ཀྱི་ལྷས་གང་གི་ཚེ། སྤྲིན་གྱི་གཟུགས་གཡུང་དྲུང་འཁྱིལ་པ་ལྟ་བུ་དང་། གདུགས་དང་། ལྡིང་ཁ་དང་། ཤིང་རྟ་བརྩིགས་པ་བཀྲ་ཤིས་པ་དང་ལྡན་པའི་དབྱིབས་དང་། རི་ལྟ་བུ་དག་ནི་སྐྱེ་རྒུ་བདེ་བར་བྱེད་པའོ།། དེ་བཞིན་དུ ་དབང་པོའི་མཚོན་ཆའི་རྣམ་པ་ལྟ་བུ་དག་དང་། དབྱུག་པ་ལྟ་བུ་དག་ནི་བདེ་བར་ཡང་མི་བྱེད་ལ། མུ་གེ་ཡང་སྟོན་པར་བྱེད་དོ།། གང་གི་ཚེ་དབྱར་གྱི་དུས་སུ་སྤྲིན་མདུང་ཐུང་དང་། གྲསལ་ཤིང་། དབའ་རླབས་ལྟ་བུ ་དག་དང་། རྒྱལ་མཚན་དང་། བ་དན་ལྟ་བུ་དང་མཚོནས་ཆོཿལྟ་བུར་སྣང་བ་དེའི་ཆུ་དམྦྷག་ཁྲག་གི་འདམ་རྫུབ་ཅན་མི་བཟོད་པ་འབྱུང་ལ། ཨཱ་ཏོག་ཀྱང་ཆུས་ཟོད་པར་འགྱུར་ཞིང་། ཆོམ་རྐུན་དག་ཀྱང་འཕེལ་བར་འགྱུ་རོ།། སྤྲིན་ཐ་དད་དུ ་ཆད་པ་དང་། ཤིང་སྐམ་ལྟེ་བུ་དང་། གཏུ་ནི་ཤིང་ལྕི་བྱཱ་དང་། མིགོ་ཐོད་ལྟ་བུའི་དབྱིབས་ལྟེ་བུཾ་གླང་ཡིན་པ་དེ་དག་ནི་མོ་ལ་འཇིགས་པའི་དམྱག་འོ་བྱ་བར་འགྱུར་རོ།། ཡང་སྦྱིན་བྱ་སྣ་ཚོགས་ལྷ་བྱཱ་དང་། རྔ་མོང་དང་བུང་བུ་ལྕི ་བུའི་སྦྱིན་གྱི་ཚོགས་དག་ཉི་མེ་ཤར་ནས་ནུབ་པ་ཁོ་ནའི་ཚེ་ཉི་མའི་ཟུར་ནས་འགྲོ་བོར་གྱུར་ན་དེ་ནི་སྐྱེ་བོ་ཟད་པར་འགྱུར་བའི་ནང་དང་། མཚོན་ཆ་ལ་སྩོགས་པ་འབྱུང་བར་རིག་པོར་བྱའོ།། ཡང་སྒྲོན་གྱི་གཟུགས་འགོག་པ་ཅནྡ་ལྕེ ་བུར་གྱུར་ཅིང་། རྡུལ་གྱི་ཚོགས་འདྲེན་པར་བྱེད་པའི་རླུང་དྲག་པོ་དང་བཅས་པ་བྱུང་བ་ནི་རྒྱུ་ལེ་པོ་དང་། སྐྱེ་བོ་ཕལ་དག་འཆི་བ་དང་། ཡུལ་འཁོར་དང་དགོན་པ་ན་གནས་པ་དག་ལ་གནོད་པར་བར་བསྟན་ཏོ།། ནམ་མཁའ་ལ་སྤྲིན ་མེད་པར་འབྲུག་ཟིར་དང་། འབྲུག་ཟེར་ལ་ཆར་མོད་པའི་སྤྲིན་ནི་གནོད་པ་འབྱུང་བའི་སྤྲིན་ཡིན་ནོ།། འོད་གློག་དང་འཇའ་རླུང་གི་ལྷས་ལ་གང་གི་ཉི་མའི་དྲུང་། ལྷོ་ཕྱོགས་ངོས་ནས་གློག་འབྱུང་བར་འགྱུར་ལོ། དེའི་དུས་སུ་རྒྱལ་པོ ་ཕོ་བྲང་དང་། རྟ་བྲབས་དང་། གླང་པོ་ཆེ་དང་། རྟའི་བྲེས་ཀྱི་ཁང་སྟེང་དང་། རྒྱལ་པོའི་ལམ་དང་། ཁྲོམ་ལམ་གྱི་བཞི་མདོ་དང་། གྲོང་ཁྱེར་གྱི་སྒོ་དང་། ཤིང་ཆེན་པོ་རྣམས་ལ་ཐོག་དང་། སེར་བ་འབབ་པའམ། སྐར་མདའ་དག་ཀྱང་ལྷུང་བར ་འགྱུར་ན་དེར་ལོ་ཅིག་ཚུན་ཆད་དུ་འཇིག་རྟེན་ཀུན་ཏུ་ཟད་པར་འགྱུར་བར་རིག་པོར་བྱ་ཞིང་། ཡུལ་དོར་རྒྱལ་པོ་གཞན་ཡང་བར་ཡང་ཐེ་ཚོམེ་དྲོ།། ཉི་མ་ལ་འབྱུང་བའི་གློག་དེ་ཉིད་རྒྱལ་པོའི་རྟ་བབས་དང་། ཕོ་བྲང་གི་སྒོར་བབ་ན་རྒྱལ་པོ་དང ་དེ་ལ་རྟེན་པ་དག་འཆི་བར་འགྱུར་རོ།། རྟ་བྲས་དང་གླང་པོ་ཆེའི་བྱེས་སུ་བབ་ན་རོའི་སྲུང་མ་ངེས་པར་འཇིག་པར་འགྱུ་རོ།། ར་བ་བྱཱ་ན་དམག་མིའི་གཙོ་བོ་དག་འཆི་བར་འགྱུ་རོ།། གང་གི་ཚེ་མོའི་ཕྱོགས་ནས་གློག་འོད་མ་ལྟ་བུ་འབྱུང་བ་ནཱི་ནད་རྣམ ་ཀྱི་འཁྲུག་པ་དང་། རླུང་དྲག་པོ་གནོད་པ་འབྱུང་བའི་ལྷས་ཡིནོ།། བདེན་བྲལ་གྱི་ཕྱོགས་ནས་གློག་འབྱུང་བར་བྱེད་པ་དེའི་ཚེ་ནི་རླུང་དྲལ་བ་འབྱུང་བར་བྱེད་ཅིང་ནད་ཀྱིས་འཇིག་རྟེན་ཟད་པར་ཡང་འགྱུར་རོ།། གྲོང་གི་ཚེ་ནུ་མ་ཁིབ་སྤྲིན ་མླེད་བཱར་ཕྱོགས་དག་ཏྱེ་རྟག་པར་གློག་འབྱུང་བྱར་འགྱུ་རོ།། དེར་ནི་རྒྱལ་པོ་འཆི་བོ་དང་། ཡུལ་འཁོ་ར་དུ་བྱསྟཱཾ་པ་འཇིག་པར་བྱེད་པའོ།། གང་གོ་ཚེ་གློག་མུ་ཏིག་གི་འབྲས་བུ་ལྟ་བུར་མྱཛེ་སྭ་ཤྲུང་སྣུམ་པའི་འོད་ཅན ་སྦྱིན་གྱི་དབུས་ན་འདུག་པ་ནི་བདེ་བ་དང་། ལོ་ལེག་ས་པར་འགྱུར་བར་བསྟན་ཏོ།། འཇའ་ལྟས་ལ་གང་ཞིག་གི་ཚེ་གཞན་དག་གིས་གྲོང་ཁྱེར་བསྐོར་བ་ན་འཇའ་འབྱུང་བར་གྱུར་ན། གྲོང་དེ་ཉིད་འཇ་གས་པ་ཆེན་པོ ་བར་གནས་བུར་རིག་པར་བྱའོ།། ཡང་གང་དག་ཏུ་དམག་གི་གྲོང་ཁྱེར་བསྐོར་བ་ན་ཉི་མའི་དཀྱིལ་འཇས་ཁེབ་པར་གྱུར་ན་དེ་ལ་སེར་བ་འཇིགས་པ་འབྱུང་བ་དང་། དམིགས་ཚོགས་དེ་ལ་སྲི་ཀྱང་གཙོ ་བོ་འཆི་བར་འགྱུར་བར་སྟོན་ཏོ།། གང་གི་ཚེ་དམག་གི་གཡུལ་ཤོམ་ཞིང་གོ་ཆ་གྱོན་པ་ན་འཇའི་ཉི་མིའི་དཀྱིལ་འཁོར་དང་མཉམ་པར་གྱུར་པ་ནི་དེ་ནི་ཕྱོགས་གཉིས་ཀ་འཆི་བ་ཡིན་ནོ།། གང་དྲག་ཏུ་དམག་འགྱེད་པའི་གཡུལ་དུ ་ཞུགས་ན་མདུན་ནམ་གཡས་ནས་འཇའ་འབྱུང་བ་ནི་དེ་དག་གསོད་པར་སྦྲོན་པ་ཡིན་ནོ།། དབྱར་ཁ་འཇུའ་ཁྱིམ་པ་མང་བ་དང་། ས་ག་ཡོ་བ་དང་། ཟླ་བརྙན་དག་བྱུང་བ་དེའི་ཚེ་ཕ་རོལ་གཞན་གྱིས་འཇིག་པ་དགེ་འབྱུང་བར་བྱེད ་པའོ། གང་དག་ཏུ་མཚན་མོ་འཇའ་ན་མཁའི་ལ་མངོན་པར་བྱུང་ན་དེ་ནི་དགེ་བ་མ་ཡིན་ཏེ། ཕ་རོལ་གྱི་དམག་ཚོགས་འོང་བ་དང་། ཡུལ་འཁྲུག་ཅིང་རྒྱལ་པོ་འིཆི་བ་དང་། ཡང་ན་རྒྱལ་པོ་སྨྲ་དབབ་པ་ལཱི་སོགས་བྲི་སྟོན་པྲ ་ན་དབང་པོ་མཆོད་པ་བདེ་ལེགསུ་འགྱུར་བའི་ཆོ་ག་བྱས་ནཱ་ཕུཿ་གཞན་དུ་འགྲོ་བར་བྱའོ།། གང་གི་ཚེ་མཚན་མོ་ན་མཁའུ་ལ་འཇའ་ཁ་དོག་ངན་ཅིངྒེ་ཤིན་ཏུ་ཚ་ལ་རི་མོ་གསུམ་བྱུང་བ་དེའི་ཚེ་ནི་རྒྱལ་པོའི་དཀྱིལ་འཁོར་རྣམས་ལ ་མྱུར་དུ་འཇིགས་པ་འབྱུང་ཞིང་གཞི་ན་གྱི་དམག་ཚོགས་ངག་གིས་ཀྱང་འཆི་བར་འགྱུར་བར་སྟོན་པའོ།། གང་གི་ཚེ་འཕྲལ་དུ་ཉེ་བར་སྤྲུལ་པའི་འཇའ་རྟགས་མཐོང་དེའི་གྲོང་ཁྱེ་འཇིག་པ་དང་། ཡུལ་འཁོར་འཇིག་པར་རིག་པར་བྱའོ།། ་འོད་ལྟས་ལ་གང་གི་ཚེ་ན་མཁའ་ལ་འོད་ཀྱི་རྣམ་པ་གདུགས་དང་། རྒྱལ་མཚན་དང་། ཤིང་རྟའི་རྣམ་པ་དག་དང་། འཁོར་ལོ་དང་དུང་ལ་སོགས་པ་བཀྲ་ཤྲིས་ཀྱི་མཚན་མར་བྱས་པ་དག་དང་། འོད་རལ་གྲི་དང་པདྨའི་དབྱིབས ་ཀྱི་རྣམ་པར་དག་པ་བྱུང་བ་ནི་རྒྱལ་པོ་རྣམ་པར་རྒྱལ་བར་འགྱུར་བར་སྟན་ཏོ།། ཡང་གང་དུ་འོད་ཀྱི་རྣམ་པ་མགོ་ཐོད་ལྟ་བུ་དང་། དབྱུག་ཏོ་དང་། གཏུན་ཤིང་དང་། སྒྲོག་རུས་ལྟོ་བུར་སྣང་བ་དྲག་གིས་ནི་རྒྱལྔ་པོ་དང་བཅྡོཾས་པའི ་ཡུལ་འཇིག་པར་བྱ་སྟན་ཏོ།། ཡང་གིང་དུ་འོད་ཀྱི་རྣམ་པ་མགོ་ཐོད་ལྟེ་བུ་དག། དབྱུག་ཏི་དང་། ཉེ་དང་། རུས་སྦྲེ་ལ་འདྲེ་བ་དང་།། དེ་བཞིན་དུ་སྤེལ་པ་དང་ཉ་ཕྱི་ས་དང་། ཆུ་སྦྱིན་ལྟ་བུ་དག་གིས་ཀྱང་འཇིག་པ ་ཆེན་པོ་འབྱུང་བར་སྟོན་ཏོ།། གློག་སྦྱིན་དང་། འཛིའི་གློག་དང་། འཛའ་འོད་ལ་སོ་ཌོཾ་བའི་ལྟས་ཀྱིས་ལེའུ་སྟེ་བཞི་པའོ།། ། ཕྱོགས་ཆུ་བརྒྱད་པོ་དགེ་ནས་འབྲུག་གློག་ལ་སོགས་པ་འབྱུང་བའི་ལྟས ་ལ་ཤར་ཤོགས་ལ་སོགས་པ་ཕྱོགས་ལ་སོགས་པ་ཕྱོགས་ཆ་བརྒྱད་པོ་དག་ནས་འབྲུ་ག་གློག་ལ་སོགས་པ་ཟེར་བ་ལས། དགེ་ངན་གྱི་ལྷ་སུ་ལྟ་བ་ནི་སོས་དང་པོ་དབྱར་ཟླ་འབྲིང་པོ་ཉ་ལ་དབང་པོ་ཕྱོགས་ཀྱི་ནཱ་འབྲུག་ཟེར་བ་ཐོས ་ཤིང་དེ་ཉིད་དུ་རླུང་བྱུང་། དེའི་ཚེ་ནི་ཆུ་ཆེན་པོ་ཆར་པ་འབབ་པར་འགྱུར་ཞིང་ལོ་ལེགས་པ་དང་། བདེ་བ་སྐྱེ་རྒུ་དག་དང་། རྒྱལ་པོ་ལ་ནད་མེད་པར་འགྱུར་བས་སྔོནི་གྱོ་བསྟན་བཅོས་རིག་པ་རྣམས་ཀྱིས་བརྗོད་པ་ཡིན་ནོ།། ་དེ་བཞིན་དུ་དབྱར་ཟླ་འབྲིང་པོ་ཞེས་ཀུན་ལ་སྦྱར་ཏེ། མེའི་ཕྱོགས་ནས་གལ་ཏེ་གློག་འབྱུང་ཞིང་རླུང་ཡང་འགྱུར་བར་གྱུར་ན། དེའི་ཚེ་མེའི་འཇིགས་པ་འབྱུང་ཞིང་ལོ་ཉེས་པ་དང་། མི་ངས་དང་དེ་བཞིན་དུ་ཆོམ་རྐུན་གྱི་གནོད ་པོ་ལ་མི་དགེ་བ་དང་། ནད་ཀྱིས་ཀློང་བ་ཉིད་དུ་འགྱུརརོ།། གཤིན་རྗེའི་ཕྱོགསུ་གལ་ཏེ་གྲོག་དང་རླུང་དང་པོ་བྱུང་བར་གྱུར་ན་དེའི་ཚེ་ན་རྒྱལ་པོ་དང་ཆོམ་རྐུན་གྱི་གནོད་པ་དང་། མེ་དག་དང་། ནང་དག་གིས་འཇིགས་པ་དང་། མུ་གེ་དང ་སེ་མས་ཕན་ཚུན་གསོད་པ་དང་། འཇིག་རྟེན་ལ་གནོད་པར་བྱེད་པ་སྤྱང་ཀི་དང་། སྟག་ལས་གྱུར་པ་དག་ཀྱང་འབྱུང་བར་འགྱུར། བདེན་བྲལ་གྱི་ཕྱོ་གསུ་གླང་གི་ཚེ་གློག་དང་རླུང་འབྱུང་ཞིང་། འདྲུག་སྒྲ་ཡང་གྲག་པ་དེའི་ཚེ ་པར་འགྱུར་ཞིང་། སྤྲིན་དག་ཀྱང་སྣང་ལ། འབྲུག་སྒྲ་ཡང་དྲོག་ན་དབང་པོས་ཆར་ཉུང་ངུ་འབེབས་པར་བྱེད་ཅིང་ལཱ་ཏིག་འབྱུང་བར་མི་འགྱུར། བྱི་བ་དང་བྱེ་བ་ལ་སོཊཱི་པ་དག་ཀྱང་ཀུན་ནས་འབར་བར་འགྱུར་རོ། རྐུ་ལྷའི ་ཀློག་དང་རླུང་འབྱུང་ཞིང་འབྲུག་སྒྲ་གྲིགས་པ་དེའི་ཚེ་ན་ཆེར་བ་ཆེན་པོ་འབབ་པར་འགྱུ་རེ་ཞིང་། ལོ་ཏྲག་ཐམས་ཅད་སྨིན་པ་དང་། ལོ་ལེགས་པ་དང། བདེ་བ་དང་། སྐྱེ་རྒུ་རྣམས་ལ་ནང་མེད་པ་ཉིད་དང་། དེ་བཞིན་དུ ་བློ་འབྱུང་བ.རཡང་འགྱུར།། རླུང་གི་ཕྱོགསུ་གང་གི་ཚེ་གློག་དང་རླུང་བྱུང་ཆེན་པོས་ཉམས་པའི་ཆར་མི་འབབ་པ་དང་། ལོ་ཏོག་སྐྱེ་བར་ཡང་མི་འགྱུར། རླུང་ནང་རྣམས་ཀྱང་འབྱུང་ཞིང་དེ་བཞིན་དུ་མིག་ནད་ཀྱང ་འབྱུང་བ་དང་འཇིག་རྟེན་ལ་གནོད་པར་བྱེད་པ་ཐམས་ཅད་འབྱུང་བར་འགྱུརརོ་ཞེས་རྣམ་པར་བཤད་པར་ཀུ་བེ་རཱའི་ཕྱོགས་ནས་གང་གི་ཚེ་གློག་དང་རླུང་བྱུང་བ་དེའི་ཚེ་དབང་པོས་ཟླ་བ་བཞིན་དུ་རྟག་ཏུ་ཆར་འབེབས་ཤིང་འབྲུ་ལ་སོགས་པ་ལོ་ཏོག ་ཕུན་སུམ་ཚོགས་པ་དང་། མེ་ཏོག་དང་འབྲས་བུ་ལ་སོགས་པ་ཕུན་སུམ་ཚོགས་པ་དང་། རྒྱལ་པོ་རང་གི་ཆོས་ཁོ་ན་ལ་གནས་ཤིང་ཆོས་དྲང་ལྡན་པ་དང་། སྐྱེ་རྒུ་ཐམས་ཅད་ཆོས་ལེ་དགའ་ཞིང་ཕན་ཚུན་ཕུན་པར་འདོད་པ་ལ་དགའ ་རངས་པ་དང་། བ་དང་ཞོན་རྣམས་ཀྱང་འོ་མ་མང་བར་འགྱུར་རོ།། དབང་ལྡན་གྱི་ཕྱོགས་སུ་དབྱར་ཟླ་འབྲིང་པོ་ཉེ་བའི་ཚེ་གློག་དང་། དེ་བཞིན་དུ་རླུང་བྱུང་བར་གྷོ་ར་ཙང་སྤྲིན་སྒྲ་བྱུང་བར་ཡང་གྱུར་པ་དེའི་ཚེ་ན་ཆུའི་ཆར་ཆེན་པོ་འབབ་པར ་འགྱུར་བ་དང་། བདེ་བ་དང་ནད་མེད་པ་དང་། ལོ་ལེགས་པ་དང་། ལོ་ཏོག་ཕུན་ཚོགས་པ་དང་། སྐྱེ་རྒུ་རྣམས་ནད་མེད་ཅིང་ཕན་ཚུན་བྱམས་པས་རྣམ་པར་འབྲེལ་པ་ཅན་དུ་འགྱུར་བ་དང་། རྒྱལ་པོ་རྣམ་པར་རྒྱལ་བ་དང་། དེ་བཞིན ་དུ་ཡམས་ཀྱི་ནད་ཐམས་ཅད་རབ་ཏུ་ཞི་བར་འགྱུར་ཞིང་། ས་ལས་སྐྱེས་པ་ཐམས་ཅད་ཀྱི་མེ་ཏོག་དང་། འབྲས་བུ་ལ་སོགས་པ་ཡང་འབྱུང་བར་འགྱུར་རོ།། དབྱར་ཀ་འབྲུག་གོ་སྒྲ་གྲིག་ཏུ་ཡང་འབྱུང་བ་ནུ་སྒྲ་བརྙན ་གྱིས་ཉམས་པའི་སྒྲ་གནམ་ལྟ་བུ་དང་བཅས་པ་གྲིག་པ་དེར་ནི་ལུས་ཅན་རྣམས་ལ་ཤིན་ཏུ་དམན་པར་འགྱུར་བར་བསྟན་པའོ།། ས་ཀའི་དུས་སུ་ཕྱོགས་བརྒྱད་ནས་འབྲུག་གློག་དང་རླུང་ལ་སོགས་པ་ལྡང་བའི་ལྟོས་ཀྱི་ལེའུ་སྟེ། ་ལྔ་པའོ།། ། བར་སྣང་ལ་བྱུང་བའི་ལྷས་གང་གི་ཚེ་སྐར་མདའི་ཆུར་པ་འབབ་པ་དང་། ཁྲག་གི་ཆར་པ་དང་། མར་དང་། འབྲུ་མར་དང་། ཞག་གི་ཆར་པ་བབ་ན་རྒྱལ་པོ་དང་བཅས་པའི ་གྲོང་ཁྱེར་འཇིག་པར་འགྱུརརོ།། ཁྱིམ་གང་དུ་སྩོལ་བའི་ཆར་པའི་བབ་ཅིང་། ཕུབ་མ་དང་། སྐུ་དང་འདྲེས་པའི་རྡུལ་ལྷུང་བ་དང་། བྱེ་མའི་ཆར་བབ་པར་གྱུར་པ་དེ་མྱུར་དུ་འཇིག་པར་མངོན་པར་ཤེས་པ་དག་གིས་བརྗོད་དོ།། ་གང་དུ་འབྲུ་མར་གྱི་ཆག་ཚིག་དང་། མར་གྱི་ཐིག་པ་ལྷུང་ཞིང་། བོང་བ་ལ་སོགས་པ་ཡི་དགས་ཀྱིས་ཕྱུང་བའི་ཉེས་པ་རྣམས་འབྱུང་བར་གྱུར་ནི་ཡུལ་བ་ཁོར་དང་གྲོང་ཁྱེར་དང་ཁང་པ་དང་། དེ་བཞིན་དུ་བ ་ལང་རྫིའི་གནས་དེར་རབ་ཏུ་འཇིག་པར་འགྱུརརོ།། ཡང་མཆོད་རྟེན་དང་། སྐྱེ་ཤིང་དང་། སཱའི་ཕྱོགས་དག་ཏུ་ཁྲག་གིས་ཆ་ག་ཆག་དང་། ཤ་དང་རུས་པའི་དུམ་བུ་མགོ་ཐོད་དང་སྐེ་ཤང?