CLOSE WINDOW

GT3807: sangs rgyas kyi sku'i gzugs brnyan gyi mtshan nyid
Wyliee-texts produced with BDRC’s OCR application

དང་པོ་སྦྱངས་པར་བྱས་ནས་ནི།། ཕྱི་ནས་ལས་ཀྱིས་མཉམ་དུ་བརྩམ།། མདོག་བཟང་མཱ་ཀཱི་ཀ་ཉིད་དང་།། ཚྭ་དང་སྐྱུར་མོ་དག་གི་སྦྱར།། གསེར་འགྱུར་རྩིའི་བསྟན་བཅོས་ཇི་སྙེད་པའོ།། ཁྲུ་9།། རྒྱ་གར་སྐད་དུ། ཤསྟ་ལ་ནྱ་གྲོ་དྷ་པ་མཎྜ་ལ་བུདྡྷ་པྲ་དཾ ་མ་ལ་གཽ་ཤ་ན་མཱ། བོད་སྐད་དུ། སངས་རྒྱས་ཀྱི་སྐུའི་གཟུགས་བརྙན་གྱི་མཚན་ཉིད། མཐོ་བཅུ་ཤིང་ནྱ་གྲོ་དྷ་ལྟར་མུ་འི་ང་གང་པ་ཞེས་བྱ་བ། བཅོམ་ལྡན་འདས་འདོད་ཆགས་དང་བྲལ་བ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། སངས ་རྒྱས་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ནི་བཞུགས་སོ།། དེའི་ཚེ་བཅོམ་ལྡན་འདས་ཡུལ་ལ་ཆོས་སྟོན་དྲུགའ་ལྡན་དུ་གཤེགས་པོའི་ཚེ། བཅོམ་ལྡན་འདས་ལ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སངས་རྒྱས་མི་བཞུགས་ཅན་སྭཱ ་ལྟར་བསྒྲུབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རོའི་བུང་མི་བཞུགས་སམ། ང་ཡོངས་སུ་མྱ་ངན་ལས་འདས་པའི་དུས་སུ། མཆོད་པ་དང་སྟི་སྟང་དུ་བྱ་བའི་ཆེད་དུ། སྐུའི་གཟུགས་བརྙན་ཤིང་ནྱ་གྲོ་དྷ་ལྟར་ས་ཇི་ཙམ་པར་འདི་མ་ཡང་དེ་ཙམ ་མ་མ་ཅཅམ་པར་སྤུ་ཡང་དཅམ་བྱེད་དུ་གཟུག་སྟེ། ཡན་ལག་དང་། ཉང་ལག་དང་། མ་ཤས་དང་། མཆུ་ནང་དང་། སྲིད་དང་། ཚིགས་བཅས་པ་དང་། འབྱུང་བ་ཐམས་ཅད་ཀྱི་གཙུག་ཏོར་ལ་སོགས་པའི་ཆད་ཇི་ལྟ་བ་བཞིན་བཤད་ཀྱིས་ཉོན་ཅིག་ཉིད ་ཀྱི་སོར་གྱི་ཚད་རྣམས་ཀྱི།། བརྒྱ་ལས་ཉི་ཤུ་ཐམ་པས་ལྷག། གཙུག་ཏོར་ལ་ནི་སོར་བཞི་སྟེ།། དབུ་སྐྲའི་གནས་ཀྱང་དེ་བཞིན་ཏེ།། སོར་ནི་ཕྱེད་དང་བཅུ་གསུམ་གྱིས།། ཆ་གསུམ་དབྱེ་སྟེ་ཞལ་དེ་དང་།། དཔྲལ་བ་དང་ནི་ཤངས་ཉིད་དེ།། དེ་ལྟར་གསུམ ་ཀྱི་དེ་དག་ནི།། སྟོར་བཞི་ལྷག་དང་བཅས་པ་སྟེ།། ཨོཾ་སྠཱུ་ལ་ནི་སོར་གཉིས་སོ།། ཨོཾ་སྒོའི་ཞིང་དང་བྱུང་བ་ནི།། སོར་བཞི་དག་ཏུ་བཞེད་པ་ཡིན།། མ་མཆུའི་དཀྱུས་སུ་སོར་གཉིས་ཏེ།། འོག་ཏུ་རྔམས་སུ་སོར་ཅིག་ཡིན།། དབུས་སུ་བུས་པའི་རིས་དགོད་དེ། ་གྲཝ་ནི་སོར་ཅིག་ཡིན་པར་བཤད།། མཁས་པ་དག་གིས་ཞལ་གྱི་དཀྱུས།། སོར་བཞི་དག་ཏུ་བྱ་བ་ཡིན།། ཇི་ལྟར་སྐྱེས་བཞིན་ཚེམས་རྣམས་ཀྱང་།། བཞི་བཅུ་བཀོད་པ་ཡིན་པར་བཤད།། ཡས་ཆུ་སོར་ནི་ཕྱེད་དང་གཉིས།། རྔམས་དང་བྱུང་བའང་དེ ་བཞིན་ནོ།། དེ་ཡི་གོང་ན་བཞིན་ཡོད་པ། སོར་དག་གིས་ནི་སུམ་ཆར་བྱ།། ཤངས་ཀྱི་ཞེང་དུ་སོར་གཉིས་ཏེ།། འཕངས་དུ་སྲོར་ནི་ཕྱེད་དང་གཉིས།། ཤང་དག་གིས་ན་བུ་ག་ཡང་།། སོར་བྱེད་ཟླུམ་པོ་དག་ཏུ་བཤད།། ཤངས་ཀྱི་སྦུབས་ནི་སྙེམས་པ་དང ་དབུས་ཀྱི་ཞེང་ནི་སོར་ཕྱེད་དོ།། སྤྱན་དཔར་སོར་གཉིས་ཤེས་བྱ་སྟེ།། སྤྱན་གཉིས་དབུས་ནི་སོར་བཞིའོ།། ཞིང་དུ་སོར་གསུམ་དེ་གཉིས་ཀྱི།། དབུས་སུ་འབྲས་བུ་གསུམ་ཆའོ།། སྤྲིན་ལ་ཆ་ལྔ་སོར་བཞི་སྟེ།། དེ་དག་ལ་ནི་འཚམས་གསུམ ་མོསྤྱན་གྱི་འཕང་ནི་སོར་དག་གི། བཞི་ཆ་དག་ཏུ་གྲགས་པ་ཡིན།། སྤྱན་གྱི་སྦུབས་ནི་སོར་གསུམ་སྟེ།། པདྨའི་འདབ་མ་འདྲ་བར་བྱ།། སྨིན་མའི་བར་ནི་སོར་དག་གི། ཕྱེད་དང་གཉིས་སུ་གྲངས་པ་ཡིན།། སྨིན་མའི་སྦུབས་སུ་མཐོ་བ་དང་།། སྨིན་དཀྱུས ་སོར་བཞིར་ཤེས་པར་བྱ།། དེ་དང་སྙན་གྱི་མཆོག་མར་མཉམ།། སྙན་གཉིས་ཞེང་ནི་སོར་གཉིས་ཡིན།། དེ་གཉིས་ཕུག་སྒོ་སོར་ཕྱེད་དེ།། འཕངས་དུ་སོར་ཅིག་ཤེས་པར་བྱ།། རྡེའུ་དག་ལ་ནི་སོར་ཕྱེད་དེ།། སྙན་གྱི་ཆ་ག་རྣམས་ཀྱི་ཞེང་།། སོར་དག་ནི་བཞི་ཆ ་ཡིན།། སྙན་གྱི་ནང་ཞིང་ཆ་དག་ལ།། སོར་ནི་ཕྱེད་དང་གསུམ་ཡིན་ནོ།། སྙན་ཤལ་དང་ནི་དབུ་སྐྲའི་མཐའ།། ཅི་མཛེས་བྱ་ཡི་ཀླད་པ་ལ།། གསུམ་སྟེ་སྙན་ནས་སྙན་དག་ཏུ།། སོར་ནི་བཅོ་བརྒྱད་ཤེས་བྱ་དང་།། དེ་གཉིས་བར་གྱི་རྒྱབ་ལོགས་སུ།། སོར་ནི་བཅུ ་བཞིར་འདིར་བྱ་དང་།། དབུ་མཐའ་འཁོར་བར་སོར་དག་ནི།། སུམ་ཅུ་གཉིས་པོ་རྣམས་ཡིན་ནོ།། སྙན་གྱི་སྲིད་དུ་སོར་བཞི་སྟེ།། མགུར་གྱི་ཞེང་ནི་སོར་བརྒྱད་ཡིན།། སྦོམ་དག་ཏུ་ནི་སོར་རྣམས་ཀྱི།། ཉི་ཤུ་རྩ་བཞི་དག་ཏུ་བྱ།། མགུར་གྱི་མཐའ་ནས ་སོར་བཅུ་གཉིས།། ཕྲག་པའོ་དེ་ནི་ཐལ་གོང་ཞེས།། ཞལ་གྱི་ཚད་ནི་བཞི་བདག་གིས།། ལག་པ་དག་གི་སྲིད་བསྟན་ཏེ།། སྤུད་པ་ལ་ནི་སོར་ཉི་ཤུ། དེ་བཞིན་ལག་ངར་བཅུ་དྲུག་གོ།། ཕྱག་མགུལ་འཁོར་བའང་དེ་བཞིན་ནོ།། མཁྲིག་མ་ནས་ནི་ཕྱག ་གིརྩེར།། སོར་ནི་བཅུ་གཉིས་རབ་ཏུ་གྲགས།། ཕྱག་མཐིལ་སྲིད་དུ་སོར་བདུན་ཏེ།། དེ་ཡི་ཞེང་ནི་ལྔ་ཡིན་ནོ།། མཐིལ་དུ་དུང་དང་འཁོར་ལོ་དང་།། པདྨ་ལྕགས་ཀྱུ་ཉིད་ཀྱང་ཡོན།། ཕྱག་མཚན་རྣམས་ཀྱི་གཟུགས་དག་གི། རྣམ་པ་ཐ་དད་བྲི་བར་བྱ ་གུང་མོའི་སྲིད་དང་སོར་ལྔ་སྟེ།། ཚིགས་ཕྱེད་ཀྱིས་ཐུང་འཛུབ་མོ་ཡིན།། སྲིན་ལག་དག་ནི་སོར་རྣམས་ཀྱིས།། ཕྱེད་ཀྱིས་ཐུང་བ་ཉིད་དུ་བྱ།། མཐེའུ་ཆུང་དག་ནི་སྲིན་ལག་གི། མཚིགས་ཀྱི་ཕྱེད་ཀྱིས་ཐུང་བར་བྱ།། སོར་མོ་ཐམས་ཅད་ཚིག ་གསུམ་སྟེ།། དེ་དག་ཚིགས་ཕྱེད་སེན་མོའོ།། མཁྲིག་མ་ཡིན་གོང་དག་གི། སོར་བཞི་དང་བཅས་མཐེ་བོང་ངོ་།། སྙོམས་སུ་ཡང་ནི་དེ་སྲིད་དོ།། དེ་ནི་ཚིགས་གཉིས་ཕྱེད་སེན་མོ།། མཐེ་བོ་ནས་ནི་འཛུབ་མོའི་བར།། སོར་གསུམ་དག་ཏུ་བཤད་པ་ཡིན།། ་མཁྲིག་མ་ནས་ནི་མཐེའུ་ཆུང་ངུ།། སྲིད་ནི་སོར་ལྷ་དག་ཏུ་བྱ།། མགུར་ནས་ཐུགས་ཀའི་བར་དག་ནི།། ཐུགས་ཀ་ནས་ནི་ལྟེ་བ་དང་།། ནུ་མ་གཉིས་ཀྱི་བར་དག་ཏུ།། སོར་ནི་ཕྱེད་དང་བཅུ་གསུམ་ཡིན།། ནུ་མ་གཉིས་ཀྱི་གོང་དག་ནས།། མཆན་ཁུང་དུ་ནི་སོར ་དྲུག་བྱ།། མཐོང་ག་དག་གི་འཕེལ་ག་ནི།། སོར་ནི་ཉི་ཤུ་རྩ་ལྔ་ཡིན།། མཐོང་གནས་ནི་རྒྱབ་འཁོར་བར།། སོར་ནི་ལྔ་བཅུ་རྩ་དྲུག་ཡིན།། ནུ་མ་ནས་ནི་ལྟེ་བའི་བར།། སོར་ནི་བཅུ་དྲུག་ཁོ་ནར་འདོད།། ཟླུམ་དང་ཟབ་ཚིགས་བཅས་པ་ཡི།། ལྟ་བ་ཁུང་ནི་སོར ་ཅིག་པོ།། ལྟེ་བའི་དབུས་ནས་འཁོར་བར་ནི།། སོར་ནི་བཞི་བཅུ་ཐམ་པ་ཡིན།། སྟ་ཟུར་དག་ནས་ཞེང་དུ་ནི།། སོར་ནི་བཅཝོ་བརྒྱད་ཁོ་ན་ཡིན།། ལྟེ་བ་ཕོ་མཚན་དྲུག་པར་དོར།། སྣོར་ནི་ཕྱེད་དང་བཅུ་གསུམ་ཡིན།། སྨད་ཀ་དྭེ་ཡི་ཕྱེད་དག་ནས།། རླིག་པ ་ལ་ནི་སོར་བཞི་ཡིན།། བརླ་ཡི་སྦོམས་སུ་སུམ་ཅུ་གཉིས་སྲིད་དུ་ཉི་ཤུ་རྩ་ལྔ་སྟེ།། དེ་དག་གི་ནི་དབུས་ཀྱི་སྦོམས།། ཉི་ཤུ་རྩ་ནི་བརྒྱད་ཡིན་ནོ།། ཚིགས་བཅས་ལྷ་ང་སོར་བཞི་སྟེ།། ལོང་བུ་སེར་གསུམ་དག་ཏུ་བྱི།། བྱིན་པོ་ཟླུམ་ཞིང་དྲང་པོ་ལ།། ་སོར་ནི་ཉི་ཤུ་རྩཝ་ལྔ་ཡིན།། དེ་ཡི་དབུས་ཀྱི་སྙོམས་སུ་ནི།། སོར་ནི་བཅུ་དྲུག་དག་ཏུ་བཤད།། ལོང་བུའི་ཕྱེད་ནས་སོར་བཅུ་གཉིས།། ལོང་བུའི་མཐའ་མ་སོར་གཉིས་ཏེ།། རྟིང་པ་འབྱུང་བ་སོར་བཞི་ཡིན།། སོར་གསུམ་དག་ཏུ་བྱ་བ་ཡིན།། ཞབས་གཉིས ་སོར་ནི་ཅིག་གཉིས་ལ།། ངོས་ཀྱི་རྔམས་ནཱི་སོར་ཅིག་སྟེ།། སོར་མོ་ལྔ་པོ་དེ་དག་ནི།། ཚིགས་གཉིས་ཚིགས་ཕྱེད་སེན་མོ་སྟེ།། མཐེ་བོའི་སྙོམས་སུ་སོར་ལྔ་ཡིན།། དེ་ཡི་སྲིད་དུ་སོར་གསུམ་སྟེ།། མདོར་ན་མཐེ་བོ་ཁོ་ན་ཡིན།། འཛུབ་མོ་ཡི་ནི་སྲིད་ཀྱང་ཡིན།། ་ཆ་ནི་བཅུ་དྲུག་བརྒྱད་ཕྱེད་ཀྱིས།། ལྷག་མ་ཅིག་པས་ཅིག་སྦྱང་ངོ་།། སོར་མོ་རྣམས་ལ་འཕངས་སོར་ཅིག། མཐེ་བོ་དེར་སོར་ཕྱེད་དང་གཉིས།། བརྒྱན་པའི་ཞབས་ཀྱི་སྟེང་དག་ནི།། རུས་སྦལ་རྒྱབ་ལྟར་གང་བར་བྱ།། ཞབས་གཉིས་ཤིན་ཏུ་གནས་པའི་མཚན།། མཉམ ་འཇར་ངེས་དང་མ་སྟོངས་ལ།། འཁོར་ལོ་དུང་དང་དཔ་ལ་བཻརུ་བཅས།། ཤིན་ཏུ་སྔ་བའི་རི་མོ་བྲི།། དེ་ལྟ་བུ་ཡི་ཀུན་མཁྱེན་གྱི།། ཞབས་ནི་ཤིན་ཏུ་སྔགས་པར་བཤད།། སངས་རྒྱས་ཀྱི་སྐུའི་གཟུགས་བརྩོན་གྱི་མཚན་ཉིད་མཐོ་བཅུ་པཾ། ཤིང་ནྱ་གྲོ་དྷ་ལྟར་མཆུ ་ཞེང་གབ་པ་ཞེས་བྱ་བ་འདི་ཡོངས་སུ་རྫོགས་སོ།། ། རྒྱ་གར་སྐད་དུ། སཾ་པྲདྡྷ་བྷ་ཥི་ཏ་པྲ་ཏི་མ་ལ་ཀྵ་ཎ་བི་བརྞ་ནཱ་མ། བོད་སྐད་དུ། རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའི་སྐུ་གཟུགས་ཀྱི་ཚད་ཀྱི་རྣམ་འགྲེལ་ཞེས་བྱ་བ། ཐམས་ཅད་མཁྱེན་པ ་