| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཤཱ་རི་པུ་ཏཱཥྚ་ཀ། བོད་སྐད་དུ། ཤཱ་རིའི་བུའི་བརྒྱད་པ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། སེམས་ཅན་རྣམས་ལ་བརྩེ་བ་ཅན། འགྲོ་བའི་དགེ་དང་མི་དགེ ་གྲང་ཤེས་རབ་ཆེན་པོའི་ཤཱ་རིའི་བུས།། སྟོན་པ་ལ་ནི་ཡོངས་སུ་ཞུས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རི་རབ་ལྷུན་པོ་གྲུ་དང་ཟླ།། བྱ་རོག་སེང་གེ་ཅེ་སྤྱང་དང་།། ཞོ་བུམ་དང་ནི་མེ་ཡི་ཐུབ། ་རྩི་བ་བརྒྱད་བསམ་མོ་ཤཱ་རིའི་བུ།། སངས་རྒྱས་ཀུན་གྱི་བདེན་པ་གང་།། ཆོས་དང་འཕགས་པའི་ཚོགས་ཀྱི་ཡང་།། དགྲ་བཅོམ་རྣམས་ཀྱི་བདེན་པ་གང་།། བདེན་པ་དེ་ཡིས་འདི་ལ་མཛོད།། རི་རབ་ལྷུན་པོ་ལ ་རེག་ན།། ཇི་ལྟར་འདི་ནི་ལེགས་པར་གནས།། གཡོ་བ་མེད་པའི་གནས་ཐོབ་འགྱུར།། གཡོ་བ་དེ་ལ་ཡོད་མ་ཡིན། གྲུ་ལ་མི་གཡོ་གཡོ་མེ་དེར།། དེ་ཡི་འབྲས་བུ་ཐོབ་པར་འགྱུར།། ལྷ་ཡི་རྣལ་འབྱོར་གྱིས་ག་ནས་ཏེ།། ་རེས་དགའ་ཉིད་མྱིན་བལྟ་བར་བྱ།། ཟླ་བས་ངེས་པར་ངོམ་འགྲུབ་ཅིང་།། དེར་ནི་ཡང་དག་ཕྲད་པ་དདྲཱ།། ཡིད་ལ་བསམ་པ་ཀུན་ཐོབ་ཅིང་།། གྲགས་པ་དབང་ཕྱུག་ཉིད་ཀྱང་ངོ་།། བྱ་རོག་ལ ་ནི་གནས་དང་འགྲོ།། ནང་ནི་ཡུན་རིང་ངེས་པར་བརྟན།། དེ་ལ་དོན་མེད་མཐོང་འགྱུར་ཏེ།། དེ་ཡི་དོན་ནི་སྤང་བར་བྱ།། སེང་གེས་ངེས་པར་དོན་འགྲུབ་ཅིང་། དགེ་དང་ཞི་དང་འཁྲུག་པ ་མེད།། སྐྲག་པ་མེད་ཅིང་འཁྲུལ་མེད་པ།། གྲུབ་ཅིང་དབང་ཕྱུག་ཉིང་ངོ་།། ཅེ་སྤྱང་ལ་ནི་ཆོམ་རྐུན་འཇིགས།། མི་མཛའ་བ་དང་ཡང་དག་འབྲང་།། དོན་མེད་སེམས་འཁྲུགས་འཇིགས ་འགྱུར་དུ། དེ་དོན་ཡོངས་སུ་སྦྱང་བར་བྱ། ནོ་བུམ་ལ་ནིནྡྷརྱ་ཐོབ་ཅིང་།། ཤིན་ཏུ་མཛེའ་དང་ཡང་དག་ཕྱུང་།། ཡིད་ལ་བསམ་པ་ལེགས་ཐོབ་ཅིང་།། དབང་ཕྱུག ་འབྲེལ་བྷཉྩིད་ཀྱང་ངོ་།། མེ་ཐབ་ལ་ནི་འཇིག་སྨྲ་དང་བསྲེག། གང་གི་ཡིད་ནི་གྲཱ་དང་བྷཱ་སྐྱེ། ནཱ་བ་དང་ནི་འཚོ་བ་ཡང་།། ཐེ་ཚོམ་ཟ་བའི་མེ་འབར་འགྱུར། ཤཱ་རིའི་བུའི་བཻ་རྒྱུང་པ ་རྫོགས་སོ།། བལ་པོ་རྫོང་དུ། རྒྱ་གར་ཤར་ཕྱོགས་ཀྱི་ཎྜོ་ཏ་བུདྡྷ་ཤཱི་ཛྙཱ་ནའི་ཞལ་སྔ་ནས་མཉན་ནས། མང་དུ་ཐོས་པའི་ལོ་ཙཱ་བ་ཉི་མ་རྒྱལ་མཚན ་དཔལ་བཟང་པོས ་སྟུག་ས་གའི་ཉ་ཡོངས་སུ་གང་བའི་སྔད ་