| Wylie | e-texts produced with BDRC’s OCR application |
རློམ་རྒྱ་མན་པོ་པའི་ཕྲེང་བ་ས་བྱབ་ཞུགས། ་རྒྱ་གཱར་སྐད་དུ། དུ་པ་ཡོ་གྲ་རཏྣ་མཱ་ལ་ན་མ། བོད་སྐད་དུ། སྤོས་སྤྱོ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ། རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།། སྲང་ཕྱེད་ལ་རི་དགས་ལྟེ་བའི་དྲི།། ག་བུར ་ཞོ་དོ་ཁ་ཆ་ཡི།། གུར་གུམ་དག་ནི་སྲང་ཕྱེད་ཡིན།། ན་ཁི་སྲང་ཅིག་ཁ་རུ་བཏང་།། བཅུ་དྲུག་སྲང་གི་སྤང་སྤོས་ཉིད།། སྲོང་བཞི་ས་ལཱི་ཞེསུ་བརྗོད།། ཟིའུ་དེ་ཡི་ཉིས་འགྱུར་ཉིད།། གུ་གུལ་དག་ཀྱང་དེ་དག་མཚུངས།། ་གོང་བུའི་རྫས་ནི་ཞིབས་པར་བརྡུངས།། གུ་གུལ་དག་དང་རབ་ཏུ་སྦྱར།། གར་སྲི་འཆང་ནི་སེལ་བྱས་བཟུང་།། སྤོས་སྦྱོར་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ།། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ།། ཁ་ཆེའི་པཎྜི་ཏེའི་ཞལ ་མངའ་ནས་དྲང་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་བའོ།། ། སྤོས་ཀྱི་སྦྱོར་བ་རེའུ་ཆར་བྱིས་པ།། དཀོན་མཆོག་གསུམ་ལ་ཕྱག་འཚལོ།། ཨ་ཀར་བ་ཏྲ་དུ་རུ་སུ་རྡོ་དྲེག་པྲི་ཡྲྀ་གླ་སྒང ་པྲ་ཚིལ་བ་ལི་ཀ། པྲི་ཀ་ཤིང་ཚྭ་རྒྱ་སྤྲོས་སྤང་སྤོས་ཙན་དན་སེར་མོ་ཐུང་ཆུ་ཀུན་ཏུར་རྣམས།། སྦྱོར་བ་སྤོས་རྒྱལ་གློ་རྩི་ག་བྷཱར་ངག་གིས་གསོ་ཞིང་བདུག་པོ་མཆོག་གྷི་བདུག། མེ་ཏོག་ཞེམ་པཱ་ས་བསྒོ་བེ་གྱིས་དྲང ་དྲི་སྦྱར་མཆོག་ཏུ་འདི་འགྱུར་ལུས་མཆོག་མེ།། ཤིང་ཚྭ་ཨ་གར་པ་ཏྲ་པྲི་ཀ་དུ་རུས་སྤང་སྤོས་རྒྱ་སྤོས་རྡོ་དག་དང་།། ཀུན་ཏུ་གྷོ་དྷ་བ་ལིག་ཐང་ཆུ་པྲི་ཡང་སེན་མོ་ཙཱན་གླ་སྒང་རྣམས།། གོ་རིམ་བཞིན་དུ་ཆ་རེ་བསྐྱེད་ཅིང ་