| Wylie | e-texts produced with BDRC’s OCR application |
text in 3 volumes
volume 1 (gso rig (e)) - volume 2 (gso rig (ko)) - volume 3 (gso rig (kho)) -
རྒྱ་གར་སྐད་དུ། པ་དཱཪྴ་ཙིནཱི་ཀ་པྲ་བྷཱ་ས་ནཱ་མ
་མཇུག་ད་ཡོ་བྲྀ། འདི་སྐད་དུ། ཡམ
་སྙིང་པོའི་རྣམ་པར་འགྲེལ་པའི་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། བཅོམ་ལྡན
་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻ་ཌཱུརྱའི་འོད་ལ་ཕྱག་འཚལ་ལོ།། འཕྲོག
་བྱེད་མི་ཟད་ཚིག་གི་གཏེར།། ལྷ་ཡི་ལྷ་དབང་རབ་བཏུད་དེ།། རྒྱས་བཤད་ཚིག་དོན་ཟླ་བའི་ཟེར།། ཀུན་ལ་ཕན་གསལ་བདག་གིས་ནི།།
་དབུལ་ལྡན་སྒྲིབ་བྱེད་ལྷ་ཡིས་ནི།། སྙིང་ནི་རྣམ་པར་དྲངས་པས་ན།། བླ་མའི་ལུང་ནི་ཡང་དག་ཉིད།། གསལ་བར་རྟོགས་ནས་བརྩམ་པར་བྱ།། རིག་པས་རབ་ཏུ་ཟབ་གྲགས་ལྡན་པའི།།
་དགེ་བའི་འོ་མའི་མཚོ་ལས་སྐྱེས།། ཟླ་བ་དགའ་བ་ཟླ་བ་ལྟར།། མ་རྟོགས་ཚ་བཞི་བྱེད་ཡིན།། འདོད་ཆགས་ལ་སོགས་མ་ལུས་པ་ཡི་ནད།། རྒྱུན་དུ་འབྲེལ་བས་ལུས་ཀུན་མ་ལུས
་ཁྱབ།། འདོད་དང་གཏི་མུག་ཁྲོ་བ་སྩལ་བ་ཡི།། སྨན་པ་སྔོན་མེད་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ལ།། བསྟན་བཅོས་རྩོམ་པ་ལ་ནི་མངོན་པར་འདོད་པའི་ལྷ་ལ་ཕྱག་བྱ་དགོས
་བོའི་ཕྱིར་ཚིག་སུ་བཅད་པ་དང་པོ་འདི་སྨོས་པ་ཡིན་ཏེ། འདོད་ཆགས་ལ་སོགས་པའི་ནད་སེལ་བའི་སྨན་པ་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བར་སྦྱར་རོ།། འདིར་འདོད
་ཆགས་ལ་སོགས་པ་ན་འད་ཆགས་དང་ན་སྡུང་ལ་སོགས་པ་ཡིན་ལ། འདུད་རྨུགས་ལ་སོགས་པ་དེ་ཉིད་ནི་གནོད་ཅིང་གདིང་བར་བྱེད་པས་མན་དང་། ལུས་དང་སེམས་གདུང་བ་དབྱུང་ནས་བྱ་བ་དན་ཏོ།། དང་གི་སྤྱིར་ལས་ན
་རྣམས་ཤིན་ཏུ་གཟིར་བར་བྱེད་པ་ཡིན་ལ། དེ་གང་གིས་སེལ་བར་མཛད་པའོ།། དེ་ཇི་ལྟ་བུ་ཞེ་ན། རྒྱུན་ཏུ་འབྲེལ་བ་ཞེས་སྨོས་ཏེ། རྟག་ཏུ་རྗེས་སུ་འབྲང་ཞིང་དུས་ཐམས་ཅད་དུ་ཀུན་ཏུ་འབྲེལ་བ་ལ་ལྷན་ཅིག་སྐྱེས་པ་ཞེས་བྱ་བའི་དོན་ཏེ་དེ་དང་བྲལ་བའི་འཁོར་བ་ནི་ན་མོ་ཡང་འབྱུང
་བར་མི་འགྱུར་རོ།། ལུས་ཀུན་ཁྱབ་ཅེས་བྱ་བ་ནི་ལུས་ཀྱང་ཡིན་ལ་ཀུན་ཡང་ཡིན་པས་ན་ལུས་ཀུན་ཞེས་བྱ་སྟེ། སྐྱེས་བུ་དང་། ཕྱུགས་དང་། གླང་པོ་དང་། རྟ་དང་། བ་ལང་དང་། བ་ལང་རྒོད་དང་། འབུ་སྲིན་དང་། གྲོག་སྦུར་ལ་སོགས་པ་དང་འབྲེལ་བའི་ལུས་མ་ལུས
་པ་དེ་ཐམས་ཅད་ལ་མཆོག་ཏུ་ཁྱབ་པར་གནས་པས་ན་མ་ལུས་ཁྱབ་ཅེས་བྱ་སྟེ། རྩ་བ་དང་བཅས་ཤིང་ས་བོན་དང་བཅས་པ་མ་ལུས་པ་ལ་ཁྱབ་པ་ཞེས་བྱ་བའི་དོན་ཏོ།། འདོད་དང་གཏི་མུག་ཁྲོ་བ་སེལ་ཞེས་བྱ་བ། འདོད་པ་ནི་ཡུལ་རྣམས་ལ་འདོད་ཅིང་ཆགས་པ
་ལ་མངོན་པར་ཞེན་པའོ།། གཏི་མུག་ནི་བྱ་བ་དང་བྱ་བ་མ་ཡིན་པ་མ་རྟོགས་ཤིང་མི་ཤེས་པའོ།། ཁྲོ་བ་ནི་སེམས་ཀྱིས་ཞེ་སྡང་ཞིང་གང་དུ་ཡང་མངོན་པར་ཆགས་པ་མེད་པ་སྟེ། གང་དེ་ལྟ་བུ་སེལ་ཞིང་འཇོམས་པར་མཛད་པའི་སྨན་པ་སྔོན་མེད་པ་དེ་ལ་ཕྱག
་འཚལ་ལོ་ཞེས་བྱ་བ་ཡིན་ཏེ། ངོ་མཚར་དུ་གྱུར་ཅིང་རྨད་དུ་བྱུང་བའི་ཚུལ་ཅན་གྱི་སྨན་པ་སྔོན་མེད་དེ་ལ་ཕྱག་འཚལ་ཞིང་འདུད་པར་ནི་གང་གི་ཕྱིན་སྨན་པ་འདི་ནི་ལྷན་ཅིག་སྐྱེས་པའི་ཚུལ་ཅན་རྟག་ཏུ་འབྲེལ་ལ། ཁྱབ་པར་གནས་པ་རྩ་བ་དང་བཅས་པ་གསོར་མི་རུང
་བའི་ནད་དང་མཚུངས་པའི་རྣམ་པ་ཅན་འཇིག་པར་མཛད་པ་ཡིན་ལ། སྨན་པ་གཞན་དག་ནི་རིམས་ལ་སོགས་པའི་ནད་རྣམས་མཚན་མ་འདི་དག་དང་ལྡན་ན་སེལ་བར་མི་ནུས་སོ།། ཡང་ན་གང་ཞིག་གི་སྔོན་དུ་གཞན་མེད་པ་གང་ཡིན་པ་དེ་ནི་སྔོན་མེད་ཅེས་བྱའོ།། འདི་སྐད
་སྔོན་ཏེ། དེ་ཉིད་ནི་ཐམས་ཅད་ལས་ཐོག་མར་གྱུར་པ་ཡིན་ནོ།། གང་གི་ཕྱིར་མངོན་པར་འདོད་པའི་ལྷ་ལ་ཕྱག་བྱ་བ་སྔོན་དུ་འགྲོ་བར་ནི་རྩོམ་པ་ལ་འཇུག་པ་ཐམས་ཅད་དང་པོ་མི་ཐོག་པར་གེགས་མེད་པ་ཉིད་དུ་རྫོགས་ཤིང་འབྲས་བུ་དང་བཅས་པར་འགྱུར་རོ།། དེའི་ཕྱིར
་འདོད་པའི་ལྷ་ལ་ཕྱག་བྱས་ནས། དེའི་འོག་ཏུ་སྨན་དཔྱད་ཀྱི་རྒྱུད་བྱེད་པས། རྒྱུད་འདི་ཐམས་ཅད་རྩོམ་པ་ལ་འཇུག་པ་ཡིན་ནོ།། དེ་བཞིན་དུ་འདིར་ཡང་འབྲེལ་པ་ལ་སོགས་པ་བཞི་བརྗོད་པར་བྱ་དགོས་ལ། ཚིག་ནི་རིམ་གྱིས་འཇུག་པ་ཡིན་པ་ལ། འདི་དག་ཅིག་ཅར
་བརྗོད་པར་མི་ནུ་སཽ།། དེ་བས་ན་དང་པོར་རེ་ཞིག་འབྲེལ་པོ་བཤད་པར་བྱའོ།། དེ་ཡང་དེ་ཕྱིར་འབྲེལ་པ་བརྗོད་པ་ཡིས།། ཉན་པ་པོ་ཡི་འཇུག་པ་འགྲུབ།། དེ་བས་བསྟན་བཅོས་ཐམས་ཅད་ལ།། འདྲལ་པ་དང་པོར་བརྗོད་པར་བྱ་ཞེས་བཤད་པས་ན། འབྲེལ་པ་བཏོད་དགོས
་ལ། དགོས་པ་ཡང་། བསྟན་བཅོས་དག་ནི་ཐམས་ཅད་དང་།། ལས་རྣམས་ཅི་ཡང་རུང་བ་ཡི།། ཇི་སྲིད་དགོས་པ་མ་སྨྲས་པ།། དེ་སྲིད་དེ་ནི་སུ་ཞིག་འཛིན་ཞེས་བཤད་པ་ཡིན་ནོ།། དེ་ལ་འདིར་འབྲེལ་པ་ནི་ཐབས་ནད་ཀྱི་མཚན་ཉིད་དང་། ཐབས་ལས་བྱུང་བ་ནད
་ཉེ་བར་ཞི་པའི་ཚེའི་རིག་བྱེད་དེ། དེ་དག་ཐམས་ཅད་ཐབས་ལས་བྱུང་བའི་མཚན་ཉིད་དུ་འབྲེལ་བ་ནི་འབྲེལ་པའོ།། དགོས་པ་ནི་ཁམས་དང་རང་བཞིན་གྱི་བྱ་བ་ཡང་སྟོན་པ་ནི་གཞུང་འདིའི་དགོས་པ་ཡིན་ལ། དགོས་པའི་དགོས་པ་ནི་ཆོས་དང་། དོན་དང་འདོད་པ
་རྫོགས་པ་ཡིན་ནོ།། དེ་ནས་ཚེ་རིང་བར་འདོད་པའི་ལེའུ་བཤད་པར་བྱའོ་ཞེས་བྱ་བ་ལ། འདིར་དེ་ནས་ཞེས་བྱ་བའི་སྒྲ་ནི་བཀྲ་ཤིས་པ་དང་། དབང་དུ་བྱ་བ་དང་། དེ་མ་ཐག་པའི་དོན་གྱི་དབང་དུ་བྱས་པ་ཡིན་ཏེ། དེ་ཡང་ཡི་གེ
་ཨོཾ་དང་དེ་ནས་སྒྲ།། གཉིས་པོ་འདི་དག་སྔོན་ཚངས་པའི།། མཁུར་ཚོས་བརྟོལ་ཏེ་མངོན་པར་བྱུང་།། དེས་ན་འདི་གཉིས་བཀྲ་ཤིས་ཡིན།། ཞེས་སྨོས་པ་ཡིན་ལ། བཀྲ་ཤིས་པ་ལ་སོགས་པ་ནི་དེ་འདོན་པར་བྱེད་པ་རྣམས་ལ་བར་ཆད་མེད་པར་རབ་ཏུ་འཇུག་ཅིང་། མངོན
་པར་འདོད་པའི་དོན་བསྒྲུབ་པར་འབྱུང་བར་འགྱུར་བ་ཡིན་ནོ།། དབང་དུ་བྱ་བ་ནི་ཚེ་རིང་བར་འདོད་པ་ལ་ཕན་པའི་བསྟན་བཅོས་ཀྱི་དབང་དུ་བྱས་པ་ཡིན་ཏེ། གང་འདི་ནས་ཉེ་བར་བརྩམས་ཏེ། གཞུང་ཡོངས་སུ་རྫོགས་པ་དེ་དག་ཐམས་ཅད་ནི་ཚེ་རིང་བར་འདོད་པ་རྣམས
་ལ་ཕན་པ་ཡིན་ནོ།། དེ་མ་ཐག་པ་ཡང་ལྷ་ལ་ཕྱག་བྱས་པའི་རྗེས་ཐོགས་ཉིད་ལ་ཚེ་རིང་བར་འདོད་པ་རྣམས་ལ་ཕན་པ་བཤད་པ་ཡིན་ནོ།། དེ་ནས་ཞེས་བྱ་བ་ནི་རྒྱུའི་དོན་ཏེ། གང་གི་ཕྱིར་འགལ་བ་དང་། ཐེ་ཚོམ་དང་བཅས་པ་དང་། དོན་མེད་པ་དང་། ཟློས་པ་ལ
་སོགས་པའི་ཉེས་པ་དང་བཅས་པའི་གཞུང་མང་དུ་ཡོད་པ་འམ། ཡང་ན་འགྲོ་བའི་ཁོངས་སུ་གཏོགས་པའི་འཇིག་རྟེན་པ་རྣམས་ནད་ཀྱིས་ཟིལ་གྱིས་ནོན་པར་མཐོང་སྟེ། དེ་བས་ན་ཚེ་ལ་ཕན་པ་དང་། ནང་མེད་པའི་འགྲོ་བ་ལ་ཕན་པ་བཤད་པར་བྱའོ་ཞེས་པའོ།།
་ཚེ་ཞེས་བྱ་བ་ནི་འགྲོ་བས་ན་ཚེ་སྟེ། རྒྱུན་མི་འཆད་པར་འགྲོ་ཞིང་སྐད་ཅིག་ཀྱང་མི་སྡོད་པའོ།། ཚེ་འདོད་པ་རྣམས་ལ་ཕན་པས་ན་ཚེ་རིང་བར་འདོད་པའོ།། ལེའུ་ཞེས་བྱ་བ་ལ། ཤེས་པར་བྱེད་པས་ན་ལེའུ་སྟེ། དེ་ཡང་ཡི་གེ་བསྡུས་པ་ནི་ངག་ཡིན་ལོ། ངག་བསྡུས
་བབ་ནི་རབ་ཏུ་བྱེད་པའོ།། རབ་ཏུ་བྱེད་པ་བསྡུས་པ་བྱེད་པ་ནི་ལེའུའོ།། བཤད་པར་བྱའོ་ཞེས་བྱ་བ་ལ། སྣ་ཚོགས་ཤིང་དུ་མར་ཕྱེ་བྱ་སྟེ། ཚིག་དང་། དོན་དང་། དྲིས་པ་དང་། ལན་ཏེ། བཞུང་ཡོངས་སུ་རྫོགས་ཀྱི་བར་དུ། གང་ཅུང་ཟད་བཤད་པ་དེ་ཐམས་ཅད་ནི་ཚེ་རིང་བར
་འདོད་པ་རྣམས་ལ་ཕན་པའི་ཕྱིར་བཤད་ཅིང་བསྟན་ལ་རྣམ་པར་དབྱེ་བར་བྱའོ་ཞེས་བྱ་བའི་བར་དུའོ།། རྒྱུན་ཤེས་ཀྱི་བུ་ལོ་སོགས་པ་དྲང་སྲོང་ཆེན་པོ་རྣམས་ཀྱིས་ལ་དེ་ལྟར་བཤད་དེ་ཞེས་བྱ་བ་ལ་རྒྱུན་ཤེས་ལས་སྐྱེས་པས་ན་རྒྱུན་ཤེས་ཀྱི་བུ་སྟེ། འདིས་ནི་རིགས་པ
་ཡོངས་སུ་དག་པར་སྟོན་པར་འགྱུར་རོ།། དེ་བཞིན་དུ་ཚེའི་རིགས་བྱེད་ཀྱི་བསྟན་བཅོས་འདི་ལུང་གི་ཚད་མ་དང་ལྡན་པར་སྟོན་པ་ཡང་ཡིན་ནོ།། རྒྱུན་ཤེས་ཀྱི་བུ་ལ་སོགས་པ་ཡང་ཡིན་ལ། དྲང་སྲོང་ཆེན་པོ་ཡང་ཡིན་པས་ནི་རྒྱུན་ཤེས་ཀྱི་བུ་ལ་སོགས་པའི་དྲང་སྲོང་ཆེན་པོ་རྣམས
་ཏེ། འདིས་ནི་རང་བཟོར་བྱས་པ་བཀག་པ་ཡིན་ཏེ། ཁོ་བོས་རང་དགར་ནི་ཅུང་ཟད་ཀྱང་སྨྲ་བར་ནུས་པ་མ་ཡིན་ནོ།། ཞེས་པའོ།། འདི་ལྟར་ཞེས་བྱ་བའི་སྒྲ་ནི་འདི་སྐད་ཅེས་བྱ་བའི་དོན་ཏོ།། བཤད་དེ་ཞེས་བྱ་བའི་སྒྲ་ནི་སྔོན་གྱི་དུས་སུ་སྨྲ་ཞིང་སྟོན་པ་ཞེས་བྱ་བའི་དོན་ཏོ།། ཚེ་ནི་རིང
་བར་འདོད་པ་ཡིས།། ཆོས་དང་ནོར་དང་བདེ་བ་བསྒྲུབ།། ཚེ་ཡི་རིག་བྱེད་ལུང་བཤད་པ།། རབ་ཏུ་གུས་པར་བྱ་བར་གྱིས་ཞེས་བྱ་བ་ལ། ཆོས་དང་ནོར་གྱི་བདེ་བ་ཚེ་འདོད་པའི་ཚེ་སྐྱེས་བུས་ཚེའི་རིག་བྱེད་པ་སྟན་པ་ལ་མཆོག་ཏུ་གུས་པར་བྱ་བ་ནི། རང་དམ་གཞན་ལས་ཤེས་ཏེ
་བྱའོ།། དེ་ལ་ཚེ་ཞེས་བྱ་བ་ནི་འཚེ་བ་སྟེ། ལུས་དོང་དབང་པོས་སེམས་ཅན་བདག། འདུས་པ་བཞི་ཡི་འཚེ་བ་སྟེ།། རྟག་པོར་འགྲོ་ཞིང་རྗེས་འབྲེལ་བ།། ཆེ་ཡི་རྣམ་གྲངས་ཡིན་པོར་བཤད།། ཅེས་བྱ་བ་ཡིན་ལ། ཚེ་དེ་རིག་པར་བྱེད་པས་ན་ཚེའི་རིག་བྱེད་དེ། ཇི་ལྟར་ཞེ་ན། ཕན་པ
་དང་། ཕན་པ་མ་ཡིན་པ་དང་། བདེ་བ་དང་། སྡུག་བསྔལ་བ་དང་། ཚད་མ་དང་། ཚད་མ་མ་ཡིན་པ་ཉིད་ལས་ཤེས་སོ།། དེ་ཡང་ལུང་ལས། ཕན་དང་མི་ཕན་བདེ་སྡུག་བསྔལ།། དེ་ཡི་ཚེ་ཡིན་ཕན་མི་ཕན།། གང་དུ་ཚད་དུ་བཤད་པ་ནི།
་ཚེ་ཡི་རིག་ཁྱེད་ཡིན་པར་བཤད།། ཅེས་སྨོན་པ་ཡིན་ནོ།། ཡང་ན་གང་གིས་གང་ལ་ཚེ་ཡོད་པར་འགྱུར་བ་དེ་ནི་ཚེའི་རིག་བྱེད་དེ། དེ་ཡོད་པར་ཤེས་པ་ཐོབ་ཅིང་། རྣམ་པར་དཔྱོད་པར་འགྱུར་རོ།། དེའི་ལུང་བཤད་པ་ནི་ཚེའི་རིག་བྱེད་སྟོན་པར་བྱེད་པའི་བསྟན་བཅོས་ཏེ། དེ་ལྟར་ན་ཚེའི
་རིག་བྱེད་སྟོན་པར་བྱེད་པའི་བསྟན་བཅོས་ལ་རབ་ཏུ་གུས་ཤིང་འབད་པས་གོ་བར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ།། དེ་ཅིའི་ཕྱིར་ཞེ་ན། ཚེ་དེ་ནི་ཆོས་ལ་སོགས་པ་སྒྲུབ་པར་བྱེད་པ་ཡིན་ནོ།། དེ་ལ་ཆོས་ཞེས་བྱ་བ་ནི་འཇིག་རྟེན་པ་རྣམས་འཛིན་ཅིང་འཚོ་བར་བྱེད་པས་ན་ཆོས་སོ།། བླང
་ཞིང་དོན་དུ་གཉེར་བར་བྱ་བ་ཡིན་པས་ནོར་རོ།། བདེ་བ་ནི་སྡུག་བསྔལ་དང་བྲལ་བའོ།། དེ་རྣམས་བསྒྲུབ་པ་ནི་བསྒྲུབ་པའི་ཐབས་སུ་གྱུར་པའོ།། ད་ནི་བསྟན་བཅོས་པ་ཅིག་ལས་གཅིག་ཏུ་བརྒྱུད་པ་ཡིན་པར་བསྟན་པའི་ཕྱིར། ཚངས་པས་ཚེ་ཡི་རིག་བྱེད་དྲན།། སྐྱེ་དགུའི་བདག་ལ
་ཤད་པ་ཡིན།། དེ་ཡིས་ཐ་སྐར་དེས་བརྒྱ་བྱིན།། དེས་རྒྱུན་ཤེས་སོགས་དྲང་སྲོང་ལའོ།། དེ་ཡིས་མེ་བཞིན་འཇུག་ལ་སོགས།། དེ་རྣམས་ཀྱིས་བརྒྱུད་སོ་སོར་བྱས་ཞེས་སྨོས་པ་ཡིན་ནོ།། དེ་ལ་ཚངས་པ་ནི་མེས་པོ་ཆེན་པོ་སྟེ། དེས་ནི་ཚེའི་རིག་བྱེད་དྲན་པ་ཡོན་ཏེ། ཚེའི་རིག་བྱེད
་རྟ་པ་ཉིད་ཡིན་པའི་ཕྱིར་རོ།། སྐྱེ་དགུའི་བདག་ཅེས་བྱ་བ་ནི་མྱུར་བ་ཞེས་བྱ་བ་སྟེ། དེ་ལ་བཤད་ཅིང་འཛིན་དུ་བཅུག་གོ། དེ་ཡིས་ཐ་སྐར་ཞེས་བྱ་བ་ནི་སྐྱེ་དགུའི་བདག་པོ། དེས་ལྷའི་སྨན་པ་ཐ་སྐར་གྱི་བུ་གཉིས་ལ་བཤད་ཅིང་འཛིན་དུ་བཅུ་གོ། ངེས་བརྒྱ་བྱིན་ཞེས་བྱ་བ་ནི་ཐོ
་སྐར་གྱི་བུ་གཉིས་ཀྱིས།། བརྒྱ་བྱིན་མིག་སྟོང་ལྡན་འཛིན་དུ་བཅུག་གོ།། དེས་རྒྱུན་ཤེས་ལ་སོགས་པ་དྲང་སྲོང་ལ་ཞེས་བྱ་བ་ནི་བརྒྱ་བྱིན་དེས་རྒྱུན་ཤེས་ཀྱི་བུ་ལ་སོགས་པའི་དྲང་སྲོང་རྣམས་འཛིན་དུ་བཅུག་སྟེ། རྒྱུན་ཤེས་ཀྱི་བུ་ནི་ནབས་སོ་སྐྱེས་སོ།། སོགས་པའི་སྒྲས་ནི་ཐང་ལ་འབ
་དང་། རྐང་གཉིས་དཔྱོད་དང་། མུ་ཁྱུད་དང་། འགྲོ་བ་སྐྱོབ་ཀྱི་བུ་ལ་སོགས་པས་གཟུང་ངོ་།། དེ་ཡིས་མེ་བཞིན་དུ་འཇུག་ལ་སོགས་ཞེས་བྱ་བ་ནི། རྒྱུན་ཤེས་ཀྱི་བུ་ལ་སོགས་པའི་དྲང་སྲོང་དེ་རྣམས་ཀྱིས། དྲང་སྲོང་མེ་བཞིན་འཇུག་ལ་སོགས་པ་ལ་བཤད་དེ། སོགས་པའི་སྒྲས
་ནི་དྲང་སྲོང་ལུགས་དང་། རྒྱ་སྐྱེག་རྣ་དང་། མདའི་མཆོག་དང་། ལན་ཚྭའི་ལག་པ་ཞེས་བྱ་བའི་བར་ལ་བཤད་ཅིང་འཛིན་དུ་བཅུག་གོ། དེ་རྣམས་ཀྱིས་རྒྱུད་སོ་སོར་བྱས་ཞེས་བྱ་བ་ནི། མེ་བཞིན་འཇུག་ལ་སོགས་པ་ལ་བཤད་དོ། སོགས་པའི་སྒྲས་ནི་དྲང་སྲོང་རྣམས་ཀྱིས
་ཀྱང་། སོ་སོར་ཞེས་པ་རེ་རེསོ་རྒྱུད་ཅེས་པ་སྨན་དཔྱད་ཀྱི་གཞུང་བྱས་ཤིང་རྒྱ་ཆེར་སྦྱར་བ་ཡིན་ནོ།། དེ་ཡང་གཞུང་འདིས་ཚེའི་རིག་བྱེད་ཀྱི་དོན་འཛིན་ཅིང་སྡུད་པས་ན་རྒྱུད་ཅེས་བྱའོ།། གལ་ཏེ་དྲང་སྲོང་ཆེན་པོ་རྣམས་ཀྱིས་བྱས་པའི་གཞུང་རྣམས་ཡོད་བཞིན་དུ། རྒྱུད་འདི་ཅིའི་ཕྱིར
་རྩོམ་པར་བྱེད། དེ་ལ་འབད་པ་དོན་མེད་པ་བསྐྱེད་པ་འབའ་ཞིག་དུ་ཟད་དོ་ཞེ་ན། དེའི་ཕྱིར་ཤིན་ཏུ་མཐོང་བ་དེ་རྣམས་ལས་རིག་བྱེད་ཀྱི་དོན་འཛིན་ཅིང་སྡུད་པས་ནི་རྒྱུད་ཅེས་བྱའོ།། གལ་ཏེ་དྲང་སྲོང་ཆེན་པོ་རྣམས་ཀྱིས་བྱས་པའི་གཞུང་ཡོད་བཞིན་དུ་རྒྱུད་འདིའི་ཅིའི་ཕྱིར་རྩོམ་པར་བྱེད། དེ་ལ
་འབད་པ་དོན་མེད་བསྐྱེད་པ་འབའ་ཞིག་དུ་ཟད་དེ་ཞེ་ན། དོ་ཕྱིར་ཤིན་ཏུ་མཐོང་བ་དེ་རྣམས་ལས། རབ་ཅེས་ཕལ་ཆེར་བསྡུས་པ་ནི།། ཤིན་ཏུ་རྒྱས་མིནི་བསྡུས་མིན་པར།། ཡན་ལག་བརྒྱད་པའི་སྙིང་པོ་བྱས་ཞེས་བྱ་བ་སྨོས་པ་ཡིན་ཏེ། ཤིན་ཏུ་འཐོར་ཞིང་མ་འདུས་ལ།།
་ཚིག་མཐོན་ན་གྱིས་དོན་ཕན་ཚུན་འཕྱན་པར་འགྱུར་བའི་གཞུང་དེ་རྣམས་ལས། ཤིན་ཏུ་འངས་པ་ཕལ་མོ་ཆེ་མང་དུ་བསྡུས་ནས། ཡན་ལག་བརྒྱད་པ་སྙིང་པོ་ལ་བྱས་ལ། དེ་ཡང་ཤིན་ཏུ་བསྡུས་པ་འམ། ཤིན་ཏུ་རྒྱས་པ་ནི་མ་ཡིན་ནོ་ཞེས་བྱ
་བའི་དོན་ཏོ།། ཚིག་གི་དོན་ནི་རྣམ་པར་བསྐོར་བའི་ཚིག་རྣམས་ལས་བཏུས་ཤིང་ལེགས་པར་བསྡུས་པས་བཏུས་པའོ།། དེ་ཡང་གཅེས་པ་ཉིད་ལས་ཕལ་ཆེར་བཏུས་པ་ཡིན་ཏེ། གཞུང་གཞན་དག་ཏུ་གཅེས་པ་ཙམ་ཞིག་བསྡུས་པ་ཡིན་ལ། འདི་ནི་རབ་ཏུ་གཅེས་པ་བསྡུས
་པ་ཡིན་ནོ།། ཤིན་ཏུ་བསྡུས་མིན་རྒྱས་མིན་པར་ཞེས་བྱ་བ་ལ། བསྡུས་པ་ནི་གཞུང་ཉུང་ངུ་ཞིག་སྦྱར་བའོ།། རྒྱས་པ་ནི་གཞུང་མང་པོ་སྦྱར་བ་ཡི་ནོ།། གང་གི་ཕྱིར་ཤིན་ཏུ་བསྡུས་པ་ནི་བློ་དམན་པ་རྣམས་ཀྱིས་དོན་དུ་མི་འགྱུར་ལ། དེ་རྣམས་ཉིད་ལ་ཤིན་ཏུ་རྒྱ་ཆེར་བཤད་ན
་ཡང་མཉན་པ་དང་། གོ་བི་དང་ཐམས་སུ་ལེན་པར་མི་ནུས་སྷོ།། དེ་བས་ན་བློ་དམན་པ་དང་། བར་མི་དང་། མཆོག་དང་ལྡན་པའི་སློབ་མོ་རྣམས་ཀྱི་དོན་དུ་རྒྱུད་འདི་བྱས་པ་ཡིན་ནོ།། ཡན་ལག་བརྒྱད་པའི་སྙིང་པོ་ཞེས་བྱ་བ་ནི་ཡན་ལག་བརྒྱད་པོ་རྣམས་ཀྱི་སྙིང་པོ་སྟེ། དེ་ནི་སྣང
་དང་འདྲ་བས་ན་སྙིང་པོ་སྟེ། སྙིང་པོའི་སྒྲ་ནི་གཅེས་པའི་ཚིག་ཡིན་ཏེ། གཅེས་པར་གྱུར་པ་གཙོ་བོར་བྱས་པས་གཅེས་པའི་དོན་ཏོ།། ཡན་ལག་བརྒྱད་པོ་དེ་རྣམས་ཀྱང་གང་ཞིག་ཡིན་ཞེ་ན། ལུས་དང་བྱིས་པ་གདོན་ལུས་སྟོད། མཚོན་དང་མཆེ་བ་རྒས་རོ་ཙ།། གསོད་དཔྱད
་གང་ལ་གནས་པ་ཡི།། ཡན་ལག་བརྒྱད་དུ་དེ་བ་ཤད་དོ།། ཞེས་སྨོས་པ་ཡིན་ཏེ། ཚེའི་རིག་བྱེད་ཅེས་བྱ་བའི་རྒྱུད་དེའི་ཡན་ལག་རྣམ་པ་བརྒྱད་ནི་ལུས་ཀྱི་ཡན་ལག་གང་ལ་གསོ་བའི་དཔྱད་གནས་ཤིང་བརྟེན་པའི་ཡན་ལག་བརྒྱད་དུ་དྲང་སྲོང་རྣམས་ཀྱིས་བཤད་ཅིང་བསྟན་ཏོ།།
་དེ་ལ་གསོ་དཔྱད་ཅེས་བྱ་བ་ནི། ནད་གསལ་ཞིང་ཞི་བར་བྱས་ནས། ཁམས་མཉམ་པར་བྱ་བའི་དོན་གྱི་བྱ་བའོ།། དེའང་ལུང་ལས། སྨན་པ་ལ་སོགས་རྣམ་པ་བཞི།། བསྔགས་པས་ཁམས་ནི་འགྱུར་བ་ལ།། ཁམས་སྙོམས་ཕྱིར་ནི་རབ་འཇུག་ལ།། གསོ་བྱུང་ཅེས་ནི་བྱ་བར
་བཤད།། ཅེས་འབྱུང་བ་ཡིན་ནོ།། དེ་ལ་ལུས་ཀྱི་གསོ་བ་ནི་ཡན་ལག་ཐམས་ཅད་ལ་བརྟེན་པའི་ནད་རིམས་དང་། འཁྲུ་བ་དང་། བླངས་པ་དང་། ཁྲག་དང་། མཁྲིས་པ་དང་། མཛེ་དང་། གཅིན་རྟག་འགགས་པ་ལ་སོགས་པ་ཉེ་བར་ཞི་བར་བྱེད་པའི་དོན་ཏོ།། བྱིས་པ་གསོ
་བ་ནི་གཞོན་ནུ་གསོ་བ་ནཱ་མ་མའི་ནུ་ཞོའི་ཉེས་པ་སྦྱངས་པའི་ཕྱིར་ཏེ། གནོད་པ་བྱེད་པའི་ནུ་ཞོ་ལས་བྱུང་བའི་ནཱད་ཉེ་བར་ཞི་བར་བྱ་བའི་དོན་ཏོ།། གདོན་གསོ་བ་ནི་ལྷ་དང་ལྷ་མ་ཡིན་དང་། དྲི་ཟ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དྭགས་དང་། ཤ་ཟ་དང་། ཀླུ་ལ་སོགས་པའི
་གདོན་གྱིས་སེམས་ཟིན་པ་ལ་ཞི་བའི་ལས་དང་། གཏོར་མ་སྦྱིན་པ་ལ་སོགས་པ་གདོན་ཉེ་བར་ཞི་བའི་དོན་དུ་བྱའོ།། ལུས་ཀྱི་སྟོད་ཀྱི་ཡན་ལག་གསོ་བ་ནི། ནམ་ཚོང་ཡན་ཆད་དུ་གཏོགས་པའི་ནད་ཀྱི་རྣམ་པར་གྱུར་པ་སྟེ། མིག་དང་། རྣ་བ་དང་། སྣ་དང་། ཁ་ལ་སོགས
་པའི་ནང་ཉེ་བར་ཞི་བར་བྱ་བའི་དོན་དུ་བྱའོ།། མཚོན་གྱིས་རྨས་པ་གསོ་བ་ནི། རྩཝ་དང་། ཤིང་དང་། རྡོ་དང་། ས་རྡུལ་དང་། ལྕགས་དང་། བོང་བ་དང་། རུས་པ་དང་། སྐྲ་དང་། སེན་མོ་སྣ་ཚོགས་ཀྱི་རྣག་འཛེག་པ་དང་། རྨ་མི་བཟད་པ་དང་། ནང་དུ་ནུབ་པའི་ཟུག་རྔུ
་དབྱུང་བའི་དོན་དུ་བྱ་བའོ།། མཆེ་བའི་གསོ་བ་ནི། སྦྲུལ་དང་སྲིན་བུ་ལ་སོགས་པས་ཟིན་པ་བསལ་བ་དང་། དུག་སྣ་ཚོགས་ཀྱིས་བཅོམ་པ་ཉེ་བར་ཞི་བའི་ཕྱིར་བྱ་བའོ།། རྒས་པ་ལ་གསོ་བ་ནི་ལིང་ཚོལ་གནས་པར་བྱ་བ་དང་། ཚེ་དང་བློ་འཕེལ་བ་དང་། ནད་ཉེ་བར་ནི་བའི་དོན
་དུ་བྱ་བའོ།། རོ་ཙ་བར་བྱ་བའི་ཕྱིར་གསོ་བ་ནི། ཁུ་བ་ཆུང་བ་དང་། གདུག་པ་དང་། ཟད་པ་དང་། སྐམས་པར་གྱུར་པ་རྣམས་ས་བོན་འཕེལ་ཞང་རབ་ཏུ་དང་བ་བསྐྱེད་པའི་ཕྱར་དང་། བ་ཏུ་དགའ་བ་བསྐྱེད་པའི་ཕྱིར་བྱ་བའོ།། དེ་ལྟར་ན་ཡན་ལག
་རྣམ་པ་བརྒྱད་དུ་བཤད་པ་ཡིན་ནོ།། གང་གི་དོན་དུ་གསོ་བར་བྱ་བའི་ཉེས་པ་དེ་བསྟན་པར་བྱ་བའི་ཕྱིར། འདི་ལྟར་རླུང་དང་མཁྲིས་པ་བད་ཀན་ཀྱང་། ཉེས་པ་རྣམ་གསུམ་མདོར་བསྡུས་ཡིན།། ཞེས་སྨོས་པ་ཡིན་ཏེ། དེ་ལ་དང་པོར་རླུང་སྨོས་པའི་རྒྱུ་བཤད་པར་བྱ་སྟེ། ཁྱབ
་དང་མྱུར་དུ་བྱེད་ཕྱིར་དང་། སྟོབས་ལྡན་གཞན་དག་འཁྲུག་བྱེད་ཅིང་།། རང་རྒྱུད་གྲུབ་དང་ནད་མང་ཕྱིར།། ཀུན་ལས་རླུང་ནི་སྟོབས་ལྡན་ཡིན།། ཞེས་བཤད་པ་ཡིན་ཏེ། དེའི་འོག་ཏུ་ནི་ཕལ་ཆེར་རྒྱུ་འདི་དག་ཉིད་ཀྱིས་མཁྲིས་པ་སྨོས་པ་ཡོན་ལ། དེ་བཞིན་དུ་བད་ཀན་ནི་ནུས་པ
་ཆུང་བ་དང་། ནང་ཉུང་བ་ཡིན་པའི་ཕྱིར་ཐ་མར་བསྟན་པ་ཡིན་ནོ།། ཡང་ཞེས་བྱ་བའི་སྒྲས་ནི། ཉེས་པ་གཞན་དག་ཀྱང་ཡོད་པ་ཉིད་དུ་སྟོན་པ་ཡིན་ཏེ། ཉེས་པ་གཞན་དག་ནི་འདོད་ཆགས་དང་གཏི་མུག་གོ།། ལ་ལ་ནི་ཁྲག་ཀྱང་ཡིན་ནོ་ཞེས་ཟེར་རོ།། གནོད་ཅིང་སུན་འབྱིན
་པར་བྱེད་པས་ན་ཉེས་པའོ།། རྣམ་གསུམ་ཞེས་སྨོས་པ་ནི་ངེས་པའི་དོན་ཏེ། གསུམ་ཉིད་ཡོད་ཀྱི་བཞི་པ་ནི་ཡོད་པ་མ་ཡིན་ནོ་ཞེས་པ་སྟེ། ཇི་ལྟར་གཞན་ལས་བཤད་པ་ལྟ་བུའོ་ཞེས་ངེས་པར་བྱ་བ་ཡིན་ཏེ། འདོད་ཆགས་དང་། གཏི་མུག་དང་། ཁྲག་གཅིག་པུས་ནད་བསྐྱེད
་པབར་ནུས་པ་ནི་མ་མཐོང་ངོ་།། དེ་ཡང་ཉེས་པ་གཞན་ལྟར་ཁྲག་དག་ནི། གཞན་གྱི་དབང་གིས་ཉེས་ཡོད་མིན།། འདི་ནི་ཏིལ་མར་ཚིག་པ་ལྟར།། ནད་ཀྱི་མིང་དུ་བྱས་པ་ཡིན།། ཞེས་བཤད་པ་དང་། དེ་བཞིན་དུ་བསྡུས་པ་ལས་ཀྱང་། ཁམས་སོགས་གནས་པ་ཉེ་བ་ལས།།
་ནད་ནི་གང་ཞིག་འབྱུང་འགྱུར་བ།། ཉེ་བ་གདགས་པ་དེ་བསྐྱེད་པར་བཤད་པ་ཚིག་པའི་མར་དང་མཚུངས་ཞེས་བཤད་པ་ཡིན་ནོ།། མདོར་བསྡུས་ཡིན་ཞེས་བྱ་བ་ནི་བསྡུས་ནས་བསྟན་པའོ་ཞེས་བྱ་བ་སྟེ། རྒྱས་པར་ནི་རླུང་ལ་སོགས་པ་ལྡན་པ་དང་། འདུས་པ་དང་། ཟང་བྱེད
་དང་། མཉམ་པ་དང་། རྣམ་པར་འཕེལ་བ་དང་། དེ་བཞིན་དུ་ཤིན་ཏུ་ཤས་ཆེ་བར་ཡོངས་སུ་བརྟགས་པས་ཀྱང་མཐའ་ཡས་པར་འགྱུར་རོ།། དེ་ནི་རྣམ་འགྱུར་མ་གྱུར་པས།། ལུས་ནི་འཇོམས་དང་གནས་པ་ཡིན་ཞེས་བྱ་བ་ལ་རླུང་ལ་སོགས་པ་དེ་རྣམས་རྣམ་པར་གྱུར་པ་སྟེ། རང་གི
་རང་བཞིན་ལས་གཞན་དུ་གྱུར་ཅིང་།། གཡོས་པས་ནི། ལུས་འཇོམས་ཤིང་གནོད་པར་བྱེད་ལ། མ་གྱུར་ཅིང་རང་གི་རང་བཞིན་དུ་ཐ་མལ་བར་མཉམ་པར་གནས་པས་ནི། ལུས་གནས་ཤིང་འཚོ་བར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། དེས་ཁྱབ་གྱུར་ཀྱང་སྙིང་ག་དང་།
་ལྟེ་བའི་འོག་བར་སྟེང་ན་གནས་ཞེས་བྱ་བ་ལ། རླུང་ལ་སོགས་པ་དེ་རྣམས་ཁྱབ་ཅིང་ལུས་མ་ལུས་པ་ལ་རྒྱུ་བར་གྱུར་ཀྱང་། གནས་ངེས་པར་ཡོད་པར་ཤེས་པར་བྱ་སྟེ། དེའི་སྙིང་ག་དང་ལྟེ་བའི་འོག་པར་སྟེང་ན་གནས་ཞེས་བྱ་བ་ཡིན་ནོ།། དེའི་དོན་ནི་འདི་ཡིན་ཏེ། སྙིང་ག་དང་ལྟེ་བའི
་འོག་མན་ཆོད་ནི་རླུང་གི་གནས་ཡིན་ནོ།། དེ་གཉིས་ཀྱི་བར་ནི་མཁྲིས་པའི་གནས་ཡིན་ནོ།། དེ་གཉིས་ཀྱི་སྟེང་ཡན་ཚོད་ནི་བད་ཀན་གྱི་གནས་ཡིན་ནོ།། ན་ཚོང་ཉིན་ཞལ་ཟས་ཟོས་ལ། དེ་ཡི་མཐའ་དབུས་སོགས་གཏོགས་རིམ་ཞེས་བྱ་བ་ནི་ཉེས་པ་དེ་རྣམས་ན་ཚེང་ལ་སོགས
་པའི་མཐའ་མ་དང་། དབུས་ལ་སོགས་པར་གཏོགས་པ་ན་རྣམ་པར་འཕེལ་བར་འགྱུར་བ་ཡིན་ནོ།། རིམ་ཞེས་བྱ་ཞི་གོ་རིམ་ཇི་ལྟ་བར་ཡིན་གྱི་རིམ་པ་འཆོལ་བར་ནི་མ་ཡིན་ནོ།། དེ་ཡང་ན་ཚོད་ནི་དུས་སུ་རྣམ་པར་བཞག་པའི་ལུས་ཀྱི་གནས་སྐབས་གཞོན་ནུ་ལ་སོགས་པའོ།།
་ཉིན་ཞག་ནི་ཉིན་མོ་དང་མཚན་མོའོ།། བས་ཟོས་པ་ནི་ཟས་ལ་སྤྱོད་པའོ།། དེའི་མཐའ་མ་དང་དབུས་དང་ཐོག་མར་གཏོགས་པས་ན་ཐ་དབུས་གཏོགས་ཞེས་བྱའོ།། ང་ནི་འདི་སྐད་སྟོན་པར་འགྱུར་ཏེ། ན་ཚོད་ཀྱི་མཐའ་རྒྱས་པའི་དུས་ནི། རླུང་འཕེལ
་བར་འགྱུར་ལ། དབུས་ཏེ་ལང་ཚེའི་དུས་སུ་ནི་མཁྲིས་པ་འཕེལ་བར་འགྱུར་རོ།། དང་པོ་སྟེ་བྱིས་པའི་དུས་སུ་ནི་བད་ཀན་འཕེལ་བར་འགྱུར་རོ།། དེ་བཞིན་དུ་ཉིན་མོའི་ཐ་མར་ནི་རླུང་འཕེལ་ལོ།། ཉི་མའི་བྱེད་ན་མཁྲིས་པའོ།། སྔ་དྲོ་ནི་བད་ཀན་ནོ།། མཚན་མོའི་མཐར་ནི་རླུང་འཕེལ་བར
་འགྱུར་རོ།། ནམ་གྱི་གུང་ལ་ནི་མཁྲིས་པའོ།། ནེམ་སྟོང་ནི་བང་ཀན་ནོ།། དེ་ལ་ཟས་ཟོས་པའི་མཐའ་མ་ལ། ཁ་ཆེ་བར་བྲོ་གྱུར་པའི་དུས་སུ་ནི་རླུང་འཕེལ་བར་འགྱུར་རོ།། ཟས་ཟོས་པོའི་བར་སྦྱར་བར་གྱུར་པའི་དུས་སུ་ནི་མཁྲིས་པའོ།། རྗེས་ཟོས་ནས་དང་པོར་མངར་བའི་དུས་སུ་ནཱི་བད་ཀན་འཕེལ
་བར་འགྱུར་རོ།། དེས་ནི་འཇུ་བ་མི་སྐྱེམས་རྣོ།། ཆུང་དང་མཉམ་པས་མཉམ་པར་འགྱུར་ཞེས་བྱ་བ་ནི་རླུང་ལ་སོགས་པ་དེ་རྣམས་ཀྱིས་མེའི་དྲེད་ཀྱིས་འཇུ་བ་མི་སྙོམས་པ་ལ་སོགས་པ་ན་སིམ་པ་བཞིར་འགྱུར་རོ།། དེ་ཡང་རླུང་གིས་ནི་འཇུ་བ་མི་སྙོམས་པར་འགྱུར་རོ།། མཁྲིས་པས་ནི་བཛྲ།
་བའི་མོ་དྲོབ་ཤིན་ཏུ་རྣོ་བར་འགྱུར་རོ།། འད་ཀན་གྱིས་ནི་མེ་དྲོང་ཆུང་བར་འགྱུར་རོ།། མཉམ་པས་ནི་མི་དྲོང་མཉམ་པར་འགྱུར་ཏེ། ཉེས་པ་གསུམ་འཕེལ་འགྲིབ་མེད་པས་མཉམ་པར་འགྱུར་རོ།། དེ་ལ་གང་ལེགས་པ་རི་ཟས་ཟོས་ཀྱང་ཡུན་རིང་པོ་ཞིག་ནས་འཇུ་བ་དང་། ལན་བགང
་ལེགས་པར་མ་ཟོས་ཀྱང་ཤིན་ཏུ་མྱུར་བར་འཇུ་བ་ནི་མི་སྙོམས་པའོ།། གང་དུས་ཐམས་ཅད་དུ་ཟས་རན་པར་མ་ཟོས་ཀྱང་མྱུར་དུ་འཇུ་བ་དེ་ནི་རྣོ་བ་ཡིན་ནོ།། གང་དུས་ཐམས་ཅད་དུ་ཟས་རན་པར་ཟོས་ཀྱང་ཡུན་རིང་མོ་ཞིག་ནས་འཇུ་བ་དེ་ནི་ཆུང་བ་ཡིན་ཏེ། རྒྱུ་མ་འཁྲུག་ཅིང་ལྷམ་ལྟ
་བོར་གྱུར་པའོ།། གང་རན་ཅིང་ལེགས་པར་མ་ཟོས་ཀྱང་བདེ་བར་འཇུ་བ་ནི་མཉམ་པ་ཞེས་བྱའོ།། དེ་ནི་ལྟོ་བ་སྲ་སྟི་ར་ན། མཉམ་པས་ཀྱང་ནི་བར་མར་འགྱུར་ཞེས་བྱ་བ་ནི། རླུང་ལ་སོགས་པའི་ཉེས་པ་དེ་རྣམས་ཀྱིས་ནི་ལྟོ་བ་རྣམ་པ་བཞིར་འགྱུར་ཏེ། རླུང་ཤས་ཆེ་བས་ལྟོ་བ་སྲ་བར
་འགྱུར་ཏེ། ངུར་བྱིད་ལ་སོགས་པས་ཀྱང་འཁྲུ་བ་དགའ་བར་འགྱུར་རོ།། མཁྲིས་པ་ཤས་ཆེ་བས་ལྟོ་སྙི་བར་འགྱུར་ཏེ། ཞོ་ཁ་ཆུ་དང་། འོ་མས་ཀྱང་འཁྲུ་ནུས་པར་འགྱུར་རོ།། བད་ཀན་གྱིས་ནི་རན་པར་འགྱུར་ཏེ། དོང་ག་ལ་སོགས་པས་ཀྱང་འཁྲུ་ནུས་པར་འགྱུར་རོ།། མཉམ་པས
་ཞེས་བྱ་བ་ནི་ཉེས་པ་གསུམ་མཉམ་སྟེ། དེས་ནི་བར་མར་འགྱུར་ཞེས་བྱ་བ། སྲ་བ་ཡང་མ་ཡིན། རྙི་བ་ཡང་མ་ཡིན་པར་འགྱུར་རོ།། སྐྱེ་བའི་དང་པོར་ཁུ་ཁྲག་གནས།། དུག་ཅན་སྲིན་བུའི་དུག་དང་མཚུངས།། དེ་ནི་རང་བཞིན་རྣམ་གསུམ་སྟེ།། ཆུང་འབྲིང་ཆེན་པོ་སོ་སོར་བལྟ།། མ
་ལུས་པ་ལ་ཁམས་མཉམ་པ།། མཆོག་ཡིན་ཉེས་པ་གཉིས་འབྱུང་སྨད་ཅེས་བྱ་བ་ནི་རླུང་ལ་སོགས་པ་དེ་དག་ནི་རེ་རེ་ཞིང་རང་བཞིན་གསུམ་དུ་འགྱུར་ཏེ། ཆུང་ངུ་དང་། འབྲིང་དང་། ཆེན་པོའོ།། རང་བཞིན་ཞེས་བྱ་བ་ནི་ལུས་ཀྱི་རང་གི་ངོ་བོའོ།། དེ་ནི་སྐྱེ་བའི་དང་པོའི་མངལ་དུ་འཇུག
་པའི་དུས་སྐྱེ་བ་རྩོམ་ཞིང་མངལ་ན་གནས་པ་ཞེས་བྱ་བའི་དོན་ཏོ།། ཞུ་བ་ནི་ས་བོན་ནོ།། ཁྲག་ནི་ཟླ་བའི་དུས་སུ་རྒྱུ་བས་ཟླ་མཚན་ཏེ། དེ་ལ་གནས་པས་ན་ཁྲག་གནས་ཞེས་བྱའོ།། དྲིས་པ་གང་གི་ཚེ་ཁུ་བ་དང་ཁྲག་ལ་ཤས་ཆེར་གནས་པ་དེའི་ཚེ། ལུས་རྫོགས་པ་རཱ་ག་ལ་འགྱུར།
་དེ་ལས་ཉེས་པ་གང་ལྷག་པར་འགྱུར་བ། དེ་ཉིད་ནི་རྣམ་པར་འགྱུར་ཞིང་འཇིག་པ་ཡིན་ན། ཉེས་པ་ལྷག་པར་གནས་པ་དེ་རང་བཞིན་གྱི་རྒྱུར་ཇི་ལྟར་འགྱུར་ཏེ། རང་བཞིན་ལས་ཉམས་པ་ཡིན་ལ། རང་བཞིན་ལས་ཉམས་པར་ནི་རང་བཞིན་གྱི་རྒྱུར་ནམ་ཡང་མི་འགྱུར་རོ།།
་དེ་ཡང་འབྲས་བུ་ནི་རྒྱུ་དང་འདྲ་བར་གནས་པ་ཡིན་ན་ནས་རྟོག་པ་དག་ལ་དཔེ་བསྟན་པའི་ཕྱིར། དུག་ཅན་སྲིན་བུར་དུག་དང་མཚུངས་ཞེས་བྱ་བ་སྨྲས་ཏེ། དཔེར་ན་དུག་ན་སྲོག་འཇང་པའི་རྒྱུ་ཡིན་ཡང་། ངག་གི་སྲིན་བུ་འདི་སྐྱེ་བའི་རང་བཞིན་འབྱུང་བར
་སྣང་ངོ་།། དེ་བཞིན་དུ་འདི་དག་ནི་གནོད་པའི་རང་བཞིན་ཅན་ཡིན་ཡང་རང་གི་ཚད་ལས་ལྷག་པའི་ཉེས་པ་ཁུ་བ་དང་ཁྲག་ལ་གནས་པས། སྐྱེ་བའི་དང་པོ་ལུས་འབྱུང་བར་འགྱུར་རོ།། དེ་ཡང་རླུང་ཤས་ཚ་བས་ནི་རང་བཞིན་རུང་བར་འགྱུར་རོ།། མཁྲིས་པ་ཤས་ཚེ་བས་ནི་འབྲིང་ངོ་།། བདཀན
་ཤས་ཆེ་བས་ནི་ཆེན་པོའོ།། མ་ལུས་པ་སྟེ་ཁམས་ཐམས་ཅད་ཀྱི་ནང་ནས་གང་ཁམས་གང་མཉམ་པའི་རང་བཞིན་དེ་ཉིད་མཆོག་སྟེ། མཐུ་བོ་དང་དམ་པ་ཡིན་ལ་འདི་ནི་བཞི་པའོ།། དེ་ཡང་གང་གིས་ཁམས་མཉམ་པར་གྱུར་པ་དེ་ནི་ཁམས་མཉམ་པ་སྟེ། ཁམས་ཀྱི་སྒྲ་ནི་ནད
་གཞིའི་ཉེས་པ་ལ་བྱའོ།། ཉེས་པ་གཉིས་འབྱུང་སྨད་ཅེས་བྱ་བ་ནི་གང་ཉེས་པ་གཉིས་འདྲེས་པ་ལས་འབྱུང་བའི་རང་བཞིན་གསུམ་ནི་སྨད་པ་ཡིན་ཏེ། ནང་མེད་པ་མ་ཡིན་པའི་གཞིར་འགྱུར་བའི་ཕྱིར་རོ།། དེ་ནི་རླུང་དང་མཁྲིས་པ་ལས་བྱུང་བ་དང་། རླུང་དང་བད་ཀན་ལས་བྱུང་བ
་དང་། མཁྲིས་པ་དང་བད་ཀན་ལས་བྱུང་བའོ།། དེ་ལ་རླུང་ནི་རྩུབ་ཅིང་ཡང་།། གྲང་ཞིང་སྲ་ལ་ཕྲ་ཞིང་གཡོ།། ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་ངེས་པར་གཟུང་བ་སྟེ། ཉེས་པ་དེ་རྣམས་ཀྱི་ནང་ནས། རླུང་ནི་རྩུབ་པ་དང་། ཡང་བ་དང་། གྲང་བ་དང་། སྲ་བ་དང་ཕྲ་བ་སྟེ། རྩ་སྦུབས་ཕྲ
་མོ་ལ་འཇུག་པ་དང་གཡོ་བ་སྟེ། འགྲོ་བའི་དང་ཚུལ་ཅན་གཅིག་ཏུ་མི་གནས་པ་ཡིན་ནོ།། དྲིས་པ་གཟེགས་གོཟན་ལ་སོགས་པས་ནི། རླུང་གྲང་བ་དང་། དྲོ་བོ་ཡིན་པར་བཤད་ལ། བདིར་ཡང་ཟུང་དུ་འཇུག་པའི་རྗེས་སུ་སྣང་བས་གྲང་བ་དང་། དྲོ་བ་གཉིས་ཀ་མ་ཡིན་པར་འདོད
་དེ། དེ་ཡང་ཟུང་དུ་འཇུག་པ་རླུང་གི་མཆོག། ཡང་དག་སྦྱོར་བས་དོན་གཉིས་བྱེད།། ཉི་མར་ལྡན་པས་སྲེག་བྱེད་ལ།། ཟླ་བར་གནས་པས་བསིལ་བར་བྱེད།། ཅེས་བཤད་པས་དེ་བཞིན་དུ། རླུང་ནི་ཟུང་དུ་འཇུག་པས་ན།། བད་ཀན་ལྡན་པས་བསིལ་བར་འགྱུར།། མཁྲིས་པ་ལྡན་པས་ཚ་བ
་ཡིན་ཞེས་བཤད་པའི་ཕྱིར་རོ་ཞེ་ན། འདིར་ལན་བརྗོད་པར་བྱ་བ་སྟེ། རླུང་གྲང་བ་དང་དྲོ་བ་ཉིད་མ་ཡིན་པ་ནི། བདེན་མོད་ཀྱི། དེ་ཟུང་དུ་འཇུག་པ་ཡིན་ཡང་། དེ་ཙམ་གྱི་དྲོ་བས་གྲང་བའི་ངོ་བོ་ཉིད་མེད་པར་མི་འགྱུར་རོ།། རླུང་གི་མཚན་ཉིད་གྲང་བ་ཡིན་པར་བཤད་པའི་དགོས་པ་ནི་འདི་ཡིན
་ཏེ། འདི་ལ་དྲོ་བས་ཉེ་བར་ཞི་བར་འགྱུར་རོ།། ཞེས་བསྟན་པའི་ཕྱིར་དེ་སྐད་སྨོས་པ་ཡིན་ནོ།། མཁྲིས་པ་སྣུམ་བཅས་རྣོ་ཞིང་དྲོ།། ཡང་ཞིང་དྲི་མནམ་འཁྲུ་ཞིང་གཤེར་ཞེས་བྱ་བ་ལ། སྣུམ་བཅས་ཞེས་པ་ནི་ཅུང་ཟད་སྣུམ་པ་སྟེ། བཅས་པའི་སྒྲ་ནི་ཅུང་ཟད་ཙམ་གྱི་དོན་ཏེ། དཔེར་ན་ཁ་བ
་དང་བཅས་པའི་ཤ་ཁ་ར་ཞེས་ཟེར་བ་ལྟར་ཅུང་ཟད་སྣུམ་བག་ཅན་གང་ཡིན་པ་དེ་ནི་སྣུམ་བཅས་ཞེས་བྱའོ།། རྣོ་བ་ནི་ཁབ་ཀྱིས་འབིགས་པ་ལྟར་མྱུར་དུ་འབྱེད་པ་སྟེ། དམན་པ་ལ་སེ་གོ་བཟློག་པའོ།། དྲོ་བོ་ནི་ཚ་བ་བུར་འུར་པོ་བསྐྱེད་པའོ།། དྲི་མནམ་པ་ནི་ཉ་རུལ་ལྟ་བུའི་དྲི་མནམ་པ་ལྟ
་བུའོ།། འཁྲུ་བ་ནི་བཤད་པ་སླ་བའོ།། སྟེང་དང་འོག་ཏུ་ཁྱབ་ཅིང་རྒྱུ་བ་བསྟན་པ་ཡིན་པའོ།། གཤེར་བ་ནི་སླ་བའོ།། བད་ཀན་སྣུམ་བསིལ་ལྕི་བ་དང་།། བརྟུལ་ཞིང་འཇམ་བརྟན་འབྱར་བག་ཅན་ཞེས་བྱ་བ་ནི་སྣུམ་པའི་ཡོན་ཏན་དང་ལྡན་པས་ན་སྣུམ་པའོ།། བསིལ་བ་ནི་ཚ་བ་མེད་པའོ།།
་ལྕི་བ་ནི་ཡང་བར་མ་གྱུར་པའོ།། བརྟུལ་བ་ནི་ཡུན་རིང་ཞིག་ན་ལྡང་བའོ།། འཇམ་པ་ནི་མི་རྩུབ་པའོ།། བརྟན་པ་ནི་ཁྱབ་པའི་དང་ཚུལ་ཅན་ནོ།། འབྱར་བག་ཅན་ནི་མཉེས་པ་ན་སོར་མོ་ལ་ཆགས་ཤིང་། འཇམ་བག་ནལ་ནལ་པོ་ལེ་འཚེར་བག་ཅན་ནོ།། དེ་ལྟར་ན་ཡོན་ཏན་དེ་དང
་ལྡན་པས། ཡོན་ཏན་དང་ཡོན་ཏན་ཅན་ཐ་མི་དད་པའི་ཉེ་བར་གདགས་པས། རླུང་ལ་སོ་གས་པའི་ཡོན་ཏན་ཉིད་དུ་བཤད་པ་ཡིན་ནོ།། འདི་དག་འདྲེས་པར་གྱུར་པའི་ཐ་སྙད་གཞུང་དུ་བསྟན་པར་བྱ་བའི་ཕྱིར་མིང་གཉིས་སྨོས་པ་ནི། དེ
་གཉིས་གསུམ་ཟད་འཁྲུག་པ་ལས། ལྡན་པ་དང་ནི་འདུས་པ་ཡིན་ཞེས་བྱ་བ་ཡིན་ཏེ། ཀུན་ཏུ་འདུས་པའི་རྣམ་པ་གཅིག་ནི་ལྡན་པ་ཞེས་བྱ་བ་ལ། གཉིས་པ་ནི་འདུས་པ་ཞེས་བྱ་སྟེ། གཉིས་པ་དང་གསུམ་ནི་གཉིས་དང་གསུམ་ཞེས་བྱ་ལ། ཟད་པ་དང་འཁྲུགས་པ་ནི
་ཟད་འཁྲུགས་ཞེས་བྱ་སྟེ། གཉིས་དང་གསུམ་གྱི་ཟད་པ་དང་འཁྲུགས་པའོ།། དེ་ལྟར་ན་གཉིས་དང་གསུམ་ཟད་པ་དང་འཁྲུགས་པ་དེ་ལས་མིང་གཉིས་འབྱུང་ངོ་།། འདི་སྐད་སྟོན་པ་ཡིན་ཏེ། གཉིས་འཁྲུགས་ཤིང་རང་གི་ཚད་ལས་ལྷག་པར་གྱུར་པ་འམ། ཟད་པར་གྱུར
་པ་ལས་འདྲེས་པར་གྱུར་པ་ནི་ལྡན་པ་ཞེས་བྱ་བ་ལ། ཉེས་པ་གསུམ་པོ་ཟད་པ་འམ། འཕེལ་བར་གྱུར་པ་ལས་འདྲེས་པར་གྱུར་པ་ནི་འདུས་པ་ཞེས་བྱའོ།། དེ་ཡན་ཆད་ཉེས་པ་རྣམས་སྨྲས་ནས། ཁམས་རྣམས་བསྟན་པའི་ཕྱིར། ལུས་ཟུངས་དངས་མ་ཁྲག་དང་ཤ།
་ཚིལ་དང་རུས་རྐང་ཁུ་ཆུ་སྟེ། གནོད་བྱ་བདུན་ཡིན་ཞེས་སྨོས་ཏེ།། བཅུད་ཀྱི་དངས་མ་ལ་སོགས་པ་བདུན་ནི་ལུས་ཟུངས་ཞེས་བྱ་སྟེ། ལུས་འཛིན་པར་བྱེད་པ་ཡིན་པའི་ཕྱིར་ལུས་ཟུངས་སོ།། དེ་རྣམས་ཀྱང་གནོད་བྱ་ཞེས་བྱ་སྟེ། རླུང་ལ་སོགས་པས་གནོད་ཅིང་ཉེས་པར
་བྱས་པའི་གཞི་ཡིན་པས་གནོད་བྱ་ཞེས་བྱ་སྟེ། གང་གི་ཕྱིར་རླུང་ལ་སོགས་པ་ནི་གནོད་པའི་ངོ་བོ་ཡིན་པས། དོན་དང་ལྡན་པའི་མིང་ཉེས་པ་ཞེས་བཏགས་པ་ཡིན་ལ། དེས་ན་དེ་རྣམས་ནི་གནོད་པར་བྱ་བ་ལ་བལྟོས་དགོས་ཏེ། ལས་མེད་པར་ནི་བྱེད་པ་པོ་ལས་རྩོམ
་པར་མི་འགྱུར་རོ།། དེ་བཞིན་དུ་གནོད་པ་མེད་པར་དངས་མ་དང་ལུས་ཟུངས་ལ་སོགས་པས་གནོད་བྱའི་མིང་མི་འཐོབ་ལ། དེ་མེད་པར་ཡང་རླུང་ལ་སོགས་པས་གནོད་པའི་མིང་མི་འཐོབ་བོ།། དེ་བས་ན་གཅིག་ལ་གཅིག་བལྟོས་པ་ཡིན་པའི་ཕྱིར་གནོད་པ་དང་གནོད་པར་བྱ་བ
་ངག་གནོད་པར་བྱ་བ་ཉིད་དང་། གནོད་པ་ཉིད་ཀྱི་མིང་འཐོབ་པ་ཡིན་ནོ།། དྲི་མ་གཅིན་བཤད་རྡུལ་ལ་སོགས་པའང་ཡིན་ཞེས་བྱ་བའི་སྒྲས་གནོད་བྱ་ཡིན་པར་སྟོན་ཏེ། བཅུད་ཀྱི་དངས་མ་ལ་སོགས་པ་འབའ་ཞིག་གནོད་བྱ་ཡིན་པར་མ་ཟད་ཀྱི། དྲི་མ་ལ་སོགས་པ་དེ་རྣམས་ཀྱང
་རླུང་ལ་སོགས་པས་གནོད་པར་བྱ་བ་ཡིན་ནོ།། དེ་ལྟར་ན་དངས་མ་ལ་སོགས་པ་ནི་གནོད་བྱ་དང་། ལུས་ཟུངས་ཞེས་བྱ་བ་ཡིན་ལ། དེ་བཞིན་དུ་བཤང་བ་དང་། གཅི་བ་ལ་སོགས་པ་ཡང་དྲི་མ་ཞེས་བྱ་བ་དང་། གནོད་བྱ་ཞེས་བྱ་བ་ཡིན་ནོ།། དེ་ལྟར་གནོད་པ་དང་། ལུས་ཟུངས
་དང་། དྲི་མར་བསྟན་པས་ལུས་བཤད་པ་ཡིན་ཏེ། དེ་ཡང་གཞུང་འདི་ཉིད་ཀྱི་འོག་ནས་ནད་དང་ལུས་ཟུངས་དྲི་མ་ནི། རྟག་ཏུ་ལུས་ཀྱི་རྩ་བ་ཡིན་ཞེས་བཤད་པ་ཡིན་ནོ།། དེ་ལྟར་བཤད་པའི་ལུས་དེ་ཐབས་འགའ་ཞིག་གི་དུས་ཐམས་ཅད་ཡོངས་སུ་སྲུང་བ་རྫོགས་པར
་འགྱུར་བའི་ཐབས་དེ་བསྟན་པའི་ཕྱིར། ཐམས་ཅད་མཉམ་པས་འཕེལ་འགྱུར་ཞིང་།། དེ་ལས་བཟློག་པས་གནོད་པར་འགྱུར།། ཞེས་བྱ་བ་སྨོས་པ་ཡིན་ཏེ། ཐམས་ཅད་ཅེས་བྱ་བ་ནི་གནོད་པ་དང་། ལུས་ཟུངས་དང་། དྲི་མ་ལུས་ལ་བརྟེན་པ་རྣམས་ཏེ། དེ་དག་མཉམ
་ཞིང་ཆ་མཚུངས་པའི་རང་བཞིན་དུ་གྱུར་པས་བརྟས་ཤིང་འཕེལ་བར་བྱེད་དེ། རང་གི་ཆེད་ལས་ལྷག་པར་གྱུར་ལ། དེ་ལས་བཟློག་པ་ནི་མི་མཉམ་པ་ཉིད་དུ་གནས་པ་སྟེ། དེས་གནོད་པར་འགྱུར་བ་ནི་ཟད་པར་འགྱུར་ཞིང་འབྲི་བར་འགྱུར་བའོ།། སྤྱི་དང་ཁྱད་པར
་ལ་ནི་རྫས་དང་ཡོན་ཏན་དང་། ལས་ཀྱི་དབྱེ་བས་གསུམ་དུ་འདོད་དེ། དེ་ཡང་ཀུན་གྱི་རྣམ་ཀུན་འཕེལ་བ་ནི།། རྫས་དང་ཡོན་ཏན་བྱ་བར་མཚུངས།། བཟློག་པ་ཡིས་ནི་དངོས་པོ་རྣམས།། དེ་ལས་གཞན་དུ་འགྱུར་བ་ཡིན།། ཞེས་བཤད་པ་ཡིན
་ནོ།། དེ་ཡང་རྫས་ལ་ཁྲག་ནི་ཁྲག་གིས་བརྟས་པར་བྱའོ།། ཤ་ནི་ཤས་སོ།། ཚིལ་ནི་ཚིལ་གྱིས་སོ།། རུས་པ་ནི་རུས་པས་སོ།། རྐང་ནི་རྐང་གིས་སོ།། ཁུ་བ་ནི་ཁུ་བས་སོ།། དེ་བཞིན་དུ་མངལ་ནི་ཕྱིས་འབྱུང་བར་འགྱུར་བའི་མངལ་གྱིས་སོ།། ཞེས་བཤད་པ་ཡིན་ནོ།།
་དེ་ལ་ཁྲག་གིས་ཁྲག་གོ་ཞེས་བྱ་བ་ནི་གཉི་ག་ཆུའོ།། ཤ་ནི་ཤས་སོ།། ཞེས་བྱ་བ་ནི་སའོ།། དེ་བཞིན་དུ་ཆུའི་བདག་ཉིད་ཅན་གྱིས་ཆུས་ནི་དེའི་བདག་ཉིད་ཅན་གྱིས་ཆུས་ནི་དེའི་བདག་ཉིད་ཅན་གྱིས་བད་ཀན་འབལ་བར་འགྱུར་ལ། དེ་བཞིན་དུ་མར་དང་འོ་མས
་ནི་ཁུ་བ་འཕེལ་བར་བྱེད་དོ།། དེ་བཞིན་དུ་སྨན་འཚོ་བྱེད་དང་ཉེའུ་ཤིང་ལ་སོགས་པོ་ནི་ཟླ་བའི་བདག་ཉིད་ཅན་ཏེ། ཚིམ་པར་བྱེད་པ་རྫས་ཀྱི་ཁྱད་པར་རྣམས་ཀྱིས། ལུས་ཟུངས་མཉམ་པོར་བྱེད་པ་ཉིད་དུ་བྱ་བ་གཅིག་པ་ཡིན་པས། ལུས་སྣུམ་ཞིང་སྟོབས་དང་སྐྱེས
་བུ་ཉིད་ཀྱི་གཟི་མདངས་བསྐྱེད་པ་ཡིན་ནོ།། ན་ལེ་ཤ་དང་། ཚ་བ་ལྔ་དང་། བསེ་ཤིང་གི་འབྲས་བུ་ལ་སོགས་པས་ནི་བློ་དང་ཤེས་རབ་དང་། མེ་དྲོད་ལ་སོགས་པ་འཕེལ་བར་བྱེད་པ་ཡིན་ནོ།། ཡོན་ཏན་ལས་ནི་བཙོ་ཙ་དང་། མོ་ཙ་དང་། ཁརྫུ་ར་ལ་སོགས་པ
་སའི་ཁམས་ཅན་གྱི་རྫས་སུ་བསྟན་དུ་ཟིན་ཀྱང་ཆུའི་བདག་ཉིད་ཅན་བད་ཀན་འཕེལ་བར་བྱེད་དེ། སྣུམ་པ་དང་། ལྕི་བ་དང་། བསིལ་བ་ལ་སོགས་པའི་ཡོན་ཏན་གྱིས་ཆ་དང་མཚུངས་པའི་ཕྱིར་རོ།། ལས་ཀྱང་རྣམ་པ་གསུམ་སྟེ། ལུས་དང་ངག་དང
་ཡིད་ཀྱི་བྱ་བའི་བདག་ཉིད་ཅན་ནོ།། དེ་ལ་ལུས་ཀྱི་ནི་རྒྱུག་པ་དང་། མཆོད་པ་དང་། རྒྱལ་བ་ལ་སོགས་པས་ནི་བསྐྱོད་པ་ཉིད་དུ་མཐུན་པས་རླུང་འཕེལ་བར་བྱེད་དོ།། ངག་གི་ནི་ཀློག་པ་དང་། སྨྲ་བ་དང་། འདོན་དུ་འཇུག་པ་དང་། གླུར་ལེན་པ་རྣམས་སོ།། ཡིད་ཀྱི་ནི་ཡིད་ཀྱི་བྱ་བ་སྟེ།
་སེམས་ཤིང་དཔྱོད་པ་དང་། འདོད་པ་དང་། མྱ་ངན་དང་། འཇིགས་པའོ།། དེ་དག་ཀྱང་ཡིད་འཁྲུག་པར་བྱེད་པའི་རྒྱུར་གྱུར་པས། རླུང་འཕེལ་བར་བྱེད་པ་ཡིན་ནོ།། དེ་བཞིན་དུ་གདུང་བ་བསྐྱེད་པར་མཐུན་པས་ན། ཁྲོ་བ་དང་ཕྲག་དོག་ལ་སོགས་པ་ནི་མཁྲིས་པ་འཕེལ་བར་བྱེད་དོ།།
་གཉིད་ལོག་པ་དང་། སྙོམ་ལས་དང་། མལ་སྟན་བདེ་བ་ལ་ཆགས་པས་ནི་བརྟན་པར་མཐུན་པས་བད་ཀན་འཕེལ་བར་བྱེད་པ་ཡིན་ནོ།། ཁྱད་པར་དུ་གྱུར་ཅིང་མི་མཉམ་པས་ནི་ཟད་པར་འགྱུར་རོ།། དཔེར་ན་རྫས་ལས་འབྲས་ག་བེ་དྷ་ནི་སྐེམ་པར་བྱེད་པ་ཡིན་ལ། དེ་རླུང
་གི་བདག་ཉིད་ཅན་ཡིན་པས་སའི་བདག་ཉིད་ཅན་གྱི་ཤ་ལ་སོགས་པ་ཟད་པར་བྱེད་པ་ཡིན་ནོ།། དེ་བཞིན་དུ་མེའི་བདག་ཉིད་ཅན་གྱི་ལན་ཚྭས་ནི་བད་ཀན་ཟད་པར་བྱེད་དོ།། ཡོན་ཏན་ལས་ནི་དཔེར་ན་སྐྱུར་རྩ་བས་ནི་ཆུའི་བདག་ཉིད་ཅན་པས་བད་ཀན་ལ་དེ་དང་མི་མཐུན་པ
་ཡང་བ་དང་། རྩུབ་པ་དང་། དྲོ་བ་དང་། རྣོ་བ་དང་། སྐམ་པའི་ཡོན་ཏན་གྱིས་ཟད་པར་བྱེད་དོ།། ལས་ལས་ནི་གཉིད་དང་། སྙོམས་ལས་དང་། ཡིད་མི་བདེ་བ་དག་ནི་རླུང་ཀུན་ཏུ་གཡོ་བ་དང་བཅས་པ་ཡིན་ལ། འདི་དག་ཡོངས་སུ་མི་གཡོ་བའི་མཚན་ཉིད་ཅན་ཡིན་པས་ན
་འབྲི་བར་བྱེད་པ་དེ་བཞིན་དུ་ཡོངས་སུ་གཡོ་བའི་ཚུལ་ཅན་སེམས་ལས་དང་ཕན་ཚུན་བསྐྱོད་པ་དང་། རྩོལ་བ་ལ་ནི་མི་འགུལ་བའི་མྱི་མཐུན་ཡིན་པས་ན་བད་ཀན་ཟད་པར་བྱེད་དོ།། དེ་ལྟར་ན། ཐམས་ཅད་མཉམ་པས་འཕེལ་འགྱུར་ཞིང་།། དེ་ལས་བཟློག་པས་གནོད་པར
་བྱེད་ཅེས་བ་ཤད་བ་ཡིན་ནོ།། རླུང་ལ་སོགས་པ་དེ་རྣམས་གང་ལས་འཕེལ་བ་དང་། ཟང་བར་འགྱུར་བར་བཤང་བར་བྱ་བའི་ཕྱིར། རན་མངར་སྐྱུར་ལན་ཚྭ་དང་།། ཆ་དང་ཁ་དང་བསྐུ་བ་སྟེ།། རྫས་དྲུག་ལ་གནས་དེ་རྣམས
་ཀྱང་།། གོ་རིམ་བཞིན་དུ་སྟོབས་ཆེན་ཡིན།། ཞེས་བྱ་བ་སྨོས་པ་ཡིན་ཏེ། མངར་བ་ལ་སོགས་པའི་རོ་དྲུག་ནི་ལྕེའི་དབང་པོའི་ཡུལ་ཡིན་པས་ན་རོའོ།། དེ་དག་ཀྱང་འབྱུང་བ་ལྔའི་བདག་ཉིད་ཅན་གྱི་རྫས་ལ་བརྟེན་པ་ཡིན་ཏེ། གོ་རིམ་ཇི་ལྟ་བ་བཞིན་དུ་མཐུ
་སྟོབས་མཆེ་བ་ཡིན་ཏེ། སྔོན་མ་སྔོན་མ་རྣམས་སྟོབས་ཐོབ་ཅིང་ནུས་པ་ཆེ་ས་ཡིནོ།། དེ་བས་ན་ངོཐམས་ཅད་ལས་རོ་མངར་བ་ནི་ལུས་ཅན་རྣམས་ཀྱི་སྟོབས་ཤིན་ཏུའང་བསྐྱེད་པ་ཡིན་ལ། བསྐ་བ་ནི་ཐམས་ཅད་ལས་སྟོབས་བསྐྱེད་པ་ལ་དམན་པ་ཡིན་ནོ།། དེ་ལ་མངར་བ
་ནི་བུ་རམ་དང་། མར་ལ་སོགས་པ་རི་བདའ་བ་རྣམས་སོ།། སྐྱུར་བ་ནི་སྐྱུར་རྩི་ཆེན་པོ་ལ་སོགས་པ་ཤིན་ཏུ་སྒྱུར་བར་བྱེད་པ་ཡིན་ནོ།། ལན་ཚྭ་ནི་ལྕེ་མྱང་ཚྭ་ལོ་སོགས་པའོ།། ཚ་བ་ནི་ན་ལི་ཤམ་ལ་སོགས་པའོ།། ཁ་བ་ནི་ནིམྦ་ལ་སོགས་པའོ།། བསྒྲུ་བ་ནི་ཨ
་རུ་ར་ལ་སོགས་པའོ་དྲུག་ཅེས་བྱ་བ་ནི་དྲུག་པོ་ཉིད་དེ་ལྷག་པ་འམ། ཆད་པ་མ་ཡིན་པའོ།། རོ་དེ་རྣམས་ཀྱི་ཡོན་ཏན་དང་རོ་ལ་སོགས་པའི་བྱེ་བྲག་དང་། དེ་བཞིན་དུ་སྦྱར་ཞིང་འདྲེས་པ་དང་། རོའི་རྗེས་ཉིད་དང་། ཤིན་ཏུ་མྱུར་བར་བརྟག་པ་ལ་སོགས
་པའི་དབང་གིས་ཐ་དད་པར་འགྱུར་དུ་ཟད་ཀྱིས། བོན་ཀྱང་དྲུག་པོ་ཉིད་ལས་འདའ་བར་མི་འགྱུར་རོ།། དེ་ལ་དང་པོ་གསུམ་པོ་ནི།། རླུང་འཇོམས་ཆེ་སོགས་བད་ཀན་སེལ།། བསྐ་དང་ཁ་དང་མངར་བ་ནི།། མཁྲིས་སེལ་གཞན་དག་བྱེད་པ་ཡིན།། ཞེས་བྱ་བ་ནི།
་དེ་ལ་རོ་དེ་རྣམས་ཀྱི་ནང་ནས། དང་པོ་ནི་གསུམ་སྟེ། མ་ངར་བ་དང་། སྒྱུར་བ་དང་། ལན་ཚྭ་རྣམས་ནི་རླུང་འཇོམས་ཤིང་ཞི་བར་བྱེད་པ་ཡིན་ནོ།། གཞན་དག་ཚ་བ་དང་། ཁ་བ་དང་། བསྐ་བ་ག། སུམ་པོ་དག་ནི་རླུང་དེ་ཉིད་སྐྱེད་པར་བྱེད
་ཅིང་། འཁྲུག་པར་བྱེད་པ་ཡིན་ནོ།། ཚ་སོགས་བད་ཀན་སེལ་ཞེས་བྱ་བ་ནི། ཚ་བ་དང་། ཁ་བ་དང་། བསྐ་བ་གསུམ་ནི་བད་ཀན་སེལ་བ་ཡིན་ལ། མངར་བ་དང་། སྦྱར་བ་དང་། ལན་ཚྭ་སྟེ་གསུམ་པོ་གཞན་དག་ནི་བད་ཀ་ན་སྐྱེད་པ་ཡིན་ནོ།། བསྐ་བ་དང་།
་ཁ་བ་དང་། མངར་བས་ནི་མཁྲིས་པ་སེལ་བ་ཡིན་ལ། སྦྱར་བ་དང་། ལན་ཚྭ་དང་། ཚ་བ་སྟེ་གཞན་ནི་མཁྲིས་པ་དེ་ཉིད་སྐྱེད་པར་བྱེད་པ་ཡིན་ནོ།། དེས་ནི་འདི་སྐད་སྟོན་པར་འགྱུར་ཏེ། མངར་བ་ནི་རླུང་དང་མཁྲིས་པ་སེལ་ཅིང་བད་ཀན་བསྐྱེད་པ་ཡིན་ནོ།།
་སྐྱུར་བ་ནི་རླུང་སེལ་ཞིང་བད་ཀན་དང་མཁྲིས་པ་བསྐྱེད་པ་ཡིན་ནོ།། ལན་ཚྭ་ནི་རླུང་སེལ་ཞིང་བད་ཀན་དང་མཁྲིས་པ་བསྐྱེད་པ་ཡིན་ནོ།། ཚ་བ་ནི་བད་ཀན་སེལ་ཞིང་རླུང་དང་མཁྲིས་པ་བསྐྱེད་པ་ཡིན་ནོ།། ཁ་བོ་ནི་བད་ཀན་དང་མཁྲིས་པ་སེལ་ཅིང་། རླུང་བསྐྱེད་པ
་ཡིན་ནོ།། བསྐ་བ་ནི་བད་ཀན་དང་མཁྲིས་པ་སེལ་ཅིང་། རླུང་བསྐྱེད་པ་ཡིན་ནོ།། རོ་དེ་རྣམས་ཀྱི་རྟེན་གྱི་རྫས་རྣམ་པོ་གསུམ་ཡོད་པར་བཤད་པ་ནི་དེ་ལྟར་རྫས་ནི་རྣམ་པ་གསུམ་ནི་འཁྲུག་ཐ་མལ་གནས་ལ་ཕན་ཞེས་སྨོས་པ་ཡིན་ཏེ། དེ་ལྟར་ཞེས་པ
་ཚུལ་འདིས་རྫས་ཞི་བ་ལ་སོགས་པའི་དབྱེ་བས་རྣམ་པ་གསུམ་དུ་འགྱུར་པ་ཡིན་གྱི། རྣམ་པ་གཞན་གྱི་ས་ནི་གཉིས་སམ། ཡང་ན་རྣམ་པ་དུ་མ་ཉིད་ཡིན་ནོ་ཞེས་སོ།། དེ་ལྟར་གྱི་སྒྲས་རྣམ་པའི་དོན་དུ་བཤད་པ་ཡིན་ནོ།། དེ་ལ་གནོད་པ
་གང་འཁྲུགས་པར་གྱུར་བཞི་པར་གྱུར་པ་དན་ནབ་སྟེ། དཔེར་ན་ཏི་ལ་མཱར་དང་། མར་དང་། སྦྲང་རྩི་ལྟ་བུའོ།། ད་ལ་ཏ་ལ་མར་ནཱི་སྣུམ་པ་དང་། དྲོ་བ་དང་། ལྕི་བ་དང་། ལྡན་པས་རླུང་གི་དེ་དང་མི་མཐུན་པའི་མཚན་ཉིད་ན་པར
་བྱེད་པ་ཡིན་ལ། མར་སར་ནི་མངར་བ་དང་། བསིལ་བ་དང་བརྟན་པའི་ཡོན་ཏན་དང་ལྡན་པས། དེ་དང་མི་མཐུན་པའི་མཚན་ཉིད་དང་ལྡན་པའི་མཁྲིས་པ་སེལ་བ་ཡིན་ནོ།། སྦྲང་རྩི་ནི་རྩུབ་པ་དང་། རྣོ་བ་དང་བསྒོ་བ་དང་ལྡན་པས་དེ་དང་མི་མཐུན་པའི་མཚན་ཉིད་ཅན
་བད་ཀན་ཞི་བར་བྱེད་དོ།། དེ་ལ་འཁྲུགས་པ་ནི་གང་རླུང་ལ་སོགས་པའི་གནོད་པ་རྣམས་དང་། བཅུད་ཀྱི་དངས་མ་ལ་སོགས་པའི་ལུས་ཟུངས་རྣམས་དང་། གཅིན་ལ་སོགས་པའི་དྲི་མ་རྣམས་འཁྲུགས་པར་བྱེད་པ་ནི་འཁྲུ་གས་པའོ།། དེ་ནི་དཔེར་ན་ནས
་ཐུག་དང་། བ་ཏ་ལ་དང་། མ་ཤ་དང་། ཉ་དང་། རྡོ་བུ་རློན་པ་དང་། ཡུངས་ཀར་དང་། ཞོ་སར་པ་དང་། ཕྲུམ་དང་། མི་མཐུན་པའི་ཁ་ཟས་ཉ་དང་འོ་མ་ལྷན་ཅིག་བཟའ་བ་ལྟ་བུ་ལ་སོགས་པའོ།། ཐ་མལ་པར་གནས་པ་ལ་ཕན་པ་ནི་གནོད་པ་ནས་དྲི་མའི་མཐར
་ཐུག་གི་བར་དུ་རང་གི་ཚེད་དང་ལྡན་པར་གནས་པ་ནི། མཉམ་པར་འཇུག་ཅིང་ཐ་མལ་པར་གནས་པ་སྟེ། དེ་ལ་ཕན་པའི་རྫུས་གང་ཡིན་པ་དེ་ནི་ཐ་མ་ལ་གནས་ལ་ཕན་ཞེས་བྱ་སྟེ། དེ་ནི་དུས་སུ་སྤྱད་པ་ལ་བརྟེན་པའི་སྐབས་སུ་འོག་ནས་བཤད་པ་དང་། དེ
་བཞིན་དུ་ཟས་ཀྱི་ཚོད་རན་པར་བཟའ་བའི་ལེའུ་ལས་བཤད་པ་དང་། སཱ་ལུ་རྩ་སྣར་དང་། དྲུག་ཅུ་པ་དང་། ནས་དང་། གྲོ་དང་། སྲོག་ཆགས་སྐམས་ལ་གནས་པའི་ཤ་དང་། འཚོ་བྱེད་ཀྱི་ཚེ་དེ་མོ་ལ་སོགས་པ་དང་། ཞོ་ཁ་ཆུ་དང་། འོ་མ་ལ་སོགས་པ་དང་།
་དེ་བཞིན་དུ་གང་སྟོབས་བསྐྱེད་ཅིང་བཅུད་ཀྱིས་ལེན་པ་དང་། རོ་ཚ་བར་བྱེད་པ་དང་། རྣམ་པ་ཐམས་ཅད་དུ་བཟའ་བར་བྱ་བ་ཉིད་དུ་བསྟན་པ་རྣམས་སོ།། དེའི་ནུས་པ་བཤད་པ་ནི། དེ་ལ་ཚ་བསིལ་ཕུལ་བྱུང་བས།། ནུས་པ་རྣམ་པ་གཉིས་སུ་བཤད།། ཅེས་བྱ་བ་ཡིན་ཏེ།
་དེ་ལ་ཞེས་པ་རྫས་དེ་ལ་ནུས་པ་རྣམ་པ་ཉི་ཤུ་ཡོད་པའི་ནང་ནས། ཚ་བ་དང་བསིལ་བ་དག་ནི་ཕུལ་དུ་བྱུང་བ་ཡིན་པས་ནུས་པ་ཞེས་བྱ་སྟེ། ཚེའི་རིག་བྱེད་ཐམས་ཅད་ལས་ཚ་བ་དང་བསིལ་བའི་ནུས་པ་གཉིས་པོ་དེ་ཉིད་དུ་བཤད་པ་ནི། རྒྱུ་དང་འབྲས་བུའི་དོན་ཡིན་ནོ།། །
་དེ་ལ་ནུས་པ་ནི་ཡོན་ཏན་ལ་བྱས་ལ། ཚ་བ་དང་བསིལ་བ་ཕུལ་དུ་བྱུང་བ་ནི། ཚ་བ་དང་བསིལ་བ་ཁྱད་པར་དུ་འཕགས་པ་ཉིད་དེ། ལ་ལྀ་ནི་ཚ་བའི་ནུས་པས་ཕུལ་དུ་བྱུང་བས། ཚ་བའི་ནུས་པཱི་མིང་ཐོབ་ལ། དེ་བཞིན་དུ་བསིལ་བའི་ནུས་པས་ཕུལ་དུ་བྱུང་ཞིང
་བསིལ་བའི་ནུས་པས་ཁྱད་པར་དུ་འཕགས་པ་ཉིད་ཀྱིས་བསིལ་བའི་ནུས་པའི་མིང་ཐོབ་བོ།། གལ་ཏེ་རྫུས་རྣམ་པ་སྣ་ཚོགས་པ་ཡོད་མོད་ཀྱི། འོན་ཀྱང་འགྲོ་བ་ནི་མེ་དང་ཟླ་བའི་བདག་ཉིད་ཅན་ཡིན་པའི་ཕྱིར། ནུས་པའི་རྣམ་པ་གཉིས་ཁོ་ནར་བཤད་དོ།། སྨན་ཞུ་བའི
་རྗེས་སུ་བཤད་པའི་རྫས་ཀྱི་ཞུ་བ་རྣམ་གསུམ་སྟེ། མངར་སྦྱར་ཚ་བའི་བདག་ཉིད་ཅན།། ཞེས་སྨོས་པ་ཡིན་ཏེ། ཞུ་བ་ནི་རྣམ་པ་གསུམ་སྟེ། རྫས་ཐམས་ཅད་ཡོངས་སུ་ཞུ་བར་གྱུར་པའི་དུས་སུ། འབྲས་བུ་ལས་རྗེས་སུ་དཔག་པར་བྱ་སྟེ། ཕོ་བའི་མེ་དང་ཕྲད་པ
་ལས། རོ་རྣམས་རང་གི་རང་བཞིན་ལས་གཞན་དུ་འགྱུར་ལ། དེ་ནི་རྣམ་པ་གསུམ་ཉིད་ཡིན་གྱི། རོ་དྲུག་ཡོད་ཀྱང་དྲུག་ནི་མ་ཡིན་ནོ།། དེ་ལ་རྫས་ནི་ལ་ལ་ནི་མངར་བར་ཞུ། ལ་ལ་ནི་སྦྱར་བར་ཞུ། ལ་ལ་ཚ་བར་ཞུ་བ་ཡིན་ནོ།། དེ་ལ་མངར་བ་དང་། ལན་ཚྭ་ནི་མངར
་བར་ཞུ་བའོ།། སྒྱུར་བ་ནི་སྒྱུར་བར་ནུ་བའོ།། ཚ་བ་དང་། ཁ་བ་དང་། བསྐ་བ་ནི་ཆ་བར་རོ།། དོན་འབྲས་བུ་ལས་རྗེས་སུ་དཔག་པ་ཡིན་ནོ།། ད་ཡང་ཕ་བའི་མེ་དང་ཕྲང་བ་ལས།། གང་ཞིག་རོ་ནི་གནན་གྱུར་པ།། རོ་རྣམས་ཞུ་བའི་ཐ་མ་དག། དེ་ནི་ཅུ
་གཞེས་བཤད་དོ།། ཞེས་འབྱུང་བ་ཡིན་ནོ།། དེ་བས་ནི་ཁྱད་པར་དུ་སྨིན་པར་གྱུར་པ་ལས་ཞུ་བ་ཞེས་བྱའོ།། ཅུང་ཟད་སྦྱིན་པ་ནི་མ་ཡིན་ནོ།། དེ་བཞིན་དུ་མཐོ་བཙུན་དྲང་སྲོང་ཙ་རཀས་ཀྱང་། རྫས་ཀྱི་རོ་ནི་འབབ་པ་ན།། ལས་ཀྱི་མཐའ་ནི་ཞུ་བ་ཡིན།། ཇི་སྲིད་གནས་པ་ཡོན་ཏན
་ཏེ།། འདུས་པ་ལས་ནི་ཤེས་པར་འགྱུར།། ཞེས་བཤད་པ་ཡིན་ནོ།། དེ་ལྟར་ན་ལས་བྱས་པ་རྗེས་སུ་དཔག་པའི་ཚུལ་གཅིག་པའི་གནས་སྐབས་ཕོ་བོའི་མེ་དང་ཕྲད་པ་ལས་རོ་རྣམས་རོ་གཞན་གྱུར་པ་གང་ཡིན་པ་དེ་ཉིད་ནི་ཞུ་བ་ཞེས་བྱའོ།། གང་ཕོ་བ་མེ་དང་འཕྲད་པ་ཙམ་གྱིས
་རོ་རྣམས་གནས་སྐབས་དུ་མར་གྱུར་ཏེ། དང་པོ་མངར་བའོ།། དེའི་རྗེས་ཐོགས་ལ་དེ་ཉིད་སྦྱིན་པ་ན་སྦྱར་བའོ།། དེ་ལས་ཀྱང་སྨིན་པའི་མཐར་ཐུག་པ་ན་ཚ་བར་གྱུར་པ་ལ་ནི་མི་བྱའོ།། རྫས་ཀྱི་ཡོན་ཏན་རྣམས་བཤད་པ་ནི། ཡོན་ཏན་ལྕི་བརྟུལ་བསིལ་དང་སྣུམ།། བཇམ་དང
་བསླསྐ་བ་མཉེན་དང་བརྟན།། ཕྲ་དང་བཅས་ཤིང་སྐམ་བག་ཅན།། དེ་བཟློག་པ་དང་ཉི་ཤུ་ཡིན།། ཞེས་བྱ་བ་ཡིན་ཏེ། དེ་ལ་རྫས་ཀྱི་ཡོན་ཏན་ནི། ལྕི་བ་ལ་སོགས་པ་བཅུ་ཡིན་ལ། དེ་ལས་བཟློག་པ་དང་། ཉི་ཤུ་ཡིན་པར་ཤེས་པར་བྱ་སྟེ། འདི་དག་རིམ་གྱིས་བཟློག་པ་ནི
་ཡང་བ་དང་། རྣོབ་དང་། ཚ་བ་དང་། སླ་བ་དང་། རྩུབ་པ་དང་། པྲ་བ་དང་། པྲ་དང་། དམ་པ་དང་། སྒོམ་པ་དང་། སྲ་བགན་ནམ་ཐ་མིན་ནོ།། དེ་ལྟར་ནོགོ་འདྲེག་པ་ནི། དེ་དག་ཡིན་ཅེས་སྦྱི་ཅི་ཅུ་འགྱུར་རོ།། ནད་ཀྱི་ང་ནི། རུས་ངན་ལས་ཀྱི
་བ་རྣམས།། སྨན་དང་ལོག་པ་ལྷག་པ་དང་།། ཡང་དག་སྦྱོར་བས་ནད་དང་ནི།། ནད་མེད་རྒྱུ་གཅིག་ཡིན་ཞེས་བྱ་ཞེས་བྱ་བ་ཡིན་ཏེ། དེ་ལ་དུས་ནི་བསིལ་བ་དང་། ཚ་བ་དང་། ཆར་འབབ་པའི་དུས་ཏེ་གསུམ་མོ།། དོན་ནི་འབྱུང་བ་ཆེན་པོའི་ཡོན་ཏན་སྒྲ་དང་། རེག་བྱ་དང་། གཟུགས
་དང་། དྲི་དང་། རོའོ།། དེ་ཡང་ལུང་ལས་དོན་ནོ་སྒྲ་སོགས་ཡིན་ཞེས་བྱ། སྤྱོད་ཡུལ་ཡུལ་དང་ཡོན་ཏན་ཡི་ནཽ་ཞེས་བཤད་པ་ཡིན་ནོ།། ལས་ནི་བྱ་བ་སྟེ། ལུས་དང་ངག་དང་ཡིད་ཀྱི་ཀུན་ཏུ་སྤྱོད་པའོ།། དེ་ལྟར་དུས་དང་དོན་དང་ལས་ནི་དུས་དོན་ལས་ཏེ། དེ་རྣམས་ཀྱི་སྦྱོར་བ་ནི