་ལ་སོགས་པས་མངོན་དུ ་གང་བ་དེ་དག་ཏུ་ནི་ངེས་པར་ཉེ་བ་ཁོར་གྱི་སྐྱེ་བོ་སྐལ་བ་ཟད་པའི་ལྟས་སུ་བསྟོན་པ་ཡིན།། རྡོའི་ཚོར་པ་ལ་གང་དུ་རྡོ་བིསྠ་དང་། ཨུ་དུ་བཱ་ར་ལྟ་བུ་དང་། ཀ་པྲི་ཏའི་འབྲས་བུ་དག་བབ་པ་དྭེརརྱ་ནི་འཇིགས་པ་ཆེན་པོ་འབྱུང ་བར་སྟོན་ཏོ།། རྡོ་འབྲས་ས་ལུའི་ཚིག་མོ་འདྲ་བ་དང་། བྲེ་གོའི་རུས་པ་ལྟེ་བུ་དག་ནི་ལོ་ལེགས་པ་དང་བདེ་བ.རི་འབྱུང་བ་སྟོན་ཏོ།། ཛེ་དཀར་པོ་རྒྱ་ཤུག་གི་འབྲས་བུ་ལྟ་བུ་དང་། བ་རུ་རིའི་ཚིག་གུ་ལྟ་བུ་དག་བབ ་པ་ནི་སྐྱེ་རྒུ་རྣམས་བདེ་བའི་རྒྱུར་འགྱུར་རོ།། རྡོ་ཤེལ་དང་། ཤེལ་རྡོ་ལྟ་བུ་དང་། མེ་ཏོག་ཀུནྡ་དང་། འོ་མ་ལྟར་སྣུམ་པ་དང་། ཟླ་བའི་མདོག་ལྷར་གསལ་བ་དག་ནི་མི་རྣམས་བདེ་བར་བྱེད་པའོ།། གང་གི་ཚེ་སེར་བ་འཆུབ་མ་དང་། ཁ ་ཚུལ་དོང་བཅས་པ་དང་། མེ་ལྟ་བུ་དག་དང་། རྡུལ་དང་བཅས་པ་དང་། སྭ་གང་བར་ཡང་གྱུར་པ་དེར་ནི་རྒྱལ་པོ་ཡུལ་འཁོར་དང་བཅས་ཏེ་འཇིག་པར་སྟོན་ཏོ།། ཡང་བར་སྣང་བར་ལྀ་སེར་བ་བབ་པ་ནས་རྡོ་དང་མཚོན་ཆ་ལྟ་བུའི་རྣ་བ་དག་ཏུ ་ད་ཀྱི་ཆེར་ཅུ་ལོ་གཔ་ཡཞི་ཁ་འབྱུང་ཧཱ་བསྟན་ཏོ་གལ་ཏི་སར་པ་དྲུག་ཏུ་ཆུའི་ནང་དུ་བབ་པ་ལས་ནི་བདེ་བ་དང་། ལོ་ལེགས་པ་དང་རྒྱལ་པོ་རྣམས་རྣམ་པར་རྒྱལ་བར་འགྱུར་ཏེ། འབྲས་བུ་ཟླ་བ་དྲུག་ན་སྟོན་པར་བརྗོད་དོ།། ལྒང་གི་ཚེ་དབྱར་ཀྲ་ཕྱོགས་རབ ་ཏུ་ཚ་བར་གྱུར་ལ་གནམ་གྲུམ་པར་གྱུར་ན་རྒྱལ་པོ་དང་བཅས་པའི་སྐྱེ་བོ་མྱུར་དུ་གསོད་པར་བྱེད་དོ།། ཉན་པར་རྟག་ཏུ་ས་ཕྱོགས་དག་ཏུ་གནམ་གྲུམ་པའི་སྒྲ་བྱུང་བ་དེར་ཡང་ཡུལ་འཇིག་པའི་རྟགས་ཡིན་ཏེ། རྒྱལ་པོ་ཡོད་འཆི་བོར་སྟོན ་པའོ།། གང་ལྷོ་ཕྱོགསུ་གནམ་གྲུམ་སྦྱིན་དང་སྒྲ་སྙན་པ་འབྱུང་ཞིང་། རླུང་རྩུབ་པ་དག་ལྡོངས་པར་གྱུར་པ་དེ་ནི་སྐྱེ་དགུ་རྣམས་བདྲི་བར་མི་འགྱུར་བར་སྟོན་པའོ།། ཡངས་གཡོ་བ་གནམ་གྲུམ་པ་དང་བཅས་པར་འབྱུང་བ་དེའི་ཚེ་ནི ་ངེས་པར་རྒྱལ་པོ་འཚོ་བར་འགྱུརརོ།། ཡང་ས་གཡོ་བ་དང་། གནམ་གྲུམ་པའི་ལྷན་གཅིག་ཏུ་བྱུང་བའམ། ཡང་སྐར་མངའ་ཆེན་པོ་ཕྱོགས་གང་དག་ཏུ་འགྲོ་བའི་ཕྱོགས་དེར། ནང་དང་མུ་ག་ལས་གྱུར་པ་ཉམ་ཐག་པ་དང་བཅས ་བའི་འཆི་བ་རྒྱུག་པར་སྟོན་པའོ།། གུང་དུ་མེ་དང་། ཁྲག་རྣ་དང་། སྤྲིན་གྱི་གནོད་པ་རྣམས་མེད་པར་རྡུལ་གྱི་ཁྲིམ་གཉེར་དག་གིས། ནམ་མཁའ་ཀུན་ཏུ་ཁེབས་ཤིང་། ཉི་མའི་འོད་ཟེར་ཡང་ཟིལ་གྱིས་གནོན་པར་བྱེད་པ་དེའི་ཆེན ་རྒྱལ་པོ་རྣམས་ངེས་པར་འཆི་བར་འགྱུར་བ་ཡིན་ནོ།། གང་དུ་ཉིན་ཅིག་བཞིན་དུ་ཚུབ་མས་ཀུན་ཏུ་སྤང་བའི་རྡུལ་རེང་བུས་ན་མཁའ་དྲང་ཕྱོགས་ཐམས་ཅད་ཀུན་ཏུ་ཁྱབ་པར་གྱུར་པས་ནི་རྒྱལ་པོ་འཆི་བར་འགྱུར་ཞིང་། སྐྱེ་བོ་རྣམས་ཀྱང ་འཆི་བར་འགྱུ་རོ།། བར་སྣང་ལས་སྒྲ་ཆེན་པོ་འབྱུང་ངམ་ས་ཕྱོགས་འབྱུང་ཡང་རུང་སྟེ། གང་དགི་མི་སྙན་པ་དང་། མི་མཐུན་པ་དག་གི་སྒྲོ་བྱུང་བ་དེ་ནི་ཕན་ཚུན་གེ་སྨོད་པ་དང་། འཐབ་པ་དང་། མི་མཐུན་པོར་གྱུར་པ་དག་གི་རྒྱུར ་བསྟན་ཏོ།། གླང་གི་ཚེ་གཟུགས་མི་སྣང་བར་སྲོག་ཆགས་རྣམ་པ་ཐ་དད་པོའི་སྒྲ་བྱུང་ན། སྡུག་བསྔལ་བར་དྲག་པ་དེའི་ཚེ། རང་གི་ཡུལ་འཁོར་དུ་བྱིས་པའི་རྒྱལ་པོ་འཆི་བར་འགྱུར། ནད་དང་མུ་གེ་དང་། གནོད་པར་ཡང ་འགྱུར་ཞིང་། འཇིག་རྟེན་ཡང་ཟད་པར་འགྱུར། རྒྱལ་སྲིད་ངན་པས་ཀྱང་བརླག་པ་དང་། སྨད་དང་ཡིད་བྲལ་བར་འགྱུར་རོ།། བར་སྣང་ལུས་བྱུང་བའི་ལྟས་ཀྱི་ལེའུ་སྐྱེ་དྲུག་བྱའོ།། ། ཕྱི་རོལ་འབྱུང་བ་ཆེན་པོའི ་ལྷ་ས་ལ་གང་གི་ཚེ་ཤིང་ལྗོན་པ་དང་། གེལ་པོ་དག་ལས་དུས་དང་མི་ལྡན་པར་འབྲས་བུ་བྱུང་ན་རྒྱལ་པོའི་ཡུལ་ཕྱོགསུ་གཏོག་པ་གསོད་པར་འགྱུར་རོ།། ཡང་གང་གི་ཚེ་མཆོད་སྦྱིན་གྱི་ཤིང་དང་། ལྷ་རྟེན་བྱས་པ་དང་། གཟུགས ་ལ་སོགས་པ་ཤྲང་སྐམ་པོ་དག་ལས་ལོ་མ་སྐྱེ་བར་རྩོལ་བ་ནི་རྒྱལ་པོ་འཆི་བའི་ལྷས་དང་། དེ་བཞིན་དུ་སྐྱེ་བོ་དག་འཁྲུག་པའི་ལྷ་སུ་བསྟན་ཏེ།། ཡང་ཡུལ་དང་། གྲོང་དང་། གྲོང་ཁྱེར་གང་དག་ཏུ་ཤིང་དང་། ཤིང་ལྗོན་པ་དག་ལས་མེ་ཏོག ་དང་འབྲས་བུ་ཕྱིན་ཅི་ལོག་ཏུ་སྐྱེས་པར་གྱུར་ན་དེ་ནི་བདག་པོ་འཆི་བའི་རྟགས་ཡིན་ནོ།། གང་གི་ཚེ་སྔ་དྲོའི་དུས་སུ་ཤིང་དང་། མིའི་གྲི་མར་ཤར་ཕྱོགསུ་གནས་པར་གྱུར་བ་དང་། ཕྱི་དྲེ་ཡང་མི་དང་ཤིང་གི་གྲིབ་མ་ནུབ་ཕྱོགས ་སུ་གནས་པར་གྱུར་ན་རྒྱལཔོ་འཆི་བར་འགྱུརརོ།། ཆུ་ཟབ་མོ་དང་ཁྲོན་པ་དང་། རྫིང་དང་མཚོ་ལ་སོགས་པར་སྲོག་ཆགས་ཆུ་ན་རྒྱུ་བ་རྣམས་གང་དུ་བསྐམས་པ་དེར་ནི་རིང་པོ་མི་ཐེགས་པར་སྐྱེ་བོ་འཇིག་པར་འགྱུར་ཞེས ་བསྟན་ཏེ།། རླུང་མེད་པར་གློ་བུར་དུ་ཁྲོན་པ་དང་རྫི་ཇེ་རྣམས་ཀྱི་ཆུ་དག་ཀུན་འཁྲུག་པར་འབྱུང་བ་གང་ཡིན་པ་དེ་ནི་རྒྱལ་པོ་དེར་ནི་རྒྱལ་པ་དང་། ཡུལ་དང་ཡུལ་འཁོར་ལ་མི་དགེ་བར་བསྟན་ཏོ།། གང་དུ་རླུང་མེད་པར་གློ་བུར་དུ ་གྲོང་གི་ཉེ་འཁོར་དུ་འཇུག་པའི་ཤིང་ལྗོན་པ་ཨ་ཤྭདྠ་དང་། བེ་ཏུ་ལ་སོགས་པ་རྩཝ་བ་ཟུགས་པ་རྩ་བ་ནས་འགྱེལ་བར་གྱུར་ན་གྲོང་དེ་འཇིག་པར་འགྱུར་རོ།། ཡང་རླུང་མེ་ལངས་པར་ཡང་ཐོག་ལྷུ་ངོ་བཾ་དང་། ལུས་མཱཾ་སྣང ་བར་ཚིག་མི་སྙན་པ་ཟེར་བ་དང་། ཤ་ཟི་མེའི་གླུ་སྒྲ་འབྱུང་བ་ནི་འཕྲལ་ཏུ་རྒྱལ་པོ་ལ་འཇིགས་པ་འོང་བར་བསྟན་ཏོ།། གལ་ཏེ་བློ་བུར་དུ་གདུགས་ཀྱི་ཤིང་དང་། ཁྲི་དང་ཁྲེའུ་དང་། ཁང་པའི་སྲོག་རྟེན་གྱི་ཤིང ་དང་། དེ་ལྟ་བུའི་རྣམ་པ་དག་གི་ཤིང་རྡོ་ཆག་གྲུམས་སུ་གྱུར་པ་དགུ་ནི་དེ་དག་གི་བདག་པོ་འཆི་བར་སྟོན་ཏོ།། ཡང་ངེས་པ་རུ་རྒྱལ་པོ་འཆི་བར་འགྱུར་བའི་ཚེ་ནི་རླུང་དྲི་ང་བ་དང་། ཟས་བསུངས་པ་ལྟ་བུའི་དྲི་དྲུང་། ་ཁྱི་དང་། བྱ་དང་། བྱི་ལ་དང་། བོང་བུ་ལ་སྩོགས་པའི་དྲི་དང་། དེ་བཞིན་དུ་ཕྱེ་མ་ལྟ་བུའི་དྲི་འབྱུང་བར་འགྱུ་རོ།། ཡང་རྒྱ་ལྔ་པོ་འཆི་བའི་ཚེ་ནི་རྒྱལ་མཚན་གྱི་རྩེ་མོ་དང་། རྩཝ་བེབས་དང་། སྒོ་གང་དག་ཏུ་སེར་བ་འབབ་ཅིང ་མོ་མེད་པར་ཡང་མོ་མདའ་ལྷུང་བར་འགྱུརརོ།། རྩེད་མོ་དང་རོལ་མོའི་སྒྲ་མི་སྙན་པ་དང་མཚོན་རྣམ་པ་སྣ་ཚོགས་མི་མཛེས་པར་གྱུར་པ་ནི། ཡུལ་འཁོར་དག་ཏུ་འཇིགས་པ་འབྱུང་བྱིའི་ལྷས་ཡིན་ནོ།། གང་དུ་མཚོན ་རྣམས་འགུལ་བ་དང་། རལ་གྲི་རིཤུགས་དང་བྲལ་བར་གྱུར་པ་དང་། གཞུ་མུ་བདུད་པར་གྱུར་ན་དྭེ་ནི་ངེས་པར་དམག་མི་བཟད་པར་འགྱུར་བར་སྟོན་ཏོ།། གང་གི་ཚེ་ཕྱོགས་ཐམས་ཅད་དུ་ཉིན་མོ་འམ ་མཚན་མོ་ཡང་རུང་སྟེ། ནགས་ཀྱི་མེ་སྣང་བར་གྱུར་པ་དེ་ནི་ལོ་ཉེས་པ་དང་། སྐྱེ་བཱི་ཉེ་པར་འགྱུར་རོ།། ཉིན་མོ་འམ་ཡང་ན་མཚན་མོ་ཡང་རཏྣ་སྟེ། ན་མཁའ་སྤྲིན་གྱིས་ཀུན་ཏོ་ཁེབས་པ་ན་ཕྱོགས་ཚ་བར་གྱུར ་པ་དེའི་ཚེ་ནི་རྒྱལ་པོ་གསོད་པར་འགྱུར་རོ།། ག་ལ་ཏེ་དགུན་ནི་དྲོ་བར་གྱུར་ལ་སྒྱིད་ནི་དྲང་བར་གྱུར་ན་ལུས་ཅན་རྣམས་ཀྱིས་ཉེས་པ་དང་འཆི་བར་འགྱུར། དབང་པོས་ཀྱང་ཆར་ཉུང་འབེབས་པ་དང ་དུས་འཆོལ་བར་ཡང་འགྱུར། འཇིགས་པར་བྱེད་པའི་ཆོམ་རྐུན་རྣམས་ཀྱིས་ཀྱང་ལོ་ཏོག་ཆུང་གསོན་པར་འགྱུར།། ཕྱི་རོལ་འབྱུང་བ་ཆེན་པོ་དག་གི་ལྷས་ཀྱི་ལེའུ་སྣ་བདུན་པའོ།། ། སྲོག་ཆགས་ཀྱི་ཚིག་ཏུ ་སྨྲ་བ་མེད་པ་ཀུན་གྱི་ལྷ་ས་ལ་ཁྱིམ་རྣམས་འདུས་ཏེ་ཁ་གྱེན་ཏུ་བལྟས་ནས་ཡང་དང་ཡང་དུ་ངུ་བར་བྱེད་པ་དེ་ནི་ཡུལ་འཕོ་བ་རཱི་བྱེད་པར་འགྱུར་རོ།། ཡང་ཉི་མ་འཚེར་བར་འམ་ནུབ་པ་ཁོ་ནའི་ཚེ་ཁྱིམ་དག་ཕྱི་རོལ་ཏུ་ཁ་གྱུར་ཏུ་བལྟས ་ཏེ་དུ་བར་བྱེད་ན་ཡུལ་རྣམས་འཇིག་པའི་རྒྱུ་ཡི་ནོ།། ཡང་ལྷ་ཁང་དང་། ལམ་པོ་ཆེ་དང་། རྒྱལ་པོའི་ལམ་དང་། ལམ་གྱི་བཞི་མདོར་ཁྱི་ཁཱ་གྱེན་དུ་བལྟས་ཏེ་ངུ་བར་བྱེད་ན། དེ་ཚྭ་མ་རྐུན་དང་། མོའི་འརྡེགྲཱྀ་པ་འོད་བར་སྟོན་པ་ཡིན ་ཡང་ཁྱོ་ང་བྱ་རོག་རྒྱལ་པོའི་ལམ་དང་། ལམ་གྱི་བཞི་མདོར་ཐང་ལ་དུས་ཅིག་ཏུ་འདུས་ནས་གལ་ཏེ་སྒྲ་ཆེན་པོ་འབྱིན་པར་བྱེད་པ་དང་། ཅི་དག་རཾ་འགྲོ་བར་བྱེད་པ་ནི་ཕ་རོལ་གྱི་དམག་ཆོག་འོང་བ་ཡིནོ།། གང་གི་ཚེ་བྱ་རོག་དང ་བུང་བ་དང་། སྦྲང་བུ་རྣམས་ར་བ་དང་། གྲོང་ཁྱེར་གྱི་སྒོ་དང་ཐ་དང་། ལམ་གྱི་བིཞི་མདོར་སྦྲང་རྩི་ཚང་དུ་བྱེད་པར་གྱུར་ན་གློ་བུར་གྱི་འཇིག་པ་དང་། རྒྱལ་པོའི་འཇིགས་པ་འབྱུང་བར་རིག་པར་བྱའོ།། དེ་བཞིན་དུ་དང་ར་དང ་ཁྱམས་ཀྱི་མདུན་དག་ཏུ་ཡང་དེ་ལྟ་བུར་སྣ་ན་དེ་བཞིན་དུ་འཇིག་པ་འབྱུང་བར་རིག་པར་བྱའོ།། དེ་ལ་གློ་བུར་གྱིའིཇིག་པ་འོང་ཞེས་བྱ་བ་ནི་ཕ་རོལ་གྱི་དམག་ཚོགས་འོང་བ་དང་། མེ་དང་ཆོམ་རྐུན་གྱི་འཇིག་པ་དག ་འབྱུང་བར་སྟོན་པ་ཡིན་ནོ།། ཡང་གང་དུ་སྲོག་ཆགས་ཕྲ་མོ་དག་ལ་ལ་ར་བ་དང་། གྲོང་ཁྱེར་གྱི་སྒོ་དང་། ཡང་ཐོག་དང་། སྒོ་གང་ལ་འཕྱང་མཽ་ཉུག་ཅིང་འཇོག་པར་སྣང་བ་དེར་ནི་ཕ་རོལ་གྱི་དམག ་ཚོགས་ཀྱིས་རིང་པོ་མི་ཐོགས་པར་གྲོང་ཁྱེར་མྱུར་དུ་འཇིག་པར་འགྱུར་རོ།། གང་གི་ཚེ་ཁྱི་དང་། ཁ་དང་། བྱེ་ལ་ལ་སོགས་པ་དང་། བྱ་སྣ་ཚོགས་དག་དུས་མཚུངས་མེད་པར་འཁྲིག་པ་དང་ལྡན་པའི་ཚེ་ནི་རྒྱལ་པོ་དང་ཡུལ ་རྟག་ཏུ་འཇིག་པར་བསྟན་པ་ཡིན།། དེ་བཞིན་དུ་མི་དང་། རྟ་དང་རྔ་མོང་དང་། བུང་བུའི་རིགས་དང་། བ་ལང་མོ་དང་། བྱ་དང་། རི་དྭགས་རྣམས་དང་། ཁྱི་དང་། བྱི་བ་དང་། སྦྲུལ་དག་དང་། སོགས་ཆགས་ཕྲ་མོ་གཞན་དག ་གི་ཡང་མྱངལ་ཕྱིན་ཅི་ལོག་ཏུ་གྱུར་པ་དེ་ནི་ཡུལྱཾ་རྣམས་འཁྲུག་པ་དང་། ནྱལ་པོ་ཡང་འཆི་བཱར་འགྱུ་རོ།། ཡང་གདོ་བྱཱ་ར་། རཱི་དག་སཱི་ཀྱི་རིགས་རློམས་དོང་། ཁྱཱངྒ་ནཱནྣ་ལྱཱ་བར་མས་ལེག་པཪྵ་འཁྲིག་པ་དང་ལྡན་པཱུར ་སྨྲ་བ་དེ་ནི་རྒྱལ་པོ་འཆི་བར་འགྱུར་རོ།། བྱཱ་རློག་གི་གཤོག་དཀར་པོར་མཐོང་ན་མི་དགེ་བ་ཡི་ནོ།། ཡུལ་དེ་ནས་འགྲོ་བར་བྱེད་དོ།། དེ་བཞིན་དུ་བྱ་རྒོད་ལ་སོགས་པའི་གཤོགས་པ་ལྷུང་བར་མཐོང་བྱ་དང་། \ུ0f89\ུ0f4་དེ་ལ་མི ་སོས་པར་བརྒྱལ་བར་བྱེད་པ་དེ་ནི་ཡུལ་གྱི་བདག་པོ་རྒྱལ་པོ་དག་འཆི་བའི་ལྟས་སུ་བསྟན་ཏོ།། ཡང་གང་གི་ཚེ་གྲོང་ཁྱེར་དུ་ཁྲིའི་ཚོགས་འདུས་ནས་གྲོང་ཁྱེར་གྱི་ཕྱི་རོལ་ཏུ་འདོད་པ་དེ་ནི་ངེས་པར་གྲོང་ཁྱེར་གྱི་སྐྱེ་བོ ་མེད་པར་འགྱུ་རོ།། ཝཱ་ཤིང་སྟེང་དུ་འདག་གམ། ར་བ་དང་སྒོ་ཁྱང་དང་། ཁྱིམ་དུ་འདུགུ་སྟེ་སྒྲ་ཆེན་པོ་འབྱིན་ཞིང་ཤིན་ཏུ་འཇིག་པར་སྨྱོན་པ་དང་། ཝ་ཉི་མུ་ལཱ་ཁ་བལྟས་ཏེ་རིངས་ཐབསུ་འདུག་ནས་སྐད་དྲག་ཏུ་འབྱིན་པ་དེར་ནི་དམགུ་འབྱུང ་བར་བཤད་པར་བྱའོ།། ཤིང་མཐོན་པོ་འམ། ཁང་སྟེང་མཐོན་པོ་འམ། མཛོད་མེང་པོར་འདུག་སྟེ། ཁ་ཉི་མ་ལ་བལྟས་ནས་ཝ་སྐད་དྲག་ཏུ་འབྱིན་པ་ནཱི་ལས་གྱུར་པ་དང་། རྒྱལ་པོ་ལས་གྱུར་པའི་ཉཾསོ་པ་འབྱུང་བར་བྱེད ་ཁྭ་འདུས་པས་སོ་ལ་མཱཆུ་བཙུགས་ཏེ་ཅང་མི་སྨྲ་བར་སྐད་ཅིག་འདུག་ནས་འདུས་ཏེ་གང་གི་ཚེ་ན་མཁའ་ལ་ཕུར་བ་དེའི་ཚེ་དམག་གྲི་འཚོ་བ་རྣམསོ་ལ་ཤིན་ཏུ་ཁྲག་འབྱུང་བར་འགྱུ་རོ།། ཁྭ་ཁཱ་ཐུབས་ཤང་སྐད་འབྱིན་བྲིའི་ཚོགས ་རྟག་ཏུ་འབྲེལ་པ་གང་ཡིན་པཱ་དཱི་ནཱི་གལྤ་ཏེ་ཁྱིམ་མམ?། གྲོང་ཁྱེར་རམ། ཡུལ་འཁོར་དང་། ཡུལ་དང་བུ་ལངྒ་རྫའི་གནས་འཇིག་པར་འགྱུར་བ་བརྗོད་པར་བྱའོ།། ཁཱ་ས་ལུ་མཆུའི་རྩེ་མོ་བཱཏཱ་བ་ཏི། སྐྲོད་མི་བཟད་པ་མི ་གསལ་བ་འདྲ་འབྱིན་པ་དེར་ནི་དེའི་ཚེ་ཤིན་ཏུ་འཇིགས་པ་ཆེན་པོ་འབྱུང་བར་བསྟན་ཏོ། ཤ་ཟ་བའི་བྱིའི་མཆུའི་རྩེ་མོ་ལེས་གང་དུ་ཤྱཱ་ལྒང་དེར་ནི་གློ་བུར་དང་རྒྱལྔ་པོ་ལས་གྱུར་པའི་ཇིག་པ་ཚན་པོ་འོང་བར་བསྟན་ཏོ།། གང་དུ ་རི་དྭགས་ཁ་ཉི་མོ་ལ་གྱེན་དུ་བལྟས་ཏེ། མི་དགའ་ཞིང་མཐོང་བར་བྱེད་ན་ཡུལ་གྱི་སྐྱེ་བོ་སྦྱངསུ་ཟིན་ཀྱང་སེམས་ཅན་གཞན་དག་གྲི་འཇིགས་པར་གྱུར་པ་དེར་ནི་རྒྱལ་པོ་ལ་བརྙས་པ་མཐོང་བར་འགྱུརརོ།། གང་དུ་ཝ་ཉིན་པར ་ཉི་མ་ལྟ་ཞིང་ཡང་དང་ཡང་ངུ་སྐད་དྲག་པོ་འབྱིན་པ་དང་། མཚན་མོ་གཟའ་རྣམས་ལ་ལྟ་བར་བྱེད་ཅིང་། བརྒྱལ་བའི་ཚེ་ནི་ངེས་པར་རྒྱལ་པོ་འཆི་བར་འགྱུརརོ།། བྱ་རྒོད་དང་བྱ་གླག་སྣ་དྲང་། ཆུ་ནས་སྐྱེས ་བའི་བྱ་དང་། ཁྭ་དང་། ཐི་བ་དང་། ཟས་སུ་ཤ་ཟ་བ་གཞན་དག་རྒྱལ་མཚན་གྱི་རྩེ་མོ་དགུ་དང་ཁང་སྟེངས་དུ་འདུག་པ་ནི་ཚེ་ཟང་པར་འགྱུར་བར་མངོན་པོར་ཤེས་པ་ངག་གིས་རབ་ཏུ་བརྗོད་དོ།། གལ་ཏེ་ཉི་མུ་ཕྱེདེ་པའི་ཆེ ་གླང་པོ་ཆེ་དང་། བ་ལང་གི་གནས་དང་། རྟའི་བྲེསུ་འུག་པ་སྣང་ལ་ཕྱུགས་ངག་ལ་ཡང་བཞོན་པར་གྱུར་པ་ནརི་ངེས་པར་རྒྱལ་པོ་ལྔ་འཇིགས་པ་འབྱུང་བར་བསྟན་ཏོ།། ཡང་གང་གི་ཚེ་གླང་པོ་ཆེའི་ལག་པའི་རྩེ་མོས་ཁྲག་སྐྱུག ་པབར་བྱེད་པ་དང་། གླང་པོ་ཆེ་མ། ཚིག་གི་མཆེ་བ་ཆག་པ་དང་། རྟ་རྣམས་ཁ་ངལ་བར་གྱུར་པ་ནི་རྒྱལ་པོ་འཇིགས་པ་འབྱུང་བའི་རྒྱུར་བསྟན་ཏོ།། གང་དུ་པདྨའི་འདབ་མ་བཏིང་བ་དག་ཏུ་བྱ་རོག་རྣམས་རྩེ་བར་བྱེད་ཅིང ་ཐང་ལ་ཡང་བྱ་ཀུནྣ་ལན་ཏ་དང་། དང་པའི་ཚོགས་དག་རྩེ་བར་བྱེད་ན་ཁྱིམ་མུམ་གྲོང་ཁྱེར་དེ་འཛག་པར་འགྱུརརོ།། སྲོག་ཆུགས་ཚིག་ཏུ་སྨྲ་བ་མེད་པ་རྣམས་ཀྱི་ལྟས་ཀྱི་ལེའུ་སྟེ་བརྒྱུད་པའོ།། ་ཆར་ལྟས་ལ་སྤྲིན་གྱི་གཟུགས་རིའི་རྣམ་པ་ལྟ་བུ་དག་དང་། ཕ་གོ་དང་། ཆུ་སྲིན་ལྟ་བུ་དག་དང་། སྦལ་པ་དང་། གླང་པོ་ཆེའི་གཟུགས་ལྷོ་བུ་དག་དང་། རིལ་བ་དང་། བུམ་པ་ལྟོ་བུ་དག་དང་། སེངྒེ་དང་སྟག་དང ་གླང་པོ་ཆེའི་བཞིན་དུ་ལྷའི་སྤྲིན་དག་གིས་ཁེབས་པའི་ཉི་མ་ནི་མོང་ལ་ཆར་པ་འབབ་པར་བརྗོད་པར་བྱའོ།། ལྡོང་རོས་ཀྱི་མདོག་ལྟ་བུ་དང་། དེ་བཞིན་དུ་མཚལ་ལྟ་བུ་དང་། ནེ་ཙོ་ལྟར་སྣང་བའི་མདོག་དང་། ཉེ་བའི་སྤྲིན་དག་གིས ་ཆར་པ་འབེབ་པར་ཡང་དག་པར་བསྟན་པར་བྱའོ།། པདྨའི་འདབ་མ་ལྟ་བུ་དང་། དེ་བཞིན་དུ་རྣོ་སྤུངས་པ་ལྟ་བུའི་སྤྲིན་གྱི་ཉི་མ་དང་ཟླ་བའི་གཟུགས་ཁེབས་པར་གྱུར་པ་དེ་ནི། དྲིའི་ཚེ་ཕྱོགསུ་འོད་ཆེན་པོ་འབྱུང་བར ་འགྱུར་བའི་ཆར་པ་འབབ་པར་སྟོན་པར་བྱའོ།། གླང་གི་ཚེ་ན་མཁའ་ཡན་ཕྱག་ཐམས་ཅད་སྤྲིན་གྱི་ཐིབས་བྱོར་ཁེབས་ནས་གདུག་སྟི་ལྟ་བུའི་གློག་འབྱུང་བར་བྱེད། འབྲུག་སྒྲ་རིང་དུ་འདོད་དགྲའ་འབྱུང་བ་དེའི་ཚེ་ནི ་ས་ཆུས་ཤིན་ཏུ་གང་བར་འགྱུར་རོ།། ཡོད་གུང་གི་ཚེ་སྤྲིན?་ཨི་ཤ་ནིའི་ཕྱོགས་དང་། ཤར་དང་བྱང་གི་ཕྱོགས་ནཱས་བྱུང་སྟེ། རིང་ཞོག་བརྟེན་པའི་སྒྲས་འབྲུག་ཟེར་བའོ་དྭེའི་ཚེ་ཡང་གཅིག་ཏུ་ས་ཆུ་དང་ལྡན་པར ་འགྱུ་རོ། ཡང་ཟླ་ཡར་གྱི་ངོ་དང་མར་གྱི་ངོ་ཡང་རུང་སྟེ། གཟའ་ཐམས་ཅད་འབྱུང་ཞིང་འདུ་བའི་སྤྲིན་དེ་དག་ནི་ཆེ་ར་འབབ་པར་བྱེད་དེ། འདི་ནི་སྔོན་གྱི་ལུང་ཤེས་པ་དག་གིས་བསྟན་པ་ཡིནོ།། གང་གི་ཚེ་དགུན་ཟླ ་འབྲིང་པོར་གྱུར་པ་ན་སྤྲིན་འདུས་པར་སྣང་ཞིང་། རླུང་སྣུམ་པའི་སྤྲིན་རུམ་ནས་འབྱུང་བ་དག་ལྡང་བ་དེའི་ཚེ་ནི་ཟླ་བ་དྲུག་པར་གྱུར་ནས་དབང་པོས་ཆར་པ་འབེབས་པར་འགྱུར་རོ།། དགུན་ཟླ་ཐ་ཆུང་ལ་སྤྲིན་བརྩེགས་པའི་སྤྲིན ་རུམ་འདུས་པ་གློས་དང་བཅས་པ་ནི་དབྱར་ཟླ་འབྲིང་པོར་ཡང་དགུ་པར་གྱུར་ནས་ཆུ་མང་དུ་རྣམ་པར་གཏོང་བར་འགྱུར་རོ།། སྒྱིང་ཟླ་ར་བ་ལ་སྦྱིནྡ་རུམ་དུ་གྱུར་པས་ནི་དབྱར་ཟླ་ཐ་ཆུང་ལ་ཆར་པ་འབབ་པར་བསྟན་པར། ་བྱའོ།། གང་གི་ཚེ་དགུན་ཟླ་ཐ་ཆུང་དང་སྤྱིདྲི་ཟླ་འབྲིང་པོ་རྣམས་འཇིགས་པར་བྱེད་པ་དེ་ནི་དེའི་ཆེ་ཟླ་བ་དྲུག་དྲུག་ཅིང་དེའི་ཚེ་ཆར་པ་མི་འབབ་པར་བརྗོད་པར་བྱའོ།། གང་གི་ཚེ་དགུ་ན་ཟླ་ཐ་ཆུང་དང་། སྦྲིད་ཟླ་འབྲིང་པོ་རྣམས ་ལོ་སྤྲིན་རླུང་རུས་ཅན་དག་ཏུ་ཆུ་གཏོར་བོར་མི་བྱེད་པ་ནི་དབྱར་ཀ་ཆར་པཱ་དེ་འབབ་པར་འགྱུརརོ།། གང་གི་ཚ་བྱང་ཕྱོགས་དང་། བྱང་ཤར་དང་། དེ་བཞིན་དུ་ཤར་དང་། ནུབ་དག་ནས་ཀློག་འབྱུང་བུ་ནི་ཆུ་རློ་པ་འབྱབ་པར་སྟོན་པའོ།། ་ཡང་ཕྱོགས་ཐམས་ཅད་ནྱས་ཀློག་ཀུན་ཏུ་འབྱུང་བར་གྱུར་པ་དེའི་ཚེ་ནི་ནཱ་མཁའ་ཁེབས་པའི་ཆར་པ་འབབ་པ་སྟོན་པ་ཡིན།། གང་གི་ཚེ་གློག་གི་ཕྲེད་དམར་ཞིང་མཐའ་སྔོ་བར་སྣང་བ་དྲོའི་ཚེ་ནི་མེའི་ཕྱོག་ནས་ཆར་པ ་ཅུང་ཟད་འབབ་པར་འགྱུརརོ།། གླེང་གི་ཚེ་ནུབ་ཕྱོགས་ཀྱི་ཆར་གྱི་སྤྲིན་གྱི་དབུས་ནས་འཇའ་སྣུམ་པ། ནོར་བུ་བཻ་ཌཱུརྱའི་འོད་ལྟ་བུ་བྱུང་བར་གྱུར་ཅིང་ཀྲོལ་འབྱུང་བའི་ཡེལ་གཱ་དང་། རང་གི་ཕྱོགས་ནཱ་སོ་རླུང་གིས ་བསྐྱོང་བར་གྱུར་པ་དེའི་ཚེ་ན་ཞག་བདུན་བདུན་དུ་ཆར་པ་འབབ་པར་རིག་པར་བྱའོ།། གང་གི་ཚེ་ཤར་རམ་བྱང་ལས་ཁྲ་བིབབ་ཅིང་རླུང་འབྱུང་ལ། ཕྱོགས་དུད་ཁ་དང་སྔོ་བསངསུ་བྱེད་པ་དེའི་ཚེ་ནི་ཆུརི་འབབ་པར ་འགྱུར་རོ།། གང་གི་ཚེ་ཉི་མ་ཤེར་བ་འམ། དུས་ཚིགས་ཀྱི་ཆགས་པ་འབྱུང་བར་ཆར་པའི་ཐིགས་པ་འབབ་པ་དེའི་ཚེ་ནི་ངེས་པར་ཆར་པ་ཆེན་པོ་འབབ་པར་འགྱུར་རོ།། ག་ལུ་ཏེ་ཡང་ཉི་མ་ཤར་བའི་ཚེ་སྒྲལ་བས་སྐད་རན་ཅིང་སྙན ་པུ་བྱུང་བ་དེའི་ཚེ་ཆར་མོ་ཆེ་འབབ་པར་འགྱུར་རོ།། མི་གཞན་ཞིག་ལག་ན་གདུགས་ཐོགས་ནས་ཆར་པའི་མཚན་མ་བྲིས་སམ་ཁྱིམ་འགེངས་བཞིན་དུ་དྲིས་ནས་དེའི་ཚེ་རྟག་ཏུ་ཆར་འབབ་པར་འགྱུར་རོ།། གོས་གཤེར་བིས ་ཀྱང་དྲིས་ན་ཆར་པའི་རྒྱུ་ཡིན་ཏེ། དེ་ལ་མོང་ཁོ་ནར་ཆར་དུ་འབབ་པར་འགྱུར་བ་ཐེ་ཚོམ་མེད་དོ།། ཆུའི་ཕྱོགས་སུ་འདུག་ནས་དྲིས་ཀྱང་རུང་སྟེ། ཆུར་བ་འབབ་པར་བལྟ་བར་བྱའོ།། བྱིལ་དང་སྲེང་མོང་དང་། སྦྲུལ་རྣམས ་ད་། གང་ཡང་གཞན་དག་ཏུ་གྲན་ཏུ་གནས་པ་དག་ལས་ཏེ་མི་མཐུན་པུར་རྒྱུག་པར་བྱེད་ན། མོད་ལྷོ་ཆར་པ་འཆར་པ་འབབ་པར་སྟོན་པྲ་ཡི་ནོ།། བྱིས་པ་ལུས་འཇིམོ་པས་བྱུགས་པ་དང་། མགོ་མེ་ཏོག་ཕྲེང་བས ་བཀྲིས་པ་གང་ན་འདུག་པ་དྲེར་ནི། འཕྲལ་དུ་ཆར་པ་མངོན་པར་འབབ་པར་བྱེདདོ།། ལུས་རྡུལ་གྱིས་བྱུགས་པའི་བྱིས་པ་དྲུག་རྡུལ་གྱིས་རྩེ་བར་བྱེད་པ་དང་། ཡུར་པ་འགྲོ་ངེས་པར་བྱེད་ན། འཕྲུལ་དུ་ཆར་པ་འབབ་པཱི ་རྒྱུ་ཡིན་ཏེ། ཆར་པ་འབབ་པའི་མཚན་ཉིད་ལ་མཁས་པ་རྣམས་ཀྱིས་དེ་ནི་འཕྲལ་དུ་ཆར་པ་འབབ་པར་བཤད་པ་ཡིན་ནོ།། གང་གི་ཚེ་སྦྲོན་ཀྱང་མེད།། ཁ་བ་ཡང་མེད་པར་རླུང་ཤིན་ཏུ་བསིལ་བ་དག་འབྱུང་ཞིང་། ་ལུས་ཅན་གྲང་བར་བྱེད་པ་ནི་དེར་འཕྲལ་དུ་ངེས་པར་ཆར་པ་འབེབས་པར་བྱེད་པའོ།། ཆུ་ནས་སྐྱེས་པའི་བྱ་ཤིང་གི་ཡལ་གྲཝ་ལ་ཞོན་པ་དག་ཉི་མས་འདབ་མ་སྐམ་པར་བྱེད་པ་ནི་ཆར་པ་འབབ་པར་ཡང་སྟོན་པ་ཡིནོ། ་གང་གི་ཚེ་ཤིང་ལཱ་གནས་པའི་བྱ་འདབ་མ་སྐེམ་པར་བྱེད་པ་དེ་ནི་ཆུར་པ་འབབྱ་པར་བྱེད་པའི་རྒྱུ་ཡིན་པར་བསྟན་པ་ཅོས་མཁས་པ་རྣམས་ཀྱིས་བསྟན་བཅོས་ལས་བརྗོད་པ་ཡི་ནོ།། གྲོང་གི་བྱེའུ་ཁྲུས་བྱེད་འདབ་མ་སྤྲུག་པར་བྱེད ་པ་གང་ཡིན་པ་དེ་ནི་ཆར་འབབ་པའི་ཡང་དག་པའི་ཤེས་པ་རྣམས་ཀྱིས་ཆར་པའི་རྒྱུ་ཡིན་པར་བྱ་རྗོད་པ་ཡིནོ།། ཆར་ལྟས་ཀྱི་ལེའུ་སྟེ་དགུ་པའོ།། །། དུས་ཚེགས་ཀྱི་འོད་ཆགས་པའི་ལྟས་ལ་བྲམ་ཟེ་རིག་པོ་ཅན ་གྱི་དུས་ཚིགས་ཀྱི་འོད་ཆགས་པ་བསྒྲིམས་ཏེ་བཏགས་ནས་དུས་བསྟན་པར་བྱ་སྟོ།། གང་གི་ཚེ་ནང་ནུག་ཏུ་དུས་ཚིགས་མདོག་སྣུམ་ཞིང་ལྡོང་རོས་ལྟ་བུའི་འོད་དམ་པ་བླའི་འོད་ལྟ་བུར་མཐོང་ནས་ཞག་གསུམ་གྱི་བུར་དུ་ཆར་པ་འབབ་པར ་ལྔས་ཤེས་པ་དག་གིས་བརྗོད་པ་ཡོནོ།། དུས་ཚིགས་ཀྱི་ཁ་དོག་དུང་དང་། གུར་གུམ་དང་། བ་ལིང་གི་གཅིན་ལྟ་བུའི་འོང་བྱུང་བ་དེ་དག་ནི་འཕྲལ་དུ་འཆར་པ་འབབ་པའི་རྒྱུ་ཡིནོ།། དབྱར་ཀ་དུས་ཚགས་གཉི་གར་ཡང ་ཁ་དོག་སྣུམ་པ་དང་། གུར་གུམ་ལྟ་བུ་དང་། གནག་པ་དང་། རང་བཞིན་གྱི་མཚལ་གྱི་འོད་ལྟ་བུ་འབྱུང་བ་དང་། ཁ་དོག་ཁྲི་ག་གི་འོད་དང་མཚུངས་པའི་འོད་དང་། དེ་བཞིན་དུ་རྒྱ་སྐྱེགས་ཀྱི་ཁུ་བ་ལྟ་བུ་དང་། དེ་བཞིན ་དུ་ཟངས་ལྟར་དམྱུར་བ་དག་གིས་ནི་དུས་ཚིགས་འཇིགས་པར་བྱེད་པར་འགྱུར་རོ།། དུས་ཚིགས་ཁ་དོག་རྩུབ་པ་དྲུག་ཏུ་དགག་དང་མཚོན་གྱིས་འདེབས་པ་དང་། ཁྲག་གི་ཆུག་ཆག་བཏག་པའི་ས་རྣམས་འབྱུང་བ་ནི་ཤིན་ཏུ་འཇིགས་པར ་བྱེད་པར་འགྱུརརོ།། དུས་ཚིགས་ཚོགས་པ་ཤིན་ཏུ་དམར་པོ་ནི་ཉིནྡ་གསུམ་དུ་ཚོར་བ་འབབ་པར་བསྟན་ཏོ།། ཡང་ན་མཚོན་གྱིས་འདེབས་པ་མཚོན་གྱིས་འཚོ་བའི་སྐྱེ་བོ་ཟད་པར་ཡ་ང་འགྱུར་རོ།། གངྒཱ་ཨ་ཚིགས ་གཉི་གར་ཕྱི་གས་སུ་རྡོ་བའི་ཆར་པ་འབབ་པ་དེ་ནི། མཁྲིས་པའི་ནད་ལ་སོགསྲ་པས་ལུས་ཅན་འཆི་བར་འགྱུརརོ།། གལ་ཏེ་དུས་ཚིགས་ཀྱི་ཚིགས་པ་ཡང་དང་ཡང་དུ་བྱིས་པ་དག་དམག་འགྱེད་པ་ན། རྣམ་པར་སྒེག་པར ་འགྱུར་ཞིང་རབ་ཏུ་རྒྱུག་པར་བྱེད་པ་དེ་ནི་ཡུལ་འཁོར་འཇིག་པར་བྱེད་དོ།། དུས་ཚིགས་རང་བཞིན་དང་ལྡན་པའི་ཉི་ཟླ་གཉིས་ལྷན་ཅིག་ཏུ་འབྱུང་ཞིང་། ཁ་དོག་གི་འོད་དམར་བ་དང་། རྩུབ་པ་མ་ཡིན་པ་ནི་ལོ་ལེགས་པ་དང ་བདེ་བའི་རྒྱུ་ཡིནོ།། དུས་ཚོགས་གཉི་ག་འོད་ཤིནྡ་ཏུ་གནག་ཅིང་མུན་པ་དང་འདྲ་བས་སྣང་ན་དེའི་ཚེ་དམག་དཔོན་རྣམས་འཁྲུག་པ་དང་། གསོད་པར་ཡང་བསྟན་པར་བྱའོ།། གླང་དུ་དུས་ཚིགས་ཀྱི་རང་བཞིན་གྲང་བ་དང་། ་གྲོ་བ་དང་འཇམ་པ་དང་། རྩུབ་པ་རྣམས་ནི་ཕྱིན་ཅི་ལོག་ཏུ་གྱུར་པ་དེར་ནི་ནད་དང་། འཆི་བ་དང་། རྒྱལ་པོ་ལ་འཇིགས་པ་འབྱུང་བར་འམ།། ཡང་ན་ངེས་པར་བདག་པོ་འཆི་བར་བསྟེན་པ་ཡིན་ནོ།། དེའི་ཉེན་ཀོར ་ཆོམ་རྐུན་དང་། སྦྲུལ་དང་སྲིན་པོ་རྣམས་ཀྱི་དབང་དུ་ཡང་འགྱུརརོ།། དུས་ཚིགས་ཀྱི་འོད་ཆགས་པའི་ལེའུ་སྟེ་བཅུ་པའོ།། ། དྲི་ཟའི་གྲོང་ཁྱེར་གྱི་ལྟས་ལ། གལ་ཏེ་ཤར་ཕྱོགས་སུ་དྲི་ཟའི་གྲོང་ཁྱེར ་བྱུང་བར་གྱུར་ན་ནུབ་ཕྱོགས་ན་འདུག་པའི་རྒྱལ་པོ་ལ་མཆོག་ཏུ་འཇིགས་པ་འབྱུང་བར་བསྟན་པ་ཡིན་ནོ།། གང་གི་ཚེ་ནུབ་ཕྱོགསུ་དྲི་ཟའི་གྲོང་ཁྱེར་སྣང་བར་གྱུར་ནཱ། དེའི་ཚེ་ནི་ཤར་ཕྱོགས་ན་གནས་པ་རྣམས་ལ་འཇིགས་པ་ཆེན་པོ ་འབྱུང་བར་བརྗོད་པར་བྱའོ།། གྷ་གི་ཚེ་བྱང་ཕྱོགསུ་དྲི་ཟའི་གྲོང་ཁྱེར་སྣང་བར་གྱུར་ན་དེའི་ཚེ་ལྷོ་ཕྱོགས་ན་གྲནས་པའི་རྒྱལ་པོ་རྣམས་ལ་འཇིགས་པ་འབྱུང་ངོ་།། གང་གི་ཚེ་ལྷོ་ཕྱོགསུ་དྲི་ཟའི་གྲོང་ཁྱེར་སྣང་བར་གྱུར་ན་བྱང་ཕྱོགས་ན་གན ་པ་རྣམས་ལ་འཇིགས་པ་འབྱུང་བར་པོ་རྗོད་པ་ཡིན་ནོ།། དྲི་ཟའི་གྲོང་ཁྱེར་ཚོགས་པའི་ལེའུ་སྟེ་བཅུ་གཅིག་པའོ།། །། གལཱ་ཏེ་གང་དུ་འཇིག་རྟེན་པའི་ལྷའི་ག་རུ་གླུས་གར་བྱེད་པ་དང་། རབ་ཏུ་གཡོ་བ་གྱུར་པ་དང ་སྨྲ་བར་གྱུར་པ་དང་། མིག་འཚམས་གང་བ་དང་། རྡུལ་བྱར་གྱུར་པ་དང་། གས་པར་གྱུར་པ་དང་། དུམ་བུར་གྱུར་པ་དང་། ཐམས་ཅད་དུ་ཞིག་པར་གྱུར་པ་ལ་སོགས་པས་ནི་འཇིགས་པོ་རྣམས་དུ་མ་འབྱུང་བར་རིག་པར་བྱའོ།། ་དེ་ཡང་གར་གྱིས་ནི་དམག་མང་པོ་འབྱུང་ངོ་།། རབ་ཏུ་གཡོ་བས་ཟླ་བ་བཞིན་དམག་འབྱུང་བ་དང་། ཟླ་བ་དྲུག་གིས་རྒྱལ་པོ་ཀུན་ཏུ་ཟད་པར་འགྱུར་བ་དང་། རིང་པོ་མི་ཐོགས་པར་ཡུལ་འཇིག་པར་འགྱུར་རོ།། གོམ་པ་འདོར་པོས་ནི ་ཡུལ་བོར་ཏེ་དོང་བར་འགྱུར། གླུ་ལེན་པས་ནི་ཡུལ་འཁོར་འཇིགས་པར་འགྱུར། དུམ་བུ་ལས་ལྷུང་ན་ལུས་ཅན་རྣམས་འཆི་བར་འགྱུར་རོ།། རླུང་ལ་སོགས་པས་ཕུལ་བ་དང་། འདོད་པ་མེད་པར་ལྷའི་གཟུགས་ཀྱི་མགོ་དག་ལས་མེ་ཏོག ་གི་ཕྲེང་བ་ལིག་པཱ་བཞག་པ་ལྷུང་བར་གྱུར་པ་ནི་རྒྱལ་པོ་དང་ཡུལ་འཁོར་དུ་བཅས་ཏེ་འཆི་བར་འགྱུར་རོ།། ཡང་གང་དུ་རྒྱལ་པོ་རྟག་ཏུ་ཕན་ཚུན་འཁྱམ་པར་བྱེད་པ་དང་། འཇིགས་པ་མེད་པ་ཡང་འཇོག་པས་སྐྲག་པ་དང་། རྡེག ་འཆོས་པ་དང་། རབ་ཏུ་གྱུ་ར་པ་དང་། ཡིད་མི་དགའ་ཞིང་ངུ་བར་འགྱུར་པ་དང་། གཟུགས་མི་སྣང་བར་སྲོག་ཆགས་རྣམ་པ་ཐ་དད་པ་ངག་གི་སྒྲ་ཤིན་ཏུ་སྡུག་བསྔལ་བ་དག་ཐོས་པར་གྱུར་པ་དེའི་ཚེ་ན་རང་གི་ཡུལ ་འཁོར་དང་ཡུལ་དུ་བཅས་ཏེ་རྒྱལ་པོ་འཆི་བར་འགྱུར་ལཱ། ཡུལ་འཁོར་དེའི་སྐྱེ་བོ་ཡང་མུ་གྷེ་དང་གནོད་པ་དག་གིས་གཟིར་བ་དང་། བུ་སྨད་ཡང་བྲལ་བར་འགྱུར་བ་ཡིན་ནོ།། གང་དུ་སྟན་པ་མེད་པ་གླུ་དང ་སྤེལ་ཏེ། ཚིག་གི་གླུ་ལེན་པར་བྱེད་ཅིང་། མི་མཐུན་པའི་དོན་བརྗོད་པ་དེར་ནི་རྒྱལ་པོ་འཆི་བར་བརྗོད་པར་བྱེད།། ལྷ་རྟེན་དང་གཟུགས་འགྱུར་བའི་ལྟས་ཀྱི་ལེའུ་སྟེ་བཅུ་གཉི་སྔ་པའོ།། ། ལམ་དུ་འཇུག་པའི ་ལྟས་ལ་གང་གི་ཚེ་རྒྱལ་པོ་དང་། བློན་པོ་དང་། བྲམ་ཟེ་དག་ལམ་དུ་འཇུག་ཅིང་འཕགས་པ་ན་གནམ་གྲུམ་པ་དང་བཅས་པའི་སྐར་མངའ་འབྱུང་བ་དང་། སེར་བ་འབབ་པ་ནི་དེ་དག་མི་མཐུན་པར་བརྗོད་པ་ཡིན་ནོ།། དེ་དགེ་དགས་པ ་ནན་སྦྱིན་པས་། ས་ཀྵ་ས། སྱཱཀྐཱ་རྻ། མྱུ་རྫུ། ་སྣང་བ་དེར་ནི་དགེ་བར་བལྟའོ།། སྤྲིན་དང་། འཇའ་དང་། དེ་བཞིན་དུ་གློག་འགྱུར་བ་དང་། ཆུ་སྦྱིན་པར་བྱེད་པོའི་དྲུག་མི་གསལ་བ་འབྱིན་པ་དག་ནི་འཇིགས་པ་གདོན་པར་རིག་པར་བྱེད་པ་ཡིན།། ལམ་དུ་འཇུག་པའི་ལྟས་ཀྱི་ལེ་རུ ་སྟི་བཅུ་གསུམ་པའོ།། །། གོང་དུ་ལྷས་སྣ་ཚོགས་བསྟེན་པ་དེ་དག་གི་འབྲས་བུ་འབྱུང་བའི་དུས་ཀྱི་ཚ་དྲྀ་བསྟན་པ་གཟའ་སྐར་དག་ལ་མིག་དམར་གྱི་ལྟོས་བྱུང་བ་ནི་ཞག་བདུན་ནས་འབྲས་བུ་འབྱུང ་དེ་བཞིན་དུ་གཟའ་ལ་ནི་ཞག་བཅུ་ཚུན་ཆད་ཀྱིས་སོ།། ཕུར་བུ་ནི་ལོ་ཅིག་རྣམ་པར་སྨིན་པར་འགྱུརརོ།། བ་ལྦ་སངས་ནི་ཟླ་བ་དྲུག་ཚུན་ཆད་ཀྱིས་སྨིན་པར་འགྱུར་བར་བསྟན་པར་བྱའོ།། གནམ་གྲུམ་པ་དང་སྭ་གཡོ་བ་ནཱི་ཟླ་བ་བརྒྱད་དུ ་བརྗོད་དོ།། གྲོང་ཁྱེར་དང་མཆོད་རྟེན་དང་། ཤིང་དང་འབྲེལ་པ་ནི་ཟླ་བ་གཅིག་ཁོ་ནས་སྨིན་པར་འགྱུར་རོ།། རྡོ་གཟེགས་མི་འཆར་པ་འབབ་པ་དང་། དེ་བཞིན་སྤྲིན་སྒྲ་འབྱུང་བ་དང་། གཟུ་རྣམས་འཁྱིམས་པ་ནི་ཞག་གསུམ ་ཚུན་ཆད་ཀྱིས་སྨིན་པར་བྱའོ།། ཉི་ཟླའི་ཡང་འཕྲལ་དུ་འབྲས་བུར་འགྱུར་བར་བསྟན་པར་བྱའོ།། འཛའ་ཐུག་པ་ནི་ཟླ་བ་བཅུ་གཉི་སུ་རྟོག་གོ།། སེར་བ་བབ་པ་ལས་ནི་ཟླ་བ་ཕྱིད་དང་གཉིས་ཀྱིས་འབྲས་བུར་འགྱུར་རོ།། མེ་མེད་པར ་མེ་འབར་བ་ལྟ་བུར་སྣང་བ་ནི་འབྲས་བུ་འཕྲལ་དུ་འབྱུང་བར་མཁས་པ་ངག་གིས་བཤད།། དེ་བཞིན་དུ་དབྱིག་འགྱུར་བ་དང་། མངལ་དག་ཕྱིན་ཅི་ལོག་པ་དང་། དུས་མ་ཡིན་པར་ལོ་ཏོག་འབྲས་བུ་ཆག་པུ་ཐམས་ཅད་ཀྱི་ཡང་ཟླ་བ་དྲུག ་པར་བརྗོད་དོ།། སྤྲིན་མེད་པའི་སྒྲ་དག་ཟེར་བ་ནི་ཟླ་བ་ཅིག་གིས་སོ།། འཇའི་ལྷས་ལྟ་བུའི་ཞག་གསུམོ་ཚུན་ཆ་ད་ཀྱིས་འབྱུང་ངོ་།། ཟླ་བོའི་དཀྱིལ་འཁོར་སྔོན་པོར་གྱུར་པ་ནི་ཞག་བདུན་ཚུན་ཆད་ཀྱིས་འབྲས་བུ་འབྱུང།། ་གྲོང་དང་གྲོང་ཁྱེར་ངག་དང་། དེ་བཞིན་དུ་གླིང་པོ་ཆེ་དང་། རྟ་དང་། བ་ལྱཱང་དུང་། གླང་པོ་ཆེ་ལ་སོགས་པའི་ལྷས་བྱུང་བ་ནི་འཕྲལ་དུ་འབྲས་བུ་འབྱུང་ཞེས་བྱའོ།། དེ་བཞིན་དུ་སྔོན་མ་བྱུང་བ་ལ་སཱ་གློ་བུར་དུ་བྱུང་བ་རྣམས་དང ་འཇིག་སུ་རུང་བའི་སྒྲ་བྱུང་བ་རྣམས་ཀྱི་ཡང་འབྲིས་བུ་འཕྲལ་དུ་འབྱུང་བར་བརྗོད་དོ།། གདུག་སྡུ་དང་། རྒྱལ་མཚན་འ་གྱེལ་བ་དང་། གཞི་དང་རྟ་བི་བས་དང་།། ཁྱད་པ་རྡེབ་པ་དང་། མཇུག་རིངས་འཆ་རེ་བའི་ནི་ཟླ་བ ་ཅིག་གི་འབྲས་བུའིབྱུང་ངོ་།། མི་རྒོད་དང་། སྦྱིན་གོར་དང་། སྦྲང་རྩིའི་སྦྲང་བུ་རྣམཱི་ས་ནི་ཞག་བཅུ་ཚུན་ཆད་ཀྱིསོ།། སྟག་དང་། བྱི་ལ་དང་། ཝ་དང་། སྲེ་མོ་དང་། བྱ་རྣམས་དང་། བར་སྣང་ལས་སྒྲ་བྱུང་བ་རྣམས་ཀྱི ་ནི་འབྲས་བུ་འཕྲལ་དུ་འབྱུང་ངོ་།། ཡང་བྱ་དང་གྲོག་སྦུར་དང་། ཕྱེ་མ་ལེབ་རྣམས་ཀྱི་ནི་ཞག་བཅུ་ཚུན་ཆད་ཀྱིསོ།། ཡང་བྱ་བ་དང་སྦྲུལ་དང་། དེ་བཞིན་དུ་སྦྲང་བུ་མང་པོའི་ལྟས་བསྟན་པ་ལས་ནི་ཟླ་བ་གཅིག་ཏུ ་ཤེས་པར་བྱའོ།། རི་དྭགས་ཀྱི་རིགས་རྣམས་དང་། བྱ་དག་གི་སྐད་བྱུང་བའི་ནི་ཟླ་བ་གསུམ་གྱི་འབྲས་བུ་འབྱིན་ཏོ།། དུས་ཚིགས་ཀྱི་མཚན་མ་རྣམས་ནི་ཞག་བདུན་ཚུན་ཆད་ཀྱིས་སོ།། དྲི་ཟའི་གྲོང ་ཁྱེར་ཆགས་པ་ནི་ཟླ་གསུམ་གྱི་འབྲསྔོ་བུ་འབྱུང་བཪྴ་བ་ཤངྒ་དྲོ།། ལྷས་སྣ་ཚོགས་བསྟན་པི་འབྲི་ས་བུ་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། ། གནོད་པའི་ལྷས་དྲན་རྣམས་ཀྱི་རྒྱུ་བསྟུན་པ་དང་། དེ་དག་གི ་དྲོ་ལན་གྱི་ཆོ་ག་བསྟན་པ་ཡོང་གིས་སྲིད་པ་མི་སྲིད་པ་ཕྱིན་ཅི་ལོག་ཏུ་སྣང་བ་གང་ཡིན་པ་དེ་དག་ནི་ཕ་ལ་ཆེར་མི་དྲུག་པའི་འབྲས་བུ་དབུ་སུ་འབྱིན་པར་རིག་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན་དེ་དག་གི་རྒྱུནི་འདི་ལྟར་ཉེ་བར ་སྤྱོད་པ་མང་པོ་ལ་སོགས་ཤིང་བསོགས་པ་ལས་འབྱུང་བའི་ཕྱིར་ཏེ། དེ་དག་ཡང་ཁྭ་ཅིག་ལས་ངན་པའི་དབང་གིས་ཡུལ་ལོག་པར་སྣང་པོར་གྲུབ་པ་ཡང་ཡོང་ཁ་ཅིག་མི་མོ་ཡིན་པ་དག་གིསྟེ་སྤྲོ་རྔོན་པའི་ཆེང་དུ་བསྟན ་བ་དག་ཡོད་པས་ན་གང་དག་མི་སྟོན་པ་ལྟར་སྣང་བདེ་དེ་དག་ཀྱང་། འདིར་ཐུབ་པ་ལྷའི་མིག་ཅན་དེ་དག་གིས་བསྟན་པ་བ་ཞིན་ངེས་པ་ཅན་དུ་གཟུང་བར་བྱའོ།། གུང་དག་ཁ་ཅིག་ཏུ་དངོས་པོ་མྱི་སྲིད་པ་ལྟ་བུ ་ཞིག་ཏུ། བརྒྱ་ལ་སྣང་ན། དེར་ཡོན་ཏན་ཞིག་ན་དགེ་ཞིང་བཟང་བ་དང་། ཕྱིན་ཅི་ལོག་གཅིག་ནའང་མི་དགེ་བའི་དོན་དུ་རིག་པར་བྱའོ།། དེ་ལྟར་མི་དགེ་བར་གྱུར་པའི་མཚན་མ་དེ་དག་ནི་གཉེན་པོ་སོར་བརྟེན་པ་དག་གིས ་ཟློག་པར་འགྱུར་སྲིད་དེ། དེ་དག་ཀྱང་གང་ཞེ་ན། བསོད་ནམས་ལས་རབ་ཏུ་གནས་པའི་སེམས་དང་ལྡན་པ་རྣམས་དང་། རྣམ་པར་དག་པ་ལ་བརྟེན་པ་དག་དང་། སྦྱིན་བསྲེགས་དང་། བཟླས་བརྗོད་ལ་བརྩོན་པར་བྱ་བ་དང་། ་སེར་སྣ་བཅོམ་པ་དང་། ལྷ་དང་བྲམ་ཟེ་དག་ལ་བཅོམ་པ་དང་། ཞི་བ་དང་རྒྱས་པའི་བཟླས་བརྗོད་དང་། སྦྱིན་བསྲེག་གི་ཆོ་ག་བྱ་བ་དང་། བསམ་པ་དྲི་མ་མེད་པས་ནོར་རབ་ཏུ་སྦྱིན་པ་དག་གིས་མི་ཚོགས་ཤིང ་རྣམ་པར་འཇིག་པར་བྱེད།། གྲལ་ཏེ་གཉེན་པོ་བྱེད་པའི་སྟོབས་དག་གིས་ཀུན་ཏུ་ཟློག་པར་གྱུར་ན་ཡང་རྒྱ་ལ་པོ་འཆི་བ་ལས་རབ་ཏུ་བཅད་དེ་ཚེ་ནུར། གྲོང་དང་། གྲོང་ཁྱེར་དང་། ཡུལ་འཁོར་དེ་དྲུག་རྒྱག་ཅིང ་རྣམ་པར་འཇིག་པ་ཡོད་ཡུན་རིང་དུ་གནས་པ་ཙོམ་དུ་འགྱུར་བསྟན་ཏོ།། ཐུབ་པའི་ཆོ་ག་མཆོག་གརྨྨ་ལ། བ་ར་དཱ་ཙ་གཽ་ཏ་མས། ལྷ་ཡུལ་བར་སྣང་ས་ཟླ་དང་། གཟའ་སྐར་སྲོག་ཆགས་རྣམས་ཀྱི་ལྟས།། ས་བདག་མོ་ཡེ་རྒྱལ་པོ ་དང་རྟ་གྲོང་དང་ཡུལ་འཁོར་གནས་པ་ལ།། གནོད་པར་གྱུར་པ་བཱི་ལྱཱས་བྱུང་ལ།། ཆོ་ག་གང་དང་གཔ?་གྲི། ཞུ་བར་འགྱུར་བ་ཞུས་པ་ལས།། ཐུབ་པ་གརྒ་ས་ལུང་བསྟན་པ།། ཕན་པར་འགྱུར་བའི་ཆོ་ག་གླང་།། གྷོ་ཏ་མས་ནི་ཉན་པོར་གྱི། ་དང་པོ་སྦྱིན་པ་བཏང་བྱ་སྟེ།། ལྷ་དང་བྲམ་ཟེ་མཆོག་མཆོད་ན།། སྦྱིན་སྲེ་ག་བཟླས་བརྗོད་མཆོད་སྦྱིན་གྱི་ས།། གཏོད་པའི་ངོ་ལོང་བྱ་བར་བསྟན།། དེ་ལ་ཐོག་མར་བ་ལང་དང་།། དབྱིག་དང་གོས་ལ་སོགས་པ་དག། བྲམ་ཟེ ་རྣམས་ལ་སྦྱིན་བྱིན་ནས།། སོ་སོ་ཁྱིམ་དུ་རྒྱལ་པོ་ལ།། གཙོ་དག་ལ་ཅི་རིག་པར།། དབང་སྒྱུར་བ་ནི་ལེགས་པར་བྱ།། མདུན་ན་འདོན་ཞིང་མཉམ་གཞག་པས།། ཞག་བདུན་སྦྱང་བ་བྱས་གྱུར་པས།། ལྷ་ལ་གཏོར་མ་རབ ་ཕུལ་ཏེ།། ཡུ་དུལ་བ་རིའི་ལམྦྷ་ཤིང་བསྐྱོག། ཤིང་མྱུར་ལ་པོ། ཏགྲྀ་བཽ་བཱནྡྷ་རྩཝ་བརྒྱད་ནང་པར་ནང་པར་ནཱིང་སྔགྶསརིག་པས་སྦྱིན་སྲོག་བྱའོ།། ཡང་ན་བྲམ་ཟེ་གཙང་མཐུས་སུ་མར་གྱུ་ནབངྒཱའི་བྱཱ་དང་བཅས་བྱཱ་སྦྱངས་ཏེ། ་ཞུག་གསུམ་སྐུང་བ་བྱས་པའི་སྔགས་མཁན་གྱིས་རིག་སྔགས་ཏྭ་ཏ་རཾ་ཞེས་བྱ་བ་འདས་ཨ་བ་མརྒའི་ཡམ་ཤིང་བསྲེགས་ཤིང་མར་ལ་བཏགས་པ་བརྒྱ་རྩཝ་བརྒྱད་སྦྱིན་སྲེག་བྱའོ།། ཡང་རྒྱལ་པོའི་ཕོ་བྲང་དམྱ། གྲོང་ཁྱེར་རམ་ཡུལ ་གྱི་ཕྱིར་རྒྱལ་པོའི་མདུན་ན་འདོན་གྱིས་ལྷ་ལ་ཞག་བདུན་དུ་གཏོར་མ་ཕུལ་ལོ། མར་བྲེ་དྲོ་འམ། ཡང་ནཱ་མར་བྱེ་གང་མར་ལ་བཏགས་པའི་ནཱསྣ་བྲེའུ་ཆུང་གཉིས་ཁོ་ནས་སྦྱིན་སྲེག་བྱའོ།། དེ་ལྟར་སྦྱིན་སྲེག་གི་ཆོ་ག་ཟིན་ནས་བྲམ་ཟེ ་རྣམས་བརྒྱ་འམ། དེ་ལས་ལྷག་པ་དག་ལེ་འུ་ཐུག་སྤུད་པ་འམ། ཡང་ན་ཞག་བདུན་དུ་ཆོས་སྟོན་བྱའོ།། དེའི་འོག་ཏུ་བྲམ་ཟེ་དག་ལ་ཡོན་སྦྱིན་པོ་ནི་གསེར་དང་། དངུལ་དང་། རྟ་དང་། གླུངྒཱ་དང་། གོས་རྣམ་པ་སྣ་ཚོགས་དག ་སྦྱིན་པར་བྱའོ།། དེ་ལྟར་སྦྱིན་སྲེག་གི་ཆོ་ག་ཟིན་ནས་ཡང་ན་བྲམ་ཟེ་རྣམས་ལ་གླང་ཅིག་དང་བཅུ་སྦྱིན་པ་སྟེ། ཚིག་འདི་ལྟར་བྱས་ནི་ལྟས་ལས་འབྱུང་བའི་གནོད་པ་ཐམས་ཅད་ཞི་ཞིང་ཟློག་པར་འགྱུར་རོ།། ལྟས་ལྔ ་གནོད་པར་འགྱུར་བའི་ང་ལོན་གྱི་ཆོ་ག་བསྟན་པའི་ལེའུ་སྟེ་བརྟོལྔ་པའོ།། ། ཐུབ་པ་ཆེན་པོ་དྲང་སྲོང་སྐར་མའི་ལྟས་ཀྱི་གཙུག་ལག་རྨ་བྱ་ལས་ལྷས་སྣ་ཚོགས་བསྟན་པ་ཞེས་བྱ་བའི་ལྷས་ཇི་སྐད་པ་རྫོག་སོ།། ་