| Wylie | e-texts produced with BDRC’s OCR application |
བསྒྱུར་བའོ།། །། རྒྱ་གར་སྐད་དུ། ར་སཱ་ཡ་ཎ་ཤཱསྟྲ་ཨུ་དྷི་ཏི། བོད་སྐད་དུ། གསེར་འགྱུར་གྱི་བསྟན་བཅོས་བསྡུས་པ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། ཀུན་མཁྱེན་ཞི་བ་ཀུན་སྟེར་བ།། དཔལ་མགོན་མཆོག་ཏུ་ཞི་བར་མཛད།། ལོངས ་སྤྱད་གྲོལ་བ་རབ་སྟེར་བའི།། དབང་ཕྱུག་དམ་པ་ཕྱག་འཚལ་ལོ།། ཁྭ་དང་སྒོམ་ལས་རྣམ་པར་གྲོལ།། གསལ་དང་མི་གསལ་མཆོག་ཏུ་ནི།། དཔལ་དང་ལོངས་སྤྱོད་གྲོལ་སྟོར་མ།། མཆོག་གི་དབང་ཕྱུག་མར་ཕྱག་འཚལ།། མཆོག་ཏུ་སྨྲ་བའི ་དངུལ་ཆུ་ཡི།། ལས་ཀྱི་སྦྱོར་བ་དེས་པར་སྦྱར།། དེ་ཉིད་རབ་སྦྱོར་མཎྜར་ལ་ནི།། ཡོན་ཏན་སྐྱེ་བར་འགྱུར་བ་སྟེ།། རྒྱལ་བ་ཡིས་ནི་ནདུ་འཇོམས་ཤིང་།། སྨྱོན་པ་ཡིས་ནི་དངུལ་པོ་སྤྱོང་།། བཅིངས་པ་ཡིས་ནི་མཁའ་ལ་འགྲོ།། དངུལ་ཆུའི་ཡོན་ཏན ་རྣམ་གསུམ་མོ།། གལ་ཏོ་ལྷང་ཆེར་སྨིན་ནོ་ཡོན་ཏན་བརྒྱདཔ། མུ་ཟིའུ་གྱུར་འདི་ལ་ཡོན་ཏན་དྲུག། དངལ་ཆུ་མཉམ་དུ་གསེར་གྱིས་ངེས་བཅིངས་ན།། ཁྱོད་ཀྱི་མཁའ་ལ་འགྲོ་བ་གང་གིས་འགོག། གཤའ་ཙེ་དངུལ་ཆུའི་རོ་ཡིས་མ་ནཱམ་དུ་སྣུན ་དེབྱེད་ཟླ་བ་གཉིས་པའི་རིམ་པ་ཡིས།། གཤའ་ཚེ་ཟླ་བའི་ཕྱོགས་གསུངས་གསེར་སྦྱོར་ལས།། ཟངས་མ་དྲུག་ཅུ་རྩ་བཞི་འབིགས་པར་བྱེད།། དེ་ཉིད་ཐིག་ལེ་མི་གཏོང་ཞིང་།། དམར་སྣའི་མདོག་ནི་ནོར་སྟེར་རོ།། མེ་ལ་གནས་ཤིང་མི་གཡོ ་བ།། ནམ་མཁའ་སྨིན་པའི་མཚན་ཉིད་དོ།། གང་ལ་དངུལ་ཆུ་མཉམ་དུ་བཞུ།། དངུལ་དང་ཡང་ན་གསེར་དག་གམ།། གཅིག་ཏུ་གྱུར་ཅིང་མི་ཟད་པ།། དེ་ནི་བཅིངས་པའི་མཚན་ཉིད་དོ།། ལྷང་ཚེར་ཞུ་བ་གང་ཞིག་གིས། དངུལ་ཆུ་དབང་དུ ་བྱས་མྱུར་ནུ།། དེ་ཡིས་ཆོས་དང་ནོར་དག་ན། སྒྲོ་དག་ཉེ་བར་ཉེ་བ་ཡིན།། ཁ་ཡངས་ནམ་མཁའ་ཟ་བ་དང་།། སེར་པོ་ཟབས་མུ་རྀ་དང་།། གསེར་གྱི་མངལ་གྱ་ཁུ་བ་ཞོད།། ནོར་འཛིན་སྟང་ན་ཤིན་ཏུ་དགན།། རྙིངས་མིན་མ་ཡིན་ཁྱབ་པ་ཡི།། ་དམར་མིན་མ་ཡིན་གཞོན་མི་འཚེ།། སྨིན་དང་རྙིངས་པ་ཉིད་ཀྱིས་ནི།། བྱེ་བ་རྣམས་ནི་འབིགས་པར་འགྱུར།། དེ་ནས་དངོས་པོའི་གྲངས་བརྗོད་དེ།། འོད་ལྡན་ལྕགས་ནི་མཆོག་ཏུ་འགྱུར།། དེ་དངོས་མེད་ན་ལྕགས་རྣོན་པོ།། ར་ག་ན་ཞོ་ཕྱེད་གཤའ་ཚེ་ཟངས ་སྒྲ་གཅན་གསེར་དང་དཀར་པོ་རྣམས།། ལྕགས་རྣམས་བརྒྱད་དུ་གསུངས་པ་སྟེ།། དངུལ་ཆུའི་སྨིན་པ་སོ་སོ་ལ།། སྦྱང་བ་ཉིད་དུ་བྱ་བ་སྟེ།། གསེར་འགྱུར་ལས་ལ་དངུལ་ཆུ་རྣམས།། མུ་ཟི་དེ་བཞིན་དྲི་མེད་དང་།། མཱཀྵི་ཀ་དང་དེ་བཞིན་མཚལ།། ་ཀུ་ཎ་ཊཱི་ཀཱ་ཤི་ཀཾ་དྲུག། གསེར་གྱི་བཙག་དང་ད་བླ་རྣམས།། ཤེས་རབ་ལྡན་པས་འབད་པས་སྦྱངས།། མཁས་པས་ལས་རྣམས་ཤེས་པར་བྱ།། གསེར་གྱི་ལས་རྣམས་པ་བླ་ཡིས།། ཁ་དོག་སེར་དང་དཀར་པོའི་ཁམས།། ལྕང་ཚེར་དེ་བཞིན་སོ་སོ ་བཱིར།། ཀཱཾ་གུ་ཥ་ཐ་རྣམས་སོ་སོར་སྨིན།། དེ་རྣམས་རྟགས་ནི་བཤད་པར་བྱ།། སྦྱངས་པས་ཁུ་བ་རྣམས་ནི་ལྟུང་།། འོད་ལྡན་ཡང་ཞིང་ཁུ་བ་དཀར།། རྣོན་པོ་ཕྱོག་ཏུ་རྣོན་པོར་འགྱུར།། ཟངས་མ་དམར་དང་སྲ་བྷཱ་སྟེ།། རིགས་ནི་གསུམ་དུ་དབྱེ ་བ་ལས།། ཟིལ་ཡུལ་ལས་བྱུང་མཆོག་ཡིན་ཏེ།། འད་བ་མར་གྱུར་པ་འབྲིང་དྲི་རིག།། ཐ་མ་འོང་ཀྱི་དྲི་མ་ཆི་ཤེས།། ལས་ནི་ལེགས་པར་སྦྱར་པར་བྱ།། སྦྱངས་པས་ཁྱབ་བྱེད་ཉིད་དང་ནི།། དངུལ་ཆུའི་སྨིན་པ་ཉིད་ལ་ཕན།། གཉིན་ས ་དགར་བ་ཤེས། རང་བཞིན་ཡང་ཞིང་ཨུ་བ་ཅན།། ཀུ་ཤ་ཚོད་ལྡན་པ་མཆོག། ཚོགས་བླ་ནག་ཅོད་མྱུར་དུ་འཛྲ། མྱུར་བུ་འཇུ་བའི་རང་བཞིན་ཐོས།། ད། པོ་ཤིན་ཏུ་ཡོངས་སུ་གྲགས།། རག་ན་ཁ་གསེར་འདྲ་ཞིང་།། དྲི་མ་ལོན་ཅིང་དྲོ་དང་ལྡན།། དྲག་ཅིང་། ་བརྟན་པའཾ་ཁུ་བ་ཉིད།། ཟངས་ཀྱི་ཁམས་ནི་མཇུག་པའོ།། སྒྲ་ལྡན་དྲི་མ་ཡང་དག་ལྡན།། སྲ་ཞིང་མཆོག་ཏུ་བརྟན་གྱུར་པ།། ཟངས་དང་གཤའ་ཚེ་དག་བསྲིང་བ།། མཐུག་ཅིང་མྱུར་དུ་འཇུ་བའོ།། བཅད་ན་དཀར་ཞིང་བདང་ན་སེར།། བསྲེགས་ན་གུར་གུམ ་ལྟ་བུ་དང་།། སྣུམ་དང་ཉུང་ངུས་ལྕི་བ་སྟེ།། གསེར་གྱི་མཚན་ཉིད་རྣམ་པ་དྲུག། སྐར་མ་ཀུནྡའི་མདོག་དང་མཚུངས།། སྣུམ་དང་སྐར་མ་རབ་ཏུ་སྟེར།། ཡོན་ཏན་དྲུག་ཅུ་རྩ་བཞི་ནི།། རིགས་ཀྱི་མཚན་ཉིད་དག་ཏུ་བཤད།། སྔོན་རྗེས་ཇི་ལྟ་དེ་བཞིན་དུ།། བསྡུས ་ནས་བདག་གིས་རང་བཤད་བྱ།། འོད་ལྡན་ལ་སོགས་ལྕགས་རྣམས་ཀྱིས།། སྦྱངས་ནས་སྙིང་སྟོབས་དགུག་པ་སྟེ།། འོད་ལྡན་ལྕགས་སམ་ཡང་ན་རྣོ།། གསེར་ནི་དགུག་ཅིང་ཕྱེ་མར་བྱ།། ཚྭ་ཡི་སྡེ་ཚན་ཇི་སྙེད་དང་།། དྲི་ཆུའི་སྡེ་ཚན་སྦྱར་བར་བྱ།། ཚྭ་དང ་དྲི་ཆུ་དེ་ཉིད་ཀྱིས།། བློ་དང་ལྡན་པས་ཕྱེ་མར་བྱ།། གོང་བུ་གསུམ་དུ་སྤངས་ཡང་ནཽ།། ཏཱརཎྜཱི་རྣམ་པ་མང་པོས་གདུལ།། དེ་ནི་རྩེ་བ་ཉིད་དུ་བྱ།། སླར་ཡང་སྦྱར་རྩིས་སྦྱངས་པར་བྱ།། འདི་ཡིས་ཟངས་དང་འོད་ལྡན་ནཱམ།། ཡང་ནི་རྣོན་པོ་འདི་ཡིས་སྣང་། ་གླང་ཆེན་རས་ཕྱེ་ཡང་དག་སྦྱོར།། མཆིང་བུའི་ཕྱེ་མས་ངེས་སྦྱར་བྱ།། ལན་ནི་བདུན་གྱི་བར་དུ་ནི།། རྭ་ཡི་དྲི་ཆུས་གཏོར་བར་བྱ།། དེ་འདིར་ཟངས་ནི་སྦྱར་བར་བྱ།། བློ་དང་ལྡན་པ་རྣམས་ཀྱིས་བཤད།། འདི་ཡིས་ཟངས་ནི་རབ་མཆོག་ཏུ།། ་སྦྱང་བྱ་ལས་རྣམས་ཐམས་ཅད་ལ།། དེ་ནས་ར་ག་ན་དེ་བཞིན་དུ།། སྦྱང་པ་བདག་གིས་རང་བཤད་བྱ།། འབད་པ་ཡིས་ནི་བདར་བར་བྱ།། ཕྱེ་མ་ཞིབ་མོ་ཉིད་དུ་བྱ།། ཚྭ་བཅུག་དྲི་ཡི་ཆུ་ཡིས་ནི།། མཁས་པས་ཉི་མ་བདུན་དུ་མཉེ།། སླར་ཡང་སྐྱུར་མོ་དང ་བཅས་པས།། ཀོང་བུ་གསུམ་དུ་སྦྱིན་པར་བྱ།། འདི་ཡི་སྦྱང་བ་བཤད་པ་ནི།། ར་གོན་ཆོ་ག་ཇི་བཞིན་ནོ།། འཁར་བ་འབད་པས་བདར་བྱ་སྟེ།། ཕྱེ་མ་ཞིབ་མོ་ཉིད་དུ་བྱ།། ཚྭ་བཅུག་དྲི་ཡི་ཆུ་ཡིས་ནི།། ཕྱེ་མ་ཉིད་ནི་སླར་ཡང་སྦྱང་།། ལན་བདུན་གྱི་ནི་བར་དུ་སྦྱང་།། སླར་ལང ་སྦྱར་མོས་སྦྱད་པར་བྱ།། ཞ་ཉེ་བྱིན་ནས་མེ་ལ་བསྲེག། ཇི་སྲིད་ཟངས་སུ་མ་གྱུར་པར།། ཟངས་ཀྱི་གཟུགས་གྱུར་གང་ལ་ནི།། སླར་ཡང་ཟ་ངས་སྦྱིན་སྦྱང་པར་བྱ།། སྒྲ་ལྡན་སྤྱང་པར་བཤད་པ་ཡི།། གཙོ་བོ་དག་ནི་བདག་གི་བཤོད།། ཞ་ཉེ་སྦྱང་པར་བཤད་པ་ཡང་།། ཇི་ལྟར་རིགས ་བར་བདག་གིས་བཤད།། བ་བླའི་ཕྱེ་མས་འབར་བཞིན་དུ།། ཤཱི་རི་ཁཎྜའི་འོ་མས་སྦྱང་།། མང་པོར་སྦྱང་ཞིང་ཕྱེ་མ་དག། ཉི་མ་ལ་ནི་སྦྱང་བར་བྱ།། མོ་ནས་ཞུ་དང་ཕྱེ་མ་ལ།། ཞྭ་ཉེ་ཡིས་ན་ངེས་པར་སྦྱར།། ལན་བདུན་གྱིས་ནི་དག་པར་འགྱུར།། འབྲས་བུ་གསུམ་གྱི་ཁུ་བས ་བཀྲུ། འདི་ཡི་སྦྱང་པར་བཤད་པ་ནི།། ཞ་ཉེ་གཤའ་ཚེ་དག་བཞིན་བཤད།། ཀུ་ནོ་ཊི་ཡི་དངོས་པོ་དང་།། ཆང་གི་མེ་ཏོག་ཁུ་བ་ཡི།། དེ་ཡི་ཕྱེ་མ་སྦྱར་བར་བྱ།། གཤའ་ཙེ་རེས་ཀྱིས་ཡང་ཡང་དུ།། འོད་ཀྱི་བློ་གྲོས་མར་ཁུ་དང་།། ཡང་ན་ཀ་རཉྫ་མར་ཁུས།། བཀྲུ་ཞིང ་གཏོར་བ་ཉིད་དུ་བྱ།། སྦྱང་བ་མང་དུ་གསུངས་པ་ཡིས།། ཉེས་པ་མང་པོ་རྣམ་པར་སྤོང་།། ཞ་ཉེ་ཅུང་ཟད་བྱིན་ནས་ནི།། སྐར་མ་མཁས་པས་མེ་ལ་བསྲེག། དེ་བཞིན་གྱུར་པ་དྲི་ཆུ་ཡིས།། བློ་དང་ལྡན་པས་ལན་གསུམ་བཀུ།། དེ་ནས་མཐའ་དང་བར་དག་ཏུ།། 5 ་བདུན་དུ་ནི་བཀྲུ་བར་བྱ།། དེ་ཡིས་དག་པར་འགྱུར་བ་སྟེ།། འདི་ལ་རྣམ་པར་སྤྱད་མི་བྱ།། གསེར་མི་སྐྱོང་བར་བཤད་པ་ཡི།། ཡོན་ཏན་རྣམས་ནི་དྲུག་དེ་ཡི།། དང་པོ་ཆེ་དང་དྲི་ཆུ་ཡིས།། ཇི་སྙེད་སྦྱར་རྩིས་བཀྲུ་བར་བྱ།། མར་དང་སྦྲང་དག་བསྲེས་པ་ཡིས།། བྱུག་པས་སླར་ཡུང ་མཛད་མི་འགྱུར།། འདི་ཡིས་དངོས་གྲུབ་འགྲུབ་པར་བྱེད།། གསེར་གྱི་རིམོ་པ་ཇི་བཞིན་ནོ།། ལྕགས་རྣམས་གདུལ་བར་གསུངས་པ་ཡི།། ཇི་ལྟར་མི་འགྱུར་སྦྱོར་བ་ལས།། གསེར་དངུལ་ཇི་ལྟ་བ་དེ་བཞིན།། འོད་ལྡན་ལྕགས་དག་ཇི་སྙེད་དང་།། དེ་ཡི་དངོས་པོ་རྣོན་པོ་ལ།། ་དང་པོ་སྦྱངས་པར་བྱས་ནས་ནི།། ཕྱི་ནས་ལས་ཀྱིས་མཉམ་དུ་བརྩམ།། མདོག་བཟང་མཱ་ཀཱི་ཀ་ཉིད་དང་།། ཚྭ་དང་སྐྱུར་མོ་དག་གི་སྦྱར།། གསེར་འགྱུར་རྩིའི་བསྟན་བཅོས་ཇི་སྙེད་པའོ།། ཁྲུ་9།། རྒྱ་གར་སྐད་དུ། ཤསྟ་ལ་ནྱ་གྲོ་དྷ་པ་མཎྜ་ལ་བུདྡྷ་པྲ་དཾ ་