་འབྲེལ་པའོ།། ཇི་ལྟ་བུ་ཞེ་ན། དམན་དང་ལོག་པ་ལྷག་པ་དང་། ཞེས་བྱ་བ་ཡིན་ཏེ། དེ་བཞིན་དུ་ཡང་དག་བའི་སྦྱོར་བ་སྟེ། གང་དུས་ལ་སོགས་པའི་སྦྱོར་བ་དམན་པ་དང་། ལོག་པ་དང་ལྷག་པ་སྟེ། དེ་ནི་ནད་ཀྱི་རྒྱུ་གཅིག་པུ་ཡིན་ལ། དེ་རྣམས་གཉིད་ཀྱི་ཡང་དག
་བའི་སྦྱོར་བ་གང་ཡིན་པ་དེ་ནི་ནད་མེད་པའི་རྒྱུ་གཅིག་པུ་ཡིན་ནོ།། དེ་ལ་ཡང་དག་པའི་སྦྱོར་བ་སྨོན་པ་ནི་ནད་དང་ནོད་མེད་པའི་རྒྱུ་གོ་རིམ་བཞིན་དུ་ཤེས་པར་བྱ་བའི་ཕྱིར་འདི་ལོགས་ཤིག་ཏུ་བསྟན་པ་ཡིན་ནོ།། རྒྱུ་གཅིག་ཡིན་ཞེས་བྱ་བ་ནི་རྒྱུ་གཅིག་པུ་ཡིན་པ་སྟེ། གཅིག
་གི་སྒྲ་ནི་གཙོ་བོར་གྱུར་པའི་ཚིག་ཡིན་ནོ།། དེ་ཡང་དཔེར་ན་གཞུ་འཛིན་པ་ནི་སྲིད་སྒྲུབ་གཅིག་པུ་ཡིན་ནོ་ཞེས་ཟེར་བ་ལྟ་བུའོ།། དུས་ཀྱི་སྦྱོར་བ་དམན་པ་ནི་རང་གི་རང་བཞིན་ལས་ཉམས་པའོ།། ལྷག་པའི་སྦྱོར་བ་ནི། རང་གི་རང་བཞིན་ལས་ལྷག་པར་གྱུར་པའོ།། ལོག་པའི
་སྦྱོར་བ་ནི་རང་བཞིན་ལས་ཕྱིན་ཅི་ལོག་ཏུ་བྱེད་པའོ།། དེ་ཡང་དཔེར་ན་དམན་པའི་བསིལ་བ་དང་། དམན་པའི་ཆེ་བ་དང་དམན་པའི་ཆར་ནི་དམན་པའི་སྦྱོར་བའོ།། དཔེར་ན་གྲང་བའི་དུས་ཀྱི་གནས་སྐབས་སུ་ཤིན་ཏུ་ཚ་བ་དང་ཚ་བའི་དུས་ཀྱི་གནས་སྐབས་ན་ཤིན་ཏུ་གྲང་བ་ནི་ལོག
་པའི་སྦྱོར་བའོ།། དཔེར་ན་ལྷག་པར་བསིལ་བ་དང་ལྷག་པར་ཚ་བ་དང་། ལྷག་པར་ཆར་འབབ་པ་ནི་ལྷག་པའི་སྦྱོར་བ་སྟེ། སྦྱོར་བ་འདི་གསུམ་ནི་ནད་ཀྱི་རྒྱུ་ཡིན་ནོ།། མཉམ་པའི་སྦྱོར་བ་ནི་ཡང་དག་པའི་སྦྱོར་བ་སྟེ། རང་བཞིན་ཇི་ལྟ་བ་བཞིན་དུ་གནས
་པ་ནི་ནད་མེད་པའི་རྒྱུ་ཡིན་ནོ།། ཡང་དོན་དབང་པོ་རྣམས་ཀྱི་རང་རང་གི་དོན་དམན་པ་ལ་སྦྱོར་བ་ནི་དམན་པ་ལ་ནི་དམན་པའི་སྦྱོར་བའོ།། ཤིན་ཏུ་སྦྱོར་བ་ནི་ལྷག་པར་སྦྱོར་བའོ།། རྩུབ་ཅིང་མངོན་པར་མི་འདོད་པ་ལ་སོགས་པའི་དོན་ལ་དབང་པོ་སྦྱོར་བར་གྱུར་པ་ནི་ལོག་པའི་སྦྱོར་བའོ།། ལུས་ལ
་སོགས་པའི་ལས་དམན་པ་ལ་འཇུག་ནི་དམན་པའི་སྦྱོར་བའོ།། ལྷག་པར་འཇུག་པ་ནི་ལྷག་པའི་སྦྱོར་བའོ།། གཤང་གཅི་ལ་སོགས་པའི་ཤུགས་དགགོ་བ་དང་། ཕྱེད་ཙམ་ཟ་ཞིང་མང་དུ་སྨྲ་བ་ལ་སོགས་པ་དང་འདོད་ཆགས་དང་། ཞེ་སྡང་ལ་སོགས་པ་རང་རང་གི་བདག
་ཉིད་ཀྱིས་འོག་ནས་བཤད་པ་རྣམས་ནི་ལོག་པའི་སྦྱོར་བའོ།། ཐམས་ཅད་ཀྱང་མཉམ་པར་འཇུག་པ་ནི་ཡང་དག་པའི་སྦྱོར་བའོ།། དེ་བས་ན་དམན་པ་ལ་སོགས་པའི་སྦྱོར་བ་གསུམ་ནི་ནད་ཀྱི་རྒྱུ་ཡིན་ནོ།། ཡང་དག་པའི་སྦྱོར་བ་ནི་ནད་མེད་པའི་རྒྱུ་ཡིན་ནོ།། ནད་དང་ནད་མེད་པ
་ཞེས་གང་ལ་བྱ་ཞེས་ན། ནད་ནི་ཉེས་པ་མ་སྙོམས་ཡིན།། ཉེས་པ་སྙོམས་པ་མེད་པ་ཉིད།། ཅེས་བཤད་པ་ཡིན་ཏེ། རླུང་ལ་སོགས་པའི་ཉེས་པ་རྣམས་གཅིག་གམ་གཉིས་སམ་གསུམ་རང་གི་ཚད་ལས་འཕེལ་ལམ་ཟད་པར་གྱུར་ན། ནད་ཀྱི་རྒྱུ་ཡིན་པས་ནད་ཉིད་ནི
་མ་སྙོམས་པ་ཡིན་པར་བརྟག་པར་བྱ་སྟེ། རང་གི་རང་བཞིན་ལས་གཡོས་པར་གྱུར་པ་ཡིན་ལ། དེ་བས་ན་རྒྱུ་དང་འབྲས་བུ་ཐ་མི་དད་པའི་ཉེ་བར་གདགས་པས་ནད་ཅེས་བྱའོ།། ཉེས་པ་རྣམས་སྙོམས་ཤིང་རང་གི་རང་བཞིན་ལས་མི་འགྱུར་བ་མཉམ་པར་གྱུར་པ་དེ་ནི་ནད་མེད
་བསྟོད་རྗེས་བྱ་སྟེ། ཐ་མལ་བར་རང་བཞིན་དུ་གནས་གཞེས་བྱག།། དབྱེ་བ་བསྟན་པ་ན་ལ་ནད་ན་རང་བཞིན་གནས། གློ་བུར་མ་ཡིས་གཉིས་སུ་བཤད་ཅེས་བཤད་པ་ཡིན་ཏེ།། དེ་ལ་ཞེས་པ་ནད་དང་ནད་མེད་པ་དེ་དག་ལས། ནང་ན་རང་བཞིན་དུ་གནས་པ་དང་གློ་བུར
་བའི་དབྱེ་བ་སོ།། གཉིས་སུ་བཤད་དོ།། དེ་ལ་རང་བཞིན་གྱིས་གནས་པ་ནི། རླུང་ལ་སོགས་པའི་ཉེས་པ་ལས་བྱུང་བའོ།། གློ་བུར་བ་ནི་ཕྱི་རོལ་ནས་འོངས་པའོ།། དེ་ཡང་སློབ་དཔོན་གྱིས་ཉེས་པ་གསུམ་ལས་བྱུང་བ་ནི། རང་བཞིན་གྱིས་གནས་པ་ཡིན་ལ། ཕྱི་རོལ་གྱི
་རྒྱུ་ལས་བྱུང་བའི་ནི་གློ་བུར་བ་ཡིན་ནོ།། ཞེས་བཤད་པ་ཡིན་ནོ།། བདི་གཉིས་ཀྱི་ཁྱད་པར་ནི་འདི་ཡིན་ཏེ། རང་བཞིན་གྱིས་གནས་པའི་ནད་རླུང་ལ་སོགས་པ་ནི། དང་པོ་མ་སྙོམས་པར་གྱུར་ནས། ཕྱིས་ཟུག་གཟེར་བསྐྱེད་པ་ཡིན་ལ། ཡང་གློ་བུར་བ་ནི་དང་པོ་ཉིད་དུ་ཟུག
་གཟེར་བསྐྱེད་ནས། དེར་རླུང་ལ་སོགས་པ་འཁྲུགས་པར་འགྱུར་རོ།། རང་བཞིན་གྱིས་གནས་པ་དང་། གློ་བུར་བའི་ཁྱད་པར་གྱིས་ཕྱེ་བའི་ནད་འདི་གཉིས་ཀྱིས་སེམས་ཀུན་ཏུ་གདུང་བ་ཡིན་པར་ཤེས་པར་བྱའོ།། གང་གི་ཕྱིར་འདི་ལྟར་ལུས་དང་སེམས་ནི་ནད་ཀྱི་གནས་ཉིད
་དུ་གནས་པོ་ཡིན་ཏེ། ལུས་གཅིག་པུའམ་སེམས་གཅིག་པུ་ནི་མ་ཡིན་ནོ།། དེ་བས་ན་དེའི་རྗེས་ཐོགས་ལ་འདི་སྐད་ཅེས་བཤད་པ་ཡིན་ཏེ། དེ་རྣམས་ལུས་སེམས་དབྱེ་བ་ཡིས།། གནས་ཀྱང་རྣམ་པ་གཉིས་ཡིན་ནོ།། ཞེས་བྱ་བ་ལས་ཀྱང་རང་བཞིན་གྱིས་གནས་པ་དང
་གློ་བུར་བའི་ནད་དེ་རྣམས་ནི་ལུས་དང་སེམས་ཀྱིས་དབྱེ་བས་གནས་རྣམ་པ་གཉིས་ཡིན་ཏེ། རིམས་དང་ཁྲག་དང་མཁྲིས་པ་དང་ལུད་པ་ལ་སོགས་པའི་གནས་ནི་ལུས་ཡིན་ལ། མྱོས་པ་དང་། བརྒྱལ་བ་དང་། སྒྱིད་ལུག་པ་དང་། གདོན་དང་འབྱུང་པོ་དང་། སྨྱོ་བ
་དང་དྲན་པ་ཉམས་པ་དང་། འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་གནས་ནི་སེམས་ཡིན་ནོ།། དེ་ཡང་འདི་ལ་གནས་པས་ན་གནས་སོ།། དྲིས་པ་ལུས་ཀྱི་ནད་བསྐྱེད་པའི་རྒྱུ་ནི་རླུང་ལ་སོགས་པའི་ཉེས་པ་རབ་ཏུ་འཁྲུགས་པ་ཡིན་པར་བཤད་ཀྱི་སེམས་ཀྱི་ནད
་ཀྱི་རྒྱུ་གང་ཞིག་ཡིན་ཞེ་ན། དེའི་ཕྱིར་བཤད་པ་ནི་འདོད་ཆགས་གཏི་མུག་ཀྱང་ཡིད་ཀྱི། ཉེས་པ་གཉིས་སུ་བསྟན་པ་ཡིན་ཞེས་བྱ་བ་ཡིན་ཏེ། ཡིད་ནི་སེམས་ལ་བྱ་ལ། དེ་ནི་འདོད་ཆགས་དང་། གཏི་མུག་བདེ་ཞིང་མ་རིག་པ་ལས་བྱུང་བ་ཡིན་ལ། འདིར་ཡང་གཙོ་བོར་གྱུར་པས་དང་པོར་འདོད
་ཆགས་སྨོས་པ་ཡིན་ནོ།། ཀྱང་ཞེས་བྱ་བའི་སྒྲ་ནི་རླུང་ལ་སོགས་པ་ཡང་ཉེ་བར་བསྡུ་བའི་དོན་ཡིན་ཏེ། གང་གི་ཕྱིར་དེ་རྣམས་ཀྱང་སེམས་ལ་བརྟེན་ནས། རྣམ་པར་འགྱུར་བར་བྱེད་པ་ཡིན་ཏེ། དུས་དག་ཏུ་རླུང་དང་མཁྲིས་པ་བད་ཀན་དང་ལྡན་པ་དང་འདུས་པ་དང་། དུག་གི་རྒྱུ་ལས་བྱུང་བའི་སྐྱོ
་ནན་དྲུག་ཡོད་པ་ཡིན་ནོ།། བསྟན་པ་ཡྀ་མ་ཞེས་བྱ་བ་ནི་ཚེའི་རིག་བྱེད་ཀྱི་བསྟན་བཅོས་དག་ཏུ་ཚིག་གིས་མད་ཙམ་དུ་བསྟན་གྱི། རླུང་ལ་སོགས་པ་བཞིན་དུ་འདོད་ཆགས་དང་གཏི་མུག་གི་མཚན་ཉིད་མ་ལུས་པ་ནི་མ་ཡིན་ཏེ། འདི་རང་བཞིན་གྱིས་གནས་ཀྱི་མཚན་ཉིད་ལ་སོགས་པས།
་ལ་སོགས་པ་འམ་མ་ལུས་པ་ཡིན་གྱི། འདོད་ཆགས་དང་གཏི་མུག་ནི་མ་ཡིན་ནོ།། ནད་ཀྱིས་བཅོམ་པའི་ལུས་ཤེས་པར་བྱ་བའི་ཐབས་བཤད་པ་ནི་ནད་པ་བལྟ་དང་རེག་པ་དང་། དྲིས་པ་ཡིས་ནི་ཡོངས་སུ་བརྟག་ཅེས་བྱ་བ་སྨོས་པ་ཡིན་ཏེ། ནད་ཡོད་པས་ན་ནད་པ་སྟེ་ནད་ཀྱིས་གདུངས
་པའོ།། དེ་ནི་བལྟ་བ་ལ་སོགས་པས་ཡོངས་སུ་བརྟག་པར་བྱའོ།། དེ་ལ་བལྟ་བ་ནི་མིག་གིས་ཏེ། མིག་སེར་ལ་སོགས་པས་ཉི་མ་ཐག་པ་རྣམས་ལ་མདོག་སེར་བི་དང་། དཀར་པོར་སྣང་བ་དང་། དབྱིབས་ཀྱིས་ཚད་ཀྱིསོ་འཇོལ་འགྲིབ་དང་། མདངས་དང་བཤང་གཅི་དང་། སྐྱུགས་པ་ལ
་སོགས་པས་བརྟག་པར་བྱའོ།། རེག་པ་ནི་ལག་པ་དང་། ལུས་ཀྱི་རེག་པས་རིམས་དང་། སྨན་དང་། མ་ཞུ་བས་ཉེན་པ་དང་། དེ་བཞིན་དུ་གྲང་བ་དང་། ཚ་བ་དང་། རངས་པ་དང་། འདར་བ་དང་། འཇམ་པ་དང་། རྩུབ་པ་ལ་སོགས་པ་རེག་པས་བརྟག་པ་དང་། དྲིས་པ་སྟེ་གཟེར་དང་།
་ཡིག་འཆས་པ་དང་། ཕྲིན་པ་དང་། ལྟོ་སྲ་བ་དང་། རྩི་བ་དང་། དྲིལ་མ་དུ་མཐོང་བ་དང་། བསམ་པ་དང་། ན་ཚོང་དང་། ནད་ཀྱི་མགོ་ག་ནས་དྲུག་པ་དང་། སྐར་མ་དང་། མངབ་པོ་དང་། དགྲ་བོ་དང་། བདེ་བ་དང་། སྡུག་བསྔལ་ལ་སོགས་པ་དང་། ནང་ཤ་ཚོགས་ལས་ཡོངས་སུ་བརྟན
་པར་བྱའོ།། ནད་ཀྱི་བྱེ་བྲག་ཤེས་པར་བྱ་བའི་ཐབས་བཤད་པ་ནི། ནད་ཀྱི་གཞི་ཡི་དང་པོའི་ཚུལ། མཚན་ཉིད་ཉེར་བསྟེན་ཐོབ་པ་ཡིན།། ཞེས་བྱ་བ་ཡིན་ཏེ། ནད་ནི་ནད་གཞི་ལ་སོགས་པ་ལས་ལྔས་ཡོངས་སུ་བརྟག་པར་བྱ་སྟེ། ནད་གཞི་དང་རྒྱུ་དང་བྱེད་པ་ཞེས་བྱ་བ་ནི་མིང་གི་རྣམ་གྲངས
་སོ།། དེ་ཡང་ཉེ་བ་དང་རིང་བའི་བྱེ་བྲག་གིས་རྣམ་པ་གཉིས་ཡིན་ལ། ཉེ་བ་ཡང་ཉེ་བ་དང་། ཤིན་ཏུ་ཉེ་བའི་དབྱེ་བས་གཉིས་སོ།། དེ་ལ་ཉེ་བ་ནི་རྩུབ་པ་དང་། ཡང་བ་དང་། གྲང་བ་ལ་སོགས་པའི་རྫས་དང་འདྲེས་པར་གྱུར་པས་སོ།། ཤིན་ཏུ་ཉེ་བ་ནི་དཔེར་ན་རླུང་ལ་སོགས་པའི་ཉེས་པ་རྣམས
་གང་དག་གིས་རྗེས་ཐོག་ཉིད་ལོ་ནད་འབྱུང་བར་འགྱུར་བས་འཁྲུག་པར་འགྱུར་རོ།། རིམ་པ་ནི་གང་རིམས་ལོ་སོགས་པའི་དང་བའི་དུས་ཉིད་དུ་འབྱུང་བ་སྟེ། དཔེར་ན་ཕྱི་རོལ་ཏུ་ཤ་བཀྲ་ལ་སོགས་པ་འབྱུང་བ་དང་། མཛེ་དང་གཅིནད་ལ་སོགས་པ་སྟེ། དེས་ན་འདི་ལྟ་བུའི་དོན་བསྐྱེད་པ
་དང་། འདི་ལྟ་བུའི་ནད་ཀྱི་རྒྱུ་ཉིད་དུ་ཉེ་བར་གནས་པ་ཡིན་ལ། དེ་ལྟར་བྱུང་བ་ཡིན་པས་དེའི་ཕྱིར་ནད་གཞི་ལས་ནད་ཤེས་པར་བྱའོ།། དང་པོའི་ཚུལ་ནི་ཕྱིས་འབྱུང་བའི་ནད་མི་གསལ་བའི་ཁྱད་པར་གནས་པའི་མཚན་ཉིད་དེས། རིམས་ལ་སོགས་པའི་ནད་འབྱུང་བར་འདོད་པ་ན་རླུང་ལ་སགས
་པའི་གནོད་པ་ཁྱད་པར་གྱིས་ཁྱབ་པར་མི་སྣང་བ་ལ། གང་གིས་སྣང་བར་འགྱུར་ཞིང་ཅི་ནས་ཆུང་བ་ཉིད་ཀྱིས་གང་མི་གསལ་ཞིང་རྟགས་མངོན་དུ་མ་གྱུར་པ་དེ་ནི་དང་པོའི་ཚུལ་ལོ།། མཚན་ཉིད་ཀྱང་དང་པོའི་ཚུལ་ལས་མཚན་ཉིད་ཐ་དད་པ་སྟེ། གང་གིས་ཉེས་པ
་མ་ལུས་པའི་བྱེ་བྲག་གི་ཁྱབ་པའི་རྟག་དང་ལྡན་པར་ནང་གསལ་བ་ཉིད་དུ་མཐོང་ཞིང་ཤེས་པའོ།། ཉེར་བརྟེན་ནི་བདེ་བ་དང་། རྗེས་སུ་འབྲེལ་པའི་ཁ་ཟས་ལ་སོགས་པ་ལ་སྤྱོད་པ་སྟེ། འདི་ལྟ་བུའི་ཁ་ཟས་ལ་སོགས་པས་ནི། འདིའི་ནད་འདི་ན་མ་བྱུང་བ་ཡིན་ལ་འདི་ལྟ་བུས་ནི་དེང་འབྱུང་བར་གྱུར
་ཏོ་ཞེས་བསྟེན་པ་ལས་ནད་འདི་ཡིན་ནོ་ཞེས་ཤེས་པའོ།། ནད་དེ་ནི་གསོར་རུང་ཞིང་བདེ་བའི་རྒྱུ་ཡིན་པས་ན་བདེ་བ་ཐོབ་པ་ཡིན་ནོ།། ཐོབ་པ་དང་རྫོགས་པ་དང་ཡང་དག་པར་ཐོབ་པ་དང་འོངས་པ་དང་། སྐྱེས་པ་ཞེས་བྱ་བ་ནི་དོན་གྱི་རྣམ་གྲངས་ཡིན་ནོ།། དེའང་འདི་ལྟ་བུའི་མི་མཐུན་པ་དང་། གནས
་འདི་ལྟ་བུའི་མི་མཐུན་པ་དང་། གནས་འདི་ལྟ་བུ་གནས་པ་དང་འདི་ལྟར་རྗེས་སུ་འགྲོ་བ་དང་། བརྟག་པ་འདི་དང་། ལམ་འདི་དང་ཉེས་པ་འདི་ཐོབ་པ་ཡིན་ནོ་ཞེས་ཡོངས་སུ་བརྟག་པ་སྟེ། དེ་བས་ན་ཐོབ་ཅིང་མཐར་ཕྱིན་པ་ལས། ནད་འདི་ཡིན་ནོ་ཞེས་ཤེས་པའོ།། ཉེ་བར་བསྟེན་པ་ལ་སོག
་པའི་སྐབས་ཀྱི་ཡུལ་དང་དུས་ལ་སོགས་པ་དང་ཉེ་བར་སྦྱར་དགོས་ཏེ། དེ་བས་ན་དེ་གཉིས་ཀྱང་བཤད་པ་ནི། ས་དང་ལུས་ཀྱི་བྱེ་བྲག་གིས། འདི་ལ་ཡུལ་ས་རྣམ་གཉིས་བཤད། ཅེས་བྱ་བ་ཡིན་ཏེ། ཚེའི་རིག་བྱེད་ཀྱི་བསྟན་བཅོས་འདི་ལ་ཡུལ་ས་ནི་སློབ་དཔོན་ངག་གིས་རྣམ་པ་གཉིས
་སུ་བཤད་དོ།། དེ་གང་ཞི་ན་སའི་བྱེ་བྲག་དང་ལུས་ཀྱི་བྱེ་བྲག་གིས་སོ།། དེ་ལ་ལུས་ཀྱི་ཡུལ་ནི་མགོ་བོ་དང་ལག་པ་ལ་སོགས་པའི་མཚན་ཉིད་དང་ལྡན་པར་གྲགས་པའི་ལུས་ཉིད་དོ།། སའི་ཡུལ་བཤད་པར་བྱ་སྟེ། སྐམ་ས་ཕལ་ཆེར་རླུང་བསྐྱེད་ཅིང་།། རླན་ཅན་བད་ཀན་འཕེལ་བ་ཡིན།། ཆ
་མཉམཉོས་པ་མཉམ་པ་སྟེ།། ས་མོ་ཕྱོགས་ན་གསུམ་དུ་བཤད།། ཅེས་བྱ་བ་ལ་ཡངས་ནི་ཕྱོགས་ནི་རྣམ་པ་གསུམ་དུ་བཤད་དེ། ད་ལ་སྐམས་བ་ཚུན་ཤིང་དང་ར་གཅུང་ཟད་ཅག་ཡོད་པ་སྟེ། བོ་གནས་བཤད་དོ།། ཕལ་ཆེར་རླུང་བསྐྱེད་ཅིང་ཞེས་བྱ་བ་སྟེ། དེ་ལས་སྐྱེས་པའི་སྨན་ནི་རྩུབ
་པ་དང་། སྲ་བ་ཡིན་པ་དང་། རཾ་དྭགས་ལ་སོགས་པ་ཡང་རླུང་གི་ཤས་ཆེ་བ་ཡིན་ནོ།། རླན་ཅན་ནི་རྒྱུ་དང་། ཤིང་མོད་པ་དང་། ཆུད་མེད་པ་དང་། ཐན་བསྲུང་བའོ་དེ་ནི་བད་ཀན་འཕེལ་བ་ཡིན་ཏེ། དེ་ལས་སྐྱེས་པའི་སྨན་ལ་སོགས་པ་ཡང་། སྣུམ་པ་ལ་སོགས་པ་དང་ལྡན་པ་ཡིན་ནོ།།
་ཆ་མཉམ་པ་ནི་མཚན་ཉིད་གཉིག་དང་ལྡན་པ་སྟེ། འདྲེས་པའི་ཚུལ་ཅན་ནོ།། 1མཉམ་པོ་སྟེ། ཞེས་བྱ་བ་ནི་རླུང་ལ་སོགས་པ་འི་ཉིས་པ་མཉམ་པའོ།། སྨན་རྣམས་ཀྱིས་ཡང་དག་པར་སྦྱར་བའི་རྒྱུའི་དུས་བཤད་པ་ནི། སྐད་ཅིག་ལ་སོགས་ནད་ཀྱི་སྐབས། དུས་སུ་སྨན་ནི
་བར་བྱེད། ཅེས་བྱ་བ་ཡིན་ཏེ། དུས་ནི་རྣམ་པ་གཉིས་ཏེ། སྐད་ཅིག་ལ་སོགས་པའི་མཚན་ཉིད་དང་། ནད་ཀྱི་གནས་སྐབས་ཀྱི་མཚན་ཉིད་དོ།། སྨན་ནི་སྦྱར་བར་བྱ་ཞེས་བྱ་བ་ནི་སྨན་གྱི་སྦྱོར་བ་བྱེད་དེ། དེའི་དོན་རྫོགས་པར་བྱེད་ནུས་སོ་ཞེས་བྱ་བའི་དོན་ཏོ།། དེ་ལ་སྐུད་ཅིག་ནི
་གྲགས་པར་ཟད་དོ།། སོགས་པའི་སྒྲས་ནི་ཐང་གཅིག་དང་། ཡུད་ཙམ་དང་། ཐུན་གཅིག་དང་། ཉིན་ཞག་དང་། ཟླ་བ་སྐྱེད་དང་ཟླ་བ་དང་། དུས་དང་ལྷོ་ཕྱོགས་དང་བྱུང་ཕྱོགས་སུ་འགྲོ་བ་དང་། ལོ་རྣམས་གཟུང་བར་བྱའོ།། སྐད་ཅིག་ལ་སོགས་པ་དུས་ཀྱི་དཔེར་བརྗོད་ཀཱ་ནཱི་འདི
་དྲོ་ས་ས་བྱུགས་སྨན་། མའི་གུང་ས་འཁྲི་ལྡན་ཏེ། ཉི་མ་སུ་ལམ་ཅུ་ཅིང་རྡོམ་།། སྨན་བློན་ནི་མ་སེས་པས་ནི། མ་ན་མི་ཡིན་ནོ།། ནིང་ཀྱི་གནས་ཐམས་ནིས་པ་ད་། ཐུབ་དང་། དཔ་དང་། བ་ས་དང་། དྲེག་པ་ཉིད་ཀྱི
་འཚམ་པའི་སྨན་གྱི་སྦྱོར་བ་བཏང་བར་བྱའོ།། དེ་ནི་འདི་ལྟར་སྨྱུང་བ་དུག་དང་རྩ་བ་ལྔ།། ནས་ཐུག་ཏིཀྟ་ཤ་ཁུ་དང་།། དྲི་མ་རྣམས་ནི་སྨིན་བྱ་བ།། གནས་སྐབས་ཀྱིས་སམ་རིམ་པས་སོ་ཞེས་བྱ་བ་དང་། དེ་བཞིན་དུ་རིམས་ལ་ཐུག་པ་བསྐ་བ་དང་།། མར་སར
་འོ་མ་བཀྲུ་སྨན་དག། ནད་སྟོབས་ཡོད་མེད་བལྟས་ནས་ནི།། ཉི་མ་དྲུག་དྲུག་སྦྱར་བར་བྱ།། ཞེས་བྱ་བ་དང་། དེ་བཞིན་དུ་རིམས་ནི་བརྩེ་ཞིང་ལུས་ཡང་ལ།། དྲི་མ་ལ་སོགས་གཡོས་པ་ན།། རིམས་བཏབ་ཡུན་རིང་མ་ལོན་ཀྱང་།། དེ་ཚེ་སྨན་གྱི་སྦྱོར་བ་བྱ།། ཞེས་བྱ་བ་ཡིན་ཏེ། གནས་སྐབས
་འདིར་བྱིན་པའི་སྨན་ནི་ནད་མེད་པའི་དོན་དུ་འགྱུར་རོ།། སྨན་དེའང་རྣམ་པ་གཉིས་སུ་བཤད་དོ།། མདོར་ན་སྨན་ནི་རྣམ་གཉིས་ཏེ། སྦྱང་བ་དང་ནི་ཞི་བའོ།། ཞེས་བྱ་བ་ཡིན་ཏེ། མདོར་བསྡུ་ན་འཇིག་རྟེན་དག་ན་སྨན་རྣམས་ཡོད་པ་དེ་རྣམ་པ་དུ་མར་ཡོད་དུ་ཟིན་ཀྱང་ཚུལ་གཉིས
་ལས་འདའ་བར་མི་བྱེད་དེ། སྦྱང་བ་དང་ཞི་བའི་མཚན་ཉིད་རྣམ་པ་གཉིས་སུ་བཤད་པ་ཡིན་ནོ།། དེ་ལ་སྦྱང་བ་ནི་ཉེས་པ་འཁྲུག་པོ་ཕྱི་རོལ་ཏུ་བཏོན་ནས་ནད་ཉེ་བར་ཞི་བར་བྱེད་དོ།། ཞི་བ་ནི་རང་གི་གནས་ན་གནས་པ་ཉིད་ལ་ཆ་མཉམ་པར་བྱེད་པས་ཞི་བ་ཡིན་ནོ།། སྨན་བཤད་ནས་དེའི
་ཡུལ་བཤད་པ་ནི། ལུས་ལས་བྱུང་བའི་ནད་རྣམས་ཀྱི།། རིམ་གྱིས་སྨན་གྱི་དམ་པ་ནི།། མས་བཏང་པོ་ཀྲུ་སྨན་སློན་སྨན་དང་།། དེ་བཞིན་ཏིལ་མར་སྦྲང་རྩི་ཞེས་བྱ་བ་ཡིན་ཏེ། ལུས་ལས་བྱུང་བའི་ནང་རླུང་ལ་སོགས་པ་རྣམས་ཀྱི་རིམས་ཞེས་བྱ་གྲངས་ཇི་ལྟ་བའི་གོ་རིམ་གྱིས་བསྟན
་བ་དང་།། བཤད་པར་གྱུར་པས་སྨན་གྱི་དམ་པ་ཞེས་བྱ་ས། སྨན་གྱི་གཙོ་བོར་གྱུར་པ་ནི་མས་བཏང་བ་ནས་སྨོན་པའི་བར་གྱིས་སྦྱང་བར་བྱ་བ་དང་། དེ་བཞིན་དུ་ཏིལ་མར་ནས་སྦྲང་རྩིའི་བར་ནི་ཞི་བར་བྱེད་པའི་ཚུལ་ཅན་ཡིན་ནོ།། དེས་ན་རླུང་ལ་མཇུག་མ་ནས་སྦྲང་རྩི་དང་སྨན་བསྐོལ་བ
་སྤང་བ་ནས་བཏང་བར་བྱ་བ་སྤྱན་གྱི་མཆོས་ཡིན་ནོ།། མཁྲིས་པ་ལ་ནི་བཀྲུ་སྨན་ཁ་ནས་བཏུང་ཞིང་མཇུག་མའི་ལམ་གྱི་མཐའ་ནས་དབྱུང་བ་སྨན་གྱི་མཆོག་ཡིན་ནོ།། བདཀུན་ལ་ནི་སྨོན་སྨན་ཁ་ནས་འཐུངས་ཏེ། ད་ཉིང་ནས་ནད་དབྱུང་བ་སྨན་གྱི་ཡན་ཏཱཾ། དེ་དག་ན་ནད། རྣམ
་སྦྱང་བའི་ཚུལ་གྱིས་སྨན་ཡིན་ནོ།། ཏིལ་མར་ལ་སོགས་པ་ཞི་བའི་རང་བཞིན་ཅན་གྱི་སྨན་ཡིན་ནོ།། དེ་བཞིན་དུ་ཞེས་བྱ་བ་ནི་རིམ་གྱིས་ཏེ་རླུང་ལ་ཏིལ་མར་རོ།། མཁྲིས་པ་ལ་ནི་མར་སར་རོ།། བད་ཀན་ལ་ནི་སྦྲང་རྩི་སྨན་གྱི་དམ་པ་སྟེ། སྨན་གྱི་གཙོ་བོ་ཡིན་ཞེས་བྱ་བའི་དོན་ཏོ།། དུས་ལ
་སོགས་པའི་ཡུལ་ལ་བརྟེན་པའི་ཐམས་ཅད་དུ་ལུས་ལས་བྱུང་བའི་ནད་ཐམས་ཅད་ཀྱི་སྨན་གྱི་དམ་པ་བཤད་ཟིན་ནས། དེའི་འོག་ཏུ་སེམས་ཀྱི་ནད་གསོ་བའི་མཆོག་གང་ཞིག་ཡིན་ཞེ་ན། དེའི་ཕྱིར་བཤད་པ་ནི། བློ་དང་བརྟན་བདག་སོགས་ཤེས་པ། སེམས་ཀྱི་ཉེས་པའི་སྨན་མཆོག
་ཡིན་ཞེས་བྱ་བ་ཡིན་ཏེ། སེམས་ཀྱི་ཉེས་པ་འདོད་ཆགས་དང་གཏི་མུག་ངག་ལ་ནི་ནད་སེལ་བར་བྱེད་པའི་སྨན་གྱི་མཆོག་ནི་བློ་དང་བརྟན་པ་ལ་སོགས་པ་ཡིན་ཏེ། དེ་ལ་བློ་ནི་ཤེས་རབ་སྟེ། ཕྱི་དང་ནང་གི་བདག་ཉིད་ཅན་གྱི་དངོས་པོ་དེ་རྣམས་ལ་ཕན་པ་དང་། ཕན་པ་མ་ཡིན་པའི་བྱེ་བྲག་གི
་ཆརྣརྣམ་པར་འབྱེད་ཤེས་པའོ།། བརྟན་པ་ནི་སེམས་མི་འགྱུར་ཞིང་བརྟན་པ་ཉིད་དེ་བློ་མི་རྒོད་པའོ།། དེ་ཡང་གང་གི་བཀག་པ་རྣམས་ལ་འཇུག་པར་མི་བྱེད་པ་དང་། ཕན་པ་མ་ཡིན་པ་རྣམས་དང་སྡུག་བསྔལ་ལ་ཡིད་ཞུམ་པ་མེད་པའོ།། བདག་ཉིད་ཤེས་པ་ནི་རྣལ་འབྱོར་གྱི་ངོ་བོ་ཉིད་ཤེས
་བས། ཏིང་ངེ་འཛིན་གྱིས་དོན་དམ་པའི་བདག་ཉིད་ཤེས་པའོ།། སོགས་པའི་སྒྲས་ནི་ཡེ་ཤེས་དང་། རྣམ་པར་ཤེས་པ་དང་། དྲན་པ་དང་། ཡུལ་དང་། དུས་ལ་སོགས་པ་ཤེས་པ་ཡོངས་སུ་བསྡུའོ།། སེམས་ཀྱི་ཉེས་པ་འབྱུང་བ་འདོད་པ་ལ་སོགས་པ་ནི་ནད་གསལ་བའི་དོན་དུ
་མཆོག་ཅེས་བྱ་བའི་སྒྲ་ནི་ཁྱད་པར་གྱི་ཚིག་ཏུ་བསྟན་པ་ཡིན་ནོ།། དེ་ལྟར་ན་རེ་ཞིག་འདིས་ནི་གསོབ་མ་ལུས་པར་བསྟན་པ་ཡིན་ལ། དེ་ཡང་ཡན་ལག་བཞི་དང་ལྡན་ན་དགོས་པ་བྱེད་པ་ཡིན་པའི་ཕྱིར་བཤད་པ་ནི་གསོབ་དག་ཏུ་བསྟན་པ་ནི། སྨན་པ་སྨན
་དང་ནད་གཡོགས་དང་།། ནད་པ་ཡན་ལག་རྣམ་བཞི་སྟེ།། རེ་རེའང་རྣམ་པ་བཞི་བཞི་ཡིན་ཞེས་བྱ་བ་ཡིན་ཏེ། གསོ་བ་ཞེས་བྱ་བ་ནད་ཉེ་བར་ཞི་བར་བྱ་བའི་མཚན་ཉིད་ཀྱི་ཡན་ལག་ནི་རྣམ་པ་བཞི་ཡོད་པར་བཤད་ལ། དེ་རེ་རེ་ལ་ཡང་རྣམ་པ་བཞི་བཞི་ཡོད་དེ། དེ་ལྟར་ན་ཡོན་ཏན
་བཅུ་དྲུག་ཡིན་པར་གསོ་དཔྱད་མཁས་པའི་སྨན་པ་རྣཾས་འདོད་དོ།། དེ་ལ་སྨན་པ་ནི་དེའི་གཽཙོ་བོ་ཡིན་པས་དང་པོར་བསྟན་ཏེ། དེ་ཡང་ལུང་ལས། སྦྱོར་ཞིང་རབ་སྦྱོར་སྟོན་པས་ན།། འདི་ནི་སྨན་པ་གཙོ་བོ་ཡིན་ཞེས་བཤད་པ་ཡིན་ནོ།། དེ་བཞིན་དུ་བསྡུས་པ་ལས་ཀྱང་སྨན་པ་ཡོན
་ཏན་མེད་ཡན་ལག། ཡོན་ཏན་ལྡན་ཡང་དོན་མེད་ཡིན།། དེ་ཡི་ཡོན་ཏན་ལྡན་ཡ་ན་ལག། མ་ཚང་ན་ཡང་ནད་པ་འཚོ།། དེ་བས་གསོ་དཔྱད་ལ་དེ་ཉིད།། རྒྱུ་ཡི་གཙོ་བོ་ཡིན་ཞེས་བྱ་ཞེས་བཤད་དོ།། སྨན་ནི་རྫས་རྣམས་སོ།། ནད་གཡོག་ནི་བསྙེན་བཀུར་བྱེད་པའོ།། ནད་པ་ནི་ནད
་ཀྱིས་ཉམ་ཐག་པ་སྟེ། དེ་དག་ནི་སློབ་དཔོན་གྱིས་མདོར་བསྟན་པ་ཡིན་ནོ།། དེ་རྣམས་ཀྱི་ཡོན་ཏན་རྒྱས་པར་བཤད་པ་ནི། སྨན་པ་མཁས་སྟེགས་གཞུང་དོན་ཤེས།། ལས་རྣམས་མཐོང་ཞིང་གཙང་བ་ཡིན།། ཞེས་བྱ་བ་ཡིན་ཏེ། དེ་ལ་སྨན་པའི་ཡན་ལག་བཞི་ནི་མཁས་པ
་སྟེ། ལས་རྣམས་ལ་བྱང་བའོ།། སྟེགས་ནི་རང་གི་མཁན་པོའི་ལུང་གི་དོན་ཤེས་པ་ལས། བསྟན་བཅོས་ཀྱི་གཞུང་གི་དོན་ཤེས་ཤིང་ཁོང་དུ་ཆུད་པ་གང་ཡིན་པ་དེ་ནི་སྨན་པ་མཁས་སྟེགས་གཞུང་དོན་ཤེས་ཞེས་བྱ་བ་ཡིན་ཏེ། ལུང་བརྒྱུད་བ་ལས། བསྟན་བཅོས
་ཀྱི་དོན་རྟོགས་པ་ཐོབ་པའོ།། ལས་རྣམས་མཐོ་ཞིང་ཞེས་བྱ་བ་ནི། གང་གིས་གསོ་བའི་མཚན་ཉིད་ཅེས་བྱ་བའི་ལས་མང་པོ་མཐོང་བ་དེ་ནི། ལས་རྣམས་མཐོང་ཞིང་ཞེས་བྱ་བ་ཡིན་ཏེ། ལནམ་པ་ནིང་ནད་པ་གསོས་ཤིང་ལས་གོམས་པར་འགྱུར་བའོ།། གཙང་བ་ཞེས་བྱ་བ་ནི
་ལུས་དང་ངག་དང་ཡིད་ཀྱི་བྱ་བ་རྣམས་ལ་སྡིག་པའི་དྲི་མས་མ་གོས་པའོ།། སྨན་ཡང་རྣམ་པ་བཞི་སྟེ། དོ་ན་སྨན་ནི་ཆོ་ག་མང་པོ་དང་། ཡོན་ཏན་མང་ལྡན་ཕུན་ཚོགས་འཕྲོད་ཅེས་བྱ་བ་སྟེ། ང་ལ་སྨན་གང་ལ་ཆོ་ག་མང་པོ་ཡོད་པ་དེ་ནི་ཆོ་ག་མང་པོ་སྟེ། བཅུད་དབྱུང་ཞིང་བསྐོལ་བ་དང་།
་ཕྱེ་མ་ལ་སོགས་པར་བྱས་པས་ན་ནད་རྣམས་སེལ་ནུས་པ་སྟེ། ལན་ཚྭ་ལྟར་ཆོ་ག་གཅིག་ཡོད་པ་ནི་ཡིན་ཏེ། དེ་ནི་ཁ་ཅིག་པུའི་ནང་དུ་དགོས་པ་བྱེད་པ་ཡིན་ནོ།། ཡོན་ཏན་མོང་ལྡན་ཞེས་བྱ་བ་ནི་སེམས་ཅན་སྲེད་པ་ཐ་དད་པ་དག་ལ་ལྕི་བ་དང་། བརྟུལ་བ་ལ་སོགས་པའི་ཡོན
་ཏན་མང་པོ་ཡོད་པ་དེ་ནི་ཡོན་ཏན་མང་ལྡན་ནོ།། ཡང་ན་གང་ནང་དུ་མ་དག་གིས་ཚོགས་རྣམས་སེལ་བའི་ནུས་པ་དང་ལྡན་པའོ།། ཕུན་སུམ་ཚོགས་པ་ནི་ཕུན་སུམ་ཚོགས་པའི་ཡོན་ཏན་དང་ལྡན་པ་ཡིན་གྱིས། ཡོན་ཏན་མ་ཚང་བར་གྱུར་པ་མ་ཡིན་པ་སྟེ། ས་གཞི་བཟང་པོ
་ལས་སྐྱེས་པ་ལ་སོགས་པའོ།། དེ་ཡང་གཞུང་ལས། ས་ཕྱོགས་ཆ་མཉམ་བསྔགས་པ་ནི།། གཞི་མཉམ་ས་བཟང་གཙང་བ་དང་།། དུར་ཁྲོད་མཆོད་རྟེན་ཉེ་འཁོར་དང་།། གཡང་ས་གྲོགས་མཁར་རྣམས་སྤངས་པའོ།། ཞེས་བཤད་པའི་ས་གཞི་བཟང་པོ་ལས་སྐྱེས་པ་ལ
་སོགས་པའི་ཡོན་ཏན་དང་ལྡན་པའོ།། ཡང་ན་ལེགས་པར་སྨིན་ཅིང་སྦྱོར་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ།། འཕྲོད་པ་ནི་སྦྱོར་བར་འོས་པ་སྟེ། གང་གང་ལ་འཕྲོད་ཅིང་འོས་པ་དེ་དེ་ལ་སྦྱར་བའོ།། དེ་ཡང་ནད་དང་། ཡུལ་ཕྱོགས་དང་། དུས་དང་། གནོད་པ་དང་།
་གནོད་པར་བྱ་བ་དང་། ལུས་དང་ན་ཚེད་དང་། སྟོབས་ལ་སོགས་པ་ཤེས་པར་བྱས་ནས། སྦྱོར་ཞིང་སྟེར་བ་དག་ནད་པ་དང་། ནད་ཀྱི་ཚོགས་ལས་དཔགས་ཏེ། འཕྲོད་ཅིང་བོས་པ་དང་། ཕན་པར་གྱུར་པའོ།། ནད་གཡོག་གི་ཡོན་ཏན
་ཡང་རྣམ་པ་བཞི་སྟེ། ནད་གཡོག་རྗེས་བརྩེ་གཙང་སྦྲ་ཅན།། སྒྲིམ་ཞིང་བློ་དང་ལྡན་པ་ཡིན།། ཞེས་བྱ་བ་ཡིན་ཏེ། རྗེས་སུ་བརྩེ་བ་ཞེས་བྱ་བ་ནི་ནད་པ་ལ་བྱམས་ཤིང་དང་། གཙང་སྦྲ་ཅན་ནི་ལུས་དང་ངག་དང་ཡིད་ཀྱི་ལས་ངན་པས་མ་གོས་པའོ།། སྒྲིམ་པ་ནི་བྱ་བ་ཐམས་ཅད
་ལ་གཤོར་ཞིང་བརྩོན་པའོ།། བློ་དང་ལྡན་པ་ནི་བློ་གྲོས་ཁྱད་པར་ཅན་ཡོད་པ་སྟེ། མཁས་ཤིང་བྱུང་བ་ཞེས་བྱ་བའི་དོན་ཏོ།། ནད་པའི་ཡོན་ཏན་ཡང་རྣམ་པ་བཞི་སྟེ། ནད་པ་ཕྱུག་ཅིང་བསྒོ་བ་ཉན།། ཤེས་པར་ནུས་ཤིང་སྙིང་སྟོབས་ལྡན།། ཞེས་བྱ་བ་ཡིན་ཏེ། ཕྱུག་པ་ནོར
་དང་ལྡན་པའོ།། བསྒོ་བ་ཉན་པ་ནི་སྨན་པའི་དབང་དུ་གྱུར་ཅིང་བསྒོ་བ་ཉན་པའོ།། ཤེས་པར་ནུས་ཞེས་བྱ་བ་ནི་ཅི་ལས་གྱུར་པའི་ནད་ཀྱི་གཞི་ལ་སོགས་པ་ཤེས་པར་ནུས་པ་སྟེ། ན་བའི་ཟས་དང་སྤྱོད་པ་ལ་སོགས་པ་སྨན་པ་ལ་སོགས་བརྡ་སྤྲད་པར་ནུས་ཤིང་ཟས་དང་སྤྱོད
་བས་ཅི་ལྟར་གྱུར་པའི་ལོ་རྒྱུས་སྟོན་པར་ནུས་པའོ།། སྙིང་སྟོབས་ལྡན་པའི་སྨན་དང་བྱད་ཀྱིས་བྱ་བ་ལ་སེམས་ཞུམ་པ་མེད་ཅིང་ཕོག་དྷ་ཆེལ་བློ་བརྟན་པའོ།། ད་ནི་གསོ་སླབ་ལ་སོགས་པའི་ནད་རྣམ་པ་བཞིའི་མཚན་ཉིད་བཤད་པ་ནི། སྨན་ཀུན་བཟོད་པར་ནུས་པ
་སྲས།། སྐྱེས་ཐུ་གནོན་ཞིང་བདག་ཉིད་རྡུལ།། གནད་དུམ་སོང་སྐྱེ་སྔར་ཚུལ།། མཚན་ཉིད་ནུང་དང་གནོད་པ་མོད།། གནོད་བྱ་ཡུལ་དུས་རང་བཞིན་རྣམས།། མཚུངས་མེན་ཡན་ལག་ཕུན་སུམ་ཚོགས།། གཔའ་ནི་རྗེས་སུ་མཐུན་པ་ལ།། ཉེས་པ་ལམ་ཚིག་གས་པས
་སླ་ཞེས་བྱ་བ་ཡིན་ཏེ། སྨན་ཀུན་བཟོད་པར་ནུས་པའི་ལུས་ལ་ནད་སྐྱེད་པར་གྱུར་ན་གསོ་སླ་བ་ཞེས་བྱ་བ་སྟེ། གསོ་བའི་ཐབས་བདེ་ཞིང་སླ་བ་ཡིན་ནོ།། དེ་ཡང་གཞུང་ལས། གསོ་སླ་བ་ནི་ཐབས་བདེ་བ། ཅུང་ཟད་དུས་ཀྱིས་བསྒྲུབ་དུ་རུང་ཞེས་བཤད་པ་ཡིནོ།། དེ་ལ་ཀུན་བཟོད་པར
་ནུས་པའི་ལུས་ཞེས་པ་བི་ནི། གང་གིས་སྨན་ཐམས་ཅད་བཟོད་ཅིང་བསྙེན་པར་ནུས་པ་སྟེ། རྣོ་བ་དང་། བར་མ་དང་། འཇམ་པའི་ཚུལ་ཡུལ་སྣ་ཚོགས་ནས་སྐྱེས་པ་དང་། ཞི་བར་བྱ་བ་དང་། དེ་བཞིན་སྣང་བ་དང་། དུག་དང་ལན་ཚྭ་ལ་སོགས་པ་བསྟེན་པར་བཟོད་པའོ།། སྐྱེས་བུ་ཞེས
་སྨོས་པ་ནི་བུད་མེད་དག་མ་ཡིན་ཏེ། གང་གི་ཕྱིར་བུད་མེད་དག་ནི་རྟག་ཏུ་སྦྱར་ཞིང་བློ་དང་མི་ལྡན་པ་ཡིན་པས། ཇི་སྐད་བཤད་པའི་ནད་པའི་ཡོན་དང་མི་ལྡན་པ་ཡིན་པ་ལ། དེ་ནི་ཤིན་ཏུ་གཞོན་ཤ་ཅན་ཡིན་པས། སྨན་རྣོན་པོ་བསྟན་པར་མི་བཟོད་པ་ཡིན་ནོ།། གཞོན་ཞིང་ཞེས་བྱ་བ་ནི།།
་ལང་ཚོ་ལ་གནས་ཤིང་གཞོན་པ་ཉིད་ཅེས་བྱ་བའི་དོན་ཏོ།། བདག་ཉིད་ཐུལ་ཞེས་བྱ་བ་ནི། བརྐམ་ཞིང་ཆགས་པ་མ་ཡིན་པ་སྟེ། གང་གིས་ཡུལ་མངོན་པར་འདོད་པ་སྤངས་པས་བདག་ཉིད་ཐུལ་བའོ།། གནད་དུ་མ་སོང་ཞེས་བྱ་བ་ནི། གནད་ལ་མི་གནས་པ་སྟེ། གནད་ནི
་མགོ་དང་། སྙིང་ག་དང་། འདོམས་ལ་སོགས་པ་སྟེ། དེ་རྣམས་སུ་མ་སོང་ཞིང་། སྙིང་དང་ལྐོག་མ་ལ་སོགས་པར་ཤས་ཆེར་གནོད་མི་ནུས་པའོ།། རྒྱུ་སྔར་ཚུལ་མཚན་ཉིད་ཆུང་དང་ཞེས་བྱ་བ་ནི། རྒྱུ་དང་སྔར་གྱི་ཚུལ་དང་མཚན་ཉིད་དག་ནི། རྒྱུ་སྔར་ཚུལ་གྱི་མཚན་ཉིད་ཅེས་བྱ
་སྟེ། རྒྱུ་དང་སྔར་གྱི་ཚུལ་དང་། མཚན་ཉིད་དེ་དག་ཆུང་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། དེ་ལ་རྒྱུ་ནི་ནད་ཀྱི་གཞིའོ།། སྔར་གྱི་ཚུལ་ནི་སྔར་དང་པོ་བྱུང་བའི་ཚུལ་ལོ།། མཚན་ཉིད་ནི་རྟགས་ཀྱི་ཚུལ་ཏེ། དེ་དག་ཆུང་བ་གང་ཡིན་པ་གསོ་བ་ཡིན་ནོ། ནོད་པ་མེད་ཅེས་བྱ
་བ་ནི་གང་ལ་འཚེ་ཞིང་གནོད་པ་མེད་པ་དེ་ནི་གནོད་པ་མེད་པ་ཞེས་བྱ་སྟེ། འདི་ལྟར་སྔར་ནད་ཅིག་བསྐྱེད་པ་ལ། དེའི་འོ་ག་ཏུ་གང་ནད་གཞན་བླ་གཉེན་དུ་བྱུང་བ་ནི། དེའི་མཚན་ཉིད་མ་ཡིན་ཞིང་། གཙོ་བོ་མ་ཡིན་ལ། རང་གི་མཚན་ཉིད་ཇི་ལྟ་བ་བཞིན་མ་ཡིན་ཏེ། ནད་སྔ
་མ་དེ་སེལ་བར་བྱེད་པ་ལ་གནོད་པ་བྱེད་པ་ཡིན་ནོ།། དེ་ཡང་ལུ་ང་ལས། ནད་ཀྱི་སྟེང་དུ་ནད་གང་ཞིག། ཕྱིས་དུས་དག་ཏུ་འབྱུང་བ་དག། གསོ་བ་དག་ལ་གེགས་བྱེད་པ།། དེ་ནི་གནོད་པ་ཞེས་བཤད་དོ།། ཞེས་འབྱུང་བ་ནི་ཡིན་ཏེ་དེ་མེད་པ་ལ
་གནོད་པ་མེད་པ་ཞེས་བྱའོ།། གནོད་བྱ་ཡུལ་དུས་རང་བཞིན་རྣམས།། མཚུངས་མིན་ཞེས་བྱ་བ་ལ། གནོད་བྱ་དང་། ཡུལ་དང་། དུས་དང་། རང་བཞིན་རྣམས་དང་། གནོད་བྱ་ཡུལ་དུས་རང་བཞིན་རྣམས་ཞེས་བྱ་སྟེ། གང་གི་དེ་རྣམས་མཚུངས་པ་མ་ཡིན་པ་ནི
་མཚུངས་མིན་ནོ།། དེ་ལ་དེ་རྣམས་མཚུངས་པ་མ་ཡིན་པ་ནི། དཔེར་ན་གནོད་པར་བྱ་བ། རྐང་དང་ཚིལ་ལ་སོགས་པ་དང་། ཤིན་ཏུ་རྒྱུན་ཆེ་བའི་ཡུལ་དང་། གྲང་བའི་དུས་དང་། ནང་པའི་རླུང་གི་རང་བཞིན་དེ་ལ། མཁྲིས་པ་འཁྲུགས་པར་གྱུར་ན་གསོ་སླ་བ་ཡིན་ནོ།།
་གནོད་པར་བྱ་བ་མཚུངས་པ་མ་ཡིན་པ་ནི་དཔེར་ན་བད་ཀན་གྱིས་མཚན་ཉིད་གྲང་བས། ཁྲག་དྲོ་བ་གནོད་པ་ཡིན་ནོ།། ཡུལ་མཚུངས་པ་མི་ཡིན་པ་ནི། དཔེར་ན་རླན་ཅན་ཤིང་རྩི་མོད་པའི་ཡུལ་དུ་མཁྲིས་པ་སྐྱེས་པའོ།། དུས་མཚུངས་པ་མ་ཡིན་པ་ནི་དཔེར་ན་སྟོན་ཀའི་དུས
་སུ་བདཀན་སྐྱེས་པའོ།། རང་བཞིན་མཚུངས་པ་མ་ཡིན་པ་ནི་དཔེར་ན་མཁྲིས་པའི་རང་བཞིན་ཅན་ས། བ་ཀན་གྱི་ནད་སྐྱེས་པ་ལྟ་བུའོ།། འདིར་དྲིས་པ། གནོད་བྱ་དང་། ཡུལ་དང་། དུས་དང་། རང་བཞིན་རྣམས་མཚུངས་པ་མ་ཡིན་པ་ནི། གསོ་བར་དཀའ་བའམ་སྨྲ
་བར་བྱ་བ་ཡིན་གྱིས་གསོ་སླ་བ་མ་ཡིན་ཏེ། སྒོ་དུམ་ནས་གསོ་བ་ཙམ་དགོས་པ་ཡིན་པའི་ཕྱིར་ཏེ། འདི་ལྟར་གནོད་བྱ་ལ་སོགས་པ་འདྲ་བ་མ་ཡིན་པ་དག་ལ། ཕན་ཚུན་གསོ་བའི་རྩོམ་པ་གཞན་དང་གཞན་དག་ཀྱང་དགོས་ཀྱི། སྒོ་གཅིག་ནས་གསོ་བ་སླ་བ་ཡིན་ནོ
་ཞེ་ན། དེའི་ལན་བརྗོད་པར་བྱ་སྟེ། གནོད་བྱ་ལ་སོགས་པ་མཚུངས་པ་ནི་རང་བཞིན་སྟོབས་དང་ལྡན་པ་ཡིན་ཞིང་། རྩོམ་པ་ཆེ་བས་དཀའ་བ་འབྱུང་བས་དེ་གསོ་སླ་བ་མ་ཡིན་ནོ།། ལ་ལ་ནི་གནོད་བྱ་ལ་སོགས་པ་མཚུངས་སུ་ཟིན་ཡང་། གསོ་སླ་བ་དག་ནི་ཡོད་དོ།། དེ་ཡང་གཞུང
་ལས། རིམས་ལ་ཡུལ་དུས་མཚུངས་པ་དང་། གཅིན་འགག་གནོད་བྱ་མཉམ་པ་དང་། ཁྲག་གི་སྐྲན་ནི་རྙིང་པ་ཉིད།། གསོ་སླ་བ་ཡི་རྒྱུ་ཉིད་ཡིན།། 9། ས་བཤད་པ་ཡིན་ནོ།། ཡན་ལག་ཕུན་སུམ་ཚོགས་ཞེས་བྱ་བ་ནི། སྨན་ལ་སོགས་པའི་ཡན་ལག་བཞི་ཕུན་སུམ
་ཚོགས་པ་ནི་འབྱོར་པར་གྱུར་པ་སྟེ། ཡན་ལག་བཞི་པོ་དེ་ཡོངས་སུ་རྫོགས་པར་གྱུར་ན། ནད་གསོ་སླ་བར་འགྱུར་བའོ།། གཟའ་ནི་རྗེས་སུ་མཐུན་པ་དང་། ཞེས་བྱ་བ་ལ། གཟའ་ནི་ཉི་མ་ལ་སོགས་པ་སྟེ། དེ་དག་རྗེས་སུ་མཐུན་པ་ཞེས་བྱ་བ་ལ། སྐར་མའི་ཁྱིམ་རྗེས་སུ
་མཐུན་པ་ན་གནས་ཤིང་། གནས་བཟང་པོ་ན་གནས་པར་འགྱུར་ན་ཡང་ནད་གསོ་སླ་བ་ཡིན་ནོ།། ཉེས་པ་ལམ་གཅིག་ཅེས་བྱ་བ་ནི། ཉེས་པ་དང་ལམ་གཉིས་གཅིག་དང་ལྡན་པ་ནི། ཉེས་པ་ལམ་གཅིག་སྟེ། ཉེས་པ་ནི་རླུང་ལ་སོ་གས་པའོ།། ལམོ་ནི་གསུམ་སྟེ།
་འོག་ནས་བཤད་པའི་ཡན་ལག་གམ། ཡལ་ག་ལ་སོགས་པ་ནི་ཕྱི་དང་ནང་དང་བར་གྱི་དབྱེ་བས་སོ།། དེས་ན་གང་ཡང་རླུང་ལ་སོགས་པའི་ནང་ནས་གང་ཡང་རུང་བ་ཞིག་ལས་སྐྱེས་ཀྱི། གཉིས་སམ་གསུམ་ལས་མ་སྐྱེས་པ་དང་། དེ་བཞིན་དུ་ཕྱི་རོལ་ལམ་ནང་ངན་པར
་མ་སྟེ་ལམ་གཅིག་ལས་སྐྱེས་པ་ནི་གསོ་སླ་བ་ཡིན་ནོ།། གསར་པ་ཞེས་བྱ་བ་ནི་ནད་མ་རྙིངས་པ་སྟེ། སྐྱེས་ནས་རིང་པོ་མ་ལོན་པ་ཞེས་བྱ་བའི་དོན་ཏེ། གང་གི་ཕྱིར་ལོ་གཅིག་ཡོན་ཆད་འདས་པའི་ནད་ནི་གསོ་དཀའ་བ་ཡིན་ནོ།། དེ་ལྟར་ན་དེ་ལྟ་བུའི་ནང་ནི་གསོ་སླ་ཞིང
་གསོ་བའི་ཐབས་ནི་སླ་བ་ཉིད་ཡིན་ནོ།། གསོ་དཀའ་བའི་ནད་བཤད་པ་ནི། ནད་ཀྱི་མཚོན་སོགས་ཀྱིས་གདབ་ཅིང་། གསོ་བར་དཀའ་ཞིང་དེ་ལས་འདྲེས་ཞེས་བྱ་བ་ཡིན་ཏེ། ནད་གང་མཚོན་ལ་སོགས་པས་སྒྲུབ་ཅིང་གདབ་དགོས་པ་དེ
་ནི། གསོ་དཀའ་ཞིང་བཟློག་པར་དཀའ་བ་ཡིན་པས། ཐབས་མང་པོ་དང་ཡུན་རིང་པོས་གསོ་དགོས་པ་ཡིན་ནོ།། དེ་ཡང་གཞུང་ལས། གསོ་དཀའ་བ་ལ་དཀའ་བ་དང་། ཐབས་ནང་ཡུན་ནི་རིང་པོས་སོ།། ཞེས་བཤད་པ་ཡིན་ནོ།། གསོ་ལ་སོགས་པའི་སྒྲས་ནི། ནས
་ཚིགས་འཁུས་པའི་ཐལ་བས་བསྐུ་བ་དང་། མེ་གདབ་པ་དང་། དུག་གིས་བསྐུ་བ་ལ་སོགས་པ་བསྡུའོ།། དེ་ལ་འདྲེས་ཞེས་བྱ་བ་ལ། དེ་ལས་ཞེས་བྱ་བ་ནི་སྔར་བཤད་པའི་གསོ་རུང་བའི་མཚན་མ་ལས། མང་གང་འདྲེས་པ་ཞིག་བྱུང་ན། དེ་ཡང་གསོ་བར་དཀའ་བ
་ཡིན་ནོ།། དེ་ལ་དེ་ལས་འདྲེས་པའི་མཚན་ཉིད་ནི་སྔར་བཤད་པའི་གསོ་སླ་བའི་མཚན་ཉིད་ལས་འདྲེས་ཤིང་གཉིས་སམ་གསུམ་ཚོགས་པར་གནས་པ་སྟེ། དཔེར་ན་གཞོན་པ་ཡང་བདག་ཉིད་མཐུལ་བ་དང་། དབང་པོ་ཐུལ་བ་ཡིན་ཡང་། ནད་གནད་ཀྱི་གནས་སུ་སོང
་བ་དང་། སྨན་ཐམས་ཅད་བཟོད་པར་ནུས་པའི་ལུས་དང་ལྡན་པ་ཡང་རྒས་པ་དང་། གལ་ཏེ་གཞོན་དུ་ཟིན་ཀྱང་སྨན་ཐམས་ཅད་ཀྱིས་བཟོད་པར་མི་ནུས་པའོ།། དེ་ལྟར་ན་ཕྱོགས་འདིས་ཐམས་ཅད་ལས་བསྒྲེ་བར་བྱའོ།། གསོ་བ་ཙམ་དུ་བྱ་བ་བཤད་པ་ནི། ཚེ་ཡི
་ལྷག་མ་ལུས་ཕྱིར་འཚོ།། གོ་བཟློག་པ་ལ་གོམས་པ་ཉིད་ཅེས་བྱ་བ་ཡིན་ཏེ། ཕྱིན་ཅི་ལོག་རྣམ་པ་མང་པོས་བསྒྲུབ་པར་བྱ་བའི་གསོ་བའི་ཐབས་དང་། མི་མཐུན་པར་གྱུར་པ་ལ་ཚེའི་ལྷག་མ་ནི་མ་ཟད་པར་ནད་ཀྱིས་གཡོ་བར་མི་ནུས་པ་དག་ལ་ནི་ཁ་ཟས་དང་སྤྱོད
་ལམ་ཕན་པ་དག་གིས་རེ་ཞིག་གསོ་ཞིང་འཚོ་བ་ཙམ་དུ་བྱའི་དེ་ཡོངས་སུ་སྤུང་བར་ནི་མི་བྱ་བོ་འདི་དང་ཡོངས་སུ་སྤང་བར་བྱ་བའི་ནང་ཀྱི་ཁྱད་པར་ནི་འདི་ཙམ་ཞིག་ཡོད་དེ། འདི་ལ་ནི་ཚེའི་ལྷག་མ་ཙམ་ཞིག་ཡོད་པས། རེ་ཞིག་སྤང་བར་མི་བྱ་བ་ཡིན་གྱི། མཚན་ཉིད་གཞན་ཐམས
་ཅད་ནི་ཕལ་ཆེར་མཐུན་པ་ཡིན་ནོ།། གོ་བཟློག་ཅེས་བྱ་བ་གང་ཞིག་བཟློག་པ་ཡིན་ཞེ་ན། འདས་མ་ཐག་པའི་རང་བཞིན་གསོ་སླ་བ་གས་བཟློག་པའོ།། གོམས་པ་ནི་ཡང་དང་ཡང་དུ་བྱ་ཞིང་བསླབ་པ་སྟེ། དེ་བས་ན་ཕན་པའི་ཟས་དང་། སྤྱོད་ལམ་གྱིས་གསོ་བར་བྱའོ།། དེ
་ཡང་གསོ་བས་བདེ་བ་ཅུང་ཟད་ཅིག་སྐྱེད་ཅིང་། ཡང་རྒྱུ་ཅུང་ཟད་ཀྱིས་ནི་འཕེལ་བར་འགྱུར་རོ།། དེ་ཡང་བསྡུས་པ་ལས། བདེ་བ་ཅུང་ཟད་སྐྱེས་ནས་ནི།། ཅུང་ཟད་རྒྱུ་ནི་འཕེལ་འགྱུར་ཞིང་།། ནད་ཀྱི་ལྷག་མ་མེད་མི་འགྱུར།། ལས་སྐྱེས་ཚེ་ན་ངེས་པ་ཡིན།། ལྷུངས་པ་ལས་ནི
་འདུས་པ་ཡིན།། ནད་ལ་ཕན་པས་གཟུང་བར་བྱ།། ནི་ས་བཤད་པ་ཡིན་ནོ།། སྤང་བར་བྱ་བ་བཤད་པ་ནི།། འཆོས་པའི་ཐབས་མོད་ཉིད་དུ་འགྱུར།། ཤིན་ཏུ་ཕྱིན་ཅི་ལོག་པར་གཱ་ན་སཾ།། ཤིན་ཏུ་རྨོངས་དང་ཁྲོ་བར་བྱེད།། འཆི་ལྟས་སྣང་ཞིང་དབང་པོ་ཉམས།། ཞེས
་བྱ་བ་ཡིན་ཏེ། གང་ལ་བཅོས་ཤིང་གསོ་བོའི་ཐབས་མེད་པར་གྱུར་པ་དེ་ནི་བཅོས་པོའི་ཐབས་མེད་པ་སྟེ། སྤང་བར་བྱ་བའི་དོན་ཏོ།། བཅོས་པའི་ཐབས་མེད་པ་དེ་གང་ཞིག་ཡིན་ཞེ་ན། གང་ཤིན་ཏུ་ཕྱིན་ཅི་ལོག་ལོ་གནས་པ་ཞེས་བྱ་བ་ཡིན་ཏེ། ནང་གང་གསོ
་བོ་ཙམ་གྱིས་ཚུལ་ལས་ཀྱང་། ཤིན་ཏུ་ཕྱིན་ཅི་ལོག་པར་གནས་པ་སྟེ། བྱ་བའི་ལས་ཀྱི་ལམ་ཐམས་ཅད་ལས་འདས་ཤིང་། ནད་རྐང་དང་ཁུ་ཆུ་ལ་སོགས་པ་ལུས་ཟུངས་ཤིན་ཏུ་གཏིང་རིང་བར་ཞེན་པ་གནད་དང་ཚིགས་ཀྱི་ནང་དུ་ཞེན་པ་དེ་ནི་བཅོས་པའི་ཐབས
་མེད་ཅིང་གསོ་བར་མི་ནུས་པ་ཡིན་ནོ།། དེ་བཞིན་དུ་འདོད་པ་ལ་སོགས་པ་བྱེད་པ་ཡང་གསར་མི་རུང་བ་ཉིད་དེ། འདད་པ་ནི་ཡུལ་རྣམས་ལ་ལྷག་པར་ཆགས་ཤིང་ཞེན་པའོ།། རྨོངས་པ་ནི་སེམས་དང་བྲལ་ཞིང་དྲན་པ་ཉམས་ལ་མི་ཤེས་པར
་གྱུར་པའོ།། ཁྲོས་པ་ནི་གནས་དང་མལ་སྟན་ལ་སོགས་པ་གང་དུ་ཡང་མི་དགའ་ཞིང་སེམས་ལྡོག་པའོ།། བྱེད་པ་ཞེས་བྱ་བ་ནི་གང་ལ་དེ་དག་ལྟར་བྱང་བ་དེ་ཡང་བཅོས་པའི་ཐབས་མེད་པ་ཡིན་ནོ།། དེ་བཞིན་དུ་འཆི་ལྟས་སྣང་ཞིང་དབང་པོ་ཉམས་པ་ཡང་སྤང་བར་བྱ་བ
་ཡིན་ནོ།། དེ་ལ་འཆི་ལྟས་སྣང་བ་ནི། འཆི་བའི་མཚན་མ་སྣང་བའོ།། དབང་པོ་ཉམས་པ་ནི། མིག་ལ་སོགས་པའི་དབང་པོ་ཉམས་ཤིང་དབང་པོ་འགགས་པར་བྱེད་པའི་ནད་ཀྱང་བཅོས་པའི་ཐབས་མེད་པ་ཡིན་ཏེ། མྱུར་དུ་དབང་པོ་འཇོམས་པ་ཡིན་ནོ།། དེ་ལྟ་ན་དང་པོ་ནད་ཡོངས
་གུ་བརྟགས་ལ་གསོ་བ་བརྩམ་པར་བྱའི། གཞན་དུ་སྨིན་པའི་རང་གི་རང་དོན་ལ་སོགས་པ་ངེས་པར་ཉམས་པར་འགྱུར་རོ།། དེ་ཡང་གཞུང་ལས་དང་པོར་འདི་ལྟར་ནད་བརྟགས་ལ། དེ་ནས་ལས་ནི་བརྩམས་བྱ་ཡི།། གཞན་དུ་རང་དོན་རིག་པ་དང་།། གྲགས་པ་ཉམས་པ
་ཉིད་ཐོབ་འགྱུར་ཞེས་བཤད་པ་ཡིན་ནོ།། ནད་པ་བཅོས་པའི་ཐབས་ཡོད་པ་དག་ཀྱང་། སྤང་བར་བྱ་བ་དག་བཤད་པ་ནི། སྨན་པ་རྒྱལ་པོ་ལ་སྡང་དང་། དེ་དང་མི་མཛའ་སྡང་དང་།། ཡོ་བྱད་མི་འབྱོར་བྲེལ་པ་དང་།། ཉན་དུ་མི་འདོད་ཆེ་ཟད་དང་།། གཏུམ་ཤིང་མྱ་ངན་ལ་གནས
་འཇིགས།། བྱས་པ་མི་གཟོ་སྨན་བརྙས་སྤང་།། ཞེས་བྱ་བ་ཡིན་ཏེ། ནད་པ་དེ་ལྟ་བུ་ནི་གསོར་རུང་ཡང་སྤང་བར་བྱའོ།། སྨན་པ་རྒྱལ་པོ་ལ་སྡང་ཞིང་། ཞེས་བྱ་བ་ནི་སྨན་པ་དག་དང་རྒྱལ་པོ་སྟེ། ས་བདག་ལ་སྡང་བ་དང་། དེ་བཞིན་དུ་དེ་དང་མི་མཛའ་ཞེས་བྱ་བ། སྨན་པ་དང་རྒྱལ
་པོ་དག་ལ་སྡང་ཞིང་མི་མཛའ་བ་དེ་ཡང་སྤང་བར་བྱའོ།། སྤང་བ་དང་ཞེས་བྱ་བ་ནི་བདག་ཉིད་ལ་སྡང་ཞིང་དགར་བྱེད་པའོ།། ཡོ་བྱད་མི་འབྱོར་ཞེས་བྱ་བ་ནི་ཡོ་བྱད་མ་ཚང་བ་སྟེ།། ས་པའི་ཡན་ལག་དང་མ་ལྡན་པའོ།། བྲེལ་བ་ནི་བྱ་བ་མང་བ་སྟེ། བ་གཞན་པ་ལྟས་ཤང་། ཕས་གཞན
་ལ་སེམས་ཞེན་པའོ།། ཉན་དུ་མི་འཏུབ་པ་ནི་སྨིན་པའི་བསྒོ་བ་མི་བྱེད་པོ་གང་ཡིན་པ་དེ་ཡང་སྦྲེང་བར་བྱའོ།། ཆེ་ཟད་པ་ནི་འཚེ་བ་ཡོངས་སུ་ཟད་པའོ།། གཏུམ་པ་ནི་འཕྲལ་དུ་གནོད་པ་བྱེད་ཅིང་གདུག་པའི་ཆོས་ཅན་ནོ།། མྱ་ངན་ལས་གནས་པ་ནི་ཆུང་མ་ལ་སོགས་ཤི་བ་ལས་བྱུང་བའི
་མྱ་ངན་གྱིས་གཟིར་བའོ།། འཇིགས་པ་ནི་འཇིགས་པ་དང་བཅས་པའོ།། བྱས་པ་མི་གཟོ་བ་ནི་གང་ལ་ཡང་ཕན་པར་བྱས་སུ་ཟིན་ཀྱང་། གནོད་པ་བྱེད་པའོ།། སྨན་པ་ལ་བརྙས་པ་ནི་བདག་ཉིད་སྨན་པ་མ་ཡིན་དུ་ཟིན་ཀྱང་། སྨན་པ་ལྟ་བུར་འཆོས་ཤིང་རྨོངས་པས་རང་དགར
་སྨན་དུབྱད་བྱེད་པ་སྟེ་དེ་ཡང་སྤང་བར་བྱ་བའོ།། དེ་ལྟར་ལེའུ་དང་པོར་གཞུང་མ་ལུས་པའི་དོན་མདོར་བསྡུས་པ་བཤད་ནས། དེའི་འོག་ཏུ་བདེ་བླག་དུ་དྲན་པར་བྱ་བའི་ཕྱིར་ལེའུའི་གྲངས་ཀྱི་མདོར་བསྡུས་པ་བཤད་པ་ནི། དེ་ནས་གཞན་ཡང་རྒྱུང་འདི་ཡི།། ལེའུ་བསྡུས་པ་བཤད་བྱ་སྟེ
་ཞེས་བྱ་བ་ཡིན།། དེ་ནས་དེའི་འོག་ཏུ་བདེ་བར་བྱ་བའི་ཕྱིར་ལེའུ་བསྡུས་པ་བཤད་པའོ་ཞེས་བྱ་བར་སྦྱར་རོ།། རྒྱུད་ཅེས་བྱ་བ་འདིས་ཚེའི་རིག་བྱེད་ཀྱི་དོན་འཛིན་ཅིང་བསྡུས་པས་ན་རྒྱུད་དོ།། ལེའུ་བསྡུས་པ་ནི་ལེའུ་རྣམས་བསྡུས་ཤིང་ཕུང་པོ་གཅིག་ཏུ་བྱེད་པའོ།། དེ་དག་ཀྱང་གང་ཞིག
་ཡིན་ཞེ་ན། ཚེ་རིང་ཉིན་རེ་དུས་སྤྱོད་དང་།། ནད་མེད་བྱ་དང་བཏུང་བ་དང་།། ཟས་ཤེས་བྱ་དང་བཏུང་པོ་དང་།། ཟས་ཤེས་བྱ་དང་ཟས་བསྡམ་བྱ།། ཟས་ཚོད་སྨན་དང་རོ་ལ་གནས།། ནད་ཤེས་བྱ་དང་དེའི་དབྱེ་བ།། དེ་གསོ་བ་དང་གསོ་ཐབས་གཉིས།། སྦྱང་སོགས་སྣུམ་འཆོས
་ཁྲུས་བརྟ་བྱ།། སྨན་དུང་ཁར་དོར་མིག་བཀྲུ་དང་།། གསོ་དང་དབྱུང་ཐབས་ཟུག་རྔུ་མཚོན།། གཏར་དཔྱད་ཟུག་རྔུ་དབྱུང་བའི་དཔྱད།། མཚོན་དང་ཐལ་སྨན་མེ་བཙའི་ལས།། མདོ་གནས་ལེའུ་སུམ་ཅུ་ནི།། འདི་ཡིན་ཞེས་བྱ་བ་ལ། དེ་ལྟར་སྔར་བཤད་པའི
་ལེའུ་སུམ་ཅུས་ནི་མདོའི་གནས་བཤད་པ་ཡིན་ཏེ།། ཚེ་རིང་བར་འདོད་པ་དང་། ཉིན་རེ་དུས་སུ་སྤྱོད་པ་དང་། ཞེས་པ་གཉིས་པའི་མཚམས་སྦྱར་བར་བྱའོ།། དེས་ན་ཚེ་རིང་བར་འདོད་པ་དང་། ཉིན་རེ་དང་དུས་སུ་སྤྱོད་པ་དང་། ཉིན་རེའི་སྤྱོད་པ་དང་། དུས་ཀྱི་སྤྱོད་པ་དང་། ནད་མེད
་པར་བྱ་བ་དང་། བཏུང་བའི་རྫས་ཤེས་པར་བྱ་བ་དང་། ཟས་ཀྱི་རང་བཞིན་ཤེས་པར་བྱ་བ་དང་། ཟས་ལེགས་པར་བསྡམས་པར་བྱ་བ་དང་། ཟས་ཀྱི་ཚོད་ཟིན་པར་བཟའ་བ་དང་། སྨན་ལ་སོགས་པའི་རྫས་ཤེས་པར་བྱ་བ་དང་། རོ་རྣམས་ཤེས་པར་བྱ་བ་དང་། ནད་ལ་སོགས་པ་ཤེས་པར་བྱ་བ་དང
་ནད་དེའི་བྱེ་བྲག་ཤེས་པར་བྱ་བ་དང་། ནད་གསོ་བ་བསྟན་པ་དང་། གསོ་ཐབས་རྣམ་པ་གཉིས་དང་། སྦྱང་བ་ལ་སོགས་པའི་ཚོགས་བསྡུ་བ་དང་། སྣུམ་འཆོས་ཀྱི་དཔྱང་དང་། དུགས་ཀྱི་དཔྱད་དང་། སྨོན་དང་ཁྲུས་ཀྱི་དཔྱད་དང་། འདོམས་ཀྱི་དཔྱད་དང་། སྣ་ནོས
་བཏང་བའི་དཔྱད་དང་། སྨན་གྱི་དུང་པའི་དཔྱད་དང་། སྨན་ཁུས་མཁུར་བ་བཀང་ཞིང་དོར་བ་ལ་སོགས་པའི་དཔྱད་དང་། མིག་སྨན་བླག་སྟེ་མིག་ནད་བཀྲུ་བའི་དཔྱད་དང་། མིག་གསོ་ཞིང་ཚིམ་པར་བྱ་བའི་དཔྱད་དང་། སྨན་གྱི་ཕུར་མ་བཙོ་ཞིང་སྨན་ཁུས་མིག་བརྟ་པའི་ཆོ་ག
་དང་། མཚོན་གྱི་དུམ་བུ་ལུས་པ་དབྱུང་བའི་ཆོ་ག་དང་། གཏར་དཔྱད་ཀྱིས་དབུག་པའི་ཆོ་ག་དང་། མཚོན་གྱི་ལས་ཀྱི་ཆོ་ག་དང་། ཐལ་སྨན་ནོན་པོ་དང་། མེ་བཙའི་ལས་ཀྱི་ཆོ་གའོ།། འདི་དག་གིས་ནི་རྒྱུད་ཀྱི་དོན་མ་ལུས་པ་མདོར་བསྟན་པ་ཡིན་པས་ན་མདོའི་གནས
་ཏེ་རྒྱུད་མ་ལུས་པའི་མགོ་བོ་ལྟ་བུ་ཡིན་ནོ།། ད་ནི་ལུས་ཀྱི་བརྗོད་བྱ་སྟེ་ཞེས་བྱ་བ་ལ། ལུས་ཀྱི་ཞེས་བྱ་བ་ནི་ལུས་ཀྱི་གནས་སོ།། ཅི་ཞིག་བརྗོད་ཅེ་ན། ལེའུའི་བསྡུས་པའོ།། དེ་དག་ཀྱང་གང་ཞེ་ན། མངལ་དུ་འཇུག་དང་དེའི་ནང་དང་།། ཡན་ལག་གནད་ཀྱི་བྱེ་བྲག་དང་།།
་རྣམ་འགྱུར་བའི་ཆེན་ལས་བྱུང་དྲུག། ཅེས་བྱ་བ་ཡིན་ཏེ། དེ་ལ་ལུས་དེའི་མངལ་དུ་འཇུག་པ་དང་། དེའི་ནད་ནི་མངལ་དེའི་ནད་ཏེ། ལུས་ཀྱི་མངལ་འཇིག་པ་དང་། ལུས་ཀྱི་ཡན་ལག་གི་བྱེ་བྲག་དང་། ལུས་ཀྱི་གནད་ཀྱི་བྱེ་བྲག་དང་། ལུས་ཀྱི་རྣམ་པར་འགྱུར་བ་ཤེས
་པབར་བྱ་བ། ལུས་ཀྱི་བང་ཆེན་ལ་སོགས་ཤེས་པར་བྱ་སྟེ། དེ་ལྟར་ན་ལེའུ་དྲུག་པོ་དེ་དག་ནི་ལས་ཀྱི་གནས་ཡིན་ནོ།། དེ་ནས་ནད་གཞིའི་གནས་བཤད་པ་ནི། ནད་ཀུན་འབྱུང་བའི་ནད་གཞི་དང་། རིམས་འཁྲུག་དབུགས་མི་བདེ་གཅོད་སོགས།། ཆང་དང་གཞང
་འབྲུམ་ཚད་པའི་ནང་།། ཆུ་འགགས་གཅིན་ནི་སྙི་བ་དང་།། ཁོང་འབྲོས་དགུ་རྫིངས་དག་དང་ནི།། སྒྱུ་རྦབ་མ་ཛེ་ནད་རླུང་གིས་གཟིར།། དྲེག་ནད་དག་དང་བཅུ་དྲུག་ཡིན།། ཞེས་བྱ་བ་ཡིན་ཏེ། ནད་ཐམས་ཅད་ཀྱི་ནད་གཞི་དང་། རིམས་དང་མཁྲིས་པ་དང་། ལུང་པའི
་ནད་གཞི་དང་། དབུགས་མི་བདེ་བའི་ནད་གཞི་དང་། ཟད་བྱེད་ལ་སོགས་པའི་ནད་གཞི་དང་། ཆང་དྲགས་པ་ལ་སོགས་པའི་ནད་གཞི་དང་། གཞང་འབྲུམ་གྱི་ནད་གཞི་དང་། ཆད་པར་འཁྲུ་བའི་ནད་གཞི་དང་། གཅིན་འགགས་པའི་ནད་གཞི་དང་། གཅིན་བསྟི་བའི
་ནང་གཞི་དང་། ཁོང་འབྲས་དང་། སྐྲན་གྱི་ནད་གཞི་དང་། དམུ་རྫིངས་ཀྱི་ནད་གཞི་དང་། སྐྱ་རྦབ་དང་། བོར་ནད་དང་། མེ་དཔལ་ལ་སོགས་པའི་ནད་གཞི་དང་། མཛེ་ནད་དང་། ཤ་བཀྲ་དང་། སྲིན་བུའི་ནད་གཞི་དང་། རླུང་ནད་ཀྱི་ནད་གཞི་དང་། དྲེག་ནད་ཀྱི་ནད
་གཞི་སྟེ། དེ་ལྟར་ལེའུ་བཅུ་དྲུག་ནི་ནང་གཞིའི་གནས་ཡིན་ནོ།། གསོ་བ་བརྗོད་པར་བྱ་སྟེ། རིམས་ནད་གསོ་དང་ཁྲག་དང་ནི།། ལུད་པ་དབུགས་མི་བདེ་དང་གཅོང་།། སྨོན་དང་ཆང་དང་གཞང་འབྲུམ་དང་།། ཆང་ནད་པོ་བ་གཅིན་ནང་གཉིས།། ཁོང
་འབྲས་སྐན་དང་དམུ་རྫིང་དང་།། སྒྱུ་རྦ་བ་འོར་ནད་མེ་དཔེལ་དང་།། མཛེནད་ཤཱ་བཀྲ་རླུང་ན་དེ་དང་།། དྲེག་ནད་གསོ་བོའི་དཔྱད་རྣམས་ཏེ། ལེའུ་ཉི་ཤུ་གཉིས་འདི་ཡིན་ཞེས་བྱ་བ་ཡིན་ཏེ། གམ་པའི་ནད་ལེའུ་ཉི་ཤུ་རྩ་གཉིས་མེད་དོ།། དེ་ཡང་གང་ཡིན་ཞེ་ན། རིམས་ནང་གསོ
་དང་། ཁྲག་དང་མཁྲིས་པ་གསོ་བ་དང་། ལུད་པ་གསོ་བ་དང་། དབུགས་མི་བདེ་བ་གསོ་བ་དང་། གཅོང་ཆེན་པོའི་ནད་གསོ་བ་དང་། རྟག་ཏུ་སྨོན་པ་དང་། སྙིང་ནད་དང་། སྐོམ་དང་ལ་སོགས་པ་གསོ་བ་དང་། ཆང་ནད་གསོ་བ་དང་། གཞང་འབྲུམ་གསོ་བ་དང་། ཚད་པས་བ་ཁྲུ
་བ་གསོ་བ་དང་། ཕོ་བའི་ནད་གསོ་བ་དང་། གཅིན་འགགས་པའི་ནད་གསོ་བ་དང་། གཅིན་བསྙི་བ་གསོ་བ་དང་། ཁོང་འབྲས་འཕེལ་བ་གསོ་བ་དང་། སྐྲན་ནད་གསོ་བ་དང་། དམུ་རྫིང་གསོ་བ་དང་། སྐྱ་རྦབ་ཀྱི་ནད་གསོ་བ་དང་། འོར་ནད་གསོ་བ་དང་། མེ་དཔལ་གསོ་བ་དང་།
་མཛེ་ནད་གསོ་བ་དང་། ཤ་བཀྲ་གསོ་བ་དང་། སྲིན་ནད་གསོ་བ་དང་། རླུང་ནད་གསོ་བ་དང་། དྲེག་ནད་གསོ་བའི་དཔྱད་སྟེ། ཉི་ཤུ་རྩ་གཉིས་པོ་འདི་དག་ནི་གསོ་བའི་གནས་ཞེས་བྱའོ།། དེ་ལས་གཞན་ཡང་ཆོ་ག་གྲུབ།། སྐྱུག་སྨན་འཀྲུ་སྨན་ཆོ་ག་དང་།། དེ་གྲུབ་མས་བཏང་ཆོ་ག་དང་།
་མས་བཏང་ཉེས་གྲུབ་དྲུག་པ་ནི།། སྨན་ཡིན་ཞེས་བྱ་བ་ནི་འདི་ཡན་ཆད་ཆོག་གྲུབ་པའི་གནས་ཡིན་ཏེ། སྐྱུགས་སྨན་གྱི་ཆོ་ག་དང་། བཀྲུ་སྨན་གྱི་ཆོ་ག་དང་། སྐྱུག་སྨན་དང་བཀྲུ་སྨན་དེ་གྲུབ་པར་བྱ་བའི་ཆོ་ག་དང་། སྨན་མས་བཏང་བའི་ཆོ་ག་དང་། སྨན་མས་བཏང་བ
་ཉས་པ་གྲུབ་པ་ཚོཆོག་དང་། སྨན་གྱི་ཆག་ག།། དེ་ལྟར་ན་ལེའུ་དྲུག་ནི་ཚིག་གྲུབ་པའི་གནས་ཡིན་ནོ།། དེ་ནས་ཕྱི་མ་ཡིན། བྱིས་པ་ཉེར་སྤྱོད་དེ་ནད་དང་། དེའི་གདོན་འབྱུང་པོར་གཏོགས་པ་གཉིས།། སྒྲ་དང་བརྗེད་བྱེད་སོགས་གཉིས་གཉིས།། མིག་མུ་རྫི་མ་གྲ་མཚམས་དང་།། མིག
་འབྲས་རབ་རིབ་མཐོང་ཉམས་གསུམ།། གཉིས་གཉིས་ཀུན་ལ་འགྲོ་བ་ཡིན།། རྣ་ནང་སྣ་དང་ཁ་དང་མགོ། རྨ་དང་ཆག་གྲུགས་མཚན་པར་རྡོལ།། འབྲས་སོགས་ཕྲ་མོའི་ནད་རྣམས་དང་།། གསང་བའི་ནད་ནི་ཐ་དད་གཉིས།། དུག་དང་སྦྲུལ་དང་སྲིན་བུ་དུག། བྱི་བ་དང་ནི་བཅུད་ཀྱིས
་ལེན།། བུད་མེད་ས་བོན་གསོ་བ་སྟེ།། ལེའུ་བཞི་བཅུ་ཉིད་ཡིན་ནོ།། ཞེས་བྱ་བ་ལ། གྲུབ་པའི་གནས་མན་ཆད་ནི་ཕྱི་མ་ཞེས་བྱ་བ་སྟེ། རྒྱུད་ཕྱི་མ་ཡིན་པར་ཤེས་པར་བྱའོ།། བྱིས་པའི་ཉེ་བར་སྤྱོད་པ་ནི། བྱིས་པའི་ཉེ་བར་སྤྱོད་པར་བྱ་བ་གང་ཡིན་པ་དང་། དེའི་ནད་དང་། དེའི
་གདོན་དང་། འབྱུང་པོར་གཏོགས་པ་གཉིས་ཏེ། གདོན་གྱི་དམིགས་ཤེས་པར་བྱ་བ་དང་། གདོན་ནད་སེལ་པོར་བྱའོ།། སྐྱོ་བ་དང་བརྗོད་བྱེད་ལ་སོགས་པ་ལ་ཡང་གཉིས་གཉིས་ཏེ། སྤྲོ་བོའི་ནད་ཤེས་པར་བྱ་བ་དང་། རྫི་མ་དང་། སྨྱོ་ནད་བསལ་བ་དང་། བརྗེད་བྱེད
་ཀྱ་ནད་ཤེས་པར་བྱ་བ་དང་། བརྗིད་བྱེད་ཀྱི་ནད་པསལ་བར་བྱ་བ་དང་། རྫི་མ་དང་མིག་ཆུའི་ནད་ཤེས་པར་བྱ་བ་དང་། རྫི་མ་དང་མིག་ཆུའི་ནད་བསལ་བར་བྱ་བ་དང་། གྲཝ་མཚམས་ཀྱི་དཀར་བ་དང་། གནག་པའི་ནད་ཤེས་པར་བྱ་བ་དང་། གྲི་མཚམས་ཀྱི་དཀར་བ་དང་གནག
་པའི་ནཱད་བསལ་བའོ།། མིག་གི་འབྲས་བུའི་ནང་ཤེས་པར་བྱ་བ་དང་། རབ་རིབ་གསལ་བ་དང་། མཐོང་བ་མཉམ་པའི་ནང་གསལ་བ་དང་། མིག་ནད་སྣ་ཚོགས་ཤེས་པར་བྱ་བ་དང་། མིག་ནད་སྣ་ཚོགས་བསལ་བ་དང་། རྣ་ནད་ཤེས་པར་བྱ་བ་དང་། རྣ་ནད་བསལ་བ་དང
་སྣ་ནད་ཤེས་པར་བྱ་བ་དང་། སྣནད་བསལ་བ་དང་། ཁ་ནད་ཤེས་པར་བྱ་བ་དང་། ཁ་ནད་བསལ་བ་དང་། མགོནད་ཤེས་པར་བྱ་བ་དང་། མགོ་ནད་བསལ་བ་དང་། རྨ་རྙིང་བའི་ནད་ཤེས་པར་བྱ་བ་དང་། རྨ་རྙིང་པའི་ནད་བསལ་བ་དང་། རྨས་པ
་བསོ་བ་དང་། རྐང་ལག་ཆག་གྲུགས་སུ་གྱུར་པ་གསོ་བ་དང་མཚན་པར་བརྡོལ་བའི་ནད་གསོ་བ་དང་། འབྲས་དང་། ཐོར་བུ་དང་། རྐང་འབམ་དང་། ཟད་བྱེད་དང་། རྩ་སྦུབས་ཤེས་པར་བྱ་བ་དང་། འབྲས་དང་ཐོར་བུ་ལ་སོགས་པའི་ནད་གསོ་བ་དང་། འབྲུམ་བུ་ཕྲ་མོའི་ནད་ཤེས་པར
་བྱ་བ་དང་། འབྲུམ་བུ་ཕྲ་མོའི་ནད་གསོ་བ་དང་། གསང་བའི་གནས་ཀྱི་ནད་ཤེས་པར་བྱ་བ་དང་། གསང་བའི་གནས་ཀྱི་ནད་གསོ་བ་དང་། དུག་སྣ་ཚོགས་ཀྱི་དམིགས་བརྟག་པ་དང་། དུག་གསོ་བའི་ཆོ་ག་དང་། སྦྲུལ་གདུག་པས་ཟིན་པའི་ནད་གསོ་བ་དང་། སྲིན་བུ་གདུག་པས
་ཟིན་པའི་ནད་གསོ་བ་དང་། བྱི་བ་དང་བུས་པ་ལ་སོགས་པས་ཟིན་པའི་ནད་གསོ་བ་དང་། བཅུད་ཀྱིས་ལེན་པ་དང་། ས་བོན་འཕེལ་ཞིང་རོ་ཙ་བར་བྱེད་པ་སྟེ། དེ་ལྟར་ལེའུ་བཞི་བཅུ་ནི་རྒྱུད་ཕྱི་མ་ཡིན་ནོ།། དེའི་ནད་དང་། དེའི་གདོན་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་བྱིས་པ་ལ་བསྙེགས
་པ་ཡིན་ནོ།། གཉིས་གཉིས་ཞེས་བྱ་བ་ནི། མིག་གི་མཆུ་གཉིས་དང་། གྲཝ་མཚམས་གཉིས་སོ།། གསུམ་ཞེས་བྱ་བ་ནི་མིག་འབྲས་དང་། རབ་རིབ་དང་། མཐོང་བ་ཉམས་པ་གསུམ་པོ་ནི་རེ་རེ་ཞིང་རེ་རེའོ།། དེ་ལ་རབ་རིབ་ནི་ཅུང་ཟད་མི་གསལ་བའོ།། མཐོང་བ་ཉམས་པ་ནི
་སྤྲིན་ལྟ་བུས་ཁེབས་པའོ།། གཉིས་གཉིས་ཞེས་བྱ་བ་ནི། མིག་ནད་སྣ་ཚོགས་ནས། རྨའི་བར་དུ་ཡིན་པར་ཤེས་པར་བྱའོ།། རྐང་ལག་ཆག་གྲུགས་དང་། མཚན་པར་བརྡོལ་བ་ནི་རེ་རེའོ།། འབྲས་ལ་སོགས་པ་དང་། གསང་བའི་ནད་དང་། འབྲུམ་བུ་ཕྲ་མོའི་ནད་ནི་སོ་སོ་ཞིང
་གཉིས་གཉིས་སོ།། བུ་མེད་པ་ནི་རབས་ཆད་པའི་སྐྱེས་བུ་སྟེ། དེའི་ས་བོན་གསོ་ཞིང་། ཁུ་བ་འཕེལ་བར་བྱ་བ་ནི། ལེའུ་བཞི་བཅུ་པ་ཡིན་ནོ།། དེ་ལྟར་ལེའུ་བརྒྱ་ཉི་ཤུ་གན་ས་ནི་དྲུག་ཏུ་བཤད་པ་ཡིན་ཞེས་བྱ་བ་ལ། དེ་ལྟར་ཞེས་བྱ་བ་རྣམ་པ་འདིས་ན། ལེའུ་བརྒྱ་ཉི་ཤུ་ཡད
་པ་ཡིན་ནོ།། གནས་དྲུག་ཅེས་བྱ་བ་ནི། མདོ་དང་ལུས་དང་། ནད་གཞི་དང་། གསོ་བ་དང་། ཆོ་ག་གྲུབ་པ་དང་། རྒྱུད་ཕྱི་མའོ།། བཤད་པ་ཡིན་ཞེས་བྱ་བ་ནི། བསྟན་པ་ཡིན་ཞེས་པའི་དོན་ཏོ།། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ཞེས་བྱ་བའི་མདོའི་གནས་ལས་རྣམ་པར
