| Wylie | e-texts produced with BDRC’s OCR application |
ཞེང་གབ་པ་ཞེས་བྱ་བ་འདི་ཡོངས་སུ་རྫོགས་སོ།། ། རྒྱ་གར་སྐད་དུ། སཾ་པྲདྡྷ་བྷ་ཥི་ཏ་པྲ་ཏི་མ་ལ་ཀྵ་ཎ་བི་བརྞ་ནཱ་མ། བོད་སྐད་དུ། རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའི་སྐུ་གཟུགས་ཀྱི་ཚད་ཀྱི་རྣམ་འགྲེལ་ཞེས་བྱ་བ། ཐམས་ཅད་མཁྱེན་པ ་ལ་ཕྱག་འཚལ་ལོ།། སྐུ་གཉིས་རྗེས་སྐྱེས་རྒྱལ་བ་ཡི།། སྐུ་ལ་ཕྱག་འཚལ་དེ་ནས་ནི།། བདག་གི་ངེས་པས་མཚན་ཉིད་དེ།། ཇི་ལྟར་ནུས་བཞིན་རྣམ་འགྲེལ་བྲི།། ཇི་ལྟར་བསྙེན་བཀུར་བར་བགྱི་ཞེས་བྱ་བ་ནི་ཉེ་བར་སྤྱད་པ་སྟེ།། བཅོམ་ལྡན་འདས་ཀྱི་སྐུའི་ཆ ་ཤས་ཀྱི་མཚན་ཉིད་ནྱ་གྲོ་དྷ་ལྟར་མཆུ་ཞིང་ཡོངས་སུ་གབ་པ་ཞེས་པ་ནི་ནྱ་གྲོ་དྷ་ནི་ཤིང་ལྗོན་པ་སྟེ། དེའི་ཡལ་ག་མཆུ་ཞེང་གབ་པ་ལྟ་བུའོ།། འདི་འོད་ཀྱི་དཀྱིལ་འཁོར་ལ་གསུངས་སོ་ཞེས་པ་ནི་ཁ་ཅིག་གོ། གཞན་ནི་འདི་སྐུ ་ཁྱད་པ་ལ་གསུངས་པའི་ཕྱིར་ན་ཕྱག་གཉིས་ལོགས་སུ་བརྐྱང་བ་ནི་འདོམ་གང་སྟེ། ཇི་སྲིད་སྐུའི་ཚད་དེ་སྲིད་འདོལ་གྱི་སྲིད་དུ་ཡང་གསུངས་སོ།། ཇི་སྲིད་ཅེས་པ་ལ་སོགས་པའི་འཇམ་པ་ནི་སྣུམ་པའི་ཆོས་ཉིད་དོ།། མཛེས་པ་ནི་ཡིད་འཕྲོག་པའོ།། འགྱིང་བག་དང་ལྡན་པ་ན་གསུམ ་དགུ་ལ་སོགས་པའི་ཡོན་ཏོན་ནོ།། བདུན་མཐོ་བ་ཞེས་པ་ནི་ཆ་ཤས་བདུན་སྟེང་དུ་མཐོ་བ་སྟེ། གང་ལས་ན་ཞབས་གཉིས་དང་། ཕྱག་གཉིས་དང་། ཐལ་གོང་གཉིས་དང་མགྲིན་པ་ཞེས་སོ།། དེ་ལ་ཞེས་པ་ལ་སོགས་པས་ནི་སྲིད་ལ་སོགས་པ་ལྔ་པོ་རྣམས་ཀྱི་ཚད་གསུངས་པ ་བཤད་པར་བྱའོ།། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ནི་ཇི་ལྟར་འཆད་པར་འགྱུར་བ་མ་ལུས་པ་ཉོན་ཅིག་ཅེས་པའོ།། དེབུ་སྐྲའི་གནས་དང་དེ་གཉིས་ལ་ཞེས་པ་ནི་དཔྲལ་བའི་སྟེང་དང་གཙུག་ཏོར་འོག་ལ་སོར་མོ་བཞིའོ།། གཙུག་ཏོར་ལ་ཡང་སོར་མོ་བཞིའོ།། དེ་གཉིས་ནི ་སོར་མོ་བཞིར་གསུངས་སོ།། སོར་མོ་ཕྱེད་དང་བཅུ་གསུམ་ཞལ་གྱི་དཀྱིལ་འཁོར་ལོའོ།། དེའི་སུམ་ཆ་དཔྲལ་བ་ལ་སོགས་པའི་དབྷཱ་བ་ལས་སོ།། ཀོས་ཀོའི་མཐའ་གང་གི་དེའི་ཀོ་ས~ཾ་ཀོའི་མཐའ་དང་ཤངས་ཀྱི་འོག་གི་མཐར་ཐུགས་པའི་གནས་ལའོ།། ཀོས་ཀོའི་མཐའ་ནི་ལྷག ་བཅས་པ་ནི་སོར་ཕྱེད་ཀྱིས་ལྷག་པ་ཉིད་དོ།། ཀོས་ཀོ་ལ་ནི་སོར་གཉིས་ནི་ལོགས་ཀྱི་རྒྱ་རུ་སྟེ། སྟེང་གི་སྲིད་མ་ཡིན་པ་ཞེས་སོ།། སོར་མི་གསུམ་པོ་འདི་སྲིད་སྟེ། སྟེང་ཅུང་ཟད་མཐོ་བ་ཞེས་ཁྱད་པར་གྱི་བསྡུ་བའོ།། ག་དང་བཅས་པ་ནི་བྱང་ཆུབ་སེམས་དཔའ་ལ་སོགས་པ ་རྣམས་ལ་མཐོང་ངོ་།། འཐུངས་སྟེང་དུ་ཆ་ཡིས་སོ་ཞེས་པའི་མའི་སྒྲ་ཡིས་སོང་མོ་གསུམ་གྱི་ཆར་བཤད་དོ།། འཐུངས་མཐོ་བ་འདིའི་ཆ་ལ་བིམ་པའི་རི་མོ་ཞེས་ཏེ། བིམ་པའི་འབྲས་བུའི་རྣམ་པར་ར་མོ་ཞེས་པའི་དོན་ཏོ།། ཞལ་གྱི་གྲཝ་ནི་ཆ་གཅིག་སྟེ། སོར་མོ་གཅིག་གོ། རྫ ་ལྷལྟར་བྱུང་བ་སྟེ། ཇི་ལྟར་འཁྲུངས་པ་བཞིན་ཚེམས་ཀྱི་རྒྱལ་པོ་ལ་སོགས་པ་རིམ་པས་གང་རྣམས་ཀྱི་རྣམ་པར་བཀོད་པ་གསུངས་པ་དེ་བཞིན་དུའོ།། སོར་མོའི་སུམ་ཆ་ཞེས་པ་ནི་སོར་མོའི་སུམ་ཆས་པད་སྤྲོས་ཏེ་དེ་བཞིན་དུ་སྣའི་རྩེ་མོའི་འོག་དུའོ།། མཆུའི་སྟེང་དུ ་ཆུ་འབབ་པའི་རྣམ་པ་ལྟ་བུའི་པད་སྒྲོས་སོ།། སྨ་རིའི་གནས་ཀྱི་དབུས་སུ་མཚམས་འདྲ་བའོ།། སོར་མོ་ཕྱེད་མཉམ་པ་ཞེས་ཁྱད་པར་གྱི་བསྡུ་བ་སྟེ། ཤངས་ཀྱི་བུ་ག་ཞེས་པ་ནི་ཤངས་ཀྱི་སྦུབས་ཟླུམ་པོར་འཁྱིལ་བའོ།། ཆ་བྱེད་ནི་སོར་མེ་ཕྱེད་དོ།། སྦྱིན་གྱི་བར ་ལ་ཞེས་པ་ནི་སྤྱན་དག་གི་དབུས་ལ་སོར་མོ་སྟེ་སོར་མོ་གཅིག་གི་ཚད་།། དཔྲལ་བའི་འོག་སྤྱན་གཉིས་ཀྱི་ཉེ་བཤངས་ཀྱི་ལོགས་ལ་རེ་རེ་ཇི་སྲིད་པ་ཞེས་སོ།། སྤྱན་གྱི་འབྲས་བུའི་དབུས་ཀྱི་སྙིང་པོ་དེ་ལ་སོར་གཉིས་ཀྱི་ལྔ་མས་ཤེས་པར་བྱའོ་ཞེས་ནི་ཁ་ཅི་ག་གོ། ་བཞིན་དུ་སོར་གཅིག་གི་ལྔ་ཆ་ལ་བྱེད་དོ་ཞེས་ཏེ། འདི་ནི་རིགས་པའི་རང་བཞིན་དུ་རྟོགས་སོ།། སོར་གཉིས་སོར་གསུམ་དག་ཅེས་པ་ནི་སོར་གཉིས་ནི་སྤྱན་གྱི་ནོར་བུའི་ཆའོ།། སོར་གསུམ་ནི་སྤྱན་གྱི་ཟུར་དང་ཉེ་བ་སྟེ། ཤུའི་ཟླུམ་དང་ལྷན་ཅིག་གོ།། སྤྱན་ལ་སོར་མོ ་བཞི་ནི་རང་གི་མཚམས་སོ།། རྣམ་པར་འབྱུང་བ་ནས་སྤྱན་གྱི་དབྱིབས་སུ་གསལ་བའོ།། རྡོག་པོ་ནི་ལེགས་པར་མཐོ་བའོ།། སྤྱན་གྱི་སྦུབས་ལ་སོར་མོ་གསུམ་ཞེས་པ་ནི་སྨིན་མའི་འོག་སྤྱན་འབྲས་ནས་བརྩམས་ཏེ་སྟེང་དང་ལོགས་སོར་མོ་གསུམ་མོ།། སྤྱན ་གྱི་ཟུར་དང་ཤངས་ཀྱུ་ལོགས་དང་སྤྱན་དག་གི་བར་མཉམ་དུ་བྱའོ།། ཀོས་ཀོ་ཞེས་པ་ནི་ཀོས་ཀོའི་མཐའ་དང་སྟེང་དུ་སྤྱན་འདས་ཀྱི་ལོགས་ངེས་པར་སྦྱར་བར་བྱའོ།། དེ་མ་ཡིན་པ་ཞལ་གྱི་ཟུར་གཉིས་ཀྱང་དེ་བཞིན་དུ་བྱའོ།། སྨིན་དབུས་ནི་སྨིན་མའི་བར ་དུ་སོར་མོ་ཕྱེད་དང་གཉིས་སོ།། རྒྱ་རུ་ནི་ཞེང་དུ་བྱའོ།། དབུས་སུ་ཞེས་པ་ནི་སྨིན་མའི་དབུས་སུ་མཛོད་སྤུར་ཤེས་པར་བྱའོ།། ཟླ་བ་གང་ཞིག་མཛེས་པ་ལྟར།། ཤང་མོ་ཀྱི་རྒྱུད་དང་མཛོད་སྤུའི་ཐིག། དེ་བཞིན་གཙུག་ཏོར་དབྱིབས་ལེགས་པ།། གཙུག་གི་ནོར་བུ་དེ་ཤེས་བྱ ་ཞེས་པའི་གཙུག་གི་ནོར་བུ་ནི་དཀྱིལ་གྱི་རྣམ་པའོ།། གཙུག་ཏོར་ཡང་དེ་བཞིན་དུའོ།། སྙན་གྱི་རྩེ་ཡང་ཞེས་སོ།། བུ་གའི་སྟེང་དུ་སྙན་ནི་སོར་མོ་བཞིའོ།། ཞེང་དུ་ནི་རྒྱ་རུ་སྟྭ~ཾ། འདབ་མའི་ཞིང་ཆ་གཅིག་གོ་ཞེས་སོ།། སྙན་གྱི་རྗེ་མོ་དྲག་སོར་མོ་ཕྱེད་ཀྱི་ཚད་ནི་འདབ་མར ་བརྗོད་དོ།། སྟེང་མཐོ་ཞེས་པ་ནི་སོར་མོ་གཅིག་གོ། སྙན་གྱི་སྦུབས་ནི་ཕྱེད་ཆ་སྟེ། སོར་ཕྱེད་སྙན་གྱི་ཁུང་དུ་འཇུག་པ་ལའོ།། འགྲམ་པ་ནས་སྙན་དག་གི་དབུས་མེ་ཏོག་ཁ་མ་བྱེ་བའི་རྣམ་པར་སྟེང་དུ་འཁྱིལ་བའོ།། སོར་ཕྱེད་དང་གསུམ་གྱིས་སྙན་དུ་འགྱུར་ཏེ། ་འདབ་མ་དང་ལྷན་ཅིག་ཕྱེད་དང་བཅས་པའི་སོར་མོ་གཉིས་ཏེ། ནང་གི་ཚེ་ཞེས་པཾ་ནི་ཞེང་དྲོ་ཤར་དང་ནུབ་ཀྱི་མཐའོ།། སྙན་གྱི་ལོགས་ཀྱི་འདབ་མ་ལའོ།། སྤྱན་མཐའ་ལས་མཐའ་སོར་མོ་ཕྱེད་དང་ལྷ་སྙན་གྱི་འདབ་མ་སྟེ། སྙན་གྱི་ངོས་འདབ་མ་དང་བཅས་པའོ།། ་སྙན་ནས་བརྩམས་ཏེ་སྙན་གྱི་བར་མདུན་གྱི་ཆའི་དབུ་ལ་སོར་བཅོ་བརྒྱད་དོ།། རྒྱབ་ཏུ་སོར་མོ་བཅུ་བཞི་སྟེ། ནུབ་ཀྱི་ཆའི་དབུ་ལའོ།། དེ་དག་བར་དུ་ནི་ནུབ་ཀྱི་ཆའི་ཁྱད་པར་དང་ངོ་།། སོར་མོ་སུམ་ཅུ་རྩ་གཉིས་ནི་ཞེས་པ་ལ་སོགས་པ་ནི་གཅིག་ཏུ་བྱ་བར་གསུངས་སོ།། ཟླུམ ་པོཔོ་ནི་བསྐོར་བའོ།། མགུལ་པ་ནི་ཆ་བཞི་སྟེ་སོར་བཞིའོ།། མགུལ་ནས་བརྩམས་ཏེ་སྙན་ལ་སྟེང་དུ་སོར་མོ་དགུའོ།། ཤར་དང་ནུབ་ཀྱི་ཆ་ལ་བསྐོར་བའི་ཕྱིར་སོར་མོ་ཉི་ཤུ་རྩ་བཞི་མགུལ་ལའོ།། མགུལ་པ་ལས་མགུལ་པའི་ལྷག་མ་ལ་སོར་མོ་བརྒྱད་དེ། ལོགས་སུ་སྙན་གྱི་ཉེ་བར ་སྦྱོར་བཞི་འཛིན་པས་སོ།། ཐལ་གོང་སོར་མོ་བཅུ་གཉིས་སོ།། སྙིང་གའི་བར་ཞེས་པ་ནི་སྙིང་གའི་ཉེ་བའི་བར་གྱི་ཆ་ཤས་ཉིད་དང་བྲལ་བ་ཞེས་པའི་དོན་ཏོ།། གདོད་པ་བཞིའི་ཚད་ཀྱིས་ནི། ཕྱག་གི་སྲིད་དུ་ཞེས་ཏེ་རིང་དུའོ།། ཕྱག་གི་སྲིད་ཅེས་པ་ནི་འདིར་ཕྲག་པ་ནས་བརྩམས ་ཧཾ་ཕྱག་གི་རྩེ་མོ་ཇི་སྲིད་པ་ཕྱག་ཏུ་གསུངས་སོ།། འདིར་ཕྲག་པ་ནས་གྲུ་མོའི་སྟེང་ཡན་ཆོད་སོར་མོ་ཉི་ཤུ་དཔུང་པ་ལ་བལྟ་བར་བྱའོ།། གྲུ་མོ་འང་འོག་ནས་སྐུ་མཁྲིག་མ་ཡན་ཆོད་ཕྲག་དོར་ཏེ་སོར་མོ་བཅུ་དྲུག་གོ། མཁྲིག་མའི་འོག་ནས་ཕྱག་གི་རྩེ་མོ་ཡན་ཆད་གྲུ་མོའི ་ཟུར་གྱི་བར་ཕྱག་ངར་དུ་བལྟ་བར་བྱའོ་ཞེས་སོ།། མཚན་འོག་ནས་བརྩམས་ཏེ་བར་ལྷའི་ཆ་དང་པོའི་ཚོགས་ཀྱི་མཐར་ཡོངས་སུ་བལྟ་བ་ནི་སོར་མོ་ཉི་ཤུའོ།། ཕྲག་པའི་མདུན་གྱི་མཐའ་ནས་བརྩམས་ཏེ་རྒྱབ་ཏུ་གསུངས་པ་ནི་འོདི་གཉིས་མཉམ་དུ་སོར་བཅུ ་གཉིས་ཀྱི་ཚོགས་སོ་ཞེས་སོ།། ཚོགས་ཀྱི་ཕྱོགས་ཟླུམ་པོ་ལ་སོར་མོ་བཅུ་གཉིས་སོ།། ཕྱག་དག་གི་ཕྱག་གི་སྲིད་དུ་སོར་བདུན་གྱི་ཚད་དོ།། ཕྱག་གི་མཐིལ་ལ་དབུས་སུ་རྒྱར་སོར་ལྔའི་ཚད་དོ།། གྲངས་ཞེས་བྱ་བ་ལ་སོགས་པས་བཅོམ་ལྡན་འདས་ཀྱི་ཕྱག ་ལ་མཚན་རྣམས་གསུངས་པ་ནི་མཚན་ཐམས་ཅད་པ་སྟེ། འཁོར་ལོ་རྩིབས་སྐྱོང་ལ་སོགས་པས་ལྷན་ཅིག་པའི་གཟུགས་ཞེས་པ་ནི་མཚན་ཐམས་ཅད་ཀྱི་གཟུགས་སོ།། གང་ཡང་ཇི་ལྟ་བའི་རི་མོའི་རྣམ་པ་དང་། གང་ཡང་བཀྲ་ཤིས་ཀྱི་རྣམ་པ་དང་། གང་ཡང ་རིག་པའི་རྣམ་པ་དང་། གང་ཡང་སའི་རྣམ་པ་དང་། གང་ཡང་གཡུང་དྲུང་འཁྱིལ་བའི་རྣམ་པ་ཞེས་པ་ལ་སོགས་པའོ།། ཤེས་པའི་ཡོན་ཏན་མེད་པ་དང་མི་ལྡན་པའོ།། ཀུན་གྱི་མཚན་གྱི་གཟུགས་སུ་གྱུར་པའོ།། རྣམ་པ་ཕན་ཚུན ་སོ་སོར་མ་འབྱར་བའོ།། བྱག་སོར་གུང་མོ་སོར་ལྔའི་སྲིད་དུ་རིང་བའོ།། གུང་མོ་ལས་ཚིགས་ཕྱེད་ཀྱིས་དམན་པ་མཛུབ་མོ་སྟེ་སྡིག་མཛུབ་བོ།། སོར་མོ་ཕྱེད་ཀྱིས་དམན་པ་ནི་མིང་མེད་དེ།། མཐེའུ་ཆུང་ནི་ཉེ་བ་སྟེ་མིང་མད་ལས་ཞེས་ཏེ། མིང་མེད་ལས་ཚིགས ་གཅིག་གིས་དམན་པ་ནི་མཐེའུ་ཆུང་ངོ་།། དེ་རྣམས་ཚིགས་ཕྱེད་སེན་མོས་མཛེས་པ་ནི་ཡིད་འཕྲོག་པའོ།། མཁྲིག་མའི་སྟེང་དུ་ཇི་སྲིད་སེན་མོའི་རྩེ་མོའི་བར་དུ་མཐེབ་ཆེན་གྱི་སྲིད་དུ་སོར་མོ་བཞིའོ།། ལྟེ་བ་ཡང་དེ་བཞིན་དུ་དེ་སྲིང་སོར་མོ་བཞི་པ་ཉིད་དོ།། མཐེབ ་ཆེན་ནི་ཚོགས་གཉིས་སོ།། ཚིགས་ཕྱེད་དུ་སེན་མོའོ།། མ་ཐོ་བ་ཆེན་གྱི་རྩ་བ་དང་མཛུབ་མོའི་རྩ་བའི་བར་ལ་སོར་མོ་གསུམ་མོ།། མཐེའུ་ཆུང་དང་མཁྲིག་མ་དག་གི་དབུས་ཀྱི་ཆ་ཕྱག་གི་ཆ་ལ་སྲིད་དུ་སྟེ་རིང་དུ་སོར་མོ་ལྔའོ།། འདིར་དོན་གྱིས་གོ་བར་བྱ་བའི་ཕྱིར ་མཐེའུ་ཆུང་སྤངས་ནས་ཕྱག་གཉིས་ཀྱི་དབུས་མའི་ཉེ་བར་རིང་དུ་ཚིགས་གསུམ་གྱི་མ་ཡིས་མཐོ་བའོ།། དེ་སྟེང་ཞེས་པ་ནི་མཚན་འོག་གི་སྟེང་དུ་ཕྲག་པའི་མཚམས་སུ་ཆ་དགུར་བྱའོ།། སོར་མོ་དགུ་པོ་རྣམས་ཀྱི་ཚད་དོ།། བྲང་དང་སྐུ་རྒྱབ་ཙོས་པོ་ནི ་སྐུ་བྲང་དང་སྐུ་རྒྱབ་དགོ་རེ་རེ་ཉིད་ལ་བསྐོར་བ་སྟེ། ཡོངས་སུ་ཟླུམ་དུ་སོར་མོ་ལྔ་བཅུ་རྩ་དྲུག་གོ།། ནུ་མ་ལྟེ་བའི་བར་དེ་བཞིན་ཞེས་པ་ནི་ནུ་མ་དང་ལྟེ་བའི་བར་དག་ལ་སོར་བཅུ་དྲུག་གོ།། ཀུན་འབིགས་ཞེས་པ་ལྟེ་ཁུང་དང་། ཚིགས་ཀྱི་ཚོགས་དག་ཅེས་པ ་སྟེ། ཚིགས་ཀྱི་མདུང་པ་དག་དང་། ལྟེ་བ་གཉིས་ཀྱི་ཆ་ཤས་པགས་པ་འདུས་པ་དེ་དག་ལྷན་ཅིག་ལྟེ་བའི་ཁུང་ནི་སོར་མོ་གཅིག་གོ།། ལྟེ་བའི་དབུས་སུ་ཡོངས་སུ་བརྟག་པ་ནི་ལྟེ་བ་ནས་བརྩམས་ཏེ་རྒྱབ་དང་ལྷན་ཅིག་ཇི་སྲིད་ལྟེ་བ་ཚུན་ཆད་ཟླུམ་པོ་ལ་སོར། ་མཽམོ་བཞི་བཅུ་རྩ་དྲུག་གོ།། སྲིད་ཀྱི་རྒྱུར་ཟླུམ་པོ་དག་ལ་པགས་པའི་འོག་ཏུ་སོར་མོ་བཞི་འཕྱང་བའོ།། སྒོ་ང་གཉིས་ཀྱི་སྟེང་དུ་སོར་གཅིག་གོ།། བརླ་ཞེས་པ་ནི་བདྨའི་སྟེང་དུ་སྐམ་གཞག་ཡང་དག་པའི་གཟུགས་བྱའོ།། དེ་དག་སྟེང་གི་དབུས་ཀྱི་བར་ལ་སོར ་བཅུ་གཉིས་སོ།། བདྨའི་རྩ་བའི་ཟླུ་མ་ལི་སོར་མོ་སུམ་ཅུ་རྩ་དྲུག་གོ།། བརླའི་འོག་གི་དབུས་ཀྱི་ཟླུམ་ལ་སོར་མོ་སུམ་ཅུ་སོ་གཉིས་སོ།། པུས་མོ་ཞེས་པ་ནི་པུས་མོའི་རྩར་ཡོངས་སུ་བསྐོར་བའི་ཟླུམ་ལ་སོར་མོ་ཉི་ཤུ་རྩ་བརྒྱད་དོ།། ཚིགས་བཅིངས་པ་སྟོན ་མ་གཉིས་སོར་མོ་བཞིའོ།། པུས་མོའི་འོག་ཏུ་པུས་མོ་ལས་སོར་མོ་སྟེ། ལོང་བུ་སོར་མོ་གཉིས་སོ།། ལོང་བུ་མི་མངོན་ཞེས་པ་ལ་སོགས་པ་ནི་སོར་མོའི་ཚོགས་གཉིས་མི་མངོན་པ་དང་། ཤ་ཡིས་འཁྱིལ་པའོ།། དེའི་ཕྱིར་རྩ་ནི་གནས་པར་འགྱུར ་རོ།། རྗེ་དར་དག་ནི་དབུས་ཀྱི་འཁྱིལ་ལ་སོར་མོ་ཉི་ཤུ་རྩ་གཅིག་གིས་ཡོངས་སུ་ཟླུམ་པོ་ཉིད་དོ།། དབུས་ཀྱི་འོག་ཏུ་སོར་མོ་བཅུ་བཞིས་ཡོངས་སུ་ཟླུམ་པའོ།། ལོང་བུའི་འོག་ཏུ་ཞེས་པ་ནི་ཞབས་ཀྱི་ལོང་བུ་མན་ཆོད་ལ་སོར་བཞིའོ།། ལོང་བུའི ་ཕྱི་རོལ་ནས་ཇི་སྲིད་སེན་མོའི་རྩེ་མོའི་བར་དུ་ཞབས་ཀྱི་སྲིད་དུ་སོར་བཅུ་གཉིས་སོ།། ཞབས་ཀྱི་ཕྱེད་ཀྱིས་ཤིང་དུའོ་ཞེས་པ་ནི་སོར་མོ་དྲུག་གོ། སྟེང་དང་འོག་གི་རྒྱར་སོར་མོ་གཉིས་སོ།། ཞབས་གཉིས་ཀྱི་ལོགས་ཞབས་ཀྱི་ལོང་བུའི ་འོག་རྟིང་པ་ལ་སྟེང་དང་འོག་ཏུ་སོར་བཞིའོ།། སོར་མོ་དྲུག་གི་རྒྱུ་ལས་ནི་ཞེས་པ་ལ་སོགས་པས་ནི་རྒྱ་སྟེ། འཕྲེད་ལ་སུམ་འགྱུར་གྱིས་ནི་ཟླུམ་པོ་སྟེ་ཞེས་པ་ནི་རྟིང་པའི་ཟུར་གཅིག་ནས་གཅིག་གི་རྟིང་པའི་བར་དུ་ཞབས་དང་ལྷན་ཅིག་ཏུ་ཟླུམ ་བོ་ལ་སུ་འགྱུར་ནི་སོར་མོ་བཅོ་བརྒྱད་ཅེས་པའི་དོན་ཏོ།། ཞབས་ཀྱི་སོར་མོ་ལྔ་པོ་རྣམས་ནི་ཚོགས་གཉིས་པ་རྩེ་མོའི་ཕྱེད་དུ་སེན་མོས་མཛེས་པ་ནི་མཐེའི་ཆེན་ནོ།། སོར་མོ་ལྔ་པོ་རྣམས་ནི་ཡོངས་སུ་ཟླུམ་པའོ།། སྲིད་དུ་སོར་མོ་གསུམ་ཞེས་པ་ནི་རིང ་དྲུ་སོར་མོ་གསུམ་མོ།། ཞབས་ཀྱི་མཛུབ་མོ་ནི་སྲིད་དུ་མཐེབ་ཆེན་དང་མཉམ་པ་ཉིད་དོ།། དེའི་ཕྱིར་མཐེབ་ཆེན་གྱི་སྲིད་དུ་མཛུབ་མོའོ།། ཆ་བཅུ་དྲུག་གིས་དབུས་མ་དམན་ཞིང་ཐུང་བའོ།། གུང་མོ་ལས་བརྒྱད་ཆས་དམན་པ་ནི་མིང་མེད་དོ།། མིང ་མེད་ལས་བརྒྱད་ཆས་དམན་པ་ནི་མཐེའུ་ཆུང་ངོ་།། སེར་མོ་རྣམས་ནི་སོར་གཅིག་གི་དཔངས་སུའོ།། མཐེབ་ཆེན་ནི་ཕྱེད་དང་བཅས་པའི་སོར་མོའི་དཔངས་སུའོ།། ཞབས་ཀྱི་ཕྱེད་རྒྱབ་རུས་སྦལ་གྱི་རྒྱབ་ལྟ་བུའོ།། ཞབས་ཀྱི་མཐིལ་འཁོར་ལོ་ལ ་སོགས་པས་རྣམ་པར་བརྒྱན་པའོ།། མཉམ་དུ་འབྲེལ་པ་ནི་ངང་པའི་རྐང་པ་ལྟར་མ་ཆད་པར་འབྲེལ་བའོ།། བྱའི་སྒོ་ང་ཞེས་བྱ་བ་ལ་སོགས་པས་ནི་ཞལ་རྣམ་པ་བཞི་རུ་གསུངས་སོ།། སྐྱེས་བུ་ཆེན་པོའི་ཞལ་ནི་བྱའི་སྒོ་ངའི་རྣམ་པའོ།། ལྷ་མོ་རྣམ ་ནི་ཏིལ་གྱི་འབྲས་བུའི་རྣམ་པའོ།། མཎྜལ་གྱི་རྣམ་པ་ནི་ཁྲོ་བོ་རྣམས་ཀྱི་ཡིན་ནོ།། གྲུ་བཞི་པ་ཡང་ངོ་།། རྫོགས་པའི་སངས་རྒྱས་རྣམས་ཀྱི་རབ་ཏུ་ཞི་བར་བྱའོ།། སྤྱན་ནི་དངས་པར་གྱུར་པ་སྟེ། ཐམས་ཅད་ལ་གཟིགས་པར་བྱེད་པ་ཐམས། ་ཅད་མཁྱེན་པའི་སྤྱན་ནོ།། སྟེང་དུ་ལྟ་བར་བྱེད་པ་དང་། དམན་པ་ལ་བརྟེན་པ་དང་། འོག་ཏུ་ལྟ་བ་ཡང་མ་ཡིན་པར་རོ།། བདག་གིས་རྣམ་འགྲེལ་འདི་བྱས་བསོད་ནམས་དེས། སངས་རྒྱས་ལ་སོགས་ཚད་ནི་རྫོགས་བྱས་ཏེ། རྣམ་པར་མི་རྟོག་བྱང་ཆུབ་ཚོགས་ཐོབ་ཅིང ་སྐྱེ་དགུ་རྣམས་ཀྱིས་རྒྱལ་བ་ཉིད་ཐོབ་ཤོག། ཡང་དགུ་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའི་སྐུ་གཟུགས་ཀྱི་ཚད་ཀྱི་མཚན་ཉིད་ཀྱི་རྣམ་འགྲེལ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་དྷིརྨ་དྷཱར་དང་། ལོ་ཙཱ་བ་ཡང་ལལུངས་པ་གྲགས་པ་རྒྱལ ་མོཆེན་གྱིས་མང་ཡུལ་གུང་ཐང་གི་རྒྱལ་སར་བསྒྱུར་བའོ།། གྲུབ་པ་ཀུན་མཁྱེན་ཆོས་རྒྱལ་གྱི།། གསུང་གི་འོད་ཟེར་སྣང་བར་བརྟེན།། མཁན་ཆེན་བྷོ་ཊ་པཎྜི་ཏ།། དམ་ཆོས་འཛིན་དག་གསུང་བརྟེན་ནས།། ཡར་ལུངས་གྲགས་པ་རྒྱལ་མཚན་གྱིས།། གུང་ཐང་རྒྱལ ་སར་ལེགས་པར་བསྒྱུར།། ། རྒྱ་གར་སྐད་དུ། ཙིཏྟ་ལཀྵ་ཎཾ། བོད་སྐད་དུ། རི་མོའི་མཚན་ཉིད།། ལྷ་ཆེན་ཚངས་པ་སྲེད་མེད་བུ། དབྱངས་ཅན་མཆོག་སྦྱིན་མཛད་པ་ལ།། བདག་གིས་རབ་ཏུ་ཕྱག་འཚལ་ཏེ།། རྒྱལ་བ་དང་ནི་བཀྲ་ཤིས་བགྱི། ་