| Wylie | e-texts produced with BDRC’s OCR application |
གཞི་མཉམ་གཉིས་དང་།། ཤིན་ཏུ་གཞོན་ཤ་ཡ་ཡེ་མེད་པར་རིམ་བྲིས།། རི་མོའི་མཚན་ཉིད་ལས།། ཚད་ཀྱི་ལེར་སྟེ་གསུམ་པའོ།། ཚངས་པའི་ཚད་ཡིག་ཇི་སྙེད་པ་རྫོགས་སོ།། ། རྒྱ་གར་སྐད་དུ། པྲ་ཏི་མཱ་མཾ་ལཀྱཱ་། བོད་སྐད་དུ། སྐུ་གཟུགས་ཀྱི་ཚད ་ཀྱི་མཚན་ཉིད་ཅེས་བྱ་བ། ཐམས་ཅད་མཁྱེན་ཕ་ལ་ཕྱག་འཚལ་ལོ།། ཨེ་ཊའི་རི་ལ་སངས་རྒྱས་པའི།། སྔོན་གྱི་རྒྱུད་དང་བསྟན་བཅོས་སུ།། སྐུ་གཟུགས་ཚད་ཀྱི་མཚན་ཉིད་རྣམས།། ཐུབ་པ་རྣམས་ཀྱིས་སྔོན་གསུངས་གང་།། གོ་རིམ་ཇི་བཞིན་ལྷན་ཅིག་ཏུ།། དེ་འདིར་ཡང་དག་བས་པའི ་བྱིར།། ཐམས་ཅད་མཁྱེན་ལ་ཕྱག་འཚལ་ནས།། ལྷ་སྐྲའི་མཚན་ཉིད་བརྗོད་པར་བྱ།། སོར་མོ་བཅུ་གཉིས་ལག་མཐིལ་དང་།། གདོང་དང་མཐོ་ཡང་དེ་བཞིན་དུ།། དོན་གཅིག་མིང་དུའང་འདི་ཤེས་བྱ།། ཀ་ལཾ་སོར་གཉིས་གོ་ལ་ཀཾ། ལག་པའི་པདྨའི་བཞི་ཆ་ལ།། སོར ་མོའི་ཚད་དུ་ཤེས་པར་བྱ།། དེ་ནས་སོར་མོ་བརྒྱད་ཆ་ཡིས།། ནས་སུ་མཁས་པས་རིགས་པར་བྱ།། སྐུ་ཡི་ཡན་ལག་ཉིང་ལ་གི། ཆག་ཚད་དོན་ཞེས་གསུངས་པས་ནས།། རྣམ་པ་འདི་ཡིས་དེ་བཞིན་དུ།། མཁས་པས་ཆག་ཚད་གཞལ་བར་བྱ།། གང་ཞིག་ཅུང་ཟད་ལུས་སྲིད་ཀྱི།། ཆ་དགུ་ཡི ་ནི་ནིཆ་གཅིག་དང་།། མཐོ་གང་གདོང་དུ་བྱས་ནས་ནི།། དེ་བཞིན་དུ་ནི་རྒྱར་ཡངས་ཏེ།། བ་ཡིག་རྣམ་པ་ཨ་འབྲས་དང་།། མཁའ་འགྲོའི་སྒོ་ང་ཏིལ་འབྲས་བཞིན།། དེ་ནས་དབྱིབས་ཀྱི་མཚན་ཉིད་ནི།། རྣམ་པ་བཞི་ཞེས་གསུངས་པ་ལ།། སོར་མོ་གཅིག་གིས་དམན་པ་ནི།། བ་ཡིག ་རྣམ་པའི་ཚད་ཡིན་ཏེ།། གང་ཞིག་སོར་མོ་གཉིས་དམན་པ།། ཨ་འབྲས་ལྟ་བུ་ཞེས་བྱའི་གདོང་།། གང་ཞིག་ཕྱེད་བཅས་སོར་གཅིག་དམན།། མཁའ་འགྲོའི་སྒོ་ང་འདྲ་བར་བརྗོད།། གང་ཞིག་སོར་མོ་གསུམ་སྤངས་པ།། ཏིལ་གྱི་འབྲས་བུ་འདྲ་བར་བརྗོད།། གདོང་ནི་བཞི་པོ་རྣམས ་ལ་ཡང་།། རྣམ་པར་སྤྱང་བྱ་མགྲམ་པ་ལྔ།། ཏིལ་འབྲས་དབྱིབས་ཀྱིས་ངེས་པ་ནི།། ལྷ་མོ་རྣམས་ཀྱི་བཞིན་ལ་འདོད།། བསྟན་བཅོས་མི་མཐུན་བཞིན་བྱས་ན།། སྦྱིན་བདག་རྣམ་པར་ཉམ་པར་འགྱུར།། བསྟན་བཅོས་མཐུན་པར་བཞིན་མཛད་ན།། ཕུན་ཚོགས་དང་ལྡན་གཉེན ་དང་བཅས།། གཙུག་ཏོར་ལོ་ལ་སོར་བཞི་སྟེ།། གདུགས་ཀྱི་རྣམ་པ་འདྲ་བར་བྱ།། སེར་མོ་ཕྱེད་དང་སོར་མོ་བཞི།། དཔྲལ་བ་རུ་ནི་ཡོངས་སུ་གྲགས།། དཔྲལ་བའི་བྱད་ཀྱི་ངེས་པ་ནི།། སེར་མོ་བཅུ་དང་ལྡན་པར་བྱ།། སོར་གཉིས་ཡིག་བར་དེ་བཞིན་དུ།། སྣ་གང་ཕྱེང ་བཅས་སོར་མོ་དང་།། སོར་གཉིས་ལོགས་དང་སྟེང་དུ་བྷེ།། སྣའི་རྒྱུད་ལ་ནས་གསུམ་མོ།། སྣ་རྡོག་ཟླུམ་པོ་སོར་མོ་སྟེ།། རྒྱུད་ཀྱི་རྩལ་ནས་གཉིས་སོ།། རྣ་བ་སྙན་གྱི་བུག་ནི། ནས་གསུམ་ཡིན་ཏེ་ཤིན་ཏུ་མཛེས།། དུང་བཞིན་དུ་ནི་འཁྱིལ་བ་སྟེ།། མཁས་པ་ཡིས་ནི་ཚད་ལྡན་བྱ ་འདི་ཚད་ཡང་དག་རིག་པ་ཡིས།། ལྕེའི་ཁྱིམ་དུ་ར་བ་གསུངས་པ།། ཏིལ་གྱི་མེ་ཏོག་སྣ་མ་དང་།། ནེ་ཙོཙི་ཁྲ་ཡི་གདོང་པ་བཞིན།། སོར་གཅིག་དང་ནི་ནས་གཉིས་ཏེ།། དེ་ཡི་འོག་གི་ཆ་རུ་གསུངས།། མ་མཆུ་ལ་ནི་ནས་དྲུག་སྟེ།། ཡ་མཆུ་ལ་ནི་ནས་བཞིར་བྱ།། པང་སྒྲོས་སྟེང་དུ ་གནས་པ་ནི།། སོར་མོ་ཡི་ནི་སུས་ཆར་བྱ།། ཞལ་གྱི་མ་མཆུ་མཚུངས་པ་ལ།། རྒྱ་རེ་སོར་མོ་གཉིས་སུ་བྱ།། གྱེས་མཚམས་ནས་དྲུག་དབུས་སུ་ནི།། སྣ་ཚོགས་རེ་ཀ་བྲི་བར་བྱ།། ཞལ་གྱི་གྲཝ་ཡང་སོར་མོ་ཕྱེད།། ཅུང་ཟད་ཙམ་ཞིག་དམའ་བར་བྱ།། ཀོས་ཀོའི་ཞེང་དུ་སོར ་གཉིས་ཏེ།། སྲིད་ཀྱི་ཚད་དུ་ནས་བཅུའོ།། སོར་ཕྱེད་སྨིན་མའི་དབུས་སུ་སྟེ།། སོར་མོ་ལྔ་ནི་རིང་དུ་བྱ།། ནས་ཕྱེད་སྨིན་མའི་རེ་ཁཱའི་ཚད།། མཉེས་གཞུ་ཡི་དབྱིབས་འདྲའོ།། སོར་གཉིས་ནས་གཉིས་སྤྱན་ལ་སྟོ།། རྒྱ་ཡི་སུམ་ཆ་སྤྱན་གྱི་ནི།། སུམ་ཆ་ནག་པོར་ཡང་དག ་གསུངས།། དེ་ཡི་སུམ་ཆ་སྤྱན་འབྲས་ཡིན།། ནས་ཕྱེད་རྫི་མའི་ཚད་དུ་གནས།། ཀུ་མུད་ཨུཏྤལ་འདབ་འདྲ་དང་།། པདྨའི་འདབ་འདྲ་ཉ་ལྟོ་འདྲ།། མིག་མཐོར་སོར་བཞིར་ཤེས་པར་བྱ།། མྱོས་འབོབ་ལ་ནི་སོར་མོ་གཅིག། སྟོན་གྱི་ཞེང་དུ་སོར་མོ་གཉིས།། སྲིད ་དུ་སོར་མོ་བཞི་ཡིན་ནོ།། སྟོན་གྱི་རྒྱབ་ཀྱི་འབྱུང་སོ་ནས།། སོར་མོ་གཉི་སུ་ཡོངསུ་གྲགས།། འདུད་འཁྱུད་ཡང་དག་སོར་མོ་ཕྱེད།། དེ་ཕྱེད་སྟང་གི་རྒུར་པོར་བྱ།། སོར་མོ་ཡི་ནི་བཞི་ཆ་ཡིས།། སྙན་ཤལ་གྱི་ནི་ཞེང་ཡིན་ནོ།། སྙན་གྱི་གསང་གནས་ནས་གཉིས་ཏེ།། ་དེ་ལྟར་མཛེས་པ་མུ་ཁྱུང་ནང་།། སྤྱན་གྱི་མུ་འཁྱུང་རྩ་བ་ནས།། གྲི་གུག་དབྱིབས་སུ་རབ་ཏུ་གྲགས།། སྙན་གཉིས་དག་གི་དབུས་ཀྱི་ནི།། དབུལ་སོར་མོ་བཅོ་བརྒྱད་དོ།། ཡང་ན་མཐོ་དེ་ཉིད་དུ་གསུངས།། དཔྲལ་བའི་རྒྱབ་ཀྱི་ཕྱོགས་ལ་ནི།། སོར་གཉིས་བཅུ་གཅིག་ཐེ་ཚོམ ་མེད།། སྨིན་མཚམས་སྤྱན་དབུས་དག་ལ་ནི།། སོར་མོ་གཉིས་སུ་ཡོངས་སུ་གྲགས།། སྙན་གྱི་རྩ་དང་ཀོས་ཀོའི་བང་།། སོར་མོ་རྣམས་ནི་བརྐྱང་དུ་འགྱུར།། དེ་པད་དེ་ཀོས་ཀོ་དཔྲལ་བ་དང་།། སྤྱན་དག་ཀྱང་ནི་མཚུངས་པར་བྱ།། ཞལ་གྱི་གླ་སོགས་མིག་འབྲས་དག། ཐིག་ནི་མཉམ་པོས ་གཞལ་བར་བྱ།། སྨིན་མའི་རེ་ཁཱ་སྙན་རྩའི་ཐིག། ཐིག་གིས་མཉམ་དུ་ཚད་པར་བྱ།། སྙན་གྱི་མདན་ཁྱུད་སྤྱན་དབུས་ཀྱང་།། དེ་བཞིན་དུ་ནི་མཉན་པར་གཞག།། ལྐོག་མའི་སྟེང་ནི་སོར་མོ་བཞི།། མགུལ་བའི་སྲིད་ཀྱང་དེ་བཞིན་ནོ།། གྲག་རྩ་དང་ནི་སྙན་རྩའི་བར།། ཇི་སྲིད་སོར་མོ་དྲུག་ཡིན་ནོ།། ་ཀོས་ཀོའི་ཤ་ནི་ཟླུམ་པོ་སྟེ།། ཇི་ལྟར་མཛེས་པར་བྱས་ནས་ནི།། དེ་ཡི་ཚད་དུ་འཕྱང་བའོ།། ཀོས་ཀོརོ་ཁུང་དང་སྙན་ཁུང་གི། དབུས་ཀྱི་ཁུང་ནི་ཐུང་ཞིང་དམའ།། ཅོད་པན་དང་ནི་རལ་པ་བཅིངས།། འཁྱིལ་པ་སྐྲ་ཡི་ལྷས་མ་དང་།། གཙུག་ཕུད་དང་ནི་རྩེ་མོ་གསུམ།། དབུ་རྒྱན་དང་ནི ་ཐོར་ཚུགས་བཅིངས།། དེ་རྣམས་སོར་མོ་བརྒྱད་དུ་རིང་།། དེ་ངས་ལྷག་པོར་མི་བྱའོ།། དགེ་དང་མི་དགེ་འཆང་འགྱུར་བའི།། ཞལ་གྱི་རྣམ་པ་ཅུང་ཟད་ནི།། མཛུམ་ཞིང་མཉེན་པ་བྱས་ནས་ནི།། མཚན་ཉིད་དང་ནི་ལྡན་པར་བྱ། \ུ0f88\ུ0f90་དང་ཚ་བ་དང་ནི་གྲོད་བཞིན་དུན་རྫྫ་དང་གགད ་གི་དབྱིབས་ནི་རིགས་བྱས་ནས།། རིང་དུ་ཡོངས་སུ་སྤང་བར་བྱ།། དེ་ནས་གཞན་ཡང་བཤད་བྱ་བ།། ལུས་ཀྱི་ཚད་ཀྱི་མཚན་ཉིད་ནི།། མགྲིན་པའི་མཚམས་ནས་ལྟེ་བའི་བར།། གཉིས་སྐྱེས་གདོང་པ་གཉིས་སུ་བྱ།། ལྟེ་བ་མདོམས་ཀྱི་སྦ་བ་དང་།། རྩ་ནས་འཕྲེང་ལ་ལོགས ་ངག་དང་།། འཕོངས་ཆོས་དག་དང་དེ་བཞིན་དུ།། མགྲིན་མཚམས་ནུ་མའི་དབུས་ངག་དང་།། ནུ་མའི་མཐར་ཡང་དེ་བཞིན་དུ།། མགྲིན་ལོགས་དཔུང་བའི་རྩེ་མོ་རྣམས།། མཐོ་རེའི་ཚད་དུ་རབ་ཏུ་གསུངས།། ལྟེ་བའི་ནུ་མའི་བར་ཆ་ནི།། སོར་མོ་རྣམས་ནི་བཅུ་བཞི་སྟེ།། ཐིག ་ནི་མཉམ་དུ་གདབ་པར་བྱ།། དེ་བཞིན་མགྲིན་མཚམས་བྲང་གི་ཞོལ།། ལུས་ཀྱི་རྐེད་པའི་རྒྱལ་ནི།། མཐོ་ནི་གསུམ་གྱི་ཚད་དུ་གསུངས།། རྒྱབ་ལ་སོར་མོ་དྲུག་དག་བྱ།། དེ་བཞིན་བྲང་གི་ནུ་མའི་མཐར།། ནུ་མའི་དཀྱིལ་འཁོར་ལོགས་སུ་ནི།། སོར་མོ་གཉིས ་ཀྱི་ཚད་ཀྱིས་སོ།། ཨུ་མོའི་རྩེ་མོ་ནས་གཉིས་ཟླུམ།། ནས་གསུམ་ལྟེ་བའི་དཀྱིལ་འཁོར་ལ།། ལྟེ་བའི་ཐབས་ནི་མཛེས་བྱས་ལ།། གཡས་བྷཱུག་ཁྱིལ་བས་མཚན་པའོ།། སོར་གཉིས་གསང་བའི་གནས་ལ་སྟེ།། སོར་གཉིས་བཅུ་ནི་ལག་ངར་ལ།། སོར ་ཉིས་གསུམ་ནི་ལག་པའི་སིང་།། དེ་ཡི་སྲིད་དུ་གུང་མོའོ།། མཐེ་བོང་ལ་ནི་སོར་བཞི་བྱ།། དེ་དང་མཚུངས་པ་མཐེའུ་ཆུང་།། གུང་མོའི་སྲིད་ལས་སེན་ཕྱེད་ཀྱིས།། དམན་པའི་སོར་མོ་མིང་མེད་དོ།། གུང་མོའི་སྲིད་ལས་སེན་གང་དམན།། འཛུབ ་མོ་རུ་ནི་ཤེས་པར་བྱ།། མཐེ་བོ་ཆེ་ཡི་རྒྱུ་རུ་དེ།། ཞིང་ལ་ནས་རྡོག་དགུ་ཡིན་ཏེ།། ཕྱེད་དང་བཅས་པའི་ནས་བརྒྱད་ཀྱིས།། གུང་མོའི་ཚད་ནི་མཛེས་པར་བྱ།། གཉིས་པོ་ནས་རྡོག་བརྒྱད་དུ་རིག། མཐེའུ་ཆུང་ནི་ནས་བདུན་ཤེས།། མཐེབ་ཆུང་རྩ ་ནས་མཁྲིག་མ་ལ།། སོར་མོ་རྣམས་ནི་ལྔ་རུ་འདོད།། ལག་མཐིལ་དབུས་ཀྱི་ཞིང་ལ་ཡང་།། དེ་ཡི་ཚད་ཀྱིས་ཤེས་པ་ར་བྱ།། མཐེ་བོའི་ཚོགས་ནས་མཁྲག་མའི་བར།། ཇི་སྲིད་སོར་མོ་བཞི་ཡིན་ནོ།། མཐེ་བོའི་རྩ་ནས་མཛུབ་མོའི་བར།། ་ཛ་སྐད་ས་ངམ་གཉིས་སུ་འགྱུར།། ས་ས་རྣམས་ནི་མིགས་པ་གསུག། མཐོ་ཟ་མ་ནི་ཚོགས་གཉིས་འགྱུར།། མཇོམ་ས་ས་རྣམས་བྱིན།། ཆགས་པ་རྣམས་ནི་མཉམ་དུ་རྗོད་།། ཝ་མོ་ཟླུམ་ཞིང་དྲ་བར་མེག། ཆགས་པ་རྣམས་དེ་བ་བར་གྱུར།། ་སོར་ཕྱེད་རྩེ་མོ་སྟེ།། འཕྲེང་ལ་ཚིགས་ཕྱེད་དེ་བཞིན་དུ།། སེན་མོའི་རྩ་བ་ཟླ་ཕྱེད་ཀྱི།། རྣམ་པ་ཅན་དུ་མཁས་པས་བྱ།། ཕྱག་ནི་སོར་མོ་ལྔ་པར་བྱ།། ལོགས་དག་སོར་མོ་གཉིས་ཡིན་ནོ།། ཕྱག་གི་མཐིལ་ནི་གང་བར་བྱ།། དགེ་བའི་རེ་ཁཱས་ཉེ་བར་མཛེས།། ཕྱག་གི ་རེ་ཁཱ་འཆར་འགྱུར་བ།། ལྷ་རྣམས་ཀྱི་ནི་དགེ་བའི་མཚན།། དུང་དང་པདྨ་རྒྱུལ་མཚན་དང་།། འཁོར་ལོ་རྡོ་རྗེ་ཤཀྟི་དང་།། འཁྱིལ་པ་བུམ་པ་ཟླ་བ་གདུགས།། དེ་བཞིན་དཔལ་བེའུ་ལྗགས་ཀྱུ་གདུགས།། རྩེ་གསུམ་ནས་ཀྱི་ཕྲེང་བ་དང་།། ནོར་འཛིན་གྱི་ནོ་དེ་ཉིད་བྱ། ་ལྟེ་བའི་གསང་བའི་དབུས་དག་ནི།། དརླ་ཡི་རྩ་བ་མཚུངས་པར་བྱ།། དཪྵ་ནི་མཐོ་དེར་རིང་བ་ཉིད།། རྗེ་དང་རིངས་སུ་གདོང་གཉིས་བྱ།། པུས་མོ་ལ་ནི་སོར་གཉིས་གཉིས།། ལོང་བུ་སོར་གཉིས་གཅིག་ཏུ་ཤེས།། རྟིང་པ་སོར་གཉིས་གཉིས་སུ་ཤེས།། ཁྱིམ་པའི ་འབྲས་བུ་སྨིན་པ་བཞིན།། ཞབས་ཀྱི་ཕྱེད་དུ་སོར་མོ་བདུད།། སྲིད་ཀྱི་ཚད་དུ་སོར་མོ་བཅུ།། ཞབས་ཀྱི་བཞི་ཆར་གྱུར་པ་ཡིས།། མཐབ་ཆེན་གྱི་ནི་སྲིད་དུ་བརྗོད།། དེ་དང་རྩེ་མོ་མཚུངས་པར་ཤེས།། གུང་མོ་ནས་ཕྱེད་ཀྱིས་དམན་ལ།། མིང་མེད་སེན་མོ་བྱེད་ཀྱིས་སོ།། མཧཱ། ་ཆུང་ཚིགས་པས་དམན་པའོ།། མཐེ་བོ་ཆེ་ཡི་ཞེང་དུ་ནི།། ནས་ནི་བཅུ་རུ་ཤེས་པར་བྱ།། མཐེབ་ཆེན་སོར་མོའི་རྩེ་མོ་ཡི།། བར་ལ་ནས་ནི་གསུམ་དུ་འགྱུར།། རྩེ་མོའི་ཞེང་ལ་ནས་དགུ་སྟེ།། ཕྱེད་བཅས་ནས་བརྒྱད་གུང་མོའོ།། མིང་མེད་ཞེང་དུ་ནས་བརྒྱད་དང་།། ་མཐེབ་ཆུང་ནས་ནི་བདུན་རྣམས་སུ།། ཚད་ཀྱི་མཚན་ཉིད་དུ་ནི་གསུངས།། ཨ་འབྲས་གཞོན་ནུའི་དབྱིབས་འདྲ་བར།། མཐེ་བོ་ཆེ་ནི་རྟག་ཏུ་བྱ།། ཞབས་ཀྱི་བོལ་གོང་རུས་སྦལ་གྱི།། རྒྱབ་ཀྱི་རྣམས་པ་མཚུངས་པར་བྱ།། ཞབས་ཀྱི་སོར་མོའི་དབྱིབས་རྣམས་ནི།། ཆུ་སྐྱེས་པདྨ ་འདྲ་བ་གྲགས།། ཞབས་ཀྱི་མཐིལ་དག་མཉམ་པར་བྱ།། སེན་མོའི་དབྱིབས་ནི་ཉ་ཕྱིས་བཞིན།། དེ་ནས་གཞན་ཡང་བཤད་བྱ་བ།། ཡོངས་སུ་ཟླུམ་པོའི་མཚན་ཉིད་ནི།། སོར་མོ་སུམ་ཅུ་རྩ་གཉིས་ཀྱིས།། དབུ་ནི་ཡོངས་སུ་ཟླུམ་པར་ཤེས།། སོར་མོ་བཅོ་ལྔ་སུམ ་འགྱུར་གྱིས།། དབུ་ནི་ཡོངས་སུ་ཟླུམ་པོར་བྱ།། ཞེས་པའང་འབྱུང་ངོ་།། མཚན་འོག་དག་གི་དབུས་ཀྱི་རྒྱག།། འདིར་ནི་སོར་མོ་ཉི་ཤུ་སྟེ།། སོར་གཉིས་བཅུ་དགུ་རྣམས་ཀྱིས་ནི།། བློ་ལྡན་རྣམས་ཀྱིས་ཟླུམ་པོར་བྱ།། ལག་པའི་རྩ་བ་བར་དང་རྩེ།། སོར་མོ་བརྒྱད ་དྲུག་བཞི་ཡིན་ཏེ།། རང་གི་རྒྱ་ཡོད་ཚད་ཀྱི་ནི།། སུམ་འགྱུར་གྱིས་ནི་ཟླུམ་པོར་བྱ།། ལྟོ་བ་རང་དབུས་རྒྱལ་ནི།། སོར་མོ་བཅོ་ལྔར་ཤེས་པར་བྱ།། འོག་ཏུ་སེར་མོ་བཅུ་དྲུག་སྟེ།། སེར་མོ་བཅཝོ་བརྒྱད་རྙེད་པ་ལ།། སོར་གཉིས་དྲུག་ནི་བརླ་ཡི་རྩར།། བྱིན་པའི ་དབུས་སུ་སོར་མོ་དྲུག། བྱིན་པའི་མཐའ་མར་སོར་གཉིས་གཉིས།། ཕྱེད་བཅས་རྒྱ་རུ་རབ་ཏུ་སྦྱར།། དེ་རྣམས་ཀུན་ཀྱང་དེ་བཞིན་དུ།། ཟླུམོ་པོ་སུམ་འགྱུར་ཉིད་དུ་བྱ།། དེ་བཞིན་སོར་མོ་ཀུན་ཀྱང་ནི།། ཟླུམ་པོ་ཉིད་དུ་རིག་པར་བྱ།། དབུ་ཡི་རྒྱབ་ཕྱོགས ་ལྷག་པ་ནི།། སོར་གཉིས་ཕྱི་རུ་ཕྱེད་པར་གྲགས་རྒྱབ་ཀྱི་རྒྱུད་ནི་མཉམ་པོར་བྱ།། འཕོངས་ཆོས་མཉམ་པར་འབྱུང་བ་ལ།། བརླ་དང་རྐང་པོ་བྱིན་པ་ཡང་།། སོར་མེ་ཉམ་པར་ནི་འབྱུང་བར་བྱ།། རྒྱབ་ཀྱི་མཚན་ཉིད་མིག་བྱུ་ག། དོ་ནི་བསྡུས་པའི་དོན་གྱིས་བས ་མུ་ཏིག་གསེར་གྱི་དོ་ཤལ་སོགས།། རྣ་རྒྱན་དཔུང་རྒྱན་ལག་གདུབ་དང་།། གོས་དང་ན་བཟའི་བཀོད་པ་ཡིས།། སྐུ་ཡི་གནས་ལ་བརྒྱན་པར་བྱ།། སྐུ་གཟུགས་ལྷག་དང་ཆད་པ་ཡི།། ཡོན་ཏན་སྐྱོན་རྣམས་བརྗོད་བྱ་སྟེ།། རིང་ཞིང་ཡངས ་དང་ལྡན་གྱུར་ན།། གནས་རྣམས་ལེགས་པར་བརྟན་པ་སྟེར།། དབུ་ནི་གདུགས་ཀྱི་དབྱིབས་ལྟ་བུས།། ནོར་བུ་འབྲུ་ནི་ལེགས་འཕེལ་སྟེར།། དཔྲལ་བ་སྨིན་མའི་དབྱིབས་ལེགས་པས།། རྟག་ཏུ་དཔལ་ནི་སྟེར་བར་དགྱུར།། དོ་སྨོས་ནེ་ཙེའི་འདྲ་བ་ཡིས།། སྐྱེ་དགུ་བདེ ་བཅས་རྒྱལ་བར་འགྱུར།། སྐུ་ནི་མགྲིན་པ་དུདང་འདྲ་ན།། དངོས་གྲུབ་ཐམས་ཅད་རྟག་ཏུ་བྱེད།། སྐུ་ནི་སེང་གེའི་དབྱིབས་འདྲ་བས།། ལོ་ལེགས་དང་ནི་སྟོབས་འཕེལ་འགྱུར།། ཕྱག་ནི་གླང་ཆེན་ལག་འདྲ་བས།། འདོད་པའི་དོན་ཀུན་སྒྲུབ་པར་བྱེད།། ཕྱལ་ལེགས ་འབྲུ་རྣམས་དུན་ཚོགས་ཤིང་།། རྟག་ཏུ་ལོ་ལེགས་རྣམས་སུ་བྱེད།། པརླ་ཡི་ཆ་ནི་ལེགས་པར་འཕེལ།། བྱིན་པའི་དབྱིབས་ལེགས་གྲོང་རྣམས་འཕེལ།། སྐུ་ཡི་ཞབས་ནི་ལེགས་གྱུར་པས།། ཚུལ་ཁྲིམས་རིག་པ་རབ་ཏུ་འགྲུབ།། དེ་རྣམས་སྐུ་ཡི ་བསྔགས་བརྗོད་ནས།། དམན་པས་ཡུལ་ཕྱོགས་ནོར་རྣམས་འཇོམས།། ཞེང་དང་སྲིད་དུ་དམན་པ་ཡིས།། མུ་གེ་དང་ནི་ཡུལ་འཇོམས་འགྱུར།། ལུས་དམན་གྱུར་པས་རྒུར་པོ་དང་།། ཤངས་དམན་པས་ནི་ཁྲོ་བ་དང་།། གཡོན་མིག་ཕྱུགས་རྣམས ་ཟད་བྱེད་ཅིང་།། སྟེང་མིག་ནོར་ནི་མཛད་པརརོ་བྱེད།། མིང་ཆུང་མིག་ནི་ཟླུམ་པོ་དང་།། དེ་བཞིན་དུ་ནི་མིག་ཡོན་དང་།། མིག་དམན་པ་དང་འོག་མོན་རྣམས།། རིང་དུ་རྣམ་པར་སྤངས་པར་བྱ།། སྐྲ་ཡི་ཕྱལ་ནི་དམན་གྱུར་ན།། འབྲུ་རྣམས་རྟག་ཏུ་ཉམས ་པབར་བྱེད།། སྐུ་ཡི་བརླ་ནི་དམན་གྱུར་ན།། མངལ་གནས་བསྟན་པ་ལྟུང་བར་འགྱུར།། ཤངས་དང་སྤྱན་དང་ཕྱག་སོར་གསུམ།། ཐུང་བ་རྣམས་ནི་ཉོས་པ་ཚེ།། མགྲོན་པ་ཀོས་ཀོ་རྗེ་དན་གསུམ།། རིང་བ་རྣམས་ནི་ཉོས་པ་ཚེ།། དབུ་དང་སྤྱན་དང་ཤངས ་དང་གསུམ།། ཕྲ་བ་རྣམས་ནི་ཉེས་པ་ཆེ།། དེ་ཕྱིར་སྐྱོན་ཡོན་ཤེས་བྱས་ནས།། སྐུ་གཟུགས་རྣམ་པར་སྤྲོ་བར་བྱ།། སྲིད་དུ་མཐོ་དགུའི་ཚད་ཀྱི་ནི།། ཡོངས་སུ་ཟླུམ་པོ་མཉམ་དུ་བྱ།། ཨེ་ཊེ་ཡའི་ཐིག་ལེ་ཞེས་པ་ལས་མཐོ་དགུ་པའི་མཚན་ཉིད་དེ།། ཡང་ན་ཞལ ་ལ་ཕྱེད་བཅས་བརྒྱད།། ལྷ་རྣམས་དང་ནི་མི་རྣམས་ཀྱི།། མི་རྣམས་ལ་ནི་མཐོ་བརྒྱད་དང་།། མི་མོ་བརྒྱད་དོང་བདུན་ཡང་ཡིན། དགེ་བ་དྲུག་བདུན་མཐོ་ཡིས་ནི།། ཡོངས་སུ་ཟླུམ་དང་དཔངས་སུ་མཐོ།། དེ་རྣམས་མཚན་ཉིད་རྟགས་རྣམས་ནི།། ཇི་སྐད ་གསུངས་བཞིན་དགོད་པར་བྱ།། ལྷ་མོ་རྣམས་ཀྱི་མཚན་ཉིད་ཀྱི།། སྲིད་དུ་གདོང་བརྒྱད་མཁས་པས་བྱ།། གདོང་ལ་སོར་དྲུག་གཉིས་སུ་བྱ།། ལུས་ལ་སོར་མོ་བཅུ་གཅིག་གིས།། འཕྲེང་ལ་མགྲིན་ནས་ནུ་མ་དང་།། དེ་བཞིན་གཉིས་པོ་ནུ་རྗེའི ་བ.རཊ་ཐམས་ཅད་གདོང་གི་ནིང་ནས་ནི།། ལུས་ནི་རྣམ་པར་བརྗོད་པར་བྱ།། ཆུ་སོའི་དབུས་ནི་སྲོར་ལྷ་དང་།། སོར་མོ་བཅུ་རུ་ཤེས་པར་བྱ།། རྐེད་པ་སོར་མོ་ཉི་ཤུར་བྱ།། བརླ་ནི་སོར་གཉིས་བཅུ་གཅིག་དང་།། པུས་མོ་སྦྱོར་གསུམ་དེ་བཞིན་དུ ་རྗེ་ངར་སོར་མོ་བཅོ་བརྒྱད་དོ།། ལོང་བུ་ལ་ནི་སོར་གཉིས་བྱ།། ལྷ་མོ་རྣམས་ཀྱི་མཚན་ཉིད་དགེ། སོར་མོ་སུམ་ཅུ་རྩ་གསུམ་གྱི།། དབུ་ནི་ཡོངས་སུ་ཟླུམ་པོར་བྱ།། ཕྱག་གི་རྩ་བ་སོར་ལྔ་ཡིས།། སུམ་འགྱུར་གྱིས་ནི་ཟླུམ་པོར་བྱ།། སོར་མོ་གསུམ ་གྱིས་མཁྲིག་མའི་མཚམས།། དེ་བཞིན་དུ་ནི་ཟླུམ་པོར་བྱ།། བཪྵ་ཡི་དྭ་ས?་སུ་སོར་གཉིས་དྲུག། སུམ་འགྱུར་གྱིས་ནི་ཟླུ་མཱ་ཕྱོཿ་འགྱུར།། བྱིན་པའི་དབུས་སུ་སྲོར་མོ་ལྔ།། སུམ་འགྱུར་གྱིས་ནི་ཟླུམ་པོར་འགྱུར།། ཐམས་ཅད ་དུ་ནི་སུམ་འགྱུར་ཏེ།། སོར་མོ་རྣམས་ཀྱང་དེ་བཞིན་ནོ།། མིག་གི་མཐའ་དང་མིག་ནི། ནུབ་མ་དེ་བཞིན་རྐེད་པ་རྣམས།། ཅུང་ཟད་ཆ་ནི་ལྷག་ཏུ་བྱ།། སྐྱེ་བོ་བལྟ་ནི་སྡུག་པར་འགྱུར།། ཨེ་ཊེ་ཡའི་ཐིག་ལེ་ལས་མཐོ་བརྒྱད་ཀྱི་མཚན་ཉིད་དོ།། དེ་ནས་གཞན ་ཡང་བཤད་བྱ་བ།། བྱིས་པ་རྣམས་ཀྱི་མཚན་ཉིད་ནི།། ཡོན་ཏན་དྲུག་གིས་བྱིས་གཟུགས་དང་།། དམིགས་དཔན་ཡང་ནི་ཡོན་ཏན་དྲུག། ལོག་འདྲེན་གནོད་སྦྱིན་རྣམས་ཀྱི་ནི།། གཟུགས་བརྙན་ཚད་ཀྱི་མཚན་ཉིད་ནི།། མགོ་ཡ་སྟེང་དུ་སོར་གཉིས ་ཤེས།། གདོང་ནི་སྟོར་གཉིས་དྲུག་ཏུ་འགྱུར།། མགྲིན་པ་ལ་ནི་སོར་གཉིས་བྱ།། ལུས་ལ་སོར་མོ་ཉི་ཤུར་འགྱུར།། སོར་གསུམ་ཆ་ཡོས་ལྟེ་བ་དང་།། ཟབས་སུའང་དེ་བཞིན་སོར་མོ་གསུམ།། བརླ་ནི་སོར་གཉིས་བདུན་དུ་བྱ།། པུས་མོ་དེ་བཞིན ་སར་གཉིས་སོ།། རྗེ་ངར་སོར་མོ་དྲུག་ཏུ་བྱ།། ལོང་བུ་སེར་མོ་གཅིག་ཏུ་ཤེས།། རྟིང་པ་ལ་ནི་སོར་མོ་གསུམ།། ཇི་ལྟར་སྔོན་མའི་རིམ་པ་ཡིས།། རྐང་པའི་སྲིད་དུ་སོར་གཉིས་ལྔ།། མཐེ་བོང་ལ་ནི་སོར་གཉིས་ཏེ།། མཐེ་བོང་རྩེ་མོ་མཉམ་པར་བྱ།། ་ནས་ཀྱིས་དམན་པ་གུང་མོ་སྟེ།། སོ་ན་མོས་དམན་པ་མིང་མེད་དོ།། མཐེ་ཆུང་ནས་ཀྱིས་དམན་པའོ།། སོར་མོ་བརྒྱད་ཀྱིས་མགྲིན་མཚམས་ནས།། དཔུང་ཚད་བཞིན་སོར་མོ་དགུ། ལག་ངར་སོར་གཉིས་ལྔ་ཡིན་ཏེ།། ལག་པའི་སྲིད་དུ་སོར ་གཉིས་གཉིས།། གུང་མོ་ལ་ནི་སོར་གཉིས་གཉིས།། སོར་མོས་དམན་པ་མཛུབ་མོ་སྟེ།། མིང་མེད་གུང་མོ་སེན་ཕྱེད་ཀྱི།། མ་ཡིས་དམན་པར་བྱ་བ་སྟེ།། མིང་མེད་ལས་ནི་ནས་ཀྱི་དམན།། མཐེང་ཆེན་མཐེབ་ཆུང་སྲིད་དུའོ།། ཨེ་ཏྲེ་ཡའི་ཐིག་ལེ་ཞེས་པ་ལས ་མཐོ་བདུན་གྱི་མཚན་ཉིད་དོ།། དེ་ནས་གཞན་ཡང་བཤད་བྱ་བ།། མཐོ་དྲུག་པ་ཡི་མཚན་ཉིད་ནི།། སོར་གཅིག་མགོ་བའི་སྟེང་དུ་སྟེ།། ཡོན་ཏན་སུམ་འགྱུར་ཟླུམ་པོར་བྱ།། སོར་གཉིས་དྲུག་ནི་གདོང་དབུས་ལ།། རྣ་བ་སྣ་རྩེ་དེ་བཞིན་དུ།། སོར ་གཉིས་གསུམ་ནི་མགྲིན་དབུས་ལ།། ལྟེ་དབུས་སོར་མོ་བཅུ་དྲུག་གོ། ལུས་ལ་སོར་གཉིས་དྲུག་ཏུ་འགྱུར།། རྐེད་པ་སོར་གཉིས་བདུན་ཡིན་ནོ།། བརླ་དབུས་སོར་གཉིས་བཞི་ཡིན་ཏེ།། པུས་མོ་སོར་བཞི་ནས་དྲུག་གོ། བྱིན་པའི་དབུས་ལ་སོར ་མོ་ལྔ།། ལོང་བུ་དྲི་བཞིན་སོར་མོ་གསུམ།། སོར་མོ་ཀྵ་ཡིས་རྐང་པ་ཡི།། གླེང་གི་ཚད་དུ་ཡོངས་སུ་གྲགས།། ནས་དགུ་ཡིས་ནི་མཐེབ་ཆེན་ཏེ།། དེ་བཞིན་པར་ནི་ནས་གསུམ་མོ།། ནས་བརྒྱད་ཀྱིས་ནི་རྩེ་མོ་བྱ།། ནས་བདུན་གྱིས་ནི་གུང་མོ་བྱ།། ནས་རྡོག ་དྲུག་གིས་མིང་མེད་ལ།། མཐེབ་ཆུང་ལ་ནི་ནས་རྡོག་ལྔ།། དེ་བཞིན་དུ་ནི་མཁས་པ་ཡིས།། རྐང་པའི་སྔོར་མཛེས་པ་དང་།། སོར་མེད་བཞིན་རྟིང་པའི་རྒྱུ།། ཇི་སྐད་གསུངས་པ་བཞིན་དུ་བྱ།། ཨེ་ཏྲེ་ཡའི་ཐིག་ལེ་ཞེས་པ་ལས་མཐོ་དྲུག ་གི་མཚན་ཉིད་དོ།། དེ་ནས་གཞན་ཡང་བ་པྱད་བྱ་བ།། མཔོ་བཅུ་པ་ཡི་མཚན་ཉིད་ནི།། ཚངས་པ་ལྷ་མོ་ཙར་ཙི་ཀ། དྲང་སྲོང་བྲམ་ཟེ་སྲིན་པོ་རྣམས།། གང་ཞིག་སྒྱུ་དང་སངས་རྒྱས་རྣམསོ།། བློ་དང་ལྡན་པས་སྐུ་གཟུགས་བྱ།། མཁས ་རྒྱ། བས་བརྩམ་བྱ་འོད་རྣམས་ཀྱི།། གཞན་རྣམས་ཀྱི་ཡང་དེ་བཞིན་བྱ།། གཙུག་ཏོར་ལ་ནི་སོར་བཞིར་འགྱུར།། བཞིན་ལ་དེ་བཞིན་སོར་གཉིས་དྲུག།། མགྲིན་པ་སེར་མོ་བཞི་རུ་བྱ།། ལུས་ལ་སོར་སོ་སུམ་ཅུ་དྲུག། དེ་བཞིན ་དབྱི་ལ་སོར་མོ་བཞི།། བརླ་ལ་སྡོར་མོ་སུམ་བཅུ་དྲུག། དབུས་མོ་སོར་མོ་ལྔ་འདུ་ཤེས།། རྗེ་ངར་སོར་མོ་སུམ་ཅུ་དྲུག། ལོང་བུ་སོར་མོ་གཉིས་སུ་ཤེས།། སོར་མོ་ལྔ་ཡིས་ཤིན་ཏུ་མཛེས།། འོག་གི་ཆ་ལ་རབ་ཏུ་བྱ།། ་སོར་གཉིས་དགུ་ལས་དེ་བཞིན་དུ།། དཔུང་པའི་ཆ་ལ་རབ་ཏུ་བྱ།། མགྲིན་མཚམས་བྲང་ཞོལ་རྩེ་དེ་བཞིན།། སོར་གཉིས་བཅུ་རུ་ཤེས་པར་བྱ།། དཔུང་པ་ལྔ་ནཱི་སོར་གཉིས་གསུམ།། དེ་བཞིན་ལག་དར་སོར་མོ ་བརྒྱད།། ལག་པའི་ཡལ་ག་ངསླང་བ་ནི།། སོར་མོ་བདུན་དུ་ཤེས་པར་བྱ།། ཇི་ལྟར་མཛེས་པར་བྱ་བ་ནི།། ཤ་ཡི་འཁྲིལ་བག་རྣམས་སུ་ཤིས།། ཨི་ཏྲེ་ཡའི་ཐིག་ལེ་ཞེས་པ་ལས་མཐོ་བཅུའི་མཚན་ཉིད་དོ།། ཡང་དག ་ཐུབ་པ་རྣམས་ཀྱིས་ནི།། ཐུང་ངུའི་ཚད་དུ་གསུངས་པ་ནི།། སྐུ་གཟུགས་ཆེན་པོའི་བཀོད་པ་སྟེ།། རབ་ཏུ་བཤད་བྱེ་ད་ནི་ཉོན།། ཁྲུ་ནི་བཅོ་ལྔ་ལྷག་པ་ཡང་།། སྐུ་གཟུགས་ཆུང་ངུར་ཤེས་པར་བྱ། ཁར་མ་ཉིས་འགྱུར་དག་ཏུ་ཤེས།། ་ཆེན་པོ་རྣམས་ནི་སུམ་འགྱུར་རོ།། གལ་ཏེ་བདག་ཉིད་དག་འདོད་ན།། དེ་ལས་གཞན་པས་མི་བྱ་སྟེ།། སྐུ་ནི་ཚར་མི་སྟེར་བ་དང་།། ཡང་ན་ནོར་རྣམས་ཟད་པར་བྱེང་།། སྐུ་ནི་ཆག་པས་རིགས་ཉམས་ཤིང་།། གས་པས་ཕྱོགས་རྣམས་འཁྲུག ་པབར་བྱེད།། སྐུ་འམ་གལ་ཏེ་ལིངྒ་དག། ལྷ་མོ་མ་མོའི་ཚོགས་དེ་བཞིན།། ཆོ་གའི་ལས་ནི་བལྟ་བྱས་ནས།། མྱུར་དུ་དེ་རྣམས་གཤེགས་པར་བྱ།། མེ་ཏོག་མཆོད་ཡོན་དེ་བཞིན་དུ།། སྤོས་དང་ཞལ་ཟས་གཏོར་མ་དང་།། གོས་ལ་སོགས་པ་དབུལ་བྱ་ཞིང་།། ་དེ་བཞིན་སྒྱུ་ནི་སྲེག་ལས་བྱས་ནས།། དག་དང་ཞི་བའི་ཆུ་བོ་ལ།། ལྷ་ཡི་སྔགས་ནི་བཟླས་བྱས་ནས།། སྒྲ་དང་ཐག་པ་མུཉྫ་དང་།། ཟར་མ་དུ་ཀཱ་ལ་ངོ་བཞིན།། ཆོ་ག་བཞིན་དུ་བསྟས་ནས་ནི།། ཐག་པ་ཡིས་ནི་བཅིང་བར་གསུངས།། ཁྱུ་མཆོག་སྟེང་དུ་བཅིངས་ནིས་ནི།། ལྷ ་རྣམས་རྙིང་པ་སྤྱན་དྲངས་ལོ།། གོས་ཀྱི་རང་བཞིན་སྐུ་གཟུགས་ནི།། ནུ་བོ་ཆེན་པོའི་འགྲམ་དག་དང་།། དེ་བཞིན་གཙང་པོ་འདུས་རྣམས་ལ།། དེ་རུ་དེ་བཞིན་འཕངས་པར་བྱ།། གསེར་དང་དངུལ་དང་དེ་བཞིན་དུ།། ཟངས་དང་ར་གན་རང་བཞིན་ཡང་།། གལ་ཏེ་བདག་ཉིད་དཔལ ་འདོད་ན།། ཀུན་ཀྱང་མི་ལ་གཞུ་བར་བྱ།། ཤིང་གི་རང་བཞིན་ལས་གྱུར་སྐུ།། དེ་བཞིན་གོས་ཀྱིས་ཡོངས་དྲིལ་ནས།། སྣུམ་དང་སྦྲང་གིས་བརླན་བྱས་ལ།། སྒྲོན་མེ་ཡིས་ནི་སྣར་བར་བྱ།། ས་རྡོའི་རང་བཞིན་ལས་བྱུང་སྐུ།། རི་བོའི་ཕྱོགས་གྱུར་གང་ཞིག་ཏུ།། ས་ནི་མི་གང་ཙམ ་བརྐོས་ནས།། སྐུ་གཟུགས་སྦས་ཏེ་དགོང་བར་བྱ།། སྐུ་གཟུགས་རྙིང་པ་གཤེགས་བྱ་བ། བདག་ཉིད་ཆེན་པོ་རྣམས་ཀྱིས་བྱ།། དུས་ནི་བྱེ་བ་སྟོང་རྣམས་སུ།། ལྷ་ཡི་འཇིག་རྟེན་རྣམས་ཀྱིས་མཆོད།། ཨེ་ཊེ་ཡའི་ཐི་ག་ལེ་ཞེས་པ་ལས་རྙིང་པ་གཤེགསུ་གསོལ་པའོ།། ་དྲང་སྲོང་ཆེན་པོ་ཨེ་ཊེའི་བུས་མཛད་པའི་སྐུ་གཟུགས་ཀྱི་ཚད་ཀྱི་མཚན་ཉིད་རྫོགས་སོ།། །། མཁན་པོ་དྷརྨཏྐཱ་རྀ་དང་།། སྒྲ་བསྒྱུར་གྲགས་པ་རྒྱལ་མཚན་གྱིས།། སྐུ་གཟུགས་ཆག་ཚང་མཚན་ཉིད་ཀྱིས།། སྒྲ་དོན་ལེགས་པར་བསྒྱུར་བ་ཡིན།། ་ཡིན།། ཕྱེད་པོ་དེ་ཡང་ཚང་མ་ཡིན།། འགྲོ་འམ་འདུག་པར་གྱུར་པ་འམ།། གཉིད་མ་ལོག་པ་འམ་ཉལ་བ་ན།། གང་ཞིག་གཞན་དོན་མི་སེམས་པ།། དེའི་སྤྱོད་པ་ཕྱུགས་དང་མཚུངས།། ཕན་དང་། ་མི་ཕན་སྤྱོད་པའི་བློ་མེད་ཅིང་།། བློ་དང་ཐོས་པ་མང་པོ་དང་བྲལ་ལ།། ལྟོ་བ་འགེངས་པ་འབའ་ཞིག་དོན་གཉེར་བ།། སྐྱེས་བུ་དེ་བསམ་ཕྱུགས་ལས་ཁྱད་ཅི་ཡོད།། མཛའ་བོ་རྣམས་ལ་ཕན་གདགས་བྱ་བ་དང་།། དགྲ་བོ་རྣམས ་ལ་གནོད་པ་བྱ་བའི་ཕྱིར།། མཁས་པས་རྒྱལ་པོ་རྣམས་ལ་བརྟེན་བྱ་ཡི།། ལྟོ་འགྲངས་འབའ་ཞིག་ཅི་ཞི་སུ་ཞིག་བྱེད།། མཁས་ཤིང་རྩལ་དང་དྲག་ལྡན་སྨ་མ་བབ།། མིས་བཀུར་འཚོ་བ་སྐད་ཅིག་གང་ཡིན་པ།། དེ་ནི་གསོན་པོ་ཡན ་ཞེས་དམ་པ་འཆད།། ཁཱ་ནི་ཡུན་རིངས་འཚོ་ཡང་གཏོར་ཟར་ཟད།། བུ་ཆུང་དྲག་པོ་དགང་སླ་ཞིང་།། བྱས་པའི་སྙིམ་པ་དགང་སླ་ལ།། སྐྱེས་བུ་ངན་པ་མགུ་སླ་སྟེ།། ངན་དོན་ཙམ་གྱིས་དགའ་བར་བྱེད།། སྤྲིན་གྱི་གྲིབ ་མ་རྩ་ཡི་མེ།། བླུན་པོ་ལ་བརྟུན་སྐམ་སའི་ཆུ།། སྨད་འཚོང་ཆགས་དང་མི་སྲུན་མཛའ།། དྲུག་པོ་འདི་དག་ཆུ་བུར་མཚུངས།། ཉམས་ཆུང་དཔུང་ནི་རྒྱལ་པོ་ཡིན།། བྱིས་པའི་དཔུང་ནི་དུད་མོ་ཡིན།། གླེན་པའི་དཔུངྒ་ནི་མི་སྨྲ ་བ། རྐུན་པོའི་དཔུང་ནི་རྫུན་ཚིག་ཡིན།། ཇི་སྟེ་ཇི་ལྟར་སྐྱེས་བུ་ཡིས།། བསྟན་བཅོས་ལེགས་པར་རྟོགས་འགྱུར་བ།། དེ་ལྟ་དེ་ལྟར་ཤེས་པ་ཡི།། ཁྱད་པར་ངེས་པར་སྐྱེ་བར་འགྱུར།། ཇི་ལྟ་ཇི་ལྟར་སྐྱེས་བུ་ཡི།། ་ཡིས་དགེ་བའི་ལས་བྱེད་པ།། དེ་ལྟ་དེ་ལྟ་དོན་རྣམས་ཀུན།། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད།། སྐམ་ཆགས་བག་མེད་ཡིད་ཆེས་པ།། གསུམ་པོ་སྐྱེས་བུ་སླུ་བར་བྱེད།། དེ་བས་སྐམ་ཆགས་བག་མེད་དང་།། ཡིད་ཆེས ་སུ་ལའང་མི་བྱའོ།། ལྐོག་ན་བྱ་བ་ཉམས་བྱེད་ཅིང་།། མངོན་སུམ་དུ་ནི་སྨྲ་བྱེད་པ།། དུག་བུམ་ཁེ་ནི་འོ་མ་ཅན།། དེ་འདྲའི་མཛ་བོ་སྤང་བར་བྱ།། སྐྱེ་བོ་ངན་དང་འགྲོགས་པ་ཡིས།། སྐྱེ་བོ་དམ་པ་རླག་པར་བྱེད།། ཆུ་ནི་ཤིན ་ཏུ་དྲང་བའང་།། འདམ་གྱིས་རྙོག་མ་ཅན་དུ་བྱེད།། གང་ཞིག་མགྲོན་ཆེད་ལྐོག་མར་གྱུར་ཏེ་ཟས།། གང་ཞིག་སྡིག་པ་མི་བྱེད་དེ་ཤེས་ལྡན།། གང་ཞིག་ལྐོག་ན་ཕན་བྱེད་དེ་མཛའ་བོ།། གོང་ཞིག་གཡེ་མེད་པས་བྱེད་དེ་ཆོས ་ཡིནི།། གང་ན་རྒན་མེད་པ་དེ་མདུན་ས་ཡིན།། གང་ཞིག་ཆོས་ལྡན་མི་སྨྲ་དེ་རྒན་མིན།། གང་ལ་བདེན་མེད་དེ་ནི་ཆོས་མ་ཡིན།། གང་ཞིག་སླ་དང་འབྲེལ་པ་དེ་བདེན་མིན།། གང་དུ་སེམས་དང་དགཀྱ་བཀྲ་ཤིས་ཏེ།། གང ་ཞིག་གཞན་ལ་མི་བརྟེན་དེ་འཚོ་བ།། གང་ཞིག་རང་མི་དང་སྤྱོད་དེ་བསགས་ལ།། གང་ཞིག་དགྲ་བོ་ཟིལ་གནོན་དེ་ང་རྒྱལ།། གང་ཞིག་ང་རྒྱལ་དང་བྱོལ་དེ་དཔལ་ཡིན།། གང་ཞིག་སྲེད་པས་མ་རྨོངས་དེ་དཔལ་ཡིན།། གང ་ཞིག་བག་པིབས་གྱུར་པ་དེ་མཛའོ།། གང་ཞིག་དབང་པོ་ཐུལ་བ་དེ་དཔའོ།། རྒྱལ་པོ་མེད་པར་འདུག་མི་བྱ།། བུད་མེད་གཙོ་བོ་བྱེད་པ་དང་།། གཙོ་མང་ཡོད་པར་གནས་མི་བྱ།། རྒྱལ་པོ་མཁས་ཡོད་གནས་པར་བྱ།། ་བར་ཞུས་པས། དེར་ཟོས་དེ་ཀླུའི་རྒྱལ་པོ་ཡང་དགའ་བཞིན་དུ་ལོག་སྟེ། ནང་པར་ནས་ཉི་མ་རེ་རེ་ཞིང་བཟའ་བཏུང་མང་པོ་བུ་མོ་ལ་བཀུར་ཏེ་གཉིས་ཀའང་སློབ་དཔོན་གྱི་དྲུང་དུ་འོང་ངོ་།། དེ་ནས་ཀླུའི་བུ་མེ ་དེ་སློབ་དཔོན་ལ་ཆགས་ཏེ་ཕ་ལ་སྨྲས་པ། ཡབ་གཅིག་བདག་སློབ་དཔོན་གྱི་ཇོ་མོ་བྱེད་པས་ཕུལ་ཏེ་ཅིག་ཅེས་སྨྲས་ཏེ་ཀླུའི་རྒྱལ་པོས་སློབ་དཔོན་ལ་འབུལ་ལགས་ཀྱིས་བཞེས་གསོལ་བ་བཏབ་པ་ས་མ་གནང་ངོ་།། དེའི་ཀླུའི ་རྒྱལ་པོས་གསོལ་བ་ཆེར་བཏབ་པ་དང་སློབ་དཔོན་གྱི་འདི་མི་འགྲུབ་བསྙམ་ཏེ། འོ་ན་ངའི་ཕ་ཐུགས་རྗེ་ཆེན་པོ་དང་། མ་རྗེ་བཙུན་སྒྲོན་མ་སྟེ། བུ་མོ་འདི་ལ་ཕས་ཁྲུས་དང་། མས་བཀྲ་ཤིས་གསོལ་ན་བྱ། དེ་མ་གྲུབ་ན་ང་དེ་ལྟ་བུའི ་བྱ་བ་མི་བྱེད་དོ་གསུངས་པས་ཀླུའི་རྒྱལ་པོས་པོ་ཏ་ལར་ཕྱིན་ནས་གཉིས་པོ་ལ་ཕྱག་བྱས་ཏེ། དེ་ལྟ་བུ་ཁྱེད་ཀྱི་སྲས་པོ་ལ་རུང་ན་བདག་གི་བུ་མོ་ལ་ཐུགས་རྗེས་གཟིགས་པར་ཞུས་པས། རུང་ཞེས་གསུང་ནས་མྱུར་བར་གསུ ་ཀས་བྱོནརྀ་ཏ། འཕགས་པས་སྐུ་ཁྲུས་དང་། འཕགས་མོས་ཨཥྚ་མཾ་གྷ་ལ་ཞེས་བྱ་བའི་བཀྲ་ཤིས་གསོལ་ནས་བཙུན་མོར་བཞེས་སོ།། དེ་འཇིགས་རྟེན་དུ་ཀ་མ་ལ་གོ་མི་ཞེས་པའི་སྒྲུབ་ཐོབ་ཆེན་པོ་གྲགས་སོ།། དེས ་རྣམས་ཀྱིས་ལོ་རྒྱུས་འདི་ཡིད་ཆེས་པར་བྱས་ནས། ཡི་གེ་དྲུག་པོའི་བསྒོམ་བཟླས་ལ་བརྩོན་པར་བྱས་ན་ངེས་པར་འགྲུབ་གསུང་ངོ་།། སློབ་དཔོན་པདྨ་དགེ་བསྙེན་གྱིས་འཇིག་རྟེན་དབང་ཕྱུག་ལ་གྲུབ་པ་ཐོབ་པའི་ལོ་རྒྱུས ་དྷཱི་ཏ་བི་ན་ཡ་ཤྲི་མི་ཏྲ་དང་། ལོཙྪ་བ་པ་འངན་མ་ཚུལ་ཁྲིམས་སེང་གིས་བསྒྱུར་བའོ།། ་