་འགྲེལ་པ། ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས། ལེའུ་དང་པོའི་འགྲེལ་པའོ།། ། དེ་ནས་ཉིན་རེ་ཞིང་སྤྱད་པའི་ལེའུ་བཤད་པར་བྱའོ་ཞེས་བྱ་བ་ལ། དེ་ནས་ཞེས་པ་ནི་ལེའུ་ཐམས་ཅད་ལ་བཀྲ
་ཤིས་པའི་དོན་ཡིན་པའམ། དེ་བཞིན་དུ་དེ་མ་ཐག་པ་དང་། བརྩོམ་པ་དང་རྗེས་སུ་འབྲེལ་བ་ཡིན་ནོ།། དེ་ནས་ཞེས་བྱ་བ་ལ་སོགས་པའི་སྒྲ་ལེའུ་སྔ་མར་དོན་བཤད་ཟིན་མོད་ཀྱི། བཀྲ་ཤིས་པའི་དོན་དུ་སློབ་དཔོན་གྱིས་ལེའུ་རེ་རེའི་རྩོམ་པ་ལ་བཀྲ་ཤིས་པར་བྱ་བའི
་ཕྱིར། དེ་ནས་ཞེས་བྱ་བའི་སྒྲ་ནི་སྨོས་པ་ཡིན་ནོ།། ཉི་མ་རེ་རེ་ཞིང་བྱ་བའི་སྤྱོད་པ་ཡིན་པས་ན། ཉིན་རེ་ཞིང་སྤྱད་པར་བྱ་བ་འམ། ཉིན་མོ་སྤྱོད་པ་ཡིན་པས་ན། ཉིན་རེའི་སྤྱོད་པ་སྟེ། འཇིག་རྟེན་གཉི་ག་ལ་ཕན་པར་བྱ་བའི་ཟས་དང་། སྤྱོད་ལམ་གྱི་སྤྱོད་པ་སྤྱོད་པར་བྱེད་པ་སྟེ།
་ཉི་མ་རེ་རེ་ཞིང་གང་ཞིག་བྱ་བའི་ལེའུ་དེ་བཤད་པར་བྱའོ་ཞེས་པའོ།། ཚེ་རིང་བར་འདོད་པའི་ལེའུའི། རྗེས་ཐོགས་སུ་འདི་བཤད་པའི་འབྲེལ་པ་གང་ཡིན་ཞེ་ན། དེ་བརྗོད་པར་བྱ་སྟེ། གང་གི་ཕྱིར་ཚེ་རིང་བར་འདོད་པའི་སྐྱེས་བུས། གཙོ་ཆར་ཚེ་ལ་ཕོན་པ་གོང་ཡིན་པ་དེ་དང་པོར
་ཀུན་ཏུ་བསྟེན་པར་བྱ་བ་འམ། དེའི་རྗེས་ལ་ནི་ཕན་པ་གཞན་གང་དག་ཡོད་པ་བསྟེན་པར་བྱ་བ་ཡིན་ནོ།། དེ་བས་ན་དང་པོ་རེ་ཞིག་ཀུན་ཏུ་སྤྱོད་པ་གཙོར་གཟུང་བར་བྱའོ།། དེ་ཡང་གང་གི་ཕྱིར་ཀུན་ཏུ་སྤྱོད་པ་ལས། ཚེ་རིང་འཐོབ་པར་འགྱུར་བས་ན་ཀུན་ཏུ
་སྤྱོད་པ་ཡིན་ནོ།། གང་འདིར་མཚན་མོའི་སྤྱོད་པ་དག་ཀྱང་བཤད་མོད་ཀྱི། འོན་ཀྱང་གཙོ་བོར་གྱུར་པས། ལེའུ་འདི་ལས་ཉིན་མོའི་སྤྱོད་པ་བསྟན་པ་ཡིན་ནོ།། དེ་བསོ་ན་འདི་ལས་ནི་ཉིན་རེའི་སྤྱོད་པ་ཞེས་བཤད་དོ།། གཞུང་འདི་ལས་ནི། ཚེ་བསྐྱེད་པའི་རང་བཞིན་ཅན་སྟོན་ལ། དེ་ཡང
་རྣམ་པ་གཉིས་ཏེ། ཐ་མལ་པར་བདེ་བར་གནས་པའི་འཇུག་པ་དང་། ནད་པའི་འཇུག་པའོ།། དེ་ལ་བཀྲ་ཤིས་པའི་ཕྱིར་དང་། སྨྲ་བར་བྱ་བ་ཅུང་ཟད་ཅིག་ཡོད་པའི་ཕྱིར་དང་། ནད་པ་ལ་ཡང་དགོས་པའི་ཕྱིར། ཐ་མལ་པར་བདེ་བའི་གནས་པར་འཇུག་པ་ཉིད་ཐོག
་མར་བཤད་པ་ཡིན་ཏེ། བདེར་གནས་ཚེ་ནི་བསྲུང་བའི་ཕྱིར། ཡུད་ཙམ་ཚངས་ཕྱིར་གནས་ཏེ་ལངས་ཞེས་བྱ་བ་ལ། བདེ་བར་གནས་ཤིང་ནད་མེད་ལ་དགེ་བ་དེས་ནི། ཚད་ཇི་ཙམ་དུ་འོངས་པའི་སྲོག་བསྲུངས་པོའི་ཕྱིར་ཚངས་པའི་ཡུད་ཙམ་ལྡང་ཞིང་ལངས་པར་བྱའོ།། དེ་ལ
་ཡུད་ཙམ་ནི་ཆུ་ཚོད་གཉིས་སོ།། ཚངས་པའི་མྱ་ངན་ལས་འདས་པ་ལ་བྱའོ།། དེའི་དོན་དུ་འདོན་པ་སོགས་པ་ཡང་ཚངས་པ་ཞེས་བྱའོ།། དེ་བྱ་བ་དང་ཚངས་པའི་ཡུད་ཙམ་ནི། ཡུད་ཙམ་ཚངས་ཕྱིར་ཏེ། ཐུན་ཐ་མའི་ཆུ་ཚད་གཉིས་སོ།། འདི་ནི་བདེ་བར་གནས་པའི་དབང་དུ་བྱས་པ
་ཡིན་པར་ཤེས་པར་བྱའོ།། ལངས་ནས་ཅི་ཞིག་ལ་བརྟེན་པར་བྱ་ཞེ་ན། དེའི་ཕྱིར་བཤད་པ་ནི། ལུས་ཀྱི་བྱ་བ་རྫོགས་བྱས་ནས།། དེ་ནས་གཙང་སྦྲའི་ཆོ་ག་བྱ།། ཨརྐ་ནྱ་གྲོ་དྷ་སེང་ལྡེང་།། ཀཽ་རཉྫ་ཀ་ཀུ་ལད་སོགས།། བསྐ་དང་ཚ་དང་ཁ་བ་དག། རྩེ་འཇམ་ནང་པར
་ཟས་སྤྱད་ནས།། སོ་དང་རྙིལ་ལ་མ་གནོད་པར།། སོ་ཡི་དག་བྱེད་བཅའ་བར་བྱ།། ཞེས་བྱ་བ་ཡིན་ཏེ། ལུས་ཀྱི་བྱ་བ་རྫོགས་བྱས་ནས་ཞེས་བྱ་བ་ནི། བཤད་པ་དང་། གཅི་བ་དོར་བ་ལ་སོགས་པའི་མཚན་ཉིད་ཅན་ཏེ། རྣམ་གྲངས་གཞན་དུ་ན་ངེས་པར་བྱ་བ་བྱས་ནས། དེ་ནས་དེའི་འོག
་ཙོང་སྒྲའི་ཆོ་ག་བྱས་ལ།། སོ་དག་པར་བྱེད་པའི་སོ་ཤིང་བཅའ་བར་བྱའོ།། དེ་ནི་ནད་པར་ཏེ་ཐོ་རངས་དང་། ཟས་སྤྲོད་དེ་ཟས་ཟོས་ཟིན་ནས་བཅའ་ལ། དེ་ཡང་རྩེ་མོ་འཇམ་པ་སྟེ། བིར་ལྟ་བུར་གྱུར་པ་ཙམ་དུ་བཅས་ལ་བྱའོ།། དེ་བཞིན་དུ་བསྐ་བ་དང་། ཚོ་བ་དང་། ཁ་བའི་ཞེས་བྱ་བ
་ཡིན་ཏེ། རོ་དེ་དག་ལྟ་བུ་དག་གོ། དེ་ཡང་གང་ཞིག་ཅེ་ན། ཨརྐ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ།། སོགས་པའི་སྒྲས་ནི། ཤིང་སངྒ་དང་། ཨ་རི་མེ་དོ་དང་། ཨ་བ་མརྒ་དང་། ཛཱ་ཏིའི་ཤིང་ལ་སོགས་པ་ཡོངས་སུ་བསྡུའོ།། དེ་ཡང་སོ་དང་རྙིལ་ལ་མ་གནོད་ཅིང་། མ་གཙེས་པར
་བཅའ་བར་བྱའོ།། ཅི་ཐམས་ཅད་ཀྱིས་བཅའ་བར་བྱ་བ་འམ། འོན་ཏེ་འགའ་ཞིག་གིས་ཤེ་ན། དེའི་ཕྱིར་བཤད་པ་ནི། མ་ཞུ་སློན་གྲོ་དབུགས་མི་བདེ། ལུང་པ་ལུ་རིམས་ཁ་ཡོན་ཅན།། སྐོམ་ཞིང་ཁ་སྐམ་སྙིང་མིག་རྣ།། མགོ་བོ་ན་བས་དེ་མི་བཅའ།། སོ་ཤིང་དེ་ནི་འདི་དག་གིས་བཅའ་བར
་མི་བྱའོ།། གང་གིས་ཤེ་ན། མ་ཞུ་བ་སྟེ། ཁ་ཟས་མ་ཞུ་བ་དང་། སྨྱོན་དྲོ་ཞིང་སྐྱུགས་དང་། དབུགས་མི་བདེ་བ་ལ་སོགས་པ། འོག་ནས་བཤད་པའི་མཚན་ཉིད་དང་ལྡན་པའོ།། ཅན་ཞེས་བྱ་བ་ནི་ཐམས་ཅད་ལ་སྦྱར་ཏེ། གང་ལ་མ་ཞུ་བ་ཡོད་པ་དེ་ནི་མ་གུ་བ་ཅན་ནོ།། དེ་བཞིན་དུ
་གཞན་དག་ལ་ཡང་སྦྱར་རོ།། ཁ་ཡོ་བ་ནི་ཁའི་ཕྱེད་རླུང་གིས་ཡོན་པོར་གྱུར་པའོ།། ན་བ་ཞེས་བྱ་བ་ནི་སྐོམ་པ་ལ་སོགས་པ་ཀུན་དང་སྦྱར་ཏེ། དེས་ན་སྐོམ་དད་ཅན་དང་། ཁ་སྐམས་པའི་ནོད་ཅན་དང་། སྙིང་ནད་ཅན་དང་། མིག་ནད་ཅན་དང་། རྣ་ནད་ཅན་དང་། མགོ་བོ་ན་བ་དག
་གིས་སོ་ཤིང་བཅའ་བ་དེ་སྤང་བར་བྱའོ།། སོ་ཤིང་བཅའ་བའི་འོག་ཏུ་མིག་སྨན་བྱ་སྟེ། དེའི་ཕྱིར་བཤད་པ་ནི། རྟག་ཏུ་མིག་སྨན་སྐྱེར་ཁཎྜ་པས། མིག་ལ་ཕན་པས་དེ་ཕྱིར་བསྟེན། ཞེས་བྱ་བ་ཡིན་ཏེ། རྟག་བར་དུས་ཐམས་ཅད་དུ་རྒྱུན་དུ
་ནང་པར་དགོངས་ཀ་མིག་གཉིས་སུ་སྐྱེར་ཁཎྜ་བཅུག་པ་ནི་ཕན་ཞིང་བདེ་བར་བྱེད་པ་ཡིན་ནོ།། དེ་བས་ན་དེའི་ཕྱིར་བསྟེན་ཅིང་གོམས་པར་བྱའོ།། ཅི་དུས་ཐམས་ཅད་དུ་དེ་ཉིད་བསྟེན་པར་བྱ་བ་ཡིན་ནམ་ཞེ་ན། དེའི་ཕྱིར་བཤད་པ་ནི། དེ་ནི་མེ་ཡི་རང་བཞིན་ཏེ།། ལྷག་པར་བད་ཀན
་ལ་འཇིགས་པས།། མཆི་མ་འཛག་ཕྱིར་སྐྱེར་ཁཎྜ།། ཞག་བདུན་ཞིང་ནི་བླག་པར་བྱ།། ཞེས་བྱ་བ་ཡིན་ཏེ། གང་གི་ཕྱིར་མིག་དེ་ནི་མེའི་རང་བཞིན་ཅན་ནམ། ཚུལ་ཅན་ཡིན་པའི་ཕྱིར་བས། དེའི་ཕྱིར་འདིར་དབང་པོ་རྣམས་ནི་འབྱུང་བ་ལྔའི་བདག་ཉིད་ཅན་ཡིན་པར་ཕལ་ཆེར
་བཤད་ལ། མིག་དེ་ནི་རླུང་ལ་སོགས་པ་པོས་ཁྱད་པར་དུ་བད་ཀན་ལས་ལྷག་པར་འཇིགས་པ་ཡིན་ཞིང་བརྟན་པ་ཡིན་ལ། དེ་དག་ཕན་ཚུན་མི་མཐུན་པ་ཡིན་ལ། དེ་བས་ན་བད་ཀན་དབྱུང་ཞིང་འཛག་པར་བྱ་བའི་ཕྱིར། ཞག་བདུན་བདུན་འདས་པ་དང་། སྐྱེར་ཁཎྜ་བླུག་པར
་བྱ་ཞིང་བསྟེན་པར་བྱའོ།། དེ་ནས་སྣར་བླུག་པ་ལ་སོགས་པ་བྱ་དགོས་ཏེ། དེའི་ཕྱིར་འདིའི་འོག་ཏུ་སྣ་སྨན་བཤད་པ་ཡིན་ནོ།། དེ་ཡང་བསྡུས་པ་ལས། མིག་སྨན་སྣ་སྨན་ཁར་བཞག་དོར།། དུད་པ་བརྔུབ་པར་བྱ་བ་དང་།། དུ་བ་སོ་རྩི་དོར་བ་ཡིས།། རིམ་གྱིས་བད་ཀན་རླུང
་ལས་རྒྱས་ཞེས་བཤད་པ་ཡིན་པས་ན་འདིར་དེ་ནས་སྣ་སྨན་མཁུར་བཀང་དོར།། དུད་པ་སོ་རྩི་བསྟེན་པར་བྱ།། ཞེས་སྨོས་པ་ཡིན་ཏེ། དེ་ནས་ཞེས་བྱ་བ་ལ་མིག་སྨན་གྱི་རྗེས་ཐོགས་ལ། མིས་སྣ་སྨན་ལ་སོགས་པ་བསྟེན་པར་བྱའོ།། སྣ་སྨན་ནི་སྣ་ནས་བཏང་བའི་སྨན
་ནོ།། མཁུར་བཀང་འདོར་བ་ནི། སྨན་གྱི་ཁུ་བ་བསྐོལ་བ་ལ་སོགས་པས། མཁུར་བ་བཀང་སྟེ་ཅུང་ཟད་བཞག་ལ་འདོར་བའོ།། དུ་བ་ནི་འོག་ནས་བཤད་པའི་མཚན་ཉིད་ཅན་གྱི་སྦྱོར་བའོ།། སོ་རྩི་ཏསྠུ་ལ་ནི་གྲགས་པར་ཟད་དོ།། དེ་དག་ཀྱང་ཅི་ཐམས་ཅད་ཀྱིས་བསྟེན་པར་བྱ
་བའམ། འོན་ཏེ་ལ་ལ་ཞིག་གིས་བསྟེན་པར་བྱ་ཞེ་ན། དེའི་ཕྱིར་སྨྲས་པ་ནི། སོ་རྩེ་གློ་འགྲམས་མཁྲིས་པ་ཁྲག། རྩུབ་པས་མིག་ནི་ན་བ་དང་། དུག་གིས་བརྒྱལ་ཞིང་ཆང་ནད་གི་ཟོར།། ལུས་སྐེམ་གྱུར་ལ་གནོད་པ་ཡིན་ཞེས་བྱ་བ་སྨོས་པ་ཡིན་ཏེ། མཁྲིས་པ་དང་ཁྲག་གིས
་གནོད་པར་གྱུར་པའམ། ལུས་སྐེམ་པོར་གྱུར་པ་ལ། སོ་རྩི་ཏམྦ་ལ་དེ་གནོད་པ་ཡིན་ནོ།། དེ་ལ་གློ་བགྲམས་པ་ནི་གླེ་བརྡོལ་བའོ།། མཁྲིས་པ་ཁྲག་ནི་མཁྲིས་པ་ལས་གྱུར་པའི་ཁྲག་གོ། རྩུབ་པའི་རྒྱུས་གང་གི་མིག་གི་གནོད་ཅིང་ན་བར་གྱུར་པ་དེ་ནི་རྩུབ་པས་མིག་ནི་ན་བ
་དང་ཞེས་བྱའོ།། ཡང་ན་རྩུབ་པར་གྱུར་པ་དང་། མིག་ན་བར་གྱུར་པའོ།། དུག་ནི་ཁ་ལྐུགས་པ་ལ་སོགས་པའོ།། བརྒྱལ་བ་ནི་འབོག་པའོ།། ཆང་ནད་ཀྱིས་གཟིར་བ་ནི་ཆང་གིས་གནོད་པར་གྱུར་པ་སྟེ། འོག་ནས་བཤད་པའོ།། ལུས་སྐེམས་གྱུར་པ་ནི་གཅོང་ཆེན་པོས་ཐེབས
་པ་སྟེ། འདི་དག་ལ་ནི་གནོད་པ་ཡིན་ནོ།། སྣར་བླུག་པ་ལ་སོགས་པ་བྱས་ནས། བསྐུ་བྱུག་བྱ་བ་ཡིན་པས་ན། དེ་ཕྱིར་སྨྲས་པ་ནི། རྟག་ཏུ་བསྐུ་བྱུག་སྤྱོད་བྱེད་ན།། དེ་ནི་རྒས་ངལ་རླུང་འཇོམས་ཡིན།། མིག་གསལ་ལུས་རྒྱས་ཚེ་འཕེལ་ཞིང་།། གཉིད་འོང་པགས་འཇམ
་རྟས་བྱེད་ཡིན་ཞེས་བྱ་བ་ཡིན་ཏེ། རྟག་པར་དུས་ཐམས་ཅད་དུ་བསྐུ་བྱུག་ལ་སྤྱད་པར་བྱའོ།། ཅིའི་ཕྱིར་ཞེ་ན། བསྐུ་བྱུག་དེ་ནི་རྒས་པ་དང་། ངལ་བ་དང་། རླུང་འཇོམས་པ་ཡིན་པ་དང་། དེ་བཞིན་དུ་མིག་གསལ་ཞིང་དངས་པར་བྱེད་པ་དང་། ལུས་རྒྱས་ཤིང་འཕེལ
་བ་དང་། ཚེ་ཤིན་ཏུ་འཕེལ་བར་བྱེད་པ་དང་། གཉིད་ལེགས་པར་ལོགས་པར་གྱུར་པ་དང་། པགས་པ་ཤིན་ཏུ་འཇམ་ཞིང་མདོག་གསལ་བ་ཉིད་དང་། བརྟས་པ་སྟེ། བརྟན་པ་ཉིད་ཀྱིས་ལས་རྣམས་ནུས་པར་བྱེད་པ་ཡིན་ནོ།། དེ་ནི་མགོ
་དང་རྣ་བ་དང་། རྐང་པར་ཁྱད་པར་དག་ཏུ་བསྟེན་ཅེས་བྱ་བ་ནི། བསྐུ་བྱུག་བྱ་སྟེ། མགོ་བོ་ལ་སོགས་པས་ཁྱ་པར་དུ་བསྟེན་ཅིང་གོམས་པར་བྱའོ།། གང་གིས་སྤང་བར་བྱ་ཞེ་ན། བད་ཀན་སྐྱེས་དང་མ་ཞུ་དང་། བཀྲུ་སྨན་སོགས་བཏང་བསྐུ་བྱུག་སྤང་ཞེས་བྱ་བ
་སྟེ། བད་ཀན་གྱིས་གཟིར་ཞིང་སྐྱེས་པ་ལ་སོགས་པས་སྤང་བར་བྱ་ཞིང་བསྟེན་པར་མི་བྱའོ།། དེ་ཡང་བད་ཀནནཽ་སྐྱེས་པ་ནི། བད་ཀན་གྱིས་གཟིར་ཅིང་གནོད་པར་གྱུར་པ་སྟེ། སྐྱེས་པ་སྨོས་པ་ནི་གཟིར་བར་གྱུར་པར་བསྟན་པའི་ཕྱིར་རོ།། མ་ཞུ་བ་ནི་ཟས་ཀྱི་ལྷག་མ་མ
་ཞུ་བར་གྱུར་པའོ།། བཀྲུ་སྨན་སོགས་བཏང་ཞེས་བྱ་བ་ནི། བཀྲུ་སྨན་དང་སྐྱུགས་སྨན་ལ་སོགས་པ་བྱས་པ་སྟེ། ལུས་སྦྱངས་ནས་དུས་ཡུ་ན་རིང་མ་ལེན་པར་ངེས་བསྐུ་བྱུག་བསྟེན་པར་མི་བྱའོ།། བསྐུ་བྱུག་བྱས་ནས་ལུས་ཀྱིས་རྩོལ་བ་ལ་བརྟེན་པར་བྱ་བ
་ཡིན་པས། དེའི་ཕྱིར་བཤད་པ་ནི་ཡང་ཞིང་ལས་ནི་ནུས་པ་དང་། མེ་ཡི་དྲོད་པའི་སྐྱེད་ཚིལ་འབྲི་ལ།། ལུས་ཀྱི་སྐབས་ཕྱེད་མཁྲེགས་པ་ཉིད།། རྩོལ་བ་ལས་ནི་འབྱུང་བར་འགྱུར།། ཞེས་བྱ་བ་ཡིན་ཏེ། ལུས་དུབ་པར་བྱེད་པའི་ལས་ལ་ནི་རྩོལ་བ་ཞེས་བྱའོ།། དེ
་བས་ན་རྩོལ་བ་བསྟེན་པ་ལས་ནི་ཡང་བ་ལ་སོགས་པ་ཉེ་བར་འབྱུང་བར་འགྱུར་རོ།། དེ་ལ་ཡང་བ་ནི་ལུ་ས་ཀྱི་ཁོང་ཡང་བ་ཉིད་དོ།། ལས་ནུས་པ་ནི་བརྟན་པ་ཉིད་དོ།། མེའི་དྲོད་བསྐྱོད་པ་ནི་འཇུ་བའི་མེ་དྲོད་བསྐྱེད་པའོ།། ལུས་ཟུངས་ཀྱི་ཚིལ་འབྲི་བ་ནི་ཆུང་བར
་ལུས་ཀྱི་སྐབས་བྱེད་པ་ནི་ལུས་ཀྱི་སྟོད་སླད་ཀྱི་ཆ་ཕྱེད་པར་གནས་པའོ།། མཁྲེགས་པ་ནི་མི་ལྷོད་ཅིང་གྲིམས་ལ་བརྟན་པ་སྟེ། དེ་ལྟ་བུའི་ལུས་ཀྱི་ཡན་ལག་གང་ཡིན་པ་དེ་ནི། ལུས་ཀྱི་སྐབས་ཕྱེད་མཁྲེགས་པ་ཞེས་བྱའོ།། དེ་ལྟ་བུའི་རང་བཞིན་ཅན
་ཉིད་དུ་འགྱུར་བ་ནི། ལུས་ཀྱི་གནས་སྐབས་བྱེད་མཁྲིགས་པ་ཉི་དོ་ཅེས་བྱའོ།། དེ་ཀུན་གྱིས་ཀྱང་བྱ་བ་འམ་སྟི་མ་ཡིན་ཞེ་ན། དེའི་ཕྱིར་རླུང་མཁྲིས་ནད་ཅན་ཕྱིས་པ་དང་། རྒས་ཤིང་འཁོགས་པ་དེ་སྤང་བྱ། ཞེས་བྱ་བ་སྨོས་ཏེ་རླུང་དང་མཁྲིས་པའི་ནད་ཀྱིས་གཟིར
་བ་དང་། བྱིས་པ་དང་། རྒན་པོས་རྩོལ་བ་དེ་སྤང་ཞིང་དོར་བར་བྱའོ།། དེ་ལ་ནུ་ང་ནད་ཅན་ནི་རླུང་གི་ནད་ཀྱིས་ཉན་པའོ།། མཁྲིས་ནད་ཅན་ནི་མཁྲིས་པས་ལྡན་པའོ།། ཐ་དད་པ་སྨོས་པ་ལས་ན། རླུང་དང་མཁྲིས་པ་གཉིས་ཀ་སྨོས་པས་ཀྱང་སྤང་བར་ཤེས་པར་བྱའོ།།
་ནན་པོ་ན་ལ་དུན་ནུ་ཡན་ཆད་ཡིན་པར་ཤེས་པར་བྱའོ།། གཞན་ཡང་ཇི་ལྟར་བསྟེན་པར་བྱ་ཞེ་ན། སྟོབས་ལྡན་སྣ་མ་བག་ཟ་བ་དང་།། གྲང་བའི་དུས་དང་དཔྱིད་དུས་དང་།། ནུས་ལྡན་དག་གིས་དེ་བསྟེན་བྱ།། དེ་ལས་གཞན་ཚེ་ངལ་བ་ཉིད་ཅེས་བྱ་བ་རྩོལ་བ་དེ་ཡང་སྐྱེས
་བུ་སྟོབས་ལྡན་པ་དང་། ཟས་སྣུམ་བག་ཅན་ཟ་བ་དང་། གྲང་བའི་དུས་ཏེ། དགུན་སྟོང་དང་། དགུན་སྨད་དང་། དཔྱིད་ཀྱི་དུས་དང་། ནུས་ལྡན་དག་གིས་ཞེས་པ། ཇི་སྲིད་ཤིན་ཏུ་ནུབ་པར་མ་གྱུར་པ་དེ་སྲིད་ཀྱི་བར་བྱའོ།། དེ་ལས་གཞན་ཚེ་ཞེས་བྱ་བ་ནི། དེ་ལས་དུས
་གཞན་པའི་ཚེ་སྟེ། སོ་ག་དང་། དབྱར་དང་། སྟོན་གྱི་ཚེ་ནི། དལ་བ་ཉིད་དེ། རན་ཅིང་ཅུང་ཟད་ཙམ་ཉིད་བསྟེན་པར་བྱའོ།། དེ་བྱས་ཅི་བདེར་ལུས་ངག་ནི།། ཀུན་ནས་ཡོངས་སུ་མཉེ་བར་བྱ།། རྩོལ་བ་དེ་བྱས་ཟིན་ནས་ནི།། བདེ་བར་ལུས་ཀུན་གནས་པར་བྱ་ཞེས་བྱ་བ
་ལ་རྐང་པ་ནས་མགོ་བོའི་བར་ཐམས་ཅད་དུ། རྐང་པས་དལ་གྱི་ཡོངས་སུ་མཉེ་བར་བྱའོ།། ཤིན་ཏུ་རྩོལ་དྭགས་ལུད་པ་དང་།། སྐོམ་དང་གློ་གཅོང་མི་དྲན་མུན།། ཁྲག་དང་མཁྲིས་རྒྱས་ངལ་དང་དུབ།། རིམས་དང་སྨོན་པ་དབྱུང་བར་འགྱུར།། ཞེས་བྱ་བ
་ནི། ཇི་སྐད་དུ་བཤད་པའི་ཚད་ལས་འདུས་ཤིང་རྩོལ་བའི་ཤུགས་ཧ་ཅང་དྲགས་པར་བསྟེན་པ་ནི། སྐོམ་དད་ཆེ་བ་ལ་སོགས་པ་འབྱུང་བར་འགྱུར་རོ།། དེ་ལ་སྐོམ་པ་ནི་སྐོམ་དད་ཆེ་བའོ།། གཅོང་ཆེན་པོ་ནི་ཟད་བྱེད་དོ།། མི་དྲན་མུན་ཞེས་བྱ་བ་ནི། མི་དྲན་ཞིང་མུན་པར་ཞུགས་པ་སྙམ
་སེམས་པའོ།། ངལ་བ་ནི་སྐྱོ་བའོ།། དུབ་པ་ནི་ན་པའོ།། རིམས་དང་སྨོན་པ་ནི་རླུང་ལས་བྱུང་བའོ།། གཞན་དག་ནི་དྲགས་པར་ཟད་དོ།། འདིར་ཞར་ལ་དགྲག་པར་བྱ་བ་གཞན་དག་ཀྱང་བཤད་པ་ནི། རྩོལ་བ་མི་ཉལ་ལམ་བུད་མེད།། རྒད་དང་སྨྲ་སོགས་ཤུགས་འབྱིན་པ།། སེང་གེས་གླང་པོ
་དྲངས་པ་བཞིན།། ཤིན་ཏུ་དྲགས་པས་མ་རུངས་འགྱུར་ཞེས་བྱ་བ་ཡིན་ཏེ། རྩོལ་བ་ལ་སོགས་ཧ་ཅང་དྲགས་པར་བརྟེན་ཅིང་སྤྱོད་པར་གྱུར་པའི་སྐྱེས་བུ་ནི་མ་རུངས་པར་འགྱུར་རོ།། དེ་ནི་དཔེར་ན་སེང་གེ་རྣམ་པར་གནོན་པ་དང་ལྡན་ཡང་ཤིན་ཏུ་སྟོབས་ཆུང་བས། སྟོབས་ཤིན་ཏུ་ཆེ
་བབའི་གླང་པོ་ཆེ་དྲངས་ཤིང་འདྲེན་པ་ན། རང་ཉིད་རྐེད་པ་འཆད་པར་འགྱུར་ཏེ། གང་གི་ཕྱིར་སེང་གེ་ཤིན་ཏུ་བརྟན་པ་དང་ལྡན་པ་ཡིན་མོད་ཀྱི། འོན་ཀྱང་གླང་པོ་ཆེ་གནས་ན་གནས་དྲངས་ནས་ཁྱེར་བར་ག་ལ་ནུས་ཏེ། གླང་པོ་ཆེ་ཁྱེར་བ་ཉིད་ན་སྲོག་དང་འབྲལ་བར་འགྱུར་རོ།། དེ་བཞིན་དུ་མི
་ཡང་གཞུང་འབྲེལ་པ་ལ་སོགས་པའི་རྩོལ་བ་ཧ་ཅང་དྲགས་པས་མ་རུངས་ཞིང་འཇིགས་པར་འགྱུར་རོ།། རྩོལ་བའི་འོག་ཏུ་སྐ་བའི་རྫས་དག་གིས་བྱུགས་ཤིང་དྲིལ་བར་བྱས་པ་ཡིན་ཏོ། དེ་བས་ན་དེའི་ཡོན་ཏན་སྨྲས་པ་ནི། དྲིལ་ཕྱིས་བད་ཀན་སེལ་བ་དང་།། ཚིལ་ནི་རབ་ཏུ་ཞུ
་བྱེད་ཅིང་།། ཡན་ལག་བརྟན་པར་བྱེད་པ་དང་།། པགས་པ་གསལ་བར་བྱེད་པའི་མཆོག་ཅེས་བྱ་བ་ཡིན་ཏེ། དྲིལ་ཕྱིས་ནི་བད་ཀན་སེལ་ཞིང་འཇོམས་པར་འགྱུར་རོ།། ཞེས་བྱ་བ་ནི་ཚིག་གི་ལྷག་མའོ།། ཚིལ་ནི་ལུས་ཟུངས་ཏེ། དེ་ཞུ་བར་བྱེད་པ་ནི་མེ་ལྟར་ཞུ་བར་བྱེད་པའོ།། ཡན
་ལག་རྣམས་བརྟན་པར་བྱེད་པ་ནི། མགོ་བོ་དང་རྐང་པ་ལ་སོགས་པ་བརྟན་པར་བྱེད་ཅིང་རྟས་པར་བྱེད་པའོ།། དེ་བཞིན་དུ་པགས་པ་ཤིན་ཏུ་གསལ་བར་བྱེད་པའི་མཆོག་ཀྱང་ཡིན་ཏེ། པགས་པ་གསལ་ཞིང་དྲི་མ་མེད་པར་བྱེད་པའི་དོན་ཏོ།། དེ་ལྟར་ལུས་དྲིལ་ནས། ཁྲུས
་བྱས་པ་ཡིན་པས། དེའི་ཕྱིར་སྨྲས་པ་ནི། ཁྲུས་ནི་དྲོད་བསྐྱེད་རོ་ཙ་དང་།། ཚེ་དངས་མདངས་དང་སྟོབས་རབ་བསྐྱེད།། གཡའ་དང་དྲི་མ་ངལ་དང་རྡུལ།། སྙོམ་སྐོམ་ལུས་ཚ་མི་ཤེས་སེལ་ཞེས་བྱ་བ་ཡིན་ཏེ། ཁྲུས་ནི་དྲོད་བསྐྱེད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་ཞིང་། གཡའ
་བ་ལ་སོགས་པ་སེལ་བ་ཡིན་ནོ།། དེ་ལས་ཁྲུས་བྱས་པས་དྲོད་བསྐྱེད་པ་ནི་དངོས་པོའི་ཆོས་ཉིད་ཡིན་ནོ།། ཕོ་བོའི་མེ་དྲོད་གང་ཡིན་པ།། བ་སྤུའི་བུ་ག་རྣམས་ལས་ཕྱི་རོལ་ཏུ་འབྱུང་བར་བྱེད་པ་ཡིན་ལ། དེ་ཁྲུས་ཀྱིས་རེག་པ་ཁྱད་པར་གྲང་བའི་རང་བཞིན་གྱིས་བ་སྤུའི་བུ་ག་བཀག
་བས་དྲོད་ནང་དུ་ཞུགས་ཏེ། ཕེཾ་བའི་མེ་དྲོད་སྐྱེད་པ་ཡིན་ཏེ། དཔེར་ན་དགུན་གྱི་དུས་སུ་རླུང་གྲང་མོའི་རེག་པས། བ་སྤུའི་བུ་ག་བཀག་པས་ལུས་ཀྱི་མེ་ཕྱི་རོལ་ཏུ་མི་འབྱུང་བས། མེ་དྲོད་རྣམ་པར་འཕེལ་བ་ལྟ་བུ་ཡིན་ནོ།། རོ་ཙ་བ་ནི་ཁུ་བ་འཕེལ་བར་བྱེད་པའོ།། ཚེ་ནི
་ཚེ་ལ་ཕན་པའོ།། མདངས་ནི་གཟི་མདངས་དང་ལྡན་པར་གྱུར་པའོ།། སྟོབས་ནི་ནུས་པ་སྟེ་རབ་ཏུ་སྐྱེད་པར་བྱེད་པའོ།། གཡའ་བ་ལ་སོགས་པའང་སེལ་བ་དང་། སྙོམས་པ་ནི་གཉིད་ཀྱིས་འཐིབ་པར་གྱུར་པ་སྟེ། དེ་ཡང་ལུང་ལས། གཉིད་ཀྱིས་ཉེན་པས་ཡུལ་འཛིན
་པར་མི་ནུས་པ་ནི་སྣོམ་པའོ།། མི་ཤེས་པ་ནི་སྡིག་པ་སྟེ། དེ་སེལ་བར་བྱའོ་ཞེས་བཤད་པ་ཡིན་ནོ།། ཆུ་དྲོན་གྱིས་ནི་ལུས་ཀྱི་སྨད།། བླུགས་ཤིང་བཀྲུས་ལ་སྟོབས་སྐྱེད་ཡིན།། དེ་ཉིད་མགོར་བླུགས་ཁྲུས་བྱས་ན།། སྐྲ་དང་མིག་གི་སྟོབས་འཕྲོག་ཡིན།།
་ཞེས་བྱ་བ་ནི། ཆུ་དྲོན་གང་ཡིན་པས་རོ་སྨད་བཀྲུས་ཤིང་བླུགས་པ་དེ་ནི་སྟོབས་བསྐྱེད་ཅིང་། སྟོབས་ཐོབ་པར་བྱེད་པ་ཡིན་ཏེ། ལུས་ཀྱི་སྨད་དེ་ཉིད་ཀྱིས་རང་བཞིན་དེ་ཉིད་ཡིན་པའི་ཕྱིར་རོ།། ཆུ་དྲོན་མོ་དེ་ཉིད་ཀྱི་མགོ་བོར་བླུགས་ཤིང་ཁྲུས་བྱས་པ་ནི། སྐྲ་དང་མིག་གི་སྟོབས་འཕྲོག་ཅིང
་གནོད་པ་ཡིན་ནོ།། ཁྲུས་ནི་འགྲམ་ཆགས་མིག་ནད་དང་།། རྣ་བའི་ནང་དང་ཚང་བ་འོཁྲུ། ལྟོ་སྤོས་ཆམ་པ་མ་ཞུ་དང་།། ཟོས་མ་ཐག་པ་རྣམས་ལ་སྨང་།། ཅེས་པ་བ་དང་། ཡང་ཁྲུས་ནི་འགྲམ་པ་ལ་ཆགས་པའི་ནད་ཀྱིས་ཉེན་པ་རྣམས་ལ་སྨད་ཅིང་སྤང་བར་བྱ་བ་ཡིན་ནོ།། འགྲམ་ཆགས་ཞེས
་བྱ་བ་ནི། རླུང་གི་ནད་དེ་འོག་ནས་བཤད་པའི་མཚན་ཉིད་དང་ལྡན་པའོ།། སྤྲོས་པ་ནི་རླུང་གིས་ལྟོ་བ་གང་ཞིག་སྤྲོས་པར་གྱུར་པའོ།། ཙམ་པ་ནི་སྣ་ནས་འཛག་པའོ།། མ་གུ་བ་ནི་ཟས་མི་འཇུ་བ་དང་། ཐོག་མ་དང་། ཚ་བ་སྐྱེ་བའི་ཁྱད་པར་གྱིས་མནག་མ་བྱ།། ཞེས་བྱ་བ་ལ་སོགས་པ་ཡིན་ཏེ།
་རྣམ་པ་གསུམ་ཡིན་ནོ།། ཁྲུས་བྱས་ནས་ཟས་ལ་སྤྱད་པར་བྱ་བ་ཡིན་པས། དེའི་ཕྱིར་སྨྲས་པ་ནི། ཞུ་ནས་ཕན་ཞིང་རན་པར་བཟའ།། བཤད་སོགས་ནན་གྱིས་མནག་མི་བྱ།། ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཁ་ཟས་ཞུ་བ་ནི་ལེགས་པར་ཞུ་བར་གྱུར་པ་སྟེ། དེའི་ཁ་ཟས་གྱུར་པའོ།། །
་བན་པ་ནི་གནོད་པ་མེད་པའོ།། རིན་པ་ནི་ཟས་ཀྱི་ཚོད་ཟིན་པར་བཟའ་ཞིང་སྤྱད་པར་བྱ་བའོ།། བཤད་སོགས་ནི་བཤད་པ་དང་གཅི་བ་ལ་སོགས་པ་སྟེ། དེ་ནར་གྱིས་ཞེས་པ་སྟོབས་ཀྱིས་མནག་པར་མི་བྱའི་ཡོངས་སུ་དོར་བར་བྱའོ།། ཞུ་ནས་ཕན་ཞིང་རན་པར་བཟའ།། བཤང་སོགས་ནན
་གྱིས་མནག་མི་བྱ།། ཤུགས་མ་ཕྱུང་བར་གཞན་མི་བྱ།། གནོད་ལས་མི་བདེ་བར་མ་ཡིན་ཞེས་བྱ་བ་ནི་རླུང་དང་བཤད་པ་དང་གཅི་བའི་ཤུགས་འབྱུང་བར་གནས་ན། དེ་མི་དབྱུང་བར་གཞན་ལ་བརྩམ་པར་མི་བྱ་སྟེ། གང་གི་ཕྱིར་ཤུགས་བཀག་པས་ནི། ནད་རྣམས་འབྱུང
་བར་འགྱུར་རོ།། གནོད་པ་བྱ་སྟེ། བསྒྲུབ་པར་བྱ་བའི་མཚན་ཉིད་དང་ལྡན་པའི་ནད་ལས་མ་རྒྱལ་ཞིང་། དེ་གསོ་བས་བདེ་བར་མ་བྱས་པར་ཡང་བྱ་བ་གཞན་མི་བྱའོ།། གང་གི་ཕྱིར་གསོར་རུང་བའི་ནད་བཏང་སྙོམས་སུ་བྱས་ན་གསོར་མི་རུང་བ་ཉིད་དུ་འགྱུར་རོ།། དེ་ཡང་འདིར་གཞན
་དག་ལས།། གསོ་མིན་གསོ་བྱ་ཉིད་མི་འགྱུར།། གསོ་བྱ་གསོ་དཀའ་བ་ཉིད་འགྱུར།། གསོ་བྱད་ལས་ཞན་ལས་ཀྱིས་ནི།། ནད་གཞི་གནས་སྐབས་གཞན་དུ་འགྱུར་ཞེས་བྱ་བ་ཡིན་ནོ།། སེམས་ཅན་ཐམས་ཅད་བདེ་འདོད་ཕྱིར།། རྩོམ་པས་ཀུན་ལ་འཇུག་པར་འདོད།། བདེ་བ
་ཆོས་མེད་པར་མ་ཡིན།། བདེ་བས་ཆོས་ལ་བརྩོན་པར་བྱ།། ཞེས་བྱ་བ་ནི། སེམས་ཅན་ཐམས་ཅད་དེ། སྲོག་ཆགས་ཀུན་གྱི་རྩོལ་བའི་བྱ་བ་མ་ལུས་པ་ཀུན་ནི་བདེ་བ་འདོད་ཅིང་བསྒྲུབ་པར་བྱ་བའི་ཕྱིར་བྱེད་པར་འདོད་པ་ཡིན་ནོ།། བདེ་བ་ཞེས་བྱ་བ་ནི་སྡུག་བསྔལ་དང་བྲལ་བའོ།།
་དེ་ནི་ཆོས་མེད་པར་མ་ཡིན་ཞེས་བྱ་བ་ནི། ཆོས་མེད་ཅིང་ཆོས་སྤངས་ལ། ཆོས་ལས་གཞན་པ་སྤྱད་པ་ལས་འབྱུང་བར་མི་འགྱུར་རོ།། རྒྱུ་དེ་བས་ན་ཆོས་གཙོ་བོར་བྱ་ཞིང་ཆོས་ལ་བརྩོན་པར་བྱའོ།། དེས་ནི་འདི་སྐད་སྟོན་པར་འགྱུར་ཏེ། བྱ་བ་ལ་སོགས་པས་རྩོམ་པ་གང
་དང་གང་བྱེད་པ་དེ་དང་དེ་ནི། ཆོས་གཙོ་བོར་བྱས་ནས་བྱའོ་ཞེས་བྱ་བའི་དོན་ཏོ།། མོས་པས་དགེ་བོའི་བཤེས་གཉེན་བསྟེན།། ཅིག་ཤོས་རིང་དུ་སྤང་བར་བྱའོ་ཞེས་བྱ་བ་ལ། མོས་པས་ཞེས་བྱ་བ་ནི། ལུས་ངག་དང་། ཡིད་ཀུན་ཏུ་འདོད་པས། དགེ་བའི་བཤེས
་གཉེན་ཞེས་བྱ་བ། མཐོ་རིས་དང་ཐར་པའི་གྲོགས་བཤེས་སུ་གྱུར་ཅིང་། ཡེ་ཤེས་ལ་སོགས་པ་སྟོན་པར་བྱེད་པ་སྟེ། དེ་འབད་པས་བསྙེན་བཀུར་དུ་བྱའོ།། ཅིག་ཤོས་རིང་དུ་སྤང་བར་བྱ་ཞེས་བྱ་བ་ནི། དགེ་བའི་བཤེས
་གཉེན་ལས་བལྟོས་པའི་ཅིག་ཤོས་སྡིག་པའི་བྱ་བ་བྱེད་པ་སྟེ། དེ་ནི་སྤང་བར་བྱའོ།། འཚེ་དང་རྐུ་དང་འདོད་ལོག་སྤྱོད།། ཕྲ་མ་དག་རྩུབ་བརྫུན་ཚིག་དང་།། མི་འབྲེལ་སྨྲ་དང་གནོད་སེམས་དང་།། བརྣབ་སེམས་ལྟ་བ་ཕྱིན་ཅི་ལོག། དེ་ལྟར་སྡིག་པའི་ལས་རྣམས་བཅུ།།
་ལུས་ངག་ཡིད་ཀྱིས་སྤང་བར་བྱའོ།། དེ་ལ་འཚེ་བ་ནི་སྲོག་ཆགས་རྣམས་འཇོམས་པ་སྟེ་གསོད་པའོ།། རྐུ་བ་ནི་གཞན་གྱི་རྫས་འཕྲོག་ཅིང་རྐུ་བའོ།། འདོད་པ་ལ་ལོག་པར་སྤྱོད་པ་ནི། བགྲོད་པར་བྱ་བ་མ་ཡིན་པ་ལ་སོད་པ་སྟེ། དེ་ལྟར་ན་ལུས་ཀྱི་རྣམ་པ་གསུམ་མོ།། པྲ
་མ་ནི་གཞན་གྱི་ཉེས་པ་སྒྲོག་པར་བྱེད་པའོ།། དག་རྩུབ་པོ་ནི་ཚིག་མི་བཟད་པར་རྣོ་བའམ། གཞན་གྱི་གནད་ལ་འབེབས་པའོ།། རྫུན་ཚིག་ནི་མི་བདེན་པ་སྨྲ་བའོ།། མི་འབྲེལ་བར་སྨྲ་བ་ནི། ལོག་པར་སྨྲ་ཞིང་དགོས་པ་མེད་པར་སྨྲ་བ་སྟེ། དེ་ལྟར་ན་ངག་གི་རྣམ་པ་བཞིའོ།། །
་གནོད་སེམས་ནི་སེམས་ཅན་རྣམས་ལ་རྣམ་པར་སྡང་བའོ།། བརྣབ་སེམས་ནི་མི་རིགས་པར་གཞན་གྱི་རྫས་ལ་རེག་པའོ།། ལྟ་བ་ཕྱིན་ཅི་ལོག་ནི་ལོག་པར་ལྟ་བ་སྟེ། བསྟན་བཅོས་ལས་བཤད་པའི་ལྟ་བ་ལས། ཕྱིན་ཅི་ལོག་ཏུ་གྱུར་པའི་མེད་པར་ལྟ་བ་ཉིད་དོ།། སྦྱིན
་པ་མེད་དེ། སྦྱིན་སྲེག་མེད་དོ།། འཇིག་རྟེན་འདི་མེད་དོ།། འཇིག་རྟེན་ཕ་རོལ་མེད་དོ།། ཞེས་བྱ་བ་དེ་ལྟ་བུ་ནི་ལྟ་བ་ཕྱིན་ཅི་ལོག་སྟེ། ཡིད་ཀྱི་རྣམ་པ་གསུམ་མོ།། ཕོངས་པ་ནད་པ་མྱ་ངན་གཟིར།། ཅི་ནུས་པར་ནི་ཕན་གདགས་བྱ།། ཞེས་བྱ་བ་ལ། ཕོངས་པ་ནི་འཚོ་བོའི
་ཐབས་དང་བྲལ་བའོ།། ནད་ཀྱི་གནོད་པ་ནི་ནད་ཀྱི་གནོད་པར་གྱུར་པའོ།། མྱ་ངན་གྱིས་གཟིར་བ་ནི་མྱ་ངན་གྱིས་ཉམ་ཐག་པའོ།། ཕན་གདགས་པ་ནི་སྦྱིན་པ་དང་། གསོ་བ་དང་། མྱ་ངན་བསལ་བ་དག་གིས་དེ་ལས་བཟློག་ཅིང་ཕན་གདགས་པར་བྱའོ།། འབུ་སྲིན
་གྲོག་སྦུར་དག་ལ་ཡང་།། རང་དང་འདྲ་བར་རྟག་ཏུ་བལྟ།། ཞེས་བྱ་བ་ལ། འའུ་སྲིན་གྲོག་སྦུར་ལྟ་བུ་སྲོག་ཆགས་ཕྲ་མོ་རྣམས་ལ་ཡང་རང་དང་འདྲ་ཞིང་བདག་དང་མཚུངས་པར་དུས་རྟག་ཏུ་བལྟ་ཞིང་བསམ་པར་བྱའོ།། དེ་ཡང་ཇི་ལྟར་བདག་ཉིད་བདེ་བ་དང་སྡུག་བསྔལ
་འདོད་ཅིང་འདོར་བ་ལ་སོགས་པ་དང་། སྲོག་ལ་སྡུག་པར་འཛིན་པ་དེ་བཞིན་དུ་འདི་རྣམས་ཀྱང་། བདེ་བ་དང་སྡུག་བསྔལ་འདོད་ཅིང་འདོར་བ་དང་། སྲོག་ལ་སྡུག་པར་འཛིན་པ་ཡོད་པ་ཉིད་དེ། དེ་བས་ན་དེ་རྣམས་ལ་འཚེ་བ་ལ་སོགས་པ་མི་བྱའོ་ཞེས་པའོ།། ལྷ་དང
་དགེ་སློང་བྲམ་ཟེ་དང་། སྨན་པ་རྒན་རྒྱལ་འགྲོན་འོང་མཆོད་ཅེས་བྱ་བ་ནི། ལྷ་ལ་སོགས་པ་མཆོད་ཅིང་བསྙེན་བཀུར་དུ་བྱའོ།། རྒན་པོ་ནི་ཤེས་པ་དང་ཚུལ་ཁྲིམས་དང་དཀའ་ཐུབ་དང་། ཚངས་པར་སྤྱོད་པ་དང་། བརྟུལ་ཞུགས་ལ་སོགས་པ་རྣམས་ལ་རྒན་པའོ།།
་རྒྱལ་པོ་ནི་ས་བདག་གོ། འགྲོ་ན་འོང་བ་ནི་གློ་བུར་དུ་ལྷགས་ཤིང་གསར་དུ་འོངས་པའོ།། སློང་བ་རྒྱབ་ཀྱིས་ཕྱོགས་མི་བྱ།། བརྙས་པར་མི་བྱ་ཚར་མི་བཅད་ཅེས་བྱ་བ་ནི། སློང་བའི་མི་རྣམས་ལ་རྒྱབ་ཀྱིས་ཕྱོགས་ཤིང་རེ་ཐག་ཆད་པ་ཡོངས་སུ་སྤང་བ་དང་། མ་གོ་བ
་ལྟ་བུ་དང་། ཚིག་རྩུབ་པར་མི་བྱའོ།། བརྙས་པ་ནི་བསྙེན་བཀུར་མེད་ཅིང་བཟློག་པའོ།། ཚར་བཅད་པ་ནི་ཁྱེད་རྣམས་ཀྱིས་ཅི་ཞིག་ཐོས་སམཽ། བསླབས་ས་མོ་ཤེས་པ་ཡིན་ཞེས་དྲིས་པའི་ཚུལ་གྱིས་ཀུན་སྤྱོད་པའོ།། གནོད་པར་བྱེད་བརྩོན་དགྲ་གཞན་ལ།། ཕན
་གདགས་པ་ནི་གཙོ་ཆེར་བྱ་ཞེས་བྱ་བ་ནི། གནོད་པར་བྱེད་པ་ལ་བརྩོན་ཞིང་མི་རིགས་པར་བྱེད་པའི་དགྲ་བོ་ལ་ཡང་ཕན་གདགས་པ་ལ་གཙོ་ཆེར་བརྩོན་པ་ཉིད་བྱས་ནས། དགྲ་བོ་རྣམས་ཀྱིས་གང་སྣང་བར་གྱུར་པ་ཉིད་ཡིད་ལ་རྣམ་པ
་ཐམས་ཅད་དུ་གནས་མོད་ཀྱི། འོན་ཀྱང་གནོད་པར་བྱ་བ་ཉིད་ནི་ལན་འགའ་ཞིག་འགྲུབ་པ་ཡིན་ལ། གནོད་པར་བྱེད་པ་དེ་ལ་ནི།། གནོད་པར་བྱེད་པ་ཉིད་མི་བྱའོ།། ཕན་པར་བྱེད་དུ་གནས་ནས། གནོད་པའི་སེམས་ཀྱང་ལྡོག་པར་འགྱུར་བ་ཉིདང་ཡིན་ནོ།། འབྱོར་དང་རྒུད
་ལའང་ཡིད་ཅིག་བྱ།། རྒྱུ་ལ་ཕྲག་དོག་འབྲས་བུ་མིན་ཞེས་བྱ་བ་ལ། འབྱོར་པ་ནི་ཕུན་སུམ་ཚོགས་པའོ།། རྒུད་པ་ནི་དེ་དག་ཉིད་དང་བྲལ་བ་སྟེ། དེ་དག་ལས་ཡིད་གཅིག་ཅིང་སེམས་མཉམ་པར་བྱའི། འབྱོར་པས་དྲེག་པར་ཡང་མི་བྱ་ལ། རྒུད་པས་ཞུམ་པར
་ཡང་མི་བྱའོ།། རྒྱལ་ཕྲག་དོག་ཅེས་བྱ་བ་ནི། ཕུན་སུམ་ཚོགས་པར་བྱེད་པའི་རྒྱུའི་དངོས་པོ་ལ་ཕྲག་དོག་བྱའི། འབྲས་བུ་གཞན་གྱི་ཕུན་སུམ་ཚོགས་ལ་ནི་མ་ཡིན་ནོ།། དེ་ཡང་སྤྱོད་པ་དམ་པ་ལ་འཇུག་པ་དང་། ཐོས་པ་དང་། གཏོང་པོ་ལ་སོགས་པ་གཞན་གྱི་ཡོན
་ཏན་བསྐྱོད་པར་བྱེད་པ་དེའི་རྒྱུ་ཉིད་ལོ་ཕྲག་དོག་བྱའི། དེའི་འབྲས་བུ་ཐོབ་པ་ལ་ནི་མ་ཡིན་ཏེ། སྐྱེས་བུ་ཉིད་དུ་གྱུར་པར་མཚུངས་སུ་ཟིན་ཀྱང་། འདི་ནི་འདི་ལྟར་ཡོན་ཏན་དང་ལྡན་པ་ཡིན། བདག་འདི་ལྟ་བུའི་ཡོན་ཏན་གྱིས་བརྒྱན་པར་ཅིའི་ཕྱིར་མི་བྱ་ཞེས་གང་གིས
་སྔོན་མོ་ཐོས་པ་ལ་སོགས་པ་འཕེལ་བར་འགྱུར་བ་དེ་ལྟ་བུའི་རྒྱུ་ལ་འབད་པ་ཉིད་དུ་བྱ་བ་ཡིན་ནོ་དུས་སུ་ཕན་དང་རན་པར་སྨྲ། བསླུ་བ་མེད་ཅིང་ངེས་པར་བྱ་ཞེས་བྱ་བ་ལ། ཚིག་སྨྲ་བར་བྱ་བ་དག་ནི་དུས་སུ་ཤེས་པ་གནས་སྐབས་ལ་བབ་ཅིང་དུས་པོ་ཚོད་ལ་བབ་པར
་བྱའོ།། ཕན་པ་ནི་ཆོས་དང་དོན་དང་སྙན་པ་དང་ལྡན་པའོ།། རན་པ་ནི་ཉུང་ཞིང་ཚོང་ཟིན་པའོ།། བསླུ་བ་མེད་པ་ནི་བདེན་ཞིང་མི་བསླུ་བའི་ཆོས་ཅན་ནོ།། དེས་པ་འདི་མཉན་ན་བདེ་བ་སྟེ། འཇམ་པར་སྨྲ་ཞིང་ཡིད་དུ་འོང་ལ་དགའ་བར་སྨྲ་བའོ།། བཞིན་འཛུམ་གསོང་པོར་སྨྲ་བ་དང་།
་སྤྱོད་པ་བཟབ་ནི་ང་སྙིང་རྗེ་འཇམ་ཞེས་བྱ་བ་ལ་རང་བཞིན་འཛུམ་པ་ནི། རང་བཞིན་མཛེས་པ་སྟེ། ཁྲོ་གཉེར་མེད་པའོ།། གསོང་པོར་སྨྲ་བ་ནི་དྲང་པོ་ཉིད་དུ་སྨྲ་བར་བྱེད་པའོ།། སྤྱོད་པ་བཟང་བ་ནི་རང་བཞིན་བཟང་བ་སྟེ། ཀུན་ཏུ་སྤྱོད་པ་མི་རྩུབ་པའོ།། སྙིང་རྗེས་འཇམ་པ་ནི་སྙིང
་རྗེ་འཇམ་པ་སྟེ། སྙིང་བརྩེ་བ་དང་ལྡན་ཞིང་སེམས་མཉམ་པའོ།། གཅིག་པུ་བདེ་མིན་ཐམས་ཅད་ལ།། ཡིད་མི་བརྟེན་ཅིང་དོགས་མི་བྱ།། ཞེས་བྱ་བ་ལ། སྐྱེས་བུས་ནི་བདག་གཅིག་པུ་བདེ་བ་དང་ལྡན་པར་མི་བྱའི། གཞན་དུ་ནི་དགེ་སྦྱོང་དང་། བྲམ་ཟེ་དང་གཉེན་འདུན་དང་།།
་མཛའ་གཤེས་དང་བྲན་གཡོག་ལ་སོགས་པ་རྣམས་དང་ལྷན་ཅིག་ཐུན་མོང་དུ་ལོངས་སྤྱད་པས་གནས་པར་བྱའོ།། ཐམས་ཅད་ལ་ཞེས་བྱ་བ། ཡུལ་ཐམས་ཅད་ལ་ཡིད་བརྟན་ཞིང་བློ་གདེད་པར་མི་བྱ་ལ། ཡིད་བརྟན་དུ་རུང་བའི་མི་དང་། ཉེ་དུ་དང་། མཛའ་པ་ཤེས་དང་།
་བྲན་གཡོགས་ལ་སོགས་པ་ཐམས་ཅད་ལ་ཡང་དོགས་པ་བཅས་པར་མི་བྱའོ།། སུ་ཡོང་བདག་གི་དགྲ་ཡིན་དང་། བདག་ནི་སུ་ཡང་འགྲོས་གྱུར་དང་།། བརྙས་དང་བདག་ལ་གཙོ་བོ་ནི།། མི་བྱམས་ཞེས་ནི་སྒྲ་མི་བྱ་ཞེས་བྱ་བ་ནི། བདག་ལ་དགེ་བོ་ཡོད་ཅེས་བྱ་བ་ནི་སུ
་ལ་ཡང་སྨྲ་ཞིང་བརྗོད་པར་མི་བྱ་སྟེ། དེ་བརྗོད་ན་གཡོན་ཅན་དག་གིས་ཤིན་ཏུ་ཡང་འབྱེད་པར་འགྱུར་རོ།། བདག་ནི་སུའི་སྒྲ་ཡིན་ཞེས་སྐྱེ་བོ་འགའ་ཡང་སྨྲ་བར་མི་བྱ་སྟེ། གལ་ཏེ་དེ་ལྟར་བྱས་ནི་ཤིན་ཏུ་འགྲས་པར་འགྱུར་རོ།། གཙོ་བོ་དང་འབྲེལ་བའི་བརྙས་པ་སྟེ། མ
་བཀུར་བར་ཡང་སྨྲ་བར་མི་བྱའོ།། དེ་བཞིན་དུ་གཙོ་བོ་དང་འབྲེལ་པའི་མི་བྱམས་ཤིང་བརྩེ་བ་མེད་པ་ལ་ཡང་སྨྲ་བར་མི་བྱའོ།། འགྲོ་བའི་བསམ་པ་ཤེས་ནས་ནི།། གང་ཞིག་ཇི་ལྟར་ཡོངས་མགུ་བ།། དེ་ལ་དེ་བཞིན་རྗེས་འཇུག་པ་ཅིང་།། གཞན་དག་དགའ
་བྱེད་མཛངས་པ་ཡིན།། ཞེས་བྱ་བ་ནི། སྐྱེ་བོ་འཇིག་རྟེན་པའི་སེམས་ཀྱི་བསམ་པ་བརྟགས་ཤིང་ཤེས་པར་བྱས་ལ། ཤེས་རབ་ཀྱིས་ཡོངས་སུ་དཔྱང་ནས། རྣམ་པ་གང་གིས་སྐྱེ་བོ་གང་དག་ཡོངས་སུ་མགུ་ཞིང་ཀུན་ཏུ་དགའ་བར་འགྱུར་བའི་འགྲོ་བ་དེ་ལ། དེ་བཞིན་དུ་རྣམ
་པ་དེ་ཉིད་ཀྱིས་རང་བཞིན་དང་བསྟན་ཏེ། གནས་ཤིང་འཇུག་པར་བྱེད་ལ། སྦྱིན་པ་དང་སྙན་པར་སྨྲ་བ་ལ་སོགས་པས་གཞན་དག་དགའ་ཀར་བྱེད་པ་དེ་ནི་མཛངས་ཤིང་མཁས་པོར་གྱུར་པའོ།། དབང་པོ་གཟིར་བར་མི་བྱ་ཞིང་།། འདིར་རབས་ཉམས་བདེར་བྱའམ་མིན་ཞེས་བྱ
་བ་ལ། ང་པོ་སྟེ་ལྕེ་ལ་སོགས་པ་ཁ་ཟས་ཤིན་ཏུ་ངན་པ་ལ་སོགས་པས་གནོད་ཅིང་གཟིར་བར་མི་བྱ་ལ། དབང་པོ་འདི་དག་ལོངས་སྤྱོད་ཀྱི་བདེ་བ་འབད་པས་བརྩལ་ནས་བརྟེན་ཅིང་རབ་ཏུ་བདེ་བའི་ཉམས་སུ་ཡང་མི་བྱའོ།། ཚོམས་གསུམ་མེད་པའི་བརྩོམ་པ་ལ།
་མི་བརྟེན་དེ། འགལ་མི་བྱ།། ཞེས་བྱ་བ་ལ། ཚོམས་གསུམ་ནི་ཆོས་དང་། ནོར་དང་། ལོངས་སྤྱོད་ཅེས་བྱ་བ་ཡིན་ཏེ། བཞི་པ་ཐར་པོ་ནི་ཆོས་ཀྱི་ཁོངས་སུ་གཏོགས་པ་ཡིན་ནོ།། དེ་ལྟ་བུའི་སྡེ་ཚོམས་གསུམ་མེད་ཅིང་། སྟོང་པའི་རྩོམ་པ་སྟེ། སྤྱོད་པའི་འབད་པ་ལ
་བརྟེན་པར་མི་བྱ་ཞིང་གནས་པར་མི་བྱའི། ཅེ་ནས་ཀྱང་ཆོས་དང་མི་འགལ་བའི་བྱེ་བ་གང་ཡིན་པ་དེ་ནི་སྡེ་ཚོམས་གསུམ་དང་མི་འགལ་བ་ཉིད་དུ་སྐྱེས་བུས་བསྟེན་པར་བྱའོ།། དེ་ཡང་ཆོས་ལ་ཀུན་ཏུ་བརྟེན་པའི་ན། ཅི་ནས་ཀྱང་ནོར་དང་ལོངས་སྤྱོད་དང་འོགལ་བར་མི་འགྱུར
་བ་དེ་ལྟར་བྱ་ལ། ནོར་ལ་བརྟེན་པ་ན་ཡང་ཆོས་དང་འགལ་བར་མི་བྱལ། ལོངས་སྤྱོད་ལ་བརྟེན་པ་ན་ཡང་། ནོར་དང་ཆོས་དང་འགལ་བར་མ་བྱའོ།། ཆོས་རྣམས་ཀུན་གྱི་ལམ་ལ་ནི།། དབུ་མའི་ལམ་གྱི་རྗེས་འཇུག་བྱ་ཞེས་བྱ་བ་ལ། ཆོས་རྣམས་ཀུན་ཏེ། དངོས་པ
་ཐམ་སོ་ཅད་ལ་ལམ་ཞེས་བྱ་བ་བསྒྲུབ་ཅིང་། བྱ་བའི་གནས་རྣམས་ལ་དབུ་མ་སྟེ་དམན་པ་ཡང་མ་ཡིན་ལ། ཤིན་ཏུ་མཐོ་བའང་མ་ཡིན་པ་དེ་ནི་རྗེས་སུ་འཇུག་ཅིང་སྦྱང་བར་བྱའོ་ཞེས་བསྟན་པ་ཡིན་ནོ།། སྐྲ་སེན་ཁ་སྤུ་རིང་མི་བཞག། སྒོ་དགུ་རྐང་པ་དྲི་མེད་བྱ
་ཞེས་བྱ་བ་ནི། སྐྲ་དང་སེན་མོ་དང་། ཁ་སྤུ་རིང་པོར་མ་གྱུར་པར་བྲེགས་པ་སྟེ། ཁ་སྤུ་ཞེས་བྱ་བ་ནི་ཀོ་ཀོའི་ཕྱོགས་ཀྱི་སྤུའོ།། སྒོ་གུ་དང་། རྐང་པ་ནི་སྒོ་དགུ་དང་རྐང་པ་སྟེ། དེ་དག་ནི་དྲི་མ་མེད་པར་བྱའོ།། དེ་ལ་སྒོ་དགུ་ནི་དྲི་མའི་གནས་ཀྱི་སྒོ་རྣམས་ཏེ། མིག་དང་ན
་བ་དང་། སྣ་དང་ཁ་དང་། བ་ཤ་དྲ་བའི་སྒོ་དང་། གཅི་བའི་སྒོ་ལ་སོགས་པའོ།། རྐང་པ་ནི་རྐང་དེ་རྣམས་ཀྱི་དྲི་མ་བསལ་ཞིང་སྦྱང་བར་བྱའོ།། ཁྲུས་ལ་དགའ་ཞིང་དྲི་ཞིམ་དགོས།། ཆ་ལུགས་བཟང་ཞིང་མི་འཕྱར་སྦ།། ཞེས་བྱ་བ་ལ་ཁྲུས་ལ་དགའ་བ་ནི་རྟག་ཏུ་ཁྲུས
་བྱེད་པའོ།། བྲིནམ་དགོས་ཞེས་བྱ་བ་འདི། ག་བུར་ལ་སོགས་པའི་དྲི་ཞིམ་པའི་རྫས་རྣམས་ཀྱིས་ལུས་རྗེས་སུ་བསྒོ་ཞིང་བྱུགས་པོ་ཟ།། ཆས་བཟང་བ་ནི་དྲི་དང་ཐུག་པ་དང་། ཕྲེང་བ་དང་། གོས་དང་། རྒྱན་གྱི་རྣམ་པས་བརྒྱན་གྱིས་ཆས་པར་བྱའོ།། མི་འཕྱང
་བནི་ཁེངས་ཤིང་འཕྱར་ཆེས་བི་མ་ཡིན་པར་བྱས་ནས། སྤ་ཞིང་མདངས་དང་ལྡན་པར་བྱའོ།། རིན་ཆེན་གྲུབ་པའི་གསང་སྔགས་དང་། སྨན་ཆེན་རྟག་ཏུ་བཅང་པར་བྱ་ཞེས་བྱ་བ་ནི། རིན་པོ་ཆེ་ནི་མརྐ་ཏ།། པདྨ་རཱ་ག་དང་། བཻ་ཌཱུརྱ་དང་། གསོར་ས་ལི་སྣམ
་དང་། རྡོ་རྗེ་ལ་སོགས་པའོ།། གྲུབ་པའི་གསང་སྔགས་ནི། རབ་ཏུ་གྲུབ་པར་གྲགས་ཤིང་། མཐུ་སྔོན་དུ་སྣང་བའི་གསང་སྔགས། འཇིག་རྟེན་པ་དང་བསྟན་བཅོས་ལས་གྲགས་པའོ།། སྨན་ཆེན་པོ་ནི་ལཀྵྨཱི་དང་། གུ་ཧ་དང་། ཛ་ཏི
་ལ་དང་། ཤུ་དག་དང་། ཡུངས་ཀར་ལ་སོགས་པའོ།། རིན་པོ་ཆེ་དང་སྔགས་དང་སྨན་དེ་དག་ནི། མགོ་དང་མགུལ་དང་དཔུང་པ་ལ་བཏགས་ཏེ་བཅད་པར་བྱའོ།། གདུགས་དཀར་ལྷམ་དང་ལྡན་པར་ནི།། གཉའ་ཤིང་གང་ཙམ་བལྟ་ཞིང་འགྲོ། ཞེས་བྱ་བ་ལ། གདུགས
་དཀར་པོ་ནི་ཚད་པ་དགེབས་པའི་གདུགས་སོ།། ལྷམ་ནི་རྐང་པ་སྐྱོབ་པར་བྱེད་པ་སྟེ། སྐྱེས་བུ་དེ་གཉིས་དང་ལྡན་པ་དང་། གཉའ་ཤིང་གང་ཙམ་དུ་བལྟ་ཞིང་འགྲོ་བར་བྱེད་པ་སྟེ། དེ་ཙམ་ཞིག་ཏུ་མདུན་དུ་བལྟའོ།། དེས་ནི་སྦྲུལ་དང་ཕྱུགས་དང་། བ་དང་། རྟ་དང
་རྡོ་རྩུབ་མོ་ལ་སོགས་པ་དག་གི་གནོད་པས་ཉེན་པར་མི་འགྱུར་རོ།། མཚན་མོ་དོན་ཆེན་དག་ལ་ནི།། དབྱུག་ཐོགས་མགོ་དཀྲི་གྲོགས་ལྡན་བྱ་ཞེས་བྱ་བ་ནི། མཚན་མོའི་དུས་སུ་ནི་འགྲོ་བར་མི་བྱའོ།། གལ་ཏེ་ཤིན་ཏུ་དོན་ཆེ་ཞིང་བརྟན་པའི་བྱ་བའི་ལས་ལ་འགྲོ་ཞིང་།
་མཚན་མོ་རྒྱུ་བས་ངེས་པར་འགྲོ་བ་ཡིན་ན། དབྱུག་པ་དང་། མགོ་དཀྲི་བ་དང་། གྲོགས་དང་ལྡན་པར་བྱས་ལ། འགྲོ་བར་བྱའོ་ཞེས་སྟོན་ཏེ། དོན་གྱི་ཤུགས་ཀྱིས་ན་མཚན་མོ་ངེས་པར་འགྲོ་སྟེ། མི་བྱར་མི་རུང་བའི་བྱ་བ་མ་ཡིན་པའི་དོན་དུ་ཆུང་ངུ་དག་ལ
་ནི་འགྲོ་བར་མི་བྱའོ།། ཞེས་སྟོན་ཏོ།། དེ་ལ་བེར་ཀ་ཡོད་པས་ན་དབྱུག་པ་ཅན་ཏེ། སྦྲུལ་ལ་སོགས་པ་སྐྲག་པར་བྱ་བའི་ཕྱིར། དབྱིག་པ་སྒྲ་དང་ལྡན་པར་བྱ་བ་དང་། འགྱེལ་བ་ལས་བརྟེན་པར་བྱ་བའི་ཕྱིར་དང་། དགྲ་བོ་བཟློག་པའི་ཕྱིར་བྱའོ།། མགོ
་གཡོགས་པ་ནི་མགོ་སོ་དཀྲིས་པ་ལྟར་སྟེང་ནས་འབབ་པའི་བ་དང་། བྱེ་མ་ལེབ་དང་། འབུ་སྲིན་ལ་སོགས་པ་ལས་བསྲུང་བར་བྱ་བའི་ཕྱིར་རོ།། གྲོགས་དང་ལྡན་པ་ནི་རྐུན་པོ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཤ་ཟ་ལ་སོགས་པའི་འཇིག་པ་ལས་བསྲུང་བར་བྱ་བའི་ཕྱིར
་བྱའོ།། མཆོད་རྟེན་མཆོད་བྱ་རྒྱལ་མཚན་དང་།། མི་ཤིས་དྲི་མ་ཐལ་ཕུབ་དང་།། མི་གཙང་གསེག་བོང་གཏོར་མ་དང་།། ཁྲུས་བྱས་ས་ནི་བགོམ་མི་བྱ།། ཞེས་བྱ་བ་ལ། མཆོད་རྟེན་ནི་མཆོད་རྟེན་ཉིད་དག་དང་། ཁྱད་པར་ཅན་གྱིས་ལྷས་གནས་བཅས་པའི་ཞིང་གི་ཁྱད་པར
་འཇིག་རྟེན་ན་གྲགས་པར་གང་གྱུར་བའོ།། མཆོད་བྱ་ནི་བླ་མ་ལ་སོགས་པའོ།། རྒྱལ་མཚན་ནི་གཙུག་ལག་ཁང་དང་། ལྷ་ཁང་གི་ནང་དུ་བཏགསཽ་པ་དུད་དམ་འཁོར་ལོ་དང་ལྡན་པའི་བ་དན་ནོ།། མི་ཤིས་པ་ནི་བཀྲ་མི་ཤིས་པའི་དངོས་པོ་སྟེ། དེ་རྣམས་ཀྱི་གྲིབ་མ་འགོམ
་པར་མི་བྱ་ཞིང་། བརྫི་བར་མི་བྱའོ།། ཐལ་བ་ནི་ལྕི་བོ་ལ་སོགས་པ་ཚིག་པ་ལས་བྱུང་བའོ།། ཕུབ་མོ་ནི་འབྲས་ཀྱི་ཤུན་པའོ།། མི་གཙང་བ་ནི་བཤང་བ་དང་། གཅི་བ་ལ་སོགས་པའོ།། གསེག་མ་ནི་རྡོའི་དུམ་གྲུགས་སོ།། བོང་བ་ནི་སའི་རང་བཞིན་ལ་རྡོ་དང་འདྲ་བའོ།། གཏོར
་མའི་གནས་ནི་འབྱུང་པོ་ལ་སོགས་པ་ལ་ཟས་སྦྱིན་པའི་གནས་སོ།། ཁྲུས་བྱས་པའི་ས་ནི་གང་དུ་འགའ་ཞིག་གིས་ཁྲུས་བྱས་པ་སྟེ། དེ་ཐམས་ཅད་འགོམ་པར་མི་བྱ་ཞིང་ཡོངས་སུ་སྤང་བར་བྱའོ།། ཆུ་བོར་རྐྱལ་ཏེ་འགྲོ་མི་བྱ།། མེ་ཆེན་ཕུང་པོར་འགྲོ་མི་བྱ།། ཞེས་བྱ་བ་ལ་ཆུ
་བོ་སྟེ། ཀླུང་གི་ཆུ་ཆེན་པོ་ལ། ལག་པ་གཉིས་རྐྱལ་ཞིང་འགྲོ་བར་མི་བྱ་སྟེ། ཆུ་སྲིན་དང་རུས་སྦལ་ལ་སོགས་པས་གནོད་པར་འགྱུར་བའི་འཇིགས་པ་ཡོད་པའི་ཕྱིར་རོ།། དེ་བཞིན་དུ་མེའི་ཕུང་པོ་ཆེན་པོའི་ཚོགས་ཀྱི་ཐད་དུ་འགྲོ་བར་མི་བྱའོ།། ཐེ་ཚོམ་བཅས་པའི་གྲུ
་ཤིང་ལ། གཞོན་པ་མི་བསྲུན་བཞིན་མི་འཛེག་ཅེས་བྱ་བ་ལ། ཐེ་ཚོམ་དང་བཅས་པའི་གྲུ་ནི་ཆིངས་མ་ལྷོད་ཅིང་རྙིངས་པས་ཕ་རོལ་ཏུ་སྐྱེལ་མི་ནུས་སོ།། དེ་བཞིན་དུ་ཐེ་ཚོམ་དང་བཅས་པའི་ཤིང་ནི། དུག་ལ་སོགས་པའི་གདུག་པ་ཡོད
་པ་འམ། ལྷ་ལ་སོགས་པ་གནས་པ་འམ། ཆག་ཏུ་ཉེ་བ་དག་ཏུ་འཛེག་པར་མི་བྱ་ཞིང་། དེ་དག་གི་སྟེང་དུ་གནས་པར་མི་བྱའོ།། ཇི་ལྟར་ཞེ་ན། བཞོན་པ་མི་བསྲུན་བཞིན་ཞེས་བྱ་བ་ཡིན་ཏེ། དཔེར་ན་རྟ་ལ་སོགས་པའི་བཞོན་པ་མི་བསྲུན་པ་ལ་གཞོན་དུ་མི་རུང་བ་དང
་མཚུངས་སོ།། འདིས་ནི་ཟུར་གྱི་བཞོན་པ་མི་བསྲུན་པ་ལ་ཡང་ཞོན་པར་མི་བྱའོ།། ཞེས་སྟོན་པར་མི་བྱའོ།། སྦྲིད་པ་གད་མོ་གླལ་བ་ལ།། ཁ་ནི་གདང་བར་མི་བྱའོ།། ཞེས་བྱ་བ་ལ། སྤྲིང་བ་ནི་སྦྲིད་པ་འབྱུང་བའོ།། གད་མོ་ནི་རྒོད་པའོ།། གླལ་བ་ནི་བྱི་རྐྱང་སྟེ། དེ་ལ་ཁ་གདང་བར
་མི་བྱའོ་ཞེས་པ་སྟེ། ཁ་མི་དགབ་པར་མི་བྱའོ།། སྦྲིད་པ་ལ་སོགས་པ་འབྱུང་བ་ན། ལག་པའམ་གོས་ཀྱིས་དགབ་པར་བྱའོ་ཞེས་པའི་དོན་ཏོ།། སྣ་ནི་བྲུད་བར་མི་བྱ་ཞིང་། དོན་མོངས་རིས་མི་བྱའོ་ཞེས་བྱ་བ་ལ། སྣ་བྲུད་ཅིང་ཤས་ཆེར་གནོད་པར་མི་བྱ་སྟེ། ཤུ་བ་དང་ཐོར
་བུ་ལ་སོགས་པའི་གནོད་པ་སྤང་བར་བྱ་བའི་ཕྱིར་རོ།། དོན་མེད་ཅིང་དགོས་པ་འགའ་ཞིག་མེད་པར་ས་ལ་སོར་མོ་ལ་སོགས་པས་དེ་ལ་འདྲི་ཞིང་བྲུད་པར་མི་བྱའོ།། ཞེས་བྱ་བའི་དོན་ཏོ།། ལུས་ཀྱི་ཡན་ལག་མི་གཅུ་ཞིང་།། ཙོག་ཙོག་པུར་ཡང་འདུག་མི་བྱ།། ཞེས་བྱ་བ
་ལ། ལུས་ཀྱི་ཡན་ལག། ལག་པ་དང་རྐང་པ་ལ་སོགས་པ་གཅུ་པ་སྟེ། མི་མཐུན་པར་བྱས་ནས། བྱ་བའི་ལས་མི་བྱའོ།། འདི་དག་གིས་ནི་ལག་པ་དང་རྐང་པའི་རྣམ་པར་འགྱུར་བ་སྤང་བར་བྱའོ།། ཞེས་སྟོན་པ་ཡིན་ཏེ། གཟེར་དང་ཡན་ལག་ཆག་པོར་འགྱུར
་བའི་ཉེས་པ་ཡོད་པའི་ཕྱིར་རོ།། དེ་བཞིན་དུ་ཙོག་ཙོག་པོར་གནས་ཏེ་འདུག་པར་མི་བྱ་སྟེ། ཙོག་ཙོག་པུར་གནས་པས་ཡུན་རིང་པོར་འདུག་ན། གཞང་འབྲུམ་གྱི་ནད་འབྱུང་བར་འགྱུར་བར་བཤད་དོ།། ལུས་ངག་ཡིད་ཀྱི་སྤྱོད་པ་ནི།། སྔ་ནས་ངལ་ལས་བཟློག་པར་བྱ་ཞེས་བྱ་བ
་ནི། ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་ཞེས་བྱ་བ་ལས་སུ་བྱ་བ་ནི་སྔ་ནས་ཏེ། དལ་བར་མ་གྱུར་པའི་དང་པོ་ཉིད་ནས་བཟློག་པར་བྱ་སྟེ། ཅི་ཙམ་གྱིས་ཤིན་ཏུ་དུབ་བར་མ་གྱུར་པ་དེ་ཙམ་ན་བཤོལ་བར་བྱའོ།། དེས་ནི་འདི་སྐད་སྟོན་པ་ཡིན་ཏེ། ལུས་དང་ཡིད་ཀྱིས་འགྲོ་བ
་དང་། ཀླག་ཧཱུ~ཾ་དང་། སེམས་པོ་ལ་སོགས་པའི་ལས་རྣམས་ནི་ཇི་སྲིད་ཤིན་ཏུ་དུབ་པར་མ་གྱུར་པ་དེ་སྲིད་ཀྱི་བར་དུ་བྱའོ་ཞེས་པའི་དོན་ཏོ།། བུས་བསྒྲེང་ཡུན་རིང་གནས་མི་བྱ།། མཚན་མོ་ཤིང་དྲུང་བསྟེན་མི་བྱ། ཞེས་བྱ་བ་ནི་པུས་མོ་གྱེན་དུ་བསྒྲེང་བ་གང་ཡིན་པ་དེ་ནི
་ས་བསྒྲེང་ཞེ་སེག་སྟེ། གན་རྐྱལ་དུ་འདུག་ནས་བུས་མོ་བརྐྱང་སྟེ།། ཡུན་རིང་དུ་གནས་པར་མི་བྱའོ།། དེ་བཞིན་དུ་མཚན་མོ་ཤིང་ཆེན་པོ་དག་ཏུ་གནས་ཤིང་བསྟེན་པར་མི་བྱའོ།། སུམ་མདོ་མཆོད་རྟེན་དྲུང་བཞི་མདོ།། ལྷ་ཡི་ཁང་པའང་དེ་བཞིན་ནོ་ཞེས་བྱ་བ་ལ། སུཾ
་མདོ་ལ་སོགས་པར་ཡང་དེ་བཞིན་དུ་མཚན་མོ་བསྟེན་པར་མི་བྱའོ།། དེ་ལ་སུམ་མདོ་ནི་ལམ་གསུམ་འདུས་པ་ལ་བྱའོ།། དེ་ལ་ལ་ལ་དག་ནི་ས་ཕྱོགས་གང་དུ་གང་ཞིག་གྲོང་ངམ་ལྡོངས་ནས་ཕྱིར་བྱུང་སྟེ། གནད་དུ་གྲོང་དུ་གནས་པར་རམ། ལྗོངས་ན་གནས་པ་ལས
་རང་དགར་འོངས་ཏེ། སྣ་ཚོགས་པའི་གཏམ་དེ་དང་སྨྲ་བའི་གནས་ལ་བྱའོ།། ཞེས་འདོད་དོ།། མཆོད་རྟེན་གྱི་དྲུང་ནི་མཆོད་རྟེན་གྱི་ཉེ་འཁོར་རོ།། བཞི་མདོ་ནི་གང་དུ་ལམ་བཞི་གཅིག་ཏུ་འདུས་པའོ།། ལྷའི་ཁང་པ་ནི་ལྷ་རྣམས་ཀྱི་གནས་ཀྱི་ཁང་པའོ།། གསོད་ས་འབྲོག
་སྟོང་ཁང་སྟོང་དང་། དུར་ཁྲོད་དུ་ན་ཉིན་མོའང་མིན།། ཞེས་བྱ་བ་ནི་གསོད་ས་ལ་སོགས་པ་ཉིན་མོའང་བསྟེན་པར་མི་བྱའོ།། དེ་ལ་གསོངས་ནི་རྐུན་པོ་ལ་སོགས་པ་གསོད་པའི་གནས་སོ།། འབྲོག་སྟོང་ནི་དགོན་པའོ།། ཁང་སྟོང་ནི་སྐྱེ་བོ་མེད་པའི་ཁང
་པའོ།། དུར་ཁྲོད་ནི་རོ་བསྲེག་པའི་གནས་ཏེ། འདི་དག་ཏུ་ནི་ཉིན་པར་ཡང་བསྟེན་པར་བྱ་བ་མ་ཡིན་ན། མཚན་མོ་ལྟ་སྨོས་ཀྱང་ཅི་དགོས། རྣམ་ཀུན་ཉི་མ་ལ་མི་བལྟ།། མགོ་ཡིས་ཁུར་ནི་བཀུར་མི་བྱ།། ཞེས་བྱ་བ་ལ། རྣམ་པ་ཀུན་ཏུ་ཞེས་པ་རྣམ་པ་ཐམས་ཅད་དུ་ཉི་མ
་ལ་བལྟ་ཞིང་བརྟག་པར་མི་བྱའོ།། དེ་ཡང་གཞན་དག་ལས། འཆར་དང་ནུབ་པར་འགྱུར་ཚེ་དང་།། ཕྱེད་དུས་གཟུགས་བརྙན་རྟོག་པ་དང་།། གོས་ཀྱིས་བསྒྲིབས་པར་བྱས་པ་ལས།། ཉི་མ་བལྟ་བར་མི་བྱའོ།། ཞེས་བཤད་པ་ཡིན་ནོ།། དེ་བཞིན་དུ་མགོ་བོ་སྟེ། སྤྱི་བོས་ཁུར
་བཀུར་བར་མི་བྱ་ཞིང་། གནས་ནས་གནས་སུ་བཀུར་བར་མི་བྱའོ།། ཤིན་ཏུ་ཕྲ་དང་འཚེར་བ་དང་།། མི་གཙང་མི་སྡུག་རྒྱུན་མི་བལྟ་ཞེས་བྱ་བ་ནི། ཤིན་ཏུ་ཕྲ་ཞིང་བལྟ་དཀའ་བ་དག་ལ།། རྟག་པར་རྒྱུན་དུ་བལྟ་ཞིང་བརྟག་པར་མི་བྱའོ།། དེ་བཞིན་དུ་འཚེར་བ་སྟེ། མེ་ལ་སོག།
་པ་དང་། གཞན་ཡང་ཤིན་ཏུ་འཚེར་ཞིང་གཟི་མདངས་དང་ལྡན་པ་ལ་བལྟ་བར་མི་བྱའོ།། མི་གཙང་བ་ནི་བཙོག་པར་གྱུར་པ་སྟེ། བཤད་གཅི་ལ་སོགས་པ་སྟེ། དེ་ལ་ཡང་མི་བལྟའོ།། མི་སྡུག་པ་ནི་མངོན་པར་མི་དགའ་ཞིང་སྡང་བར་གྱུར་པ་ལ་བལྟ་བར་མི་བྱའོ།། ཆང
་འཚོང་བ་དང་སྦྱོར་བ་དང་། སྦྱིན་དང་ལེན་དང་སྤྱད་མི་བྱ།། ཞེས་བྱ་བ་ལ། བཙོང་བ་ཞེས་བྱ་བ་ནི་ཟོང་དུ་བྱ་བའོ།། འདིས་སྦྱོར་བར་བྱེད་པས་ན་སྦྱོར་བ་སྟེ། ཆང་བྱེད་པའོ།། སྦྱིན་པ་ནི་རང་གི་བྱ་བ་ལས་བཟློག་ཅིང་། གཞན་དག་བསྟབས་པའོ།། ལེན་པ་ནི་བསྟན་བཙོས་ཇི
་ལྟ་བ་བཞིན་དུ་གཞན་ལས་ལེན་པའོ།། དེ་ལྟར་ན་ཆང་འཚོང་བ་ལ་སོགས་པ་བྲམ་ཟེ་དང་དགེ་སྦྱོང་དག་གིས་མི་བྱའོ།། མདུན་གྱི་བསེར་བུ་ཉི་ཚན་རྡུལ།། བ་མོ་དང་ནི་རླུང་རྩུབ་དང་།། སྦྲིད་པ་སྒེག་པ་ལུད་པ་ཟས།། གཉིད་ལོག་ཉལ་པོ་གཅུས་མི་བྱ།། གད་ཀའི་གྲིབ་མ་རྒྱལ་པོ་དང་།
་སྦྲུལ་གདུག་གཅན་གཟན་རཱ་ཅན་དང་།། དུས་མཚམས་རྟག་ཏུ་ཟས་བཟའ་དང་།། བུད་མེད་ཉལ་ཀློག་སེམས་ལས་དང་།། དགྲ་བོ་ནར་མར་ཟས་ཚོགས་འདུས།། སྨད་འཚོང་ཚོང་བའི་ཟས་དག་དང་།། ལུས་དང་མཆུ་དང་སེན་སྐུ་འབྱིན།། ལག་པ་སྐྲ་ནི་སྤྲུག་པ་དང་།། ཆུ་མེ་མཆོད
་བྱོའི་བར་དུ་འགྲོ། རོ་བསྲེགས་ལ་བརྟེན་དུང་པ་དང་།། ཚང་སོགས་ཆགས་དང་བུད་མེད་ལ། ཡིད་བརྟན་རང་དབང་གྱུར་པ་སྤྱང་ཞེས་བྱ་བ་ནི། མདུན་གྱི་བསེར་བུ་ལ་སོགས་པ་སྐྱེས་བུས་སྤང་བར་བྱའོ་ཞེས་བྱ་བར་སྦྱར་རོ།། དེ་ལ་མདུན་གྱི་བསེར་བུ་ནི་ཤར་ཕྱོགས་ནས་ལྡང
་བའི་རླུང་ངོ་།། ཉི་ཚ་ན་ནི་ཉི་མའི་ཐན་པའོ།། རླུང་ནི་རྡུལ་གྱི་ཚོགས་སོ།། བ་མོ་ནཱི་བ་མོ་ལྷགས་པའོ།། རླུང་རྩུབ་པ་ནི་རླུང་དྲུག་པོའོ།། སྨྲི་ག་བྱ་ནཱི་རླུང་གྱེན་དུ་རྒྱུ་བའོ།། ལུང་པ་ནི་ལུང་བ་ལུ་བར་གྱུར་པའོ།། ཟས་ནི་ཟས་ལོ་སྤྱོད་པའོ།། ཉལ་པོ་ནི་འཁྲིག་པ་སྤྱོད་པ་སྷོ། དེ་དག་གཅུས
་ཤིང་ཡོན་པོར་གྱུར་པ་མི་བྱ་བར་སྤང་བར་བྱའོ།། གད་ཀའི་གྲིབ་མ་ནི་ཆུ་བོའི་འགྲམ་གྱི་གད་ཀའི་གྲིབ་མའོ།། རྒྱལ་པོར་སྡང་བ་ནི་རྒྱལ་པོའི་དགྲ་བོའོ།། སྦྲུལ་གདུག་ནི་མཆེ་བ་གདུག་པ་ཅན་ནོ།། གཅན་གཟན་ནི་སོང་གི་ལ་སོགས་པའོ།། རྭ་ཅན་ནི་མ་ཧེ་ལ་སོགས་པའོ།། །
་དུས་མཚམས་ཐམས་ཅད་དུ་ཟས་ལ་སྤྱོད་པ་ལ་སོགས་པའང་སྤང་བར་བྱའོ།། བུད་མེད་ནི་དེ་དང་ཉལ་པོ་བྱ་བའོ།། ཉལ་བ་ནི་གཉིད་ལོག་པའོ།། ཀློག་པ་ནི་གཞུང་འདོན་པའོ།། སེམས་ལས་ནི་ཐོས་པ་ལ་སོགས་པ་ཡང་ཡང་དུ་དྲན་པར་བྱ་བའོ།། དགྲ་བོ་ནི་ནར་མའི
་ཟས་ལ་སོགས་པའང་སྤང་བར་བྱ་སྟེ། ནར་མའི་ཟས་ཞེས་བྱ་བ་ནི། མེ་ལྷ་བསྟོད་པའི་ཆོ་ག་ལཾ་སོགས་པའི་དུས་སུ་སྟེར་བའི་ཟན་ཏེ། མདུན་ན་འདོན་ལ་སོགས་པ་མ་གཏོགས་པར་གཞན་དག་གིས་དེ་ཟོས་ན། སྡིག་པས་གོས་པར
་འགྱུར་བར་འདོད་དེ། གང་གི་ཕྱིར་མཆོད་སྦྱིན་རྫོགས་ཁར་དེ་ལས་བྱུང་བའི་སྡིག་པ་ཟད་པར་བྱ་བའི་ཕྱིར། ཉེས་པ་འཆག་པ་ལས་གོ་བར་འགྱུར་རོ་ཞེས་ཟེར་རོ།། ཚོགས་འདུས་ནི་སྐྱེ་བོ་མང་པོས་བསྟེན་པའོ།། ཡང་ན་ཚོགས་དེ་གཏན་དུ་ཟློས་པར་བྱེད་པ་མང་པོ་འདུས
་པར་བྱེད་པས་ཁྱབ་པའོ།། སྨད་འཚོང་ནི་འ་ཕྱོན་མ་སྟེ། དེ་དང་འབྲེལ་བའི་ཟས་གང་ཡིན་པ་དེ་ཡང་བཟའ་བར་མི་བྱ་སྟེ། སྡིག་པས་གོས་པར་འགྱུར་བའི་ཕྱིར་རོ།། ཚོང་བ་ནི་ནོར་བསྒྱུར་མཁན་ཏེ། དེའི་ཟས་ཀྱང་སྡིག་པས་གོས་པར་བྱེད་པ་ཡིན་པར་འདོད་པས
་བཟའ་བར་མི་བྱའོ།། དེ་བཞིན་དུ་ལུས་དང་། མཆུ་དང་སེན་མོ་སྟེ། ཡན་ལག་དང་ཁ་དང་། ལག་སྐྱེས་ཀྱི་སྒྲ་འབྱིན་པོ་ཡང་སྤང་བར་བྱའོ།། དེ་བཞིན་དུ་ལག་པ་དང་། སྐྲ་སྤྲུགས་ཤི་ང་སྤྱོད་པ་ཡང་སྤང་བར་བྱའོ།། ཆུ་མེ་མཆོད་བྱ་བའི་བར་དུ་འགྲོ་ཞེས་པ་ནི། ཆུ
་དང་མེ་དང་མཆོད་པར་བྱ་བ་དག་གི་བར་དུ་འགྲོ་ཞིང་། སོང་བ་ཡང་སྤང་བར་བྱའོ།། མཆོད་བྱ་ནི་བླ་མ་ལ་སོགས་པའོ།། རོ་བསྲེགས་པ་ལ་བརྟེན་པའི་དུད་པ་ནི། མི་རོ་བསྲེགས་པ་ལས་བྱུང་བའི་དུད་པ་ཡང་སྤང་བར་བྱའོ།། དེ་བཞིན་དུ་ཆང་ལ་སོགས་པ་ལ་ཆགས
་པ་སྟེ། ཆང་དང་། རྒྱན་པོ་དང་། བུད་མེད་དང་། ཡུལ་གཞན་དག་ལ་ཆགས་ཤིང་ཡང་ནས་ཡང་དུ་བསྟེན་པ་ཡང་སྤང་བར་བྱའོ།། དེ་བཞིན་དུ་བུད་མེད་ལ་ཡི་ད་རྟོན་པ་དང་། རང་དབང་དུ་བྱ་བའི་ཡུལ་དེ་སྤང་བར་བྱའོ།། བློ་ལྡན་སྤྱོད་པ་ཐམས་ཅད་ལ།། འཇིག་རྟེན
་ཏདན་སློབ་དཔོན་ཡིན།། དབས་འཇིག་རྟེན་པ་ཡི་དོན།། རྟོག་པར་བྱེད་པས་དེ་ཉིད་བྱ།། ཞེས་བྱ་བ་ལ་བློ་དང་ལྡན་ནིང་ཤེས་རབ་དང་ལྡན་པས། སྤྱོད་པ་ཐམས་ཅད་དེ་བྱ་བ་ཐམས་ཅད་ལ། འཇིག་རྟེན་ཉིད་ཅེས་བྱ་བ། འཇིག་རྟེན་པ་དམ་པ་ཉིད་སློབ་དཔོན་ཡིན་ཏེ། རྗེས་སུ
་སྟོན་པ་ཡིན་ནོ།། དེ་བས་ན་ཞེས་པ་གཏན་ཚིགས་དེའི་ཕྱིར་གང་འཇིག་རྟེན་པའི་དོན་རྟོགས་པར་བྱེད་ཅིང་། སོ་སོར་རྟོགས་པ་སྔོན་དུ་གཏོང་ཞིང་བླང་བར་བྱ་བ་དང་། སྤང་བར་བྱ་བའི་ཚུལ་གྱིས་ལེགས་པར་དང་ཉེས་པ་དག་གིས་བྱེ་བྲག་ཤེས་པ་དག་གིས་འཇིག་རྟེན་པ་དས
་བ་དག་གིས་སྤྱོད་པ་དེ་ཉིད་རྗེས་སུ་སྤྱད་པར་བྱ་ཞིང་བསླབ་པར་བྱའོ།། སྙིང་རྗེས་བརླན་ཅིང་སྟོང་དང་ལྡན།། ལུས་དང་ངག་ཡིད་དྲིལ་བ་དང་།། གཞན་གྱི་དོན་ལ་རང་དོན་སེམས།། དེ་དག་དམ་པའི་སྤྱོད་མཐར་ཐུག་ཅེས་བྱ་བ་ལ། སྙིང་རྗེས་བརླན་པ་ནི་སེམས་ཅན་ཐམས་ཅད
་ལ་སྙིང་རྩེ་བ་དང་ལྡན་པ་ཉིད་དེ། སྙིང་རྗེས་སེམས་ནན་པའོ།། དེ་བཞིན་དུ་གཏོང་བ་ལྡན་པ་ནི། ཙ་ནུས་པ་དང་བསྟན་བཅོས་ཇི་ལྟ་བ་བཞིན་དུ་བདག་གིར་བྱ་བ་ལས་བཟློག་ཅིང་། གཞན་དགོལ་སྦྱར་བའོ།། ལུས་དང་ངག་དང་སེམས་ནི་ལུས་ངག་ཡིད་ཀྱི་རྣམ་པའོ།། དུལ
་བ་ནི་ཉེ་བར་ཞི་བའོ།། གཞན་གྱི་དོན་ལ་ཞེས་པ་ནི་གཞན་གྱི་དགོས་པའོ།། རང་དོན་སེམས་པ་ནི་གང་གཞན་གྱི་དོན་བློ་ལ་སེམས་པ་འདི་ཉིད་ཁོ་བོའི་རང་གི་དོན་ཡིན་ནོ་ཞེས་དེ་སྙམ་དུ་སེམས་པའོ།། དེ་དག་ཅེས་པ་དེ་ལྟ་བུ་ནི་དམ་པ་སྟེ། ཡ་རབས་རྣམས་ཀྱི་སྤྱོད་པ་ཡིན་པས
་ན་དམ་པའི་སྤྱོད་པའོ།། མཐར་ཐུག་པ་ནི་རྫོགས་པའོ།། ཡང་ནི་དམ་པ་ཡང་ཡིན་ལ་སྤྱོད་པ་ཡང་ཡིན་པས་དམ་པའི་སྤྱོད་པ་སྟེ། སྤྱོད་པ་མཛེས་པ་ཞེས་བྱ་བའི་དོན་ཏོ།། དལྟར་བདག་གི་ཉིད་མཚན་དུ།། དྲི་ལྟ་བུར་ནི་གནས་འགྲོ་ཞེས།། རྟག་ཏུ་དྲན་པ་ཉེར་འཇོག་པ།། སྡུག་བསྔལ
་སྣོད་དུ་མི་འགྱུར་རོ།། ཞེས་བྱ་བ་ནི་ད་ལྟར་ཞེས་པ་གནས་པའི་གནས་སྐབས་ཉིད་ན། བདག་ནི་ཉིན་མོ་དང་མཚན་མོ་རྟག་ཏུ་ཅི་ཆོས་ལ་སོགས་པའི་བྱ་བ་དང་ལྡན་ནམ། འོན་ཏེ་ཆོས་དང་མི་ལྡན་པར་འགྲོ་ཞིང་དུས་འདས་པ་ཡིན་ཞེས། དེ་ལྟར་རྟག
་ཏུ་དྲན་པ་ཉེ་བར་འཇོག་ཅིང་། དུས་ཐམས་ཅད་དུ་ཡིད་ལ་བྱེད་པ་དང་ནི་སྡུག་བསྔལ་གྱི་སྣོད་དུ་མི་འགྱུར་གྱི། འཇིག་རྟེན་འདི་དང་གཞན་དུ་ཀུན་ཏུ་དགའ་བ་ཉིད་དུ་འགྱུར་རོ།། དེ་ལྟར་སྤྱོད་པ་མདོར་བསྡུས་པས། གང་ཞིག་ཀུན་ཏུ་སྤྱོད་བྱེད་པ།། ཚེ་དང་དབང་ཕྱུག་ནད་མེད་པ།
་གྲགས་པ་འཇིག་རྟེན་རྟག་ཐོབ་འགྱུར།། ཞེས་བྱ་བ་ལ། དེ་ལྟར་ཞེས་བྱ་བ་ནི་རྫོགས་པའི་ཚིག་གོ།། སྤྱོད་པ་ནི་ཀུན་ཏུ་སྤྱོད་པའོ།། མདོར་བསྡུས་པ་ནི་མདོ་ཙམ་དུ་བསྡུས་ཏེ་བཤད་པ་ཡིན་པས་སོ།། དེ་ལྟ་བུའི་སྤྱོད་པ་དེ་སྐྱེས་བུ་གོང་ཞིག་ཀུན་ཏུ་སྤྱོད་པར་བྱེད་པ་དེ་ནི། ཚེ་ལ
་སོགས་པ་ཐོབ་པར་འགྱུར་རོ།། དེ་ལ་ཚེ་ནི་སྲོག་གོ།། ནད་མེད་པ་ནི་བདེ་བར་གནས་པའོ།། དབང་ཕྱུག་ནི་འབྱོར་པ་དང་ལྗོན་པའོ།། གྲགས་པ་ནི་སྙན་པས་ཀུན་ཏུ་ཁྱབ་པའོ།། འཇིག་རྟེན་རྟག་པ་ནི་མི་བཟང་པོའི་གནས་ཐོབ་ཅིང་མི་འཇིགས་པོའི་དངོས་པོ་མ་ལུས་པར
་ཐོབ་པར་འགྱུར་རོ།། ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ། ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས་ལེའུ་གཉིས་པའི་རྣམ་པར་འགྲེལ་པའོ།། ། དེ་ནས་དུས་སུ་སྤྱད
་པའི་ལེའུ་བཤད་པར་བྱའོ་ཞེས་བྱ་བ་ལ། འདིར་ཐ་མལ་པར་བདེ་བར་གནས་པའི་འཇུག་པ་བཤད་པའི་སྐབས་ཡིན་ལ། དེ་ཡང་ལེའུ་སྔ་མར་ནི། དུས་ཚིགས་ཇི་ཙམ་དུ་བསྟན་པ་ཡིན་ལ། ད་ནི་དུས་ཀྱིས་ཁྱད་པར་བསྟན་པར་བྱ་བའི་ཕྱིར། ལེའུ་འདི་བརྩོམ་པ་བྱིས
་པ་དེ་ཉིད་རིགས་པ་ཡིན་པའི་ཕྱིར། དེ་ཡང་གང་གི་ཕྱིར་ཞག་གཅིག་གི་ཆ་ཤས་ནི། ཐང་གཅིག་ཡིན་ལ། དེའི་སྤྱོད་པ་ཡང་གཅིག་གིས་ཉེ་བར་མཚོན་ནས་སྟོན་ཏེ། དེ་ནི་ཚངས་ཕྱིར་ཐང་གཅིག་ཅེས་བྱ་བ་ལ་སོགས་པའི་གཟུང་གིས་བཤད་པ་ཡིན་ནོ།། ཉིན་ཞག་ཤྲ
་བསྡུས་པ་ནི་ཟླ་བ་ཕྱེད་དོ།། ཟླ་བ་ཕྱེད་བསྡུས་པ་ནི་ཟླ་བའོ།། ཟླ་བ་བསྡུས་པ་ནི་དུས་སོ།། དུས་བསྡུས་པ་ནི་ལྟོ་དང་བྱང་དུ་འགྲོ་བའོ།། དེ་ལ་དུས་དང་དུས་སུ་སྤྱད་པར་བྱ་བ་ཡིན་པས་དུས་ཀྱི་སྤྱོད་པའོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་གཞན་དག་གི་ཚིག་གི་དོན་སྔར་བཤད
་བར་བས་སོ།། དགུན་ཟླ་ར་བ་སོགས་གཉིས་གཉིས། རིམ་བཞིན་དུས་ནི་དྲུག་ཏུ་བཤད།། དེ་ལས་དགུན་ཟླ་ཐ་ཆུང་སོགས།། གསུམ་ནི་བྱང་དུ་འགྲོ་ཞེས་བྱ།། དེ་ཚེ་མི་རྣམས་ཉིན་རི་ཞིང་།། མཐུ་འཕྲོག་པ་ཞེས་བྱ་བ་ཡིན།། ཞེས་བྱ་བ་ལ། དགུན་ཟླ་ར་བ་ལ་སོགས་པ
་ཞེས་པ་ནི། དགུན་ཟླ་ར་བ་དང་འབྲིང་པོ་ལ་སོགས་པའོ།། གཉིས་གཉིས་ནི་གྲངས་གཉིས་ཀྱིས་བཅད་པའི་ཟླ་བ་བཅུ་གཉིས་སོ།། རིམ་ནི་གོ་རིམ་ཇི་ལྟ་བ་བཞིན་དུ་བྱ་བ་ཡིན་གྱི། གོ་རིམ་འཆོལ་བ་ནི་མ་ཡིན་ནོ།། དགུན་ཟླ་ཐ་ཆུང་སོགས་ཞེས་བྱ་བ་ནི། དགུན་སྨད་དང་།
་དཔྱིད་དང་། སོ་ག་དང་། དབྱར་དང་། སྟོན་དང་། དགུན་སྟོད་དེ། དུས་དྲུག་ཏུ་དུས་ཀྱི་རྣམ་པར་དབྱེ་བ་བཤད་ཅིང་བསྟན་པ་ཡིན་ནོ།། དེ་ལ་དུས་གསུམ་སྟེ། དགུན་སྨད་དང་། དཔྱིད་དང་། སོས་ཀ་ཞེས་བྱ་བའི་དུས་གསུམ་ལ་ནི། ཉི་མ་བྱང་ཕྱོགས་སུ་འགྲོ་བ་ཡིན་ཏེ། ཉི་མ
་བྱང་ཕྱོགས་སུ་འགྲོ་བ་དེ་ནི། མཐུ་འཕྲོག་པ་ཞེས་ཀྱང་བྱ་བར་ཤེས་པར་བྱ་བའོ།། དེ་ཡང་གང་གི་ཕྱིར་དུས་དེའི་ཚེ་མི་རྣམས་ཀྱི་མཐུ་དང་སྟོབས་ཉི་མ་རེ་རེ་ཞིང་འཕྲོག་ཅིང་འབྲི་བར་བྱེད་པ་ཡིན་ནོ།། སུ་ཞིག་གིས་འཕྲོག་ཅེ་ན། རང་གི་རང་བཞིན་ཡིན་པའི་ཕྱིར། ཉི་མའི་འོད
་ག་ཞེས་འཕྲོག་པ་སྐྱེད་པལ། བ་ནན། དེ་ན་ན་ནང་དྷ།། རྩུ་པའི་ལས་མྱ་བཅད།། དྲུང་ནས་ཟླབ་མས།། ས་མ་ཡན་ཏན་དད་པར་བྱུང་།། ཅེས་བྱ་བ་ལ། ས་དང་ཆག་ག་བྱར།། ཤཱ་ན་པ་དང་། ཆབ་དང་།
་མས་གྱུར་བཏོ་དང་། ང་བཞིན་ན་མིན་པས་ཉི་མ་ད་ཟུང་གིས་ཆུབའི་རྒྱལས་བྱུང་བའི་རྗེམས་པོ་རང་བཞིན་གནས་པ་ཡོ་ནི་དབྱུང་བ་བྱུང་ཅི་འབྲི་བར་བྱེད་དོ།། ཚུལ་དོ་ལྡན་མ་ནི་རྩུབ་པའི་རང་བཞིན་ཅན་ཡིན་པས་མནྟ་གྷངས་བྲོག་སྟེ། དེས་ན་ད་ཆོ
་པོ་རྣམས་ཀྱི་ཁུ་བཅུད་རྩུབ་པར་འགྱུར་བ་ཡིན་ནོ།། འདིར་ནི་ཆ་བསྐ་ཁ་པ་ཡི། རོ་རྣམས་སྟོབས་ནི་ཆེ་བ་ཡིན་ཞེས་བྱ་བ་ནི། དུས་འདིའི་ཚེ་ཚ་བ་ལ་སོགས་པའི་རོ་རྣམས་གྲངས་ཇི་ལྟ་བ་བཞིན་རིམ་གྱིས་སྟོབས་ཆེ་མ་ཡིན་ནོ།། དེ་ལ་དགུན་སྨད་ཀྱི་དུས་སུ་རོ་ཆ་བ་སྟོབས་ཆེ་བ་ཡིན་ནོ།།
་དཔྱིད་ནི་བསྐ་བའོ།། སོ་གོའི་ནི་ཁ་བ་སྟོབས་ཆེ་བ་ཡིན་ནོ།། སྟོབས་ཆེ་བ་སྨོས་པ་ནི་འདི་སྐད་སྟོན་པ་ཡིན་ཏེ། དེའི་ཚེ་ཚ་བ་ལ་སོགས་པའི་རོ་འདི་དག་སྐྱེད་པར་བྱེད་པ་མ་ཡིན་གྱི་འོན་ཀྱང་རང་གི་ནུས་པ་གསལ་བར་སྣ་ན་བྱེད་པ་ཉིད་ཡིན་པས། དེའི་ཚེ་སྟོབས་ཆེ་བར་འགྱུར
་པ་ཡིན་ཞིང་། རང་གི་མཐུ་ཁྱད་པར་ཅན་རྫོགས་པར་བྱེད་དོ།། དེ་བས་ན་མོ་ནི་མཐུ་སྟོབས་འཕྲོག་ཅེས་བྱ་བ་ནི། གང་གི་ཕྱིར་དེ་ལྟར་སའི་ཟླ་བའི་བསིལ་པོའི་ཡོན་ཏན་འབྲི་བར་བྱེད་ཅིང་། རྩུབ་པའི་རོ་འཕེལ་བར་བྱེད་ལ། ཉི་མ་རྣོ་བར་བྱེད་པས་འགྲོ་བའི་སྣུམ་པའི་སྟོབས་འབྲོག
་པར་བྱེད་ཅིང་། རླུང་གིས་ཀྱང་ཆུའི་ཁམས་སྐེམས་པ་ཡིན་ནོ།། ལྷོ་ཕྱོགས་སུ་ནི་འགྲོ་བའི་དུས།། དབྱར་ལ་སོག། ར་སླར་སྟོབས་བསྐྱེད།། འདིར་སྟོབས་སླར་ནི་སྐྱེས་པས་ན།། འདིར་ནི་བསིལ་བས་ཟླ་བ་ནི།། སྟོབས་དང་ལྡན་པས་ཉི་མོ་པོ་ཧྲཱི།། ཞེས་བྱ་བ་ནི་ལྷོ་ཕྱོགས་སུ་འགྲོ
་བཞེས་བྱུ་ན་ནམ་སྣ་ཕྱོགས་སུ་འགྲོ་བབ།། དེའི་དུས་ནི་བྱ་ལ་སོགས་པ་ཡིན་ཏེ། གླུང་དང་སྟོན་དང་། དགུན་སྟོད་ཅེས་བྱ་བ་ནི་གསུམ་མོ།། དུས་དེ་ནི་སྲང་བསྐྱེད་པ་ནས་བྱ་བ་དང་། དཔལ་ནངན་ས་ནས་བྱ་བ་ཡིན་ཏེ། གང་གི་ཕྱིར་ཉི་མའི་འོད་ཟེར་གྱིས་སྟོབས་འཕྲོག་པའི
་བུ་མི་རྣམས་ཀྱི་བཙུད་འཕྲོག་ཅིང་བང་བུར་བྱེད་པ་སྟེ། སྲུ་གྶ་ཏོ་བནི་སྐྱེད་པར་བྱེད་པ་ཡིན་ཏེ། དེབས་མ་འཛི་སླར་ཏོང་པོ་ཡིན་པས་ནཱ~ཾ། དོན་དེ་མཐུན་པའི་མིང་དུ་དུས་བོད་ལ་སྐྱེད་པ་ཞེས་བྱའོ།། སྤྱད་སྐྱེ་པའི་དུས་ཛཛར་ནི་བསི་པོ་ཞི་བ་ནི་བ་ཡིན་པས་ཟླ་བ་སྟོབས་དང་ལྡན
་ཞིང་ནུས་པ་ཆེ་བ་ཡིན་ལ། དེས་ན་ཉི་མ་འབྲི་བོ་ཡིན་ཏེ། དེའི་ཚེ་ཉི་མའི་སྟོབས་ཆུང་བར་འགྱུར་བ་ཡིན་ཏེ། འདིའི་ནུས་པ་འབྲི་བ་ནི། ཟླ་བའི་སྟོབས་འཕེལ་པོས་བསིལ་བར་བྱས་པ་དང་། ལྷོ་ཕྱོགས་སུ་འགྲོ་བའི་ལམ་གྱི་མཚན་ཉིད་ཡིན་པའི་ཕྱིར་རོ།། འཆར་འབབ་པ་དང་། རླུང
་བསིལ་བས། ས་སྟེད་ཚ་བཞི་པ་ནི།། འདིར་ནི་སྒྱུམ་དང་སྦྱར་ལན་ཙྪ།། མངར་བའི་རི་རྣམས་མཐུ་བསྐྱེད་དོ།། ཞེས་བྱ་བ་ལ། འདྲིར་ནི་ཞེས་པ་སྨྲར་སྟོབས་བསྐྱེདད་པའི་དུས་འདིར་སྣུམ་པ་དང་། རོ་གསུམ་པོ་སྒྱུར་བ་དང་། ལན་ཚྭ་དང་། མདར་བ་མཐུ་ཆེ་བ་ཞིང་སྟོབས་བསྐྱེད་པས་རང་གི
་ནུས་པ་གསལ་བར་བྱེད་ལ། འབྱུང་བ་ཆེན་པོ་རྣམསཆེ་ཆུང་གི་ཤས་སྙོམས་པས། རློ་རྣམས་མཐུ་ཆེ་བོར་འགྱུར་བ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དུས་བསིལ་བའི་ཕྱིར་ཏེ། ཆར་གྱི་ཚོགས་འབབ་པ་དང་། རླུང་བསིལ་ཞིང་གྲང་བས་སའི་སྟེང་གི་ཚེ་བཞི་ཞིང་ཐན
་བང་དབུལ་བས་སོ་མ་མནོ།། དིངས་ས་པ་ཤིན་དུ་ཀྱང་བར་བྱེ། བྱ་ནི་ས་རྗི་པོ་ན་།། ཙུན་བྱེང་ནི་སང་།། སྤྲིན་ཆེན་ཅིར་དང་ས་སུ།། ས་རླུ་ཕྱོགས་དག་པ་ང་།། བ་ས།
་བའི་དུས་ཏེ། དགུན་སྟོད་དང་། དགུན་སྨད་ཅེས་བྱ་བའོ།། ཆེ་བ་ནི་དེའི་ཚེ་མི་རྣམས་ཀྱི་མཐུ་སྟོབས་མཆོག་ཏུ་ཆེ་བར་འགྱུར་རོ།། འདིར་དགུན་ཞེས་སྨོས་པས་ནི། དགུན་སྡོད་དང་། དགུན་སྨད་གཉི་ག་ཡིན་པར་ཤེས་པར་བྱ་སྟེ། དེའི་ཚེ་ནི་མིའི་སྟོབས
་ཤིན་ཏུ་ཆེ་བ་ཡིན་ནོ།། ཆར་དུས་དང་། ཚ་དུས་ནི་དབྱར་དང་སོ་ཀའི་དུས་ཏེ། དེའི་དུས་སུ་མིའི་སྟོབས་ཆུང་བ་ཡིན་ནོ།། ལྷག་མ་སྟེ། སྟོན་དང་དཔྱིད་དག་ལ་ནི།། མིའི་སྟོབས་འབྲིང་ཞིང་རན་པ་ཡིན་ནོ།། དེ་ལ་རེ་ཞིག་དགུན་གྱི་དུས་ཀྱི་སྤྱོད་པ་སྨྲས་པ་ནི། སྟོབས་ལྡན་གྲང་བས
་བཀག་པ་ནི།། དཀུན་གྱི་དུས་སུ་མེ་སྟོབས་ལྡན།། དོནི་རླུང་གིས་སྦར་བས་ན།། ཟས་ཉུང་གྱུར་ན་ལུས་ཟུངས་སྐེམས།། དེ་བས་དགུན་ནི་མངར་སྦྱར་དང་། ལན་ཚྭའི་རོ་ནི་བསྟེན་པར་བྱ།། ཞེས་བྱ་བ་ལ། སྟོབས་ཞེས་བྱ་བ་སྐྱེས་བུའི་མི་དགུན་གྱི་དུས་སུ་སྟོབས་དང་ལྡན་པར
་འགྱུར་རོ།། དེ་ཡང་དགུན་ནི་སླར་སྟོབས་བསྐྱེད་པའི་དུས་ཡུན་རིང་དུ་བསགས་པ་ཡིན་པས། མིའི་སྟོབས་བརྟན་པར་གྱུར་པ་ཡིན་གྱི། དང་པོ་རྩོམ་པ་ཙམ་གྱིས་ནི་མ་ཡིན་པས།། སྟོབས་འཕྲོག་པའི་དུས་ཀྱི་སྟོབས་རྫོགས་པས། དེ་ལ་གནོད་པར་མི་ནུས་སོ།། དེ་བས་ན
་དགུན་ནི་སྟོབས་མཆོག་ཏུ་ཆེ་བར་གྲུབ་པ་ཡིན་ནོ།། དེ་ཉིད་ཀྱིས་དང་པོ་ཉིད་དུ་སྟོབས་ལྡན་གྲང་བས་བཀག་པ་ནི་ཞེས་སྨོས་པ་ཡིན་ཏེ། སྟོབས་ནི་འདི་ལྟར་བྱེད་དེ། སླར་སྟོབས་བསྐྱེད་པའི་དུས་སུ་སྟོབས་བསགས་པ། དེའི་ཚེ་སྐྱེས་བུ་དང་ལྡན་པ་ཡིན་ལ། སྟོབས་དེ
་གྲང་བས་བཀག་པས་མི་སྨིན་པར་ནུས་པོའི་སྟོབས་དང་ལྡན་པར་འགྱུར་རོ།། འདིར་དངོས་པོའི་མཚན་ཉིད་ནི་འདི་ཡིན་ཏེ། ཕོ་བིའི་མེ་དྲོད་ཀྱི་ཚོགས་གང་ཡིན་པ་བ་སྤུའི་བུ་གོ་རྣམས་ལས་ཕྱིར་འབྱུང་བ་ནི་གྲང་བའི་རེག་པསོ་བ་སྤུའི་བུ་གེ་བཀག་པས་ནང་དུ་འདུས་ལ།
་ནང་དུ་རྡུགས་པ་དེས་རང་གི་མེའི་དྲོད་དེས་ཕོ་བའི་མེ་དྲོད་དེ་ཉིད་མངོན་པར་འཕེལ་བར་བྱེད་དོ།། ཕོ་བའི་མེ་དྲོད་འཕེལ་བ་དེ་ཅི་ཞིག་བྱེད་ཅེ་ན། དེ་ནི་རླུང་གིས་སྦྱར་བས་ན། ཟས་ཉུང་གྱུར་ན་ལུས་ཟུངས་སྐེམས་ཞེས་སྨོས་པ་ཡིན་ཏེ། ཕོ་བའི་མེ་དྲོད་དེ་རླུང་གིས་སྦར
་ཞིང་བུས་པས། ཟས་ཉུང་བར་འགྱུར་ཞིང་། དོར་ཚེ་ཁ་ཟས་འགྲངས་པར་ཟོས་ན་དངས་མ་ལ་སོགས་པའི་ལུས་ཟུངས་རྣམས་བཅོས་ཤིང་སྐེམས་པར་འགྱུར་རོ།། དེ་བས་ན་དགུན་གྱི་དུས་སུ་ནི་མེའི་དྲོད་བསྲུང་བའི་ཕྱིར། ཁ་ཟས་ལེགས་པར་འགྲངས་པར་བཟའ་བ་ངེས
་བ་ཁོ་ན་བྱ་དགོས་ཏེ། ཕོ་བའི་མོ་དྲོད་ཀྱིས་ཟས་ཀྱི་ཚོད་ལྕི་བ་འཇུ་བར་ནུས་པ་ཡིན་གྱི། དུས་གཞན་དག་ཏུ་ན་དེ་ལྟར་མ་ཡིན་ནོ།། དེ་བས་ན་ཞེས་པ་ནི་རླུང་གིས་བོ་བའི་མེ་སྦར་བ་ན་སྟོབས་ཅན་ཡིན་པ་དེ་ལས་རྒྱལ་བར་བྱ་བའི་ཕྱིར་རོ།། དགུན་ནི་ཁ་བ་འབབ་པའི་དུས
་དག་ཏུ་མངར་བ་དང་། སྐྱུར་བ་དང་། ལན་ཚྭའི་རོ་བསྟེན་པར་བྱ་ཞིང་ལོངས་སྤྱད་པར་བྱའོ།། དེ་ཚེ་མཚན་མོ་རིང་བ་ན།། ནང་པར་ཉིད་ན་བཀྲེས་པར་འགྱུར།། ངེས་པར་བྱ་བ་བྱས་ནས་ནི།། ཇི་སྐད་བཤད་རྫོགས་དེ་རྗེས་ལ།། རླུང་འཇོམས་ཏིལ་མར་གྱིས་བྱུག་ཅིང་།། སྤྱི་བོ་ཏིལ
་མར་གྱིས་བྱུག་མ། ཨོཾ་གཡོད་པ་དང་སྟོབས་བྱེད་ཅིང་།། རྒོང་པས་རན་པོར་མཉེསོ་བྱས་ལ།། དགུན་གྱི་དུས་དོར་ཆེ།། མཚན་མོ་ནམ་རིང་བས་ནང་པར་སྟེ། ཟོ་རངོས་ཀྱི་དུས་ཉིད་དུ་འཀྲེས་ཤིང་ཟས་འདོད་པར་འགྱུར་རོ།། དེ་བས་ན་དེའི་ཚེ་ངེས་བར་བྱ་བ་ཞེས་བྱ་བ།
་བཤོང་གཙོད་ནས་གཙང་སྒྲའི་ཚིས་བྱ་བ་དང་། སོ་ཤིང་བཅའ་བ་དང་། མཐུར་པོ་བ་ཀང་སྟེ་དང་པོ་ལ་སོགས་པཉིན་དེ་སྤྱད་པའི་ཆོ་གའི་ལེའུ་ལས་ཇི་སྙེད་བཤད་པ་རྫོགས་ཤིང་ཟིན་པར་བྱས་ལ། དེའི་རྗེས་ལ་རླུང་འཇོམས་ཤིང་སེལ་བའི་ཏིལ་མར་གྱིས་རླུང་གི
་ནད་གསོ་བ་ལས་བསྟན་པ་བཞིན་དུ་བྱུག་ཅིང་བསྐུ་བ་བསྟེན་པ་ར་བྱའོ།། དེ་བཞིན་དུ་སྤྱི་བོ་སྟེ། མགོར་ཏིལ་མར་བྱུག་པ་དང་། མཉེ་བ་སྟེ་ཁྱད་པར་དུ་ཡན་ལག་རྣམས་ལག་པ་དག་གིས་མཉེ་བ་དང་བག་ཡོད་པ་ནི་མཁས
་པ་སྟེ། དེ་དང་ལྷན་ཅིག་ལག་པའི་སྟོབས་སྐྱེད་པའི་ཚུལ་གྱིས་མཉེ་བར་བྱའོ།། དེ་བཞིན་དུ་རྐང་པས་རན་པར་མཉེ་བ་སྟེ། རྐང་པ་གཉིས་ཀྱིས་པགས་པ་དང་། སྤུ་ལ་སོགས་པ་ལ་མི་གནོད་པར་རན་ཅིང་ཅི་རིགས་པར་མཉེ་བར་བྱའོ།། དེ་ནས་བསྐབས་སྣུམ་བསལ་ལ།།
་ཆོ་ག་བཞིན་དུ་ཁྲུས་དག་བྱ།། གུར་གུམ་གླ་རྩི་དང་བཅས་པ།། ལུས་བསྐུས་ཨ་ཀ་རུ་ཡིས་བདུག། ཤ་ཚོན་ཁུ་བ་སྣུམ་བ་ག་དང་།། བུ་རམ་ཆང་དང་ཆང་དངས་ཚང་།། གྲོ་དང་འབྲས་ཁུར་མཱ་ཥ་དང་།། འོ་མ་བུ་རམ་ཤིང་བཅས་བཟའ།། ཁ་ཟས་གསར་དང་ཞག་ཏིལ་མར།། །
་དྲོ་འཇམ་ཆུ་ཡི་གཙང་སྦྲ་བྱ།། ཞེས་བྱ་བ་ནི། དེ་ལྟར་ལུས་བཀྲུས་པའི་འོག་ཏུ་སྲན་ཆུང་གི་ཕྱི་མ་ལ་སོགས་པ་རྫས་བསྐ་བས་སྣུམ་བསལ་ཞིང་མེད་པར་བྱས་ལ། དེའི་འོག་ཏུ་ཚེ་ག་ཛ་ལྟ་བ་བཞིན་དུ་ཞེས་པ་ཆོ་ག་དང་མི་འགལ་བ་སྟེ། ཆུ་དྲོན་པོས་ལུས་ཀྱི་སྨད་བཀྲུ་བ
་ལ་སོགས་པ་སྔར་ཇི་སྐད་བཤད་པ་བཞིན་དུ་ལུས་བཀྲུ་བར་བྱའོ།། དེ་ནས་ནི་གུར་ཀུམ་གླ་རྩི་དང་བཅས་པས་ལུས་བསྐུ་བར་བྱའོ།། དེའི་འོག་ཏུ་སྐྱེས་བུའི་ལུས་ཨ་ཀ་རུའི་བ་དུག་པས་བདུག་པར་བྱའོ།། ཤ་ཚོན་ནི་ཤ་བཟང་པོའོ།། ཁུ་བ་ནི་ཤ་ཁུའོ།། སྣུམ་ཅན་ནི་མར་ལ
་སོགས་པ་དང་ལྡན་པའོ།། དེ་ལ་བུ་རམ་ཆང་ནི་བུ་རམ་ལས་བྱས་པའི་ཆང་ངོ་།། ཚངས་དངས་མ་ནི་ཤིན་ཏུ་དངས་པའི་ཆང་ངོ་།། ཡང་ཆང་ཞེས་སྨོས་པ་ནི་ཡང་དེ་ལས་གཞན་པ་ཆང་བསྐ་བ་དག་བཏུང་བའོ་དེ་བཞིན་དུ་གྲོ་ལས་བྱས་པའི་ཁུར་བ་དང་ལ་དྷུ་ལ་སོགས་པ
་བཟའ་བ་དང་འབྲས་ཁུར་ཏེ། འབྲས་བཏགས་པ་ལས་བྱས་པའི་ཁུར་བ་དང་། མ་ཤ་ལས་བྱས་པའི་བཟའ་བ་དང་། ཀྲྀ་སར་ལ་སོགས་པའི་བཟའ་བ་དང་། འོ་མ་ལས་བྱས་པ་སྟེ། ཕྲུམ་དང་ཞོ་དང་ཆུར་བ་ལ་སོགས་པ་དང་། བུ་རམ་ཤིང་ལས་བྱས་པ་སྟེ། བཏུང་བ་དང་།
་བུ་རམ་ལ་སོགས་པ་སྟེ། དེ་ཐམས་ཅད་བཟའ་བར་བྱའོ།། དེ་བཞིན་དུ་ཁ་ཟས་སར་པོ་ནི་གསར་ཐོག་ལས་བྱས་པའོ།། ཞག་ནི་ཚིལ་མེད་པའི་ཤ་བཙོས་ཏེ་ཚེས་པ་དང་། དེའི་སྟེང་ན་སྣུམ་གང་ཞིག་འབྱུང་བ་དེ་ལ་ནི་ཞག་གི་སྒྲར་བཤད་དོ།། དེ་ཡང་ལུང་ལས། ཚལ་མེད
་ཤ་ཡི་སྣུམ་གང་ཡིན།། དེ་ནི་ཞག་ཏུ་ཡོངས་སུ་བསྒྲགས།། ཞེས་བཤད་པ་ཡིན་ནོ།། ཏིལ་མར་ནི་ཏིལ་མར་ལས་བྱུང་བ་ཡིན་ནོ།། དེ་བཞིན་དྲོ་འཇམ་ཆུ་ནི་རན་པར་བསྲོས་པའི་ཆུ་སྟེ། དེས་ཁྲུས་ལ་སོགས་པ་གཙང་སྦྲའི་བྱ་བ་བྱའོ།། བེའུ་རས་སྐྲག་པ་དར་སོགས་བགོ།
་དྲེའུ་རྡོ་གི་རེའུ་བལ་ཅན་གདིང་།། རང་བཞིན་དྲོ་ཞིང་ཡང་བ་ཡི།། གོས་བགོས་མལ་ཆ་བསྟེན་པར་བྱ།། ཉི་མའི་འོད་ས་རན་པར་འདེ།། དུགས་བྱེ་ལྷམ་ནི་རྟག་ཏུ་བགོ།། ཞེས་བྱ་བ་ནི་དེའི་ཚེ་སྐྱེས་བུས་མལ་བརྟེན་པར་བྱའོ།། ཇི་ལྟ་བུ་ཞེ་ན། བེའུ་རས་ཞེས་བྱ་བ་ལ་སོགས་པ
་སྟེ། བེའུ་རས་ནི་བེའུ་ཕྲུག་གམ། ལྟ་བ་དམར་པོའོ།། སྐྲག་པ་ནི་པགས་པའི་གོས་སོ།། དང་ནི་རྒྱ་ལས་བྱུང་བའོ།། སོགས་པ་ནི་གོས་བཟང་པོ་གཞན་དག་བསྡུའོ།། དྲེ་རུ་རྔོག་རེའུ་བལ་ཅན་ནི། སྦྱིན་ལ་སོགས་པའི་སྤུ་ལས་བྱས་པའོ།། རང་བཞིན་དྲོ་བ་ནི་ཕལ་ཆེར
་ཧཱུཾ་དང་ལྡན་པའོ།། ཡང་པོན་ཕྲ་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ།། དེ་བགོས་པ་ནི་དེ་ངག་སྟེང་ནས་བགོ་བ་དང་། འོག་ཏུ་བཏིང་བའི་མལ་སྟན་ལ་སྐྱེས་བུས་བསྟེན་པར་བྱའོ།། དེ་བཞིན་དུ་ཉི་མའི་འོད་ལ་རན་པར་ཞེས་བྱ་བ། འགྲོ་བ་ལ་སོགས་པ་སྤངས
་ལ། ཉི་མ་འདི་ཞིང་སྟེན་པར་བྱའོ།། དེ་བཞིན་དུ་དུགས་ཏེ་བསྲོ་བ་ལ་སོགས་པའི་དབྱེ་བ་རྣམ་པ་བཞི་དག་ཀྱང་ཅི་རིགས་པར་བསྟེན་པར་བྱའོ།། དེ་བཞིན་དུ་ལྷམ་ཞེས་བྱ་བ་དུས་འདིའི་ཚེ་རྣམ་པ་ཐམས་ཅད་དུ་རྟག་པར་ལྷམ་པགོ་པར་བྱའོ།། ཆུང
་མ་བཞོན་ཞིང་ཡིད་འོང་རྒྱགས།། ནུ་མ་བརླ་དང་རོ་སྨང་རྒྱས།། ཀུ་རྀ་ཀུམ་གྱིས་བྱུགས་སྤོས་ཀྱིས་བདུགས།། ལུས་ཀྱི་དྲོད་ཀྱིས་གྲང་སེལ་བའོ།། ཞེས་བྱ་བ་ནི། དེའི་ཚེ་ཆུང་མ་གཞོན་ཞིང་དར་ལ་བབ་པ་དང་། ཡིད་དུ་འོང་ཞིང་སྙིང་དུ་སྡུག་པ་དང་། ནུ་མ་དང་བརླ་དང་རོ་སྨད་ཀྱི
་ཤས་ཤིན་ཏུ་རྒྱས་པ་དང་།། སྤོས་ཀྱི་བདུག་པ་ལ་སོགས་པས་ལུས་ཀྱི་དྲོད་ཀྱི་གྲང་བ་སེལ་ནུས་པ་བསྟེན་པར་བྱའོ།། ས་ཁང་ཁང་པ་ཉིས་རིམ་བྱ།། མདག་མེའི་དྲོད་ཀྱིས་བསྲོས་པས་ནི།། གྲང་དང་རྩུབ་པ་ལས་བྱུང་བའི།། ཉེས་པ་ནམ་ཡང་མི་འབྱུང་ངོ་།། ཞེས་བྱ་བ་ལ་ས
་ཁང་ནི་གང་ས་བསྐོས་ནས་ཁང་པར་བྱས་པའོ།། ཁང་པ་ཉིས་རིམ་ནི་ཁང་པའི་ནང་དུ་ཁང་པར་བྱས་པའོ།། མདག་མེ་དག་ནི་དྲོད་ཀྱིས་བསྲོས་པོའི་སོལ་བ་མ་དག་མར་ལྷག་པར་བྱས་པའི་དྲོད་ཀྱིས་ཁང་པ་གང་བསྲོས་པར་གྱུར་པ་དེར་གནས་ཤིང་སྤྱོད་པར་བྱེད་པའི་སྐྱེས་བུ་དེ
་ལ་ནི་གྲང་བ་དང་རྩུལ་པ་ལས་བྱུང་བའི་ཞེས་པ། གྲང་བ་དང་རྟུལ་བའི་དངོས་པོ་ལས་གྱུར་པའི་ཉེས་པའི་གནོད་པ་ནམ་ཡང་འབྱུང་ཞིང་སྐྱེ་བར་མི་འགྱུར་རོ།། ད་ནི་དགུན་སྨད་ཀྱི་སྤྱོད་པ་བསྟན་པར་བྱ་བའི་ཕྱིར་སྨྲས་པ་ནི། དགུན་སྨད་དུས་སུ་ལྷག་པར་ཡང་། ཆོ་ག་འདི་ཉིད་བྱ
་བ་ཡིན།། དེ་ཚེ་ལྷག་པར་གྲང་བ་དང་།། སྟོབས་འཕྲོག་ལས་བྱང་རྩུབ་པའང་ཡིན་ཞེས་བྱ་བ་ལ། དགུན་སྟོང་ཀྱི་བྱ་བ་འདི་ཉིད་ནི། དགུན་སྨད་ཀྱི་དུས་སུ་ཡང་ལྷག་པར་སྟེ། ཁྱད་པར་དུ་བྱའོ།། དེས་ན་སྣུམ་པ་དང་། རོ་གསུམ་པོ་དགུན་སྟོད་ཀྱི་དུས་སུ་བསྟེན་པར་བཤད
་པབདེ། དགྲན་སྨད་ཀྱི་དུས་སུ་ཤིན་ཏུ་སྣུམ་པ་ལ་བསྟེན་པར་བྱ་ལ། དེ་བཞིན་དུ་བསྟེན་པར་བྱ་བ་བཤད་པ་གཞན་གང་དག་ཡིན་པ་དེ་རྣམས། དེའི་ཚེ་ལྷག་པར་ཤས་ཆེ་བར་བྱས་ནས། ཐམས་ཅད་བསྟེན་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། དགུན་སྤྱོད་ཀྱི་དུས་ལས་ཀྱང་དེའི་ཚེ་ལྷག་པར
་གྲང་བར་འགྱུར་བ་ནི་དུས་ཀྱི་རང་བཞིན་ཡིན་ལ་དེ་བཞིན་དུ་སྟོབས་འཕྲོག་པའི་དུས་ལོས་བྱུང་བའི་རྩུབ་པ་ཡང་དེའི་ཚེ་འབྱུང་བ་ཡིན་ནོ།། དཔྱིད་ཀྱི་དུས་ཀྱི་སྤྱོད་པ་དག་བསྟན་པ་ནི།། དགུན་ནི་བད་ཀན་ཁོང་ནི་སོག། དཔྱིང་དུས་ཉི་མའི་འོད་དྲོས་པས།། མེ་ཡི་དྲོད་ཉམས་ནང་བསྐྱེད
་དེ། དེ་བས་དེ་ནི་མྱུར་དུ་བསལ།། རྣོ་དང་སྐྲག་སྨན་སྣ་སྨན་སོགས།། ཡང་དང་རྩུབ་པའི་ཁ་ཟས་དང་།། བཙག་དང་ལུས་ཕྱི་མཉེ་བ་ཡིས།། བད་ཀན་བདོ་བོའི་ནད་བསལ་བ།། ཁྲུས་བྱས་ག་བུར་ཙན་དན་དང་།། གུར་གུམ་སོགས་པས་བསྐུ་བར་བྱ།། ཞེས་བྱ་བ་ལ། དགུན
་ཞེས་པ་ནི་གྲད་བར་ཆ་མཐུན་པས།། དགུ་ན་སྟོད་དང་དགུན་སྨད་གཉི་ག་ཡིན་པར་ཤེས་པར་བྱའོ།། དེའི་ཚེ་ནི་བད་ཀན་ཁོང་དུ་སོགས་ཤིང་འཕེལ་བ་ཡིན་ནོ།། དེ་ཡང་གང་གི་ཕྱིར་དགུན་སྟེང་དང་། དགུན་སྨད་ཀྱི་དུས་སུ་སྣུམ་བག་ལ་སྤྱོད་པ་དང་། དེ་བཞིན་དུ་དུས་ལས་བྱུང་བའི
་གྲང་བས་འདི་ལྷག་པར་བསྒོམས་པར་གྱུར་པ་དང་། དེ་དཔྱིད་ཀྱི་དུས་ལ་བབ་པ་དང་། ཉི་མོའི་འོད་ཟེར་གྱིས་ཚ་བས་གདུངས་པ་དང་། གཟུགས་ཞུ་བ་ཉིད་དུ་གྱུར་པས། ཆུ་ལྟར་མེའི་མི་མཐུན་པའི་ཕྱོགས་སུ་འགྱུར་རོ།། དེས་ནི་ཕོ་བའི་མེ་དྲོད་ཉམས་པར་བྱས་ཤིང་བཅིལ
་ནས། ནད་སྐྱེད་པར་བྱེད་ཅིང་བར་བྱེད་དོ།། དེ་བས་ན་དཔྱིད་ཀྱི་དུས་ལ་བབ་མ་ཐག་བད་ཀན་ཆུའི་ཚོགས་ལྟར་གནས་པ་དེ་མྱུར་དུ་ཐམ་པ་ལྟ་བུའི་སྐྱུགས་སྨན་ལ་སོགས་པའི་གསོ་བ་རྣམས་ཀྱིས་བསལ་ཞིང་བཟློག་པར་བྱའོ།། ངོའི་མི་མཐུན་པའི་ཕྱོགས་ནི
་སྨན་རྣོན་པོ་རྣམས་བཏང་བ་དང་། དེ་བཞིན་དུ་ཡང་བ་དང་རྔུབ་པའི་ཁ་ཟས་ཏེ། ཟས་ཕལ་མོ་ཆེ་ཁ་བ་དང་། བསྐ་བ་ལ་སོགས་པ་དང་ལྡན་པ་བཟའ་བ་དང་། དེ་བཞིན་བཅའ་བ་ལ་སོགས་པས་བ་ཀུན་བདོ་བ་བསལ་ཞིང་བཟློག
་ནས། དེའི་འོག་ཏུ་ཁྲུས་བྱས་ལ། ག་བུར་ལ་སོགས་པས་ལུས་བཀྲུ་ཞིང་བྱུག་པར་བྱའོ།། ནས་དང་གྲོ་ནི་རྙིང་པ་དང་། སྦྲང་རྩི་སྐམ་སའི་སྲེག་ཤ་བཟའ།། ཨ་མྲའི་ཁུ་དང་སྦྱར་བ་ཡི།། ཁུ་བ་སྐོམ་དུ་སྦྱར་བ་བཏུང་།། ཆུང་མ་དྲི་ནིམ་ཨུཏྤལ་གྱི།། མིག་དང་ལྡན
་དང་ལྷན་ཅིག་ཅིང་།། ཡོད་ནི་དགའ་ཞིང་བདེར་བྱས་པས།། གྲོགས་དང་ལྷན་ཅིག་བཏུང་བར་བྱ།། སྐྱོན་མེད་ཆང་རྒན་དྲོ་འཇམ་དང་།། བུ་རམ་རྒུན་ཆང་སྦྲང་ཆང་དང་།། སྒ་ཆུ་བསྐོ་ལོ་དང་སེའུའི་ཆུ།། སྦྲང་ཆུ་བ་མོ་གླ་སྒང་ཆུ་བཏུང་བྱ།། ཞེས་བྱ་བ་ནི། གང་ནས་རྙིང་པ་དང་།
་གྲོ་རྙེད་པ་དང་། སྦྲང་རྩི་དང་། སྲོག་ཆགས་སྐེམ་ས་ན་གནས་པའི་ཤ་ཐུར་མ་ལ་བསྐྱོན་ཏེ། བསྲེགས་པ་དེ་ཟ་བ་དང་། ཆང་ལ་སོགས་པ་བཏུང་བར་བྱའོ།། ཇི་ལྟ་བུ་ཞེ་ན། ཨ་མྲའི་ཁུ་བ་དང་སྦྱར་བ་ཞེས་པ་སྟེ། ཤིང་ཙུ་ཏའི་ཁུ་བོ་དང་སྦྱར་བ་དེ་བཏུང་བར་བྱའོ།།
་དེ་བཞིན་དུ་ཆུང་མས་དྲི་ཞིམ་པར་བྱས་པ་དང་དེ་བཞིན་དུ་ཆུང་མ་ཨུཏྤལ་ལྟ་བུའི་མག་དང་ལྡན་པས་མཚན་མ་དང་ལྷན་ཅིག་བཏུང་བར་བྱའོ།། དེ་བཞིན་དུ་ཡིད་དགའ་ཞིང་དང་པར་བྱ་བ་དང་། སེམས་བདེ་ཞིང་ཚིམ་པར་བྱས་པ་དང་། དེ་བཞིན་དུ་གྲོགས་པོ
་མཛའ་གཤོས་རྣམས་དང་ལྷན་ཅིག་ཏུ་འཏུང་བར་བྱའོ།། དེ་བཞིན་དུ་སྐྱོན་མེད་པ་སྟེ། མདོག་དང་དྲི་དང་རོ་དང་། གཟུགས་ཕུན་སུམ་ཚོགས་པའི་ཆང་རྒན་ལ་སོགས་པའི་ཆང་གི་བྱེ་བྲག་བཏུང་བར་བྱའོ།། དེ་ལ་ཆང་རྒོན་ནི་གང་ཡུན་རིང་དུ་སྦྱར་ཞིང་བསླངས
་བ་ལ་བྱའོ།། དྲོ་འཇམ་ནི་གང་བསྐོལ་ནས་བྱས་པ་དེ་ནི་དྲོ་འཇམ་མོ།། བུ་རམ་ཆང་ནི་བུ་རམ་ཤིང་གི་ཁུ་བ་ལས་ཆང་དུ་བྱས་པའོ།། རྒུན་ཆང་ནི་རྒུན་འབྲུམ་ལས་བྱས་པའོ།། སྦྲང་ཆང་ནི་སྦྲང་རྩི་ལས་བྱས་པའོ།། དེ་བཞིན་དུ་སྒ་ཆུ་བསྐོལ་བ་ནི། བཅའ་སྒ་བསྐོལ་བའི
་བཏུང་བའོ།། སེའུའི་ཆུ་ནི་སེའུ་འབྲུས་བསྐོལ་བའི་ཆུའོ།། སྦྲང་རྩིའི་ཆུ་ནི་སྦྲང་རྩི་དང་ཆུ་སྦྱར་ཏེ་བཏུང་བར་བྱས་པའོ།། གླ་སྒང་ཆུ་ནི་གླུ་སླང་བ་སྐོལ་བའི་ཆུ་བཏུང་བའོ།། ལྷོ་ཕྱོགས་བ་སེར་བུ་བསིལ་བ་དང་།། མཐའ་མ་ཀུན་ཏུ་ཆུ་འབབ་ལ།། ཉི་མའི་འོད་ནི་མི་སྣང
་དངས།། ནོར་བུ་བཅག་འདྲིའི་མདངས་ལྡན་ལ།། ཁུ་བྱུག་སྙན་པའི་སྒྲ་སྒྲོགས་ཤིང་།། འངང་པའི་ལོངས་སྤྲིང་ལྡན་པའི་ས།། སྣ་ཚོགས་མེ་ཏོག་ལྡན་པའི་ཤིང་།། དྲི་ཞིམ་སྐྱེད་མོས་ཚལ་དུ་ནི།། དགའ་འདུན་གཏམ་ནི་སྣ་ཚོགས་པས།། ཕྱེད་དུས་བདེ་བས་བདེ
་བར་བྱ་ཞེས་བྱ་བ་ལ། སྐྱེད་མོས་ཚལ་གྱི་ནགས་ཚལ་དུ་འདུག་ལ། ཉི་མ་ཕྱེད་ཀྱི་དུས་སུ་བདེ་བ་ཉིད་ཀྱི་དུས་བདའ་བར་བྱའོ།། ཇི་ལྟར་ཞེ་ན་དགའ་བདུན་གཏམ་ནི་སྣ་ཚོགས་པ་ཞེས་བྱ་བ་ཡིན་ཏེ། དགའ་འདུན་ནི་གླུ་དང་རོལ་མོ་སྣ་ཚོགས་ལེན་པ་དང་། གཏམ
་སྟེ་སྙན་ངག་གི་གཏམ་སྣ་ཚོགས་པ་བྱ་བས་སོ་གང་དུ་ཞེ་ན། ལྷ་ཕྱོགས་པོ་སེར་བུས་བསིལ་བ་དང་། ཞེས་བྱ་བ་ལ་སོགས་ཏེ། ལྷོ་ཕྱོགས་ཀྱི་རླུང་ནི་རྗེས་སུ་མཐུན་པར་ལྡང་བའི་རླུང་གང་ཡིན་པ་སྟེ། རྡུལ་དང་ཕྱེ་མ་དང་གསེག་མ་དང་བཅས་པར
་ལྡན་པ་མ་ཡིན་ཏེ། དེ་ལྟ་བུའི་རླུང་གིས་བསིལ་བར་གྱུར་པའི་སྐྱེདདོ་མོས་ཚལ་དུའོ།། ཡང་ན་ལྷོ་ཕྱོགས་ནས་ལྡང་བའི་རླུང་ནི་བསིལ་པོ་ཡིན་པའི་ཕྱིར། དེ་བཞིན་དུ་ཐ་མ་ཀུན་ཏུ་འབབ་པའི་ངང་ཚུལ་དང་ལྡན་པའོ།། དེ་བཞིན་དུ་ཉི་མའི་འོད་ནི་མི་སྣང་དངས
་ཞེས་པ་སྟེ། ཇི་སྲིད་ནུབ་པ་དེ་སྲིད་ཀྱི་བར་དུ་ཉི་མ་ནི་མི་སྣང་བ་སྟེ། དེ་ལྟར་ཤིན་ཏུ་སྟུག་པའི་ནགས་ཚལ་དེར་རོ།། ཡང་ན་ཕྱོགས་ལ་ལ་མི་སྣང་ཞིང་ཅུང་ཟད་སྣང་ལ། ལ་ལར་ནི་རྣམ་པ་ཐམས་ཅད་མི་སྣང་བར་གྱུར་པའོ།། དེ་བཞིན་དུ་ནི་རབ
་བཅག་འདྲའི་མདངས་ལྡན་པ་ཞེས་བྱ་བ་སྟེ། བཻ་ཌཱུརྱ་ལ་སོགས་པའི་ནོར་བུ་བཅག་པ་ལྟ་བུའི་འོད་དང་ལྡན་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། དེ་བཞིན་དུ་ཁུ་བྱུག་སྙན་པའི་སྒྲ་སྒྲོག་ཅིང་ཞེས་བྱ་བ་སྟེ། སྐྱེད་མོས་ཚལ་དེ་ན་ཁ་བྱུག་རྣམས་སྒྲ་སྒྲོག་ཅིང་ཅ་ཅོ
་འདོན་པ་དང་། དེ་བཞིན་དུ་འདོད་པའི་ལོངས་སྤྱོད་ལྡན་པའི་ས་ཞེས་པ་སྟེ། སྣ་ཚོགས་པའི་གཟུགས་ཡིད་དུ་འོང་བ་དང་། འདོད་པའི་ཡུལ་དུ་མ་དང་ལྡན་པའི་ལྡན་པའི་ནགས་ཚལ་ལོ།། དེ་བཞིན་དུ་སྣ་ཚོགས་མེ་ཏོག་ལྡན་པའི་ཤིང་ཞེས་བྱ་བ་སྟེ། སྣ་ཚོགས
་ཤིང་ཐ་དད་པའི་སྟེ། མེ་ཏོག་དང་ལྡན་པའི་ཤིང་དུ་མ་དང་། དེ་བཞིན་དུ་དྲི་ཞིམ་པ་སྟེ། ཡིད་དུ་འོང་བའི་དྲི་འབྱུང་བའི་ཚུལ་ཅན་གྱི་སྐྱེད་མོས་ཚལ་དུ་ཉི་མ་ཕྱེད་པའི་དུས་བདེ་བར་བྱའོ།། ལྕི་བསིལ་ཉིན་མོ་ཉལ་བ་དང་། སྣུམ་བག་མདར་སྐྱུར་སྤང་བར་བྱ་ཞེས
་བྱ་བ་ནི། དེའི་ཚེ་ལྕི་བ་ནས་སྒྱུར་བའི་བར་ནི་བད་ཀན་འཕེལ་བར་བྱེད་པ་ཡིན་པས་དེའི་ཕྱིར་སྤང་བར་བྱའོ།། སོ་གའི་སྤྱོད་པ་སྨྲས་པ་ནི། ཉི་མའི་འོད་ཟེར་རབ་ཚ་བས།། སོ་ག་འཕྲོག་པ་འདྲ་བ་ཡིན།། དེ་བས་དེ་ཚེ་ལན་ཚྭ་ཆི། སྐྱུར་རྩོལ་ཉི་མའི་འོད་ཟེར
་སྤྱད་ཞེས་བྱ་བ་ལ། ཉི་མ་ནོ་འོད་ཟེར་སྟོང་ལྡན་ནོ།། དེ་ནི་སོ་ཀའི་དུས་སུ་འོད་ཟེར་རབ་ཏུ་ཚ་བར་འགྱུར་ཏེ། སྟོབས་འཕྲོག་པའི་རང་བཞིན་མཐར་ཐུག་པའི་དུས་ཡིན་པའི་ཕྱིར་རོ།། དེ་ནི་འཕྲོག་པ་དང་འདྲ་བར་སྟོན་པ་ཡིན་ཏེ། སྔར་རྣམ་པར་སྤྱད་པའི
་ལས་གཞན་དག་བྱ་བར་རིགས་པ་མ་ཡིན་ནོ།། དེ་བཞིན་དུ་བསིལ་བའི་ཡོན་ཏན་དང་། འགྲོ་ཟེའི་སྣུམ་པ་དག་ཀྱང་འཕྲོག་པ་འདྲ་བ་ཉིད་ཡིན་ནོ།། དེ་ལས་ན་དེའི་ཚེ་ལན་ཚྭ་སྣ་ཚོགས་ལ་སོགས་པ་ཡང་སྤང་བར་བྱ་སྟེ། ད་ནི་སྐྱབས་འཕེལ་བར་བྱེད་པ་ཡིན་ན།། དེ་ཆ་ཞེས
་བྱ་བ་འདིས་ནི། འདི་སྐད་སྟོན་པ་ཡིན་ཏེ། དམན་ཞིང་ཤྲས་ཆུང་བའམ། ལོག་པར་གྱུར་པའི་ཚེ། ལན་ཚྭ་ལ་སོགས་པ་སྤང་བར་མི་བྱའི་རང་གི་མཚན་ཉིད་ཇི་ལྟ་བུ་དང་ལྡན་པ་དེའི་ཚེ་བྱ་བ་ཡིན་ནོ།། དེ་ལ་ཚ་བ་ནི་ན་ལེ་ཤཾ་ལ་སོགས་པའོ།། སྒྱུར་བ་ནི་དར་བསྒྱུར་བ་དང་སྐྱུར
་བོ་ལ་སོགས་པའོ།། རྩོལ་བ་ནི་ལུས་དུབ་པར་བྱེད་པའི་ལས་རྣམས་སོ།། ཉི་མའི་འོད་ཟེར་ནི་ཉི་མ་ཚ་བའི་འོད་དེ་དེ་དག་སྤང་བར་བྱའོ།། དེ་ནས་དུས་དེའི་ཚེ་ཅི་ཞིག་བསྟེན་པར་བྱ་ཞེ་ན་དེའི་ཕྱིར་སྨྲས་པ་ནི། ཟས་ནི་མངར་དང་ཡང་བ་དང་། སྣུམ་བསིལ་སླ་བ་ཉིད་བསྟེན་བྱ་ཞེས
་བྱ་བ་ནི། དེའི་ཚེ་ཟས་མངར་བ་ཉིད་ཡང་དང་ཡོད་དུ་བསྟེན་ཅིང་གོམས་པར་བྱའོ།། རོ་གཞན་ལ་བསྟེན་པར་མི་བྱའོ།། དེ་བས་ཉིད་ཅེས་བྱ་བ་ངེས་པར་བཟུང་བར་བསྟན་པ་ཡིན་ནོ།། དེ་བཞིན་དུ་ཟས་ཡང་བ་སྟེ་རང་བཞིན་གྱིས་སྤང་བ་དང་། ཚོད་ཟིན་པར་བཟའ་ཞིང
་ཡང་བར་བྱ་བ་སྣུམ་པ་སྟེ། མར་དང་། འོ་མ་ལ་སོགས་པ་དང་སྦྱར་བ་དང་། བསིལ་བ་སྟེ་དྲང་བ་ཉིད་དང་། སླ་བ་སྟེ་སྲ་བར་མ་གྱུར་པོ་ཉིད་བསྟེན་ཅིང་བཟའ་བར་བྱའོ།། རབ་བསིལ་ཆུ་ཡིས་ལུས་བཀྲུ་ཞིང་།། བྱེ་ཟན་ཁ་རར་བཅས་པ་བཟའ་ཞེས་བྱ་བ་ནི། རབ་ཏུ
་བསིལ་བའི་སྐུ་ཡིས་ལུས་བཀྲུ་ཞིང་། གཏོར་བ་དང་། ཕྱེ་ཟན་བློན་དེ་ཁར་དང་སྦྱར་བ་བསྔག་ཅིང་བཟའ་བར་བྱའོ།། ཚད་མི་འཐུང་རྩི་བཐུང་ན་ཡང་། ཉུང་བ་འམ་ཆུ་མང་བསྲེས་ལ་བཏུ་བོ་ནས་བྱ་བ་ནི་སོས་ཀ་ཆ་བོའིརི་དུས་སུ་ཆང་བཏུང་བར་མི་བྱའོ།། གལ་ཏེ་གཏོང་མི་བོང་།
་ནབྱུང་འད་ཅིག་གམ། རྒྱུ་མ་ཚོ་བ་སྲེས་ཏེ་བ་སྲ་དང་གྲང་བར་བྱའོ།། གཞན་དུ་དན། ཁསྐམ་སྟོད།། ཆད་དང་རྨོངས་པར་བྱེད་པ་ཡིན་ནས་བྱ་ན། གཞན་དུ་ན་ཆ་དེ་མང་དུ་འཐུངས་པ་འམ། ནུ་མང་པོས་མ་སྤང་བར་འརྫུས་ན། ཁ་བསྐམས
་ཤིང་མཆིལ་མ་བསྐ་བ་དང་། ལྷོད་པ་དེ་ལུས་ལྷོད་ཅིང་ཞིག་པ་སྙམ་བྱེད་པ་དང་། ཚ་བ་དེ་ཡན་ལག་ཐམས་ཅད་ཚ་བས་འདེབས་པ་དང་། རྨོངས་པ་སྟེ། སེམས་མེད་པ་སྙམ་དུ་བྱེད་པར་འགྱུར་རོ།། ཆང་བཏུང་བར་མི་བྱའོ་ཞེས་བྱ་བའི་སྐབས་འདིར་རང་བཞིན་གྱིས་དབྱེ་བལ
་བརྟེན་ཏེ་སྨྲས་པ་ཡིན་གྱི། ཡུལ་གཅིག་ལ་ནི་མ་ཡིན་ནོ།། འོ་ན་ཅི་ཞིག་ཡིན་ཞེ་ན། ཐ་དད་པའི་ཡུལ་གསུམ་ཏེ། དེས་བྱ་བ་དགག་པ་ནི་ཡུལ་གཅིག་ལ་ཡིན་པས་འགལ་བར་འགྱུར་རོ།། དེ་ལ་རེ་ཞིག་དུས་སུ་སྤྱད་པ་ལ་སོགས་པའི་ཆོ་ག་འདི་ནི་ཁམས་མཉམ་པ་བདེ་བར
་གནས་པ་ལས་བརྩམས་ཏེ། ཐམས་ཅད་ངེས་པར་བཤད་པ་ཡིན་ནོ།། དེ་བས་ན་ཁམས་སྙོམས་པ་ཆང་ལ་སྲེད་པོས་གང་ཅི་ཡང་རུང་བ་དེ་བཏུང་བར་མི་བྱའོ།། དེ་བས་ཀྱང་མཁྲིས་པའི་རང་བཞིན་ཅན་དག་གིས་ནི་ཤིན་ཏུ་བཏུང་བར་མི་བྱའོ་ཞེས་པ་འདི་ནི་དགག
་བའི་ཡུལ་ཡིན་ནོ།། ཆོ་གའི་དབྱེ་བ་ནི་རླུང་དང་། བད་ཀན་གྱི་རང་བཞིན་ཅན་དང་། དེ་བཞིན་དུ་མཁྲིས་པ་དང་བད་ཀན་གྱི་རང་བཞིན་ཅན་གྱིས་བཏུང་བར་མི་བྱ་ཞིང་། དེ་བཞིན་དུ་རླུང་དང་མཁྲིས་པའི་རང་བཞིན་ཅན་གྱིས་ཀྱང་བཏུང་བར་མི་བྱ་སྟེ། ཆང་ནི་ཕལ་ཆེར
་རླུང་དང་མཁྲིས་པ་བསྐྱེད་པར་བྱེང་བ་ཡིན་ནོ།། དེ་ཡང་ཕལ་ཚར་ཆང་གི་མཉེས་པ་ནི་མཁྲིས་པ་རླུང་གི་མཐར་ཐུག་པའི་ནད་སྐྱེད་པར་བྱེད་པ་ཡིན་པས་གསུམ་པོ་དེ་དག་གིས། སོ་ཀའི་དུས་སུ་ཆང་དེ་ཟད་པར་བྱ་བའི་ཕྱིར། དུས་གཞན་གྱི་ཆ་ན་འཐུང་བ་ལྟར་མང་པོ
་བཏུང་བར་བྱའོ།། དེ་དང་ཆ་མཐུན་པ་ཉུང་ཟད་ཅིག་བཏུང་བར་བྱ་ལ། དེ་བཞིན་དུ་བད་ཀུན་དང་། མཁྲིས་པའི་རང་བཞིན་ཅན་ཆང་ལ་སྲེད་པ་དག་གིས་ན་བད་ཀན་ཟད་པར་བྱ་བའི་ཕྱིར་དང་། མཁྲིས་པ་དང་ཡང་མི་མཐུན་པ་མེད་པར་བྱ་བར་འདོད་ན་ཆང་དེ་ཆུ་མང་པོས
་བསྲེས་ཏེ་བཏུང་བར་བྱའོ།། ཡང་ན་གནས་སྐབས་ཀྱི་དབྱེ་བོ་ལས། ཡུལ་གྱི་དབྱེ་བ་སྟེ། གང་གིས་ཆང་དེ་འཐུངས་པས་དེས་སོས་ཀའི་དུས་སུ་གནས་སྐབས་ལ་ལར་ནི། ཅུང་ཟད་ཅིག་བཏུང་བར་བྱ་ལ། གནས་སྐབས་ལ་ལར་ནི་ཆུ་མང་པོས་བསླད་དེ་བཏུང་བར
་བྱའོ།། འབྲས་ཆན་ཀུནྡ་ཟླ་ལྟར་དཀར།། སྐམ་སའི་སྲོག་ཆགས་ཤ་དག་བཟའ།། ཞེས་བྱ་བ་ནི་འབྲས་སཱ་ལུ་ལ་སོགས་པའི་འབྲས་ཆན་ཀུནྡ་དང་། ཟླ་བ་ལྟར་དཀར་བ་དེ་སྲོག་ཆགས་དེ་སྐམ་ས་ན་གནས་པའི་ཤ་དང་བཅས་པར་བཟའ་ཞིང་ལོངས་སྤྱད་པར་བྱའོ།། ཁུ
་བ་མི་བསྐ་ཞོ་དང་ནི།། བུ་རམ་སྦྱར་སོགས་གཡོས་བྱས་བཏུང་།། ཕལ་ཆེར་སྐྱུར་བ་བཏུང་བར་བྱ།། ཞེས་བྱ་བ་ལ་ཁུ་བ་ནི།། ཤ་ཁུ་སྟེ་དེ་བཏུང་བར་བྱའོ།། མི་བསྐ་བ་ནི་གར་པོ་མ་ཡིན་པ་སླ་བའོ།། དེ་བཞིན་དུ་ནོ་དང་བུ་རམ་སྦྱར་ཏེ། སྤོས་ཀྱིས་བཏོབ་པ་བཏུང་བ་དང་།
་དེ་བཞིན་རྒུན་འབྲུམ་དང་།། སོ་ལ་སོགས་པ་ལས་གཡོས་སུ་སྦྱར་ཕལ་ཆེ་སྒྱུར་བ་བཏུང་བར་བྱའོ།། སྙིང་པོ་ལྔའི་བཏུང་བ་ནི། ཁམ་པོར་གསོར་བ་ལ་གནས་པ།། ཆུ་ཤིང་རྒྱུ་སྟར་དུམ་བུར་བསྲེས།། སྦྱར་བཅས་ཁམ་བོར་སྣོད་ཀྱིས་བཏུང་ཞེས་བྱ་བ་ནི། ཆུ་དང་།
་སྦྲང་རྩི་ད་། ཙུ་ག་གིས་ལ་སོགས་པ་དང་སྦྱར་བའི་འདུང་པོ་ང་བ་། སྙིང་པོ་སྤུ་ནི་ཆུང་དང་ས་ཁྲིས་པ་གསོ་པའི་གནས་སྐབས་ནས་སྟོན་པའི་སྐྱོ་མའི་བཏུང་བ་རྔུ་བུམ་གས་པའི་ནང་དུ་བཅུག་ཙིད་བཞག་པ་སྟེ། སྦྲང་རྩི་འབྲུ་གོ་རྒུན་འབྲུས་དང་།
་པ་རུ་ཤ་ཀ་ཁ་རའི་ཆུ།། སྙིང་པོ་ལྔ་ཡི་སྐྱོ་མ་ནི།། འབྲས་ཡོས་ཆེ་དང་མར་བཅས་བཏུང་།། ཞེས་ཁྲག་མཁྲིས་གསོ་བའི་གནས་སྐབས་ལས་ཀྱང་བཤད་པ་ཡིན་ཏེ་བཏུང་བར་བྱའོ།། ཆུ་ཤིང་རྒྱ་སྟར་དུམ་བུར་བསྲེས་ཞེས་བྱ་བ་ནི།
་ཆུ་ཤིང་གི་འབྲས་བུ་དང་། རྒྱ་སྟར་གྱི་འབྲས་བུའི་དུམ་བུ་དང་བསྲེ་བ་དང་། སྐྱུར་བཅས་ཞེས་བྱ་བ་ནི། སེའུ་དང་སྐྱུ་རུ་ར་ལ་སོགས་པས་རོ་སྒྱུར་བར་བྱས་པའོ།། ཁམ་པོར་སྣོད་ཀྱི་ཞེས་བྱ་བ་ནི། ས་ལས་བྱས་པའི་ཁམ་པོར་སྲབ་མོ་ཆུང་ངུས་བཏུང་བའོ།། ཆུ་ནི་པ་ཏ
་ལས་བསྒོས་ཤིང་། ག་པུར་བཅས་ཤིང་ཤིན་ཏུ་བསིལ་ཞེས་བྱ་བ་ལ། དེ་བཞིན་དུ་ཆུ་བཏུང་བར་བྱ་སྟེ། དེ་ཡང་པ་ཏ་ལས་བསྒོམ་པ་ཞེས་པ། བ་ལའི་མེ་ཏོག་གི་དྲི་ཞིམ་པར་བྱས་པ་དང་། ག་པུར་ལ་སོགས་པ་དང་། བསྲེས་ཤིང་ཤིན་ཏུ་བསིལ་བར
་བཏུང་ངོ་།། ཟླ་ཟེར་ལྟ་བུའི་བཟའ་བ་ནི།། མཚན་མོའི་དུས་སུ་བཟའ་བོ་དང་།། ཟླ་བ་སྐར་མ་ལྟར་དཀར་བའོ།། མ་ཧེའི་འོ་མ་བསིལ་བུ་བཏུང་ཞེས་བྱ་བ་ལ། ཟླ་གཟེར་ལྟ་བུའི་བཟའ་བ་ཞེས་བྱ་བ་ནི། འབྲས་ཀྱི་ཁུར་བ་ག་པུར་དང་བཅས་ཤིང་ཁོང་སྟོང་དུ་བྱས་པ། ཁ
་ར་དཀར་པོ་ལ་སོགས་པ་བཅུག་པ་མཚན་མོའི་དུས་སུ་བཟའ་བར་བྱ་ཞིང་མ་ཧེའི་འོ་མ་ཁ་ར་དཀར་པོ་དང་བཅས་པ། ཟླ་བ་དང་སྐར་མའི་འོད་ཀྱིས་བསིལ་བར་གྱུར་པ་བཏུང་བར་བྱའོ།། སཱ་ལ་ཏཱ་ལ་ཆེན་པོ་ནི།། སྤྲིན་རེག་ཚ་བའི་འོད་ཟེར་སྒྲིབ།། རྒུན་འབྲུའི་སྙ་མ
་གཡུར་ཟ་ཞིང་།། འཁྲི་ཤིང་ལྡན་དང་ནགས་ཆལ་བཟང་།། དྲི་ཞིམ་ཁ་བའི་ཆུ་ཡིས་ནི།། བསིལ། ཁང་ལུས་དང་མཚན་བྱས་པར།། ཆག་ཆག་བཏབ་དང་ཨ་མྲ་ཡི།། ལྡུམ་བུ་འབྲས་བུ་འཕྱ་བ་དང་།། ཆུ་ཤིང་འདབ་དང་ཀལྷ་རེ།། པད་ཙ་པདྨ་ཡུ་རུ་ལ།། མེ་ཏོག་རྒྱས
་པ་དང་ལྡན་པར།། འཇམ་པའི་གནས་མལ་བཅས་ནས་ནི།། ཕྱེད་དུས་ཉི་མས་གདུངས་པ་ན།། ཉལ་བའམ་ཞེས་བྱ་བ་ལ། སྐྱེད་མོས་ཚལ་དག་ཏུ་སྐྱེས་བུ་རང་གི་ལུས་ཀྱི་ཚད་དང་མཉམ་པའི་མལ་དུ། ཉི་མ་ཕྱེད་ཀྱི་དུས་སུ་ཉལ་བར་བྱའོ་ཞེས་སྦྱར་རོ།། སྐྱེད་མོས་ཚལ
་ནི་ཅི་ལྟ་བུ་ཞེ་ན། སྭ་ལ་ཏཱ་ལ་ཆེན་པོ་ནི་ཞེས་པ། ཤིང་སཱ་ལ་དང་། ཏཱ་ལ་སྤྲིན་རེག་ཅེས་པ་བར་སྣང་དག་ལ་ཤིན་ཏུ་འཕགས་ཤིང་། རྩེ་མོས་བསྙོག་པ་ལྟ་བུར་གནས་པ་གང་ཡིན་པ་དེས་ཆ་བའི་འོད་ཟེར་ཞེས་པ་སོ་གའི་ཉི་མ་ཚ་བའི་ཟེར་བསྐྱེད་མོས་ཚལ་དུ་འབབ་པ་གང
་ཡིན་པ་དེ་སློབ་ཅིང་འགེབས་པར་བྱེད་པ་དང་། དེ་བཞིན་དུ་རྒུན་འབྲུའི་སྙེ་མ་སྟེ། འབྲས་བུའི་ཚོགས་གཅིག་ཏུ་འབྱར་བ་ནི་སྙེ་མ་ཞེས་བྱ་སྟེ། དེ་གཡུར་ཟ་ཞིང་འཕྱང་བ་དང་། མ་དུ་ཀ་ལ་སོགས་པའི་འཁྲི་ཤིང་གི་ཡལ་ག་རྣམས་ལ་འཛུངས་ཤིང་འཁྲིས་པ་སྟེ། དེ་ལྟ
་བུའི་སྐྱེད་མོས་ཚལ་དུ་ཉལ་བར་བྱའོ།། གཞན་ཡང་འོད་མ་ལ་སོགས་པ་ལས་བྱས་པའི་ཁང་པར་དྲི་བཟང་པོར་ཏེ། ག་བུར་ལ་སོགས་པའི་དྲིས་བསྒོས་ཤིང་། ཁ་བས་དྲངས་པར་བྱས་པའི་ཆུས་ཆག་ཆག་བཏབ་ཅིང་། བརླན་པར་བྱས་པ་དང་། དེ་བཞིན་དུ་ལུས
་དང་འཚིམ་པར་བྱས་པའི་གནས་དེའི་ཉེ་འཁོར་ན། གོས་ཀྱི་ཚོགས་དབྱངས་པོ་དང་། དེ་བཞིན་དུ་ཨ་མྲའི་ལྡུམ་བུ་བྷུ་རུ་ལྟར་དམར་བའི་ཡལ་ག་སར་པ་དང་། དོར་འབྲས་བུའི་ཚོགས་འཆང་བ་དེས་ཀུན་ནས་བསྐོར་ཞིང་ཁྱབ་པ་དང་། ཅི་སྐྱེད་མོས་ཚལ་དེར་ལུས་ཀྱི་ཆང་དང
་འཚམ་པར་བྱས་པའི་སྤྱིལ་བུར། མལ་ཁྲི་མེད་པར་བབ་བབ་དུ་ཉལ་པོར་བྱ་བ་འམ། འོན་ཏེ་མ་ཡིན་ནེ་ནི། དེའི་བྱོར་མལ་སྟན་བཅས་པ་ཞེས་པ་པ་སྨོས་པ་ཡིན་ནོ།། གང་གིས་བཅའ་ཞེ་ན། ཆུ་ཤིང་འདབ་མ་ལོ་སོགས་པས་སོ།། ཇི་ལྟ་བུ་ཞེ་ན་འཇམ་པའོ།།
་ལ་ཆུ་ཤིང་གི་འདབ་མ་ནི་ཆུ་ཤིང་གི་ལོ་མའོ།། ཀགྷ་ར་ནི་གཾ་དྷ་སོ་མ་གའོ།། པདྨའི་རྩ་བ་ནི་པདྨའི་རྩ་བ་གཞོན་ནུའོ།། པདྨ་ནི་མེ་ཏོག་པདྨའོ།། ཨུཏྤ་ལ་ནི་ཨུཏྤ་ལ་སྔོན་པོའོ།། གཞན་ཡང་ཅི་ལྟ་བུ་ཞེ་ན། མེ་ཏོག་རྒྱས་པ་སྟེ། མེ་ཏོག
་གི་ཡལ་ག་རྒོད་པ་ལྟ་བུ་དང་ལྡན་པ་གང་ཡིན་པ་དེར་རོ།། ཡང་མེ་ཏོག་རྒྱས་པ་ནི། ལོ་འདབ་ཀྱི་མཐའ་མར་མེ་ཏོག་ཅུང་ཟད་རྒྱས་པ་དང་ལྡན་པ་དེར། ཉི་མ་ཕྱེད་ཀྱི་དུས་སུ་ཉི་མས་གདུངས་པ་ན་ཉལ་བར་བྱའོ།། ཆུའི་ཁང་པ་ནི་བུད་མེད་བཅོས་གཟུགས་ནུ་མ་ལག།
་ཁ་ལས་ནུ་ཨུ་ཤིར་ཆུ་འབབ་བྱ་ཞེས་བྱ་བ་ནི། ཡང་ན་ཉི་མ་ཕྱེད་ཀྱི་ཚ་བས་གདུངས་པའི་དུས་སུ་ཆུའི་ཁང་པར་ཉལ་བར་བྱའོ།། དེ་ཡང་བུད་མེད་བཅོས་མ་ཞེས་བྱ་བ་སྟེ། ཤིང་ལས་བུད་མེད་ཀྱི་གཟུགས་བྱས་ལ། ཁོང་དུ་ཆུ་དྲངས་ཏེ་དེའི་ནུ་མ་དང་། ལག་སོར
་དང་། ཁ་ལས་བུ་ཤེལ་ཙི་དང་སྦྱར་བའི་ཆུ་འབབ་པའི་དྲུང་དུ་འདུག་ཅིང་ངེས་རེག་པར་བྱའོ།། མཚན་མོ་ཡང་ཐོག་རྡོ་ཐལ་བྱུགས། ཟླ་བའི་འོད་ཀྱིས་བསིལ་བར་ཉལ་ཞེས་བྱ་བ་ནི། མཚན་མོའི་དུས་སུ་ཁ་བཟང་གི་སྟེང་གི་ཡང་ཐོག་རྡོ་ཐལ་གྱིས་བྱུགས་ཤིང་།
་ཟླ་བའི་འོད་ཀྱིས་བསིལ་ཞིང་ཁྱབ་པར་ཉལ་བར་བྱའོ།། མལ་བསྟན་པར་སེམས་བདེ་ཞིང་། ཙན་དན་ལྡེ་གུ་ཕྲེང་བ་ཐོགས། རབ་ཏུ་ཕྲ་བའི་གོས་བགོས་ཤིང་།། འདོད་པོའི་རྒྱུན་ལས་ལྡོག་པར་བྱ་ཞེས་བྱ་བ་ནི། མལ་སྟན་བདེ་བ་བཏིང་ནས་ཁང་བཟང་གི་སྟེང་དུ
་འདུག་པ་ནི། མཚན་མོ་བསྔགས་པ་ཡིན་ལ། དེ་བཞིན་དུ་སེམས་བདེ་བ་སྟེ། སྡུག་བསྔལ་གྱི་གདུང་བ་མེད་པ་དང་། དེ་བཞིན་དུ་ཙན་དན་ལྡེ་གུ་སྟེ། ཙན་དན་གྱི་ལྡེ་གུས་ལུས་བྱུགས་པ་དང་། ཕྲེང་པོ་ཐོགས་པ་སྟེ། མེ་ཏོག་གི་ཕྲེང་བ་རྣམས་ཀྱིས་བརྒྱན་པ
་དང་། དེ་བཞིན་དུ་རབ་ཏུ་ཕྲ་བའི་གོས་བགོས་ཞིང་ཞེས་བྱ་བ་སྟེ། ཤིན་ཏུ་ཕྲ་ཞིང་སྲབ་པའི་གོས་བགོས་པ་དང་། དེ་བཞིན་དུ་འདོད་པའི་རྒྱུན་ལས་ལྡོག་པར་བྱ་ཞེས་བྱ་བ་སྟེ། བུད་མེད་ཉལ་པོ་བྱེད་པ་སྤང་ཞིང་འཁྲིག་པ་མི་བྱ་སྟེ། དེ་ལྟ་བུ་དག་ནི་དེའི་ཚེ་ཕན་པ་ཡིན
་ནོ།། ཏཱ་ལའི་བསིལ་ཡབ་སྤོས་ཆུས་གདབ།། པདྨ་འདབ་བརྒྱད་རླུང་ཡབ་དང་།། དལ་གྱིས་ལེགས་པར་གཡོ་བ་དང་།། རྫི་ཆར་བསེར་བུ་དང་ལྡན་པའི།། ག་བུར་མལླི་ཀའི་ཕྲེང་བ།། མུ་ཏིག་དོ་ཤལ་ཙན་དན་དཀར།། ནེ་ཙོ་ཤ་རི་ཀ་ལྀ་སོགས།། སྒྲ་བརྙན་ཡིད་འོང་སྒྲོག་པ་དང་།།
་ཆུང་མ་གདུབ་བུ་པད་རྩ་འདྲ།། པདྨ་རྒྱས་པ་ལྟ་བུར་མཛེས།། པདྨ་ཅན་ནི་འགྲོ་འདྲ་བ།། སྙོམ་པ་སེལ་བར་བྱེད་པ་ཡིན།། ཞེས་བྱ་བ་ལ། དུས་འདིའི་ཆེན། ཏཱ་ལའི་རླུང་ཡབ་ལ་སོགས་པ། སྣོམ་ཞིང་ཚ་བས་ཞུམ་པ་སེལ་བར་བྱེད་པ་ཡིན་ནོ།། དེ་ལ་ཏཱ་ལའི་བསིལ་ཡབ་སྤོས
་ཆུས་བཏབ་པ་ནི། ཤིང་ཏཱ་ལའི་ལོ་མ་སྤོས་ཆུས་སྤངས་ཤིང་བརླན་པར་བྱས་པ་བམ། ཡང་ན་ཏཱ་ལའི་བསིལ་ཡབ་ཅེས་བྱ་བ་ནི། རྨ་བྱའི་མཇུག་མ་ལ་སོགས་པ་ལ་བྱས་པའི་རྡུལ་ཡབ་ཚ་བ་སེལ་བའི་བྱ་བ་བྱེད་ནུས་པ་ལ་བྱའོ།། པདྨའི་བདབ་མ་རྒྱས་པ་ནི། པདྨའི
་འདབ་མ་ངག་ཉིད་རྒྱས་པ་བསིལ་ཡབ་ཏུ་བྱས་པ་དང་། རླུང་ཡབ་ཅེས་བྱ་བ་རྨོ་བྱའི་སྒྲོ་ལས་བྱས་པ་རླུང་ཡབ་ནུས་པའི་རྣམ་པར་བྱས་པ་དག་གིས་ཏེ། དེ་དག་དང་ངལ་གྱིས་ལེགས་པར་གཡོབ་ཅིང་། སྒེག་པ་དང་བཅས་པས་གྱེན་དུ་བཏེག་པ་གང་ཡིན་པ་དེ་ནི་ངལ་གྱིས
་ལེགས་པར་གཡོབ་པའོ།། དེ་བཞིན་དུ་རྫི་ཆར་བསེར་བུ་དང་ལྡན་པར་བྱོས་ཏེ། རྫི་ཆེར་དང་བསེར་བུ་བསིལ་བའི་བྱ་བ་བྱེད་པ་དང་ལྡན་པར་གཡོབ་པར་བྱའོ།། དེ་བཞིན་དུ་ག་བུར་གྱིས་བསྒོས་པའི་མལླི་ཀ་ནི། ག་བུར་གྱི་མལླི་ཀ་སྟི། དེའི་ཕྲེང་བ་ནི། ག་བུར་མཱ་ལི་ཀའི
་ཕྲེང་བ་ཞེས་བྱ་བ་འམ། ཡང་ན་མ་ལླི་ཀ་ཁྱད་པར་ཅན་གྱི་ཕྲེང་བ་ལ་དེ་སྐད་ཅེས་བྱ་སྟེ། དེ་གདྭགས་པ་དང་། དེ་བཞིན་དུ་མུ་ཏིག་དེ་ཤལ་ནི་མུ་ཏིག་གི་རྒྱན་ཚུན་འཕྱང་ཞེས་བྱ་བ་སྟེ། ཙན་དན་དཀར་པོ་དང་བཅས་པར་གནས་པ་ལ་དེ་སྐད
་ཅེས་བྱའོ།། དེ་བཞིན་དུ་བྱིས་པ་ཡིད་དུ་འོང་པོར་སྨྲ་བ་དང་། ནེ་ཙེ་དང་ཤ་རི་ཀཾ་ལ་སོགས་པ་སྒྲ་ཡིད་དུ་འོང་བ་སྒྲོག་པ་དང་། དེ་བཞིན་དུ་ཆུང་མ་གདུ་འུ་པདྨའི་རྩ་བ་ལྟར་དཀར་བ་ཐོགས་ཤིང་། པདྨེའི་འདབ་མ་རྒྱས་པ་ལྟར་བཞིན་རས་ཤིན་ཏུ་མཛེས་པ་དེ་ལ་འདི་ལྟ་བར་ནི། པདྨ
་ཅན་གྱི་འགྲོ་བ་འདྲ་ཞེས་བྱ་སྟེ། པདྨ་ཅན་གྱི་མཚོ་འགྲོ་ཞེས་བྱ་བ་ལྟ་བུར་བལྟ་ཞིང་དགའ་བ་བསྐྱེད་པར་བྱའོ།། དབྱར་གྱི་སྤྱོད་པ་སྨྲས་པ་ནི། མཐུ་འཕྲོག་པས་ནི་ན་བའི་ལུས།། དམན་པ་ལས་ཀྱང་དམན་འགྱུར་ཏེ།། དབྱར་གནོད་པས་ཞེས་བྱ་བ་ནི། དགུན་སྨད་ནས་སོ་ཀའི་བར
་དུས་གསུམ་པོ་ནི། མཐུ་འཕྲོག་པའི་དུས་ཡིན་ཏེ། མཐུ་འཕྲོག་པའི་དུས་དེས། ན་ཞིང་ནུས་པ་འབྲི་བའི་ལུས་གང་ཡིན་པ་དོ་ནི། མཐུ་འཕྲོག་པ་ན་བའི་ལུས་སུ་ཤེས་པར་བྱའོ།། དེའི་མི་དམན་པ་ལས་སྔར་དམན་ཞིང་། ཞན་པར་གྱུར་པ་ལས་ཀྱང་། ཡང་དབྱར་གྱི་ཉེལ
་རླུང་ལ་སོགས་པས་འཁྲུགས་ཤིང་ཞུམ་པས་དམན་པ་ཉིད་དུ་འགྱུར་རོ།། གནོད་འགྱུར་ཏེ། མཁའ་ལ་སྤྲིན་འདུས་ཆུ་ལོས་བརླན།། ཆུ་ཐིགས་བཅས་པའི་རླུང་དབང་ནི།། གྲང་བ་དྲག་པོས་ལྡང་བ་དང་།། ས་ཡི་རླངས་པ་སྐྱར་མིན་དང་།། ཆུ་ནི་རྙོག་མ་ཅན་དག་གིས།། མེ་དྲོད
་ཆུང་བས་གནོད་བར་བྱེད་ཅེས་བྱ་བ་ནི། ཉེས་པ་དེ་དག་གནོད་པར་འགྱུར་ཞིང་། སྡུག་བསྔལ་བསྐྱེད་པ་ཉིད་དུ་འགྱུར་རོ།། གང་གི་ཚེ་ཞེ་ན། མཁའ་ལ་སྤྲིན་འདུས་ཆུ་ཡིས་བརླན་ཞེས་བྱ་བ་སྟེ། ཆུ་ཡིས་རྒྱས་པའི་ཆར་པོ་སྤྲིན་མཁའ་ལས་འདུས་པར་གྱུར་པས། གང་དུ
་ཐིགས་ཕྲ་མོ་དང་བཅས་པའི་རླུང་དྲང་མོ་དྲག་ཅིང་ཤུགས་ཆེ་བར་ལྟུང་བ་དང་། དེ་བཞིན་དུ་སའི་ངད་པ་བྱུང་ཞིང་ཁུག་ན་བྱུང་བ་དང་། དེ་བཞིན་དུ་སྦྱར་བའི་རྣམ་པར་སྨིན་ཞིང་མཐུ་བསྐྱེད་པ་དང་། དེ་བཞིན་དུ་ཆུ་རྙོག་པ་དང་བཅས་ཤིང་དྲི་མ་ཡོད་པ་དག་གིས། མེ་དྲོད་ཆུང་བར་བྱེད་པས
་ཉེས་པ་དེ་འཕེལ་བར་འགྱུར་རོ།། ཕན་ཚུན་གནོད་པ་པ་བ་ནི། དྲོ་ནིང་འཇམ་ཡཾ་སྟོབས་བསྐྱེད་པ།། ཐུན་མོང་གང་ཡིན་བསྟེན་པར་བྱ།། ཞེས་བྱ་བོ་བ་ནི། ཕན་ཚུན་གཅིག་ལ་གཅོག་གནོད་པར་བྱེད་པའི་ངོངོ་ཚུལ་ཅན་གང་ཡིན་པ་དེ་ནི་ཕན་ཚུན་གནོད་པ་སྟེ། གཅིག་ལ་གཅིག
་གནོད་པར་བྱེད་པ་ནི་རང་གི་ངོ་བོ་ལས་ཉམས་པར་བྱེད་པ་ཡིན་ནོ།། ཚུལ་འདིས་ཕན་ཚུ་ནི་གནོད་པ་དག་ལ་ནི། རླུང་ལ་སོགས་པའི་ཐུན་མོང་གི་ཉེས་པ་སུམ་ཆ་རཾ་སེལ་བར་བྱེད་པའི་བཟའ་བ་དང་བཏུང་བ་དང་། སྨན་ལ་སོགས་པ་བསྟེན་ཅིང་གོམས་པར་བྱའོ།། དེ་ཡང་དྲོ་ཞིང་ཕོ་བའི
་མེ་དྲོད་སྐྱེད་པར་བྱེད་པ། ཚ་བ་ལྔ་ལ་སོགས་པ་བསྟེན་པར་བྱའོ།། སྤྱད་པས་ལུས་ནོ་དག་བྱེད་པ།། ཟས་ནི་ཡང་བག་ཁུ་བར་བཟའ།། སྐམ་སའི་སྲོག་ཆགས་ཤ་ཁུ་དང་།། སྦྲང་རྩི་ཅན་ནི་རྙིང་པ་བཏུང་།། ཞེས་བྱ་བ་ནི་སྨོན་སྨན་ལ་སོགས་པས་ལུས་དག་པར་བྱས་ཤིང་། ལུས
་ནད་ལ་སོགས་པ་བསལ་བ་ལ་བསྟེན་པར་བྱའོ།། དེ་བཞིན་དུ་ཟས་ཡོད་པ་སྟེ། གསར་ཐོག་དང་ཁུ་བ་སྟེ། ཤ་ཁུ་ལ་སོགས་པ་དང་སྦྱར་བ་བཟའ་བར་བྱའོ།། སྐམ་སའི་སྲོག་ཆགས་ཀྱི་ཤ་དང་ཁུ་བ་སྟེ། སྲན་མ་མུངྒ་ལ་སོགས་པ་ལ་སྦྱར་བའི་ཁུ་བའོ།། སྦྲང་རྩི་ནི
་སྦྲང་རྩི་ལས་བྱས་པའི་ཆང་གི་ཁྱད་པེར་ཏེ། དེ་ཡང་རྙིང་བ་སྟེ་སྦྱིན་མེད་པ་ཏུང་བར་བྱའོ།། དངག་པ་རུ་ཆེར་སྦྱར་བའམ། ཆེ་བལྔ་ཡི་བྱེ་མ་ཅན།། ཁྲོན་པོའི་མུ་ནི་བསྐོལ་བ་ཡན། ཞེས་བྱ་བ་ལཾ། དང་པའམ་ཁ་མུ་ཙ་སྦྱར་བ་ནི། ལན་ཚྭ་ཁ་རུ་ཚནས་པ་དང་ལྡན་པའོ།།
་དེ་བཞིན་དུ་ཚ་བ་ལྔའི་ཕྱེ་མ་ཅན་ནམ། ཡང་ན་ཁྲོན་པའི་ཆུའམ། ཆར་ཆུ་བསྐོལ་བ་བསྟེན་པར་བྱའོ།། ཆར་ཆེའི་དུས་སུ་ཁ་ཟས་ནི། རབ་སྐྱུར་ལན་ཚྭ་སྣུམ་དང་བཅས།། སྐམ་ཞིང་སྦྲང་རྩིར་ལྡན་པ་ཡང་ཞེས་བྱ་བ་ནི། ཤིན་ཏུ་ཆར་ཆེས
་ཤིང་ཡུལ་རྨུས་པའི་དུས་སུ་བཟའ་བའི་ཁ་ཟས་ནི། རབ་སྦྱོར་ལན་ཚྭ་སྣུམ་དང་བཅས་ཞེས་བྱ་བ་ཡིན་ཏེ། ཤིན་ཏུ་སྦྱར་བ་དང་། ལན་ཚྭ་དང་བཅས་པའི་ཁ་ཟས་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། སྐམ་ས་ནི་ཕལ་ཆེར་སྐམ་པོ་དང་བཅས་པའོ།། སྦྲང་རྩིར་ལྡན་པ་ནི
་སྣང་དང་བཅས་པའོ།། ཡང་བ་ནི་རང་བཞིན་གྱིས་ཡང་བའམ། ཚོད་ཟིན་པར་བཟའ་བ་སྟེ། དེ་ལྟ་བུ་དག་བསྟེན་པར་བྱའོ།། དེ་ཡང་དུས་འདིའི་ཚེ་ནི་ལུས་ཟུང་རྣམས་ཤིན་ཏུ་སླ་བར་གནས་པ། དེ་བས་ན་སླ་བས་ན་བསྲུང་བ་ཉིད་ཀྱི་སྦྲང་རྩིའི་ནུས་པ་དེར་ཐིམ་པར་འགྱུར
་བས། སྦྲང་རྩིས་རླུང་སྐྱེད་མི་ནུས་སོ།། ཞེས་སྨན་དཔྱད་ཀྱི་ལུང་འཆད་པ་རྣམས་ཟེར་ཏེ། དེ་ཡང་རླུང་ཅན་རླུང་ནི་འཁྲུག་བྱེད་ཀྱང་། དབྱར་ནི་སྦྲང་རྩི་བསྔགས་པ་ཡིན་ཞེས་སྨོས་པ་ཡིན་ནོ།། རྐང་གིས་མི་འགྲོ་དྲི་ཞིམ་བྱུག། རྟག་ཏུ་གོས་ནི་སྤོས་ཀྱིས་བྱུག། ཁང་བཟང
་སྟེང་དུ་བ་མོ་བསིལ།། ཆར་གྱི་ཟེར་སྤང་གནས་པར་བྱ།། ཞེས་བྱ་བ་ནི་དབྱར་གྱི་དུས་དེའི་ཚེ་རྐང་གིས་འགྲོ་བར་མི་བྱ་ཞིང་། བན་གླང་མོ་ལ་སོགས་པའི་བཞོན་པ་བརྟན་ཅིང་མཐོ་བས་འགྲོ་བར་བྱའོ།། དྲི་ཞིམ་བྱུག་ཅེས་བྱ་བ་ནི་ག་པུར་དང་གུར་ཀུམ་ལ་སོགས་པས་ལུས
་ལཾ་བྱུག་པ་དང་། དུས་རྟག་ཏུ་གོས་ལ་སྤོས་ཀྱིས་བདུག་པ་དང་། ཨ་ཀོ་རུ་ལ་སོགས་པའི་བདུག་པས་གོས་ལོ་བདུག་ཅིང་བསྒོ་བར་བྱའོ།། ཁང་སྟེང་ཞེས་བྱ་བ་ནི་ཁང་ཐོག་སྟེ། དེར་བ་མོ་ལོ་སོགས་པས་མཉེན་པོར་གནས་པར་བྱའོ།། རླུང་ཆུ་དང་སྦྱར་སྐྱོ་མ་དང
་ཉིན་གཉིང་རྩོལ་དང་ཉི་ཆན་སྤང་ཞེས་བྱ་བ་ལ། དབྱར་གྱི་དུས་དེར་ཆུ་བོ་རྣམས་ཀྱི་ཆུ་དང་བྱེར་སྦྱར་བ་ལ། མར་དང་བཅས་པ་མི་བཏུང་ངོ་།། དེ་བཞིན་དུ་ཉིན་པར་གཉིད་ལོག་པ་དང་། རྩོལ་བ་སྟེ་དྲག་ཤུལ་གྱི་རལ་བག་དང་། ཉི་ཚན་ཏེ་ཉི་མའི་འོད་ཟེར་སྤྲང་ཞིང་དོར་བར་བྱའོ།།
་སྟོན་གྱི་དུས་ཀྱི་སྤྱོད་པ་སྨྲས་པ་ནི། དབྱར་ལུས་བསིལ་བར་གྱུར་པ་ལ། འཕྲལ་དུ་ཉི་ཟེར་གྱིས་གདུངས་པ། ཆར་འབབ་ཚེ་ན་བསགས་པ་ཡི།། མཁྲིས་པ་སྟོན་ནི་ལྡང་བར་འགྱུར།། དེ་བསལ་ཕྱིར་ནི་སྨན་མར་ཁ།། བཀྲུ་སྨན་བཏང་དང་གཏར་ག་ཞེས་བྱ་བ་ནི། དབྱར་ལུས
་བསིལ་བར་གྱུར་ཅིང་། ཆར་གྱི་གྲང་བའི་བདག་ཉིད་ཅན་དུ་གྱུར་པ་ལ། འཕྲལ་དུ་ཞེས་པ་ནི་མོད་ལ། སྟོན་གྱི་དུས་ལ་བབ་པ་ན། ཉི་མའི་འོད་ཟེར་ཚ་བ་རྣམས་ཀྱིས་གདུངས་ཤིང་། དྲོས་པར་གྱུར་པའི་སྐྱེས་བུ་ལ་ནི་ཆར་འབབ་ཚེ་ན་ཞེས་པ་དབྱར་གྱི་ཚེ་ན་བསགས་ཤིང་རང་གི
་གནས་སུ་འཕེལ་བར་འགྱུར་བའི་མཁྲིས་པ་སྟོན་ལྡང་བར་འགྱུར་ཏེ། རང་གི་ནུས་པ་ལྷག་པས་རང་གི་གནས་ནས་གཞན་དུ་སོང་སྟེ། སྐྱེ་བོ་མི་བསྲུན་པ་ལྟར་གནོད་པར་བྱེད་པར་འགྱུར་རོ།། དེ་བས་ན་མཁྲིས་པ་དེ་བསལ་བར་བྱ་བའི་ཕྱིར། སྨན་མར་ཁ་བོ་ཏཱིཀྵ་དང
་རུ་རྞ་དང་། སྦྱར་བ་བསྟེན་པ་དང་། བཀྲུ་སྨན་བཏང་ཞིང་ཁྲུས་བྱ་བ་དང་། གཏེར་ཀ་བྱཱ་སྟེ། ཁྲག་གདོན་པ་ལ་སོགས་པ་བྱའོ།། ཁ་དང་མངར་དང་བསྐ་བ་དང་།། བཀྲེས་ཆ་བས་ནི་ཡང་བ་བཟའ།། འབྲས་ཅན་བུ་དྡྷ་སྦྱར་དུ་རོ།། སྦྲང་རྩི་སྐམ་སོའི་བ་ཏོ་ལ།། ཞེས་བྱ
་ལ་ནས་བཀྲས་པར་གྱུར་པ་ན། བཟར་བའི་རྣམ་པ་ཁ་བ་དང་།། མང་ར་བ་དང་། བན་པོ་དང་། ཡང་བ་བསྟེན་ཅིང་བཟའ་བ་བྱའོ།། དེ་བཞིན་དུ་འབྲས་སཱ་འུའི་ཆེན་དང་། མུངྒ་སྟེ། ཚོན་སྲན་སྡེ་རུ་དང་། ཤ་ཀ་ར་དང་། སྐྱུར་རུ་དང་། སྣང་རྩི་དང་། སྐམས་ནས་རྒྱ
་པའི་སྲོག་ཆགས་ཀྱི་ཤ་དང་། བ་ཏོ་ལའི་ཚོད་མ་བཟའ་བར་བྱའོ།། ཉི་མའི་ཟེར་གྱིས་གདུངས་པ་དང་། བ་ཏོ་ལ་འཚོང་མ་བཟའ་བར་བྱའོ།། ཉི་མའི་ཟར་གྱིས་གདུངས་པ་དང་།། ཟླ་བའི་འོད་ཀྱིས་བསིལ་བྱས་ལ། རྀའི་ཤར་པས་དུག་མེད་པ།། ཉིན
་མཚན་གཉིས་ཀར་སྦྲང་ཆུ་བཏུང་།། དང་བ་དྲི་མེད་ཆུ་ཞེས་པ།། དྲི་མེད་དྲི་མ་སེལ་འགྱུར་བ།། མི་འབྲུག་རྩུབ་པ་མ་ཡིན་པ།། བཏུང་བ་ལ་སོགས་བདུད་རྩིར་མཚུངས།། ཞེས་བྱ་བ་ལ། ཡང་སྟོན་ཀའི་དུས་དེའི་ཚེ། ཉིན་མོ་ཉི་མའི་འོད་ཟེར་གྱིས་གདུངས་ཤིང་རྣམ་པ་ཐམས་ཅད
་དུ་ཚ་བར་གྱུར་པ་དང་། མཚན་མོ་ཟླ་བའི་འོད་ཟེར་གྱིས་བསིལ་ཞིང་། གྲང་བར་བྱས་པ་སྟེ། དེ་ལྟར་དུས་ཀྱིས་བཅོས་ཤིང་སྨིན་པར་བྱས་པ་དང་། རོའི་ཤར་པས་དུག་མེད་པ་ཞེས་པ། སྐར་མའི་རྀའི་ཞེས་པ་ཤར་བ་ན། དུག་མེད་པ་སྟེ། དེ་ཤར་བས་བར་སྣང
་ལས་འབབ་ཅིང་བྱུང་ནས་ཆུ་བོ་དང་། རྫིང་བུ་ལ་སོགས་པར་གནས་པའི་གནོད་པ་རྣམས་སྔོན་གྱི་ཚེ་དུག་མེད་པ་ཉིད་དུ་བྱེད་པས་ནི་དེ་སྐད་ཅེས་བྱའོ།། ཁྲོན་པའི་ཆུ་ནི་མ་ཡིན་ཏེ། དེ་ནི་ཐམས་ཅད་དུ་དུག་མེད་པ་ཡིན་ནོ།། དང་བའི་དྲི་མེད་ཆུ་ཞེས་པ་ནི། ཉི་མ་དང་ཟླ་བ་དག་ལ
་བྱ་སྟེ། དེ་གཉིས་ཀྱིས་བསྟོན་ཅིང་དྲི་མ་མེད་ལ་རྡུལ་དང་བྲལ་བ་ནི། དྲི་མ་ཞེས་པ་རླུང་ལ་སོགས་པ་སེལ་ཞིང་། འཇོམས་པར་འགྱུར་བ་ཡིན་ནོ།། མི་འབྲུག་ཅེས་བྱ་བ་ནི་ཆུ་མིག་ལྟར་དེ་སྣུམ་ཞིང་ལྕི་བ་མ་ཡིན་པས། བད་ཀན་སྐྱེད་པར་མི་བྱེད་ལ། འབྲུག་པ་མ་ཡིན་པ་ཉིད
་ཀྱིས་རྩུབ་པ་ཡིན་ནོ།། བཏུང་བ་ལ་སོགས་པ་ཞེས་བྱ་བ་ནི། བཟའ་བ་དང་བཏུང་བ་དང་ཁྲུས་ལ་སོགས་པ་ཡིན་ནོ།། བདུད་རྩིར་མཚུངས་པ་ནི་བདུད་རྩིའི་རྒྱུ་ཡིན་པའི་ཕྱིར་རོ།། ཉེས་པ་རབ་ཏུ་འཁྲུགས་པ་རྣམ་པར་བཟློག་པའི་ཕྱིར་དང་། མ་འཁྲུགས་པ་དག་ཀྱང་ཞི་བ་དང
་རྗེས་སུ་འཐུན་པའི་རྒྱུ་ཡིན་པའི་ཕྱིར་ཡང་བདུད་རྩི་དང་འདྲ་བ་ཡིན་ནོ།། ཙན་དན་ཨུ་ཤིར་ག་བུར་དང་། མུ་ཏིག་འཕྲེང་བ་མཛེས་པ་འབར།། སྟེང་ཁང་རྡོ་ཐལ་བསྐུས་པ་ལ།། ཟླ་འོང་མཚན་མོ་དང་པོ་བསྟེན།། ཞེས་པ་ལ་མཚན་མོའི་དང་པོ་ནི་མཚན་མོའི་ཐུན་དང་པོའི་དུས་སྟེ་དེ་ལ
་ཅན་ངན་ལ་སོགས་པ་བསྟེན་པར་བྱའོ།། མཛེས་པར་འབར་ཞེས་ནི་མཛེས་པ་ཉིད་ངོ་སྟེང་ཁང་ནི་ཁང་པའི་རྩེ་མོའི་རྡོ་ཐལ་གྱི་བསྐུས་པ་ནི་རྡོ་ཐལ་བཞིན་དུ་དཀར་བ་སྟེ་རྡོ་ཐལ་གྱིས་དཀར་བ་འམ་དཀར་བ་བསྟེན་པར་བྱའོ།། ཟླ་འོད་ནི་སྣང་བ་ཉིད་དོ།། བ་མོ་ཐལ་བ་ཚིམ་པ་དང་།
་ཏིལ་མར་ཞོ་ནགཉི་མ་དང་།། ཆང་རྣོན་ཉིན་པར་ཉལ་བ་དང་།། མདུན་གྱི་རླུང་ནི་ཡོངས་སུ་སྤངས།། ཞེས་པ་ལ་སྟོན་གྱི་དུས་དེ་ལ་བ་མོ་ནི་ཟིལ་བའོ།། ཐལ་བ་ནི་ནས་ཚིག་ཁྲུས་པའི་ཐལ་བ་ལ་སོགས་པ་དགོ་ཚོམ་པ་ནི་ངོམས་པའོ།། ནོ་ནི་འོ་མའི་རྣམ་པར་འགྱུར་བའོ།།
་ཏིལ་མར་ནི་ཏིལ་ལས་བྱུང་བའོ།། ཞག་ནི་ཤ་མ་འདྲེས་པའི་སྣུམ་མོ།། ཉི་མ་ནི་ཉི་མས་ཡོངས་སུ་གདུངས་པའོ།། ཆང་རྣོན་པོ་དང་ཉིན་པར་ཉལ་བ་དང་། མདུན་གྱི་རླུང་ནི་སྔུན་གྱི་ཕྱོགས་ནས་འོངས་པའི་རླུང་ངོ་།། ཡོངས་སུ་སྤང་བ་ནི་ཡོངས་སུ་དོར་བའོ།། དབྱར་གྲང་དང་པོའི
་རོ་གསུམ་དང་།། དཔྱིད་ནི་ཐ་མའི་གསུམ་བསྟན་བྱ།། སོས་ཀཽའི་དུས་སུ་མངར་བ་སྟེ།། སྟོན་ནི་མངར་ཁ་བསྐ་བ་ཡིན།། གྲང་བའི་དུས་ནི་དགུན་སྟོང་དགུན་སྨད་དང་དབྱར་གྱི་དུས་སུ་ནི་དང་པོའི་རོ་གསུམ་སྟི་མངར་བ་དང་སྒྱུར་བ་དང་ལན་ཚྭ་བསྟེན་པར་བྱའོ།། པྱིད་ནི་དཔྱིད
་ཀྱི་དུས་ནི་སྟེ་དེ་ལ་ནི་ཐ་མའི་རོ་གསུམ་པོ་ཚ་བ་དང་ཁ་བ་དང་བསྐ་བ་བསྟེན་པར་བྱའོ།། སོས་ཀ་ནི་དཔྱིད་ཀྱི་དུས་སྟེ་དེ་ལ་ནི་མངར་བ་སྟེ་མངར་བའི་རོ་ཉིད་བསྟེན་བྱའོ་སྟོན་ནི་མངར་ཁ་བསྐ་བའི་རོ་གསུམ་བསྟེན་པར་བྱ་བ་ཡིན་ཞེས་རྗེས་སུ་འབྲང་བ་ཡིན་ནོ།། རོ་དེ་དག་ནི་ཕལ
་ཆེར་ཉེ་བར་སྦྱར་བ་ཡིན་གྱིས། དེའི་ཚེ་རོ་གཞན་ནི་ཉེ་བར་སྦྱར་བ་མ་ཡིན་ཏེ། དེ་ལྟར་ཡང་བསྡུས་པ་ལས། རྟག་ཏུ་རོ་རྣམས་ཀུན་བསྟེན་ཀྱང་།། རང་རང་དུས་སུ་རོ་ལྷག་བསྟེན།། ཞེས་འབྱུང་ངོ་།། སྔོན་དཔྱིད་གཉིས་ལ་རྩུབ་པ་དང་།། སོ་ག་སྟོན
་གཉིས་བསིལ་བ་དང་།། བཟ་བ་དང་བཏུང་བ་མདོར་ན་ནི།། དེ་ལས་གཞན་དུ་བཟློག་པ་ཡིན།། ཞེས་པ་ལ་སྟོན་དཔྱིད་ཀྱི་དུས་གཉིས་ལ་ནི་བཟའ་བ་དང་བཏུང་བ་རྩུབ་པ་བསྟེན་པར་བྱའོ།། དཔྱིད་སྟོན་གཉིས་ཞེས་པ་ནི་ཚ་བ་དང་སྤྲིན་དངས་པའི་དུས་སུ་དེ་ལ་ནི་བཟའ་བ་དང་བཏུང་བ་བསིལ
་བ་བསྟེན་པར་བྱའོ།། མདོར་ན་ནི་མདོར་བསྡུས་པས་བདག་གིས་འདི་སྐད་སྟོན་ཏེ། དེ་ལས་གཞན་པའི་དུས་ནི་སྟོན་དང་དཔྱིད་ཀྱི་དུས་སུ་བཟའ་བ་བཏུང་བ་རྩུབ་པ་བསྟེན་པ་ལས་གཞན་པའི་དུས་ཏེ་དགུན་སྟོང་དང་དགུན་སྨད་དང་སོ་ཀ་དང་དབྱར་གྱི་དུས་སུ་བསྟེན་པའོ།། དེས་ན་འདི་སྐད
་སྟོན་པ་ཡིན་ཏེ། དགུན་སྟོང་དང་དགུན་སྨད་དང་དབྱར་གྱི་དུས་ལ་ནི་སྣུམ་པ་དང་དྲོ་བའི་བཟའ་བ་དང་བཏུང་བའོ།། དཔྱིད་ནི་རྩུབ་པ་དང་དྲོ་བའོ།། སྟོན་ནི་བསིལ་བ་དང་རྩུབ་པའོ།། སོ་ཀ་ནི་སྣུམ་པ་དང་བསིལ་བ་ཡིན་ནོ།། བཟའ་བ་དང་བཏུང་བ་སྔར་བསྟན་པ་བཟློག་པས་སྣུམ་པ
་བབསྟེན་པར་བྱའོ།། དེ་བཞིན་དུ་བསིལ་དབྱར་བའི་བཟའ་བ་དང་བཏུང་བ་ཚ་བ་དང་། སྤྲིན་དངས་པའི་དུས་སུ་བསྟན་པ་ལས་ལྡོག་པ་དྲོ་བའི་བཟའ་བ་བང་བ་གཞན་དུ་དུས་གཞན་དུ་དགུན་སྟོང་དང་དགུན་སྨད་དང་དབྱར་དང་དཔྱིད་ལ་བསྟེན་པར་བྱའོ།། གཞན་དུ་དུས་གཞན་ལ་སོ་གའི་སྣུམ་པའི
་བཟའ་བ་དང་བཏུང་བ་བསྟེན་པར་བྱའོ།། དུས་ཀྱི་དང་པོའི་ཐ་མ་ཡི།། ཞག་བདུན་དུས་མཚམས་ཡིན་ཞེས་བྱ།། ཞེས་བྱ་བ་ལ་སོགས་པ་སློབ་དཔོན་ཁ་ཅིག་གིས་འདིར་ཕྱུང་བ་ཡིན་ནོ།། ཞེས་བྱས་ནས་རྒྱ་ཆེར་ནི་མ་བཤད་དོ།། དེ་བཞིན་དུ་གཞན་ཡང་ཚིག་མང་པོ་བསྡུས་པ་ལས
་སྨྲ་བ་ལ་འདིར་བསྟན་པ་དེ་དག་ཀྱང་བདག་གིས་ལུང་ཉམས་སུ་དོགས་པས་བཤད་དོ།། གཞན་ཡང་ཐུན་མོང་གི་ཡུལ་ལ་ནི་ཁམས་མཉམ་པ་ཡིན་ནོ།། སོ་སོར་འདི་དག་ནི་ངེས་པ་ཡིན་ཏེ། འདི་ལྟ་སྟེ། དུས་འདི་ལ་ནི་འདི་ནི་བསྟེན་པར་བྱའོ།། འདི་ནི་བསྟེན་པར་མི་བྱའོ།། ཞེས་བྱ་བ་ཡི་ནོ།། ཡུལ་གཞོང
་སའམ་དགོན་དུ་མ་ལ་ནི་ཁམས་མི་མཉམ་པ་ཡིན་ཏེ། ཁམས་མཉམ་པ་བསྐྱེད་པར་བྱ་བའི་ཕྱིར་ལུས་དང་ཡུལ་དང་རྗེས་སུ་མཐུན་པར་ཤེས་པར་བྱས་ནས་དུས་ཀྱི་ཆོ་ག་གཞན་ལའང་དུས་ཀྱི་རྗེས་སུ་བསྒྲུབ་པར་བྱའི། ཇི་ལྟར་རྣམ་པ་ཐམས་ཅད་ཀྱིས་ཐམས་ཅད
་བསྒྲུབ་པར་བྱ་བ་ནི་མ་ཡིན་ནོ།། འདིའང་དུས་སུ་སྤྱོད་པ་ལ་བལྟོས་པར་མི་བྱ་སྟེ། དེ་ལྟར་ཡང་ཡན་ལག་བརྒྱད་པ་ལ་འཇུག་པའི་གནས་ཡིན་ནོ།། ཞོས་སྦྱར་བར་བྱའི།། ནད་པ་ཉམ་ཐག་པ་ལ་ནི་དུས་ལ་མི་བལྟོས་ཏེ། དེ་དག་ཀུན་ཏུ་སྤྱད་པར་བྱ་སྟེ། ནད་དང་དུས་དང་ཉམ
་སྟོབས་ཆུང་ལས་སྦྱར་བ་བྱས་ན་བཟང་བ་ཡིན་ནོ།། ཡོན་ལག་བརྒྱད་པའི་སྙིང་པོའི་འགྲེལ་པ་ཚིག་གི་དོན་གྱི་ཟླ་གཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དག་འོ་བས་རྣམ་པར་སྦྱར་བ་ལས། ལེའུ་གསུམ་པའི་རྣམ་པར་འགྲེལ་པའོ།། ། དེ་ནས
་ནད་མི་འབྱུང་བར་བྱ་བའི་དཔྱད་ཀྱི་ལེའུ་བཤད་པར་བྱའོ་ཞེས་བྱ་བ་ནི། དུས་སུ་སྤྱད་པར་བྱ་བའི་ལེའུ་བཤད་པའི་འོག་ཏུ། ནད་མི་འབྱུང་བར་བྱ་བའི་ལེའུ་བརྩམས་པ་ཡིན་ཏོ།། དེ་ཡང་གང་གི་ཕྱིར་ཇི་སྐད་དུ་བཤད་པའི་དུས་སུ་དཔྱད་པར་བྱ་བའི་ཆོ་ག་ཇི་ལྟ་བ་བཞིན་དུ
་རང་རང་གི་དུས་སུ་སྤྱད་ཅིང་ཉམས་སུ་བླང་བ་ལ་སྤྱོད་པར་བྱེད་དུ་ཟིན་ཀྱང་། བཤད་པ་དང་གཅི་བ་ལ་སོགས་པའི་ཤུགས་བཀག་པས། དེ་དང་རྗེས་སུ་མཐུན་པའི་ནད་འང་བར་འགྱུར་བ་ཡིན་ལ། དེ་ཡང་དུས་སུ་སྤྱད་པའི་ཆོ་ག་ལས་གཞན་དུ་ལོག་པར་སྤང
་པ་འདྲ་བ་ཡིན་ཏེ། དེ་བས་ན་འདིར་རྩོམ་པ་བྱས་པ་ཡིན་ནོ།། དེ་ལ་ནང་ནི་ལུས་དང་སེམས་ལ་གནས་པའི་བྱེ་བྲག་གིས་གཉིས་སུ་བཤད་པ་པ་ཡིན་ལ། དེ་རྣམས་མི་འབྱུང་བར་བྱ་བ་ལེའུ་ག་ན་ཡོད་པ་དེ་བཤང་བར་བྱའོ་ཞེས་པ་སྟེ།
་འདི་ནི་ཐ་མལ་པར་ནད་མེད་པར་གནས་པའི་དབང་དུ་བྱས་པ་ཡིན་ཏེ། ཐ་མལ་པར་གནས་པར་གྱུར་པ་དེས་ཉིན་རེ་སྤྱད་པའི་ལེའུ་ལས་བཤད་པའི། བྱ་བའི་ཆོ་ག་ཉམས་སུ་བླང་བར་བྱ་བ་དང་། དེ་བཞིན་དུ་དུས་སུ་སྤྱད་པའི་ལེའུ་ལས་བཤད་པ་རྣམས་སྤྱང་།།
་དེ་བཞིན་དུ་ནད་འབྱུང་བར་འགྱུར་བ་སྤང་བ་ལ་ནི། རླུང་ལ་སོགས་པ་ཤུགས་བཀག་པ་དང་། ནན་གྱིས་བཙིར་བ་ལ་སོགས་པ་ཡང་མི་བྱ་བ་ལ་སྤྱད་པར་བྱ་བ་ཡིན་པས་ན། དེའི་ཕྱིར་སྨྲས་པ་ནི། ཕྱིའི་དབུགས་བཤིང་གཅི་སྦྲིད་པ་དང་། བཀྲེས་སྐོམ་གཉིད
་དང་ལུས་ངལ་དབུགས།། གླལ་དང་མཆིལ་མ་སྐྱུགས་པ་དང་།། ཁུ་བའི་ཤུགས་ནི་དགུག་མི་བྱ།། ཞེས་བྱ་བ་ཡིན་ཏེ། རླུང་ལ་སོགས་པའི་ཤུགས་དགག་པར་མི་བྱའོ།། ངལ་དབུགས་ཞེས་བྱ་བ་ནི། ངལ་ཞིང་དུབ་པ་ལས་བྱུང་བའི་དབུགས་ནི་ངལ་བའི་དབུགས་ཏེ
་དེ་མི་དགག་པའོ།། ཤུགས་ཞེས་བྱ་བ་ནི་ཁུ་བའི་བར་དེ་དག་འབྱུང་བ་ལ། རྗེས་སུ་ཕྱོགས་པར་གནས་པ་ཉིད་ནི་ཤུགས་ཞེས་བྱ་སྟེ། ཤུགས་དེ་དག་དང་འབྲེལ་པོ་དེ་ནན་གྱིས་དགག་པརརོ་མི་བྱའོ།། དེ་ལ་རླུང་ནི་གཙོ་བོར་གྱུར་པ་ཡིན་ལ། དེས་ན་དེ་བཀག་པ
་ལས་བྱུང་བའི་ནད་ནི་ཤིན་ཏུ་བཟློག་པར་དཀའ་བའི་ཉེས་པ་ཡོད་པའི་འཇིགས་པས་དང་པོར་བསྟན་པ་ཡིན་ཏེ། དེའི་ཕྱིར་སྨྲས་པ་ནི། ཕྱེན་ནི་བཀག་པར་གྱུར་པ་ཡིན།། སྨན་དང་རྟུག་སྐམ་གཟེར་སྙོམས་ལྕི།། ཕྱེན་དང་གཤང་གཅི་ཁོང་དུ་འགགས།། མིག
་རྟུལ་དྲོད་ཆུང་སྙིང་ནད་འགྱུར་ཞེས་བྱ་བ་ནི། བཤང་སྒོ་ནས་བྱུང་བའི་འོག་གི་རླུང་བཀག་པས། སྨན་ལ་སོགས་པའི་ནང་འབྱུང་བར་འགྱུར་རོ།། རྟག་བསྐུམས་ནི་བཤང་བ་ལ་སོགས་པ་རང་གི་གནས་ལས་གྱེན་དུ་འཕགས་ཤིང་གནོད་པར་བྱེད་པའོ།། གཟེར་བ་རྣ་སྟ
་ཀུན་ཏུ་གཟིར་བའོ།། སྙོམས་ཞིང་ལྕི་བ་ནི་ལུས་ཞུམ་ཞིང་ཁོང་ལྕི་བའོ།། བྱིན་དང་བཤད་གཅི་ཁོང་དུ་འགགས་པ་ནི་ཕྱིར་མི་འབྱུང་བའོ།། མིག་རྟུལ་ཞིང་དྲོད་ཆུང་བ་ནི་མིག་ལ་གནོད་ཅིང་ཁོང་པའི་མེ་དྲོང་འབྲི་བའོ།། སྙིང་ནད་ནི་སྙིང་ནད་ཀྱིས་འདེབས་པའི། བཤང་འགགས
་བྱིན་པའི་ཉཝ་འགྱུར་ཞིང་།། ཆམ་པས་འདེབས་ཤིང་ཀླད་པ་ན།། ཁར་ནི་མི་གཙང་འབྱུང་བ་དང་།། སྔར་བཤད་ནང་དུའང་འགྱུར་བ་ཡིན།། ཞེས་བྱ་བ་ནི། བཤད་པ་ཞེས་པ་སྨད་པ་ཆེན་པོ་འགགས་པས་བྱིན་པའི་ཉ་འགྱུར་བར་འགྱུར་ཏེ། !་ཞེས་བྱ་བ་ནི་བྱིན་པའི་རྒྱབ་ཀྱི་ཆ
་ཤ་ཟླུམ་པོར་གནས་པ་ལ་བྱ་ལ། དེ་གཉིས་འགྱུར་བ་ནི་ལྡོག་པ་སྟེ།། ལག་པ་ལ་སོགས་པས་མཉེས་པ་ལྟ་བུར་འགྱུར་བའོ།། ཆམ་པ་ནཱི་སྣ་ནས་སྣབས་འཛག་པའི་རླུང་ནད་དོ།། ཀླད་པ་ན་བ་ནི་མགོ་ན་བའོ།། དེ་བཞིན་དུ་ཁར་མི་གཙང་བ་འབྱུང་བ་ནི་ཁ་ནས་བཤང་བ
་འབྱུང་བའོ།། སྔར་བཤད་ནད་ནི་ཕྱེན་འགྲགས་པ་ལས་སྨན་ལ་སོགས་པའི་ནང་དུ་འགྱུར་བར་བཤད་པ་སྟེ། དེ་ཡང་འབྱུང་བར་འགྱུར་བའོ།། གཅི་ནི་འགག་པ་ཡིས་ཡན་ལག་ན།། རྡེའུ་ཆུ་སོ་ཕོ་མཚན་དང་།། དཀུ་ཡི་ནང་ན་སྔར་གྱི་ནང་། ཕལ་ཆེར་འབྱུང་ངོ་ཞེས
་བྱ་བ་ནི་གཅིན་འགགས་པ་ལས་ཡན་ལགན་པ་ལ་སོགས་པ་འབྱུང་བར་འགྱུར་རོ།། དེ་ལ་ཡན་ལག་ན་ཞེས་པ་ནི། ཡན་ལག་རྣམས་བཅག་པ་སྙམ་པ་འམ། གཅུས་ཤིང་བཙིར་བ་སྙམ་དུ་སེམས་པའོ།། རྡེའུ་ནི་གཅིན་བསི་བའི་ནང་གཞིའི་སྐབས་ནས
་བཤད་པའོ།། ཆུ་སོ་ལ་སོགས་པའི་ནད་ལ་ཆུ་སོ་ནི་གཅིན་གྱི་གནས་སོ།། མཚན་ནི་པོ་མཚན་ནོ།། དཀུའི་ནང་ནི་བརླ་ཕུགས་ཀྱི་མཚམས་སོ།། འདིས་ནི་ནང་འདི་དག་འབའ་ཞིག་འབྱུང་བར་མ་ཟད་ཀྱི། སྔར་ཕྱེན་ལ་སོགས་པ་བཀག་པ་ལས་བྱུང་བའི་ནང
་སྨན་ལ་སོགས་པའང་གཅིན་འགགས་པ་ལས་འབྱུང་བར་འགྱུར་རོ།། ཕལ་ཆེར་ཞེས་སྨོས་པས་ནི་སྔར་གྱི་ནད་ཐམས་ཅད་འབྱུང་བར་འགྱུར་བ་ནི་མ་ཡིན་གྱི། ཅི་ཞིག་ཅེ་ན་ལ་ལ་ནི་འབྱུང་ལ་ལ་ནི་མི་འབྱུང་ངོ་།། ཞེས་པའི་དོན་ཏེ། ཕལ་ཆེར་ཞེས་སྨོས་པའི་དོན་ནི་ནུ
་ཟད་མ་ཚང་བ་ཉིད་དུ་སྟོན་པ་ཡིན་ནོ།། དེ་ཡང་ལུང་ལས། ཕལ་ཚར་སྒྲ་ནི་ཁྱད་པར་དོན་ཅུང་ཟད་མ་ཚང་བ་སྟོན་ཞེས་འབྱུང་བ་ཡིན་ནོ།། ཕྱེན་ལ་སོགས་པའི་ཤུགས་གསུམ་པོ་དེ་རྣམས་བཀག་པའི་སྨན་སྤྱི་ཙམ་དུ་སྨྲས་པ་ནི་དེའི་སྨན། རེང་བུ་བསྒོ་བྱུག་ལུས་བཅིང་དང་།
་དུགས་དང་སྨན་མར་མས་བཏང་བའོ་ཞེས་བྱ་བ་ཡིན་ཏེ་དེའི་ཞེས་པ་ཕྱེན་དང་བཤང་བ་དང་གཅི་བ་འགགས་པ་ལས་འགྱུར་བའི་སྨན་ཞེས་པ། གསོ་བའི་ཐབས་སུ་གྱུར་པའི་སྨན་ནི་རེང་བུ་ལ་སོགས་པ་ཡིན་ཏེ། དེ་ལ་རེང་བུ་ནི་པོ་སོན་ཆ་དང་། ཁང་པའི་དུད་པ་དང་། ལན་ཚྭ
་ལ་སོགས་པ་ལ་བྱས་པའི་རེང་བུ་སྟེ་འོག་ནས་བཤད་པ་ཡིན་ནོ།། བསྐུ་བྱུག་ནི་ཏིལ་མར་ལ་སོགས་པས་བྱུག་པའོ།། ལུས་བཅིང་བ་ནི་སྨན་རྣམས་བསྐོལ་བའི་ཆུ་དང་། ཏིལ་མར་ལ་སོགས་པས་བཀང་བའི་ཟངས་སམ། གཞོང་པ་ཆེན་པོ་ཟབས་རིང་བའི་ནང་དུ་ལུས
་བཅིང་བའོ།། དུགོ་ནི་སྲོ་བ་ལ་སོགས་པ་རྣམ་པ་བཞི་པོ་འོག་ནས་བཤད་པའོ།། སྨན་མར་མས་བཏང་བ་ནི། སྨན་དང་བསྐོལ་བའི་ཏིལི་མར་ལ་སོགས་པ་བཤང་སྒོ་ནས་བཅུག་པའོ།། འདི་དག་ནི་གསུམ་ཆར་ལ་ཡང་ཐུན་མོང་ཡིན་ནོ།། ཟས་སྐོམ་བཤང་བ་འགགས
་པ་དང་། བཤང་བཀག་ལས་བྱུང་གློ་གཅོང་མཚུངས་ཞེས་བྱ་བ་ནི། གང་བཤད་བཀག་པ་ལས་བྱུང་གློ་གཅོད་བྱིན་པའི་ཉཝ་འགྱུར་བ་ལ་སོགས་པ་ནི། བཤང་གཅི་འགགས་པ་ལ་ཕན་པའི་ཟས་དང་སྐོམ་སྦྱར་བར་བྱ་སྟེ། དེ་ནི་ནས་ཐུག་དང་། ཟན་དྲོན་པོ་དང་། མ
་ཤཱ་དང་། མུངྒ་དང་། རྒྱ་སྣེའུ་ཡི་ཚད་མ་མཐུག་པོའི་ཤ་དང་བཅས་པ་དང་། ཆང་བསྐ་བ་དང་ཞོ་ག་ཆུ་དང་། འབྲས་ཀྱི་ཁུ་ལེ་རང་སྐྱུར་ལ་སོགས་པ་ཡིན་ནོ།། ཆུ་འགགས་པ་ལ་མར་སར་ནི། ཆེ་ཚད་ཙམ་ནི་རབ་ཏུ་སྦྱར་ཞེས་བྱ་བ་ཡིན་ཏེ། གཅིན་བཀག་པ་ལས་བྱུང
་ད། ཡན་ལག་ན་བ་ལ་སོགས་པ་རྣམས་ལ་ནི་མར་སར་ཆེ་ཚད་ཙམ་སྦྱིན་པར་བྱ་སྟེ། ཆེ་ཚད་ཀྱི་སྒྲ་ནི་གང་། ཉིན་མཚན་ག་ཅིག་གི་འཇུ་བར་འགྱུར་བའི་སྣུམ་གྱི་ཚད་ཆེ་བ་ལ་བྱ་སྟེ། དེ་ཡང་ཟས་མ་ཟོས་པ་འི་གོང་དུའམ། ཟས་ཞུ་བའི་རྗེས་ལ་སྦྱིན་པར་བྱའོ།།
་དེ་ཡང་བསྡུས་པ་ལས། མར་ནི་དང་པོར་བཟའ་བར་བསྔགས།། འཇུ་མཐར་ཚད་ནི་ཆེན་པོའང་རུང་ཞེས་བཤད་པ་ཡིན་པས་སྦྱོར་བ་དེ་གཉིས་ལྟར་བྱ་བ་ཡིན་ནོ།། དེ་ལྟར་ཟས་ཀྱི་སྔར་རོམ། ཞུ་བའི་རྗེས་ལ་བྱ་བ་གཉི་ག་ལ་ཆེ་ཚད་ཙམ་གྱི་སྒྲར་བཤང་།། སྒྲོགས་པ་བཀལ
་ན་ཡི་ག་བ་ཆུས།། ལུས་འདར་སྙིང་དང་བྲང་འགག་ན།། སྦོམ་ཞིང་ལུས་ལ་སྐྱིགས་བུས་འདེབས།། དེའི་སྨན་སྐྱིགས་བུ་དག་དང་འདྲ་ཞེས་བྱ་བ་ཡིན་ཏོ། སྒྲེགས་པ་བཀག་པས་ཡི་ག་འཆུས་པ་ལ་སོགས་པ་འབྱུང་བར་འགྱུར་རོ།། དེ་ལ་ཡ་ག་འཆུས་པ་ནི་ཟས་ལ་མངོན་པར
་མི་དགའ་བའོ།། ལུས་འདར་བ་ནི་མགོ་དང་ལག་པ་ལ་སོགས་པ་འདར་བའོ།། སྙིང་དང་བྲང་འགགས་ཤིང་ན་བ་ནི། སྙིང་དང་བྲང་གི་དོང་ཁ་དག་སྦུབས་ཀྱིས་འགགས་ཤིང་རེངས་པ་སྙམ་སེམས་པའོ།། སྤོ་བ་ནི་ལྟོ་བ་རླུང་གིས་ཁེངས་པའོ།། ལུད་པ་དང་སྙིགས
་བུ་ན་རང་གི་མཚན་རྙེད་ཀྱི་སྐབས་སུ་བགནས་སྟོན་ཏོ།། དེའི་ཞེས་པ་ཡི་ག་བརྐུས་པ་ལ་སོགས་པ་དེ་རྣམས་ཏེ། གསོ་པའི་ཆོ་ག་ནི་སྐྱིགས་བུ་དག་དང་འདྲ་ཞེས་བྱ་བ་ཡིན་ཏེ། འོག་ནས་སྐྱིགས་བུ་གསོ་བའི་ལེའུ་ལས་བཤད་པ་དང་འདྲར།།
་སྦྲིསྤྲིང་འགགས་མགོན་དབང་མི་ནོ།། གཉེའུ་རེངས་ཁ་ལོ་འགྲམ་ཆག་འགྱུར།། དུད་རྣོན་གྱིས་བདུག་མིག་སྨན་དང་།། སྣ་སྨན་ཉི་མ་བལྟ་བ་ཡིས།། སྦྲིད་པ་འགག་པ་བསལ་བྱ་ཞིང་།། སྣུམ་དང་དུག་ཀྱང་བསྟེན་པར་བྱ།། ཞེས་བྱ་བ་ནི། སྦྲིད་པ་འགགས་ཤིང་མནགས་པས།
་མགོ་ནད་ལ་སོགས་པ་འབྱུང་བར་འགྱུར་རོ།། མགོ་ན་བ་ནི་ཀླད་པ་ན་བ་ཡིན་ནོ།། དབང་པོ་མི་རྣོ་བ་ནི་མིག་ལ་སོགས་པ་ཉམ་ཆུང་ཞིང་རང་གི་ཡུལ་འཛིན་པར་མི་ནུས་པའོ།། གཉེའུ་ནི་གནད་པ་གཉིས་འདུས་པ་ལ་བྱ་ལྀ། དེ་དག་རེངས་པ་ནི་འགྱུར་མི་ཤེས་པར་བྱས་པའོ།། ཁ་མོ་བ་ནི་ཁ་ཡོན་པ
་འི་སྦྲིད་པ་འགགས་པ་ལ་དུད་པ་ལ་སོགས་པས་སྦྲིད་པ་དབྱུང་བར་བྱའོ།། དེ་ལ་དུང་རྣོན་ནི་འོག་ནས་བཤད་པར་བྱའོ།། མིག་སྨན་ནི་པི་པི་ལིང་ལ་སོགས་པ་སྨན་རྣོན་པོའི་མིག་སྨན་དང་། སྨན་རྣོན་པོའི་ཕྱེ་མ་སྣ་ནས་རྔུབ་པའི་སྣ་སྨན་དང་། ཉི་མ་ལྟ་བ་ནི་སྦྲིད་པ་དབྱུང་བའི་ཕྱིར་ཉི་མ
་ལ་བལྟ་བ་སྟེ། འདི་དག་བྱ་བ་དང་། དེ་ལ་སྣུམ་དང་། དུགས་དག་ཀྱང་བསྟེན་ཅིང་གོམས་པར་བྱའོ།། སྐོམ་འགགས་པས་ན་ཁ་སྐམས་ཤིང་།། ཡན་ལག་མི་བདེ་རྣ་མི་གསལ།། མགོ་འཁོར་མྱོས་ཤིང་སྙིང་ནད་འབྱུང་།། དེར་བསིལ་ཆོ་ག་ཐམས་ཅད་ཕན།། ཞེས་བྱ་བ
་ནི། སྐོམ་པ་ལས་འགགས་ཤིང་བརྣག་པས་ཁ་སྐམས་པ་ལ་སོགས་པའི་ནད་འབྱུང་བར་འགྱུར་རོ།། དེ་ལ་ཁ་སྐམས་པ་ནི་ཤས་ཆེར་ཁ་སྐམས་པར་གྱུར་པའོ།། ཡན་ལག་མི་བདེ་བ་ནི་རྐང་ལག་ནུས་ཞན་ཅིང་སྙོམས་པའོ།། རྣ་བ་མི་གསང་བ་གཉིས་ཀྱིས་སྒྲ
་མི་ཐོས་པའོ།། མགོ་འཁོར་བ་ནི་འཁོར་ལོ་ལ་བསྐྱོན་པ་སྙམ་དུ་སེམས་པའོ།། མྱོས་པ་ནི་དྲན་པའོ།། སྙིང་ནད་ནི་སྙིང་ག་ན་བའོ།། དེར་ཞེས་བྱ་བ་ནི་ནང་དེ་རྣམས་ལའོ།། བསིལ་བའི་ཆོ་ག་ཐམས་ཅད་པན་ཞེས་བྱ་བ་ནི་བཟའ་བ་དང་། བཏུང་བ་ལ་སོགས་པའི་ཆོ་ག་བྱ་བ་ཐམས་ཅད
་བསིལ་བར་བྱས་པ་ཕན་ཞིང་གནོད་པ་སེལ་བ་ཡིན་ནོ།། བཀྲེས་པས་ལུས་ཤིག་ཡི་གེ་འཆུ། ལུས་སྙོམས་ཉམ་ཆུང་གཟེར་མགོ་འཁོར།། དེ་ལས་ཟས་ཡང་སྣུམ་དྲོ་དང་།། ཆུང་བ་དག་ནི་སྦྱར་བར་བྱ།། ཞེས་བྱ་བ་ནི། ཤས་ཆེར་བཀྲེས་པ་བརྣགས་པ་ལས། ལུས
་ཞིག་པ་ལ་སོགས་པའི་ནད་འབྱུང་བར་འགྱུར་རོ།། ལུས་ཞིག་པ་ནི་ལུས་བཅོམ་པ་སྙམ་སེམས་པའོ།། ཡི་ག་འཆུས་པ་ནི་ཡི་གར་མི་བོང་བའོ།། ལུས་སྙོམས་པ་ནི་གཟེངས་དམའ་བའོ།། ཉམ་ཆུང་བ་ནི་སྒེག་པའོ།། གཟེར་བ་ནི་ཟུག་ཅིང་ན་བའོ།། དེ་ལ་ཞེས་བྱ་བ་ནི་ནད་རྣམས
་ལའོ།། ཟས་ཡང་བ་ནི་འབྲས་སཱ་ལུ་རྩ་ནར་ལ་སོགས་པ་ཡང་བ་ལས་བྱས་པ་སྦྱིན་ཞིང་སྐྱེང་བ་དང་། དེ་བཞིན་དུ་སྣུམ་པ་སྟེ། མར་དང་ཤ་ལ་སོགས་པ་དང་ལྡན་པ་དང་། དྲོ་བ་སྟེ་ཚ་ཞིང་ལེགས་པར་ཚོས་པ་དང་། ཆུང་བ་སྟེ་རན་ཅིང་ཆུང་བའི་ཚད་ཙམོ་སྦྱིན་ནོ།། གཉིད
་བཀག་ཁོང་མྱོས་སྤྱི་བོ་མིག། ལྕི་ཞིང་སྙོམས་ལ་གླལ་གཉིད་འོང་།། ལུས་ཞིག་སྙོམ་སེམོས་དེ་ལ་ནི། གཉིད་ལོ་ག་ལུས་མཉེ་ཕན་པ་ཡིན་ཞེས་བྱ་བ་ནི། གཉིད་བསྒྲགས་ཤིང་བརྣགས་པས་ཁོང་མྱོས་པ་ལ་སོགས་པ་འབྱུང་བར་འགྱུར་རོ།། ཁོང་མྱོས་པ་ནི་མི་དྲན་པ
་མཉམ་བྱེད་པའོ།། སྤྱི་བོ་དང་མིག་ལྕི་བ་ནི་ལྗིད་ཆེ་བ་སྙམ་སེམས་པའོ།། སྙོམས་པ་ནི་ཉམ་ཆུང་ཞིང་རྨྱ་བའོ།། གླལ་འོང་བ་ནི་ཡན་ལག་སྐྱོང་བ་དང་བཅས་པར་ཁ་གདངས་པའོ།། ལུས་ཞིག་སྙམ་སེམས་པ་ནི་ལུས་བརྡུངས་པ་མཉམ་སེམས་པའོ།། དེ་ལ་ཞེས་པ་ནི
་ནད་དེ་རྣམས་ལའོ།། གཉིད་ལོག་ཅེས་པ་ནི་བདེ་བར་གཉིད་ཀྱིས་ངོམས་པར་བྱས་པ་དང་། དེ་བཞིན་དུ་ལུས་མཉེ་བ་སྟེ། བདེ་བར་བྱས་ནས་ལུས་ལེགས་པར་མཉེས་པ་སྟེ། དེ་དག་ཕན་ཞིང་འདོད་པར་བྱ་བ་ཡིན་ནོ།། ལུང་པ་བཀག་པས
་དེ་འཕེལ་ཞིང་།། དབུགས་མི་བདེ་ཞིང་ཡི་ག་འཆུས།། སྙིང་ནད་སྐེམས་བྱེད་སྐྱིགས་བུས་འདེབས།། དེར་ནི་ལུད་བསལ་ཆོ་ག་བྱ།། ཞེས་བྱ་བ་ནི་ལུད་པ་བགགས་ཤིང་བརྣགས་པས་ལུད་པ་དེ་ཉིད་འཕེལ་བར་འགྱུར་བ་དང་། དབུགས་མི་བདེ་བ་དང་། ཡི་གེ་བརྐུས་པ་དང
་སྙིང་ནང་འབྱུང་བར་འགྱུར་བ་དང་། དེ་བཞིན་དུ་སྐེམ་བྱེད་ཅེས་བྱ་གཅོང་ཚོན་པོ་དང་། སྐྱིགས་བུས་འདེབས་པར་འགྱུར་རོ།། དེར་ནད་འདི་དག་ལུང་པ་བསལ་བ་སྟེ། ལུད་པ་གསོ་བའི་སྐབས་ནས་བཤད་པའི་ཆོ་ག་ཤིན་ཏུ་འབདེ་བྱའོ།། ངལ་དུབ་དབུགས་ནི་བཀག
་བ་ལས།། སྐྲན་དང་སྙིང་ནད་མྱོས་པར་འགྱུར།། དེ་ལ་ངལ་གསོ་བྱ་བ་དང་།། རླུང་སེལ་བྱ་བའི་ཆོ་ག་བན།། ཞེས་བྱ་བ་ལ་ངལ་ཞིང་དུབ་པའི་དབུགས་ནི་རྩོལ་བ་ལ་སོགས་པ་ལ་བརྟེན་པ་ལས། གང་འཕྲལ་དུ་བྱུང་བའི་དབུགས་དེ་འགགས་པ་ལས། སྐྲན་དང་གློ་སྙིང
་གི་ནད་དང་། མྱོས་ཤིང་མི་དྲན་པ་འབྱུང་བར་འགྱུར་ལ། ནད་དོ་རྣམས་ལ་བདེ་བར་ངལ་གསོ་ཞིང་། རྩོལ་པོ་ལ་སོགས་པ་སྤངས་ལ། ལུས་ལ་བསྐྱོད་པ་དང་། དེ་བཞིན་དུ་རླུང་སེལ་བའི་བྱ་བ། ཆོ་ག་རླུང་གི་ནད་འཇོམས་པར་འགྱུར་བའི་གསོ་བའི་རིམ་པ
་ཕན་པ་ཡིན་ནོ།། གླལ་བཀག་ནད་ནི་སྤྲིང་བཀག་མཚུངས།། ཆོ་ག་ཐམས་ཅད་རླུང་འཇོམས་བྱ་ཞེས་བྱ་བ་ལ། གླལ་འོང་བ་བཀག་ཅིང་བརྣགས་པས། སྦྲིད་པ་བཀག་པོ་དང་འདྲ་བའི་ནད་ཐམས་ཅད་དེ། ཀླད་པ་ན་བ་དང་དབང་པོ་མི་གསལ་བ་ལ
་སོགས་པ་འབྱུང་བར་འགྱུར་ལ་ནད་དེ་རྣམས་ལ་ནི་ཆོ་ག་ཐམས་ཅད་རླུང་འཇོམས་ཤིང་སེལ་བའི་ཆོ་ག་རྣམས་བྱའོ།། མཆི་མ་བཀག་པས་མགོ་སྙིང་ན།། གཉའ་རེངས་ཡི་ག་བཆུས་མགོ་འཁོར།། སྐྲན་བཅས་སྣ་ཆུ་འཛག་གྱུར་དེར།། གཉིད་ངོམས་ཆང་བཏུངས་གཏམ
་སྙན་ཕན་ཞེས་བྱ་བ་ནི། མཚ་མ་བཀག་པ་ལས་མགོན་པ་ལ་སོགས་པ་དང་། སྨན་དང་བཅས་ཤིང་སྣེ་ཆུ་འཇིག་པར་འགྱུར་རོ།། མགོན་པ་ལ་སོགས་པ་ནི་བཤད་ཟིན་ཏོ།། དེར་ཞེས་བྱ་བ་ནི་ནད་དེ་རྣམས་ལ། གཽཉིད་ལོག་པ་དང་། རྒུན་ཆང་ལ་སོགས་པ་བཏུང་བ་དང་།
་གཏམ་སྙན་པ་སྟེ། ཆོས་ལ་སོགས་པ་དང་འབྲེལ་ཅིང་། ཡིད་དགའ་བར་འགྱུར་བའི་གཏམ་རྣམས་མཉན་པ་ཕན་པ་ཡིན་ནོ།། སྐྱུག་བྲོ་བ་རྣགས་པས་མེ་དཔལ་མཛེ།། འབྲས་དང་མིག་ནད་གཡན་པ་རིམས།། སྐྱ་རྦབ་ལུང་བ་དབུགས་མི་བདེ།། དང་ག་རོ་སྟོད་མི་བདེ
་སྐྲངས།། དེར་ཁ་བཀང་དབོ་དུས་སྦྱངས་གནས།། རྩུབ་ཟོས་དེ་ཉིད་སྐྱུག་པ་དང་།། རྩོལ་དང་མྱུར་བར་གཏར་ག་གདབ།། བཀྲུ་སྨན་བཏང་བའང་བསྔགས་པ་ཡིན།། ཞེས་བྱ་བ་ནི། སྐྱུགས་ཤིང་སྨོན་བྲོ་བ་འགགས་ཤིང་བརྣགས་པས་མེ་དཔལ་ལ་སོགས་པ་ལུད་པ་དང
་བཅས་པ་འབྱུང་བར་འགྱུར་རོ།། དེ་ལ་མེད་དཔལ་ནི་ན་གཞིའི་སྐབས་ནཱི་\ུ0f7f་གང་བཙུ། ཛི་ནི་པནས་པའི་ཡུ་སོ་ཞེན་ཀྱི་ལྀ་དམར་པོར་འབྱུང་།། མོགནང་ལ་སོགས་པ་ནི་རང་རང་གི་ལེའུ་ལས་བཤང་བར་བྱའོ།། རོ་སྟོང་མི་བདེ་བ་ནི་ཁ་མ་གཏོགས་པ་གཞན་དག
་དུ་སྔོན་པོ་ཐལ་ཐིལ་འབྱུང་བའོ།། དང་ཁ་མི་བདེ་བ་ནི་སྙིང་ཁར་འཚང་བ་སྙམ་པ་བྱེད་པའོ།། ནད་དེ་རྣམས་ལ་ནི་ཁ་བཀང་བ་སྟེ། སྨན་བསྐོལ་བའི་ཁུ་བས་ཁ་བཀང་ཞིང་དབོ་བ་དང་། དུད་པ་རྣོན་པོ་དང་། སྐྱུར་བར་གནས་ཤིང་ཟན་བཅད་པ་དང་། དེ་བཞིན་དུ་ཟས
་རྩུབ་པ་ཟོས་ལ་དེ་ཉིད་སྐྱུགས་པ་བྱས་པ་ཕན་པ་ཡིན་ནོ།། དེ་བཞིན་དུ་རྩོལ་བ་སྟེ། ལུས་དུབ་པར་བྱེད་པའི་ལས་རྣམས་དང་། ཉུང་བ་ཉིད་དུ་གཏར་ཀ་གདབ་ཅིང་ཁྲག་དབྱུང་བ་དང་། དེ་བཞིན་དུ་བཀྲུ་སྨན་བྱ་བ་སྟེ། ཨ་རུ་ར་དང་། སྦྲང་རྩི་ལ
་སོགས་པ་དང་། ཁྲུས་བྱ་བ་བསྔགས་ཤིང་ཕན་པ་ཡིན་ནོ།། ཁུ་བ་བཀག་པས་དེ་འཛག་དང་།། པོ་མཚོན་ནད་དང་འོར་ནད་རིམས།། སྙིང་ནད་ཆུ་འགགས་ལུས་ཞིག་དང་། རྡེའུ་འཕེལ་དང་མ་ནིང་འགྱུར།། དེ་ལ་ཁྱིམ་ཀའི་ཤ་དོང་ཆང་།། འབྲས་ཆན་མས་བཏང་ལུས
་བཅིང་དང་།། ཆུ་སོ་ནད་བསལ་ཏིལ་མར་བཙོས།། འོ་མ་བུད་མེད་གཞོན་བསྟེན་ཕན།། ཞེས་བྱ་བ་ནི་ཁུ་བ་འབྱུང་བ་བཀག་པ་ལས་ཁུ་བ་དེ་ཉིད་འཇིག་ཅིང་འབྱུང་བར་འགྱུར་བ་དང་། བོ་མཚན་ན་བར་འགྱུར་བ་དང་། འོར་ནད་དང་རིམས་ནད་དང་། སྙིང་ནང་འབྱུང་བ་དང་། ཆུ
་འགག་པ་སྟེ། གཅན་འགགས་པར་འགྱུར་བ་དང་། ལུས་ན་ཞིང་ཞིག་པ་སྙམ་སེམས་པ་དང་། རྡེའུ་འཕེལ་བ་སྟེ་གཅིན་འགགས་པའི་རྡོའུ་འཕེལ་བ་དང་། མ་ནིང་སྟེ་བུད་མེད་རྣམས་ལ་ཉལ་མི་ནུས་ཤིང་དགའ་བ་མེད་པར་འགྱུར་རོ།། དེ་ལྟ་བུའི་ནད་དེ་ལ་ནི་ཁྱིམ
་བྱའི་ཤ་ལ་སོགས་པ་བསྟེན་པར་བྱའོ།། ཁྱིམ་བྱ་ནི་གྲགས་པར་ཟད་དོ།། ཆང་ནི་དངས་མ་འམ་བསྐ་བའོ།། འབྲས་ཆན་ནི་འབྲས་དམར་པོ་ལ་སོགས་པའི་ཆན་ནོ།། མས་བཏང་བ་ནི་བཀྲུ་སྨན་དྲག་པོ་མས་བཏང་བ་འམ། འཇམ་རྩི་དང་། མས་བཏང་བ་གོང་མིའི་དབྱེ
་བས་རྣམ་པ་གསུམ་མོ།། ལུས་བཅིང་བ་ནི་སྨན་ཁུས་སྣོད་གང་བར་ཞུགས་ཤིང་དུགས་བྱ་བའོ།། ཆུ་སོའི་ནད་བསལ་བ་ནི་བཀྲུ་སྨན་རྟ་དང་། གཟེ་མ་དང་། དོང་གྲ་ལ་སོགས་བེ་ཏིལ་མར་དང་། བསྐོལ་བ་དང་། འོ་མ་དང་། བུད་མེད་གཞོན་ཞིང་བདུག་པོ
་བསྟེན་ཅིང་ལོངས་སྤྱད་པ་ཕན་པ་ཡིན་ནོ།། ཤུགས་ནི་བཀག་དང་བཙིར་བ་ཡིས།། ནད་ནི་ཀུན་ཀྱང་འབྱུང་བར་འགྱུར།། ཤིན་ཏུ་མང་པོ་དེ་ཡི་ཕྱིར།། གསོ་དཔྱང་མང་པོ་འདིར་བཤད་དོ།། ཞེས་བྱ་བ་ནི། ཤུགས་བཀག་པ་དང་གཙིར་བ་ཡིས་ནི་ནད་ཀུན་ཀྱང་ཞེས་པ་ནད་མ
་ལུས་པ་དག་ཀྱང་འབྱུང་ཞིང་སྐྱེ་བར་འགྱུར་ཏེ། ཤུགས་བཀག་པ་དག་ཏུ་ནད་གང་ཞིག་སྨྲས་པ་དེ་འབའ་ཞིག་འབྱུང་བ་ཙམ་དུ་ཟད་པ་མ་ཡིན་གྱི། རིམས་ལ་སོགས་པ་གང་ཡིན་པ་ཅི་ཡོད་པ་ཐམས་ཅད་སྐྱེ་བར་འགྱུར་རོ་ཞེས་བྱ་བ་ནི་ཀྱང་ཞེས་བྱ་བའི་སྒྲའི་དོན་ཡིན་ནོ།།
་གང་ཡང་ནད་ཤིན་ཏུ་མང་པོ་ཡོད་པ་དེའི་ཕྱིར། གསོ་ཞིང་བཅོས་པའི་ཆོ་གའི་དཔྱད་འདིར་བསྟན་ཅིང་བཤད་པ་ཡིན་ནོ།། དེ་ལས་ཕལ་ཆེར་རླུང་དུ་མ། གང་ཕྱིར་འཁྲུག་པར་གྱུར་པས་ན།། དེ་ཕྱིར་དེ་ཟོས་སྐོམ་དང་སྨན།། མཉམ་པར་འགྱུར་བ་སྦྱར་བར་བྱ་ཞེས་བྱ་བ
་ལ། དེ་ལས་ཞེས་པ་ནི་ཤུགས་བཀག་པ་དང་། བཙིར་བ་ལས་ཕལ་ཆེར་ཞེས་པ་མང་དུ་རླུང་དག་དུ་མར་ཞེས་པ། རྣམ་པ་དུ་མའི་ཚུལ་གྱིས་རབ་ཏུ་འཁྲུག་པར་འགྱུར་ཞིང་། རྣམ་པར་ལྡང་བར་འགྱུར་བ་གང་ཡིན་པ་དེའི་ཕྱིར། རླུང་ངེས་ཟས་དང་སྐོམ་དང
་སྨན་མཉམ་པར་འགྱུར་བ་ཞེས་པ། རླུང་སྙོམ་པར་འགྱུར་ཞིང་ལམ་ལོག་པ་ན་གནས་པར་རང་གི་ལམ་ལ་གནས་པར་བྱེད་ཅིང་། གནོད་པ་སེལ་བར་འགྱུར་བ་དེ་སྦྱར་བར་བྱ་ཞིང་སྤྱད་པར་བྱའོ།། འདི་དང་གཞན་དུ་ཕན་འདོད་པོས།། འདོད་ཆེན་ཕྲག་དོག་ཞེ་སྡང་དང་།།
་སེར་སྣ་འདོད་ཆགས་ལ་སོགས་དཤུགས།། རྟག་དཀག་དབང་པོ་ཐུལ་བར་བྱ་ཞེས་བྱ་བ་ལ་ཡང་། སྐྱེས་བུ་དབང་པོ་ཐུལ་ཅིང་འདི་དང་གཞན་ལ་ཕན་པར་འདོད་པས། ཡང་ཚོན་ལ་སོགས་པ་ལ་ཞུགས་པའི་ཤུགས་འདི་དག་རྟག་པར་དུས་ཐམས་ཅད་དུ་དགག
་བར་བྱའོ།། དེ་ལ་འདོད་ཅན་ནི་གནན་གྱི་རྫས་རྣམས་ལར་ཞིང་འདོད་པའོ།། ཕྲག་དོག་ནི་གནན་གྱི་ཕུན་སུམ་ཚོགས་པ་ལ་མི་བཟོད་པའོ།། ན་སྡང་ནི་སྲོག་ཆགས་རྣམས་ལ་རབ་ཏུ་སྡང་བའོ།། སར་སྣ་ནི་སར་སྣ་ཅན་ཉིད་དོ།། འདོད་ཆགས་ན
་བུད་མེད་ལ་སོགས་པ་ལ་ཞེན་པོའོ།། སོགས་པའི་སྒྲས་ནི་འཇིགས་པ་དང་ཁྲོ་བ་དང་། གཡོ་རྒྱུ་དང་། དྲེགས་པ་ལ་སོགས་པ་བསྡུ་སྟེ། དེ་དག་གི་ཤུགས་རྣམ་པར་བཀུག་ཅིང་ཐུལ་བའི་རང་བཞིན་ཅན་ཉིད་དུ་བྱའོ།། དྲི་མ་རྣམས་ནི་སྣང་བའི་ཕྱིར།། ཅི་བཞིན
་དུས་སུ་ནན་ཏན་བྱ།། དེ་ནི་ཤིན་ཏུ་གསོགས་གྱུར་ན།། ཤས་ཆེར་འཁྲུགས་པས་སྲོག་རྒྱུན་ག་ཅོད་ཅེས་བྱ་བ་ནི་རླུང་དང་མཁྲིས་པ་དང་བད་ཀན་དང་། བཤད་གཅི་དང་ལ་སོགས་པའི་དྲི་མ་རྣམས་སྦྱང་བར་བྱ་ཞིང་། རྣམ་པར་བསལ་པོ་རུ་བྱ་བའི་འབད་པས་ནན
་ཏན་དུ་བྱའོ།། གང་གི་ཚེ་ཞེ་ན། ཇི་བཞིན་དུས་སུ་ཞེས་བྱ་བ་སྟེ། དུས་ལས་མ་ཡོལ་བར་རོ།། དེ་ཅིའི་ཕྱིར་ཞེ་ན། དྲི་མ་དེ་རྣམས་ནི་ཤིན་ཏུ་གསོགས་ཤིང་རང་གི་གནས་སུ་འཕེལ་བར་འགྱུར་ན། ལན་འགའ་ཞིག་ན་ཟས་དང་སྤྱོད་ལམ་གྱི་ཚུལ་གྱིས་འཁྲུག་པར
་འགྱུར་བའི་རྒྱུ་ལ་བརྟེན་ནས་གང་གི་ཚེ་ཤས་ཆེར་འཁྲུགས་ཤིང་དཀྱིལ་དུ་གྱུར་པ་དེའི་ཚེ། དྲི་མ་འཁྲུག་པར་གྱུར་པས་སྲོག་གི་རྒྱུན་གཅོད་པར་འགྱུར་ཞིང་ཚེ་འཕྲོག་པར་བྱེད་པར་འགྱུར་ཏེ། དེ་བས་ན་དེ་རྣམས་སྦྱང་བ་ཉིད་དུ་བྱའོ།། འདི་ལྟར་ཤིན་ཏུ་བསགས
་བའི་ཟིལ་གྱིས་མནན་པའི་ཐབས་ཀྱི་གཙོ་བོ་ནི་སྦྱང་བ་ཡིན་ཏེ། གང་གི་ཕྱིར་དེས་ཤིན་ཏུ་མྱུར་བར་ཞི་བར་འགྱུར་ལ། ཕལ་ཆེར་གསོགས་པ་དག་ལ་ནི་རྒྱུ་བ་དང་། གཞུ་བར་བྱས་པ་ཡུན་རིང་པོར་བྱས་པ་བསལ་ཏེ། སྨྱུང་བ་དང་བཞུ་བར་བྱས་པ་དག་དེ
་བསལ་བའི་ཆོ་གའི་གཙོ་བོ་ཡིན་ནོ།། ཅུང་ཟད་བསགས་པ་ལ་ནི་སྨྱུང་བ་ཉིད་དེ་བསལ་བའི་ཆོ་གའི་གཙོ་བོ་ཡིན་ནོ།། དེ་ལྟར་ན་ལ་ལར་ནི་སྦྱང་བ་གཙོ་བོ་ཡིན་ལ། ལ་ལར་ནི་སྨྱུང་བ་དང་བཞུ་བར་བྱ་བ་དག་གོ། ལ་ལར་ནི་སྨྱུང་བ་ཉིད་ཟིལ་གྱིས་གནོན་པའི་ཆོ་གའི
་གཙོ་བོ་ཡིན་ལ། གང་གི་ཕྱིར་དེ་ལྟ་ཡིན་པ་དེས་ན། གཞུང་འདི་པོ་རྣམ་པ་རིགས་པ་ཡིན་ནོ།། གནོད་པ་སྦྱང་དང་བཞུ་བྱས་པས།། བསལ་ཡང་སླར་ནི་ལྡང་སྲིད་ཀྱི། གང་ཞིག་ལེགས་པར་སྦྱོང་བ་དག། དེ་ནི་སླར་ཡང་འབྱུང་མི་འགྱུར་ཞེས་བྱ་བ་ནི། རླུང་ལ
་སོགས་པའི་གནོད་པ་རྣམས་སྨྱུང་བར་བྱ་བ་དང་། བཞུ་བ་བྱས་པས་བསལ་ཞིང་རྒྱལ་བར་བྱས་སུ་ཟིན་ཀྱང་། ནོམ་ཞིག་ན་སླར་ལྡང་བར་འགྱུར་བ་སྲོད་ཀྱི། ཡང་གནོད་པ་གང་ཞིག་སློན་སྨན་ལ་སོགས་པས་དག་པར་འགྱུར་ཞིང་། ལེགས་པར་སྦྱངས་པའི
་གནོད་པ་དག་པའི་གཙོ་བོས་དེག་པ་དེ་རྣམས་ནི་སླར་ཡང་འབྱུང་ཞིང་སྐྱེ་བར་མི་འགྱུར་ཏེ། རྩ་བ་ནས་བཅད་པ་ཡིན་པའི་ཕྱིར། དེ་རྣམས་སླར་སྐྱེ་བར་མི་འགྱུར་རོ།། དེ་བས་ན་སྦྱང་བར་བྱས་པ་དང་། བཞུ་བར་བྱ་བ་བྱས་སུ་ཟིན་ཀྱང་། སྦྱང་བ་བྱ་དགོས་པ་ཡིན
་ན་མ་བྱས་པ་ལ་དེའི་རྩོམ་པ་བྱ་དགོས་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟ་ན་སྨྱུང་བ་དང་སྨིན་ཅིང་བཞུ་པ་བྱས་པ་དག་ལ་ཡང་སྦྱང་བའི་རྩོམ་པ་བྱ་དགོས་པ་ཡིན་ནོ།། སྦྱང་བའི་གཙོ་ནས་དག་ལ་ཡང་ཡུལ་དང་དུས་དང་ལུས་ཀྱི་སྟོབས་ལ་སོགས་པས་དཔགས་ཏེ
་སྤྲང་པོ་དང་སྨིན་པར་བྱ་བ་རླུང་གིས་གནོད་པར་མ་གྱུར་པའི་ཚུལ་གྱིས་བརྩམ་པར་བྱ་དགོས་སོ།། དུས་ཤེས་པ་ཡིས་དེ་ཕན་ཆད།། རིམ་པ་བཞིན་དུ་ཅི་རིགས་པར།། བཅུད་ཀྱིས་ལེན་རྣམས་གྲུབ་པ་དང་།། རྩ་བའི་སྦྱོར་བ་སྦྱར་བར་བྱ།། ཞེས་བྱ་བ་ནི
་དུས་ཤེས་པའི་མཁས་པས་སྦྱར་བར་བྱ་སྟེ་དུས་ལ་སོགས་པ་གང་གིས་ཤེས་པ་དེ་ནི་དུས་ཤེས་པ་ཡིན་གྱི་དུས་ཙམ་ནི་མ་ཡིན་ནོ།། དེས་ན་ཡུལ་དང་ལུས་ཀྱི་སྟོབས་དང་ཟས་དང་ཁུ་བཅུད་དང་རང་བཞིན་དང་སྙིང་སྟོབས་ཀྱི་ཚུལ
་གང་གིས་ཤེས་པ་དེས་དེ་ཕན་ཆད་ཅེས་བྱ་བ་སྦྱང་བ་བྱས་པའི་རྗེས་ཐོགས་ལའི་མེ་པ་བཞིན་དུ་ལྟེ་བ་བ་གོ་རིམ་མ་བཆོལ་བ་ཐུག་པ་ལ་སོག་བཱི་གོ་རཾ་ཞག་བདུན་གྱི་བར་དུ་བྱས་ན་དོའི་འོག་ཏུ་ལུས་ཀྱི་སྟོབས་ཀྱི་མཐར་ཕྱིན་པ་ཐོབ་པ་དང་། ཐ་མལ་པའི་ཁ་ཟས་ཟོས་ནས་དེའི་འོག་ཏུ་ཅི་རིགས་པར
་ཞེས་པ་རིགས་པ་དང་མི་འགལ་བས་བྱ་བ་སྟེ་བཅུད་ཀྱིས་ལེན་འདི་ནི་རླུང་གི་རང་བཞིན་ནོ།། འདི་ན་མཁྲིས་དྲི་རང་བཞིན་ནི། དོ་ནི་བདཀན་གྱི་རང་བཞིན་སྡེ་བཱ་བ་དང་། བཅུད་ཀྱིས་ལེན་དེ་ཡང་གྲུབ་པ་སྟེ་གྲུབ་པའི་དྲང་སྲོང་དག་གིས་བཤད་པ་ཡིན་གྱི་རང་བཟོ་ཅི་དགའ་བས་ཁུ་བཅུད་དང་ཡོན
་ཏན་དང་ནུས་པའི་མཐུ་ལས་དཔགས་ནས་བློ་དང་ལྡན་པའི་སྨན་པ་རང་ཉིད་ཀྱིས་ཡོངས་སུ་བརྟགས་པ་ནི་མ་ཡིན་ནོ།། ཡང་ན་གྲུབ་པ་ཞེས་བྱ་བ་ནི་མང་པོའི་མངོན་སུམ་དུ་གྱུར་པས་ཡིད་ཆེས་པ་སྟེ་ཚངས་པ་དང་གནས་འཇོག་དང་རི་ཥི་དང་། འཕོ་བྱེད་ཀྱིས
་སྦྱར་ཅིང་ལོངས་སྨད་པ་དག་གོ། རོ་ཙའ་བའི་སྦྱོར་བ་ཞེས་པ་ནི། བུད་མེད་ལ་བོད་པར་བྱ་བ་གྲུབ་པ་རྣམས་ཏེ་དེ་དག་སྦྱར་བར་བྱའོ།། སྨན་རྣམས་ཀྱིས་ནི་ལུས་སྦྱངས་ཕན།། ས་ལུ་དྲུག་ཅུ་པ་དང་གྲོ། མུཏྶ་ཤ་དང་མར་ལ་སོགས། ཕན་པའི་ཟས་ཀྱིས་ལུས
་བོརྟ་ཞིང་།། ཡིད་འོ་ང་དྲོད་བསྐྱེད་སྨན་སྦྱར་བ།། ཡི་ག་འབྱེ་ཞིང་འཇུ་བྱེད་དང་།། བསྐུ་ཞིང་དྲིལ་ཕྱིས་ཁྲུས་བཅས་དང་།། དྲག་པོ་འཇམ་རྩེ་མས་བཏང་བརྟ།། ཞེས་བྱ་བ་ནི་སྐྱེས་བུ་སྨན་གྱིས་ལུས་སྦྱངས་ཤིང་སྐྱུག་སྨན་ལ་སོགས་པས་ལུས་ཀྱི་ཉམ་སྨད
་བ་ལ་ལུས་བརྟ་བར་བྱ་བའི་ཕྱིར་སྣ་ལུ་རྩ་སྣར་ལ་སོགས་པའི་ཟས་རྣམས་དང་བསྐུ་བ་དང་བཅས་པ་ལ་སོགས་པས་རིམ་གྱིས་ལུས་བརྟ་བར་བྱའི་འཕྲལ་དུ་ནི་མ་ཡིན་ནོ།། ཕན་པ་ཞེས་བྱ་བ་ནི་ལུས་ལ་ཕན་པར་འགྱུར་བའོ།། ཡིད་དུ་འོང་བ་ཡང་ཡིན་ལ་དྲོད་བསྐྱེད
་པའི་སྨན་ཡང་ཡིན་པས་ན་ཡིད་འང་དྲོད་སྐྱེད་སྨིན་ཏེ་སྒྲེ་གཤེར་དང་པི་པི་ལིང་དང་། ནེ་ལེ་ཤམ་དང་། སེའུ་འབྲུ་དང་། བི་ཛ་པུ་ར་དང་། དར་བ་རྙིང་པ་དང་། ཙེ་མང་ཙ་ལ་སོགས་པ་སྟེ་དེ་དང་སྦྱར་ཞིང་འདྲེས་པའི་ཁ་ཟས་གང་ཡིན་པའི་སྦྱོར་བ་དེ་བས་ཡི་ག་འབྱེ
་ཞིང་འཇུ་བར་བྱེད་ལ་ཟས་འདོད་ཅིང་སྨིན་པོར་བྱེད་ནུས་པ་དེས་བརྟ་བ་དང་། ལུས་བསྐུ་བ་ལ་སོགས་པ་ནི་གྲགས་པར་ཟད་དོ།། དྲག་པོ་ནི་བཀྲུ་སྨན་དྲག་པོ་མས་བཏང་བའོ།། འཇམ་རྩིམས་བཏང་བ་སྟེ་དེ་དག་གིས་བརྟ་བར་བྱའོ།། དེས་ནི་མེ་ཀུན་སྟོབས་ལྡན་ཞིང་།།
་བློ་མདོག་དབང་པོ་དྲི་མ་མེད།། དེ་བཞིན་ཚེ་རིང་རོ་ཅི་དང་།། དཔལ་དང་གཟི་མདངས་འ་ཐོབ་པར་འགྱུར།། ཞེས་བྱ་བ་ནི་དེ་ལྟར་རྣམ་པ་དེ་དག་བྱས་ཤིང་བཤད་མ་ཐག་པའི་བྱ་བ་རྫོགས་པ་དེས་ན་སྐྱེས་བུ་དེ་དཔལ་དང་གཟི་མདངས་ཐོབ་པར་འགྱུར་རོ།། དེ་བཞིན་དུ
་མེ་ཀུན་ཞེས་པ་ལུས་ཟུངས་རྣམས་ཀྱི་མེ་ཐམས་ཅད་དང་འབྱུང་བའི་མེ་རྣམས་དང་ཕོ་བའི་མེ་དྲོད་སྟོབས་དང་ལྡན་ཞིང་གསལ་ལ་སྨིན་པར་བྱ་ཞིང་ནུས་པ་དང་ལྡན་པར་འགྱུར་ཏོ། དེ་ལྟར་ན་མེ་བཅུ་གསུམ་སྨིན་པའི་ནུས་པ་སྐྱེ་བར་འགྱུར་རོ།། དེ་བཞིན་དུ་བློ་མདོག་དབང
་པོ་དྲི་མ་མེད་ཅེས་བྱ་བ་སྟེ། བློ་གྲོས་དང་ཁ་དོག་དང་། མིག་ལ་སོགས་པའི་དབང་པོ་རྣམས་དྲི་མ་མེད་ཅིང་དང་བར་འགྱུར་བ་དང་། དེ་བཞིན་དུ་ཚེ་རིང་བ་སྟེ། ལྷག་པར་འཚོ་བར་འགྱུར་བ་དང་། དེ་བཞིན་དུ་རོ་ཙ་བ་ཞེས་པ་ཞུ་བ་རྣམ་པར་འཕེལ་བས། བུད་མེད་ལ
་ཕོད་པར་འགྱུར་བ་དང་། དཔལ་དང་གཟི་མདངས་ཐོབ་པར་འགྱུར་རོ།། འབྱུང་པོ་དུག་དང་རླུང་དང་མེ།། མཚོན་རྨས་ཆག་གྲུགས་སོགས་བྱུང་དང་།། འདོད་ཆགས་ཞེ་སྡང་འཇིག་སོགས་གང་།། དེ་ནི་གློ་བུར་ནད་ཅེས་བྱ།། ཞེས་བྱ་བ་ནི་འདི་དག་ནི་གློ
་བུར་བ་ཞེས་བྱ་སྟེ། དེ་ཡང་གང་འབྱུང་པོས་མཐོང་ཞིང་ཟིན་པ་དང་། དུག་གིས་རེག་ཅིང་ཟིན་པ་དང་།། གནོད་པའི་རླུང་དང་། མེ་དང་མཚོན་གྱིས་རྨས་པ་དང་། རྡོ་ལ་སོགས་པས་ཡན་ལག་ཆག་གྲུགས་སུ་གྱུར་ཅིང་། ཉེ་བར་བཅོམ་པ་ལ་སོགས་པ་ལས་བྱུང
་བར་གྱུར་པ་གང་ཡིན་པ་དང་། དེ་བཞིན་དུ་འདོད་ཆགས་དང་། ཞེ་སྡང་དང་། འཇིགས་པ་དང་། ཁོང་ཁྲོ་བ་དང་། མི་བཟོད་པ་དང་། བརྐམ་ཆགས་ལ་སོགས་པ་ཡིད་ཀྱི་ནང་དུ་གྱུར་པ་གང་ཡིན་པ་སྟེ། དེ་དག་ཀྱང་གློ་བུར་བའི་ནད་ཅེས་བྱ་བ་ཡིན་པར་ཤེས་པར
་བྱའོ།། ཤེས་རབ་ཉེས་པ་སྤང་བ་དང་། དབང་པོ་ཉེར་ནི་དྲན་པ་དང་།། ཡུལ་དུས་བདག་ཉིད་ཤེས་པ་དང་།། དམ་པའི་སྤྱོད་པའི་རྗེས་འཇུག་པ།། ལྷན་ཅིག་སྐྱེས་དང་གློ་བུར་ནད།། མེ་དོར་ན་མ་སྐྱེས་པའི་ཕྱིར་དང་།། སྐྱེས་པ་ཞི་བར་བྱ་བའི་ཕྱིར།། ཆོ་ག་འདི་ནི་བསྟེན་པ
་ཡིན།། ཞེས་བྱ་བ་ལ། ཤེས་རབ་ཀྱི་ཉེས་པ་ཡིན་པས་ན། ཤེས་རབ་ཉེས་པ་སྟེ། དམ་པ་མ་ཡིན་སྤྱོད་བྱེད་ཅིང་། བཀག་པ་རྣམས་ལ་སྤྱོད་པ་སྟེ།། ལྷའི་མིག་དང་ལྡན་པའི་སློབ་དཔོན་རྣམས་ཀྱི་རྣམ་པར་བཀག་པའི་ཡུལ་དག་སྟེན་པར་བྱེད་ཅིང་། བསྒོ
་ཞིང་བསྟན་པའི་དོན་མི་བྱེད་པ་དེ་ལྟ་བུ་ནི་ཤེས་རབ་ཀྱི་ཉེས་པ་ཡིན་ཏེ། མདོར་ན་ལུས་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པར་བྱེད་པའོ།། དེ་སྤང་བ་ནི་མི་བྱེད་པར་གཏོང་ཞིང་སྤོང་བའོ།། དབང་པོ་ཉེ་བར་ཞི་བ་ནི་མིག་ལ་སོགས་པའི་དབང་པོ་རྣམས་མི་དགེ་བའི་རང
་བཞིན་ཅན་གྱི་ཡུལ་ལ་འཇུག་པ་ལས་ལྡོག་ཅིང་ཉེ་བར་ཞི་བའམ། ཡང་ན་སྒྲ་ལ་སོགས་པའི་ཡུལ་ལ་ཤིན་ཏུ་ཞེན་པ་ལས་ཡང་དག་པར་སྡོམ་པའོ།། དྲན་པ་ནི་སྔར་རྗེས་སུ་མྱོང་བའི་དོན་ཡིད་ལ་སེམས་པ་སྟེ། དེ་ཡང་དགེ་བ་དང་མི་དགེ་བའི་ཚུལ་དྲན་པར་བྱས
་ནས། ལེན་པ་དང་སྦྱོང་བར་བྱེད་པ་སྟེ། ཉིན་དང་མཚན་དུ་ཞེས་བྱ་བ་ལ་སོགས་པ་རྟག་ཏུ་སྤྱོད་པའི་ཆོ་ག་ལས་བཤད་པའོ།། དེ་བཞིན་དུ་ཡུལ་དུས་བདག་ཉིད་རྣམ་པར་ཤེས་པ་ཞེས་བྱ་བ་སྟེ་ཅི་སྐམ་ས་དགོན་དུད་ཅན་ཡིན་ནམ། རླན་ཅན་ཡིན་ནམ། འོན་ཏེ
་ཆ་མཉམ་པ་ཡིན། ཅི་རླུང་ནི་རང་བཞིན་ཅན་ནམ། འོན་ཏེ་མཁྲིས་པའི་རང་བཞིན་ཅན་ནམ། ཡང་ན་བད་ཀན་གྱི་རང་བཞིན་ཅན་ཡིན་ཞེས་ཤེས་པར་བྱ་བ་དང་། དེ་བཞིན་དུ་དུས་ཤེས་པ་སྟེ། ཅི་འདི་དགུན་སྟོང་ཡིན་ནམ། འོན་ཏེ་དགུན་སྨད་ལ་སོགས་པ་གཞན
་དག་ཡིན་ཞེས་པ་དང་། འདི་ནི་སྐད་ཅིག་ལ་སོགས་པའི་དུས་ཡིན་ནོ་ཞེས་དང་། འདིར་ཕོངས་པར་འགྱུར་བ་དག་ཀྱང་གཟུང་བར་བྱའོ།། བདག་ཅེས་པ་ནི་རྣམ་པ་གཉིས་ཏེ། ངའི་རང་བཞིན་ནི་འདི་ཡིན་ཏེ། འདི་ལ་ངས་བརྟེན་པར་བྱའོ།། འདི་ལ་ནི་བརྟེན་པར་མི
་བྱའོ་ཞེས་བྱ་བ་ལ་སོགས་པ་བདག་ཉིད་ཤེས་པ་ནི་གཅིག་ཡིན་ནོ།། གཉིས་པ་ནི་མྱ་ངན་ལས་འདས་པའི་རང་བཞིན་ཤེས་པ་སྟེ། དེ་མེད་པར་འདོད་ཆགས་ལ་སོགས་པའི་ནང་གཞན་དག་གིས་བསལ་བར་བྱ་བར་མི་ནུས་པ་དེ་ཤེས་པར་བྱའོ།། དམ་པའི་སྤྱོད་པ
་རྗེས་འཇུག་པ་ཞེས་པ་ནི་དམ་པ་རྣམས་ཀྱི་སྤྱོད་པར་གྱུར་པ་གང་ཡིན་པ་དེའི་རྗེས་སུ་འཇུག་ཅིང་སློབ་ལ་ཉམས་སུ་ལེན་པའོ།། ལྷན་ཅིག་སྐྱེས་པ་ནི་ལུས་ལས་བྱུང་ཞིང་། ལྷན་ཅིག་སྐྱེས་པའོ།། གློ་བུར་བ་ནི་འབྱུང་པོ་ལ་སོགས་པ་དང་། འབྲེལ་པ་ལས
་སྐྱེས་པའོ།། དེ་ལྟ་བུའི་ནད་ཀྱི་རྣམ་པར་འགྱུར་བ་དེས་མ་སྐྱེས་པ་རྣམས་མི་འབྱུང་བར་བྱ་བའི་ཕྱིར་དང་། དེ་བཞིན་དུ་ལྷན་ཅིག་སྐྱེས་པ་དང་། གློ་བུར་བའི་ནད་སྐྱེས་པ་རྣམས་ཞི་བར་བྱ་བའི་ཕྱིར། ཆོ་ག་འདི་ཉིད་མདོར་བསྡུས་ནས་སློབ
་དདཔོན་གྱིས་བསྟན་ཅིང་བཤད་པ་ཡིན་ནོ།། དེ་བས་ན་དྲི་མ་རྣམས་ནི་སྦྱང་བའི་ཕྱིར། ཇི་བཞིན་དུས་སུ་ནན་ཏན་བྱ་ཞེས་བསྟན་པ་ཡིན་ནོ།། འོ་ན་དུས་གང་ཞིག་ཡིན་ཞེ་ན། དེའི་ཕྱིར་འདིར་སྨྲས་པ་ཡིན་ཏེ། གྲང་བ་ལས་བྱུང་ཉེས་ཚོགས་དཔྱིད་ཀྱི་ཚེ།། རྣམ
་བསལ་སོ་ག་ལས་བྱུང་དབྱར་དུས་ན། དབྱར་བསགས་སྤྲིན་བྲལ་དུས་སུ་ལོགས་སྦྱངས་ན།། དུས་བྱུང་ནད་ནི་ནམ་ཡང་འབྱུང་མི་འགྱུར་ཞེས་བྱ་བ་ལ། གྲང་བ་ཞེས་བྱ་བའི་སྒྲ་ནི་དགུན་སྟོད་དང་། དགུན་སྨད་གཉིས།། ར་གཟུང་ངོ་།། ཉེས་པོ་རྣམས་ཀྱི་ཚོགས
་ཡིན་པས་ན་ཉེས་ཚོགས་ཏེ། དེའང་གྲང་བ་ལས་བྱུང་བའི་ཉེས་པའི་ཚོགས་སོ།། དེ་ལྟར་གྲང་བ་ལས་བྱུང་ཞིང་སྐྱེས་པའི་ཉེས་པའི་ཚོགས་གང་ཡིན་པ་དེ་ནི་དཔྱིད་ཀྱི་ཚེ་རྣམ་པར་བསལ་ཞིང་བསལ་བར་བྱའོ།། དེ་བཞིན་དུ་སོ་ཀའི་ཚེ་བསགས་པ་ལས་བྱུང་བའི
་ཉེས་པའི་ཚོགས་ནི་དབྱར་གྱི་དུས་ན་རྣམ་པར་སྦྱང་བར་བྱའོ།། དེ་བཞིན་དུ་དབྱར་བསགས་པ་ཉེས་པོ་རྣམས་ནི་སྤྲིན་བྲལ་དུས་ཏེ། སྔོན་གྱི་དུས་སུ་མྱུར་ཞིང་རིངས་པར་གསོ་དཔྱད་ཀྱི་བསྟན་བཅོས་ལས་འབྱུང་བའི་ཚི་ག་བཞིན་དུ་ལེགས་པར་སྦྱངས་ཤིང
་རྣམ་པར་བསལ་ན། དུས་ལས་བྱུང་བའི་ནད་སྐྱེས་བུ་དེ་ལ་ནམ་ཡང་འབྱུང་ཞིང་སྐྱེ་བར་མི་འགྱུར་རོ།། དཔྱིད་ཀྱི་ཚེ་རྣམ་བསལ་ཞེས་སྨོས་པ་འདིར་ནི་དཔྱིད་ཟླ་འབྲིང་པོ་འགོ་ཟློག་པ་ཁོ་ནའི་དུས་སུ་སྦྱང་བར་བྱ་བ་ཡིན་པར་ཁོང་དུ་ཆུད་པར་བྱ་སྟེ། དེ
་ལྟར་མ་བྱས་ན་བཟློག་དཀའ་བའི་ཉེས་པ་ཡོད་དེ། དུས་པོ་འདི་ལ་བསགས་པའི་ཉེས་པའི་ཚེགས་སྦྱང་བར་བྱ་བའི་དུས་ལ་བབ་པ་དག་ནི་དུས་གཞན་དག་ལ་བསྡང་བ་ན་བསལ་བར་དཀའ་བ་ཡིན་པའི་ཕྱིར་རོ།། སོས་ཀ་ལས་བྱུང་དབྱར་དུས་ན་ཞེས་བྱ་བའི
་སྐབས་འདིར་ཡང་དབྱར་གྱི་དུས་རྩོམ་པ་ཉིད་ན་ཡིན་པར་བྱ་ཞིང་། ཇི་སྲིད་དྲང་བ་དང་། རླུང་དང་། བ་མོ་དང་། ཆར་གྱི་རྒྱུན་དང་། འདྲེས་པའི་དུས་སུ་མ་ཕྱིན་པར་བྱ་བ་ཡིན་ནོ།། དབྱར་བསགས་སྤྲིན་བྲལ་དུས་ཞེས་བྱ་བ་འདིར།། དུས་གང་གི་ཚེ་སྤྲིན་དང་ཤིན
་ཏུ་བྲལ་ཞིང་། ན་མཁོར་དང་བར་གྱུར་པ་སྟེ། སྔོན་ཟླ་གཉིས་ཀྱི་ཕྱི་མའི་ཆ། སྔོན་བླ་ཐ་ཆུང་ཡིན་པར་ཤེས་པར་བྱའི། འགྲོ་རྩོམ་པ་ལ་ནི་མི་གཟུང་ངོ་།། དེ་སྐད་དུ་གཞུང་རྩོམ་པར་བྱེད་པོས་ཀྱང་། དབྱེར་དང་སྟོན་ཟླ་ཆུང་དཔྱིང་འབྲིང་།། ཟླ་བ་རིམ་བཞིནི་ཐུན་མོང
་ཡིན།། སོ་ས་ཀཱ་དབྱར་དགུན་ལ་བསགས་པའི།། རླུང་ལ་སོགས་པ་མྱུར་དུ་བསིལ་ནིས་བཤད་པ་ཡིན་ནོ།། ཇི་ལྟར་ན་མི་རྣམས་རྟག་ཏུ་ནད་མེད་པར་འགྱུར་བ་དེ་བསྟེན་པའི་ཕྱིར་སྨྲས་པ་ནི། རྟག་ཏུ་ཕན་པའི་ཟས་དེང་སྤྱོད་ལམ་བསྟེན།། བརྟགས་དུ་བྱེད་ཅིང
་ཡུལ་རྣམས་ལ་མི་ཚོགས།། གཏོང་ལྡན་སེམས་སྙོམས་བདེན་བརྩོན་བཟོད་དང་ལྡན།། ཉམས་ལྡན་བསྟེན་པར་བྱེད་ན་ནད་མེད་འགྱུར་ཞེས་བྱ་བ་ནི་ཡོན་ཏན་འདི་ལྟ་བུ་དང་ལྡན་པའི་སྐྱེས་བུ་ནི་ནང་མེད་ཅིང་ཐ་མལ་པར་བདེ་བ་ག་ལ་འགྱུར།། དེ་སང་གང་ཤིག་རྟེན། ག
་རྟག་ཏུ་ཞེས་པ་དུས་ཐམས་ཅད་དུ་ཕན་ཞིང་འབྲོད་པའི་ཟས་དང་། སྤྱོད་ལམ་བསྟེན་ཅིང་གོམས་པར་བྱེད་པ་སྟེ། ཕན་པའི་ཟས་ནི་འོག་ནས་བཤད་པ་དང་། དུས་སུ་སྤྱོད་པའི་ལེའུ་ལེས་བཤད་པར་བྱའོ།། སྤྱོད་ལམ་ནི་ལུས་དེང་ངག་དང་ཡིད་ཀྱི་ཀུན་ཏུ
་སྤྱོད་པ་སྟེ། དེ་ཡང་ཉིན་རེ་རྟག་པར་སྤྱད་པའི་ལེའུ་ལས་བཤད་པ་ཡིན་ཏེ། དེ་དག་ལ་བརྟེན་པ་དང་། དེ་བཞིན་དུ་བརྟགས་ཏེ་བྱེད་ཅིང་ཞེས་བྱ་བ་སྟེ། གང་དང་གང་བྱེད་པ་དེ་དང་དེ་སྤང་བ་དང་། བླང་བར་བྱ་བ་ལེགས་པར་བརྟགས་ཤིང་བྱེད་དེ།
་འདི་བྱས་ན་ནི་རྫོགས་པར་འགྱུར་ལ། འདི་བྱས་ན་ནི་མི་རྫོ་གོས་ཤིང་མཐར་ཕྱིན་པར་མི་འགྱུར་རོ་ཞེས་པ་དེ་ལྟར་ཤེས་པར་བྱས་ནས། དགེ་བ་བྱེད་ཅིང་མི་དགེ་བ་སྤོང་བར་བྱེད་པ་དང་། དེ་བཞིན་དུ་ཡུལ་རྣམས་ལ་མི་ཆགས་ཞེས་པ་སྟེ། གཟུགས་དང་། སྒྲ་དང་།
་དྲི་ལ་སོགས་པ་ལ་སེམས་ཆགས་པ་མེད་པ་དང་། གཏོང་ལྡན་ཞེས་པ་གཏོང་ཞིང་སྦྱིན་པར་བྱེད་པའི་ངང་ཚུལ་ཅན་དང་། སེམས་སྙོམས་ཞེས་པ་སེམས་ཅན་ཐམས་ཅད་ཉེ་དུར་གྱུར་ཅིང་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་མེད་པ་དང་། བདེན་བརྩོན་ཞེས་པ
་བ་བདེན་པ་གཙོ་བོར་ལྷུར་བྱེད་ཅིང་། བདེན་པར་དམ་བཅའ་ལ། བསླུ་བ་མེད་པའི་ཚི་གོ་ཕྱིན་ཅི་མ་ལོག་པར་སྨྲ་བ་དང་། བཟོད་པ་དང་ལྡན་ཞེས་པ་ནི། བཟོད་ཅིང་ངེས་པའི་ངང་ཚུལ་ཅན་དང་། དེ་བཞིན་དུ་ཉམས་ལྡན་སྟེན་པར་བྱེད་པ་ཞེས་པ་སྟེ། མཁས་པོའི
་ང་ཚུལ་ཅན་ཡིན་པས་ནི་མཁས་པ་སྟེ། འཇིག་རྟེན་གཉི་ག་ལ་བསླུ་བ་མེད་ཅིང་ཆགས་པ་དང་། འཚེ་བ་མེད་པའི་དངོས་པོ་མཐོང་བ་ལ་མཁས་པ་ཞེས་བྱའོ།། དེ་ཡང་དྲང་སྲོང་ཙ་ར་ཀས།། གང་ཞིག་དུས་གསུམ་དྲི་མེད་པར།། ཤེས་ཤིང་རྟག་ཏུ་མ་ཉམས
་བ། དེ་མཁས་ཕུལ་བྱུང་བློ་རྒྱས་ཡིན།། དེའི་ཚིག་ཐེ་ཚོམ་མེད་ཅིང་བསྟེན།། སྐྱོན་བྲལ་རྨོངས་པ་མེད་པ་དེ།། མི་བདེན་པར་ནི་ཇི་ལྟར་སྨྲ་ཞེས་བྱ་བ་ཡིན་ཏེ། མཁས་ཤིང་ལུང་དང་ལྡན་པ་དེ་ལ་བརྟེན་ལ་ནད་མེད་པར་འགྱུར་རོ།། ཡན་ལག་བརྒྱད་པའི
་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས། ལེའུ་བཞི་པའི་རྣམ་པར་འགྲེལ་པའོ།། །། དེ་ནས་ཆུ་སྣ་ཚོགས་ལ་སོགས་པའི་བྱེ་བྲག་ཤེས་པར་བྱ་བའི
་ལེའུ་བཤད་པར་བྱའོ་ཞེས་བྱ་བ་ལ། སྔར་གོང་དུ་རྟག་ཏུ་ཕན་པའི་ཟས་དང་སྤྱད་ལམ་བསྟེན་ན། ནད་མེད་པར་འགྱུར་རོ་ཞེས་བསྟན་ལ། ཕན་པའི་ཟས་དང་སྤྱོད་ལམ་དེ་གཉིས་ཀྱང་མིང་ཙམ་ཞིག་བསྟེན་པ་ཡིན་ནོ།། དེ་ལ་སྤྱོད་ལམ་ནི་རྩོལ་བ་ལ་སོགས
་པའི་རང་གི་ངོ་བོ་དང་། ལས་ཀྱི་བྱེ་བྲག་བཤད་པས། ཕལ་ཆེར་བཤད་ཟིན་པ་དང་། འོག་ནས་ཀྱང་སྟོན་ཏོ།། ཟས་ཀྱི་ཡང་རང་གི་ངོ་བོ་དང་། ལས་དང་ཡོན་ཏོན་དག་འདིར་ཅུང་ཟད་ཀྱང་མ་སྨོས་སོ།། དེ་བས་ན་ད་ནི་དེའི་རང་གི་ངོ་བོ་དང་། ལས་དང་ཡོན
་ཏན་བཤད་པར་བྱ་བའི་ཕྱིར། ལེའུ་འདི་གཉིས་བརྩམས་པ་ཡིན་ལ། དེ་གཉིས་ལས་ཀྱང་ཆུ་སྣ་ཚོགས་པ་གཤེར་བའི་རྫས་ཀྱི་བྱེ་བྲག་ཤེས་པ་ནི་གཙོ་བོ་ཡིན་པས་དང་པོར་བསྟན་པ་ཡིན་ནོ།། ཆུ་སྣ་ཚོགས་ལ་སོགས་པ་ནི་ཆུ་རྣམས་དང་འོ་མ་དང་བུ་རམ
་ཤིང་གི་ཁུ་བ་དང་། ཏིལ་མར་དང་། ཆང་ལ་སོགས་པའོ།། དེ་རྣམས་ཀྱི་བྱེ་བྲག་ཤེས་པར་བྱ་བ་ནི་བན་པ་དང་གནོད་པ་ཉིད་ཀྱི་སྒོ་རོ་དང་ནུས་པ་དང་། འཇུ་བ་དང་ཡོན་ཏན་ལ་སོགས་པ་རྟོགས་པ་ཤིང་ཤེས་པའོ།། དེ་ལ་ཕན་ཞིང་དགོས་པ་ནི་ལེའུ་སྟེ།
་དེ་བཤད་པར་བྱའོ་ཞེས་བྱ་བའི་དོན་ཏོ།། དེ་ལ་དང་པོར་ནི་ཆུའི་ཡོན་ཏན་གྱི་ངེས་པ་སྟོན་པ་ཡིན་ཏོ། དེ་ཐམས་ཅད་ལ་དགོས་པ་ཡིན་པའི་ཕྱིར་རོ།། དེ་ཡང་སློབ་དཔོན་གྱིས། ཆུ་ནི་སྲོག་ཆགས་རྣམས་ཀྱི་སྲོག། ལུས་ཀྱང་དེ་ཡི་རང་བཞིན་ཡིན།། དེ་བས
་ཤིན་ཏུ་དགག་པ་ཡིས།། ཆུ་ནི་གང་དུའང་བཟློག་པ་མེད་ཅེས་བཤད་པ་ཡིན་ནོ།། མཁའ་ལས་འབབ་པའི་གཾ་གཱའི་ཆུ།། འཚོ་བྱེད་ངོམས་བྱེད་ཡི་གར་བོང་།། ཚིམ་བྱེད་སེམས་ནི་བསལ་བྱེད་ལ།། སླ་ཞིང་རོ་མི་གསལ་ལ་ཞིམ
་བསིལ་ཞིང་ཡང་བ་བདུད་རྩི་ར་མཚུངས།། ཉི་ཟླ་རླུང་གིས་རེག་གྱུར་པ།། དེ་ཡི་ཡུལ་དུས་ལ་བལྟོས་ནས།། ཕལ་ཆེར་ཕན་དང་གནོད་པ་ཡིན།། ཞེས་བྱ་བ་ནི། ནམཁའ་ལ་འབབ་པའི་གཾ་གཱའི་ཆུ་ནི།། ཡོན་ཏན་འདི་དག་དང་ལྡན་ཏེ།། འཚོ་བྱེད་ཅེས་བྱ་བ
་མདངས་འཕེལ་བར་བྱེད་པའོ།། ངོམས་བྱེད་ནི་ངལ་བ་སེལ་བར་བྱེད་པའོ།། དགའ་བ་བྱེད་པ་ནི་སྙིང་དགའ་བར་བྱེད་པའོ།། ཡང་ན་སྙིང་ལ་ཕན་པར་བྱེད་པའོ།། ཚིམ་བྱེད་ནི་བདེ་བ་བསྐྱེད་པའམ་ནད་སེལ་བའོ།། བློ་སད་པར་བྱེད་པ་ནི་ཤེསཽ་རབ་ཀྱི་ཁ
་འབྱེད་པར་བྱེད་པ་སྟེ། གང་ལ་ཤེས་རབོ་ཅི་ཙམ་ཞིག་དེ་ལ་གཽ་སལ་བར་སྣང་བ་ཉིད་དུ་དེ་འཐུངས་པ་ལས་གྱུར་པའོ།། སླ་བ་ནི་སྐ་བ་མ་ཡིན་པའོ།། རོ་མི་གསལ་བ་ཞེས་བྱ་བ་ནི། མངར་བ་ལ་སོགས་པའི་རོ་དེ་ལ་གསལ་བ་མེད་པས་ན་རོ་མི
་གོསལ་བའོ།། ཞིམ་པ་ནི་རོ་བདབ་བ་སྟེ། སྲོག་ཆགས་རྣམ་ས་ཀྱིས་ཤིན་ཏུ་སྲེད་པར་བྱས་ནས། བཏུང་བའི་དོན་དུ་འཐུང་བ་ཞེས་བྱ་བའི་དོན་ཏོ།། དེ་ཡང་གང་གི་ཕྱིར་དྲོང་སྲོང་དག་གིས། བསིལ་ཞིང་གཙང་ལ་དགེ་ཞིང་ཞིམ་ཞེས་བཤང་བ
་ཡོན་ནོ།། བསིལ་བ་ཞིས་བྱ་བ་ནི། རེག་པ་དང་ནུས་པ་གཉི་གལ་སྦྱར་རོ།། ཡང་བ་ཞེས་བྱ་བ་ནི་ཡང་བའི་ཡོན་ཏན་དང་ལྡན་པའོ།། དེ་བཞིན་དུ་བདུད་རྩིར་མཚུངས་ཞེས་བྱེ་བ་ནི་བདུད་རྩིའི་ཡོན་ཏན་དང་ལྡན་པ་སྟེ། ཡོན་ཏན་དམ་པ
་ཚོགས་དང་ལྡན་པའོ།། དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་དག་ཀྱང་ན་མཁའ་སྟེ། བར་སྣང་ལས་བབ་ཅིང་ལྷུང་བ་ན། ཉི་མ་དང་ཟླ་བ་དང་། རླུང་གིས་རེག་ཅིང་ཕྲད་པར་གྱུར་པའི་ཆུ་དེ་ཡང་ཡུལ་དང་དུས་ལས་བལྟོས་ཤིང་ཡུལ་དུས་ཀྱིས་རྗེས་སུ་ཞུགས་པས།
་ཡུལ་དང་དུས་ཀྱི་ཡོན་ཏན་དང་འདྲེས་ཤིང་བདག་གིར་བྱེད་ལ། དེས་ན་ཕལ་ཆེར་སླར་ཞིང་ཕན་པ་གནོད་པ་སྟེ། ལུས་ལ་ཕན་པར་འགྱུར་བ་དང་། གནོད་པར་འགྱུར་བར་བྱེད་པ་ཡིན་ཏེ། དེ་ཡང་རླན་ཆེ་བ་ལ་སོགས་པའི་ཡུལ་ཕྱོགས་གཞན་འགའ
་ཞིག་ཏུ་འབབ་པ་ན། དེ་ཡང་ནག་པོ་འམ། དཀར་པོ་ལ་སོགས་པ་གཞན་དུ་འགྱུར་བ་དང་། དུས་ཏེ་དུས་དྲུག་ལ་བལྟོས་ན་ཕན་པ་དང་གནོད་པ་བྱེད་པ་ཡིན་ནོ།། གང་ཞིག་ཆར་འབབ་དྲི་མ་མེད།། འབྲས་ཆན་དངུལ་ཕོར་ནང་གནས་པ།། མ་རུལ་མདོག
་ཀྱང་མ་གྱུར་པ།། གཾ་གའི་ཆུ་དེ་བཏུང་བར་བྱ།། ཞེས་བྱ་བ་ནི་ཆུ་གང་ལེགས་པར་ཆར་དུ་འབབ་པས་བརླན་ཞིང་སྦྱངས་པའི་སཱ་ལུའི་ཆན་ཏེ། དངུལ་ཕོར་གྱི་ནང་ན་གནས་པའི་དེ་ཡང་རུལ་བར་མ་གྱུར་ཅིང་།། མདོག་ཀྱང་གཞན་དུ་མ་གྱུར་ན། དེ་ནི་གཾ་གཱའི་ཆུ་ཞེས་བྱ
་སྟེ། དོན་འཐུངས་ན་གནོད་པ་མེད་པ་ཡིན་པས་ན་རུང་བར་བྱ་བ་ཡིན་ནོ།། གཞན་དུ་མཚོ་ཆུ་སྟོན་ཟླ་སྟེ།། འབྲིང་པོ་མིན་པར་བཏུང་མི་བྱ།། ཞེས་བྱ་བ་ནི། ཆུ་དེ་སྤངས་པའི་འབྲས་སཱ་ལུའི་ཆན་རུལ་བ་འམ། མདོག་གཞན་དུ་གྱུར་ན། དེ་ནི་རྒྱ་མཚོའི་ཆུ་དང་འདྲ་བ
་ཡིན་པས་བཏུང་བར་མི་བྱ་སྟེ། བ་ཚ་ལ་སོགས་པའི་སྐྱོན་དང་འདྲེས་པ་ཡིན་པའི་ཕྱིར་རོ།། ཅི་དུས་ཐམས་ཅད་དུ་བཏུང་བར་མི་བྱའམོ། འོན་ཏཽ་ལན་འགའ་ཞིག་བཏུང་བར་མི་བྱ་ཞེ་ན། སྟོན་ཟླ་འབྲིང་པོ་མིན་པར་ག་མི་བྱ་སྟེ་བྱ་བ་སྨྲས་པ་ཡིན་ཏེ། སྟོན་ཟླ་འབྲིང་པོ་མ
་གཏོགས་པ་དུས་གཞན་དག་ཏུ་དེ་བཏུང་བར་མི་བྱའོ་ཞེས་སྟོན་པ་ཡིན་ཏེ་ཅིའི་ཕྱིར་ཞེ་ན། དེའི་ཚེ་དྲང་སྲོང་རྀ་འི་འཆར་བའི་དུས་ཡིན་པས། དེས་མཚོ་དང་རྫིང་བུ་ལ་སོགས་པར་གཏོགས་པའི་ཆུ་ཐམས་ཅད་གནོད་པ་དག་ཀྱང་ཕན་པར
་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར་རོ།། ཆར་པའི་ཆུ་ནི་སྣོད་བཟང་བཞག། འགྱུར་བ་མེད་པ་རྟག་ཏུ་བཏུང་ཞེས་བྱ་བ་ནི། ཆར་པའི་ཆུ་ནི་དབང་པོས་བར་སྣང་ལ་ཆར་དུ་འབབ་པའི་ཆུའོ།། སྣོད་བཟང་བཞག་ཅེས་པ་ནི་སྣོད་བཟང་པོ་བཟེད་དེ་བསགས་པའོ།། འགྱུར་བ་མེད་ཅེས་བྱ་བ
་ནི་ཁ་དོག་དང་རོ་མ་ཉམས་ཤིང་འགྱུར་བ་མེད་པ་སྟེ། དེ་ནི་རྟག་ཏུ་ཞེས་པ་དུས་ཐམས་ཅད་དུ་བཏུང་ཞིང་སྤྱོད་པར་བྱའོ།། དེ་མེད་ན་ནི་ཐང་ལ་གནས།། བར་སྣང་བ་དང་རྗེས་མཐུན་ཡིན།། ས་ཕྱོགས་དཀར་ནག་གཙང་ཞིང་ཡངས།། ཉི་འོད་རླུང་གིས་ཕོག་པ་བསྔགས་ཞེས་བྱ
་བ་ནི་དེ་མེད་ན་ཞེས་པ་བར་སྣང་གི་ཆུ་བསགས་པ་དེ་མ་རྙེད་ན། ཐང་ལ་གནས་ཤེས་པ། ས་ལ་ལྟེང་ཀར་གནས་པའི་ཆུ་ནི་བར་སྣང་བ་དང་རྗེས་མཐུན་ཡིན་ཞེས་བྱ་བ། བར་སྣང་གི་ཆར་གྱི་ཆུ་དང་འདྲ་བར་འཚོ་བར་བྱེད་པ་ལ་སོགས་པའི་ཡོན་ཏན་ཆ་མཐུན་པར
་བྱེད་པ་ཡིན་ནོ།། དེ་བཞིན་དུ་ས་ཕྱོགས་ཁ་དོག་དཀར་བ་དང་། གནག་པ་དག་གི་ཆ་འདྲེས་པ་སྟེ། ཕལ་ཆེར་དཀར་ག་ན་ག་དུ་གནག་པ་ན་ཡོད་པ་དང་གཙང་བ་སྟེ། དག་པ་དང་ཡངས་པ་སྟེ་ས་ཕྱོགས་རྒྱ་ཆེ་བ་ན་ཡོད་པ་དེ་ཉི་མའི་འོད་དང་རླུང་གྲིས་བསེར
་བུས་ཀུན་ནས་ཕོག་ཅིང་བསྟེན་བཽ་ནུ་གང་ཡིན་པ་དེ་བསྔག་པ་ཡིན་པས་བཏུང་བ་བྱགོ་སྟེང་ཀ་འདམ་རྫབ་ཉ་ལྕིབས་དང་།། རྩཝ་དང་ལོ་མ་རྙོག་མ་ཅན།། ཉི་ཟླ་རླུང་གིས་མ་ཕོག་པ།། མངོན་དུ་བབ་དང་ཆུ་གར་ལྕི། སྦུ་བོ་སྲོག་ཆགས་ཅན་དང་དྲོ།། གྲང་ཆེས་སོ་ཡིས་མ
་བཟོད་པ།། ཆར་གང་དུས་སུ་མ་བབ་དང་། དུས་ཀྱིའང་དང་པོར་འབབ་པ་གང་།། སྲོག་ཆགས་བདུན་དང་བ་སོགས་འདྲེས།། བཤད་གཅི་དུག་འདྲེས་གནོད་མི་བཏུང་།། ཞེས་བྱ་བ་ནི། ལྟེང་ག་དང་འདམ་རྫབ་ལ་སོགས་པས་རྙོག་པ་ཅན་དུ་གྱུར་པའི་ཆུ་དེ་བཏུང
་ཞིང་ལོངས་སྤྱད་པར་མི་བྱའོ།། དེ་ལ་འདམ་རྫབ་ནི་འདམ་གྱི་རྣམ་པ་སྟེ། དེས་རྙོགས་པའི་ནག་ནོག་ཅན་དུ་བྱས་པའོ།། ཉ་ལྕིབས་ནི་ཆུའི་ནང་ཉིད་ནུས་སྐྱེས་པའོ།། རྩ་དང་ལོ་མ་ནི་གྲགས་པར་ཟད་དོ།། དེས་རྙོག་པ་ཅན་དུ་གྱུར་པ་ནི་གཡོགས་པའོ།། དེ་བཞིན་དུ
་ཉི་ཟླ་རླུང་གིས་མ་ཕོག་བ་ཅེས་བྱ་བ་སྟེ། ཉི་མ་དང་ཟླ་བའི་འོད་དང་རླུང་གིས་ཟེར་གྱིས་མ་ཕོག་པའོ།། དེ་བཞིན་དུ་མངོན་དུ་འབབ་པ་ཞེས་པ་སྟེ། མངོན་དུ་འབབ་པ་དང་འདྲེས་ཤིང་ཆུ་གཞན་གྱིས་གང་བར་འགྱུར་བའོ།། ཆུ་གར་ནི་ཡུན་རིང་པོར་གནས
་པོའི་ཕྱིར། སླ་བ་མ་ཡིན་པ་ལས་སྐབ་ཉིད་དུ་གྱུར་པའོ།། དེ་བཞིན་དུ་ལྕི་བ་སྟེ། ཡང་བ་ལས་ཀྱང་ལྕི་བར་གྱུར་པའོ།། སྦུ་བ་ཅན་ནི་སྡུ་བར་ཡོད་པའོ།། སྲོག་ཆགས་ཅན་ནི་འབྲུ་སྲིན་དང་ལྡན་པའོ།། དྲོ་བ་ནི་ཉི་མ་ལ་སོགས་པའི་ཚ་བས་གདུངས་པའོ།།
་དེ་བཞིན་དུ་ཤིན་ཏུ་གྲང་ཆེས་པས། སོ་དང་རེག་པར་མི་བཟོད་པ་དེ་ཡང་བཏུང་བ་མི་བྱའོ།། དེ་བཞིན་དུ་ཆར་པ་གང་དུས་སུ་མ་བབ་ཡང་དུས་སུ་མ་བབ་པ་ཡང་བཏུང་བར་མི་བྱ་སྟེ། ཆར་ཞུ་ཡིན་པའི་ཕྱིར་བཏུང་བར་བྱ་བ་ཉིད་ཡིན་ཡང་། ཆར་འབབ་པའི་དུས་སུ
་མ་བབ་པ་ཉིད་ཀྱིས་ན་གནོད་པ་ཡིན་པའི་ཕྱིར་བཀག་པ་ཡིན་ནོ།། དུས་མ་ཡིན་པར་འབབ་པ་བཀག་པ་ལས་ན་དུས་སུ་འབབ་པ་ནི་བཏུང་བར་བྱའོ་ཞེས་གནང་བར་དོན་གྱིས་གོ་བར་བྱའོ།། དེ་བསོ་ན་བར་སྣང་ལོ་འབབ་པའི་ཆུ་ཁྱད་པར་ཅན་ནི་བཏུང་བར་བྱ
་པ་ཉིད་ཡིན་པ་ལས། དེ་དུས་སུ་བཏུང་བར་བྱས་པ་ཡིན་ལ། དེ་ཡང་དབྱར་གྱི་དུས་ཡིན་ཏེ། གང་གི་ཚེ་དབྱར་ན་མཁའ་ལས་འབབ་པ་བཏུང་བར་བྱ་བ་ཉིད་ཡིན་གྱི། དུས་གཞན་དག་ཏུ་འབབ་པ་ནི་དུས་མ་ཡིན་པས་བཏུང་བར་མ
་བྱའོ།། ཅིའི་དུས་སུ་བབ་པ་ཐམས་ཅད་དུ་བཏུང་བར་བྱ་བ་འམ། དུས་སུ་བབ་པ་ཡིན་དུ་ཟིན་ཀྱང་བཏུང་བར་མི་བྱ་བ་ཅུང་ཞིག་ཡོད་དམ་ཞེ་ན། དེའི་ཕྱིར་དུས་ཀྱི་དང་པོར་འབབ་པ་གང་ཞིག་བྱ་བ་སྨོས་པ་ཡིན་ཏེ། དུས་དང་པོར་འབབ་པའི་ཆུ་གང་ཡིན་པ་དེ་ནི་བཏུང་བར
་མི་བྱའོ།། དེས་ན་འདི་སྐད་སྟོན་པ་ཡིན་ཏེ། དབྱར་གྱི་དུས་སུ་འབབ་པ་ནི་བཏུང་བར་བྱ་ལ། དེ་ལས་ཀྱང་དང་པོ་འབབ་པ་ནི་དུས་སུ་འབབ་པ་ཡིན་པས་བཏུང་བར་མི་བྱའོ།། དེ་བཞིན་དུ་སྲོག་ཆགས་གདུག་པ་དང་། ལུ་ཏ་ལ་སོགས་པ་རྣམས་ཀྱི། བརྒྱ་དང་། བཤད
་བ་དོང་། གཅི་བ་དང་། དུག་དང་འདྲེས་པས་མཉེས་པར་བྱས་པའི་ཆུ་གང་ཡིན་པ་དེ་བཏུང་བར་མི་བྱའོ།། ནུབ་ཕྱོགས་ནས་ནི་རྒྱ་མཚོར་འབབ།། གང་ཡང་མྱུར་འབབ་རྡུལ་མེད་ཆུ།། དེ་དག་མདོར་ན་དགེ་བ་ཡིན།། དེ་ལས་བཟློག་པ་བཟང་མ་ཡིན་ཞེས་བྱ་བ་ནི། ཆུ་བོ
་གང་ནུབ་ཕྱོགས་ནས་རྒྱ་མཚོར་བབ་ཅིང་སོང་བ་དང་། གང་ཡང་མྱུར་བར་འབབ་ཅིང་མགྱོགས་པར་འགྲོ་བ་དང་། དེ་བཞིན་དུ་རྡུལ་མེད་ཆུ་ཞེས་བྱ་བ་སྟེ་དྲི་མ་མེ་དེ་བའི་ཆུ་དེ་དག་ནི་མདོར་ན་དགེ་ཞིང་ཕན་པ་ཡིན་ནོ།། དེ་ལས་བཟློག་པ་བཟང་མ་ཡིན་ཞེས་བྱ་བ
་ནི། ཆུ་བོ་ནུབ་ཕྱོགས་ནས་མི་འབབ་པ་དང་། དེ་བཞིན་དུ་མྱུར་བར་མི་འབབ་པ་དང་། རྡུལ་མེད་པ་མ་ཡིན་པ་དང་། གོང་མ་ལིས་བཟློག་པ་དེ་དག་ནི་བཟང་པོ་མ་ཡིན་པ་སྟེ། གནོད་པར་བྱེད་པ་ཡིན་ནོ།། ཞེས་བྱ་བའི་དོན་ཏོ།། རྡོལ་ཤུགས་དྲག་བསྡེབས
་བ་ཡོས།། རྒྱུན་ཅན་གཡེངས་པའི་ཆུང་གུ་དང་།། གངས་ཅན་མ་ལ་ཡ་ལས་བྱུང་།། དགེ་ཞེས་བྱ་བ་ལ། རྡོའི་ཚོགས་ལ་དཤུགས་དྲུག་པོས་རྡེབ་པར་བྱེད་ལ། དེས་རྒྱུན་ཆད་ཅིང་རྣམ་པར་འཐོར་བས་གཡེངས་ཤིང་དཕྱུགས་པའི་ཆུ་གང་དག་ཡིན་པ་དེ་དག་གངས
་ཅན་དེ་རི་ཁ་བོ་ཅན་དང་། མ་ལ་ཡིའི་རི་ལས་བྱུང་བ་སྟེ། དེ་གཉིས་ལས་མ་ཐོན་ཅིང་འབབ་པོའི་ཆུ་བོ་ནི་དགེ་ན་ཞེས་པ་སྟི། བན་ཞིང་བསོད་པ་ཡིན་པའོ།། དེ་ཉིད་བརྟན་རྙིང་གསུང་ན། སྲིན་བུ་རྐང་བམ་སྙིང་དང་ནི།། ལྐོག་མ་གླང་པའི་ནད་སྐྱེད་འགྱུར་ཞེས་བྱ
་བ་ནི། ཁ་བ་ཅན་དང་མ་ལ་ཡའི་རཾ་ལས་བྱུང་བ་དེ་ཉིད་བརྟན་ཞིང་གཡུང་བ་སྟེ། དལ་གྱིས་འབབ་པ་ཡིན་ན། སྲིན་བུ་ལ་སོགས་པ་བསྐྱེད་པར་འགྱུར་རོ།། རྐང་འབམ་ནི་ཚིལ་དང་ཤ་ལ་བརྟེན་ཏེ། རྐང་པ་དག་ཏུ་རྐང་པ་དགུ་འབྱུང་བ་སྟེ། མཚན་ཉིད་འོག་ནས
་བཤད་དོ།། ཤར་དང་ནུབ་ཀྱི་མཐའ་ལས་བྱུང་།། གཞང་འབྲུམ་བསྐྱེད་དོ་ཞེས་བྱ་བ་ནི། ཤར་ཕྱོགས་ཀྱི་ལྷོ་བལ་གྱི་ཡུལ་ནས་འབབ་པ་དང་། ནུབ་ཕྱོགས་ཏེ། ཏ་ཐིག་གི་ཡུལ་ནས་འབབ་པ་དང་། མཐའ་ལས་བྱུང་བ་ལྷོ་ནུབ་ཀྱི་མཚམས་ཀྱི་ཡུལ་མ་ལ་པ
་ལས་བྱུང་ཞིང་འབབ་པའི་ཆུ་བྷྱོ་ནཱི། གཞང་འ་བྲུམ་ཞེས་བྱ་བ་འི་ན་སྐྱེད་པར་བྱེད་དོ།། དབང་ཚོན་འབྲུབ། ད~ཾ་སུ་རྫིང་རྐད་འབུམ་ནད་སྐྱེད་འགྱུར་ཞེས་བྱེ་བོ་ནི། དབང་ཆེན་ཞེས་བྱ་བའི་རི་ལས་འབབ་ཅིང་རྒྱུ་བའི་ཆུ་བོ་ནི་དེ་སུ་རྫིང་གི་ནིད་དང་། རྐང་འདམ་གྱི་ནང་སྐྱེ
་པར་འགྱུར་རོ།། སད་ཧྱ་བནྡའི་རི་ལས་འབབོ། མཛེ་དོང་སྐྱ་རྦབ་ཀློང་ནད་འགྱུར་ཞེས་བྱ་བ་ནི། རི་བོ་སང་བྱི་དང་། རི་བོ་བནྡ་ནི་ས་བྱ་བའི་རི་གོ་ཉིས་ལས་འབབ་ཅིང་། དེ་ལས་མཐོན་པའི་ཆུ་བོ་ནི་མཛེ་དང་། སྐྱ་རྦབ་ཀྱི་ནང་དང་། ཀླད་པའི་ནང་སྐྱེད་པར
་འགྱུར་རོ།། བ་རི་ཡཏྟཱ་ནང་ཀུན་སེལ་ཞེས་བྱ་བ། རི་བོ་བ་རི་ཡཏྣ་བྱ་བ་ཞིག་ཡོད་དེ། དེ་ལས་བྱུང་བའི་ཆུ་བོ་ནི་ཉེས་པ་གསུམ་ཆར་སེལ་བ་ཡིན་ནོ།། ཁྲོན་པ་རྫིང་ལ་སོགས་པའི་ཆུ།། སྐམ་ས་རླན་ཅན་བྲག་ལས་ཤེས་ཞེས་བྱ་བ
་ནི། ཁྲོན་པ་དང་རྫིང་བུ་ལ་སོགས་པའི་ཆུ་ཡང་བ་དང་། ལྕི་བ་དང་། ཡོན་ཏན་དང་། སྐྱོན་གཉིས་ཀ་ཡང་སྐམ་ས་དང་། གཤེ་ས་རླན་ཅན་དང་བྲག་ལས་ཤེས་པར་བྱ་སྟེ། སྐམ་ས་ལ་སོགས་པའི་ཡོན་ཏན་གྱིས། དེའི་ཁྲོན་པ་ལ་སོགས་པའི་ཆུའི
་བྱེ་བྲག་ཤེས་པར་བྱའོ།། དེ་ཡང་ཁྲོན་པ་རྫིང་བུ་མཚེའུ་དང་། མཚོར་བཅས་ཆུ་མིག་ལ་སོགས་ཆུ། སྐམ་པ་རླན་ཅན་བྲག་ལས་ནི།། ཡོན་ཏན་སྐྱོན་དག་ཤེས་པར་བྱ་ཞེས་དྲང་སྲོང་ཙ་ར་ཀས་བཤད་པ་དང་། བསྡུས་པ་ལས་ཀྱང་། སྐམ་ས་གཤོར
་ས་རི་བོ་དང་།། ཉེ་ལས་ཡང་དང་ལྕི་བར་འགྱུར།། ཞེས་བཤད་པ་ཡིན་ནོ།། དེས་ན་འདི་སྐད་སྟོན་པ་ཡིན་ཏེ། སྐམ་པའི་ས་ཕྱོགས་ན་གནས་པའི་ཁྲིན་པ་ལ་སོགས་པའི་ཆུ་ནི་ཡང་བ་ཉིད་ཡིན་ལ། རླན་ཅན་གྱི་ཕྱོགས་ན་གནས་པའི་ཁྲོན་པ་ལ་སོགས
་པའི་ཆུ་ནི་ལྕི་བ་ཉིད་ཡིན་ནོ།། རི་བོའི་ཕྱོགས་ན་གནས་པའི་ཁྲོན་པ་ལ་སོགས་བཱི་ནུ་ནི་ཉེས་པ་སྐྱེད་པ་ཡིན་ལ་པ་རི་ཡ་ཏྲའི་ཕྱོགས་ན་གནས་པའི་ནི། ཉེས་པ་འཇོམས་པ་ཡིན་ཏེ། ཐམས་ཅད་ལ་ཡང་འདི་བཞིན་དུ་སྦྱར་བར་བྱའོ།། དྲོད་ཆུང་སྨན་ཡོད་སྦྱ་རྦབ་དང་། དསུ་རྫིང
་ཚད་འཁྲུ་གཞང་འབྲུམ་མམ། ཕོ་བིའི་དྲོང་ཆུང་བོར་ནད་ཅན།། མི་བཏུང་བ་རྣགས་དཀའ་ཉུང་ཟད་བཏུང་ཞེས་བྱ་བ་ནི། དྲོད་ཆུང་ལ་སོགས་པས་ཆུ་བཏུང་བར་མི་བྱའོ།། གལ་ཏེ་བརྣག་པར་དཀའ་ཞིང་སྐོམ་པོ་མི་བཟོད་པར་གྱུར་ན། རང་གི་རང་བཞིན
་དང་། ཡུལ་དང་དུས་དང་། སྤྱོད་ལམ་དང་། ལུས་ཀྱི་ཚད་ལས་དཔགས་ཏེ། ཉུང་ཟད་ཅིག་བཏུང་བར་བྱའོ།། སྟོན་ཀ་སོས་ཀ་མ་གཏོགས་པར།། ནད་མེད་མིས་ཀྱང་ཅུང་ཟད་བཏུང་།། ཞེས་བྱ་བ་ནི། སྟོན་ཀ་དང་སོ་ཀའི་དུས་མ་གཏོགས་པར་དུས
་གཞན་དགུན་སྟོད་དང་། དགུན་སྨད་དང་། དཔྱིད་དང་། དབྱར་དག་གི་ཚེ། ནད་མེད་པའི་མིས་ཀྱང་ཅུང་ཟད་བཏུང་ཞེས་བྱ་བ། ཉུང་ཤས་ཉུང་ཤས་དག་བཏུང་བར་བྱའོ།། ཟས་ཟོས་པ་རོ་མཐའ་ཐོག་མར་ནཱི།། ཆུ་འཐུངས་རན་དང་སྒོ་སྐེམས་འགྱུར
་ཞེས་བྱ་བ་ནི། ཟས་ཟོས་པའི་བར་དང་མཐའ་མ་དང་། ཐོག་མར་ཆུ་འཐུངས་ན། ལུས་སྦོམ་ཕྲ་རན་པ་དང་། སྦོམ་པ་དང་། སྐེམས་པར་འགྱུར་རོ།། དེས་ནི་འདི་སྐད་སྟོན་པར་འགྱུར་ཏེ། མིས་ཟས་ཟོས་པའི་བར་དུ་སྐོམ་འཐུངས་ན་ལུས་ཟུངས་རན
་པར་ཏོ། འདྲ་སྒོམ་འཚམ་པར་འགྱུར་ལ། ཟས་ཟོས་པའི་མཐའ་མར་སྐོམ་འཐུངས་པས་ནི་སྦོམ་ཞིང་རགས་པར་འགྱུར་ལ། ཟས་ཟོས་པའི་ཐོག་མར་འཐུངས་པས་ནི་སྐེམས་པར་འགྱུར་རོ།། དེ་ཡང་སྐོམ་བར་དུ་འཐུངས་པས་ལུས་ཟུངས་མཉམ་པོར་སྐྱེད
་ཅིང་རན་པ་ཉིད་དུ་བྱེད་དོ།། མཐའ་མར་འཐུངས་པས་ནི་མ་ཞུ་བའི་གནས་སུ་བད་ཀན་འཕེལ་བས་སྦོམ་པོར་བྱེད་དོ།། ཟས་ཀྱི་ཐོག་མར་འཐུངས་པས་ནི་ཟས་ཀྱི་ཤིང་མེད་པས། ཕོ་བོའི་མེ་ཉམས་པར་བྱེད་དེ། མེའི་དྲོད་ཀྱིས་མི་མཐུན་པའི་ཕྱོགསུ་གྱུར་པས
་མེའི་དྲོད་འབྲི་བར་བྱེད་ལ། དེས་ན་ཟས་ལེགས་པར་འཇུ་བར་མི་ནུས་ལ། ཟས་མི་འཇུ་བས་དེའི་ཚེ། དངོས་མ་ལ་སོགས་པའི་ལུས་ཟུངས་ཇི་ལྟ་བ་བཞིན་དུ་རྒྱས་པར་མི་འགྱུར་ལ། དེ་རྒྱས་ཤིང་འཕེལ་བར་མ་གྱུར་པས་སྐྱེས་བུ་སྐེམ་པོར་འགྱུར་རོ།། དེ
་སྐད་དུ་སློབ་དཔོན་གྱིས་བསྡུས་པ་ལས། ཟས་ཀྱི་ཐོག་མར་ཆུ་འཐུངས་ན།། མེ་ཉམས་བྱེད་པས་སྐེམས་པར་འགྱུར།། ཐ་མས་སྦོམ་པོ་ཉིད་བྱེད་དོ།། དེ་ནི་མ་ཞུ་བད་ཀན་རྒྱས།། བར་མ་ཡན་ལག་མཉམ་ཞིང་སྙོམས།། ལུས་ཟུངས
་སྨིན་པས་བདེ་བ་ཡིན།། ཞེས་བཤད་པ་ཡིན་ནོ།། ཆུ་བསིལ་ཆང་ནད་རྒྱལ་བ་དང་། སྐྱུག་དང་ངལ་དང་མགོ་འཁོར་དང་།། སྐོམ་དང་ལུས་ཚ་མཁྲིས་པ་དང་། ཁྲག་རྒྱས་དུག་ནི་བསིལ་བྱེད་ཡིན་ཞེས་བྱ་བ་ལ། ཆུ་བསིལ་བ་དག་ནི་ཆང་དྲགས་པའི་ནད་ལ
་སོགས་པ་སེལ་ཞིང་འཇོམས་ལ་ཟློག་པར་བྱེད་པ་ཡིན་ནོ།། དེ་ལ་ཆང་ནད་ནི་ཆང་དྲགས་པ་ལས་གྱུར་པའི་ནད་དོ་དེ་ལ་ནད་ཅེས་བྱ་བ་ནི། གནོད་པ་སོགས་ཤིང་ཉོན་མོངས་པར་བྱེད་པའོ།། བརྒྱལ་བ་ནི་དྲན་པ་སྟོར་བའོ།། སྐྱུག་པ་ལ་སོགས་པ་ནི་གོ་བར་མ
་ཟད་དོ།། ལུས་ཚ་བ་ནི་ཟས་དང་སྤྱོད་ལམ་ཚ་བས་ཆེ་བར་གྱུར་པའོ།། མཁྲིས་པ་དང་ཁྲག་རྒྱས་པ་དོན་དེ་དག་འཕེལ་བའོ།། དུག་ནི་རྒྱུ་བ་དང་། རྒྱུ་བ་ལས་བྱུང་བའི་དབྱེ་བ་གཉིས་སོ།། སེལ་བྱེད་ཡིན་ཞེས་བྱ་བ་ནི། འཐུངས་པ་དང་གཏོར་བ་ལ་སོགས་པས་འདི
་ངདག་སེལ་ཅིང་འཇོམས་པར་བྱེད་པའོ།། ཆུ་ཚན་དྲོད་སྐྱེད་ཟས་འཇུ་ཞིང་།། མགུལ་བདེ་ལུས་ཡང་གཅིན་ནད་སེལ།། སྐྱིགས་བུ་ལྟོ་སྤོས་རླུང་བདེ་ཀན།། རིམས་སར་འཕྲལ་དུ་བཟློག་བྱེད་ཅིང་།། ལུད་པ་ཚམ་གསར་དབུགས་མི་བདེ།། རྩིབས་ལོགས་ཟུག་ལ
་བསྔགས་པ་ཡིན།། ཞེས་བྱ་བ་ནི། ཆུ་བསྐལ་ཞིང་ཆེ་བར་བྱས་པ་དག་ནི་མེའི་དྲོད་སྐྱེད་པར་བྱེད་པ་དང་། དེ་བཞིན་དུ་མ་ནུ་བའི་ཉེས་པ་སེལ་བར་བྱེད་པ་དང་། མགུལ་པ་བདེ་ཞིང་ལྐོག་མ་སྦྱོང་ལ། གདངས་སྙན་པ་དང་། ཡང་བའི་ཡོན་ཏན་དང་ལྡན
་པས་ལུས་ཡང་བར་བྱེད་པ་དང་། གཅིན་ནད་སེལ་བ་ཞེས་པ་གཅིན་གྱི་ནང་ནི་ཆུ་སོ་སྟེ། དེ་ལས་གནོད་པས་ཁེབས་པར་གྱུར་པ་སེལ་བར་བྱེད་པའམ། ཡང་ན་དེ་ན་གནས་པའི་གཅིན་གྱི་སྐྱོན་སེལ་བར་བྱེད་པས་ན། གཅིན་ནད་སེལ་ཞེས་བྱའོ།། ཡང་ནུ
་བསྐོལ་བ་འདི་ནི་སྐྱིགས་བུ་ལ་སོགས་པའི་ནད་རྣམས་ལ་ཡང་བསྔགས་པ་ཡིན་ཏེ། སྐྱིགས་བུ་ལ་སོགས་པ་ནི་འོག་ནས་བཤད་པར་བྱའོ།། ཆམ་པ་ཡང་ཡིན་ལ། སར་པ་ཡང་ཡིན་པས་ཆམ་སར་ཞེས་བྱ་སྟེ། དེ་ལ་ཡང་བསྔགས་པ་ཡིན་ཏེ། གང
་གི་ཕྱིར་དྲོད་སྐྱེད་པ་དང་། ཟས་འཇུ་བར་བྱེད་པ་ཡིན་པར་གོང་དུ་བཤད་པ་དེས་ན། འཛུ་ཞིང་སྨིན་པར་བྱེད་པས་ནི་མ་ཞུ་བ་སྨིན་ཞིང་ཞུ་བར་བྱེད་པ་ཡིན་པས་དེ་ལ་བསྔགས་པ་ཡིན་ནོ།། ཆུ་ནི་བསྐོལ་ནས་གྲངས་པ་དག། བད་ཀན་མི་བྱེད་ལུས་ཡང་ཞིང་།། མཁྲིས
་པ་ཅན་ལ་ཕན་པ་ཡིན།། དེ་ནི་ཞག་ལོན་ཉིས་གསུམ་བསྐྱེད་ཅེས་བྱ་བ་ནི། ཆུ་བསྐོལ་ནས་བསྒྲངས་པོ་ནི་བད་ཀན་སྐྱེད་པར་མི་བྱེད་དེ། མ་སྐོལ་བའི་ཆུ་ལས་རང་བཞིན་གྱི་ཡོན་ཏན་དང་ལྡན་པ་ཡིན་པ་ལས་ཀྱང་བསྐོལ་ནས་གྲངས་པ་ན། ཤིན་ཏུ་སྤངས
་པ་ཡིན་ལ། སྐོལ་ནས་གྲངས་པ་དེ་ཡང་རླུང་དང་བད་ཀན་གྱི་ཉེས་པོ་གང་ཡང་རུང་བ་མཁྲིས་པ་དང་ལྡན་པ་ལ་ཕན་པ་ཡིན་ལ། གསུམ་ཆར་འདུས་པ་ལས་བྱུང་བའི་ནད་ལ་ནི་གནོད་པ་ཡིན་ནོ།། དེ་ཡང་ཡུལ་དུས་ལྕི་དང་ཡང་བ་ལས། བཞི་ཆ་སུམ་ཆ
་ཕྱེད་འདུས་པར།། སྨྲ་བ་མེད་པར་བསྐོལ་བ་ནི། ཤུགས་མེད་དྲི་མ་མེད་ཅིང་ཕན་ཞེས་བཤད་པ་ཡིན་ནོ།། དེ་ལྟར་ཡོན་ཏན་དང་ལྡན་ཞིང་། དེ་ལྟར་བསྐོལ་ནས་གྲངས་པ་དེ་ནི་ཞག་ལོན་པ་སྟེ། ཉིན་ཞག་གཅིག་འདས་པ་འམ། ཡུན་རིང་པོར་བཞག
་པ་དེ་ནི། ཉེས་གསུམ་སྐྱེད་ཅེས་བྱ་བ་ཡིན་ཏེ། རླུང་ལ་སོགས་པའི་ཉེས་པ་གསུམ་སྐྱེད་པར་བྱེད་དེ། དུས་ཀྱི་རང་བཞིན་ཉིད་དང་། མེའི་ཡོན་ཏན་ལས་ཉམས་པ་དང་། སྦྱར་བའི་རྣམ་པར་འགྱུར་བས་ཉེས་པ་རྣམས་སྐྱེད་པ་ཡིན་ནོ།།
་རྒྱུ་སྐྱུར་ཆུ་ནི་སྣུམ་པ་དང་། རོ་མངར་རོ་ཙ་བསིལ་ཞིང་ཡོང་།། སྐོམ་དང་མཁྲིས་པ་རླུང་ནད་སེལ།། དྲོད་སྐྱེང་ལྒང་པོའི་ནད་སྤྱོང་བྱེད་ཅེས་བྱ་བ་ནི། རྒྱ་སྟར་གྱི་འབྲས་བུའི་ནང་ན་གནས་པའི་ཆུ་གཙོར་གཟུང་བར་བྱའི། ངོའི་ཚེ་ཤེས་ལས་བྱུང་བ་གཞན་དག་ནི་མ
་ཡིན་ནོ་ཞེས་ཤེས་པར་བྱ་བའི་ཕྱིར་ཆུའི་སྡེ་ཚན་འདིར་བསྟན་པར་བྱས་པ་ཡིན་ལ། རྒྱ་སྟར་གྱི་འབྲས་བུ་དོའི་ནང་གི་ཆུ་ནི་སྣུམ་པའི་ཡོན་ཏན་དང་ལྡན་པས་ན། སྣུམ་པ་དང་རོ་མངར་ཞིམ་པ་དང་། རོ་མངར་ཞིང་ཁུ་བ་འཕེལ་བར་བྱེད་པ་དང་། བསིལ་ཞིང་གྲང
་བའི་སྟོབས་དང་ལྡན་པ་དང་། ཡང་བ་ལ་སོགས་པ་དང་ལྡན་པ་དང་། མོའི་དྲོད་སྐྱེད་པར་བྱེད་པ་དང་ལྒང་པ་སྟེ། གཅིན་གྱི་གནས་ཀྱི་ནད་སྦྱོང་ཞིང་དག་པར་བྱེད་བ་ཡིན་ནོ།། དབྱར་གྱི་ཆར་པ་ཆུ་བོའི་ཆུ།། མཆོག་ཏུ་བཟང་དང་ངན་པར་བཤད།། ཅེས་བྱ་བ་ནི།
་ཆར་འབབ་པ་སྟེ་བར་སྣང་ལས་འབབ་པའི་ཆུ་དང་ཆུ་བོའི་ཆུ་སྟེ། དེ་ལྟར་ཆར་གྱི་ཆུ་དང་ཆུ་བོའི་ཆུ་སྟེ། དེ་ལས་དབྱར་གྱི་ཆུ་ཤིན་ཏུ་བཟང་ཞིང་མཆོག་ཏུ་གྱུར་པ་ཡིན་ལ། ཆུ་བོའི་ཆུ་ནི་དབྱར་མཆོག་ཏུ་ངན་ཞིང་སྨད་པར་བྱ་བ་ཡིན་པར་བཤད་དོ་ཆུའི་སྡེ་ཚན་ནོ།། །
་ད་ནི་འོ་མ་ཐམས་ཅད་ཀྱི་སྤྱིའི་ཡོན་ཏན་དང་། ལས་རྣམས་སྨྲས་ནི་འདི་ཡིན་ཏེ། དེ་ཡང་ཅི་ལྟར་ཆུ་ནི་འཚོ་བར་བྱེད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དེ་བཞིན་དུ། འོ་མ་ཡང་ཡོན་ཏན་མང་པོ་དང་ལྡན་པ་ཡིན་པས། སྡེ་ཚན་གཞན་དགེ་ལས
་འོ་མའི་སྡེ་ཚན་ཉིད་མཆོག་ཏུ་གྱུར་པ་ཡིན་པ་དང་། གཞན་ཡང་གང་གི་ཕྱིར། ཞུན་མར་ནི་སྣུ་མ་ཐམས་ཅད་ཀྱི་མཆོག་ཡིན་ལ། དེའི་སྐྱེ་བའི་གནས་ནི་འོ་མ་ཉིད་ཡིན་ཏེ། དེ་བཱ་ན་མཆོག་ཏུ་གྱུར་པ་ཡིན་ནོ།། འོ་མ་ཕལ་ཆེར་རོ་ནུ་མངར།། སྣུམ་ཞིང་མདངས་བསྐྱེད
་ལུས་ཟུངས་འཕེལ།། རླུང་དང་མཁྲིས་སེལ་རོ་ཙ་བྱེད།། བད་ཀན་སྐྱེད་ཅིང་བསིལ་བ་ཡིན།། ཞེས་བྱ་བ་འམ། འོ་མ་ཕལ་ཆེར་ཞེས་པ་ནི་འོ་མ་ཕལ་མོ་ཆེའི་ཡོན་ཏན་འདི་དག་ཡིན་གྱི། ཐམས་ཅད་ཀྱི་ནི་མ་ཡིན་ནོ།། དེ་ལ་འོ་མར་གཏོགས་པ་ཐམས་ཅད་ཀྱི
་ནི་རོ་མངར་བ་དང་ཞུ་བའི་རྗེས་ལ་མངར་ཞིང་འཇམ་པ་ཡིན་པས། དེ་དག་ནི་ཁྱད་པར་མེད་པར་རོ་མིངར་བ་དང་ཞུ་བའི་རྗེས་མངར་བ་ཡིན་ནོ།། སྣུམ་པའི་ཡོན་ཏན་དང་ལྡན་པས་སྣུམ་པའོ།། གཟི་མདངས་སྐྱེད་པ་ལ་ཕན་པས་ན་མདངས་བསྐྱེད་དེ། མདངས
་ཞེས་བྱ་བ་ལུས་ཟུངས་རྣམས་ཀྱི་སྙིང་པོར་གྱུར་པ། འོག་ནས་བཤད་པའི་མཚོན་ཉིད་དང་ལྡན་པ་དེ་སྐྱེད་པར་བྱེད་པ་དང་། ལུས་ཟུངས་ཞེས་པ་དངས་མའི་བཅུད་ལ་སོགས་པ་འཕེལ་བར་བྱེད་པ་དང་། རླུང་དང་མཁྲིས་པ་སེལ་ཞེས་བྱ་བ། རླུང་དང་མཁྲིས
་པའི་ནོད་འཇོམས་པར་བྱེད་པ་དང་། རོ་ཙ་བྱེད་ཅེས་པ་འཁུ་བ་འཕེལ་བར་བྱེད་པ་དང་། བེད་ཀན་བྱེད་ཅེས་པ་བད་ཀན་འཕེལ་བར་བྱེད་པ་དང་། ལྕི་བའི་ཡོན་ཏན་དང་ལྡན་པས་ལྕི་བ་དང་། བསིལ་ཞིང་གྲང་བ་སྟེ། ཡོན་ཏན་དེ་དག་དང་ལྡན་པས་ལྕི་བའོ།།
་དེ་དག་ནི་ཕལ་མོ་ཆེའི་སྤྱིའི་ཡོན་ཏན་ཡིན་གྱི། ཐམས་ཅད་ཀྱི་ཡོན་ཏན་འདི་ལྟ་བུ་ནི་མ་ཡིན་ཏེ། ལ་ལ་ནི་གཞན་ངག་ཏུ་ཡང་མཐོང་སྟེ། དཔེར་ན་རྔ་མོའི་འོ་མ་ནི་ཅུང་ཟད་རྩུབ་ཅིང་ཚ་བ་དང་། ལན་ཚ་བྲོ་བ་ཡང་བ་དང་། དེ་བཞིན་དུ་རིའི་འོ་མ་ཡང་ཡང
་བ་དང་། ལུག་གི་འོ་མའི་ནུས་པ་ཚ་བ་སྐྱེད་པ་དང་། རྨིག་པ་གཅིག་པའི་འོ་མ་ཚ་བའི་ནུས་པ་ཅན་ཉིད་ཡིན་ནོ།། འདིར་སྤྱིའི་ཡོན་ཏན་བཤད་པ་ལས། གང་དེ་དང་མི་མཐུན་པའི་ཁྱད་པར་གྱི་ཡོན་ཏན་བཤད་པ་དེ་ནི་སྤྱིའི་ཡོན་ཏན
་དང་མི་མཐུན་པ་ཉིད་ཡིན་པར་ཤེས་པར་བྱའོ།། འོན་ཏེ་ཆ་འདྲ་བ་དག་ཡིན་ན་ནི། དེ་ཉིད་སྟོབས་སྐྱེད་ཅིང་གྲོགས་སུ་གྱུར་པ་ཡིན་ནོ།། འདིར་ཁྱད་པར་དུ་བྱ་བ་ནི་བའི་འོ་མ་འཚོ་བྱེད་ཅིང་། བཅུད་ཀྱིས་ལེན་ཡིན་གློ་བརྡོལ་དང་།། གློ་གཅོང་ལ་ཕན་ཡིད
་གཞུངས་བྱེད།། སྟོངས་སྐྱེད་ནུ་ནོ་སྐྱེད་དང་འཁྲུ།། དལ་དང་མགོ་འཁོར་མྱོས་དཔལ་ཉམས།། ལུད་པ་དབུགས་མི་བདེ་བཀྲེས་སྐོམ།། རིམས་རྙིང་གཅིན་ནི་སྲི་བ་དང་།། ཁྲག་དང་མཁྲིས་པའང་སེལ་བ་ཡིན།། ཞེས་བྱ་བ་ནི་འདིར་འོ་མའི་ནང་ནས་གལ་ཏེ།
་དེརྩིའི་འོ་མ་ཡིན་ན་འཚོ་བོར་བྱིད་པ་ཡིན་པས་ན་འཚོ་བྱེད་ཅིང་ཞེས་བྱ་སྟེ། འོ་མ་ཐམས་ཅད་ཀྱང་འཚོ་བྱེད་ཡིན་མོད་ཀྱི། བའི་འོ་མ་འདི་ཡང་ཤིན་ཏུ་འཚེ་བ་བྱེད་པ་ཡིན་ཏེ། མདངས་སྐྱེད་ཅིང་ལུས་ཟུངས་མཉམ་པོར་འཕེལ་བར་བྱེད་པ་ཡིན་ནོ།། བཅུད་ཀྱི་ལེན
་ཡིན་ཞེས་བྱ་བ་ནི། སྲོག་ཡང་དག་པར་འཛིན་པར་བྱེད་ཡིན་པས། བཅུད་ཀྱིས་ལེན་དང་འདྲ་བའི་ཕྱིར་བཅུད་ཀྱིས་ལེན་ཞེས་བྱ་སྟེ། དེ་ཡང་བསྡུས་པ་ལས། མར་དང་འོ་མ་བསྟོན་པས་ནི།། བཅུད་ཀྱི་ལེན་ནི་ཐོབ་པ་ཡིན།། གང་ཕྱིར་འོ་མ་བསྡིགས་པ
་ཡི། བཙུད་རྣམས་ཀྱི་ནི་བཅུད་ལེན་འིནི་ཐེ་བཤད་པོ་ཡིན་ནོ།། གློ་འཇོ་བ་དང་གཅོད་ལ་ཕན་པ་ནི་གློ་དང་ཕྲེང་འརྡོལ་པ། ལུས་ཟུངས་བད་པར་བྱེད་པའི་གཅོང་ལ་ཕན་ཞིང་རྗེས་སུ་མཐུན་པ་ཡིན་ནོ།། དེ་བཞིན་དུ་བློ་གྲོས་ཏེ། ཡིང་གསུ་སེ་པ་ལ
་ཕན་པ་ཡིན་པས་ན། ཡིད་གཞུངས་བྱེད་ཅེས་བྱའོ།། སྟོབས་ལ་ཕན་པས་སྟོབས་བསྐྱེད་དོ།། ནུ་ཞོ་སྐྱེད་པ་ནི་བུད་མེད་རྣམས་ཀྱི་ནུ་ཞོ་འཕེལ་བར་བྱེད་པ་སྟེ། ནུ་ཞོ་སྣུན་པ་བུད་མེད་ཀྱི་འོ་མ་སྐྱེད་པའོ།། འཁྲུ་བ་ནི་ཁོང་ནས་འཁྲུ་བའི་ངང་ཚུལ་ཅན་ནོ།། དེ་བཞིན་དུ
་ངལ་བ་ལ་སོགས་པ་ཡང་སེལ་བ་ཡིན་ནོ།། མི་བདེ་བ་ནི་ཡིད་ཀྱི་གནོད་པའོ།། གཞན་དག་ནི་གོ་སླའོ།། མ་ཧོའི་འོ་མ་འཇུ་དྲག་ས་དང་། གཉིད་མེད་ལ་ཕན་རབ་ལྕི་བསིལ་ཞེས་བྱ་བ་ནི། མ་ཧེའི་འོ་མ་ནི་འཇུ་དྲགས་པ་སྟེ་མེའི་དྲོད་ཆེ་བས་འདྲངས་མི་ཤེས
་པ་དང་། གཉིད་མེད་པ་ལ་ཕན་པ་དང་། དེའོ་མ་གཞན་དག་ལས་རབ་ཏུ་ཞི་ཞིང་འཇུ་དཀའ་བ་དང་། བསིལ་ཞིང་གྲང་བའི་ཡོན་ཏན་དང་ལྡན་པ་ཡིན་ནོ།། ར་ནི་ཆུ་ཉུང་འཐུང་ཟས་རྒོད།། ཁ་ཞིང་ཚ་བས་ཟ་བས་ཡང་།། སྐེམས་དང་རིམས་པ་དབུགས་མི
་བདེ། ཁྲག་དང་མཁྲིས་པ་ཚད་ནད་སེལ།། ཞེས་བྱ་བ་ལ། རྭའི་འོ་མ་ནི། ཆུ་ཉུང་དུ་འཐུང་བ་ལ་སོགས་པའི་ནད་བཞི་ནི་ཡིན་ཏེ། འདིར་རྒྱུ་སྨོས་པ་ནི་གཞན་དག་ཀྱང་འདི་བཞིན་དུ་རྒྱུ་དང་ལྡན་པའི་དབང་གིས་འོ་མ་ཡང་བ་ཉིད་དུ་ཤེས་པར་བྱ་བའི་ཕྱིར་སྨོས
་པ་ཡིན་ཏེ།། འདི་ལས་གོ་བཟློག་པའི་རང་བཞིན་ཅན་ནི་ལྕི་བ་ཡིན་པར་ཤུགས་ཀྱིས་གོ་བར་བྱའོ།། ཆུ་ཉུང་ངུ་འཐུང་བ་ལ་སོགས་པའི་རང་བཞིན་ནི་དུས་དང་ཡུལ་ལ་སོགས་པ་ལཾ་བལྟོས་ནས་བྱ་བ་ཡིན་ནོ།། རིའི་འོ་མ་འདི་ནི་སྐེམ་པ་ལ་སོགས
་ནད་སྐྱེད་པ་ཡིན་ཏེ། སྐེམ་པ་ནི་གཅོང་ཆེན་པོའོ།། རྔ་མིའི་འོ་མ་ཅུང་རྩུ་བ་དྲོ།། ལན་ཚྭ་བྲོ་ཞི་བོ་དྲོད་ཆེ་བ་ཡོང་། རླུང་དང་བད་ཀན་ལྟོ་སྤོས་སྲིན།། བོར་ནད་དམུ་རྫིང་གནང་ནད་སེལ།། ཞེས་བྱ་བ་ལ། རྔ་མོའི་འོ་མ་ནི་ཅུང་ཟད་རྩུབ་པ་དང་། ཅུང་ཟད་རྡོ
་བ་དང་། ཅུང་ཟད་ལན་ཚྭ་བྲོ་བ་ཡིན་ཞིང་། མེའི་དྲོད་ཆེ་བར་བསྐྱེད་པ་དང་། ཡང་བ་ཡིན་ལ། རླུང་དང་བད་ཀན་དང་ལྷོ་སྤོས་པ་དང་། སྲིན་ནད་དང་། འོར་ནད་དང་། དམུ་རྫིང་དང་། གཞང་འབྲུམ་གྱི་ནང་ལ་ཕན་ཞིང་བསྔགས་པ་ཡིན་ནོ།། བུད
་ཞོ་རླུང་མཁྲིས་ཁྲག། སྣང་པའི་མིག་ནད་སེལ་བྱེད་དེ།། ཚིམ་བྱེད་མིག་དང་སྣར་བླུག་ཕན་ཞེས་བྱ་བ་ལ། བུད་མེད་ཀྱི་འོ་མ་དེ་ནི་རླུང་དང་མཁྲིས་པ་དང་ཁྲག་དང་། སྣང་པ་ལས་བྱུང་བའི་ནད་གང་ཡིན་པ་དག་སེལ་ཞིང་འཇོམས་པར་བྱེད་དོ།། ཇི་ལྟར་ན་དེ
་སེལ་བར་བྱེད་ཅེ་ན། ཚིམ་བྱེད་མིག་ན་སྣར་བླུག་ཕན།། ཞེས་བྱ་བ་ཡིན་ཏེ། ཚིམ་པར་བྱེད་པ་ལ་སོགས་པའི་མཚན་ཉིད་ནི། གནས་འདི་ཉིད་ཀྱི་འོག་ནས་བཤད་པ་ཡིན་ཏེ། ཚིམ་པར་བྱ་བ་ནི་མིག་བཀང་བ་སྟེ། ནས་སམ་སྲན་མ་ཤིའི་ཟན་གྱི་རེང་བུ་སྦོམ
་བར་བྱས་ལྀ་བ་བསྐོར་ཏེ་བཀང་བའོ།། མིག་དུ་བླུགས་པ་ལ་ནི་མིག་འབྲས་ཀྱི་སྟེང་དུ་བླུགས་པའོ།། སྣར་བླུགས་པ་ནི་སྣ་ནས་གཏོང་བའོ།། ལུག་གི་འོ་མ་སྙིང་སྣོད་ཚ།། རླུང་འཇོམས་སྐྱིགས་བུ་དབུགས་མི་བདེ།། མཁྲིས་པ་བད་ཀན་སྐྱེད་པ་ཡིན་ཞེས་བྱ་བ
་ལ་ལུག་གི་འོ་མ་ནི་སྙིང་ལ་གནོད་པ་སྟེ། ཤིན་ཏུ་མི་དགེ་བ་འམ། སྙིང་ནད་སྐྱེད་པའོ།། ཚ་བི་ནི་ནུས་པ་ཚ་བ་དང་ལྡན་པའོ།། རླུང་འཇོམས་པ་ནི་རླུང་གི་ནད་འཇིག་པའོ།། དེ་ལ་སྐྱིགས་བུ་དང་དབུགས་མི་བདེ་བ་དང་། མཁྲིས་པ་དང་། བད་ཀན་ནི་སྐྱེད་པར་བྱེད་པ་ཡིན
་ནོ།། བན་གླང་མོ་ཡིས་རབ་བརྟན་བྱེད་ཅེས་བྱ་བ་ནི། བན་གླང་མོའི་འོ་མ་ནི་རབ་ཏུ་བརྟན་པར་བྱེད་པ་ཡིན་ཏེ། ལུས་ཤིན་ཏུ་བརྟན་པར་བྱེད་པ་ཡིན་ནོ།། རྨིག་པ་གཅིག་པའི་འོ་མ་ཚ།། ཡན་ལག་རླུང་སེལ་སྒྱུར་བཅས་ཤིང་།། ལན་ཚྭ་བྲོ་ཞིང་རྨོངས་པར
་བྱེད།། ཅེས་བྱ་བ་ལ། རྨིག་པ་གཅིག་པ་ནི། རྨིག་སྦུབས་གཅིག་ཡོད་པ་སྟེ། རྨིག་པ་ལ་ཁ་དབྲག་ཏུ་མ་གྱུར་པ། རྟ་དང་བོང་བུ་ལ་སོགས་པ་རྣམས་ལ་རྨིག་པ་གཅིག་པ་ཞེས་བྱ་སྟེ། དེ་དག་གི་འོ་མ་ནི་ཚ་ཞིང་དྲོ་བའི་ནུས་པ་དང་ལྡན་པ་ཡིན་ནོ།། ཡན་ལག
་གི་ཁྲག་ལ་སོགས་པའི་ལུས་ཟུང་རྣམས་ཏེ། དེ་ལ་གནས་པའི་རླུང་སེལ་ཞིང་འཇོམས་པར་བྱེད་པ་དང་། སྐྱུར་དང་བཅས་པ་དང་། ལན་ཚྭ་བྲོ་བ་ནི་ཅུང་ཟད་སྦྱར་བ་དང་། ཅུང་ཟད་ལོན་ཚྭ་བྲོ་བའོ།། རྨོངས་པར་བྱེད་ཅེས་བྱ་བ་ནི་རྨོང་རྨོ་པོར་བྱེད་ཅིང་། ལུས
་མི་གསལ་བ་བེམས་པོ་ཉིད་དུ་བྱེད་པའམ། ཤེས་རབ་ལ་གནོད་པར་བྱེད་པའོ།། ཡང་ན་རྨོངས་པ་ནི་བླུན་བོ་ཉིད་དུ་གྱུར་པའོ།། ཞེས་པ་ལས་བཤད་དོ།། འོ་རློན་བད་ཀན་སྐྱེད་ཅིང་ལྕི།། རིགས་པར་བསྐོལ་བས་དེ་ལས་གཞན།། ཤིན་ཏུ་བསྐོལ་ན
་འཇུ་དཀའ་ལྕི།། བཞོས་མ་ཐག་དྲི་བདུད་རྩིར་མཚུངས་ཞེས་བྱ་བ་ལ། འི་མ་ཐམས་ཅད་མ་བསྐོལ་བ་ནི་བད་ཀན་བསྐྱེད་ཅིང་འཕེལ་བར་བྱེད་པ་ཡིན་ཏེ། དྲི་མ་དང་ལྡན་པས་ལུས་ཀྱི་རྩ་སྤྲུགས་ནས་མི་རྒྱུ་བ་ཡིན་པའི་ཕྱིར་རོ།། ལྕི་བ་ནི་ཡུན་རིང་ཞིག་ན
་འཇུ་བ་སྟེ། ས་ནི་ཟླ་བའི་ཡོན་ཏན་གྱི་ཆ་ཤས་ཆེ་བ་ཡིན་པས་དེ་ལས་འབྱུང་བའི་ཕྱིར་རོ།། རིགས་པར་བསྐོལ་ནོ་ཞེས་བྱ་བ་ནི། འོ་མ་དང་དེ་ཉིད་རློན་པ་ལས་གི་བཟློག་པར་བསྟེན་ན་དེ་ལས་གཞོན་པ་སྟེ། བདཀོན་སྐྱེད་པ་མ་ཡིན་ལ་ལྕི་བ་ཡང་བ
་མ་ཡིན་ཏེ། བད་ཀན་སེལ་ཞིང་ཡང་བར་གྱུར་པའོ།། དེ་ལ་ལེགས་པ་ནི་སྦྱོར་བའི་ཐབས་ཏེ། ཇི་ལྟར་འོ་མའི་ཕྱེད་ཀྱི་ཆུས་བསྣན་ལ་བསྐོལ་བ་ནི། འོ་མ་རློན་པ་བས་ཤིན་ཏུ་ཡང་བ་ཡིན་ནོ་ཞེས་རྒྱུད་གཞན་ནས་བཤང་པ་ཡིན་ནོ།། ཡང་ན
་ཤིན་ཏུ་བསྐོལ་བ་མ་ཡིན་ལ། ཅུང་ཟད་བསྐོལ་བ་ཡང་མ་ཡིན་པ་ནི། རིགས་པ་ཡིན་ཏེ། མི་རིགས་པར་བསྐོལ་བ་ནི་མེ་དང་བྱེད་པ་ཡིན་དུ་ཟིན་ཀྱང་། ལྕི་བ་ཉིད་དུ་འགྱུར་རོ།། དེ་ཡང་གང་གི་ཕྱིར་མི་རིགས་པར་བསྐོལ
་ཅིང་། ཆུ་མེད་པར་བསྐོལ་བ་ལས། ཆ་གཅིག་དང་། ཆ་གཉིས་དང་། གསུམ་དང་བཞི་ནས་ཆ་བརྒྱད་ལུས་པའི་བར་གྱིས་ནི། གོང་ནས་གོང་དུ་སྙིང་པོ་འདུས་པར་འགྱུར་རོ།། དེ་ཡང་རྒྱུད་གཞན་ལས། འོ་མ་རྐུ་མེད་པར་བསྐོལ་བ། གཉིས
་གསུམ་བཞི་ནས་བརྒྱད་ཆ་ལུས།། ཇི་ལྟར་ཤིན་ཏུ་བསྐོལ་བ་བཞིན།། སྙིང་པོ་ལྕི་ཞིང་རབ་སྟོབས་ལྡན་ཞེས་བཤད་པ་ཡིན་ནོ།། དེ་བས་ན་ཤིན་ཏུ་བསྐོལ་ན། འཇུ་དཀའ་ཞིང་རབ་ཏུ་ལྕི་བར་འགྱུར་རོ།། བཞོས་མ་ཐག་པའི་འོ་མ་དྲོ་བ་ནི་འཕྲལ་དུ་བཞོས
་པའོ།། དེ་ནི་ཕན་པ་ཉིད་ཀྱིས་ན་བདུད་རྩིར་མཚུངས་ཞེས་བྱ་བ་སྟེ། བདུད་རྩི་དང་འདྲ་བ་ཡིན་ནོ།། ད་ནི་འོ་མ་ལས་ཞོར་གྱུར་པ་ལས། གནས་སྐབས་དུ་མ་ཉིད་དུ་གྱུར་པ། མ་རྫོགས་པ་ལས་ཇི་སྐད་དུ་བཤད་པའི་སྦྱར་བ་དང་ཤིན་ཏུ་སྦྱར་བ་ལ
་སོགས་པའི་ཚུལ་གྱིས་ཞོ་མ་ལངས་པ་དང་། ལགས་པར་ལངས་པ་དང་། ལངས་ནས་ཐལ་ཆེས་པ་ཉིད་དུ་ཡོངས་སུ་གྱུར་པ་ལས། ཇི་ལྟར་ཞོའི་གནས་སྐབས་དུ་མར་གྱུར་པའི་རང་བཞིན་གྱི་གནས་སྐབས་གེ་ནུང་རྩོམ་པས་སྙིང་ལ
་བཞག་སྟེ། སྨྲས་པ་ནི་ཞོ་ནི་རོ་དང་ཞུ་རྗེས་སྒྱུར།། རྟུག་སྐེམ་ལྕི་ལ་རླུང་ནད་སེལ།། ཚིལ་དང་ཁུ་ཆུ་སྟོབས་བང་ཀན།། ཁྲག་མཁྲིས་དྲོད་བསྐྱེད་བོར་ནད་སྐྱེད།། ཡི་ག་འབྱེད་ཅིང་ཁ་ཟས་ལེནི།། གྲང་བའི་རིམས་དང་མི་སྙོམས་རིམས།། ཆམ་པ
་གཅིན་འགགས་གྱུར་པ་དང་།། འཁྲུ་བའི་ནད་ལ་རྩུབ་མོ་ཕན་ཞེས་བྱ་བ་ལ། ཞོ་གང་རོ་དང་ཞུ་བའི་རྗེས་སྒྱུར་བ་ནི་རོ་དང་ཞུ་རྗེས་ལ་བྱའོ།། རྟུག་སྐེམས་ཞེས་བྱ་བ་ནི་གཤང་གཅི་ལ་སོགས་པ་རང་གི་གནས་ནས་བསྐུལ་ནས་གོང་པོར་བྱེད་པ་ལ་བྱའོ།། ལྕི་བའི་ཡིན
་ཏན་དང་ལྡན་པ་ལྕི་བ་པའོ།། རླུང་གི་ནད་སེལ་བས་ན་རླུང་སེལ་ལོ།། དྲོ་བ་ནི་དྲོ་བའི་ནུས་པ་སྐྱེད་པའོ།། དེ་བཞིན་དུ་ཚིལ་དང་ཁུ་ཆུ་དང་། སྟོབས་ལ་སོགས་པ་སྐྱེད་པར་བྱེད་པ་ཡིན་ནོ།། དེ་བཞིན་དུ་ཡི་ག་འབྱེད་པར་བྱེད་པ་ཡིན་ཏོ་ཤིན་ཏུ་ཡི་གེ་འབྱེད་ཅིང
་འགྲངས་སུ་ཟིན་ཀྱང་འདོད་པར་བྱེད་པ་ཡིན་ནོ།། དེ་བཞིན་དུ་ཁ་ཟས་ལེན་ཞེས་བྱ་བ་སྟེ་ཡི་ག་འཆུས་པ་ལ་ཕན་ཞིང་ཟས་གཞན་དག་ཀྱང་ཡི་གར་འོང་བར་བྱེད་པའོ།། དེ་བཞིན་གྲང་བའི་རིམས་དང་ཞེས་བཽ། གྲ་བ་ལས་གྱུར་པའི་རིམས་དང་། རིམས
་ལྡང་དུབ་མི་སྙོམས་པ་ལ་སོགས་པ་དང་། ཆམ་པ་དང་གཅིན་འགག་པར་གྱུར་པ་དང་། འཁྲུ་བའི་ནད་རྣམས་ལ་ཕན་པ་ཡིན་ནོ།། དེ་ལ་རྩུབ་པ་ནི་ལེགས་པར་ལངས་པའི་ཞོ་ལས་དུས་འདས་ནས། རིམ་གྱིས་ཤིན་ཏུ་སྨིན་པར་གྱུར་པ་ནི་རྩུབ་པོ་ཡིན་པ་འམ།
་ཡང་ན་སྤྲིས་མ་བཤུས་པའི་ཞོ་ནི་རྩུབ་པོ་ཡིན་ནོ།། ཞོ་དྲོན་དཔྱིད་དང་སོས་ཀ་དང་།། སྟོན་དུས་མཚན་མོ་བཏུང་མི་བྱ།། དེ་ནི་མུངྠའི་སྲན་ཚོད་དང་།། སྦྲང་རྩི་མ་ར་དང་ཤཱ་ཁ་ར།། སྐྱུ་རུ་ར་ནི་མེད་མི་བཏུང་།། རྟག་ཏུ་མི་ཡིན་མ་ལངས་མིན།། གཞན་དུ
་རིམས་དྲག་མེ་དཔལ་དང་།། མཛེ་དང་སྐྱ་རྦབ་མགོ་འཁོར་སྐྱོད་ཅེས་བྱ་བ་ལ། ཞོ་ད་ནི་དྲོན་པོར་མི་བཏུང་བ་དོང་།། དེ་བཞིན་དུ་དཔྱིད་དང་། སོས་ཀ་དང་། སྟོན་གྱི་དུས་སུ་བཏུང་བར་མི་བྱའོ།། དེ་ལྟར་ན་སྔར་དྲོན་པོ་ཞེས་སྨོས་པ་ནི་སོ་ཀའི
་དུས་ཡིན་པར་ཤེས་པར་བྱ་སྟེ། དེའི་ཚེ་བཏུང་བར་མི་བྱ་སྟེ། དེའི་ཚེ་བཏུང་བར་མི་བྱ་སྟེ། དེ་བཞིན་དུ་མཚན་མོ་ཡང་བཏུང་བར་མི་བྱའོ།། གལ་ཏེ་དེ་འཐུང་བར་བྱེད་ན་སྲན་མུངྠ་ཏེ། མོན་སྲན་རྡེའུའི་ཚེད་མ་དང་མ་སྦྱར་བར
་བཏུང་བར་མི་བྱ་བ་དང་། དེ་བཞིན་དུ་སྦྲང་རྩི་དང་། མར་དང་སྦྱར་བ་འམ། མར་ད་ཤ་ཁ་ར་དཀར་པོ་དང་། ཤ་དང་མི་ལྡན་པར་མི་བཏུང་བ་དང་། སྐྱུ་རུ་ར་མ་ཟོས་པར་མི་བཏུང་ངོ་།། དེ་བཞིན་དུ་རྟོག་པར་རྒྱུན་དུ་མི་བཏུང་བ་དང་། མ་ལངས་མིན་ཞེས་བྱ་བ
་སྟེ། ལེགསོ་བར་མ་ཆགས་ལ། གང་གི་ཚེ་འོ་མའི་རང་བཞིན་མ་སྤངས་ཤིང་ཞོར་ལེགས་པར་མ་ཆགས་པ་དེའི་ཚེ་མ་ལངས་པ་ཞེས་བྱ་སྟེ། དེ་མི་བཏུང་ངོ་།། གཞན་དུ་ཞེས་བྱ་བ་ནི་སྔར་བཤད་པའི་ཚི་ག་དང་མི་ལྡན་ཞིང་དེ་མ་སྤངས་པར། ལ
་ལ་ཞིག་སྤྱོད་པར་བྱེད་ན། དེའི་ཚེ་ཞོ་དེས་རིམས་ལ་སོགས་པ་སྐྱེད་པར་འགྱུར་རོ།། དར་སར་ཡང་ལ་བསྐ་ཞིང་སྐྱུར།། དྲོད་སྐྱེད་བད་ཀ་ནཽ་རླུང་དག་སེལ།། སྐྲན་ནད་དམུ་རྫིང་གཞང་འབྲུ་མ་དང་། ཕོ་ནད་ཆུ་སྲི་ཡི་ག་མཆུས།། མཆེར་པ་སྐྲན་དང་མར་མ
་གུ། སྦྱར་དུག་སྐྱ་དྲོབ་ནད་རྣམས་སེལ།། ཞེས་བྱ་བ་ལ། དར་ས་རོ་ཞེས་བྱ་བ་ནི་ཞོ་སྲུབ་ཤིང་ལ་སོགས་པས་བསྒོ་བས་ལས་འབྱུ་ང་བ་སྟེ། སྲུབ་ཤིང་གི་སྣུམ་མེད་པ་དང་། མེར་གྱི་ཕྱེད་ཕྱུང་བ་དང་། མར་མ་ཕྱུང་བ་སྟེ། གསུམ་ཆར་ཡང
་ཡང་པོ་ཡིན་ལ། དེ་ལས་རོ་ལས་ནི་བསྐ་བ་དང་སྒྱུར་བ་ཡིན་ནོ།། དྲོད་སྐྱེད་པ་ནི་ཕོ་བའི་མེ་དྲོང་འཕེལ་བར་བྱེད་པའོ།། བད་ཀན་རླུང་དག་སེལ་ཞེས་བྱ་བ་ནི། དེ་ལས་གཉིས་བསྲུབས་པ་ལས་བྱུང་བ། དེ་བཞིན་དུ་སྐྲན་ནང་དང་། དམུ
་རྫིངས་ལ་སོགས་པ་སེལ་བར་འགྱུར་བ་དང་། ཆུ་སྲི་བ་སྟེ། གཅིན་སྒྲི་བ་དང་མཆེར་བ་ཞེས་པ་ལྟོ་བའི་གཡོན་ལོགས་ན་བརྟེན་པའི་རྣམ་པན་པ་དང་། མར་མ་ཞུ་བ་ཞེས་པ་མར་ལྷག་པར་ཟོས་པ་འམ། མ་ལེགས་པར་ཐོས་པ་ལས་བྱུང་བའི་ནད་ལ་ནི
་མར་མ་ཞུ་བ་ཞེས་བྱའོ།། སྦྱར་དུག་ནི་བཅོས་མིའི་དུག་གོ།། སྒྱུ་རྦབ་ཀྱི་ནད་ནི་སྒྱུ་རྦབ་ལས་ནང་དུ་གྱུར་པའོ།། ནད་དེ་རྣམས་སེལ་ཞིང་འཇོམས་པ་ཡིན་ནོ།། དེ་འདྲ་ཞོག་ཆུ་འཁྲུ་ཡང་།། རྩཝ་སྦུབས་སྦྱོང་ལ་རྟུག་སྐམས་སེལ་ཞེས་བྱ་བ་ལ། དེ་འདྲ་ཞེས
་པབ་ནི་ངར་བ་སར་པོ་དེ་དང་ཞོ་ག་ཆུ་ཡོན་ཏན་འདྲ་ཞིང་མཚུངས་པར་ཤེས་པར་བྱོས་ལ། དེ་ཡང་འཁྲུ་བ་དེ་ཅུང་ཟད་ཁོང་འཁྲུ་བ་དང་། ཡང་བ་ཞེས་པ་དང་བ་སར་པ་ཡང་ཡང་བ་ཡིན་མོད་ཀྱི། འདི་ནི་ཤིན་ཏུ་ཡང་བས་ན་ཁྱད་པར་སྨོས་པ་ཡིན
་ནོ།། རྩ་སྦུབས་སྦྱོང་ཞིང་དག་པར་བྱེད་པ་དང་། རྒྱུག་སྐམས་འགགས་པ་སོ་ལོ་ཞིང་འཇིགས་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། འཕྲུལ་གྱི་མར་བསར་རོ་ཙ་ཞིང་།། བསིལ་ཞིང་མདོག་སྟོབས་རློད་སྙིད་བྱེད།། འཁྲུ་གཙོང་རླུང་མ་ཁྲིས་ཁྱུག
་གཞང་འབྲུམ།། གློ་གཅོང་ཁ་ཡོན་ལུད་པ་སེལ་ཞེས་བྱ་བ་ལ། འཕྲལ་གྱི་མར་སར་ཞེས་པ་ནི་བསྲུབས་ཟིན་མ་ཐག་ཕྱུང་བའི་མ་རཱ་སར་རོ།། རོ་ཙ་བ་ནི་ཁུ་བ་འཕེལ་བའོ།། བསིལ་བ་ནི་ནུས་པ་བསིལ་བའོ།། དེ་བཞིན་དུ་མདོག་དང་སྟོབས་ལ་སོགས།
་བ་ཡང་སྐྱེད་པར་བྱེད་པ་ཡིན་ནོ།། འཁྲུ་བ་གཅོད་པ་ནི་ག་ཤང་གཅི་སླ་བ་ལས་བསྐ་བར་བྱེད་དོ།། དེ་བཞིན་དུ་རླུང་དང་མཁྲིས་པའི་ཁྲག་སེལ་བ་ཡིན་ཏེ། རླུང་གི་ཁྲག་ནི་རླུང་ལས་གྱུར་པའི་ཁྲག་གོ། མཁྲིས་པའི་ཁྲིག་ནི་མཁྲིས་པ་ལས
་གྱུར་པའི་ཁྲག་སྟེ། དེ་དག་དང་གཞང་འབྲུམ་ལ་སོགས་སེལ་ཅིང་བསྔགས་པ་ཡིན་ནོ།། ཞུན་མར་བློ་རྣོ་དྲན་གསལ་ཞིང་།། ཡིད་གཞུངས་དྲོད་སྐྱེད་སྟོབས་ཚེ་འཕེལ།། མིག་དང་བྱིས་རྒན་བུ་འདོད་དང་།། མདངས་བཟང་རབ་གཞོན
་སྐད་སྙན་ཕན།། གློ་བརྡོལ་སྐེམ་དང་གཅོང་དང་འབྲས།། མཚོན་རྨས་མེས་ཚིག་རྨྱ་ལའང་བསྔགས།། རླུང་དང་མཁྲིས་པ་དུག་དང་སྤྲོ།། ལུས་སྐེམས་མདངས་ཉམས་རིམས་རྣམས་སེལ།། སྣུམ་གྱི་ནང་ན་སྣུ་མ་མཆོག་སྟེ།། བསིལ་ཞིང་ན་ཚོད་འཇོག་པའི་མཆོག།
་ར་སྟོབས་ནི་སྟོང་དང་ལྡན།། སྦྱོར་བས་ལས་ནི་སྟོང་བྱེད་འགྱུར།། ཞེས་བྱ་བ་ལ། ཞུན་མར་ནི་བློ་རྣོ་བ་ལ་སོགས་པ་ལ་ཕན་པ་ཡིན་ནོ།། དེ་ལ་བློ་རྣོ་བ་བློ་གྲོས་དང་ལྡན་པ་སྟེ། དངོས་པོ་རྣམས་འཛིན་པར་ནུས་པའོ།། དྲན་པ་ནི་འདས་པའི་དངོས་པོ་ཡིད་ལ་དྲན
་བར་ནུས་པའོ།། ཡིད་གཞུངས་པ་ནི་དངོས་པོ་རྣམས་བྱེ་བླག་ཕྱེད་པའི་ཤེས་རབ་འཛིན་པར་བྱེད་པའོ།། དྲོད་སྐྱེད་པ་ནི་ཕོ་བའི་མི་དྲོད་སྐྱེད་པའོ།། སྟོབས་ནི་ནུས་མཐུའོ།། ཚེ་ནི་སྲོག་དང་འཚོ་བར་ལྡན་པ་སྟེ། དེ་དག་འཕེལ་བར་བྱེད་པའོ།། མིག་ནི་མིག་ཉིད་ལ
་པཕན་པར་བྱེད་པ་སྟེ། ཞུན་མར་དེ་དག་ལ་བསྔགས་པ་ཡིན་ནོ།། བྱིས་པ་ནི་བཅུ་དྲུག་ལོན་གྱི་བར་རོ།། རྒན་པོ་ནི་དྲུག་ཅུ་ཡན་ཆད་ལོན་པའོ།། བུ་འདོད་པ་ནི་བུ་སྐྱེ་བར་འདོད་པའོ།། མདངས་ནི་ལུས་ལ་གནས་པའི་མཛེས་སྡུག་གོ།། རབ་གཞོན་ཤ་ཆགས
་ཤིང་མི་རྩུབ་པའོ།། སྐད་སྙན་པ་ནི་ཚིག་གསེལ་བའོ།། ཕན་ཞེས་པ་ནི་དེ་དག་འདོད་པ་ལ་ཕན་ཞིང་རྗེས་སུ་མཐུན་པ་ཡིན་ནོ།། དེ་བཞིན་དུ་གློ་རྡོལ་བ་ལ་སོགས་པ་རྨ་ཞིང་ཉོན་མོངས་པའི་བདག་ཉིད་ཅན་རྣམས་ལ་ཡང་བསྔགས་ཏེ་ཕན་པ་ཡིན་ནོ།།
་ལུས་སྐེམས་པ་ནི་ལུས་རུངས་པད་པའོ།། གཞན་དག་ནི་གོ་བར་ཟད་དོ།། སྣུམ་གྱི་ནང་ན་ཞེས་པ་ནི་ཏིལ་མར་དང་ཞག་དང་། རྐང་རྣམས་ཀྱི་ནང་ནའོ།། སྣུམ་མཆོག་སྟེ་ཞེས་བྱ་བ་ནི་གཙོ་བོ་ཡིན་པའོ།། བསིལ་བ་ནི་བསིལ་བའི་ནུས་པ་དང་ལྡན་པའོ།། ན་ཚོང
་འཇོག་པ་ནི་རྒས་པ་འཇོམས་པ་སྟེ། གཞོན་ནུ་ཉིད་དུ་དུས་ཡུན་རིང་པོར་འཇོག་པའོ།། མཆོག་ཅེས་བྱ་བ་ནི་ཤིན་ཏུ་དམ་པ་ཡིན་པའོ།། སྟོབས་སྟོང་དང་ལྡན་པ་ནི་ནུས་པ་མཐའ་ཡས་ཤིང་མཐུ་དུ་མ་ཡོད་པའོ།། དེ་བཞིན་དུ་སྦྱོར་བས་ཞེས་བྱ་བ་ཆོ་ག
་ཐ་དད་པ་སྟེ་བཏུང་བ་དང་། སྣ་ནས་བཏང་བ་དང་། བསྐུ་བ་དང་། འཇམ་རྩིམས་བཏང་བ་ལ་སོགས་པའི་སྦྱོར་བས་སོ།། ལས་ནི་སྟོང་བྱེད་འགྱུར་ཞེས་བྱ་བ་ནི། བྱ་བ་མང་པོ་བྱེད་པའི་ཕྱིར། ལས་མཐའ་ཡས་པ་བྱེད་པའོ།། མརོ་རྙིང་སྒྲོ་དང་བརྗོད་བྱེད
་བརྒྱལ།། ཀླུད་ནང་རྣ་མིག་མདིལ་ནད་དང་།། རྨ་རྣམས་སྦྱོང་ཞིང་འཚོ་བྱེད་པས།། ནད་ལས་རྒྱལ་བྱེད་དམ་པ་ཡིན་ཞེས་བྱ་བ་ལ། མརོ་རྙིང་པ་སར་པོ་མ་ཡིན་པོ་ལོ་མང་པོ་ལོན་པ་ནི་སྨྱོ་བ་ལ་སོགས་པའི་ནད་སོལ་བ་ཡིན་པ་དང་། དེ་བཞིན་དུ་ཀློད་པ་དང་།
་རྣ་བ་དང་། མིག་དང་། མངལ་གྱི་ནད་རྣམས་སེལ་བ་མི་ན་ནོ།། སྨྱོ་བོ་དང་བརྒྱལ་བ་དག་ནི་འོག་ནས་ཆང་ནད་ཀྱི་ནད་གཞི་འི་སྐབས་ནས་བཤད་པར་བྱའོ།། བརྗེད་བྱེད་ཀྱང་འོག་ནས་བཤད་པར་བྱའོ།། རྨ་རྣམས་སྦྱོང་ཞིང་ཞེས་བྱ་བ་ནི་མའི་རྣག་ལ་སོགས
་བ་སེལ་བའོ།། དེ་བཞིན་དུ་འཚོ་བ་ཅིང་འབྱོར་པར་བྱེད་པ་ཡང་ཡི་ན་ཏེ། འཚོ་བ་པ་ནི་རྨ་པགས་པ་གཞན་དང་མདོག་མཉམ་པར་བྱེད་པའོ།། ཕྲུམ་སར་སྤྱི་དང་རྒྱ་ཕྲུམ་དང་།། ཆུར་བ་ལ་སོ་གོས་སྟོབས་བསྐྱེད་ཅིང་།། ཁུ་བ་གོ་ཉིད་དང་བད་ཀན་འཕེལ།།
་རྟུག་སྐམས་བྱེད་ལྕི་ཉེས་དང་ལྡན་ཞེས་བྱ་བ་ལ། ཕྲུམ་སར་ཞེས་བྱ་བ་ནི་འོ་མ་དང་དར་བ་ལས་བྱས་པ་སྟེ། གྲགས་པར་ཟད་དོ།། སྠི་ནི་བ་ལ་སོགས་པ་འབྲངས་མ་ཐག་པའི་འོ་མ་ལས་བྱས་པའོ།། རྒྱ་ཕྲུམ་ནི་འོ་མ་ལ་བཙོ
་ཕྲུམ་ཨ་མི་ཆ་ཞེས་གྲགས་པའོ།། ཕྱུར་བ་ནི་ཞོ་ཁ་ཆུ་ལས་བསྡུས་པའི་གོང་པོའོ།། འོ་མ་ལས་གྱུར་པ་འདི་དག་ནི་སྟོབས་བསྐྱེད་ཅིང་འཕེལ་བར་བྱེད་པ་དང་། དེ་བཞིན་དུ་ཁུ་བ་དང་། གཉིད་དང་། བད་ཀན་འཕེལ་བར་བྱེད་པ་ཡིན་ནོ།། གཞན་ཡང་རྟག་སྐམས
་བྱེད་པ་དང་། ལྕི་བ་དང་ཉེས་པ་དང་ལྡན་པ་སྟེ། གནོད་པའི་འགྱུར་བ་དག་སྟོན་པའོ།། སོགས་པ་ཞེས་སྨོས་པ་ནི་འོ་མ་ལིས་བྱས་པའི་རྣམ་པ་གཞན་གང་དག་ཡོད་པ་བསྡུ་བའོ།། བ་མར་འོ་མ་མཆོག་ཡིན་ཏེ། ལུག་ལས་བྱུང་བ་སྨད་པ་ཡིན་ཞེས་བྱ
་བ་ལ། བའི་མར་དང་འོ་མ་དག་ནི་མཆོག་ཡིན་ཏེ་ཞེས་བྱ་བ། ཀུན་གྱི་གཙོ་བོ་ཡིན་ཞིང་དམ་པ་ཡིན་ལཾ། ལུག་ལས་བྱུང་བའི་མར་དང་། འོ་མ་ནི་སྨད་ཅིང་མི་བསྔགས་པ་ཡིན་ནོ།། འོ་མའི་སྡེ་ཚན་ནོ།། ། འོ་མིའི་སྡེ་ཚན་གྱི་འོག
་ཏུ་བུ་རམ་ཤིང་གི་སྡེ་ཚན་སྨོས་པའི་དགོས་པ་ནི་ཇི་ལྟར་འོ་མའི་རོ་དང་། ཞུ་བའི་རྗེས་མངར་བ་ཡིན་པ་དེ་བཞིན་དུ། བུ་རམ་ཤིང་གི་ཁུ་བ་ཡང་རོ་དང་ཞུ་བའི་རྗེས་མངར་བ་ཡིན་ནོ།། བུ་རམ་ཤིང་ཁུ་འཁྲུ་ལྕི་སྣུམ།། ཤ་སྐྱེ་རོ་ཙ་བད་གཙིན་འཕེལ།
་བསིལ་ཞིང་ཁྲག་མཁྲིས་སོལ་བ་དང་།། རོ་དང་ཞུ་རྗེས་མངར་བ་ཡིན།། ཞེས་བྱ་བ་ལ། བུ་རམ་ཤིང་ལས་བྱུང་བའི་ཁུ་བ་ནི་འཁྲུ་བ་སྟེ། བཤད་པ་ལ་སོགས་པ་སླ་བར་བྱེད་པ་དང་། ལྕི་བ་དང་། སྣུམ་པར་བྱེད་པ་དང་། ཤ་སྐྱེ་བ་དང་ལུས་སྦོམ་ཞིང
་འཕེལ་བར་བྱེད་པ་དང་། རོ་ཙ་ཞིང་ཁུ་བ་འཕེལ་བ་དང་། བད་ཀན་དང་གཅིན་འཕེལ་བར་བྱེད་པ་དང་། བསིལ་བ་སྟེ་ནུས་པ་བསིལ་བ་དང་། དེ་བཞིན་དུ་ཁྲག་དང་མཁྲིས་པ་སེལ་ཞིང་འཇོམས་པ་དང་། རོ་དང་ཞུ་བའི་རྗེས་མངར་ཞིང་བདའ་བའི་ཡོན་ཏན་དང
་ལྡན་པ་ཡིན་ནོ།། དེ་རྩེ་ལན་ཚྭ་བྲོ་ཞིང་སོས།། བཅས་ན་ཁར་དག་དང་འདྲ། ཞེས་བྱ་བ་ལིཾ། བུ་རམ་ཤིང་དེའི་རྩེ་མོ་ཅུང་ཟད་ལན་ཚྭ་བྲོ་ཞིང་། སོས་བཅས་ཤིང་ཟོས་པ་དང་། དེའི་ཡོན་ཏན་ཤ་ཁ་ར་དང་འདྲ་བ་ཡིན་ནོ།། རྩཝ་བ་རྩེ་མོ་འབུས་ཟོས་སོགས།།
་བཙི་ར་དང་དྲི་མས་སྦགས་པ་དང་། དུས་ནི་ཅུང་ཟད་ལོན་པ་ལས།། འཁྲུལ་འཁོར་ཅན་ནི་རྣམ་འགྱུར་ཏེ།། ཚ་ཞིང་ལྕི་ལ་མཁྲེག་པར་འགྱུར་ཞེས་བྱ་བ་ལ། རྩེ་མོ་དང་རྩ་བ་འབུས་ཟོས་པ་ནིཿབརྩེ་མོ་འབུས་ཟོས་སོགས་ཞེ་བྱཱ་ལ། དེ་རྣམས་བཙིར་བ་དང་། དེ་བཞིན་དུ་དྲི་མས
་སྦསྔགས་ཤིང་གོས་པར་གྱུར་པ་དང་། དེ་བཞིན་དུ་དུས་ཅུང་ཟད་ལོན་པར་གྱུར་ཅིང་། དུས་ཅུང་ཟད་འདས་པར་གྱུར་པའི་འཁྲུལ་འཁོར་གྱིས་བཙིར་བའི་བུ་རམ་གྱི་ཁུ་བ་དེ་ནི་རྣམ་པར་འགྱུར་བར་བྱེད་ཅིང་། གཞན་དུ་གྱུར་པ་ཉིད་དུ་འགྱུར་ཏེ། འགྱུར
་བ་ཞེས་བྱ་བ་ནི་རང་གི་ངོ་བོ་ལས་གཞན་དུ་འགྱུར་བའོ།། དེས་ན་དེའི་ཚེ་བསིལ་བ་ཡིན་པ་ལས། ཚ་བར་འགྱུར་བ་དང་། ཡང་བ་ལས་ལྕི་བར་འགྱུར་བ་དང་། འཁྲུ་བ་ཡིན་པ་ལས་མཁྲེགས་པོར་འགྱུར་བ་སྟེ། འདི་དག་ནི་དེའི་འགྱུར་བ་ཡིན་ནོ།། །
་དེ་ལ་གོང་དུ་ཚ་བ་ཞེས་སྨོས་པ་ནི་གང་ལ་ཆ་བ་ཡོད་པ་དེ་ནི་ཚ་བ་སྟེ། ཕོ་བའི་མེ་དྲོད་དང་ཕྲད་ནས་གང་འཇུ་བར་གྱུར་པ་དེ་ནི། འཇུ་བའི་གན་སྐ་བ་ཕྱེད་ཞུ་ཙམ་དུ་གྱུར་པ་ན། རྣམ་པར་ཚ་ཞིང་མཁྲིས་པ་སྐྱེད་པར་བྱེད་པས་ཡུན་རིང་དུ་གནས་ཀྱི་མྱུར
་དུ་འཇུ་བར་མི་བྱེད་དོ།། དེ་ནི་ལྕི་བ་ཡིན་པ་འམ། དངོས་པོའི་རང་གི་རང་བཞིན་པས་ན། དེ་ཚ་བ་དང་ལྡན་པ་ཡིན་ནོ།། ཞེས་སྨན་དཔྱད་ཀྱི་ལུང་ལས་བརྟེན་པ་རྣམས་འཆད་དོ།། དེ་ལ་ཁ་ར་དཀར་པོའི་ཤིང་།། བསིལ་དང་མངར་བས
་མཆོག་ཡིན་ལ། ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་བུ་རམ་ཤིང་དེ་རྣམས་ཀྱི་ནང་ནས་ཁ་ར་དཀར་པོའི་བུ་རམ་ཤིང་ནི་བསིལ་ཞིང་དྲི་མ་མེད་པ་དང་། མངར་བས་མཆོག་དེ་དམ་པ་ཡིན་ནོ།། དེས་ན་དེ་ནི་ཕུལ་དུ་ཕྱུང་བ་ཉིད་ཡིན་ནོ།། དེའི་འོག་མ་སྦུབས
་ཅན་ཡིན་ཞེས་བྱ་བ་ནི། ཁ་ར་དཀར་པོའི་ཤིང་དེ་ལས་བཾ་ཤི་ཀ་ཞེས་བྱ་བའི་བུ་རམ་ཤིང་སྦུབས་ཆེ་བ་བསིལ་བ་ལ་སོགས་པའི་ཡོན་ཏན་ཆུང་བ་ཡིན་ཏེ། བསིལ་བ་ལ་སོགས་པའི་ཡོན་ཏན་ཉུང་ཟད་ཅིག་དང་ལྡན་ཞེས་བྱ་བའི་དོན་ཏོ།། ཚིགས་བརྒྱ
་པ་དང་ཀནྟ་ར།། བལ་ཡུལ་སྐྱེས་སོགས་དེ་ལས་རིམ།། ཅུང་ཟད་ཚ་བྲོ་བསྐ་བ་དང་།། རོ་བཅས་ཅུང་ཟད་ཚ་བ་སྐྱེད་ཅེས་བྱ་བ་ལ། ཚིག་བརྒྱ་པ་ལ་སོགས་པའི་བུ་རམ་ཤིང་རྣམས་ནི། རིམ་གྱིས་འོག་ནས་འོག་ཏུ་བསིལ་བ་ལ་སོགས་པའི་ཡོན་ཏན་དམན
་པ་ཡིན་ཏེ། སྦུབས་ཅན་དེ་ལས་ཡོན་ཏན་གྱི་ཚིག་བརྒྱ་པ་དམན་པ་ཡིན་ལ། དེ་བས་ཀྱང་ཀནྟི་ར་ཞེས་བྱ་བོའི་བུ་ར་མཽ་ཤིང་ཕྲ་མོ་ཞིག་ཡོད་པ་དམན་པ་ཡིན་ལ། དེ་བས་ཀྱང་བལ་ཡུལ་གྱི་དམན་པ་ཡིན་ཏེ། དེ་བཞིན་དུ་གཞན་དག་ལ་ཡང་སྦྱར་བར་བྱའོ།། །
་དེ་རྣམས་ཀྱང་ཅུང་ཟད་ལན་ཚྭ་བྲོ་བ་དང་། ཅུང་ཟད་བསྐ་བ་དང་། ཅུང་ཟད་དྲོ་བ་དང་། ཅུང་ཟད་ཚ་བ་སྐྱེད་པའི་ངང་ཚུལ་ཅན་ཡིན་ནོ།། སྦུ་བ་ཅན་ལྕི་བད་ཀན་སྐྱེད། སོགས་བྱེད་གཅིན་ནི་སྦྱོང་བྱེད་ཡིན་ཞེས་བྱ་བ་ལ། སྦུ་བ་ཅན་ཞེས་བྱ་བ་ནི་བུ་རམ་ཕྲ་མ
་དག་གི་མིང་གི་རྣམ་གྲངས་ཡིན་ཏེ། དེ་ནི་ལྕི་བ་དང་། བད་ཀན་བསྐྱེད་ཅིང་འཁྲུག་པར་བྱེད་པ་དང་། སོགས་བྱེད་ཅེས་བྱ་བ་ཉེས་པ་གསུམ་སོག་ཅིང་སྡུད་པར་བྱེད་པ་དང་བྱ་བའི་དོན་ཏོ།། དེ་བཞིན་གཅིན་ནི་སྦྱོང་བྱེད་ཡིན་ཞེས་བྱ་བ་ནི། གཅིན་སྦྱོང་ཞིང་དྲི་མ་མེད
་པར་བྱེད་པའམ། ཡང་ན་གཅིན་མང་པོ་འབྱིན་པར་བྱེད་པ་ཡིན་ནོ།། དཀར་པོ་བད་ཀན་ཆེར་མི་སྐྱེད།། བཤང་དང་གཅི་བ་བདེ་བར་འབྱིན་ཞེས་བྱ་བ་ལ། བུ་རམ་དཀར་པོ་དང་པོ་བསྐོལ་བ་ན། རྙོག་པོ་དང་བྲལ་བར་བྱ་བ་ནི། བད་ཀན་རོ་ཚར་མི་སྐྱེད་ཅེས
་པ་སྟེ། བད་ཀན་ཅུང་ཟད་ཙམ་ཞིག་སྐྱེས་བྱ་བའི་དོན་ཏོ།། དེ་བཞིན་དུ་བཤང་བ་དང་གཅི་བ་བདེ་བར་འབྱིན་ཞེས་བྱ་བ་སྟེ། བཤང་བ་དང་གཅི་བོ་བདེ་བླག་ཏུ་ཕྱི་རོལ་ཏུ་འབྱིན་ཅིང་འབྱུང་བར་བྱེད་པ་ཡིན་ནོ།། དམར་ནག་ཕོལ་ཆེར་སྲིན་བུ་ཁྲག། རྐང་ཚིལ་ཤ
་དང་བདེ་ཀན་སྐྱེད།། ཅེས་པ་ནི། བུ་རམོ་དམོར་ནག་རྙོག་པ་ཅན་ནི་ཁོང་པའི་འབྲས་སྲིན་མང་དུ་སྐྱེད་པ་ལ་སོགས་པ་བྱེད་པ་ཡིན་ནོ།། རྙིང་པ་ཡིད་འོང་ཕན་པ་ཡིན་ཞེས་བྱ་བ་ནི། བུ་རམ་རྙིང་པ་ལོ་མང་པོ་ལོན་པ་ནི་ཡིད་དུ་འོང་ཞེས་བྱ་བ་སྟེ། ཡི་གར་འོང་ཞིང
་སེམས་དགའ་བར་བྱེད་པ་དང་། དེ་བཞིན་དུ་ཕན་པ་སྟེ། ལུས་ཟུངས་རྣམས་དང་། གནོད་པ་རྣམས་ལ་ཕན་པ་ཡིན་ནོ།། སར་པ་དྲོད་འབྲི་བད་ཀན་སྐྱེད་ཅེས་བྱ་བ་ནི། བུ་རམ་སར་པ་དག་ནི་བད་ཀན་སྐྱེད་ཅིང་མེའི་དྲོད་འབྲི་བ་ཡིན་ནོ།། ཧྭགས་དང་། ཁཎྜ
་ཁ་ར་དཀར། རིམ་གྱིས་ཡོན་ཏན་ཆེ་བ་སྟེ།། རོ་ཙ་གློ་གཅོང་གློ་རྡོལ་དང་།། ཁྲག་དང་མཁྲིས་པ་རླུང་སེལ་ཡིན་ཞེས་བྱ་བ་ལ། ཧྭགས་ཞེས་བྱ་བ་ནི་བུ་རོམ་གྱི་དངས་མའི་ཤ་ཁ་ར་སྟེ། གལྤ་ཞེས་མིང་དུ་གྲགས་པའོ།། ཁརྞྞ་ནི་དེ་ལས་ཀྱང་དང
་ཞིང་དྲི་མ་མེད་པའོ།། ཁ་ར་དཀར་པོ་ནི་དེ་བས་ཀྱང་ཆེས་དངས་ཞིང་རྙོག་པ་མེད་པའི་ཁ་ར་དཀར་པོའོ།། དེ་ལྟར་ན་རིམ་གྱིས་ཡོན་ཏན་ཆེ་བའོ།། དེ་དག་ནི་རོ་ཙ་བ་སྟེ་ཁུ་བ་འཕེལ་བར་བྱེད་པ་དང་། གཅོད་དང་གློ་རྡོལ་བ་ལ
་སོགས་པ་ལ་ཕན་པ་ཡིན་ནོ།། ཡ་བ་ཀ་ར་ཚ་ཞིང་མངར།། བསྐ་དེ་ཡོན་ཏན་དེ་དང་འདྲ་ཞེས་བྱ་བ་ལ། ཡ་བ་ཁ་ར་ཞེས་འཇིག་རྟེན་ན་གྲགས་པ་ཡིན་གྱི། གཞན་དུ་ན་ཡཱ་ཤ་ཁ་ར་ཞེས་བྱའོ།། ལ་ལ་དག་ནི་བྱི་ཚོར་བའི་ཁུ་བ་ལས་དེ་བྱེད་དོ་ཞེས་ཟེར་རོ།།
་དེའི་ཡོན་ཏན་ཡང་རོ་ཚ་བ་དང་མངར་བ་དང་། བསྐ་བའི་རྒྱུས་ཧྭགས་ལ་སོགས་པ་དེ་དང་འདྲ་ཞིང་མཚུངས་པ་ཡིན་ནོ།། ཁ་ར་དཀར་དང་ཀུན་ཚ་སྐོམ། སྐྱུག་བྲོ་བརྒྱལ་དང་ཁྲག་མཁྲིས་སེལ་ཞེས་བྱ་བ་ལ། ཁ་ར་འདི་དག་དང་ཁ་རོ་གཞན་གང་དག
་ཡོད་པ་དེ་ཐམས་ཅད་ནི་ཆ་བ་ལ་སོགས་པ་སེལ་ཞིང་འཇོམས་པ་ཡིན་ནོ།། བུ་རམ་ཤིང་བསྡུས་ཁ་ར་དང་། སླུ་བ་ཅན་མཆོག་ཐ་མ་ཡིན་ཞེས་བྱ་བ་ལ་བུ་རམ་ཤིང་བསྡུས་པ་ནི་བུ་རམ་ཤིང་གི་ཁུ་བོ་བསྡུས་པ་རྣམས་ཀྱི་ནང་ན་ཁ་ར་ནི་མཆོག་ཡིན་ལ།
་དབུ་བ་ཅན་ཞེས་བྱ་བ་བུ་རམ་ཕྲ་མོ་རྙོག་མ་ཅན་ནི་ཐ་མ་ཡིན་ནོ།། སྦྲང་རྫི་མིག་ཕན་གཅོད་སྐོམ་དང་།། བད་ཀན་སྐྱེགས་བུ་ཁྲག་མཁྲིས་འཇོམས།། ཚིལ་ཆེན་མཛེ་ནད་གཅིན་ནད་སྐྲག། ལུད་པ་དབུགས་མི་བདེ་ཚད་སེལ།། རྨ་སྦྱོང་རྨ་འཚོ་ཆག་གྲུགས
་འབྱོར།། རླུང་ནི་སྐྱེད་པར་བྱེད་པ་ཡིན།། རྩུབ་ཅིང་བསྐལ་མངར་བ་སྟེ།། སྦྲང་རྩིའི་ཁཎྜའང་དེ་དང་འདྲའོ་ཞེས་བྱ་བ་ལ། སྦྲང་རྩི་དག་ནི་མིག་ལ་ཕན་ཞིང་བསོད་པ་ཡིན་པ་དང་།། གཅོད་པ་ཞེས་བྱ་བའི་ངང་ཚུལ་ཅན་ཡིན་པ་སྟེ། བད་ཀན་དང
་མདུད་པ་ལྟར་འདྲིལ་ཏེ་གནས་པ་དེ། རང་གི་མཚན་ཉིད་ནོ་བ་ལུས་ལས་གཅོད་ཅིང་འཇིགས་པར་བྱེད་པ་ཡིན་པ་དང་། དེ་བཞིན་དུ་སྐོམ་ལ་སོགས་པ་སེལ་ཞིང་འཇོག་པར་བྱེད་པ་དང་། དེ་བཞིན་དུ་མཛེ་ནད་དང་གཅིན་ནད་ལ་སོགས་པ་ལ་ཕན
་པར་བྱེད་པ་ཡིན་ནོ།། དེ་བཞིན་དུ་རྨའི་བརྣགས་པ་དང་། འདུལ་བ་ལ་སོགས་པ་སྦྱོང་བར་བྱེད་པས་ན། རྨ་སྦྱོང་ཞེས་བྱ་ལ། འདིར་འཚོ་བར་བྱེད་པས་ན་རྨ་འཚོ་སྟེ། པགོས་པ་འཚོབ་ཅིང་མདོག་མ་ཉམས་པར་བྱེད་པའོ།། ཆག་གྲུགས
་སྦྱོར་བ་ནི་འདིས་རྨ་གཉིས་གཅིག་ཏུ་འབྱོར་པ་དང་། ཆག་པ་འབྱོར་པར་བྱེད་པས་ན་དེ་སྐད་ཅེས་བྱའོ།། རླུང་སྐྱེད་པར་བྱེད་པ་ནི་རླུང་གི་ནད་འཁྲུག་པར་བྱེད་པའོ།། དེ་བཞིན་དུ་རྩུབ་པ་དང་། རོ་བསྐ་བ་དང་མངར་བ་ཡིན་ནོ།། སྦྲང་རྩིའི་ཁཎྜའང
་དེ་དང་འདྲ་ཞེས་བྱ་བ་ནི་སྦྲང་རྩིའི་ཡོན་ཏན་ཇི་སྙེད་པ་དེ་ཐམས་ཅད་སྦྲང་རྩི་ཁཎྜའི་ཡོན་ཏན་ཡང་ཡིན་པས་ན། དེ་གཉིས་ཡོན་ཏན་མཚུངས་ཤིང་འདྲ་བ་ཡིན་པར་ཤེས་པར་བྱའོ།། ཚ་ཞིང་ཚས་གདུངས་ཚ་བར་ལྡན།། ཚ་བ་དེས་ནི་བསོད་པར
་འགྱུར་ཞེས་བྱ་བ་ནི། སྦྲང་ཎྜཱི་དེ་ཚ་ཞིང་ཞེས་པ། མེ་ལ་སོགས་པས་བསྲོས་ན། དེས་མི་བསོད་ཅིང་འཇོམས་པར་འགྱུར་རོ།། དེ་བཞིན་དུ་ཚ་གདུངས་ཞེས་པ། ཉིན་མཚན་ལ་སོགས་པ་ཚབས་གདུངས་པའི་སྦྲང་རྩི་བསོད་པར་བྱེད་དོ།། དེ
་བཞིན་དུ་ཚ་བོར་ལྡན་ཞེས་བྱ་བའི་དུས་སམ། ཚ་བའི་ཡུལ་དུ་སྦྲང་རྩི་ཟོས་ན་མི་སོད་པར་བྱེད་དོ།། དེ་བཞིན་དུ་ཚ་བ་ཞེས་བྱ་བ། མེ་ལ་སོགས་པས་བསྐོལ་ཅིང་ཚ་བར་བྱས་པའི་སྨན་དང་ལྷན་ཅིག་སྦྲང་རྩི་ཟོས་ན་ཡང་མི་བསོད་པར་བྱེད་དོ།།
་སྐྱུག་སྨྱན་སྐྲུན་མར་མས་བཏྭཱ་ཧཱ།། སྱཱད་ནི་དྲོ་བ་དཀྲུགས་པ་མེད་ཅེས་བྱུ་ལཱ་སྦྲད་ནྟི་དྲོ་བ་དག་སྣང་སྐྱུག་སྤྱན་སྨྱུ་བ་དང་། སྙུན་མ་དམས་བཏང་བྲལ་དགག་པ་མེད་དེ།། གང་བྱུར་དུ་ནི་མི་འཇུ་བར།། མྱུར་དུ་ཟློག་པར་འགྱུར
་ཕྱི་རོ་ཞྭ་བསྡུས་པ་ལྔ་གཏན་ཚིགས་བཤད་པི་ཡི་ནཾ། བུ་རམ་ཤིང་གི་སྡེ་ཚ་ནོ།། དེ་ལ་ཏིལ་མར་ཏིལ་དང་མཚུངས།། གཙོ་བོ་རྣོ་ཞིང་ཁྱབ་པ་ཡིན།། པགས་པའི་ཉེས་སྐྱེད་མིག་ལ་གནོད།། ཚ་ཞིང་རྣོ་ལ་བད་ཀན་སེལ།། སྐེམས་པ་དག་ནི་ཤ་སྐྱེད་ཅིང་།། སྦོམ་པོའི་ཤ་འབྲི
་མཁྲེགས་པར་འོང་།། རྟག་འགགས་སྲིན་བུ་འཇོམས་པ་དང་།། སྦྱར་བས་ནད་རྣམས་ཐམས་ཅད་སེལ།། ཨེ་རཎྜའི་མར་ཚ་ཞིང་ཁ།། ཞུ་རྗེས་མངར་ལྕི་འཁྲུ་བ་ཡིན།། རླིག་རླུགས་སྒང་རླུང་བད་ཀན་དང་།། ལྟོ་ནང་ལྡང་དུབ་རིམས་རྣམས་སེལ།། འོར་ནད
་རྐེད་པ་གས་པ་དང་།། ལྟོ་བ་རོ་རྒྱབ་ནད་ལ་ཕན།། ཨེ་རཎྜ་ནི་དམར་པོ་འི་མར།། རྣོ་ཆ་དྲི་ང་རབ་འབྱིལ་འདྲེད།། ཡུངས་མར་ཚ་དྲོ་རྣོ་བ་དང་།། བེང་ཀན་རླུང་སེལ་ཞུ་བ་འབྲི།། ཡང་ཞིང་ཁྲག་མཁྲིས་སྐྱེད་བྱེད་ལ།། ཤ་བཀྲ་མཛེ་འབྲུམ་རྨེན་བུ་སེལ།། བ་རུ་རའི་མར
་བསིལ་ཞིང་ལྕི།། སྐྲན་བྱེད་རླུང་དང་མཁྲིས་པ་སེལ།། ནིམ་མར་རབ་ཏུ་ཚ་མིན་ཁ། ལྷོ་སྲིན་མཁྲིས་པ་བད་ཀན་སེལ།། ཟར་མ་ལ་བརྒན་རྩི་ཡི་མཱ་ར།། དྲོ་ནིང་བར་ནང་བད་མཁྲིས་སེལ།། ཞོག་དོང་རྐང་ནི་རླུང་འཇོམས་ཤིང་།། སྟོབས་དང་ཁུ་ཆུ་བདྨ་ཀུནྡྷ
་སྐྱེད། ཤ་ནི་རང་རྡོ་ངོས་རྗེས་མཐུན་ལ།། ཚིལ་ཡང་དེ་དག་འདྲ་ཤེས་བྱ།། ཏིལ་མེར་ལ་སོགས་པའི་སྡེ་ཚན་ནོ།། ཆང་གི་སྡེ་ཚན་བརྩམས་པའི་དགོས་པ་ནི།། ཆང་ནི་ནད་མེད་པར་བྱེད་པ་དང་། མོའི་དྲོད་སྐྱེད་ཅིང་ཡི་ག་འབྱེ་བ་ལ་སོགས་པའི་ཡོན
་ཏན་གྱི་ཚོགས་རྣམས་དང་ལྡན་པའི་ཕྱིར་བསྟན་པ་ཡིན་ནོ།། དེ་ཡང་ཏིལ་མར་དང་ཐུན་མོང་གི་ཡོན་ཏན་ཅུང་ཟད་ཡོད་པས། ཏྲཻལ་མར་ལ་སོགས་པའི་འོག་ཏུ་ཆུང་ཐམས་ཅད་ཀྱི་སྤྱིའི་ཡོན་ཏན་སྨྲས་པ་ན་ཆང་ན་དྲོད་འབར་ཡཾ་ག་འབྱེད།། རྣ་ང་དྲོད་སྐྱེད་ཁོང་རྟ་དགའ
་མར་བཅས་ཁ་ཞིང་ཆ་བ་དང་།། ཞུ་རྡོས་སྒྱུར་ཞིང་ཅུང་ཟད་འཁྲུ།། བསྐུ་བཅས་གདོངས་སྙན་ནད་མེད་དང་།། སྟོབས་བསྐྱེད་མདོག་འགྱུར་ཁོང་ཡངས་ལ།། གཉིད་མེད་པ་དང་གྲྀ་ཏོ་ཆེ་ལ།། ཕན་ཞིང་ཁྱག་དང་མཁྲིས་པ་སྐྱེད།། རིགས་འཐུངས་སྐེམས་དང་སྐོམ
་ཕན་ཞིང་།། རྩུབ་རྣོ་ལུས་སྒོ་ཁྱབ་ཅིང་སྦྱོང་།། རླུང་དང་བད་ཀན་སེལ་བ་ཡིན།། གཞན་དུ་བསྟེན་ན་དུསུ་ད་ནུམ། ཞེས་བྱ་བ་འདི་ནི་ཆང་ཐམས་ཅད་ཀྱི་ཐུན་མོང་གི་ཡོན་ཏན་བརྗོད་པ་ཡིན་ཏེ། དེ་ལ་ཆང་ངོ་ཅོག་ཐམས་ཅད་ནི་དྲོང་འབར་བར་བྱེད་ཅིང་མིའི་ཤས་སྐྱེད
་པས་ན་དྲོད་འབར་རོ།། ཡི་གེ་འབྱེ་ཞིང་ཟསོ་ལ་སྲེད་པ་སྐྱེ་བས་ནཱ། ཡིག་འབྱེད་ཅེས་བྱ་སྟེ། འབྲས་ཆན་ལ་སོགས་པ་འདོད་པ་སྐྱེད་པའོ།། རྣོ་བ་ནི་ལུས་ཟུངས་རྣམས་སྦྱོང་བར་བྱེད་ཅིང་། ཚོགས་ཀྱི་མཚམས་སྦྱོར་དམ་པོ་ལྷོད་པར་བྱེད་པའོ།། དྲོད་སྐྱེད་པོ་ནི
་ནུས་པ་དང་ལྡན་པའོ།། ཁོང་བརྟི་བ་ནི་ལུས་རྒྱས་པར་བྱེད་པའོ།། དགའ་བོ་ནི་སེམས་མགུ་བར་བྱེད་པའོ།། མངར་བཅས་ཁ་ཞི་ངོ་ཆ་དང་བཅས་ཞེས་བྱ་བ་ནི་རོ་ཅུང་ཟད་མངར་པོ་དང་། ཅུང་ཟད་ཁ་བ་དང་། དེ་བཞིན་དུ་ཞུ་བའི་རྗེས་དང་། རོ་ཅུང་ཟད་སྦྱར་བ
་ཉིད་ཡིན་པ་དང་། འཁྲུབ་སྟེ་ཁོང་འཁྲུ་བར་བྱེད་པ་དང་། བསྐྲ་བཅས་ཞེས་བྱ་བ། ཅུང་བདེ་བ་སྒོ་བོའི་རོ་དང་ལྡན་པའོ།། དེ་བཞིན་གདངས་སྙན་པར་བྱེད་པ་འདི་ཡིན་ཏེ། གདངས་སྨན་པོ་ནི་ཚོག་གསལ་ཞིང་གདངས་མོ་ཐོ་བའོ།། ནད་མེད་པ་ནི་ཐ་མ་ཚལ
་པར་གནས་པ་ཉིད་དེ། དེ་བྱེད་པ་དང་། སྤོབས་པ་ནི་སྨྲ་བ་ལས་ཞུམ་པ་མེད་པར་འགྱུར་བ་དང་། མདོག་སྟེ་མདངས་དང་ལྡན་པ་ཡང་བ་ཉིད་དང་། གཉིད་མེད་པ་དང་། གཉིད་ཆེ་བ་ལ་ཕན་ཞིང་བསོད་པ་ནི། ཆང་ཐམས་ཅད་མ
་ཡིན་གྱི། གང་བད་ཀན་ལ་སོགས་པ་འཕེལ་བར་བྱེད་པ་ནི་གཉིད་མེད་པ་ལ་ཕན་ཏེ། དཔེར་ན་འབྲུའི་ཆང་ལ་སོགས་པ་ལྟ་བུའོ།། ཆང་ལ་ལ་ནི་གཉིད་ཆེ་བ་ལ་ཕན་ཏེ། གང་བད་ཀན་ལ་སོགས་པ་སེལ་བར་བྱེད་པ་སྦྲང་ཆང་ལ་སོགས་པ་ལྟ་བུའོ།།
་ཡང་ན་མཐུ་ཉིད་ཀྱིས་ཆང་ཐམས་ཅད་གཉིད་མེད་པ་དང་། གཉིད་ཆེ་བ་ལ་ཕན་ནོ།། ཁྲག་དང་མཁྲིས་པ་སྐྱེད་པ་ནི་ཁྲག་དང་མཁྲིས་པའི་ནད་སེལ་བར་བྱེད་པའོ།། རིགས་འཐུངས་སྐེམས་དང་སྦོམ་ཕན་ཞིང་ཞེས་པ་ནི། མི་སྐེམ་པོ་དང་ཚོ་ཞིང་སྒོམ་པ
་ལ་ཕན་ཞིང་བསོད་པ་ཡིན་ནོ།། ཞེས་སྤྱིར་སྨོས་སུ་ཟིན་ཀྱང་ཆང་ལ་ལ་ནི་སྐེམ་པ་ལ་ཕན་པ་ཡིན་ལ། ཆང་ལ་ལ་ནི་སྦོམ་པ་ལ་ཕན་པ་ཡིན་གྱི། སྦོམ་པོ་ལ་ཕན་པ་དེ་ཉིད་སྐེམས་པ་ལ་ཕན་པ་ནི་མ་ཡིན་ནོ།། ཡང་ན་ཟས་ལ་སོགས་པ་དང་རན་པར
་འཐུངས་པའི་དབང་གིས་སམ། སྦྱོར་བ་ལ་སོགས་པའི་དབང་གིས་སམ། རྫས་ཀྱི་ནུས་པའི་དབང་གིས་ཐམས་ཅད་ཀྱང་སྐེམ་པ་དང་སྒོམ་པ་ལ་ཕན་པ་ཡིན་ནོ།། དེ་བཞིན་དུ་རྩུབ་པའི་ཡོན་ཏན་དང་ལྡན་པ་དང་། རྣོ་བ་ནི་རྩ་ཕྲ་མོ་རྣམས་ལ་འཇུག་པར
་བྱེད་པའོ།། ལུས་ཀྱི་སྒོ་ཁྱབ་ཅིང་སྦྱོང་བ་ནི་བད་ཀན་དང་། རླུང་དང་ཚིལ་དང་དྲི་མས་ཡོངས་སུ་གང་བ་རྣམས་དང་ཞིང་དྲི་མ་མེད་པར་བྱེད་པའོ།། དེ་བཞིན་དུ་དེ་རན་པར་འཐུངས་ན་རླུང་དེང་བད་ཀན་དག་ཀྱང་སེལ་ཅིང་འཇོམས་པ་ཡིན་ནོ།། དེ་ལ་རན་པ་ཞེས་བྱ
་བོ་ན་ཆ་མཉམ་པའི་སྦྱོར་བ་སྟེ། ཐུན་ཆད་དང་། ཡུལ་དང་། དུས་ལ་སོགས་པའི་རྣམ་པར་ཤེས་པར་བྱས་ནས། དེ་དང་རྗེས་སུ་གང་མཐུན་པར་གང་འཐུང་བ་དེ་ནི། དེའི་རིགས་པ་འམ་རླན་པ་ཡིན་ནོ།། དེ་ཉིད་ཀྱིས་ན་གཟུངས་ལས། དེ་བས་འང་ཡི་སྦྱོར
་བཤད་པ།། གང་ཞིག་བདེར་གྱུར་འབའ་ཞིག་ཕྱིར།། ཞེས་བཤད་པ་དང་། དེ་བཞིན་དུ་ནུས་སྟོབས་དང་དུས་དང་ཡུལ་དང་། བདག་ཉིད་ཀྱི་རང་བཞིན་གང་ཡིན་པ་དང་། མཐུན་པའི་གྲོགས་དང་། ནད་ཀྱི་ཚུལ་དང་། ན་ཚོད་ཀྱི་རིམ་པ་ཤེས་པོར
་བྱས་ནས། དེ་དང་རྗེས་སུ་མཐུན་པར་འཐུངས་ནི་བདུད་རྩི་འཐུངས་པ་དང་མཚུངས་པ་ཡིན་གྱི། དེ་ལས་གཞན་པར་རིགས་པ་དང་མི་ལྡན་ཞིང་། རྣམ་པར་མ་དཔྱང་བར་འཐུངས་ན་དུག་དང་མཚུངས་ཤིང་འདྲ་བ་ཡིན་ནོ།། མི་རིགས་པར་འཐུངས
་པ་ནི་དམན་པ་འམ། ལོག་པ་འམ་ཧ་ཅང་མང་དུ་འཐུངས་པ་ཡིན་ནོ།། དེ་ཡང་བསྡུས་པ་ཆེན་པོ་ལས་ཆང་ལ་སོགས་པ་བསྟེན་པ་ནི་བློ་དང་བརྟན་པ་དང་། དྲན་པ་འཕྲོག་པར་བྱེད་པ་ཡིན་ནོ།། ཞེས་བཤད་དོ།། ཆང་སར་ལྕི་ཞིང་ཉེས་སྐྱེད་ཡིན།།
་ཆང་ང་ང་ལྔས་གནན་དུ་བྱེད་ཅེས་བྱ་བ་ལ། ཆང་དེ་ཐམས་ཅད་ལས་ཆང་སར་བི་ནི་ལྕི་ཞིང་ཉེས་པ་རྣམས་འཁྲུག་པ་སྐྱེད་པར་བྱེད་པ་ཡིན་ནོ།། ཆང་རྙིངས་ཤིང་གྲུང་སེ་མདོ་མྱུར་པ། ཁ་དོག་དང་དྲིང་ཕུན་ཚོགས་དང་ལྡན་པོའི་ཆང
་ཐམས་ཅད་ནི་སྔར་བཤང་པོའི་ཆང་སར་པ་དེ་ལས་གཞན་དུ་བྱེད་དེ། དེ་ཡང་ཞིང་ཉེས་པ་སེལ་བར་བྱེད་པ་མོད་ཀྱི། འོན་ཀྱང་མཁྲིས་པ་ནི་སྐྱེད་ལ། རླུང་དང་བད་ཀན་ནི་འཇོམས་པ་ཡིན་པར་སྔར་བཤད་པ་ཡིན་ནོ།། ཚ་བའི་སྤྱོད་པར
་ལྡན་མི་བཏུང་།། སུན་ཅིང་བཀྲེས་ཉེན་ནད་པས་མིན།། ཤིན་ཏུ་རྣོ་མིན་སར་པ་དང་།། ལེགས་པར་མ་བསླང་རྙོག་ཅན་མིན།། ཞེས་བྱ་བ་ནི། ཆང་དེ་ཐམས་ཅད་ཚ་ཞིང་དྲོ་བའི་ཀུན་ཏུ་སྤྱོད་པ་དང་ལྡན་པའི་སྐྱེས
་བུས་བཏུང་བར་མི་བྱའོ།། དེ་ལ་སྤྱོད་པ་ཞེས་བྱ་བ་ནི་བྱ་བ་སྟེ། དེ་ཡང་ཟས་དང་སྤྱོད་ལམ་གྱི་ཚུལ་ཏེ། ཟས་ཚ་བ་ཟོས་པའི་རྗེས་དང་། སོ་ག་ལ་སོགས་པ་ཚ་བོའི་དུས་དང་། ཉི་ཚན་ལ་སོགས་པས་གདུངས་ཤིང་ཚ་བའི་སྐྱེས་བུ་ས
་བཏུང་བར་མི་བྱའོ།། དེ་བཞིན་དུ་ཆང་གི་སུན་པས་དེའི་ཚེ་བཏུང་བར་མི་བྱ་བ་དང་། དེ་བཞིན་དུ་བཀྲེས་པས་ཉན་ཅིང་ཟིལ་གྱིས་མནན་པའི་མི་བཏུང་བ་དང་། དེ་བཞིན་དུ་ནད་པས་བཏུང་བར་མི་བྱ་སྟེ། དེ་བས་ན་ལུས་ཀྱི་གན་ས་སྐབས་ལས།
་དཔགས་ཏེ། ཆང་མི་བཏུང་བ་ཡང་ཡོད་པས་ཤེས་པར་བྱའོ།། དེ་བོཞིན་དུ་ཤིནྡྲ་ཏུ་རྣོ་ཞིང་ཆེ་བས་མི་བཏུང་བ་དང་། ཤིན་ཏུ་གཞོན་ཞིང་འཇམ་པ་ནི་མི་བཏུང་བ་དང་། དེ་བཞིན་དུ་ལེགས་པོར་མ་བསླང་བ་སྟེ། རྒུན་འབྲུམ་དང་། བུ
་རམ་ཤིང་དང་། འབྲས་བུ་དང་། སྦྲང་རྩི་ལ་སོགས་པ་དང་ད་ཏ་ཀི་ལ་སོགས་པའི་རྩི་ཉུང་ཟད་སྦྱར་ཞིང་། ཆང་དུ་ལེགས་པར་མ་རེག་པ་ཡང་བཏུང་བར་མི་བྱའོ།། རྙོག་ཅན་ཡིན་ཞེས་པ་ནི་རྡུལ་དང་འདམ་རྫབ་དང་། བོང་བ་དང་། རྡོའི
་གསེག་མ་ལ་སོགས་པ་དང་ལྡན་པ་ཡང་བཏུང་བར་མི་བྱའོ།། འབྲུ་ཆང་སྐྲན་དང་དམུ་རྫིང་དང་།། རྟག་སྐེམ་གློ་ག་ཅོང་སེལ་བ་དང་།། རླུང་འཇོམས་ཚིལ་དང་ཁྲག་སྐྱེད་ཅིང་།། གཅིན་བདེར་འབྱིན་དང་བད་ཀན་བསྐྱེད་ཅེས་བྱ་བ་ནི། ཆང
་གང་འབྲས་སཱ་ལུ་བཏགས་པ་ལས་བྱས་པ། བསྐ་ཞིང་དཀར་བ་དེའི་ཡོན་ཏན་འདི་དག་ཡིན་ཏེ། ཆང་དེས་སྐྲན་ལ་སོགས་པ་སེལ་ཞིང་འཇོམས་པ་དང་། ཚིལ་སྐྱེད་པར་བྱེད་པ་དང་། དེ་བཞིན་དུ་ལྕི་ཞིང་རླུང་འཇོམས་པར་བྱེད་པ་དང་། ཚིལ་ལ
་སོགས་པ་བསྐྱེད་ཅིང་འཕེལ་བར་བྱེད་དོ།། ཆང་དངས་ཡོན་ཏན་དེ་འདྲ་བས།། ཡིད་འོང་ཡང་ཞིང་རྣོ་བ་དང་།། གཟེར་དང་ལུད་པ་དབུགས་མི་བདེ།། སྐྱུར་བྲོ་བཤང་འགོགས་སྤོས་ཆམ་འཇོམས་ཞེས་བྱ་བ་ནི། ཆང་གི་དངས་མཽ་སྟེང་དུ་བྱུང་བ་རྙོག
་པ་མེད་པ་ཆུ་ལྟ་བུ་དེ་ལ་ནི་དངས་མ་ཞེས་བྱ་སྟེ། དེ་ཡང་ལུང་ལས། དངས་མ་ཆུ་ཞེས་བྱ་བར་བཤད།། འཛག་བདེ་དེ་བཞིན་ཆད་ཡིན་ལ།། དེའོ་ག་བསྐ་བ་ཞེས་བྱ་སྟེ། དེའི་འོག་མ་སྙིགས་མར་བཤད་ཅེས་འབྱུང་བ་ཡིན་ནོ།། ཆང་གི་དངོས་མ
་དེ་ནི་སྔ་མའི་ཚང་བསྐ་བའི་ཡོན་ཏན་གང་ཡིན་པ་དེ། ཐམས་ཅད་དངས་མ་འདི་ཡང་ཡིན་པས། ཡོན་ཏན་སྔ་མ་དེ་དང་འདྲ་བར་ཤེས་པར་བྱ་བ་དང་། དེ་ནི་ཡང་ཡིད་དུ་འོང་ཞིང་སྙིང་དགའ་བར་བྱེད་པ་དང་དེ་བཞིན་དུ་ཡང་བ་དང་། རྣོ་བས་བདཀན
་དང་ཚིལ་ལ་སོགས་པ་སེལ་བར་བྱེད་པ་དང་། གཟེར་བ་ལ་སོགས་པ་ཡང་འཇོམས་ཤིང་སེལ་བ་ཡིན་ནོ།། བེ་རུའི་ཆང་ནི་ཡང་ཞིང་ཕན།། ཤིན་ཏུ་ར་རོར་མི་འགྱུར་ཞིང་།། རྨ་དང་སྐྱེ་རྦབ་མཛེ་ནད་ལྀ།། ཧ་ཅང་གནོད་པར་མི་འགྱུར་ཡིན།། ཞེས་བྱ་བ་ལ
་བ་རུ་ར་ལས་སྦྱར་བའི་ཆང་ནི་པ་རུ་རའི་ཆང་སྟེ། དེ་ནི་ཡང་བ་ཕན་པ་དང་། ཤིན་ཏུ་ར་རོར་མི་འགྱུར་ཞིང་ཞེས་པ་ཤས་ཆེར་མྱོས་པར་མི་བྱེད་པ་དང་། དེ་བཞིན་དུ་རྨ་དང་སྐྱ་རྦབ་ཀྱི་ནད་དང་། མཛེ་ནད་དག་ལ་དེ་ཆང་གཞན་ལྟར་ཧ་ཅང་མི་གནོད་པ
་ཡིན་ནོ།། རྫས་བཞིན་ཡོན་ཏན་རྗེས་མཐུན་ཆུང་།། ཆང་གི་ཡོན་ཏན་ཀུན་ལས་ལྷག། ཕོ་ནང་སྐྱ་རྦབ་མཛེ་ག་ཞང་འབྲུམ།། ལུས་སྐེམ་སྙུན་འོར་དམུ་རྫིང་རིམ།། སྨན་དང་སྲིན་ནད་མཚེར་ནད་སེལ།། རོ་ནི་བསྐ་ཞིང་ཚ་རླུང
་བསྐྱེད།། ཅེས་བྱ་བ་ལ་རྫས་བཞིན་ཡོན་ཏན་རྗེས་མཐུན་ཆང་ཞེས་བྱ་བ་ནི། རྫས་གང་བསྐོལ་ནས་བྱས་པ་འམ། མནན་ནས་བྱས་པ་ན། དེ་རྣམས་ཀྱི་ཡོན་ཏན་ནི་དེའི་རྗེས་སུ་འགྲོ་ཞིང་རྗེས་སུ་འབྲང་བ་སྟེ། དེའི་ཡོན་ཏན་དང་ལྡན་པར་འགྱུར་རོ།།
་ཞེས་བྱ་བའི་དོན་ཏོ།། དེ་ཡང་ཆང་གི་ཡོན་ཏན་ཀུན་ལས་ལྷག་ཅེས་བྱ་བ་ཡིན་ཏེ། དྲོད་བསྐྱེད་པ་ལ་སོགས་པའི་ཆང་གི་ཡོན་ཏན་ཐམས་ཅད་ལས་ཡོན་ཏན་ལྡན་ཅིང་མང་བ་ཡིན་པ་དང་། དེ་བཞིན་དུ་ཕོ་བའི་ནད་ལ་སོགས་པའི་གནོད་པ་རྣམས་སེལ
་ཤིང་འཇོམས་པ་ཡིན་ནོ།། དེའི་རོ་ནི་བསྐ་བ་དང་ཚ་བ་ཡིན་ཞིང་རླུང་སྐྱོད་པར་བྱེད་པ་ཡིན་ནོ།། རྒུན་ཆང་ནད་སྦྱོང་སྙིང་ལ་ཕན།། ཤིན་ཏུ་དྲོ་མིན་མངར་ཞིང་འཁྲུ།། མཁྲིས་རླུང་ཅུང་ཟད་སྐྱེད་སྐྱ་རྦབ།། གཅིན་ནད་གཞང་འབྲུམ་སྲིན་ནད་སེལ་ཞེས་བྱ་བ
་ལ། རྒུན་འབྲུམ་ལས་བྱས་པའི་ཆང་ནི་རྒུན་ཆང་སྟེ། དེ་ནི་ནང་སྦྱོང་ཞིང་སེལ་བ་ཡིན་ཏེ། ཤིན་ཏུ་རྣོ་བོ་ཡིན་པས་བང་ཀན་ལ་སོགས་པ་སེལ་བ་ཡིན་ནོ།། སྙིང་ལ་ཕན་པ་ནི་སྙིང་དཀོའ་བར་བྱེད་པའོ།། ཤིན་ཏུ་དྲོ་བ་མ་ཡིན་པ་ནི་ཅུང་ཟད་དྲོ་བའོ།།
་མངར་བ་ནི་རོ་མངར་བའོ།། དེ་བཞིན་འཁྲུ་བར་བྱེད་པ་དང་། མཁྲིས་པ་དང་རླུང་ཅུང་ཟད་བསྐྱེད་པ་ནི། ཆང་གཞན་ལས་བལྟོས་ན་སྐྱེད་པ་ཡིན་ནོ།། དེ་བཞིན་དུ་སྐྱ་རྦབ་ལ་སོགས་པ་སེལ་བ་ཡིན་ནོ།། བུ་རམ་ཆང་ནི་གཅིན་རྟག་འགག། འབྱིན་ཞིང་ངོམས་ལ
་དྲོད་བསྐྱེད་ཡིན།། ཞེས་བྱ་བ་ལ། བུ་རམ་ལས་བྱས་པའི་ཆང་གི་བྱེ་བྲག་གིས་ནི་བུ་རམ་ཆུང་སྟེ། དེ་ནི་གཅིན་རྟག་འགགས་པ་འབྱིན་པ་ཡིན་ཏེ། གཅིན་འགག་པ་དང་རྟུག་པ་ཕྱེ་ན་འགག་པ་འབྱིན་ཅིང་ཕྱི་རོལ་ཏུ་འདའ་བར་བྱེད་པ་ཡིན་ནོ།། དེ་བཞིན
་དུ་ཚི་མོ་ཞིང་ངོམས་པར་བྱེད་པ་དང་། མེའི་དྲོད་གསལ་བར་བྱེད་ཅིང་སྐྱེད་པར་བྱེད་པ་ཡིན་ནོ།། བུ་རམ་ཤིང་ཆང་རླུང་མཁྲིས་སྐྱེད།། སྣུམ་དང་བད་ཀན་ལས་བྱུང་འཇོམས།། ཚི་ལོ་འོར་དམུ་རྫིངས་གཞང་འབྲུམ་སིལ།། དེ་ལས་ཁུ་བ་བསྐོལ་མཆོག
་ཡིན་ཞེས་བྱ་བ་ལ། བུ་རམ་ཆང་ནི་བུ་རམ་ཤིང་གི་ཁུ་བ་བསྐོལ་བ་དང་། མ་བསྐོལ་བ་ལས་བྱུང་བ་སྟེ། དེ་ཡང་ལུང་ལས། བུ་རམ་ཤིང་ཁུའི་བུ་རམ་ཆང་།། རློན་པ་ཡིས་ནི་ནུས་པ་བསིལ།། བསྐོལ་བ་བསྐོལ་མིའི་ཆང་ཞེས་བྱ་ཞེས་བཤང
་པ་ཡིན་ནོ།། བུ་རམ་ཆང་དེ་ནི་རླུང་མ་ཁྲོས་པ་སྐྱེད་པར་བྱེད་པ་ཡིན་ལ། སྣུམ་ལས་བྱུང་བ་དང་། བད་ཀན་ལས་བྱུང་བའི་ནི་འཇོམས་ཤིང་སེལ་བྱར་བྱེད་པ་ཡིན་ན།། དེ་བཞིན་དུ་ཚིལ་དང་། འོར་ནང་དང་གཞང་འབྲུམ་དང་། སྤྲོས་པོ་སེལ་བ་ཡིན་ནོ།།
་དེལས་ཞེས་པ་བུ་རམ་ཤིང་ལས་བྱུང་བའི་ཚང་གཉིས་ཀྱི་ནང་ནས་ཁུ་བ་བྲི་སྒྲོལ་བའི་ཆང་ནི་མཆོག་སྡེ་དམ་པ་ཡིན་ནོ།། སྦྲང་ཆང་འགྲིབས་བྱེད་ནོ་བོ་སྟེ། གཅིན་ནད་ཆམ་པ་ལུད་པ་སེལ་ཞེས་བྱ་བ་ནི། སྦྲང་རྩི་དེང་ཧ་ཀཱི་ལ་སོགས་པ་སྦྱར་བ
་པས་བྱས་པའི་ཆང་ནི་སྦྲང་ཆང་སྟེ། དེ་ནི་འགྲིབ་བྱེད་ཅེས་བྱ་བ་ཚིལ་ལ་སོགས་པ་འགྲིབ་པར་བྱེད་ཅིང་།། རྣོ་བ་ལས་ལུས་ཟུངས་ཀྱི་གནས་སེལ་བར་བྱེད་པ་ཡིན་ནོ།། དེ་བཞིན་དུ་གཅིན་ནོདོ་དང་ཆམ་པ་དང་ལུང་བའི་ནད་སེལ་ཅིང་རྒྱལ་བར
་བྱེད་པ་ཡིན་ནོ།། ཚ་ནི་ཁྲག་མཁྲིས་བད་ཀན་དག། འཇུ་ཞིང་རླུང་ནི་སྙོམས་བྱེད་ལ།། རབ་ཏུ་ཚ་ཞིང་རྣོ་རྩུབ་འབྱུང་།། ཡིད་འོང་ཡི་ག་འབྱེད་ཅིང་འཁྲུ།། དྲོད་བསྐྱེད་རེག་ན་བསིལ་བ་དང་།། སྐྱ་རྦབ་སྲིན་སེལ་མིག་ལ་གནོད་ཅེས་བྱ་བ
་ནི། ཆང་ཐམས་ཅད་ཕལ་ཚོར་རོ་ལྔ་དང་ལྡན་པ་ཡིན་ཟིན་དུ་ཀྱང་། དུས་ལས་ཡོལ་ཞིང་གཞན་དུ་གྱུར་པ་ན།། གང་གི་ཚེ་དེའི་མངར་བ་ལ་སོགས་པའི་རོ་བཞི་ཡལ་ནས། རོ་སྒྱུར་བ་འབའ་ཞིག་ཤས་ཆེར་འཕེལ་ཞིང་བདོ་བ་དེའི་ཚེ། དེ་ནི་ཚ་ཞེས་བྱ
་སྟེ། དེ་ཉིད་ཀྱིས་ན་ཆང་ཐམས་ཅད་ནི་ནུ་བའི་རྗེས་སྒྱུར་བ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ།། དེ་ཡང་ལུང་ལས། ཤིན་ཏུ་སྦྱར་བ་ཚ་ཞེས་བཤད་པ་ཡིན་ནོ།། དེའི་ཕྱིར་ཆང་ཐམས་ཅད་ནི་ཡུན་རིང་པོ་ལོན་པ་དང་། ཤིན་ཏུ་སྦྱང་བར་འགྱུར་བ་ནི་ཚ་ཞེས་སྨོན
་དཔྱད་ཀྱི་ལུང་ལས་བརྟེན་པ་རྣམས་ཟེར་རོ།། ཆ་དེ་ནི་ཁྲག་དང་མཁྲིས་པ་དང་བད་ཀན་དག་འཇུ་བ་དུ་བྱེད་ཅིང་རང་གི་ག་ནས་ནས་བསྐྱོད་པར་བྱེད་དེ། ཐ་དད་པ་ལས་འདྲེས་པ་ཡིན་པར་ཤེས་པར་བའོ།། དེ་བཞིན་དུ་རླུང་སྟོ་མས་པར་བྱེད་པ་ཡིན་པས་ན།
་རླུང་ནི་སྙོམས་བྱེད་ལ་ཞེས་བྱ་སྟེ། འདིས་སྙོམས་པ་འམ་ཞི་བར་བྱེད་པའོ།། དེ་ཡང་ལམ་གཞན་ན་གནས་པ་ལས་བྱུང་བ་དྲངས་ནས། རང་གི་གནས་སུ་གནས་པར་རྫས་གང་གིས་བྱེད་པ་དེ་ནི། རླུང་འཇོམས་པར་བྱེད་པ་སྟེ། ལམ་ལོག་པ་ན་གནས་པ
་རང་གི་གནས་སུ་འཇོག་པར་བྱེད་དོ།། ཞེས་བྱ་བའི་དོན་ཏོ།། ཡང་དེ་ནི་རབ་ཏུ་རྣོ་བ་དང་། རྩུབ་པ་དང་། སྐུར་བ་དང་། ཡིད་དུ་འོང་བ་དང་ཡི་གེ་འབྱེད་པར་བྱེད་པ་དང་། ཁོང་འཁྲུ་བོ་དང་། ཕོ་བའི་མེ་དྲོད་སྐྱེད་པ་དང་། རེག་པ་བསིལ་བ་དང་། བསྐུས
་ཤིང་བྱུགས་ན་བསིལ་བར་བྱེད་པ་དང་། དེ་བཞིན་དུ་སྒྱུ་རྦབ་སྲིན་སེལ་བ་དང་། མིག་ལ་གནོད་པ་ཡིན་ནོ།། བུ་རམ་ཤིང་རྒུན་ཆང་།། ཚ་ནི་ཕྱི་མ་ཕྱི་མས་ཡང་ཞེས་བྱ་བ་ནི། བུ་རམ་ལ་སོགས་པའི་ཚ་ནི་ཕྱི་མ་ཇི་ལྟ་བ་བཞིན་དུ་ཡང་བ་ཡིན་ཏེ། དེ་ཡང་བུ་རམ
་ཆང་གི་ཚ་ལས་བུ་རམ་ཤིང་གི་ཁུ་བའི་ཚེ་ཡང་བ་ཡིན་ལ། བུ་རམ་ཤིང་གི་ཁུ་བའི་ཚ་བས་ནི་ཆང་གཞན་གྱི་ཚ་བ་ཡང་བ་ཡིན་ལ། ཆང་ཐམས་ཅད་ཀྱི་ཚ་བས་ནི་རྒུན་ཆང་གི་ཆེ་བ་ཡང་བ་ཡིན་པར་ཤེས་པར་བྱའོ།། སྡོང་བུ་རྩ་བ་འབྲས་སོགས་ལས། མན།
་བྱས་དེ་དང་འདྲར་ཤེས་ཞེས་བྱ་བ་ནི། དེ་ལ་ཆ་བ་དེ་རྣམས་ཉིད་དང་། སྡོང་བུ་དང་། རྩ་བ་དང་། འབྲས་བུ་ལ་སོགས་པ་མནན་པ་ལས་བྱུང་བ་ཡང་དེ་དང་འདྲ་བར་ཤེས་པར་བྱ་སྟེ། ཆ་ཤིན་ཏུ་དྲོ་བའི་ནུས་པ་དང་སྟོབས་སུ་ལྡན་པ་དང་། འདྲ་བར་སྡོང་བུ་ལ
་སོགས་པ་ལས་མནན་ཏེ་བྱོས་པ་ཡང་དེ་དང་འདྲ་བའོ།། སོགས་པའི་སྒྲས་ནི་ཤུན་པ་དང་ལོ་མ་ལ་སོགས་པ་བསྡུའོ།། རྡོ་གུ་སོགས་ལས་བདུར་བ་གཞན།། དུས་ཀྱི་སྐྱུར་པོ་ཡང་ཟས་ལེན་ཞེས་བྱ་བ་ནི། རྡོ་གུ་ལ་སོགས་པའི་ཚོད་མའི་རྣམ་པ་མིན་ན་ནས
་སྐྱུསྦྱར་པོར་བྱས་པ་དེ་ནི་ཡང་བཾ་དང་། ཟས་ལེན་ཅིང་ཡི་ག་འབྱེད་པ་ཡིན་ལ། དེ་བཞིན་དུ་རྡོ་གུ་དང་། རྩ་བ་དང་། འབྲས་བུ་ལ་སོགས་པའི་དུས་རིང་པོར་སྐྱུར་པོར་གྱུར་པ་ཡང་། ཡང་ཞིང་ཟས་ལོན་པར་བྱེད་པ་ཡིན་ནོ།། དེས་ན་དེ་གཉིས་ཀ་ཡང་ཡི་ག
་འབྱེད་པོར་བྱ་བ་ཡིན་ནོ།། འབྲས། བུའི་རང་སྦྱར་འཁྲུན་མོ།། མཁྲིས་པ་སྐྱེད་བྱེད་བསྐྱེས་ནི་ཐོས་པ།། རལ་དང་རྒྱས་ལ་ཡོ་ག་འབྱེད།། དྲ་བ་སྐྱེད་མུས་འི་ནད་སིལ་ཡིན་ཞེས་བྱ་བ་ལ། འབྲས་ཁུའི་རང་སྒྱུར་ནི་འབྲས་ཀྱི་ཁུ་ལ་མནན་ནས། རང་སྒྱུ
་དུ་གྱུར་པའི་བཏུང་བ་ཀཉྫི་ཞེས་བྱ་བ་སྟེ། དེ་ནི་ཆང་དང་ཚྭ་དང་སྐྱུར་པོ་དང་། ཅུང་ཟད་འདྲང་བས་སྡེ་ཚོམ་འདིའི་ནང་དུ་བསྟན་པ་ཡིན་ཏེ། ཇི་ལྟར་ཆང་ཡོ་བྱད་བསགས་ནས་བྱེད་པ་དེ་བཞིན་དུ་རང་སྐྱར་འདི་ཡང་བྱེད་པ་དང་། གཞན
་ཡང་ཆུ་མང་བ་ཉིད་ཀྱིས་ཆང་དང་འདྲ་ཞིང་རེག་པ་བསིལ་བ་ཡིན་ནོ།། དེ་འཁྲུ་བ་སྟེ། ཁོང་འཁྲུ་བ་ཡིན་ནོ།། དེ་སྐད་དུ་ལུང་ལས། བཤད་པ་ལ་སོགས་གོང་པོ་ནི། འཇིགས་པས་འཁྲུ་བ་ཞེས་བཤད་དེ། དེ་ལས་བཟློག་པ་འགོགས་པ་ནི། རྟག
་སྐམ་ཞེས་ནི་བྱ་བར་བཤད་ཞེས་འབྱུང་བ་ཡིན་ནོ།། རྣོ་བ་ནི་བད་ཀན་ལ་སོགས་པ་འཇིགས་པའོ།། མཁྲིས་པ་བསྐྱེད་པ་ནི། མཁྲིས་པ་འཕེལ་བར་བྱེད་པའོ།། བསྐུས་ན་བསིལ་ཞེས་བྱ་བ་ནི། ལུས་ཀྱི་ཕྱི་རོལ་ནས་བསྐུས་ན་ཚབ་སེལ་བའོ།། ངལ་རྒྱ
་སེལ་ཞེས་བྱ་བ་ནི། རྩོལ་ཞིང་ལས་སུ་བྱེད་པ་ལ་སོགས་པས་ཞུམ་ཞིང་ཞན་པར་གྱུར་པ་ནི། ངལ་པ་ཞེས་བྱ་བ་ལ་སོགས་པ་མི་བྱེད་པར་ལུས་ཞུ་མོ་ཞིང་ཉམ་ཆུང་བ་ནི་རྒྱ་བ་ཞེས་བྱ་སྟེ། དེ་དག་སེལ་བར་བྱེད་པས་ནཱ། ངལ་བ་དང་རྨྱ་སེལ་ཞེས་བྱའོ།།
་ཡི་གེ་འབྱེ་བོ་ནི་ཟས་འདོད་པའི་ངང་ཚུལ་ཅན་ནོ།། ཡི་ག་འཆུས་པར་བྱེད་པ་ངེས་པར་འཇོམས་པ་ཡིན་པའི་ཕྱིར་དྲོད་བསྐྱེད་པའོ།། ཆུ་སོའི་ནད་སེ་ལྀ་ཡིན་ཞེས་བྱ་བ་ནི། གླང་པོའི་ནད་སེལ་ཅིང་འབྱིན་པར་བྱེད་པ་ཡིན་པས་ན་དེ་སྐད་ཅེས་བྱའོ།། མས
་བཏང་ལྀ་ཕན་ཡིད་དུ་འོང་།། ཡང་ཞིང་རླུང་དང་བད་ཀན་འཇོམས་ཞེས་བྱ་བ་ལ། དེ་བཞིན་དུ་མས་བཏང་བ་ལ་ཕན་པ་ཅེསཽ་བྱ་སྟེ། མེས་བཏང་བ་ནི་རླུང་ལས་གྱུར་པའི་ནད་ལ། སྦུ་གུ་ནས་མར་ཁུ་ལ་སོགས་པ་བཤང་བའི་ལམ་ནས་འཛུད་པ་སྟེ།
་དེ་ནི་འོག་ནས་བཤད་པར་བྱའོ།། གཞན་དག་ནི་གོ་སླའོ།། བ་གཅིན་ར་ལུག་མ་ཧེ་དང་།། གླང་པོ་རྟ་བོང་རྔ་མོའི་གཅིན།། མཁྲིས་བསྐྱེད་རྩུབ་ཅིང་རྣོལ་ཚ།། འཐུངས་རྗེས་ཚྭ་བློར་ཚ་སྟེ།། སྲིན་ནད་འོར་ན་དང་སུ་རྫིང་སྤྲོས།། གཟེར་དང་སྒྱུ་རྩུབ་བང་ཀན་རླུང་།། དུག
་སྐྲན་ཤ་བཀྲ་ཡི་ག་འརྐུས།། མཛེ་དང་གཞང་འབྲུམ་མྱུར་དུ་འཇོམས།། ཞེས་བྱ་བ་ནི་བ་གཅིན་ལ་སོགས་པའི་གཅིན་རྣམ་པ་བརྒྱད་འདོར་བསྟན་པ་ནི་དྲོ་བ་དང་རྣོ་བའི་ཡོན་ཏན་མེང་བས། ཆང་དང་ཆ་འཐུན་པ་ཡོད་པ་བཤད་པ་ཡིན་ལ། རྣམ་པ་དེ
་བརྒྱད་ཆར་ཡང་མཁྲིས་པ་བསྐྱེད་ཅེས་བྱ་བ་སྟེ། མཁྲིས་པ་འཕེལ་བར་བྱེད་པ་དང་། རྩུབ་པ་དང་རྣོ་བ་དང་། ཚ་བ་ཡིན་ཞིང་འཐུངས་པའི་རྗེས་ལན་ཚྭ་བྲོ་བ་གང་ཡིན་པ་དེ་ནི་འཐུངས་རྗེས་ཚྭ་བྲོ་ཞེས་བྱ་སྟེ། འཐུངས་པ་དང་རོ་གཞན་གྱི་རྗེས་ལ
་ལན་ཆུ་བྲོ་བ་ཡིན་ལ། དེ་ཡང་གསལ་པོ་དང་མི་གསལ་བར་བཤད་དོ།། དེ་ལ་རོ་ནི་གསིལ་ཞེས་བྱ།། མི་གསལ་བ་ནི་འཐུངས་རྗེས་རོ།། མཐུར་གསལ་བར་ཡང་འདོད་པ་ཡིན།། ཞེས་བཤད་པ་ཡིན།། དེ་བཞིན་དུ་རོ་ལས་ཆ་བ་ཡིན་པ་དང་། སྲིན
་བུལ་སོགས་པ་འཇོམས་ཤིང་ཡང་བར་གྱུར་པ་ཡིན་ནོ།། དེ་ལྟར་ཆུབ་བུ་རམ་ཤིང་།། དྷིལ་མར་མཛོ་གཱི་སྡེ་ཚོམས་རིམ།། གཾཤེར་བའི་རྫས་ཕྱོགས་གཅིག་པ་འདི།། རིགས་རིམ་ཇི་བཞིན་བསྟན་པ་ཡིན།། ཞེས་བཤད་པ་ནི་དེ་ལྟར་ཞེས་བྱའོ
་བཤད་མ་ཐག་པའི་རྣམ་པས་ཆུ་དང་འོ་མ་ལ་སོགས་པ་གཤེར་རྗེའི་རྫས་ཀྱི་སྡེ་ཚེམས་ཀྱིས། ཚོག་ཀྱི་མེ་པའི་གོ་རིམ་བསྟན་པ་དང་། ཐེ་ཤོད་པའི་ཚུལ་ཇི་ལྟ་བ་ཕྱོགས་གཅིག་ཅེས་པ། ཡན་ལག་གི་ཕྱོགས་གཅིག་གམ། ཅུང་ཟད་ཙམ
་བསྟན་པ་ཡིན་གྱི། གཤང་བའི་རྫས་མཐའ་དུ་དུས་ལུས་པ་བསྟན་ཅིང་བཤད་པ་ན་མ་ཡིན་ཏེ། དེ་དག་ནི་རགས་རམ་ཇི་བཞིན་བསྣུན་པ་ཡིན་ནས་བྱ་བ་སྟེ། རབས་ཤིང་སྒོམ་པ་མ་བོར་བ་ཙམ་དུ་རགས་རྣམ་མཛང
་བབསྟན་པ་ཡིན་གྱི། 8་ཟླ་བ་ལས་རྣམ་པར་ད་པ་ནི་མཐར་མ་པ་ཡིན་ནོ།། དངས་ངམནག་ཁ་བོས་སྨྲས་པ་ཡིཛིན།། ཡན་ལག་བརྒྱད་པ་སྟོང་པོ་ནམ་པོར་འགྲེལ་བ་ཚིག་གི་དོན་གྱི་ཟླ་པྣ་ཤེས་བྱ་བ། ཟླབ་ཤཱནརྣ
་དགའ་བག་རྣམ་པར་སྦྱར་བ་ལས། ལེའུ་ལྔ་པའི་རྣམ་པར་འགྲེལ་པའོ།། ། དེ་ནས་ཁམས་ཀྱི་ཚུལ་བ་རྟག་ཅིང་ཤེས་པར་བྱ་བའི་ལེའུ་བཤད་པར་བྱའོ་ཞེས་བྱ་བ་ལ། འདིར་འགྲེལ་པ་ནི་རིདི་ཡིན་ཏེ། གནས་དང་པོ་འཇིག་རྟེན
་ཆགས་པའི་དུས་སུ་དང་པོ་ནི་ཆུ་འདི་བྱུང་བ་ཡིན་ལ། དེའི་འོག་ཏུ་ནི་ཟས་བྱུང་ངོ་།། དེའི་འོག་ཏུ་ནི་སེམས་ཅན་བྱུང་བ་ཡིན་ཏེ། དེ་ལྟར་ནི་འདིའི་རྗེས་ཐོགས་ལ་ཁ་ཟས་ཀྱི་ཚུ་ལོ་བརྟག་ཅིང་ཤེས་པར་བྱ་བའི་ལེའུ་བརྩམས་པ་ཡིན་ནོ།། དེ་ལ་ཟས
་ཀྱི་རང་བཞིན་གྱི་ཚུལ་ནི། གཡས་སུ་བྱས་པ་དང་། གཡོས་སུ་མ་བྱས་པ་སྟེ། དེའི་རོ་དང་ནུས་པ་དང་ཞུ་བོའི་རྗེས་དང་། མཐུ་སྟོབས་དང་། ཡོན་ཏན་ལ་སོགས་པ་དང་། དེ་བརྟག་ཅིང་ཤེས་པར་བྱ་བ་ནི་ཁོང་དུ་ཆུད་པ་སྟེ། དེ་ལ་ཕན་པར
་བྱེད་པའི་ལ་རུ་གང་ཡིན་པ་དེ་བཤང་པར་བྱའོ།། དེ་ལ་ཟས་ནི་གང་བཟོར་བར་བྱ་བ་སྟེ། འབྲུལ་སོགས་པའོ།། འབྲུ་ཡང་གྲ་མ་ཅན་དང་། གང་བུ་ཅན་གྱི་དབྱེ་བས་རྣམ་པ་གཉིས་སོ།། དེ་ལས་ཀྱང་གྲོ་མོ་ཅན་ག་ཡིན་པས་དང་པོ
་བསྟན་ཏེ། དེགཅ་བོར་གྱུར་བ་ནི་མང་དུ་དགོས་ཤིང་གཞེས་པ་ཡིན་གྱི། གང་བུ་ཅན་གྱི་འབྲུ་ནི་སྲན་ཆོད་ལ་སོགས་པ་ཉིད་ཀྱིས་ཅུང་ཟད་དགོངས་པའི་ཕྱིར་གཙོ་བ་ཡིན་ལ་དེ་བས་ན་འདིར་སྨྲས་པ་ནི། རྩ་ནར་འབྲས་ཆེན་ཀུ་མཱ་ལ།། དྲུག་ཅུ་བ་དང་བྱངས
་བླངས།། སྒྲོན་བུའི་མཆུ་དང་རྩེ་རྣོན་དང་།། རོ་དྲིའི་འབྲས་འདྲ་དྲི་བཟང་དང་།། པ་ཏངྒ་དང་གསེར་མདོག་ཅན།། གང་གཞན་འབྲས་ནི་བཟང་པོ་རྣམས།། རོ་མངོམ་ནུ་རྗེས་མངར་ཞིང་སྣུམ།། རོ་བཅུའི་བཤདག་ཅི་བསྐ་ཞིང་ཆུང་།། རོ་རྗེས་བསྐ་ཞོང་ཕན་པ་དང་།།
་ཡང་ནིང་གཅིན་མང་བསིལ་བ་ཡིན་ཞེས་བྱ་བ་ནི། འབྲས་གཞན་དགུ་ལས་སཱ་ལུ་རྩ་ན་ར་རཀྟ་ཤ་ལི་ཞེས་བྱ་བ་ལ་སོགས་པ་ནི་གཙོ་བོ་ཡིན་པས་དང་པོར་སྨོས་པ་ཡིན་ནོ།། དེ་ལི་རཀྟ་ཤ་ལི་ནས་གསེར་མདོག་ཅན་ཞེས་པ་ཊ་བ་ལི་ཞེས་བྱ་བའི་འབྲས
་དང་། གཞན་ཡང་གང་དག་དེ་དང་འདྲ་བའི་འབྲས་དཀར་པོ་དེ་བཟང་པོ་ཐམས་ཅད་ནི་རོ་མངར་བ་དང་། ཞུ་བའི་རྗེས་མངར་བ་ཡིན་པ་དང་སྣུམ་པ་དང་། རོ་ཙ་ཞིང་ཁུ་བ་འཕེལ་བ་དང་། བཤད་གཅི་བསྐ་ཞིང་བསྒོངས་པ་ཆུང་ངུར་བྱེད་པ་དང་། རོའི་རྗེས
་བསྐཞེས་པ་བསྐ་བའི་རོ་ཧ་ཅུང་མི་གསལ་ཞིང་། ཤས་ཆུང་བ་དང་ལྡན་པ་དང་། ཕན་ཞིང་གནོད་པ་སེལ་བཱ་དང་། དེ་བཞིན་དུ་ཡང་བའི་ཡོན་ཏན་དང་ལྡན་པ་དང་། གཅིན་མང་ཞིང་འཕེལ་བར་བྱེད་པ་དང་། བསལ་ཞིང་གླེང་བའི་ནུས་པ་ཡོད་པ་སྟེ།
་ཡོན་ཏན་དེ་དག་དང་ལྡན་པ་ཡིན་ནོ།། དེས་རྩེ་མོའི་ནང་སྒྱུ་སྐུར་མཆོག་ཡིན་སྐོམ་དང་ཉེས་གསུམ་སེལ་བྱ་བ་ནི། དེ་ལ་རྩེ་མོ་ན་གང་གྲམ་ཅན་དེ་རྣམས་ཀྱི་ནང་ན་རྩཝ་སྔར་ཏེ། རཥྛ། ཤ་ཡིན་མཆོག་དོང་དམ་པ་ཡིན་ལ། དོ་ནི་སྐོམ་དང་སེལ་བ་དང་།
་གསུམ་སེལ་བར་བྱེད་པ་ཡིན་ནོ།། དེ་ཡི་འོག་ཏུ་འབྲས་ཆེན་སྨན།། དེའི་འོག་ཀུ་ལ་མ་ཡི་འོག་ཅེས་བྱ་བ་ནི། རཀྵ་ཤ་ལི་དེའི་འོག་ཏུ་ནི་འབྲས་ཆེན་ཏེ། མ་ཧཱ་ཤ་ལི་ཞེས་བྱ་བ་ཡོན་ཏན་གྱིས་སྔ་མ་ལས་དམན་པ
་ཡིན་ལ། མ་ཧཱ་ཤ་ཡི་དེའི་འོག་ཀ་མ་ལ་མ་ཎི་དེ་བོས་ཀྱང་ཡོན་ཏན་ཆུང་བ་ཡིན་ནོ།། དེ་བས་ཀྱང་དེའི་འོག་མ་དྲུག་ཅུ་པ་ལ་སོགས་པ་དེ་རྣམས་རིམ་གྱིས། སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ཡོན་ཏན་ཆུང་བ་ཡིན་ནོ།། ནས་འདྲ་ཧ་ཡན་ཆར
་མནེ་ཤ་ད་ཀ་ལ་སོགས་ནི།། རོ་དང་དྲི་ཞིམ་ལྕི་ལ་སྣུམ།། ཞུ་བའི་རྗེས་གྱུར་པད་མཁྲིས་བསྐྱེད།། བཤང་དང་གཅི་བ་འཐུར་དུ་འབྱིན།། སྔ་མ་སྔ་མ་སྨད་པ་ཡིན་ཞེས་བྱ་བ་ནི། ནས་འདྲ་ཞེས་བྱ་བ་ཡབ་ཀ་ལ་སོགས་པའི་འབྲས་རྣམས་ནི་རོ
་མངར་ཞིང་བསིལ་བ་དང་། དེ་བཞིན་དུ་ནུས་དྲོ་ཞིང་ལྕི་བ་དང་། སྣུམ་པའི་ཡོན་ཏན་དང་ལྡན་པས་སྣུམ་པ་དང་། ཞུ་བའི་རྗེས་སྒྱུར་བ་ཉིད་དུ་སྨིན་པར་འགྱུར་བ་དང་། བདཱ་ཀོན་དང་མཁྲིས་བསྐྱེད་ཅིང་འཕེལ་བར་བྱེད་པ་དང་། བཤང་བ་དང་གཅི་བ
་འཐུར་དུ་འབྱིན་ཅིང་ཕྱི་རོལ་ཏུ་འབྱུང་བར་བྱེད་པ་དང་། དེ་བཞིན་དུ་སྔ་མ་སྔ་མ་སྟེ། གང་ཞིག་གང་ལས་སྔ་མར་གྱུར་ཞིང་། གོང་མ་ཡིན་པ་དེ་སྨད་ཅིང་མཆོག་མ་ཡིན་པ་ཉིད་ཡིན་ནོ།། དེས་ན་ནི་ཤ་ད་ལོས་ཆར་བ་རྡུལ་ཅན་དུ་སྐྱེས་པ་སྨང
་པ་ཡིན་ལ། ཆར་མ་ལས་ནི་ཧ་ཡ་ན་སྨད་པ་ཡིན་ལ། དེ་ལས་ནས་འདྲ་ཞེས་པ་སྨད་པ་ཡིན་ཏེ། དེ་ལྟར་ན་ཐམས་ཅད་ལས་ཡ་པ་ཀ་ཞེས་པ་ནས་འདྲ་སྨད་པ་ཡིན་ནོ།། འབྲས་ན་དྲུག་ཅུ་པ་མཆོག་སྟེ། རྩ་སེར་ཤུན་པ་གནག་པ་དང་།། སྣུམ་ཞིང
་འཇུསྨྲ་བརྟན་ཅིང་མང་བ། ཉེས་པ་གསུམ་སེལ་བསིལ་རྟུག་འདྲིལ་ཞེས་བྱ་བ་ནི། འབྲས་ཤ་སྲི་ཀ་ཅེས་བྱ་བ་དྲུག་ཅུ་པ་ནི་སྣུམ་པའི་ཡོན་ཏན་དང་ལྡན་པས་ན་སྣུམ་པའོ།། བརྟན་པ་ནི་ལུས་བརྟན་པར་བྱེད་ཅིང་། དེ་བཞིན་དུ་ངལ་བ་དང་། དུབ་པ་དང་།
་རྒྱབ་སེལ་བ་ཡིན་ཏེ། དེ་ཉིད་ཀྱིས་ན་བཅུད་ཀྱིས་ལེན་དང་། རིམས་ལ་སོགས་པ་དེ་དང་དེར་ལུས་ཉམ་ཆུ་ངོ་ཤིང་སྡིག་པ་ལ་སྦྱིན་པ་ཉིད་དུ་བསྟན་པ་ཡིན་ནོ།། དེ་ནི་འབྲུ་རྣམས་ཀྱི་ཡོན་ཏན་གྱི་ནང་ནས་མཆོག་ཡིན་ལ། དེ་ལའང་རྩཝ་སེར་བ་དང་། ཤུན
་བོ་གནག་པའི་དབྱེ་བས་རྣམ་པ་གཉིས་ཡིད་ལ། དེ་གཉིས་ལས་ཀྱང་ཤུན་པ་གནག་པ་བས་རྩ་སེར་བ་མཆོག་ཡིན་ནོ།། དེ་ལས་རིམ་བཞིན་ཐུག་ཆེན་དང་། ཤུན་གོ་ནག་རྒྱ་སྐྱེགས་ཚིགས་མ་འདྲ།། ཁྱིམ་བྱའི་སྒོད་འདྲའུར་པའི་མིག། ཕུག
་རོན་འབྲས་དང་སུ~ཾ་ཀ་ར།། བ་ར་ཀ་དང་ཨུཏྤལ་དམར།། ཅི་ན་སྟོན་སྐྱེས་ད་དུ་ར། གནྡྷ་ན་དང་ཀུ་རུ་བིན།། ཡོན་ཏན་རིམ་བཞིན་ཆུང་ཞེས་བྱ་ཞེས་བྱ་བ་ནི། དྲུག་ཅུ་པ་དང་། འབྲས་ཚན་ལ་སོགས་པ་ནས། ཀུ་རུ་བོནྡའི་མཐར་ཐུག་པ་དག་ནི་གོ་རིམ
་བཞིན་དུ་ཡོན་ཏན་དག་ཆུང་ཞིང་དམན་པ་ཉིད་དུ་ཤེས་པར་བྱའོ།། དེ་ལྟར་ཐུག་པོ་ཆེའི་ཡོན་ཏན་ལས་ནི་ཤུན་པ་གནག་པཱ་ཀྲྀཥྞ་བྲྀ་ཧ་ཞེས་བྱ་བ་ཡོན་ཏན་ཆུང་བ་ཡིན་ལ། དེ་ལས་ནི་རྒྱ་སྐྱེགས་ཚིག་མི་འདྲ་བྱུང་བ་ཡིན་པ་ནས། འབྲས
་ཐམས་ཅད་ལས་ཀུ་རུ་བིནྡ་ཡན་ཏན་ཆུང་བ་ཉིད་ཡིན་པར་འོགས་པར་བྱའོ།། འབྲས་གཞན་མང་བ་ནིང་ནུ་རྗེས་སྒྲུརབ། མཁྲིས་པ་སྐྱིད་ཅིང་ལྔ་བ་དང་།། གཅན་རྟག་མང་ཞིང་ཆ་བ་ཡིན།། བ་ཏ་མ་ཉིད་ཉེས་གསུམ་སྤྱོད།། ཅེས་བྱ་བ་ནི། འབྲས
་གཞན་ནས་བྱ་བ་གོང་དུ་མ་བཤད་པའི་འབྲས་རྣམས་ནི་ར་མང་བ་དང་། ང་བཞིན་དུ་རྗེས་སྒྱུར་ཞེས་པ། ཞུ་བའི་རྗེས་སྒྱུར་བར་འགྱུར་བ་དང་། མཁྲིས་པ་སྐྱེད་ཅིང་འཕེལ་བ་དང་། གཅི་བ་དང་། རྟག་པ་མང་བར་འགྱུར་བ་དང་། ཆབ
་ཡིན་ཞེས་བྱ་བ་དྲོད་སྐྱེད་པ་སྟེ། འདིར་ཚ་བའི་སྨནི་དྲོ་དེ་བསྐྱེད་པ་ལ་བྱའི། མཁྲིས་པ་ནི་མ་ཡིན་ཏེ། གོང་དུ་མཁྲིས་པ་སྒྱིད་ཅེས་སྨོས་པའི་ཕྱིར་རོ།། བ་ཏ་ལ་ཉིད་ཉེས་གསུམ་བསྐྱེད་ཅེས་བྱ་བ་ནི་བ་ཏ་ལ་ཞེས་བྱ་བའི་འབྲས་བུ་ནི་ཉེས་པ་གསུམ་ཆུར་བསྐྱེད
་བ་ཡིན་ཏེ། གནོད་པ་གསུམ་ཤིན་ཏུ་འཁྲུག་པ་ཡིན་པོར་ཤེས་བོར་བྱ་སྟེ། ཉེས་པ་གསུམ་བསྐྱེད་པ་ཉིད་ཀྱིས་ནི་འདི་བཟའ་བ་ནི་བཀག་པ་ཡིན་ནོ།། ཅི་ཙ་ཁྲི་དང་ནི་བ་རེ། ཁྲོ་རྒོད་ནེའུ་འབྲས་སོགས་བསིལ་ཡང་།། རྩ་འབྲུ་དེ་དག་རླུང་སྐྱེད་ཅིང་། ཁོང
་རྩུབ་བད་ཀན་མཁྲིས་པ་སོལ།། ཞེས་བྱ་བི་ནི་ཙི་ཙེ་ལ་སོགས་པའི་རྩ་ཅན་གྱི་འབྲས་བུ་ནི་བསིལ་བ་སྟེ་གྲང་བའི་ནུས་པ་ཡོང་བ་དང་། ཡང་བ་དང་རླུང་བསྐྱེད་ཅིང་འཕེལ་བར་བྱེད་པ་དང་། དེ་བཞིན་དུ་ཁོང་རྩུབ་ཅིང་འཁྲུག་པ་དང་། བད་ཀོན་དང་མཁས
་པོ་སེལ་ཅིང་འཇོམས་པ་ཡིན་ནོ།། དེ་ལ་ཁྲི་ནི་རྟས་བྱེད་ལྕི།། ལུས་ཀྱི་ཆགས་གྲུགས་འབྱོར་པར་བྱེད་ཅེས་བྱ་བ་ནི། དེ་ལ་རྩཝ་ཅན་གྱི་འབྲུ་དེ་རྣམས་ཀྱི་ནང་ནོས་ཁྲེ་ནི་ལུས་རྟས་པར་བྱེད་པ་དང་། གཅི་བ་དང་ལུས་ཀྱི་ཡན་ལག་གི་ཆག་གྲུགས་འབྱོར་ཅིང
་འཚོ་བར་བྱེད་པ་ཡིན་ནོ།། ཁྲེ་རྒོད་མཆོག་ཏུ་འཁྲུ་གཅོད་ཅིང་།། རེག་ན་བསིལ་ལ་དུག་སིལ་ཡིན་ཞེས་བྱ་བ་ནི། རྩ་ཅན་གྱི་འབྲུའི་ནབོན་ཁྲི་རྒོད་དེ།། ཀོ་ཏྲ་བ་ནི་ཤིན་ཏུ་ཡང་འཁྲོ་བ་གཅོད་ཅིང་། སྡུད་པའི་ང་ཚུལ་དང་། རེག་ན་བསིལ་བ་སྟེ།
་རོལ་ཏུ་བསྐུ་བ་ལ་སོགས་པ་ལ་སྦྱར་ན། རེག་ན་བསིལ་བ་ཉིད་ཀྱིས་ཚ་བ་སེལ་བར་བྱེད་དོ།། དུག་སེལ་ཞིང་འཇོམས་པ་ཡིན་པས་ན། དུག་སེལ་ཡིན་ཞེས་བྱའོ།། ནས་ནི་རྩུབ་བསིལ་ལྕི་ལ་མངར།། ཅུང་ཟད་ཁོང་འཁྲུ་བཤང་རླུང་འཕེལ།། རོ་ཙ་བརྟན
་བྱེད་གཅིན་དང་ནི།། ཚིལ་དང་བ་ཀོན་མཁྲིས་པ་སེལ།། ཆམ་པ་ལུང་བ་དབུགས་མོ་བདྨོ།། དོར་རྐུན་ལྐོག་ནད་པགས་ནང་སེལ་ཞེས་བྱ་བ་ནི། ནས་ནི་རྩུབ་པོའི་ཡན་ཏན་དང་ལྡན་པས་ན་ནུབ་པའོ།། བསིལ་བ་ནི་བསིལ་བའི་ནུས་པ་དང་ལྡན་པའོ།།
་བཞིན་དུ་ལྕི་བ་དང་། རོ་མངར་བ་དང་། ཅུང་ཟད་ཁོང་འཁྲུ་བ་དང་། བཤང་བ་དང་རླུང་འཕེལ་ཞིང་སྐྱེད་པ་ཡིན་ཏེ། དེས་ན་བཤད་པ་ཟོད་པ་དག་ལ་དྲང་སྲོང་དག་གིས་འདིའི་སྦྱོར་བ་བཤད་པ་ཡིན་ནོ།། དེ་བཞིན་དུ་རོ་ཙ་བ་དང་ལུས་བརྟན་པར་བྱེད་པ་དང
་གཅིན་དང་ཚིལ་ལ་སོགས་པ་སེལ་ཅིང་འཇོམས་པར་བྱེད་པ་ཡིན་ནོ།། ནས་རྒོད་ཅུང་ཟད་དམན་པོ་ཡིན་ཞེས་བྱ་བ་ནི། ནས་དང་དབྱིབས་འདྲ་བ་ལས། ཤིན་ཏུ་ཕྲ་བ་ལ་ནི་རྒོད་ཅེས་བྱ་སྟེ། དེ་ནི་ནས་ཀྱི་ཡོན་ཏན་ལས་དམན་ཞིང་ཞན་པ་ཡིན་ནོ།།
་དེ་ནི་འཇིག་རྟེན་ན་ནས་འདྲ་ཞེས་མིང་དུ་གྲགས་པའོ།། སྨྱིག་སྐྱེས་འབྲས་ནས་རྩུབ་ཅིང་ཚ་ཞེས་བྱ་བ་ནི། སྨིག་མ་ལས་སྐྱེས་པས་ན་སྨྱིག་སྐྱེས་ཏེ། འོད་མའི་འབྲས་བུའི་ནས་ཞེས་ལུང་ལས་བཤད་པའོ།། སྨྱུག་མ་ལས་བྱུང་བའི་ནས་དེ་ནི། སྨྱིག
་མའི་འབྲས་བུ་ནས་འདྲ་བ་དེ། རྩུབ་པ་དང་། དེ་བཞིན་དུ་ཆེ་བོའི་ནུས་པ་དང་ལྡན་པ་ཡིན་ནོ།། སྲིན་ཆེ་སྣུམ་བསིལ་ལྷོ།། འཚོ་བྱེད་རླུང་དོང་མཁྲོས་པ་སེལ།། ཆག་གྲུགས་འབྱོར་བྱེད་མངར་བ་དང་། མཁྲེགས་བྱེད་ཅིང་ཅུང་ཟད་མ
་ཞེས་པ་ལ། གྲོ་ན་རོ་ཙ་བཱ་སྟེ། བུད་མེད་ལ་ཕོད་པར་བྱེད་པ་དང་། སྣུམ་པ་དང་བསིལ་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཡིན་ནོ།། ནནྡ་མུ་ཁ་ར་བསྐུ་ནང་།། བསལ་ཞིང་མངར་ཡང་ཕན་པ་ཡིན་ནས་བྱཱ་བ་ལཱ། ནནྡྷ
་ཁ་ནི་ཕྲིན་པ་སྟེ། གྲོའི་རིགས་སུ་གཏོགས་པ་ཕྲ་ཞིང་རིང་བ་ཡིན་ཏེ། དེ་ནི་བསིལ་ཞིང་རོ་མངར་བ་དང་། བསྐ་བ་དང་ཡང་བའི་ཡོན་ཏན་དང་ལྡན་ཞེས་གནོད་པ་དང་། དྲི་མ་རྣམས་ལ་ཕན་ཞིང་བསོད་པ་ཡིན་ནོ།། གྲ་མ་ཅན་གྱི་འབྲུ་སྣ་ཚོགས་ཀྱི་སྡེ་མཚན
་ཚོང་མ་བྱ་བའི་དོན་དུ། གྲ་མ་ཅན་གྱི་སྡེ་ཚན་གྱི་འོག་ཏུ། གང་བུ་ཆགས་པའི་འབྲུའི་སྡེ་ཚན་སྟོན་པ་ཡིན་ཏེ། དེའི་ཕྱིར་སྨྲས་པ་ནི་མོན་སྲན་རྡེའུ་དཀར་སྲན་ཆུང་སོགས། གང་བུ་ཅན་འབྲུ་རྩ་སྒོ་འགག། རོ་བསྒྲ་མངར་ཞིང
་འཁྲུབ་གཅོད།། ཞུ་རྗེས་ཚུལ་བསིལ་ཞིང་ཡོང།། ཚིལ་དང་ཁྲག་དང་མཁྲིས་པ་ལ།། བསྡུས་ཤིང་བླུག་ན་ཕན་བུ་ཡིན།། འདི་ལས་མུངྒ་མཆོག་རླུང་ཆུང་།། སྲིན་མ་ཤིན་ཏུ་རླུང་བསྐྱེད་ཡིན།། ཞེས་བྱ་བ་ལ། མོན་སྲན་རྗེའུ་ནི་སྲན་མ་མུངྒའོ།། མོན་སྲན་དཀར
་རུ་ནི་ཨ་དྷ་ཀ་ཞེས་སམ། ཏོ་བ་རི་ཞེས་གྲགས་པའོ།། སོགས་པའི་སྒྲས་ནི་སྲན་མ་ལ་སོགས་པ་ཡོངས་སུ་བསྡུའོ།། མོན་སྲན་རྡེའུ་ལ་སོགས་པའི་གང་བུ་ཅན་གྱི་འབྲུ་དེ་རྣམས་ནི་རྩོ་སྦུབས་རྣམས་ཀྱི་སྒོ་འགགས་པར་བྱེད་པས་ན། རྩ་སྒོ་འགག་པའོ།། དེ་བཞིན
་དུ་རོ་ནི་མངར་བ་དང་བསྐ་བ་ཡིན་ནོ།། འཁྲུ་བ་གཅོད་པ་ནི་གང་བཤང་བ་ལ་སོགས་སླ་བ་འམ། དབྱེ་བ་བསྡུས་ཤིང་གོང་པོར་བྱེད་པས་ན་འཁྲུ་བ་གཅོད་པར་བྱེད་པ་ཡིན་ནོ།། དེ་བཞིན་དུ་ཞུ་བའི་རྗེས་ཚ་བ་སྟེ། ཕོ་བའི་མེ་དྲོད་དང་ཕྲད་པ་ལས་རོ་གཞན་དུ
་འགྱུར་བའོ།། དེ་བཞིན་དུ་བསིལ་ཞིང་ཡང་བ་དང་། ཚིལ་དང་ཁྲག་དང་མ་བྲིས་པའི་ནང་ལ་བརྟགས་ཏེ། བསྐུས་པའི་ལུས་ལ་ཁུ་བ་བླུགས་ན་ཕན་ནིང་བདེ་བར་འགྱུར་རོ།། འདི་ལ་མཱ་དྷ་མཆོག་རླུང་ཆུང་ཞེས་བྱ་བ་ནི། གང་བུ་ཅན་གྱི་འབྲུ་འདི་དག་གི
་ནང་ན་མུཏྨཱ་ནི་ཞེས་པ། མིན་སྲན་རྡེའུ་མཆོག་སྟེ་དམ་པ་ཡིན་པ་དང་། དེ་བཞིན་དུ་རླུང་ཆུང་ཞེས་བྱ་བ་སྟེ། རླུང་ཅུང་ཞིག་སྐྱེད་པ་ཡིན་ནོ།། སྲན་མ་ཤིན་ཏུ་རླུང་བསྐྱེད་ཡིན་ནས་བྱ་བ་ནི། སྲན་མ་ནི་ཤིན་ཏུ་རླུང་ཤས་ཆེར་རླུང་བསྐྱེད་པ་ཡིན་ནོ།། མོན
་སྲན་དཀར་པོ་རླུང་བསྐྱེད་ཅིང་། རྩུབ་ཅིང་ལྕི་ལ་བཤང་བ་འཕེལ་བྱ་བ་ལ། མོན་སྲན་དཀར་པོ་ར་ཛོ་མཱ་ཥཾ་ཞེས་བྱ་བོ་ནི། རླུང་ཤས་ཆེར་སྐྱེད་པར་བྱེད་པ་དང་རྩུབ་པ་དང་། ལྕི་བོ་དང་། བཤང་བ་ཆེ་ཞིས་ཡོར་བྱེད་པ་ཡིན་ནོ།། རྒྱ་སྲན་ནག་ཚ་ཞུ་རྗེས
་སྦྱར།། ཁུ་ཆུའི་རྡོའུ་ཆམ་ལུང་པ།། དབུགས་མི་བདེ་རླུང་བདོ་གཞང་འབུམ།། འཇོམས་ཤིང་ཁྲག་མཁྲིས་མཆོག་བསྐྱེད་ཅེས་བྱ་བོ་ལ། རྒྱུ་སྲན་ནག་པོ་ཀུ་ལངྠ་ཞེས་བྱ་བ་ནི་ཚ་བ་སྟེ། ནུས་པ་ཚ་བ་དང་ལྡན་པ་དང་། ཞྭ་རྗེས་སྒྱུར་བ་སྟེ། སྨོན
་པ་དང་སྦྱར་བ་ཞེས་བྱ་བའི་དོན་ཏོ།། ཁུ་བ་ལས་སྐྱེད་པོའི་རྡེའུ་ནི། ཁུ་ནྱའི་རྔེའུ་སྟེ། དེ་ལ་སོགས་པ་འཇོམས་པ་དང་། དེ་བཞོན་དུ་ཁྲག་མཁྲིས་མཆོག་ཏུ་ཤེས་ཆེ་རོ་སྐྱེད་པར་བྱེད་པ་ཡིན་ནོ།། ནིཉྫ་པ་ནི་རླུང་མཁྲིས་ཁྲིག། ནུ་ཞོ་གཅིན
་འཕེལ་ལྕེ་ཞིང་འཁྲུ།། ཆ་བྱེད་མིག་གནོད་ཁུ་བའི་བློ།། བང་ཀན་པོར་ནང་དུག་རྣམས་སེལ་བྱ་བ་ལ། ནིཥྤ་པ་ཞེས་བྱ་བའི་སྲན་རྒོད་ནི། རླུང་དང་ཁྲག་དང་མཁྲིས་པ་དང་བུད་མེད་ཀྱི་ནུ་ནོ་དང་། གཅིན་འཕེལ་བར་བྱེང་བ་དང་། ལྕི་བ་དང་ཁོང་འཁྲུ་བ་དང་།
་སུས་རྒྱུ་བར་བྱེད་པ་དང་། དེ་བཞིན་དུ་མག་ལ་གནོད་པ་དང་། ཁུ་བ་འགྲོ་ཞིང་ཟད་པ་དང་། བད་ཀན་ཟད་པ་དང་། འོད་ནད་དང་། དགུ་རྣམས་སེལ་བར་བྱེད་པ་ཡིན་ན།། མཱུ་ཥ་སྣུམ་སྟོབས་པད་ཀན་སྐྱེད།། བཤང
་གཅི་མཁྲིས་པ་འཕེལ་བྱེད་འཁྲུ། ལྕི་ཞིང་ཚོ་ལ་རླུང་འཇོམས་དང་། ཁུ་བ་འཕེལ་ཞིང་འབྱིན་པར་བྱེད་ཅེས་བྱ་བ་ལ། མཱ་ཥ་ཞེས་བྱ་བ་མོན་སྲན་གྲེའུ་ནི་སྣུམ་ཞེ་ང་སྟོབས་བསྐྱེད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དང་། དེ་བཞིན་དུ་ཁུ
་བ་མང་དུ་འཕེལ་བར་བྱེད་ཅིང་།། ཁུ་བོ་དེ་ཉིད་མཚན་གྱི་ལམ་ནས་ཕྱིར་འབྱིན་པར་བྱེད་དོ།། ཀ་ཀནྣ་ལ་ཁ་སྲུལ་ཕྲེའུ། ཡོན་ཏན་མོན་སྲན་གྲེའུ་དང་འདྲ་ཞེས་བྱ་བ་ལ། ཀ་ཀནྣ་ལ་ཞེས་བྱ་བ་ནི། མིང་འདི་ཉིད་འཇིག་རྟེན་པ་ལ་གྲགས་པ་ཡིན་ནོ།། ཁ
་སྲལ་ཕྲེའུ་ནི་སྨན་ཨཽཏྨ་ཀུབྟ་སྟེ། ས་ལ་འབྱིང་བར་སྐྱེ་བའོ།། འབྲུ་དེ་དག་ནི་འབྲསོ་བུ་ནི་མོན་སྲན་གྲི་བུ་དང་ཡོན་ཏན་འདྲ་བར་ཤེས་པར་བྱ་སྟེ། སྨན་མ་མེ་ཥ་ལོ་ཡོན་ཏན་གང་དག་ཡོད་པ་དེ་ཐམས་ཅད་དང་ལྡན་པའི་དོན་ཏོ།། ཏིལ་འབྲུ་དྲོ་ཞིང་པགས
་པ་འཇམ།། བསིལ་ཞིང་སྐྲ་དང་སྟོབས་བསྐྱེད་ལ།། ལྕི་ཞིང་གཅིན་ཉུང་ཞུ་རྗེས་ཚ།། ཡིད་གཞུང་དྲོད་བསྐྱེད་བད་མཁྲིས་བསྐྱེད་ཅེས་བྱ་བ་ལ། ཏིལ་གྱི་འབྲུ་ནི་དྲོ་བ་སྟེ། ནུས་པ་དྲོ་བ་དང་། པགས་པ་འཇམ་ཞིང་མཉེན་པར་བྱེད་པ་དང་། བསྐུས་ན
་རིག་པ་བསིལ་བ་དང་།། སྒྲ་སྐྱེ་བ་དང་། སྟོབས་སྐྱེ་བ་དང་། དེ་བཞིན་དུ་ལྕི་བ་དང་། གཅིན་ཉུང་ངུ་རོ་བྱེད་པ་དང་། དེ་བཞིན་དུ་ཞུ་བའི་རྗེས་ཚ་བ་དང་། ཡིད་གཞུངས་པ་དང་། མེའི་དྲོད་སྐྱེད་ཅིང་བད་ཀན་དང་མཁྲིས་པ་འཕེལ་ཞིང་སྐྱེད་པ་ཡིན་ནོ།།
་ཟར་མ་སྣུམ་མངར་ཁ་ཞིང་དྲོ།། ལྕི་ཞིང་བད་ཀན་མཁྲིས་པ་སྐྱེ།། མིག་གནོད་ཁུ་སྐེམ་ཞུ་རྗེས་ཚ།། ཞེས་བྱ་བ་ལ། ཟར་མའི་འབྲས་བུ་ནི་སྣུམ་པ་དང་། རོ་མངར་ཞིང་ཁ་དང་། ནུས་པ་དྲོ་བ་དང་། ལྕི་ཞིང་བད་ཀན་དང་མཁྲིས་པ་སྐྱེད་པར་བྱེད་པ་དང་། དེ་བཞིན་དུ་མིག
་ལ་གནོད་པ་དང་།། ཁུ་བ་སྐེམས་ཤིང་ཟད་པ་དང་། ཞུ་བའི་རྗེས་ཚ་བ་ཡིན་ནོ།། ལོ་བ་རྒན་རྩི་འབྲས་དེ་དང་འདྲ་ཞེས་བྱ་བ་ནི། མེ་ཏོག་ལེ་བརྒན་ཎྜཱིའི་ས་བོན་ཡང་བཤད་མ་ཐག་པའི་ཟུར་མའི་ཡོན་ཏན་དང་ཉེས་པ་དང་ཆ་མཚུངས་པོ་ཡིན་པོར་ཤེས་པར་བྱའོ།། གྲུམ
་ཅན་ལས་ནས་རྒོད་དང་། མཱ་ཥ་གང་བུ་ཅན་ཐ་ཆད་ཅེས་བྱ་བ་ལ། སྔར་གྱི་གྲ་མ་ཅན་རྣམས་ཀྱི་ཐ་ཆད་པ་ནི་ནས་རྒོད་ཡིན། གང་བུ་ཅན་འདི་དག་གི་ནང་ན་ནི་མོན་སྲན་གྲེའུ་སྟེ། མཱ་ཥ་ཐ་ཆད་ཡིན་པར་ཤེས་པར་བྱའོ།། འབྲུ་ཡི་གསར་ཐོག་བད་ཀན་སྐྱེད།།
་ལོར་ལོན་འབྲུ་ནི་ཡང་བ་ཡིན་ཞེས་བྱ་བ་ནི། གྲ་མ་ཅན་གྱི་འབྲུ་དང་། གང་བུ་ཅན་གྱི་འབྲུ་གསར་ཐོག་ལོར་མ་ལོན་པ་ནི་བད་ཀན་སྐྱེད་ཅིང་འཕེལ་བར་བྱེད་དེ། རྩ་སྦུབས་རྣམས་ནས་སླ་ཞིང་འཛག་པ་ལས་མངོན་པར་ཕྱོགས་པར་ཞུ་བོའི་ཚུལ་གྱིས། བད་ཀན་སྐྱོང་པ
་ཡིན་ལ། དོན་གྱིས་ན་རྙིང་པ་ནི་བད་ཀཱན་སེལ་བ་ཡིན་ནོ།། ལོར་ལོན་ཞེས་པ་ལོ་གཅིག་འདས་པའི་འབྲུ་ཐམས་ཅད་ནི་ཡང་བ་ཡིན་པས། འབྲུ་གསར་པ་ག་ཅི་བར་མ་བཤད་དུ་ཟིན་ཀྱང་། ལྕི་བ་ཉིད་ཡིན་པར་དོན་གྱིས་སྟོན་པ་ཡིན་ཏེ། ལོ་གཅིག་ལོན་པ
་འདིས་ལྕི་བ་འབར་ཞིག་དང་བྲལ་བ་ཡིན་གྱི། ནུས་པ་དང་བྲལ་བ་ནི་མ་ཡིན་མོད་ཀྱི། འོན་ཀྱང་སྣུམ་པའི་ཡོན་ཏན་རིམ་གྱིས་ཉུང་ཟད་ཅུང་ཟད་འབྲི་བ་ཡིན་གྱི། དེ་ལས་རྔུབ་པ་ཞེས་བྱ་བའི་གནས་སྐབས་གཞན་དུ་གྱུར་པ་ནི་མ་ཡིན་ནོ།། དེ་ཡང་རྒྱུད་གཞན་དག
་ལས། ལྷོ་གཅིག་ལོན་པའི་འབྲུ་རྣམས་ཀུན།། ལྕི་བ་དག་དང་བྲལ་གྱུར་ཏེ། དེ་ཡྀ་ནུས་པ་ཡོང་མ་ཡིན།། རངག་རིམ་གྱིས་ནུས་དང་བྲལ་ཞེས་པ་ཡིན་ནོ།། མྱུར་སྐྱ་དེ་བཞིན་སྲན་མ་ནི།། སྤྱན་མེད་ལེགས་བརྔོས་ཚོད་མ་ཡང་ཞེས་བྱ་བ་ལ།
་མྱུར་སྐྱེ་ཞེས་བྱ་བ་ནི་མྱུར་དུ་སྐྱེ་ཞིང་སྨིན་པའི་འབྲས་བུ་ནི་ཡང་བ་ཡིན་པ་དང་། དེ་བཞིན་དུ་སྲིན་མ་ཞེས་པ། མོན་སྲན་རྡེའུ་ལ་སོགས་པའི་གང་བུ་ཅན་གྱི་འབྲུ་རྣམས་སྤུན་མེད་ཅེས་བྱ་བ་སྒྲོན་མ་ལུས་པར་བསལ་ཞིང་ཤུན་པ་མེད་པར་བྱས་པ་དང་། ལེགས
་བར་བརྡོས་པོའི་ཚོང་མའང་ཡང་བ་ཡིན་ནོ།། གང་བུར་ཆགས་པའི་འབྲུ་སྣ་ཚོགས་ཀྱི་སྡེ་ཚན་ནོ།། གྲ་མ་ཅན་གང་བུ་ཅན་གྱི་འབྲུ་སྣ་ཚོགས་ཀྱི་སྡེ་ཚན་བསྟན་པ་དེ་དག་ཀྱང་། མེ་ལ་བཅོས་པ་ལ་སོགས་པའི་གཡོས་སུ་བྱས་པ་རང་ཉིད་ཀྱིས་ལེགས་པར་དགོས
་པ་བྱེད་པ་ཡིན་གྱིས་གཞན་དུ་ནི་མ་ཡིན་ནོ།། དེ་བས་ན་གྲ་མ་ཅན་དང་གང་བུ་ཅན་གྱི་སྡེ་ཚན་གྱི་འོག་ཏུ་ཁ་ཟླ་ཀྱི་སྡེ་ཚན་བརྩམས་པ་ཡིན་པས། དེའི་ཕྱིར་སྨྲས་པ་ནི། འབྲས་ཐུག་བསྐལ་གར་བ་དང་། འབྲས་ཅན་རྣམས་ནི་སྔ་མ་བཞིན།། ཡང་ངོ་ཞེས་པའི་ནི་འབྲས་ཐུག
་སྨན་ཏེ་ལ་སོགས་པ་ནི། སྒྱུ་མ་སྔ་མ་བཞིན་དུ་ཡང་བ་ཡིན་པར་ཤེས་པར་བྱ་སྟེ། དེས་ནའ་ཁྲུས་ཆེན་ནི་ཡང་བ་ཡིན་ལ། དེ་བས་འབྲས་ཐུག་གར་པོ་ཡང་བ་ཡིན། གར་པོ་བས་ཀྱང་འབྲས་ཐུག་སྨན་ཏེ་ཆེས་ཡང་བ་ཡིན་ལ། དེ་བས་ཀྱང་འབྲས་ཐུག
་སྲིན་དེ་ཤིན་ཏུ་ཡང་བ་ཡིན་ནོ།། འདིར་ཡང་ཐུག་པ་ལ་སོགས་པ་ལས་ཕུག་པོ་སྨན་ཏེ་མཆོག་ཡིན་པས་ནི་དང་པོར་བསྟན་ཏེ། འདི་ལས་ཀྱི་རྣམ་པ་ཐམས་ཅད་ལས་མཆོག་ཏུ་གྱུར་པ་ནི་རླུང་ལུགས་དང་མཐུན་པར་འཇུག་པ་ལ་སོགས་པའི་ཡོན་ཏན་རྣམས
་འདི་ཉིད་ལ་ཡོད་པའི་ཕྱིར་མཆོག་ཏུ་གྱུར་པ་ཡིན་ནོ།། དེ་ཡང་པི་པི་ལིང་དང་། དོང་གྲ་དང་། སེའུ་འབྲུ་དང་། འབྲས་ཡོས་ལ་སོགས་པ་ལས་བྱས་པའི་ཟས་ཀྱི་རྣམ་པ་ཤིན་ཏུ་སླ་བ་ནི། འབྲས་ཐུག་སྨན་ཏེ་ཞེས་བྱ་སྟེ། དེ་ཡང་ཙ་ར་ཀ་ལས། བི་བི་ལིང་དང་དོང་གྲ་དང
་སེའུ་འབྲས་ཡོས་ཆུར་བཅས་བསྐོལ། ཐུག་པ་སླར་སྦྱར་མེ་དྲོད་སྐྱེང་།། རླུང་ཡང་ལུགས་མཐུན་རྒྱུ་བར་བྱེད་ཅེས་བཤད་པ་ཡིན་ནོ།། འབྲས་ཐུག་སྨན་ཏེ་རྐྱང་རྒྱང་པོ་དེ་ལ་ཅུང་ཟད་བསྒྲ་བ་ནི་ཐུག་པ་བསྐ་བའི་ཚོན་ལ་བྱ་ལ། དེ་བས་ཀྱང་ཤིན་ཏུ་སྐ་བ་ནི་གར་པོ
་ཞེས་བྱའོ།། དེ་ཡང་སྨན་དཔྱད་ཀྱི་ལུང་ལས། སྤྱི་དང་བྲལ་བ་ཐུག་སླ་ཡིན།། སྤྱི་བ་དང་ལྡན་ཐུག་པ་སྟེ།། སྤྱི་བ་བསྐ་བ་གར་པོ་ཡིན།། ནས་ཐུག་འབྲུ་ནི་ཐ་དད་གནས་ཞེས་བཤད་པ་ཡིན་ནོ།། འབྲས་ཆན་ནི་འབྲས་བསྐོལ་བའི་ཆན་ལ་བྱ་ལ། དེ་ལས་སླ་བ་ནི།
་དགེ་ཞིང་རླུང་ནི་ལུགས་མཐུན་བྱེད།། སྐོམ་རྒྱ་ཉེས་པ་ལྷག་མ་འཇོམས།། འཇུ་ཞིང་ལུས་ཟུངས་མཉམ་པར་བྱེད།། རྩ་སྦུབས་མཉེན་བྱེད་རྡུལ་བ་དང་།། མེ་ཡིས་དྲོད་ནི་སྐྱེད་པར་བྱེད་ཅེས་བྱ་བ་ནི། དེ་ལ་ཐུག་པ་ལ་སོགས་པ་དེ་རྣམས་ཀྱི་ནང་ནས་འབྲས་ཐུག་སྔན་ཏེ
་ནི་དགེ་ཞིང་ཉེས་པོ་མེད་ཅིང་བདེ་བར་གནས་པར་བྱེད་ལ། བསོད་ཅིང་ཕན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། རླུང་ནི་ལུགས་མཐུན་བྱེད་ཅེས་བྱ་བ་ནི། ལམ་ལོག་པ་ཟློ་གས་པོ་རང་གི་རྒྱུ་བའི་གནས་སུ་འཇོག་པར་བྱེད་པ་དང་། མི་བདེ་བ་བདེ་བར་བྱེད་པའི་དོན་ཏོ།།
་དེ་བཞིན་དུ་སྙམ་མྱཉེས་པ་ལྷག་མ་འཇོམས་ཞེས་བྱ་བ་སྟེ། སྒྲོམ་གྱི་གདུངས་པ་ད་། མྱོ་ནི་ཉམ་ཆུང་བ་དང་། ཉེས་པའི་ལྐོག་ས་རྣམ་སོ་འཇོམས་ཤིང་སེལ་བ་ཡིན་ཏེ། སྐྱུག་སྨ་ན་བཏང་བ་འམ། འཁྲུ་སློན་བཏང་བ་འམ། འཇམ་རྩི་བཏོང་བ་ལས་ཉེས
་སྟེ། ནང་ཅུང་ཟད་ལུས་པ་གང་ཡིན་པ་དེ་ནི་ཉེས་པའི་ལྷག་མ་སྟེ། སྐྱུག་སྨན་དང་། འཁྲུ་སྨན་དང་། འཇམ་རྩིམས་བཏང་བར་མི་བྱ་སྟེ། སྦྱོར་བ་ཐལ་ཆེས་པའི་འཇིགས་པ་ཡོད་པའི་ཕྱིར་རོ།། འཇུ་ཞིང་ལུས་ཟུངས་མཉམ་པར
་བྱེད་ཅེས་བྱེ་བ་ནི། ལུས་ཟུངས་སུ་མ་ཉེས་པ་རྣམས་འཇུ་ནིང་སྦྱིན་པར་བྱེད་པས་ན། འཇུ་ཞི་ཞེས་བྱའོ།། དེ་བཞིན་དུ་ལུས་ཟུངས་རྣམས་དང་། རླུང་ལ་སོགས་པ་མཉམ་ཞིང་སྙེམས་པར་བྱེད་པ་དང་། ལུས་ཟུངས་མཉམ་པར་བྱེད་ཅེས་བྱའོ།། དེ་བཞིན་དུ་རྩ་སྦུབས་མ
་པར་བྱེད་པ་སྟེ། རྩའི་སྦུབས་ཀྱི་ཚོགས་མཉེན་ཞིང་འཇམ་པར་བྱེད་པ་དང་། དེ་བཞིན་དུ་ལུས་ལ་རྡུལ་འབྱུང་བ་དང་། ཕོ་བའི་མེ་དྲོད་སྐྱེད་ཅིང་ཟས་རྣམས་བདེ་བར་འཇུ་བར་བྱེད་པ་ཡིན་ནོ།། ཐུག་བསྐ་བཀྲེས་སྐོམ་ཉམ་ཆུང་རྨྱ།། ལྷོ་ནང་རིམས་ནད་སེལ་བ་ཡིན།། དྲི
་མ་འགགས་ལ་ཕན་པ་སྟེ། རྩ་ཡི་སྦུབས་ཀྱི་ཚོགས་མཉེན་ཞིང་།། དྲོད་སྐྱེད་ནང་ནི་འཇུ་བར་བྱེད་ཅེས་བྱ་བའི་ཐུག་པ་ཅུང་ཟད་སྐ་བ་ནི་བཀྲེས་ནས་རིམས་ནད་ཀྱི་བར་སེལ་ཞིང་འཇོམས་པ་ཡིན་ནོ།། ཉམ་ཆུང་པ་ནི་འཚོ་བའི་སྟོབས་ཆུང་བའོ།། རྨྱ་བ་ནི་རིད་ཅིང་སྙོམས
་པའོ།། ལྟོ་ནད་ནི་ཚད་པའི་ནང་དུ་འཁྲུ་པ་དང་། དྲི་མ་འགགས་པ་དང་། ག་ཟེར་དང་སྨན་ལ་སོགས་པའོ།། དྲི་མ་འགགས་པ་ལ་ཕན་པ་ནི་དྲི་མ་རྣམས་བདེ་བར་འབྱིན་པ་ལ་ཕན་ཞིང་སྙོམ་པའོ།། དྲོད་སྐྱེད་པ་ནི་འདིས་མེའི་དྲོད་འཕེལ་བར་བྱེད་པའོ།། འཇུ་བར་བྱེད
་བ་ནི་ཉེས་པ་རྣམས་འཇུ་ཞིང་། སྨིན་པར་བྱེད་པའོ།། ཐུག་གར་འཁྲུ་གཅོད་ཡི་གར་འོང་། སྐོམ་སེལ་དྲོད་བསྐྱེད་རྨ་དང་མིག། བཀྲུ་སྨན་རྗེས་དང་ཉམ་ཆུང་དང་། སྣུམ་འཐུངས་རྗེས་ལ་ཕན་པ་ཡིན་ཞེས་བྱ་བ་ལ། ཐུག་པ་གར་པོ་ནི་འཁྲུ་བ་གཅོད་པ་སྟེ། བ~ཾཤང
་གཅི་སླ་བ་གོང་བུར་བྱེད་པ་དང་། ཡི་གར་འོང་བ་སྟེ། ཡིད་དུ་འོང་ཞིང་དགའ་བར་བྱེད་པ་དང་། སྐོམ་སེལ་ཞེས་བྱ་བ་སྐོམ་གྱིས་གདུངས་པ་ཞི་བར་བྱེད་པ་དང་། དྲོད་སྐྱེད་ཅེས་པ་མེ་དྲོད་བསྐྱེད་པ་དང་། དེ་བཞིན་དུ་རྨ་བྱུང་བ་དང་། མིག་ནད་ཅན་དང་། བཀྲུ་སྨན་དང་སྐྱུགས
་སྨན་གྱིས་སྦྱངས་པའི་རྗེས་ལ། ཉམ་ཆུང་ཞིང་སྒེག་པ་དང་། མར་ལ་སོགས་པའི་སྣུམ་བག་འཐུངས་པ་རྣམས་ལ་ཡང་ཕན་ཞིང་བསོད་པ་ཡིན་ནོ།། འབྲས་ཆ་ན་ལོའི་བཀྲུས་ཁུ་ཚགས་ཆོས།། རླང་པ་དང་ནི་བྲལ་བ་དང་། གང་ལ་ཚ་བའི་སྨན་རྣམས་ཀྱིས།། བསྐོལ
་བའི་འབྲས་ཆོས་ཡང་བ་ཡིན་ཞེས་བྱ་བ་ནི། འབྲས་ཆན་གང་ལེགས་པར་བཀྲུས་པ་སྟེ། དག་པར་བཀྲུས་པ་དང་། དེ་བཞིན་དུ་ཁུ་བཙགས་ཞེས་པ་སྟེ། ཕྱེད་ཙམ་ཚོས་ནས་ཁུ་བ་བཙགས་པ་དང་། ཆོས་པ་དེ་ལེགས་པར་ཆོས་པ་དང་། རླང་བ་དང་བྲལ་བར་གྱུར
་པ་ཡིན་ནོ།། གང་ཡང་ཚ་བའི་སྨན་རྣམས་ཀྱིས་བསྐོལ་བའི་འབྲས་ཆོས་ཡང་བ་ཡིན་ཞེས་བྱ་བ་ནི། གང་ཚ་བའི་སྨན་རྣམས་ཆུ་བ་ལྔ་ལ་སོགས་པའི་ཆུ་དང་བསྒྲོལ་བའི་འབྲས་ཆན་དང་། བརྡོས་པས་ཆོས་པར་བྱས་པའི་འབྲས་ཡིས་ལ་སྩོགས་པ་ནི་ཡང་བ་ལན་ནེ།།
་དེ་ལས་ཟློག་པ་དང་། གང་ཞིག་རྣཾ། ཤ་ཁུ་འོ་མས་བསྐོལ་སོགས་ལྕི།། ཞེས་བྱ་བ་ལོ། འབྲས་ཆན་གང་སྔའི་བཤད་པའི་མཚན་ཉིད་ལས་བཟློག་པ་རྡོ་ནི་ལྔ་བ་ཡིན་ནོ།། གང་མ་བཀྲུས་པ་དང་། ལེགས་པར་བཙགས་པ་དང་། མཆོས་པ་དང་། ཆེས་པ
་གྲང་མོ་དང་མ་བརྔོས་པ་དང་། ཚ་བའི་སྨན་གྱིས་ཁུ་བ་དང་མ་བསྐོལ་བ་དེ་ནི་ལྕི་པ་ཡིན་ནོ།། དེ་བཞིན་དུ་འོ་མ་དང་། ཁུ་ལ་སོགས་པ་དེ་ཡང་ལྕི་བ་ཡིན་ནོ།། སོགས་པའི་སྒྲས་ནི་ཚོད་མ་དང་། ཞག་དང་། ཏིལ་མར་དང་། མར་དང་། འབས་བུ་དང་། མཱ་ཎ
་དང་རྒྱལ་དང་། མན་ན་དུ་ཚུལ་སོགས་པ་དང་སྟན་ཅིག་སསྐུལ་པ་མ་བ་སྟན་པར་ཤེས་པར་བྱག། དམ+Wཱར་ང་ཀྵར་དང་།། རང་ལ་སགས་པས་ཀུན་ས་བྱ།། ཞེས་བྱ་བ་དང་། བྱུག་ངས་རླུང
་པའི་གཡོས་སུ་བྱས་པའི་ཟས་ཀྱི་རིགས་རྫས་དང་བྱ་བ་དང་། སྦྱོར་བ་དང་ཆང་ལ་སོགས་པས་ཐམས་ཅད་བསྟན་ཅིང་ཤེས་པར་བྱ་སྟེ། དེ་ལ་རྫས་ལས་ནི་དབོར་ན་འབྲས་སཱ་ལུ་དང་། དྲུག་ཅུ་པ་དང་། མནོ་ས། རྔའུ་དག་ནི། རང་བཞིན་གྱིལ་ཡང་བ་ལྟ་བུ་དང
་འོ་མ་དང་བུ་རམ་ཤིང་དང་། མོན་སྲན་གྲེའུ་དང་། རླན་ཅན་གྱི་ཤ་རྣམས་རང་བཞིན་གྱིས་ལྕི་བ་ལྟ་བུའོ།། དེས་ན་འབྲས་སཱ་ལུ་རྩ་ནར་ལས་བྱས་པའི་འབྲས་ཅན་ནི་ཡང་བ་ཡིན་ལ། འོ་མ་དྲང་བུ་རིམ་ཤིང་ལ་སོགས་པ་ལས་བྱས་པ་ནི་ལྕི་བ་ཡིན་ནོ།། བྱ་བ་ནི་ལས
་སུ་བྱ་བ་སྟེ། ལས་མངོན་པར་འདུ་བྱེད་པའོ།། དེ་ཡང་ཆུ་དང་མེ་ཕྲད་པའི་མཐུ་དང་། སྣོད་ལ་སོགས་པ་ལས་བྱུང་བའོ།། དེ་སྐད་དུ་དྲང་སྲོང་ཙ་ར་ཀས་བྱས་པ་ཡི་ནི་གང་རྫས་ཀྱི་རང་བཞིན་རྣམ་པར་འདུས་བྱས་ཤིང་ཚོགས་པའི་ཡོན་ཏན་ལས་སྐྱེས་པ་ཡིན
་ལ། ཡོན་ཏན་དེ་དག་ཀྱང་ཆུ་དང་མི་འདུས་པ་དང་། གཙང་བ་དང་། དཀྲུགས་པ་དང་། དུས་དང་ཡུལ་དང་མཐུ་ལ་སོགས་པ་ལས་བྱུང་བ་ཡིན་ནོ་ཞེས་བཤད་པ་ཡིན་ནོ།། སྦྱོར་བ་ནི་རྫས་དང་ལྷན་ཅིག་སྦྱོར་ཞིང་སྦྱོར་བའོ།། དེ་ཡང་དྲང་སྲོང་ཙ་ར་ཀིས། སྦྱོར
་བ་ནི་རྫས་གཅིག་གམ། མང་པོ་ལྷན་ཅིག་སྦྱར་བ་སྟེ། དེ་ནི་ཁྱད་པར་སྐྱེད་པར་བྱེད་པ་གང་གཅིག་མ་ཡིན་ནོ་ཞེས་བཤད་པའོ།། ཚད་ནི་སྲང་ཚང་ངོ་།། ནོ་གཉིས་དང་སྲང་གཅིག་དང་། ཕུལ་དང་། བྲེ་ལ་སོགས་པ་དང་། དེ་བཞིན་དུ་ཚད་ལས་ལྷག
་བའི་འབྲས་བུ་ངེས་པར་ཤེས་པར་བྱའོ།། སོགས་པས་ཞེས་སྨོས་པ་ནི་ཡུལ་དང་། དུས་དང་རྒྱུ་བའི་ཡུལ། ལུས་ཀྱི་ཡན་ལག་ལ་སོགས་པ་ཡོངས་སུ་བསྡུའོ།། དེ་ཡང་སློབ་དཔོན་གྱིས་སྤྱོད་དང་ལུས་ཀྱི་ཡན་ལག་དང་། རང་བཞིན་ལུས་ཟུངས་བྱ་བ་དང་།
་མཚན་མ་ཚད་དང་ལས་སུ་བྱས། ཚོད་དག་འདིར་ནི་བརྟག་པར་བྱ།། ཞེས་བཤད་པ་ཡིན་ནོ།། འདིའི་དཔེ་ཕྱོགས་གཅིག་བསྟན་པ་ཡང་། དེ་ཉིད་ཀྱིས་མཛད་པ་ཡིན་ཏེ། སྤྱོད་པ་རླན་ཅན་ཆུ་དང་མཁའ།། སྐམ་སར་གནས་པ་སྤྱོད་པ་དང་།། ཆུ་སྐྱེས་རླན་ཙོན་སྐྱེས
་ཉིད་དང་། ཆུ་དང་རླན་ཅན་ལ་སྤྱོད་གང་།། གང་ཡང་ལྕི་བ་ཟ་བ་རྣམ།། ག་ཚད་ལྕི་བར་བཤད།། སྐཾ་སར་སྤྱོད་ཅིང་སྐཾས་སྐྱེས།། ཡཽང་བ་ཟ་བ་ཡང་བ་ཡིན།། ཞེས་བྱ་བ་ནི་གནས་ཀྱི་ཡུལ་ལོ།། ལུས་ཡན་ལག་ལ་ས་བརླ་དཔྱི་དང་། དེ་བཞིན་མགོ་ང་ང་རོ་སྟོང་དེ།། དཔྱི་ལས་སྟོང
་ལྕི་བ་ཡིན།། དེ་བས་ཀླད་པ་དེ་བས་མགོ། རླིག་པ་པགས་པ་ཕོ་མཚན་དང་།། མཇུག་ཏོ་རྒོད་པ་མཇུག་ཙོས་གནང་།། མཆེར་བ་རྐང་དང་གཞུང་པ་ནི།། ཤ་ལས་ཤིན་ཏུ་ལྕིར་ཤེས་བྱ་ཞེས་བྱ་བ་ནི། ལུས་ཀྱི་ཡན་ལག་གོ། རང་བཞིན་གྱིས་ཡང་མུཏྤ་དང་།། དེ
་བཞིན་ཟླ་བ་པཉྩི་ལ།། རང་བཞིན་གྱིས་ལྕི་མོན་སྲན་གྲེའུ།། དེ་བཞིན་ཕག་དང་མ་ཧེ་ཤ་ཞེས་བྱ་བ་སྟེ། འདི་ནི་རང་བཞིན་ནོ།། ཁྲག་ལ་སོགས་པའི་ལུས་ཟུངས་ནི།། འོག་མ་བཞིན་དུ་ལྕི་བ་ནཱི།། ལུས་ཟུངས་སོ།། གང་ཞིག་མྱུར་ནིང་བྱ་བ་མང་།། ལེ་ལོ་ཅན་ལས
་ཁྱད་འཕགས་ཡིན།། ཞེས་བཤད་པ་སྟེ། འདི་བྱ་བའོ།། ཕོ་དང་མོ་ཡིས་མཚན་འདྲ་ལས། ལྕི་དང་ཡང་བར་འགྱུར་བ་ཡིན།། ཞེས་བྱ་བ་ནི་མཚན་མའོ།། རང་གི་རིགས་ལས་ཚང་ཆེ་བ།། ལྕི་བའོ་གཞན་དུ་ཡང་བ་ཡིན་ཞེ་ས་བྱ་བོ་ནི་ཚད་དོ།། ལས་སུ་བྱས
་ལས་གོ་བཟློག་པར།། ལྕི་བ་ཡང་བར་འགྱུར་ཤེས་བྱ།། དཔེར་ན་འབྲུ་ལས་འབྲས་ཡོས་བྱས།། ཕྱེ་ལས་ཟན་ནི་བྱས་དང་མཚུངས།། ཞེས་བྱ་བ་ནི། ལས་སུ་བྱས་པའོ།། ལྕི་ལས་ཉུང་ངུ་བཟའ་བ་དང་།། ཡང་བ་ལྷག་པར་བསྟེན
་བ་ནི། རྫས་ཀྱི་ལྕི་དང་ཡང་བ་དག། ཚད་ཀྱི་རྒྱུར་ནི་བཤད་པ་ཡིན།། ཚད་ནི་རྫས་ལ་མཚོན་པ་དང་།། མེ་ཡི་དྲོད་ལས་བལྟོས་བྱས་ལས།། ལྕི་ལས་ཉུང་ཞིག་སྦྱིན་པར་བྱ།། ཡང་བ་བགྲངས་པ་ཉིད་དུ་འདོང་།། ཅེས་བྱ་བ་ནི་ཚད་དེ། དེ་ལྟ་ན་འདིར་དེ་དག་ཐམས
་ཅད་བརྟག་པར་བྱ་བ་ཡིན་ནོ།། ཁུ་བ་ཉམས་བརྟས་ཚིམ་བྱེད་ཅིང་།། རོ་ཙ་མིག་སན་རྨ་ལ་གནོད་ཅེས་བྱ་བ་ལ། ཁུ་བ་ནི་ཤ་ཁུ་ལ་བྱ་སྟེ།། དེ་ཡང་སྨན་དཔྱད་ཀྱི་ལུང་ལོས། ཁུ་བ་ཁྱད་པར་མེད་བཤད་པ། ཤ་ཁུ་ཡིན་པར་ཤེས་པར་བྱ།། ཞེས་འབྱུང་བ་ཡིན
་ནོ།། བསྡུས་པ་ལས་ཀྱང་དེ་ལ་ཁུ་པ་ཤ་ཡི་ཡིན།། སྲན་ཁུ་འབྲུ་ཡི་འབྲས་བུ་དང་།། ཁ་བའོ་རྩ་བ་ཏིལ་ལྡེ་གུ། ཅུང་ཟད་སྐུར་བ་སྐྱུར་པོ་ཡིན།། དེ་ནི་གཡོས་བྱས་མ་བྱས་ཏེ།། སྣམ་ལ་སོགས་དང་བྲལ་ཤེས་བྱ་ཞེས་བཤང་པ་ཡིན་ནོ།། ཁུ་བ་དེ་ཡང་ཉམ།
་བྱེད།། ཅེས་བྱ་བ་སྟེ། ལུས་ཉམ་རྟས་ཤིང་རགས་པར་བྱེད་པ་དང་། ཚིམ་བྱེད་ཅིང་ཞེས་པ། ལུས་ཟུངས་རྣམས་རྒྱས་ཤི་དང་འཕེལ་བར་བྱེད་པ་དང་། རོ་ཙ་ཞིང་ཁུ་བ་བ་སྐྱེད་པ་དང་། མིག་ལ་བན་ཞིང་བདེ་བར་བྱེད་པ་དང་། རྨ་ལ་གནོད་པ་སྟེ་རྨ་འཇོམས
་བར་བྱེད་པ་ཡིན་ནོ།། མོན་སྲན་རྡོའུ་སྦྱངས་དང་རྨ།། ལྐོག་མ་མིག་ནད་དག་ལ་ཕན་ཞེས་བྱ་བ་ལ། མོན་སྲན་རྡེའུ་མུཏྶ་ཞེས་བྱ་བ་བཙོས་པའི་ཁུ་བ་ནི། སྐྱུག་སྨན་ལ་སོགས་པས་ལུས་སྦྱངས་པ་དང་། རྨ་བྱུང་བ་དང་། ལྐོག་མ་ན་བ་དང་། མིག་ན་བ
་དག་ལ་ཕན་ཞིང་གསོད་པ་ཡིན་ནོ།། ཀུ་ལཏྤའི་ཁུ་རླུང་དང་སྐན།། རོ་སྨད་སླད་གཟེར་གནོད་པ་སེལ་ཞེས་བྱ་བ་ལ། རྒྱ་སྲན་ཀུ་ལངྠའི་ཁུ་བ་ནི་རླུང་ལུགས་སུ་འབྱུང་བར་བྱེད་པ་དང་། དེ་བཞིན་དུ་སྐྲན་དང་། རོ་སྨད་ཆུ་སོའི་ནད་དག་སེལ་བར་བྱེད་པ་ཡིན་ཏེ། དེ
་དདག་གི་མཚན་ཉིད་ནི་སྐྲན་གྱི་ནང་གཞི་ལས་འོག་ནས་བཤད་པར་བྱའོ།། དེ་བཞིན་དུ་གཞུང་གཞན་དག་ལས་ཀྱང་། གང་ཞིག་བཤད་དང་གཅི་བའི་གནས།། རོ་སྨད་དག་ཏུ་ནད་བྱུང་ཞིང་། བཤང་གཅིའི་ལམ་ནི་འགག་སྙམ་བྱེད།། དེ་ནི་རོ་སྨད་དབྱི་ནད་ཡིན།།
་བཤད་ལ་མ་འདོམས་ལས་བྱུང་བའི་ནང་།། མི་མཐུན་རྒྱུ་བས་གནོད་བྱེད་ཅིང་།། ཤུགས་ཀྱིས་ཕོ་བའི་གནས་སུ་ཕྱིན།། སླར་གཟེར་བ་ཞེས་བྱ་བ་ཡིན་ཞེས་བཤད་པ་ཡིན་ནོ།། ཏིལ་ཚིགས་གཡོས་སུ་སྦྱར་བྱས་དང་།། ཚེད་མ་སྐམ་དང་མྱུ་གུ་དང་།། སྐྱུར་པོར་ཆང
་བུ་བཅུག་པ་ནི།། མི་གནོད་ཉིས་སྐྱེད་རྨྱ་བྱེད་ལྕི་ཞེས་བྱ་བ་ལ། ཏིལ་གྱི་ཚིགས་མ་ནི་ཏིལ་བཏགས་པའི་ལྡེ་གུའོ།། དེས་གཡོས་སུ་སྦྱར་བ་ནི་ཚོད་མ་ཉིད་དུ་བྱས་པའི་རྣམ་པར་འགྱུར་བའོ།། ཚོང་མ་ཡང་ཡིན་ལ་སྐམ་པ་ཡང་ཡིན་པས་ན་ཚོད་མ་སྐམ་མོ།།
་མྱུ་གུ་ནི་འབྲས་ཁྱི་གུ་སོ་ཐོན་པའོ།། སྦྱོར་བོར་བཅུག་པའི་ཆབ་བུ་ནི། སྐྱུར་བུར་ཆང་བུ་བཅུག་པ་ལས་ཚོད་མོའི་གཡོས་སུ་བྱས་པའོ།། འདི་དག་ཐམས་ཅད་ནི་མིག་ལ་གནོད་པ་སྟེ། མིག་ནད་སྐྱེད་པ་དང་། ཉེས་པ་སྐྱེད་པ་དང་། རྒྱུ་བར་བྱེད་པ་དང་། ལྕི་བ
་ཡིན་ནོ།། དེ་ལ་སྐྱུར་པོར་ཆང་བུ་བཅུག་པ་ཞེས་སྨོས་པ་ནི། ཆང་བུར་བྱ་བ་སྐམ་པོ་ཅང་ཅང་པོ་སྟེ། ཤ་ལ་སོགས་པ་ལ་བྱས་པ་ཡིན་པར་བཟུང་སྟེ། སྔར་སྐྱུར་པོ་སྨོས་པའི་སྐབས་སུ་རྫས་གཤོར་བའི་རྣམ་པ་འདས་ཟིན་པས། འདིར་ལྀ་ཕུག་དང་། ཡུངས
་ཀར་ལ་སོགས་པའི་ཚོད་མ་བསྐོལ་བའི་འོག་ཏུ་ཕྱིས་སྐེ་ཚེའི་ཕྱེ་མ་བཅུག་པ་སྐྱུར་ཞིང་ཚ་བ་ལ་སོགས་རྣོ་བ་ལ་སྐྱུར་པོའི་སྒྲར་བཤད་པ་ཡིན་ནོ།། དྲི་འཛིན་ལུས་རྟ་རོ་ཙ་ཞིང་། སྣུམ་ཞིང་སྟོབས་བསྐྱེད་ཡི་གེ་འབྱེད་ཅེས་བྱ་བ་ལ། དྲི་འཛིན་ཞེས་བྱ་བ
་ང་སྤོས་སྦར་ནས་དཀྲུགས་པ་སྟེ། ཞོ་ལག་པས་མཉེས་ལ་ཤིང་རྩ་དང་། སུག་སྨེ་ལྀ་དང་། གནྡྷ་བ་ཏྲ་དང་། ན་ལེ་ཤམ་དང་། ཤ་ཀ་རའི་ཕྱེ་མ་བཏབ་ལ། རས་ལས་བཅགས་པ་ནི་དྲི་འཛིན་ཞེས་བྱ་སྟེ། དེ་ནི་ལུས་རྟས་ཤིང་འཕེལ་བར་ར་བྱེད་པ་དང་། རེ་ཙ
་པ་དང་། སྣ་ངའི་ཡོན་ཏན་དང་ལྡན་པ་དང་། སྟོབས་སྐྱེད་པར་བྱེད་པ་དང་། ཡོ་ག་བ་རྐུས་པ་ཡི་ག་འབྱེད་པར་བྱེད་པ་ཡིན་ནོ།། རྒུན་ཆུའི་བཏུང་བ་རོལ་དུབ་དང་། བཀྲེས་སེལ་ཚིམ་པར་བྱེད་ཅིང་ལྕི།། རྟུག་བསྐ་གཅིན་མང་གར་བར་འོང་།། དེ་ཡི་ཡོན་ཏན་སྨན
་བཞིན་བལྟོ་གས་བྱ་བ་ལ། རྒུན་ཆུའི་བཏུང་བ་ནི་བཏུང་པོ་ཐ་དད་པ་ཡོད་དེ། ཆུ་དང་སྨྲ་རྩི་དང་། དྲི་སྣ་གསུམ་དང་། ན་ལེ་ཤམ་དང་། རྒུན་འབྲུམ་དང་། འབྲ་གོ་ལ་སོགས་པ་ལས་བྱས་པ་དག་སྟེ། དེས་ནི་དུབ་པ་དང་བཀྲེས་པ་དང་། སྐོམ་པ་སེལ་ཅིང་ཚོམ
་པར་བྱེད་པ་དང་ལྕི་བ་ཡིན་ནོ།། རྟུག་བསྐ་ནི་བཤད་པ་བསྐ་ཞིང་འདྲིལ་བའོ།། དེ་བཞིན་དུ་གཅིན་མང་ཞིང་ཡི་གར་འོང་བ་ཡིན་ནོ།། དེའི་ཡོན་ཏན་ཞེས་བྱ་བ་ནི། བཏུང་བ་དེ་དྲི་སྣ་གསུམ་དང་། བུ་རམ་དང་རྒུན་འབྲུ་ལ་སོགས་པ་སྨན་དང་། རྫས་གང་དང་གང་ལས་བྱས
་རྫས་དེའི་ཡོན་ཏན་ཅི་ཡོད་པ་ཐམས་ཅད་བཏུང་བ་དེ་ལ་ཡོད་པར་ཤེས་པར་བྱའོ།། འབྲས་ཡོས་སྐོམ་དང་སྐྱུག་ཚད་འཁྲུ།། གཅིན་མང་ཚིལ་དང་བད་ཀན་སེལ། ལུད་པ་མཁྲིས་པ་ཉེར་ནི་བྱེད།། དྲོད་བསྐྱེད་ཡང་ཞིང་བསིལ་བ་ཡིན།། ཞེས་བྱ་བ་ལ། འབྲས
་ཡོས་ནི་སོ་བརྩེ་རྣོན་ལ་སོགས་པ་ལས་བྱས་པ་སྟེ། དེས་ནི་སྐོམ་དད་ལ་སོགས་པ་སེལ་ཅིང་། ཞི་བར་བྱེད་པ་ཡིན་ལ། དེ་བཞིན་དུ་ལུད་པ་དང་མཁྲིས་པ་ཉེ་བར་ཞི་བར་བྱེད་པ་དང་། བོ་བའི་མེ་དྲོད་བསྐྱེད་པ་དང་། ཡང་བའི་ཡོན་ཏན་དང་ལྡན་པ་དང་། བསིལ
་ཞིང་གྲང་བའི་ནུས་པ་བསྐྱེད་པ་ཡིན་ནོ།། སྲུས་ལེབ་ལྕི་ཞིང་སྟོབས་བསྐྱེད་ལ། བད་ཀན་བཤད་པ་སྲ་བྱེད་ཡིན་ཞེས་བྱ་བ་ལ། སྲུས་ལབ་ཅེས་བྱ་བ་ནི་ནས་དང་འབྲས་ཀྱི་སྐུས་བརྔོས་ཏེ། སྦུན་པ་མེད་པར་བྱས་པ། གཏུན་གྱིས་བརྡུངས་པ་ལ་སོགས
་བ་ནི་སྤུས་ལེབ་ཅེས་བྱའོ།། ཡང་ན་སུས་བརྡོས་པ་ཉིད་ལ་ཡང་བྱའོ།། ཡང་ན་བཏགས་པའོ།། ད་ནི་ལྕི་བ་དང་སྟོབས་བསྐྱེད་པ་དང་། བད་ཀན་དང་བཤད་གཅི་སྲ་ཞིང་སྒོང་བར་བྱེད་པ་ཡིན་ནོ།། ནས་ཡོས་རྟག་མོ་ཁྲེགས་རྩུབ་པ་དང་། སྐོམ་ཞིང་ཁོང
་འཁྲུག་ལྕི་བ་ཡིན་ཞེས་བྱ་བ་ལ། ནས་བརྡོས་པའི་ཡོས་དེ་རྟུག་པ་མཁྲེག་ཅིང་རྩཝ་སྦུབས་འགག་པར་བྱེད་པ་དང་། རྩུབ་པ་དང་སྐོམ་དང་སྐྱེད་པ་དང་། ཁོང་འཁྲུག་པ་དང་བདྨོ་ཀན་ལ་སོགས་པ་དཀྲུག་ཅིང་སེལ་བ་དང་ལྕི་བ་ཡིན་ནོ།། ནས་བྱེ་ཁོང་ཡང
་བཀྲི་ས་སྐོམ་དང་། ང་ལོ་དུབ་མིག་ནད་རྨ་ལ་ཕན།། སྐྱོ་མར་བྱིས་པ་འཐུངས་པ་ཡིས།། འཕྲལ་དུ་སྟོབས་ནི་སྐྱེད་བྱེད་ཡིན།། ཞེས་བྱ་བ་ལ། ནས་བྱེ་ནི་ནས་ལས་བྱུང་བ་སྟེ། དེ་ནི་ཁོང་ཡང་བ་དང་། བཀྲིས་པ་ལ་སོགས་པ་ལ་ཕན་པ་དང་། ཆུ་ལ་སོགས་པ
་ལ་སྦྱོར་ཅིང་སྐྱོ་མར་བྱས་ཏེ་འཐུངས་པས། འཕྲལ་དུ་ཞེས་པོ་དེ་མ་ཐག་ཏུ་སྟོབས་བསྐྱེད་ཅིང་། ལུས་རྟས་པོར་བྱེད་པ་ཡིན་ནོ།། ཆུ་དང་ཕྱེ་སྤེལ་མི་བཟའ་ཞིང་། དུས་གཉིས་མཚན་མོའང་བྲང་མེད་མིན།། འགྲངས་རྗེས་མི་བཟའ་སོས་བཅད་མིན།། ཧ་རང
་འགྲངས་ཆེས་བཟའ་མི་བྱཱ། ཞེས་བྱ་བ་ལ། ཆུ་དང་ཕྱེ་སྤེལ་ཞིང་བཟའ་བར་མི་བྱ་སྟེ། དང་པོར་ཕྱེ་འགམས་ནས་བར་དུ་ཆུ་དེ་ནས་ཡང་ཕྱེ་བཟའ་བ་དང་། ཡང་ཆུ་བཏུང་བའི་ཚུལ་གྱིས་སྤེལ་ཞིང་བཟའ་བར་མི་བྱ་སྟེ། ཆུ་འཐུངས་ནས་བར
་བར་དུ་བྱེ་མི་བཟའ་ཞེས་བྱ་བའི་དོན་ཏོ།། དུས་གཉིས་ཞེས་བྱ་བའི་དུས་གཉི་གར་ཕྱེ་མི་བཟའ་བ་དང་། མཚན་མོའི་དུས་སུ་ཕྱེ་མི་བཟའ་སྟེ། དེ་ནི་བཀྲ་མི་ཤིས་པར་བཤད་དོ།། དེ་བཞིན་དུ་ཕྲད་མེད་པ་སྟེ། ཆུ་ལ་སོགས་པའི་གཤོར་དང་མི་ལྡན་པར་ཡང
་བཟའ་བར་མི་བྱའོ།། འགྲངས་རྗེས་ཞེས་པ་འབྲས་ཆན་ལ་སོགས་པས་འགྲངས་པའི་འོག་ཏུ་ཡང་ཕྱེ་བྲན་མི་བཟའ་བ་དང་མཚན་མོའི་དུས་སུ་ལག་པར་བཞག་པའི་ཟན་གོང་པོས་བཅད་ཅིང་མི་བཟའ་བ་དང་། ཕྱེ་ཟན་ཧ་ཅང་འགྲངས་ཆེས་པ་ཡང་བཟའ་བར
་མི་བྱའོ།། འབའི་ཆ་ཉམས་འབྲི་རྩུབ་པ་དང་།། བཤང་མཁྲེགས་མིག་ལ་གནོད་པ་ཡིན་ཞེས་བྱ་བ་ནི། ཏིལ་དང་སྟར་གའི་འབྲས་བུ་ལ་སོགས་པ་བཙིར་ནས་མར་དང་ཕྲལ་བ་སྟེ། དེ་ནི་ཉམས་འབྲི་ཞིང་རྨྱ་བར་བྱེད་པ་དང་། རྩུབ་པ་དང་བཤད་གཅི་མཁྲེག་ཅིང
་འབྱུང་དཀའ་བ་དང་། མིག་ལ་གནོད་པ་ཡིན་ནོ།། ཤ་གཡོས་སྤྱོད་སྦྱར་སྣུམ་ཞིང་ལྕི།། སྟོབས་བསྐྱེད་ཤ་འཕེལ་རྟས་བྱེད་ཡིན་ཞེས་བྱ་བ་ལ། ཤ་གཡོས་སྤོང་དང་སྦྱར་བ་ནི་བཅའ་སྒ་དང་། འུ་སུ་དང་། གོ་སྐྱོང་ལ་སོགས་པ་དང་ཤ་བཏགས་པ་ནི་གཡོས་སུ
་ར་བ་སྟེ། དེ་ཡང་ལུང་ལས། ཤ་ནི་རློན་པ་བཏགས་ནས་ནི།། གཡོས་སུ་སྦྱར་བ་གཡོས་ཏེ། ཞེས་བཤད་པ་ཡིན་ལ། ཤ་བཏགས་པ་དེ་ཡང་ཤིང་ཀུན་ཆ་དོང་། མར་དང་ཏལ་མར་ལ་སོགས་པ་ཅི་རིགས་པར་སྦར་ཞིང་བཙོས་པའོ།། དེ་ལྟ་བུའི་ཤ
་གཡོས་སྤོང་དང་སྦྱར་བ་དེ་ནི། སྣུམ་པ་དང་། ལྕི་བ་དང་། སྟོབས་སྐྱེད་ཅིང་ཤ་འཕེལ་བ་དང་། རྟས་པར་བྱེད་པ་ཡིན་ཏེ། སྟོབས་ནི་ནུས་པའོ།། རྟས་པ་ནི་ལུས་ཟུངས་རྒྱས་པར་བྱེད་པའོ།། མུཏྤ་གཡོས་སྒྱུར་ལྕི་བ་དང་། སྨན་གྱི་ཆ་དང་ཡོན་ཏན་འདྲ་ཞེས་བྱ་བ་ལ།
་སྲན་མུདྒྷ་སྟེ། མོན་སྲན་རྗེའུ་ལ་སྩོགས་པ་དང་སྦྱར་བའི་ཤའི་གཡོས་སུ་བྱས་བུ་སྟེ། ཕྲ་མོར་བཏུས་ནས་བརྔོས་པ་ནི་ཐམས་ཅད་ལྕི་བ་དང་། དེ་བཞིན་དུ་སྤྱན་གྱི་ཡོན་ཏན་མཚུངས་ཤིང་འདྲ་བ་སྟེ། མྲྀརྡྷ་ལཾ་སོགས་པའི་ཡོན་ཏན་གང་ཡིན་པ་དེ་ལ་གཡོས་སུ
་བྱས་པའི་ཡང་ཡོན་ཏན་ཡོད་པ་ཡིན་པར་ཤེས་པར་བྱའོ།། ཁུར་བ་མདོག་གཙོས་དོག་ལེ་དང་། ས་སླང་ད་ནུར་རྒྱ་སོལ་བསྲེགས།། ཁུར་བ་འདི་རྣམས་རིགས་གཅིག་ཀྱང་།། བྱི་མ་ཕྱི་མ་ཡང་བ་ཡིན་ཞེས་བྱ་བ་ལ། འབྲས་ཀྱི་ཁུར་བ་མདག་མ་ལ་སོགས་པར
་བཅོས་པ་ནི་རིགས་གཅིག་པ་སྟེ། འབྲས་ལ་སོགས་པོའི་རྒྱུ་གཅིག་ན་ཡང་ཕྱི་མ་ཕྱི་མ་ཡང་བ་ཡིན་པར་ཤེས་རིཤོང་རྟོགས་པར་བྱའོ།། དེ་ལ་རིག་པ་ནི་རྒྱུ་སྟེ། འབྲས་དང་། གྲོ་དང་། མིན་སྲན་གྲེརུ་ལ་སོགས་པ་སྟེ། དེ་དག་ནི་རིགས་མཐུན་པ་ལས་བལྟོས
་ནས་རིགས་གཅིག་པ་ཞེས་བཏགས་སོ།། དེ་ནས་འབྲས་ལ་སོགས་པའི་སྒྱུ་ཁུར་མདག་མར་ཆོས་པར་བྱས་པ་ནི་ཡང་བ་ཡིན་ལ། དེ་བས་ཀྱང་དོག་ལེ་དང་། སྤ་ངར་བཅོས་པ་ཆེས་ཡང་བ་དང་། དེ་བས་ཀྱང་ས་སླད་དུ་བཙོས་པ་རག་ཏུ་ཡང་ལ། དེ་བས་ཀྱང་དེ
་ནུར་བཅོས་པ་རབ་ཏུ་ཡང་ལ། རྒྱ་སོལ་ལ་བསྲེགས་པ་ནི་ཡང་བའི་མཆོག་ཡིན་ཏེ། འབྲས་སམ་གྲོ་འོམ་ནས་ལ་སོགས་པ་གཅིག་ལ་བྱས་ན་ཡང་ཁྱད་པར་ཡོད་དོ།། ས་སླང་ནི་གྲགས་པར་བཟད་དོ།། ང་ནུར་ནི་མེ་མངག་གིས་བསྲེགས་པའི་རྩིག་པར
་བཅོས་པའོ།། རྒྱུ་སོལ་ནི་རྒྱུ་སོལ་ལས་མདག་མར་ལྗགས་པ་རམ། ཡང་ན་ལྕི་བ་ལ་སོགས་པ་ལས་མངག་མར་ལེགས་པར་ལྷགས་པའོ།། ཁུར་བ་ནི་འབྲས་ལ་སོགས་པའི་ཕྱེ་ཆུས་བཀྲུས་ཏེ། བསྒོངས་བསྲེགས་པའོ།།
་དེ་ལ་མདོག་མཙོས་ནི་མདག་མའི་ཤས་ཆུང་བ་ལ་བཙོས་པའོ།། གཞན་དག་ནི་རླངས་པ་ལས་བཙོས་པའོ་ཞེས་ཟེར་རོ།། ཁ་ཅིག་ནི་ཐལ་བ་མེ་མར་མུར་དུ་འདུག་བ་ལས་བསྲེག་པ་ཡིན་ནོ་ཞེས་ཟེར་རོ།། དོག་ལེ་མེ་འབར་བ་ལ་བཙུགས་པའི་ལྕགས་སམ། སའི
་སྣོད་ལ་བསྲེགས་པའོ།། གཡོས་སུ་བྱས་པའི་ཁ་ཟས་ཀྱི་སྡེ་ཚན་ནོ།། དེ་ལ་རེ་ཞིག་གཡོས་སུ་བྱས་པའི་ཁ་ཟས་བཅོས་བཅོས་པ་སྟེ། དེ་ཡང་ཤ་དང་ཚོང་མ་ལ་སོགས་པ་དང་ལྷན་ཅིག་སྦྱར་ཅིང་། དེ་དང་ལྡན་ན་ལེགས་པར་དགོས་པ་བྱེད་པ་ཡིན་ལ། ཟས་ནི་མང
་དུ་དགོས་པ་ཡིན་ལ། ཟས་ནི་མང་དུ་དགོས་པ་ཡིན་པ་ལྟར་ཤ་ལ་སོགས་པ་ནི་དེ་ལྟ་མ་ཡིན་ཏེ། དེའི་བགས་ཙམ་དུ་ཟད་པ་ཡིན་ནོ།། དེ་བས་ན་གཡོས་བྱས་པའི་ཁ་ཟས་ཀྱི་སྡེ་ཚན་གྱི་རྗེས་ལ། ཤ་དང་ཚེད་མའི་སྡེ་ཚན་བསྟན་པ་ཡོན་ནོ།། དེ་གཉིས་ལས་ཀྱང
་ཤཱ་ནི་ཟས་དང་ལྷན་ཅིག་ཟོས་ན་ཉེས་པ་མེད་ཅིང་བསྟན་པར་བྱ་བ་ཡིན་པས། ཤའི་སྡེ་ཚན་དང་པོར་སྨོས་པ་ཡིན་ནོ།། ཤ་བ་དགོ་བ་ཀུ་རངྠ། རྐྱང་དང་རི་ཤ་རི་དྭགས་མ།། རི་བོང་དང་སྐོ་ཙ་རུ་ཀ། ལྗང་སྒོ་ལ་སོགས་རི་དྭགས་ཡིན།། ཞེས་བྱ་བ་ནི་ཤ་བ་ནས་ལྡང
་སྒོའི་མཐར་ཐུག་པ་རྣམས་ནི། རི་དྭགས་ཀྱི་རིགས་སུ་གཏོགས་པ་ཡིན་ལ། སོགས་པའི་སྒྲས་ནི་མཇུག་ནག་གམ། སྤྲྀ་ཤ་ཏ་ལཾ་སོགས་བསྡུའོ།། དེ་དག་ནི་འཇིག་རྟེན་དུ་གྲགས་པར་ཟད་དོ།། ལ་ཆ་བ་ཏི་བརྟིཀ། གོ་ཙ་དམ་ངོ་དང་གོང་མོ་དང་།
་སྲེག་པ་ཨུ་པ་ཙཀྲཱ་དང་། ཀ་བིནྡྷ་ར་ཀུ་རུ་བ། བརྟྟ་ཀ་དང་བ་ཏི་ཀཱ། གོང་མ་སྲེག་དང་རྨཱ་བཱ་དང་། ཁྱིམ་བྱ་དང་ནཱི་བ་ཀ་རཱ། གོ་ནནྟ་དང་རི་ལ་གནས།། ཤ་ར་བ་དང་ཨིནྡྲ་བ།། རཱི་བྱ་འདི་དག་གཟས་ཁྲོན་སྒོ་ཞེས་བྱ་བ་ལ། ལ་ཚ་བ་ནས་རི་བྱའི་བར་འདི་དག་ནི
་གཟའ་ཁྲོན་གྱིས་སྐོ་བ་ཞེས་བྱ་བ་ནི། གང་རྐོ་ཞིང་རྐོ་ཞིང་འབྲུ་ལ་སོགས་པ་ཟ་བས་ན། ཟོས་ཁྲོན་རྐོ་ཞེས་བྱའོ།། འདི་དག་ཞེས་བྱ་བ་ནི་རྣམ་པའི་ཚིག་སྟེ། རྣམ་པ་དེ་ལྟ་བུའི་བྱ་གཞན་དག་ཀྱང་ཡོད་དོ་ཅེས་སྟོན་ཏོ།། ཤང་ཤང་ཏེའུ་ད་རུ་ཧ། བྱུང་འདྲན
་ཙྱ་ཤ་རི་ཀ། མ་ཏྲ་ཁུ་བྱུག་ཧོ་རི་ཏ། བྱིའུ་ལ་སོགས་མཆུ་ས་རྐོ་ཡིན་ཞེས་བྱ་བ་ལ། ཤང་ཤང་ཏེའུ་ནས་བྱིའུའི་བར་ནི་མཆུས་རྐོ་ཞེས་བྱ་སྟེ། མཆུས་རྐོ་ཞིང་ཟ་བའི་དོན་གྱིས་ནི་མཆུས་རྐོ་ཞེས་བྱའོ།། སོགས་པའི་སྒྲས་ནི་ཤ་ཏ་པ་ཏྲ་དང་། ཁཉྫ་རི་པོ
་སོགས་པའི་བྱ་རྣམས་བསྡུའོ།། སྦལ་བ་སྦྲུལ་དང་སྦྱིན་གོར་དང་།། བི་དུར་ལོ་སོགས་ཁུང་ན་གནས་ཞེས་བྱ་བ་ལ། སྦལ་པ་ནས་བི་དུར་གྱི་བར་ནི་ཁུང་ན་གནས་པ་ཡིན་ཏེ། སའི་ཁུང་བུ་དག་ནི་གནས་ཤིང་ཉལ་བས་ན་ཁུང་ན་གནས་ཞེས་བྱའོ་སོགས
་བའི་སྒྲས་ནི་ཤོལ་མ་ཀ་ལའི་སོགས་པ་བསྟུ་3།། བོ་ལང་རྟ་བོང་དྲེའུ་དང་།། སྟག་གཟིགས་སེང་གེ་དོམ་སྤྲེའུ།། བྱི་བུ་བྱཾ་ལ་སྤྱད་ཀི་དང་།། སྲི་མོ་དང་ནི་དྲེད་དག་དང་།། ལྦ་བ་དང་བཱར་བ་ཁྲ་དང་ནི།། རྒུན་ལག་ཁྭ་ལྗང་བྱ་རོག་ཁྱི། བྱ་རིགས་ཁྲ་སྟོན་བྷྱོ་ཀུ་ར།། བྱི་རྒོད
་བུག་པཾ་ཀ་ལེངྒ།། དུ་བ་ཅན་མ་དུ་ཧ་ལ་སོགས།། གཅན་ཟན་བྱ་དང་རྒྱལ་མཐུས་པ་ཞེས་བྱ་བ། བ་ལང་ནི་སི་མི་དུ་ཏོའི་བར་གྱིས་ཕྱུགས་དང་། གཽཅིན་པན་དང་བྱ་དེ་དག་ནི། རྒྱལ་དང་མཐུས་ཟ་བ་ཞེས་བྱ་བ་སྟེ། མངོན་མངོན
་སྟོབས་ཀྱིས་འཕྲོག་ཅིང་། ཤ་ལ་སོགས་པ་ཟ་བས་ན། རྩལ་མཐུས་ཟ་བ་ཞེས་བྱ་སྟེ། ཁྲོན་དུ་རྐོ་བ་དང་། མཆུས་རྐོ་བ་དང་མཐུས་ཟ་བ་ནི་ཁྲོན་དུ་རྐོ་བ་ལ་སོགས་པའི་ཚུལ་གྱིས་བྱ་བ་དང་། ལྡན་པས་ཟ་བས་ན་མིང
་དེ་སྐད་ཅེས་བྱ་སྟེ། དེ་ཡང་དྲང་སྲོང་ཙ་ར་ཀས། འཐོར་ཞིང་རྣམ་པར་རྐོ་བ་དང་། མཆུ་ཡིས་རྐོ་བར་བྱེད་པ་དང་། རྩལ་མཐུས་འཕྲོག་ཅིང་ཟ་བས་ན།། མཐུས་ཟ་ཞེས་ནི་དེ་ཕྱིར་བྱ་ཞེས་བཤད་པ་ཡིན་ནོ།། སོགས་པ་ཞེས་བྱ་བ་ནི་གཞན་དག་ཀྱང་བསྡུ
་པབའོ།། ཕག་རྒོད་རུ་རུ་མ་ཧེ་སྦྱིན།། རི་ཧ་ཏ་དང་གླང་པོ་ཆེ། མཛོ་རྒོད་གཡག་རྒོང་བས་དང་ནི། སྨུག་གླང་ཞེས་གྲགས་རི་དྭགས་ཆེ་ཞེས་པ་བ་ལ། ཕག་རྒོད་ནས་སྨག་གླང་གི་བར་ནི་རི་དྭགས་ཆེན་པོ་ཞེས་བྱའོ།། ཆུར་གནས་དང་པ་ས་ར་ས།། ཆུ
་སྦྱར་ཀ་རནྟ་བྱ་བླ།། རྒྱ་དང་ཁྲུང་ཁྲུང་ངུར་པ་དང་།། སོ་བྱ་ཀ་དམ་པ་སོགས་ཡིན་ཞེས་བྱ་བ་ལ། དང་པ་ནས་ཀ་དམ་པའི་བར་ནི་ཆུ་ལ་གནས་པ་ཡིན་ཏེ། དེ་དག་ནི་ཆུ་ལ་སྤྱོད་པ་ཡིན་པས་ན་ཆུ་ལ་གནས་པའོ།། སོགས་པའི་སྒྲས་ནི་མགོ་དམར
་དོང་པདྨའི་མིག་དང་། ཤཱ་ལ་རྀ་ལཱ་སོགས་པ་བསྡུའོ།། ཉ་རོ་ཧི་ཏ་པ་ཏི་ན།། ཉ་བྱིས་རུས་སྦལ་ཀུཾ་བྷི་ར། ཀརྟ་དུང་སྲམ་ཤཾ་བུ་ཀ། ཉེ་ལྡང་བརྨི་ཙནྟི་ཀ། བུ་ལུ་ཆུ་སྲིན་ན་ཀྲ་དང་།། ཉ་བོ་ཆེ་ནི་བྱི[:]སི་པ་གསོད།། ཛ་རི་ཙི་ལི་ཙི་མི་སོགས་ཞེས་བྱ་བ་ལ།
་ཉ་རོ་ཧི་ཏི་ནས་ཙི་ལི་ཅི་མའི་བར་ནི། ཆུ་ལས་བྱུང་ཞིང་ཚུ་ལ་གནས་སོ།། སོགས་པའི་སྒྲས་ནི་རྣམ་པའི་དོན་ཏེ། དེ་ལྟ་བུ་དང་གཞན་དག་ཀྱང་རྣམ་པ་དུ་མ་ཡོད་དེ། ཀརྐ་ཊ་ནི་ཀུ་ལི་ར་ཞེས་བྱའོ།། ཤཾ་བུ་ཀ་ནི་ཕྱུང་བའི་དུང་ཞེས་བྱའོ།། འདི་དག
་ནི་རྣམ་གྲངས་ཤེས་པ་དག་གིས་ནི་ཡུལ་ཕྱོགས་ཀུན་ཏུ་ཕྱིན་པ་དག་ལས་ཤེས་པར་བྱ་སྟེ། གང་གི་ཕྱིར་འདིར་སྨོས་པའི་སྲོག་ཆགས་ཁ་ཅིག་ཡུལ་ལ་ལ་ན་མེད་པས་མི་ཤེས་ལ། ཁ་ཅིག་ནི་ཡུལ་གཞན་དག་ཏུ་གྲགས་པ་ཡོད་དོ།། དེ་བས་ན་འདི
་རྣམས་ཀྱི་མིང་གི་རྣམ་གྲངས་ཡུལ་ཐ་དད་པ་ན་གྲགས་པ་ནི་རེ་བྲགས་པ་དང་། ཉ་བ་ལ་སོགས་པ་ལས་མིང་དུ་ཇི་སྐད་གྲགས་པ་གང་ཡིན་པ་ལས་ཤེས་པར་བྱའོ།། དེ་ལྟར་ཤ་ནི་བརྒྱད་དུ་བཤད་ཅེས་བྱ་བ་ནི། དེ་ལྟར་ཞེས་པ་བཤད་མ་ཐག་པའི
་རྣམ་པས་ཤ་བརྒྱད་དུ་ཞེས་པ། ཤའི་རྣམ་གྲངས་མདོར་བསྡུ་ན་རྣམ་པ་བརྒྱད་ཡོད་པར་སློབ་དཔོན་གྱིས་བཤད་ཅིང་བསྟན་པ་ཡིན་ནོ།། ར་ལུག་གཟས་ཀྱི་སྤྱོད་ཡུལ་ནི། འདྲེས་པས་རིགས་གཅིག་ངེས་མ་ཡིན། ཞེས་བྱ་བ་ལ། རིགས་བརྒྱད་པོ་དེ་དག
་གི་ནང་ནས། ར་དང་ལུག་གི་ངེས་པ་མེད་པ་ཡིན་པས་ངེས་པ་མ་བཤད་དེ་ཅིའི་ཕྱིར་ཞེ་ན། སྤྱོད་ཡུལ་འདྲེས་པ་ཡིན་པའི་ཕྱིར་ཏེ། སྤྱོད་ཡུལ་འདྲེས་པ་ནི་རླན་ཅན་དང་། སྐམ་སའི་ཟས་ཀྱི་སྤྱོད་ཡུལ་འདྲེན་མར་གནས་པ་སྟེ། ལན་འགའ་ནི་གཅིག་ཏུ་རླན
་ཅན་ན་གནས་པ། ལན་འགའ་ནི་སྐམ་སར་གཅིག་ཏུ་གནས་པ་ཡིན་ནོ།། དེ་ལྟར་ན་རྒྱ་བྱི་ཡང་དེ་དང་འདྲ་བ་ཡིན་ཏེ། དེ་ཡང་གཉི་ག་ན་སྤྱོད་པ་ཡིན་པའི་ཕྱིར་རོ།། དེ་ཡང་དྲང་སྲོང་ཙ་ར་ཀ་ས་སྐམས་གཤེར་ས་གནས་པའི་ཕྱིར།། ཤིན་ཏུ་ལྕི་མངར་ཆ
་མིན་པའི།། རྒྱ་བྱའི་ཤ་ནི་རླུང་ལ་སོགས།། ཉེས་པ་གསུམ་པོ་སེལ་བ་ཡིན་ཞེས་བཤད་པ་ཡིན་ནོ།། དེ་ལྟར་ན་རྒྱ་བྱ་ཏི་ཏི་ར་ཞེས་བྱ་བ་ནི་གཉི་གར་སྤྱོད་པ་ཡིན་དུ་ཟིན་ཀྱང་། འདི་ཡུལ་གཅིག་ལ་ནམ་ཡང་གནས་པར་དགའ་བ་མ་ཡིན་པས།
་གཟེག་ཏུ་བཅུག་པ་མ་གཏོགས་པར། གཤེར་ས་དང་སྐམས་གཉི་གར་ཡང་བརྟེན་པ་མ་ཡིན་ནོ།། ར་ལུག་ཀྱང་ཆད་འགའ་ནི་སྐམ་ས་ཆུ་ཉུང་བན་འཚལ། ཆད་འགྲས་ནི་རྒན་ཅན་ནུ་མང་པ་མ་འཚོ་སྟེ། རང་བནིན་ངས་ནར་དང་ལྐུག
་ནི་ངེས་བ་མ་ཡིན་པ་ཡིན་ནོ།། ཐོག་མ་ཐ་མ་སྐམ་གཤེར་གནས།། བར་མ་གཉིས་པོ་ཐུན་མོང་བཤད་ཅེས་བྱ་བ་ལ། བར་མཱ་ནི་གཉིས་པོ་ཞེས་གཉིས་པར་བཤང་བ་ལས་ཐོག་མ་དང་ཐ་མར་ནི་སྡེ་ཚན་གསུམ་གསུམ་ཡིན་ཏེ། དང་པོའི་སྡེ་ཆེན་གསུམ་ནི
་རི་དྭགས་དང་ཁྲོན་དུ་རྐོ་བ་དང་། མཆུས་རྐོ་བ་གསུམ་ནི་སྐམ་ས་ལ་གནས་པ་ཡིན་པས། སྐམ་སའི་སྒྲར་བརྗོད་ལ། ཐ་མའི་གསུམ་པོ་རི་དྭགས་ཆེན་པོ་དང་། ཆུ་ལ་སྤྱོད་པ་དང་། ཉ་རྣམས་ནི་གཤེར་ས་ཉིད་ལ་སྤྱོད་པ་ཡིན་པས་ན་གཤེར་སའི་སྒྲར་བཤད
་དོ།། བར་གྱི་སྡེ་ཚན་གཉིས་པོ་ཁུང་ན་གནས་པ་དང་། རྩལ་མཐུས་ཟླ་བ་ཞེས་བྱ་བ་གཉིས་ནི་ཐུན་མོང་སྟེ། གཉི་ག་ལ་སྤྱོད་པ་ཡིན་པར་བཤད་དོ།། དེ་ལས་སྐམ་སའི་ཤ་རྟག་འགགས།། བསིལ་བ་དང་ནི་ཡང་བ་ཡིན།། འདུས་པ་མཁྲིས་པ་ཤེས་ཆེ་ཞིང་།
་རླུང་འབྲིང་བད་ཀན་ཆུང་ལ་ཕན།། ཞེས་བྱ་བ་ལ། དེ་ལས་ཞེས་བྱ་བ་ནི་ངེས་པོར་བཟུང་བ་སྟེ། སྐམ་ས་དང་གཤེར་ས་དང་། ཐུན་མོང་གི་གནས་ན་སྤྱོད་པ་ཡིན་པར་བཤད་དོ།། སྐམ་སའི་ཤ་ནི་རྟུག་པ་འགགས་པར་བྱེད་པ་དང་། ནུས་པ་བསིལ་བ་དང
་ཡང་བ་ཡིན་ནོ།། དེ་བཞིན་དུ་འདུས་པའི་ནད་མཁྲིས་པའི་ཤས་ཚ་ཞིང་རླུང་ཆེ་ཆུང་འབྲིང་དུ་གནས་པ་དང་། བད་ཀན་ཤས་ཆུང་བ་ལ་ཕན་ཞིང་། གནོད་པ་འཇོམས་པ་ཡིན་ཏེ། འདུས་པའི་ནད་གང་མཁྲིས་པའི་ཆ་ཤས་ཆེ་བ་དང་། རླུང་འབྲིང་ཙམ་དུ་གནས
་བ་དང་། བང་ཀན་ཆེས་ཆུང་བ་དེ་ལ་བན་པ་ཡིན་ནོ།། རི་བོ་ཤ་ནི་དྲོད་སྐྱེད་རྩུབ།། ཞུ་རྗེས་ཚ་ཞིང་འཁྲུ་གཅོང་བསིལ།། ཞེས་བྱ་བ་ལ། སྐམ་སར་གནས་པ་དེ་རྣམས་ཀྱི་ནང་ནས། རི་བོང་གི་ཤ་ནི་དྲོད་བསྐྱེད་པ་སྟེ། བོ་བའི་མེ་དྲོང་འབེལ་བར་བྱེད་པ་དང་།
་དེ་བཞིན་དུ་ནུབ་པ་དང་། ཞུ་བའི་རྗེས་ཀྱི་རོ་ཚ་བ་དང་། འཁྲུ་བ་གཅོད་ཅིང་སྡུད་པ་དང་། བསིལ་བའི་མཚན་ཉིད་ཅན་ཡིན་ནོ།། བརྟི་ཀི་ལ་སོགས་ཤ་ལྕི།། ཅུང་ཟད་སྣུམ་དྲོ་ལྕི་རྟས་བྱེད་ཅེས་བྱ་བ་ལ། སྐམ་སར་གནས་པ་རྣམས་ཀྱི་ནང་ནསོ། བྱ་བརྟ
་ཀི་ལ་སོགས་པ་སྟེ། གང་གང་སར་གནས་པའི་བར་དེ་ཐད་ནི་ཅུང་ཟད་སྣུམ་ཞིང་དྲོ་བ་དང་ལྕི་བ་དང་ལྡན་པ་ཡིན་ཞིང་ལུས་རྔས་པར་བྱེད་པ་ཡིན་ནོ།། དེ་རྣམས་ཀྱང་རྨྱི་བྱའི་ཤ། ཡིད་གཞུངས་དྲོད་སྟོབས་ཁུ་བ་འབེལ།། བཤང་སྐེམས་མདོག་བཟང་རླུང
་ཤས་ཆེ།། འདུས་པ་སེལ་བའི་དམ་པ་ཡིན།། དེ་རྣམས་ཞེས་བྱ་བ་བརྟྟ་ཀི་ལ་སོགས་པའི་ནང་ནས་ཀྱང་། རྒྱ་བྱ་ཏི་ཏཱི་རའི་ཤ་ནི་ཡིད་གཞུངས་པ་དང་།། དྲོད་སྐྱེ་བ་དང་སྟོབས་དང་ཁུ་བ་འབེལ་བ་དང་། བཤང་བ་སྐེམས་ཤིང་སྡུད་པ་དང་། ལུས་ཀྱི་མདོག་བཟང
་པོར་བྱེད་པ་དང་། རླུང་ཤས་ཆེ་བའི་འདུས་པའི་ནང་སེལ་ཅིང་འཇོམས་པའི་མཆོག་དམ་པ་ཡིན་ནོ།། རྨོ་བྱའི་ཤ་ནི་བཟང་མིན་ཡང་།། རྣ་མིག་སྐད་འགགས་རྒས་སླར་ཕན་ཞེས་བྱ་བ་ལ། རྨ་བྱའི་ཤ་ནི་བཟང་པོ་མེ་ཡིན་ཏེ། ཕན་ཞིང་བསྔགས
་པ་མ་ཡིན་གྱི།། འོན་ཀྱང་རྣ་བ་གཉིས་ལ་ཕན་ཏེ། སྨྲ་ལེགས་པར་ཐོས་པར་འགྱུར་བ་དང་། མིག་གིས་ལེགས་པར་མཐོང་བར་བྱེད་པས་མིག་ལ་ཕན་པ་དང་། གདངས་སྙན་པ་བས་སྐད་འགགས་པ་ལ་ཕན་པ་དང་། མྱུར་དུ་ཆས་པ་ལས་བསྲུང
་བས་ན། རྒས་པ་སྲ་བ་ལས་ཕན་པ་ཡིན་ནོ།། ཁྱིམ་བྱ་དེ་འདྲ་རོ་ཙ་ལས། གྲོང་གནས་ལྕི་ནིང་བད་ཀན་སྐྱེད་ཅེས་བྱ་བ་ལ། ཁྱིམ་བྱ་ནི་རྨ་བྱའི་ཤ་འདྲ་བར་ཤིན་ཏུ་བཟང་པོ་མ་ཡིན་མོད་ཀྱི། རྣ་བ་ལ་སོགས་པ་ལ་ཕན་པར་འདྲ་ཞིང
་རོ་ཙ་བ་ཡིན་ནོ།། ཡང་ན་གྲོང་ན་གནས་པའི་ཁྱིམ་བྱ་སྟེ། སྐྱེ་བོའི་ཁྱིམ་ན་རྒྱུ་བ་གང་ཡིན་པ་དེ་ནི་ལྕི་བ་དང་བད་ཀན་སྐྱེད་པར་བྱེད་པ་དང་། རོ་ཙ་བཽ་ཡིན་ནོ།། གོང་མོ་ཨུ་པ་ཙཀྲར་བཅས།། ཡིད་གཞུངས་དྲོད་སྐྱེད་ཡི་གར་འོང་ཞེས་བྱ་བ་ལ། བྱ་གོང་མོ་དང་ཨུ་པ
་ཙཀྲར་བཅས་པའི་ཤ་ནི་ཡིད་གཞུངས་ཤིང་ཤེས་རབ་སྐྱེད་པ་དང་། ཕོ་བའི་མེ་དྲོད་བསྐྱེད་པ་དང་། ཡི་གར་འོང་ཞིང་དགའ་བར་བྱེད་པ་ཡིན་ནོ།། ཐི་བ་ཞར་བའི་ཤ་ལྕི་ཞིང་། ཚ་བྲོ་ཉེས་པ་ཐམས་ཅད་བསྐྱེད་ཅེས་བྱ་བ་ལ། བྱ་ཐི་བ་ཞར་བའི་ཤ་ནི་ལྕི་པ
་དངདང་ཆ་བྲོ་བ་སྟེ། ཅུང་ཟད་ལན་ཚ་བྲོ་བ་དང་། ཉེས་པ་གསུམ་པོ་ཐམས་ཅད་སྐྱེད་པར་བྱེད་པ་ཡིན་ནོ།། བྱིའུ་ཤ་བད་ཀན་སྐྱེད་ཅིང་སྣམ། རླུང་འཇོམས་ཁུ་བ་རབ་འཕེལ་བྱེད།། ཅེས་བྱ་བ་ལ། བྱ་བྲན་བྱིའུ་རྣམས་ཀྱི་ཤ་ནི་བད་ཀན་སྐྱེད་པར་བྱེད་པ་དང་། དེ
་བཞིན་དུ་སྣུམ་པ་དང་། རླུང་འཇོམས་ཤིང་སེལ་བ་དང་། མཆོག་ཏུ་ཁུ་བ་འཕེལ་བར་བྱེད་པ་ཡིན་ནོ།། སྡེ་ཚན་དེ་ལས་ཕྱི་མ་རྣམས་རིམ་བཞིན་ལྕི་དྲོ་སྣུམ་ཞིང་མང་ངོ་།། གཅིན་མང་རོ་ཙ་སྟོབས་བསྐྱེད་ཅིང་། རླུང་འཇོམས་བད་ཀན་མཁྲིས་པ་སྐྱེད་ཅེས་བྱ་བ
་ལ། སྐེམི་སར་གནས་པའི་སྡེ་ཚན་དེ་ལས། ཕྱི་མཁུང་ན་གནས་པ་ལ་རྣམས་ནི་རིམ་བཞིན་དུ་ཞེས་པ། གོ་རིམ་མོ་འཆོལ་བར་ལྕི་བ་ཉིད་དང་། དྲོ་བ་ཉིད་དང་། སྣུམ་པ་ཉིད་དང་། མདོར་བ་ཉིད་དེ་སྡེ་ཚན་དེ་དག་ལས་བྱི་མ་གང་དོང་གང་ཡིན་པ
་ནི་སྔ་མ་ད་དང་ང་ལས་ལྕི་བ་ལ་སོགས་པ་ཉིད་དང་ལྡན་པ་ཡིན་ནོ།། དེས་ན་ཁུང་ན་གནས་པ་བས་ནི་མཐུས་ཟ་བ་ལྕི་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཡིན་ལ། མཐུ་རྩལ་གྱིས་ཟ་བ་བས་ནི་རི་དྭགས་ཆེན་པོའོ།། རི་དྭགས་ཆེན་པོ་བས་ནི་ཁྲོན་དུ
་རྐོ་བའོ།། ཁྱེན་དུ་རྐོ་བ་བས་ཉ་རྣམས་སོ།། དེ་བཞིན་དུ་རིམ་གྱིས་གཅིན་མང་བ་དང་། རོ་ཙ་བ་དང་། སྟོབས་བསྐྱེད་པ་དང་། རླུང་དང་བད་ཀན་འཕེལ་ཞིང་སྐྱེད་པར་བྱེད་པ་ཡིན་ནོ།། དེ་ལས་རི་དྭགས་ཆེན་པོའི་བསིལ་ཞེས་བྱ་བ་ནི། སྡེ་ཚན
་བོ་རྣམས་ཀྱི་ནང་ནས་རི་དྭགས་ཆེན་པོ་ནི་བསིལ་བ་སྟེ། བསིལ་བའི་ནུས་པ་དང་ལྡན་པ་ཡིན་ནོ།། རྩལ་མཐུས་ཤི་རློན་ཟ་བའི་ཡང་།། རོ་རྗེས་ལན་ཚ་བྲོ་ཞུ་རྗེས།། ཆ་ཞིང་ཤ་ནི་འཕེལ་བར་བྱེད།། གནང་འབྲུམ་རྙིང་པ་ཕོ་བ་གྲང་།། སྐེམ་ནང་ཉེན་ལ་མཆོག
་ཏུ་ཕན་ཞེས་བྱ་བ་ལ། ཤ་རློན་ཟ་ཞེས་བྱ་བ་ནི།། ཤ་རློན་པ་གཅོད་ཅིང་གཅོད་ཅིང་ཟ་བར་བྱེད་པས་ན་ཤ་ཟ་བར་བྱེད་པའོ།། དེ་ལ་ཡང་རྣམ་པ་གཉིས་ཏེ། གཅན་གཟན་དང་བྱའོ།། དེ་ལས་ཀྱང་ཤ་རློན་པ་ཟ་བ་ལ་ལའི་མཚན་ཉིད་འདི་ཡིན་གྱི་ཐམས
་ཅད་ཀྱི་ནི་མཱ་ཡིན་ནོ།། དེ་ཡང་རོ་རྗེས་ལན་ཆ་བྲོ་བ་སྟེ། རོ་གང་དག་གི་རྗེས་ལ་ཅུང་ཟད་མི་གསལ་བར་ལན་ཆ་བྲོ་བོ་སྟེ། གཙོ་བོའི་རོམ་ཟིལ་གྱིས་མནན་པས་ན། ཅུང་ཟད་མི་གོསལ་བར་བྲོ་བའི་ཕྱིར་རོ།། རྗེས་ཞེས་བྱ་བ་སྟེ། རོའི་གཙོ་བོ་ཐ་དད་པ་ཡོད་པར
་མཚོན་པ་ཡིན་ནོ།། དེ་བཞིན་དུ་ནུ་ཚ་བ་སྟེ་ཞུ་བའི་རྗེས་ཚ་བ་ཉིད་དུ་སྦྱིན་པའོ།། དེ་བཞིན་དུ་ཤ་འཕེལ་བར་བྱེད་པ་སྟེ། ཤ་སྐྱེད་པར་བྱེད་པའོ།། དེ་བཞིན་དུ་གནང་འབྲུམ་རྙིང་པ་དང་། ཕོ་བ་གྲང་ཞིང་དྲོང་ཆུང་བ་དང་། སྐེམ་ནད་ཀྱིས་ཉེན་པའི་མི་ལ་མཆོག
་ཏུ་ཕན་པ་ཡིན་ནོ།། དེ་ལ་གཞང་འབྲུམ་རྙིང་པ་ཞེས་བྱ་བ་ནི་ཡུན་རིང་པོ་ལོན་པའོ།། ར་ཤ་ནི་ཤིན་ཏུ་བསིལ་བ་མིན་ཞིང་། ལྕི་སྣུམ་མ་ཡིན་ཉེས་མེད་མིན།། ལུས་དང་ཁམས་ནི་མཉམ་པས་ན།། བཛྲ་ཀུན་མི་སྐྱེད་ལུས་རྟས
་བྱེད་ཅེས་བྱ་བ་ལ། ཤིན་ཏུ་བསིལ་མིན་ཞེས་བྱ་བ་ནི་སྒྲ་ནི་ཅུང་ཟད་ཀྱི་དོན་ལ་སྙེགས་ཏེ། དེས་ན་རའི་ཤ་ནི་ཅུང་ཟད་ཙམ་བསིལ་བ་དང་། ཅུང་ཟད་ཙམ་སྣུམ་པ་ཡིན་ནོ་ཞེས་པའོ།། ཉོས་མོང་མིན་ཞེས་པ་མེད་པའི་དོན་ནི་ཆུང་བའི་དོན་ཏེ། དཔེར་ན་ལུག
་སྤུ་མེད་ཅེས་བྱ་བའམ། བུ་མོ་རྐེད་མེད་ཅེས་ཟེར་བ་དང་འདྲའོ།། དེས་ན་ཅུང་ཟད་ཙམ་ཉེས་པ་ཡོད་ཅིང་། ཅུང་ཟད་པདཀན་སྐྱེད་པ་ཡིན་ནོ།། ཞེས་པའི་དོན་ཏོ།། དེ་བཞིན་དུ་ལུས་དང་ཁམས་མཉམ་པས་ཀྱང་རྣམ་པ་ཐམས་ཅད་དུ་ཉེས་པ་མེད་པ་ཡིན་ཏེ།
་མི་རྣམས་ཀྱི་ལུས་དང་། ལུས་ཟུངས་ཀྱི་ཚུལ་ཛཱ་ལྟ་བུ་ཡིན་པ། རིའི་ལུས་དང་ཁམས་ཀྱང་དེ་དང་འདྲ་བ་ཡིན་ཏེ། དེ་བས་ནི་ལུས་དང་ཟུངས་མཚུངས་ཤིང་མཉམ་པས་ན། ཤ་དེ་ནི་ཉེས་པ་ཅུང་ཟད་ཀྱང་མི་སྐྱེད་པ་ཡིན་ནོ།། དེ་བས་ན་སྐྱེས་བུའི་ལུང་ད་ས་རུ
་མཐའ་དག་དང་དེ་མཉམ་སྟེ། མིའི་ལུས་ཟུངས་ཅི་འདྲེ་བར་ཡང་དེ་དང་འདྲ་བར་དོན་གྱིས་སྟོན་པ་ཡིན་ཏེ། འདི་སྐད་བཤད་པས་ནི་མིའི་ཤའི་རང་བཞིན་ཅི་འདྲ་བ་ཡིན་པ་ཡང་བཤད་པ་ཡིན་ནོ།། བད་ཀན་མི་སྐྱེད་ཅེས་བྱ་བ་ནི་རའི་ཤ་དེ་བོད་ཀན་ཡིན་ཡང
་ཤས་ཆེར་སྐྱེད་པར་མི་བྱེད་པའོ།། ལུས་རྟས་པར་བྱེད་པ་ནི་ཤ་འཕེལ་བར་བྱེད་པའོ།། ལུག་ཤ་དེ་ལས་བཟློག་པའོ།། ལུས་རྟས་ཡིན་ན་ཤེས་པར་བྱ་ཞེས་བྱ་བ་ལ་ལུག་གི་ཤ་ནི་ར་དེ་ལས་བཟློག་པར་ཤེས་པར་བྱ་སྟེ། དེས་ན་རའི་ཤ་ནི་ཤིན་ཏུ
་བསིལ་བ་མ་ཡིན་ལ། འདི་ནི་ཤིན་ཏུ་བསིལ་བ་དང་། དེ་ནི་ཤིན་ཏུ་ལྕི་བ་མ་ཡིན་ལ། འདི་ནི་ཤིན་ཏུ་ལྕི་བ་དང་། དེ་ནི་ཤིན་ཏུ་སྣུམ་པ་མ་ཡིན་ལ། འདི་ནི་ཤིན་ཏུ་སྣུམ་པ་དང་། དེ་ནི་ལུས་རྟས་པར་བྱེད་པ་ཡིན་ལ། འདི་ཡང་རྟས་པར་བྱེད
་པ་ཡིན་པས། འདི་ལ་ནི་གོ་ཟློག་པ་མེད་།། བ་གླང་ཤ་ནི་ལུང་སྐམ་དང་། ངལ་དང་ཆུ་ཆེས་མ་སྙོམས་རིམས།། ཆམ་པ་དང་ནི་སྐེམ་པ་དང་།། རླུང་ནང་གཅིག་པུ་ན་བ་སེལ།། ཞེས་བྱ་བ་ལ། བ་ལང་དག་གི་ཤ་ཡིན་པས་ན་བ་ལང་ཤ
་སྟེ། དེས་ནི་ལུད་བསྐམ་པ་ལ་སོགས་པ་སེལ་ཞིང་བཟློག་པ་ཡིན་ནོ།། ཚིག་གི་དོན་ན་གོ་སླའོ།། མ་ཧོའི་ཤ་ནི་ལྕི་ཞིང་ཚ།། གཉིད་ཆེ་བརྟན་བྱེད་ཤ་ཆེར་སྐྱེད་ཅེས་བྱ་བ་ལ། དེ་ལ་མ་ཧེའི་ཤ་ནི་ཤིན་ཏུ་ལྕི་བ་དང་ཚ་བ་དང་། གཉིད་ཆེ་ཞིང་འཐུག
་ལ་བརྟན་པར་བྱེད་པ་དང་། ཤ་སྐྱེད་པར་བྱེད་པ་ཡིན་ནོ།། ཕ་ག་རྒོད་ཤ་ནི་དེ་འདྲ་ཞིང་།། ངལ་སེལ་ཟས་ལེན་ཁུ་སྟོབས་བསྐྱེད་ཅེས་བྱ་བ་ལ། བག་རྒོད་ཀྱི་ཤ་ནི་དེ་འདྲ་ཞེས་པ་མ་ཧེའི་ཤ་དང་ཡོན་ཏན་འདྲ་བ་ལས་དེ་ནི་ངལ་བ་སེལ་བ་དང
་དེ་བཞིན་དུ་ཁ་ཟོས་ལེན་ཅིང་ཡི་གེ་འབྱེ་བ་དང་། ཁུ་བ་དང་སྟོབས་རབ་ཏུ་སྐྱེད་པར་བྱེད་པ་ཡིན་ནོ།། ཉ་ནི་མཆོག་ཏུ་བད་ཀན་བསྐྱེད་ཅེས་བྱ་བ་ནི། རོ་ཧི་ཏ་དང་། བ་ཐི་ན་ལ་སོགས་པའི་ཉ་ཤ་ནི་ཤིན་ཏུ་ཡང་བ་བད་ཀན་སྐྱེང་པར་བྱེད་པ་ཡིན་ནོ།། །
་ཅི་ལི་ཅི་མ་ཉེས་གསུམ་བསྐྱེད་ཅེས་བྱ་བ་ནི་ཉ་རྣམས་ཀྱི་ནང་ནས་ཅི་ལི་ཙི་མ་ཞེས་བྱ་བ་ཉིའི་ཁྱད་པར་ཅིག་ཡོད་པ་ནི་རླུང་ལ་སོགས་པའི་ཉེས་པ་གསུམ་བསྐྱེད་པ་ཡིན་ནོ།། ལཱ་ཝཱ་རོ་ཧི་ཏ་སྦྱིན་གོར།། ཤ་བ་རང་རང་སྡེ་ཚོན་མཆོག་ཅེས་བྱ་བ་ནི
་ལཱ་ཝཱ་ལ་སོགས་པའི་ཤ་ནི་རང་རང་གི་སྔ་ཚན་ལས་མཆོག་ཡིན་ཏེ། དཔེར་ན་ཁྲོན་དུ་རྒ་བའི་ནང་ནན། ཝཱ་ཝཱ་མཆག་ཡིན་ལ། ཉ་རྣམས་ཀྱི་མཆ་ག་ན་ར་ཧ་ཏ་ཡིན། ཁུང་ན་གནས་པ་རྣམས་ཀྱི་མཆོག་ནི་སྦྱིན་གོར་ཡིན།
་རི་དྭགས་ཀྱི་ནང་ན་ཤ་བ་མཆོག་ཡིན་ནོ།། ཤ་ནི་འབྲལ་བསད་དག་པ་དང་། དར་ལ་བབ་པའི་བསྟེན་པར་བྱ། ཞེས་བྱ་བ་ལ། ཤ་ཐམས་ཅད་ནི་འཕྲལ་བསད་པ་ཏེ། དུས་དེའི་ཚེ་ཉིད་བསྡད་པ་དང་། དེ་བཞིན་དུ་དག་པ་སྟེ། དུག་ལ་སོགས་པ་དང་། མ
་འབགས་པ་དང་། ངར་ལ་བབ་པ་སྟེ། རྒན་པ་དང་གཞོན་པ་མ་ཡིན་གྱི། རང་རང་གི་ན་ཚོང་དང་ངར་ལ་བབཽ་པའོ།། དེ་ལྟ་བུའི་ཤ་དེ་ནི་ཕན་པར་འགྱུར་བ་ཡིན་པས་བསྟེན་པར་བྱ་བ་ཉིད་ཡིན་ནོ།། རང་ཤི་རིང་དང་ཤིན་ཏུ་འཚོ།། ནང་ཆུ་དུག་གིས་ཤི་བ
་སྦྲང་ཞེས་བྱ་བ་ལ། ཤ་ཐམས་ཅད་ལས་རང་ཉིད་ཤི་བ་སྤང་བ་དང་། དེ་བཞིན་དུ་རིད་ཅིང་སྒེག་པ་དང་། ཤིན་ཏུ་ཚིལ་ཆེ་འི་འཚ་དྲགས་པའང་སྤང་བ་དང་། དེ་བཞིན་དུ་ནད་དམ་ཆུ་འམ་དུག་གི་ཤི་བའི་ཤ་སྤང་ཞིང་དོར་བར་བྱའོ།། པོ་དང་མོ་ཡི་སྟོད་སྨད་ཕྱེད།།
་ལྕེ་སྟེ་སྦྲུམ་མའི་ཐམས་ཅད་ལྕི་ཞེས་བྱ་བ་ལ། སྲོག་ཆགས་ཐམས་ཅད་ཀྱི་ཕོ་དང་མོ་ལས་གོ་རིམ་ཇི་ལྟ་བ་བཞིན་དུ་ཕོའི་མགོ་བོ་ནས་བརྩམས་ཏེ། ལྟེ་བའི་བར་གྱི་ལུས་ཀྱི་ཕྱེང་ཤ་ལྕི་བ་ཡིན་ལ་མོའི་ལྟེ་བ་མན་ཆད་ཀྱི་རོ་སྨད་ཀྱི་ཕྱེད་ཀྱི་ཤ་ལྕི་བ་ཡིན་ནོ།།
་སྦྲུམ་མོར་གྱུར་པའི་ཤ་ནི་མ་ལུས་པ་ཐམས་ཅད་ལྕི་བ་ཡིན་ནོ།། རྐང་བཞི་མོ་ཡི་ཡང་བ་ཡིན།། བྱ་རྣམས་ཀྱི་ནི་ཕོ་ཡི་ཡང་ཞེས་བྱ་བ་ལ་རྐང་བཞི་པ་སྟེ། རི་དྭགས་དང་ར་ལུག་དང་མ་ཧེ་ལ་སོགས་པའི་ནང་ནས་ནི་མོའི་ཤ་ཡང་བ་ཡིན་ལ། བྱ་རྣམས་ཏེ་ལྔ
་ལྦལྟ་བ་དང་། དང་པ་དང་། རྨ་བྱ་དང་། ཁྱིམ་བྱ་ལ་སོགས་པ་གཤོག་པ་ཅན་རྣམས་ཀྱི་ཕོའི་ཤ་ཡང་པ་ཡིན་ནོ།། མགོ་བོ་རོ་སྟོང་བྲང་དང་རྒྱབ།། རྐེང་པ་དཔྱི་ཡི་ལྕི་བ་ཡིན།། དེ་བཞིན་ཕོ་བ་རྒྱུ་མ་སོགས།། གོ་རིམ་བཞིན་དུ་ལྕི་བ་ཡིན།། ཞེས་བྱ་བ་ལ། མགོ་བ་ལ་སོགས
་པའི་ཡན་ལག་གི་ཆ་ཤས་ལས་ནི་གོ་རིམ་བཞིན་དུ་ཤེས་པ་གོ་རིམ་མ་འཆོལ་བར་ལྕི་བ་ཉིད་ཡིན་པར་བསྟན་ཏོ།། དེས་ན་དཔྱིའི་ཤ་བས་ནི་རྐེད་པའི་ཤ་ལྕི་ལ། རྐང་པའི་ཤ་བས་ནི་རྒྱབ་ཀྱི་ཤ་ལྕི་ལ། རྒྱབ་ཀྱི་ཤི་བས་ནི་བྲང་གི་ཤ་ལྕི་ལ། བྲང་བས་ནི་རོ
་སྟོང་ལྕི་ལ། རོ་སྡོད་ཀྱི་ཤ་བས་ནི་མགོའི་ཤ་ལྕི་བ་ཡིན་ནོ།། དེ་བཞིན་དུ་ཞུ་བའི་གནས་རྒྱུ་མ་ལ་སོགས་པའི་ཤ་བས་ནི་མ་ཞུ་བའི་གནས་ཕོ་བའི་ཤྭ་ལྕི་བ་ཡིན་ཏེ། དེས་ཟས་ཞུ་བ་རྣམས་ཀྱི་གནས་ནི་ཞུ་བའི་གནས་ཏེ། ལྟེ་བ་མན་ཚོང་ཟས་མ་ཞུ་བའི་གནས་ནི།
་མ་ཞུ་བའི་གནས་ཏེ། ལྟེ་བ་ཡན་ཆད་དོ།། དེ་ཡང་དྲང་སྲོང་གིས་བཤད་པ། འགྲོ་བའི་ལྟེ་བ་ནུ་མ་བར།། མ་ཞུ་བ་ཡི་གནས་སུ་བཤང།། ལྟེ་བ་ནས་ནི་ཆུ་སོའི་བར།། ཞུ་བའི་གནས་སུ་ཤེས་པར་བྱ།། ཞེས་བཤད་པ་ཡིན་ནོ།། ཁྲག་ལ་སོགས་པའི་ལུས
་ཟུངས་རྣམས།། ཕྱི་མ་ཕྱི་མ་ལྕི་བ་ཡིན་ཞེས་བྱ་བ་ནི། ཁྲག་ལ་སོགས་པའི་ལུས་ཟུངས་དྲུག་པོ་རྣམས་ཕྱི་མ་ཕྱི་མ་ལྕི་བ་ཡིན་པར་བཤད་དོ།། དེས་ནི་ཁྲག་པས་ནི་ཤ་ལྕིའོ།། ཤ་བས་ནི་ཚིལ་ལོ།། ཚིལ་བས་ནི་རུས་པའོ།། རུས་པས་ནི་རྐང་ངོ་།། རྐང་པས་ནི་ཁུ
་ཆུ་ཆེ་བ་ལྕི་བ་ཡིན་ནོ།། ཤ་ལ་རླིག་པ་པོ་མཚན་དང་།། མཁལ་མ་མཆེར་བ་གཞང་དག་ལྕི།། ཞེས་བྱ་བ་ལ། ལུས་ཐམས་ཅད་ལས་བྱུང་བའི་ཤ་རྣམས་ལས་ནི་རླིག་པ་ལ་སོགས་པའི་ཤ་ཤིན་ཏུ་ལྕི་བ་ཡིན་ནོ།། འདི་ལ་རླིག་པ་ཞེས་བྱ་བ་ནི་འབྲས་བུ་ཤུབས
་ཙམ་ནས་མང་གིས་རྣམ་པར་གྲགས་པའོ།། བ་མཚན་མཛའོ།། མཁལ་མ་མ་ལྟོ་བའི་ཆ་ལ་གནས་པའོ།། མཚར་བ་ནཱ་གསུས་པའི་གམན་ལགས་ན་གནས་པ་ནག་པ་ཅན་ནས་མིང་ག་རྣམ་པར་གྲགས་པའོ།། གནང་ན་བཤུང་བའི་ལམ
་སྟེ། དེ་དག་ནི་ལྕི་བ་ཡིན་ནོ།། འདིར་ཤ་རྣམས་དང་ཕོ་དང་མོའི་ཁྱད་པར་དུ་བྱས་པ་དང་། རིགས་གཅིག་པ་དང་། རིགས་ཐ་དད་པ་དེ་རྣམས་ཀྱི་སྤྱི་དང་ཁྱད་པར་དུ་གནས་པ་ལས། སྟོབས་ཆེ་ཆུང་ཡོད་པ་བརྟག་པར་བྱ་བ་ནི། ཅི་རིགས་པར་རང་གི་བློ་ཉིད་ཀྱིས་རྣམ
་པར་དཔྱད་པར་བྱའོ།། ཤའི་སྡེ་ཚན་ནོ།། སྔར་ཚེད་མར་བསྟན་པ་རྣམས་ཀྱི་ལྷག་མ་དེ་བརྩམས་པ་ནི་འདི་དག་ཡིན་ཏེ། ཚེང་མ་པཱརྠཥ་ཐི་དང་། སུཾ་ཤ་སུ་ནི་ཤ་ན་དང་། ས་ཏི་ནཱ་ཛ་རྒྱུ་སྣེའུ་སོགས། ཉེས་པ་གསུམ་འཇོམས་སྡུག་སྲི་དང་ཞེས་བྱ་བ་ལ། བ་ཐ་ལ
་སོགས་པའི་ཚོད་མ་རྣམས་ནི་ཉེས་པ་གསུམ་སེལ་བར་བྱེད་པ་ཡིན་པས། ཉེས་པ་གསུམ་འཇོམས་ཞེས་བྱ་བ་ལ། དེ་བཞིན་དུ་རྟུག་པ་སྲི་ཞིང་མཁྲེགས་པ་དང་ཡང་བ་ཡིན་ནོ།། དེ་ལ་བཱ་ཐ་ནི་མིང་གི་རྣམ་གྲངས་པཱ་པཱ་ཙེ་ལི་ཀ་ཞེས་བྱ་བའོ།། སུ་ནི་ཤ་ན་ནི
་སུ་ལ་ཞེས་བྱ་བ་འདབ་མ་བཞི་པ་ཙམ་གི་རི་འདྲ་བ་ཞིག་ཆུའི་ནང་ན་སྐྱེའོ།། ས་ཏི་ན་ཛ་ཞེས་བྱ་བ་ནི་ར་ཛཀྵ་པ་སྟེ། མིང་ནི་རྣམ་གྲངས་བཀྲེས་བྱེད་ཅེས་བྱ་བར་གྲགས་པའོ།། དེ་ལས་སུ་ནི་ཤ་ན་དྲོ།། རོ་ཙ་ཞེས་བྱ་བ་ཚོང་མ་དེ་རྣམས་ཀྱི་ནང་ནས་སུ་ནི་ཤ་ནི། དྲོད་སྐྱེད
་པ་དང་རོ་ཙ་བར་བྱེད་པའོ།། ར་ཛཀྵ་བ་ནི། བོ་བ་གཞང་འབྲུམ་ནང་སེལ་མཆོག་ཅེས་བྱ་བ་ལ། པ་ཏ་ལ་སོགས་པ་དེ་རྣམས་ནང་ན་ར་ཛཀྵ་པ་ཞེས་བྱ་བ་ནི་འོ་བ་དང་གཞང་འབྲུམ་གྱི་ནད་སེལ་བའི་མཆོག་ཡིན་ནཽ།། རྒྱ་སྣེའུ་རྟག་སྐམས་པ་ཡིན་ཞེས་བྱ་བ་ལ།
་ཚོང་མ་འདི་རྣམས་ཀྱི་ནང་ནས་རྒྱུ་སྣེའུའི་ཚོང་མ་ནི་རྟག་སྐམས་འཇོམས་ཤིང་འཁྲུ་བ་ཡིན་ནོ།། མོས་སྣེའུ་དམེ་རུ་ཉེས་པ་གསུམ་འཇོམས།། མཛེ་སེལ་རོ་ཙ་བཅུད་ལེན་དྲོ།། འཁྲུ་ཞིང་མགུལ་བ་སྙན་པར་བྱེད་ཅེས་བྱ་བ་ལ། མོན་སྣེའུ་ད་མེ་རུ་ཀ་ཀ་མ
་ཞེས་བྱ་བ་ནི་ཉེས་པ་གསུམ་པོ་ནི་རླུང་དང་མཁྲིས་པ་བང་ཀན་ཞེས་བྱ་བ་འཇོམས་པ་དང་། དེ་བཞིན་དུ་མཛེ་ནད་སེལ་བ་དང་། རོ་ཙ་ཞིང་ཁུ་བ་འཕེལ་བ་དང་། བཅུད་ཀྱིས་ལེན་དུ་འགྱུར་ཞིང་ཚེ་འཕེལ་བ་དོང་ཅུང་ཟད་དྲོད་བསྐྱེད་པ་དང་། འཁྲུ་ཞིང་བཤང
་བ་སླ་བར་བྱེད་པ་དང་། མགུལ་པ་གསལ་ཞིང་སྙན་པར་བྱེད་པ་ཡིན་ནོ།། ཙངྒི་རི་སྐྱུར་མེ་དྲོད་བསྐྱེད།། ཕོ་བ་གཞུང་འབྲུམ་བད་ཀན་རླུང་།། དྲོད་ཆེ་འཁྲུ་གཅོད་ཡང་བ་ཡིན་ཞེས་བྱ་བ་ལ། ཙངྒི་རི་ནི་རོ་སྒྱུར་བྱ་བ་དང་། དེ་བཞིན་དུ་ཕོ་བའི་མེ་དྲོད་སྐྱེད་པ་དང་པོ
་ལ་སོགས་པ་ལ་ཕན་པ་ཡིན་ནོ།། པ་ཏོ་ལ་དང་ས་ལྟ་ལ།། ནིམྨ་ཤཾ་ག་ཡྻཱ་སླེ་ཏྲིསཽ།། ཨ་བལླཱ་ཛ་སྠའི་མྱུ་གུ། བྲྀ་ཧ་ཏི་དང་བཱ་ཤྭ་དང་།། ཏཱི་ལ་བརྞི་ཀུ་ཐ་ལ།། མནྡུ་ཀའི་འང་བ་ཀཱརྐོ་ཏ།། ཀ་ར་བེ་ལེ་བརྦ་ཏ།། ཎ་ཌི་དང་ནི་ཀ་ཏ་ཡ། གོ་སི་ཧཱ་དང་བ་ཏ་ཀ། བ
་ན་ཏིཀྵྞ་ཀཱ་རི་རཾ།། གུ་ལི་ཀ་དང་ནནྟི་དང་།། ཀུ་ཙེ་ལགྶ་ཀཱུ་ནད་ལི། ཀ་ཏིལླི་དང་ཀེ་བུ་ཀ། ནཎྀ་ཀོ་ཤྲུ་ཏ་ཀ་དང་།། ཀཪྻཱ་འཇམ་བསིལ་ཁ་ཞིང་ཚ།། བོ་ཤང་སྲི་རླུང་བ་སྐྱེད་བད་མཁྲིས་སེལ་ཞེས་བྱ་བ་ལ། བ་ཏོ་ལ་ནས་ཀཪྵ་ཤ་དང་བཅས་པའི་བར་གྱི་ཚོད་མ།
་རྣམས་ནི་བསིལ་བའི་ནུས་པ་དང་ལྡན་པ་དང་། རོ་འབ་དང་འཇུ་བའི་རྗེས་ཚ་བ་དང་། བཤང་བ་ལ་སོགས་པ་མཁྲེག་ཅིང་སྲི་བ་དང་། རླུང་བསྐྱེད་པ་དང་། བདི་ཀ་ནོ་དང་མཁྲིས་པ་དག་སེལ་པོར་བྱེད་པ་ཡིན་ནོ།། དེ་ལ་པ་ཏོ་ལ་ནི་ཁ་བ་ཞིག་གོ།། སཔྟ་ལ
་ནི་ས་ཏ་ལ་ཞེས་བྱའོ།། ནིམྨ་ནི་ཨ་རིཥྚའོ།། ཤྭ་ཀ་ཤཱ་ནི་ཨངྒ་ར་བ་ལི་གའོ།། ཨ་བལླཱི་ང་ནི་སོ་མ་ར་ཛའོ།། སྤའི་མྱུ་གུ་ནི་སྠ་གནོན་ནུའི་རྩེ་མོའོ།། འབྲི་ཧཱཏ་ནི་སང་ཧིའོ།། བ་ཤ་ནཱི་འབྲི་ཤའོ།། ཏིཡྻ་བརྡྷ་ནི་རྒྱ་ཤུག་གི་ལོ་མ་འམ། ཡང་ན་ཏུ
་གྱི་ལོ་མའོ།། མནྡུ་ཀའི་འདབ་མ་ནཾ་མནྟ་ཀའི་ཞེས་བྱའོ།། ཀརྐ་ཏ་ནཱི་ལུག་གཱི་ར་འདྲེའོ།། ཀ་ལ་བེ་ལ་ནཾ་ཀུ་རུ་ཀ་ལ་བི་ལའི་འབྲས་བུའོ།། པརྦ་ཏ་ནི་ལྡུམ་བུ་སྒྲ་བཟངས་སོ།། ན་ཏི་ཀ་ནི་སྲན་མའི་སྦུར་རོ།། གོ་ཛི་ཧྭ་ནི་གླང་གི་ལྕེ་འདྲ་བ་སྟེ། ཀོཥྛ་ཀ་མུ་ལ་ཞེས་བྱའོ།། བ་ན་ཎི།
་ནི་པད་ཆ་ཀའོ།། ཀུ་ལི་ཀ་ནི་ཀཱ་ཀཱ་ཏིནྡུ་ཀའོ།། ནནྡི་ནཱི་མེ་ཏོག་ཛྙཱ་ཏིའི་ཤིང་ངོ་།། ཤེ་ཀུ་ན་ད་ནི་ཀ་ཏུ་ཀའོ།། ཀ་དེ་ལ་ནི་མེ་ཏོག་དམར་བའི་བུ་ན་རྣ་བའིའོ།། ཀོ་ཤ་ཏ་ཀ་ནི་སྦུབས་ཅན་ནོ།། ཀ་ཀ་ཤི་ནི་གྲགས་པར་ཟད་དོ།། པ་ཏོ་ལ་ཞིམ་སྲིན་ནང་སེལ།། ཞུ་རྗེས་མངར
་ལ་ཡིག་འབྱེད་ཅེས་བྱ་བ་ནི། བ་ཏོ་ལ་སོགས་པའི་སྡེ་ཚན་གྱི་ངེས་པར་བཟུང་བ་དོན་ཏོ།། པ་ཏི་ལ་ནི་ཞོམ་ཞིང་ཚིམ་པར་བྱེད་པ་དང་། སྲིན་ནད་སེལ་ཅིང་འཇོམས་པ་དང་། ནུ་རྗེས་མངར་བ་སྟེ། ཞུ་བའི་རྗེས་མངར་བ་དང་། ཤིན་ཏུ་ཡིག་འབྱེད་པར་བྱེད་པ
་ཡིན་ནོ།། འོབྲི་ཧ་ཏི་གཉིས་མཁྲིས་བསྐྱེད་འཁྲུ། དྲོད་བསྐྱེད་རླུང་ནི་འཇོམས་པ་ཡིན་ཞེས་བྱ་བ་ལ། བྲི་ཧ་ཏི་གཉིས་ལ་གཅིག་ནི་སྦོམ་མོ།། བྲི་ཧ་ཏི་ཞེས་བྱ་བ་ཡིན་ལ། གཉིས་པ་ནི་ཀཎྜ་ཀཱ་རི་ཞེས་བྱ་བ་སྟེ།། མིང་གཞན་ཀཱུ་ཎེས་བྱའོ།། བྲི་ཧ་ཏཾ་གཉི
་གཡང་མཁྲིས་པ་འཁྲུག་ཅིང་སྐྱེད་པ་ར་བྱེད་པ་དང་། དེ་བཞིན་དུ་མེ་དྲོད་བསྐྱེད་པ་དང་། ཁོང་འཁྲུ་བ་དང་། རླུང་འཇོམས་ཤིང་སལ་བ་ཡིན་ནོ།། བྲྀ་ཤོན་སློན་དང་ལུང་པ་འཇོམས།། ཁྲག་མཁྲིས་སིལ་བའི་དམ་པ་ཡིན་ཞེས་བྱ་བོ་ལ། པྲེ་ཤཾ་ནི་ཤ་བ
་ཀ། དོན་སྨན་ཅིང་སྐྲག་བྲོ་བ་དང་། ལུད་པ་འཇོམས་པ་དང་། ད་བཞིན་དུ་ཁྲག་པ་མཁྲིས་པ་ཤིན་ཏུ་སེལ་བའི་མཆོག་དམ་པ་ཡིན་ནོ།། ཀར་བེ་ལམ་ཁ་བ་དང་། དྲོད་བསྐྱེང་བན་ཀན་སེལ་མཆོག་ཡིན་ཞེས་བྱ་བ་ལ། ཀ་ར་བེ་ལ་བ་སྟེ། ཅུང་ཟད་ཁ
་བ་དང་། ཕྲ་བའི་མེ་དྲྀ་ད་བསྐྱེད་པ་དང་། དེ་བཞིན་དུ་བད་ཀན་སེལ་ཅིང་འཇོམས་པའི་མཆོག་ཡིན་ནོ།། བརྟ་ཀའི་རོ་ཚ་ཞིང་ཁ། མངར་བྲོ་བང་ཀན་རླུང་དག་སེལ། ལན་ཚྭ་བཅས་པ་མེ་དྲོང་བསྐྱེད། ཅེས་བྱ་བ་ལ། བརྟ་ཀ་ཞེས་བྱ་བ་མིང་གཞན་བེན་དང
་ནེས་བྱ་བའི་ཚོང་མ་ནི་རརྨེཞིང་ཁ་བ་དང་། མང་རེ་བ་དང་དྲོ་བའི་ནུས་པ་དང་ལྡན་པ་དང་། བད་ཀུན་དང་རླུང་འཇོམས་ཤིང་སེལ་བ་དང་། ལན་ཆེར་བཅས་པ་སྟེ། ཅུང་ཟད་ལན་ཚྭ་བློ་བ་དང་། མེའི་དྲོད་སྐྱེ་བར་བྱེད་པ་དང་། ཡིད་དུ་འོང་ཞིང་དགའ་བར
་བྱེད་པོ་དང་། ཟས་ལེན་ཅིང་ཡིག་འབྱེད་པར་བྱེད་པ་ཡིན་པ་དང་། མ་ཁྲིས་པ་མི་སྐྱེད་ཅེས་པ་མཁྲིས་པ་ལ་མི་གནོད་པ་ཡིན་ནོ།། ཀཱ་རི་ར་ནི་སྤོས་བྱེད་ཅིང་།། རོ་བསྐུ་མངར་ཞིང་ཁ་བ་ཡིན་ཞེས་བྱ་བ་ལ། ཀ་རེ་རོའི་ཚད་མ་ནི་ལྟོ་སྤྲོས་པར་བྱེད་པ་དང་།
་ང་བཞིན་དུ་རོ་བསྐ་བ་དང་། མངར་བ་དང་ཁ་བོ་ཡིན་ནོ།། ཀོ་ཤ་ཏ་ཀ་བལྒུ་ཛ།། འ་ཁྲུ་ཞིང་དྲོད་ནི་སྦྱང་བྱེད་ཡིན་ཞེས་བྱ་བ། ཀོ་ཤ་ཀ་ནི་ཨ་པ་མཆུའོ།། ཨཱ་བ.ཱུ་ཛཱ་ནི་སོ་མ་ར་ཛའོ།། དེ་དག་ནི་བྲོ་ཤང་གཅི་སླ་ཞིང་འཁྲུ་བར་བྱེད་པ་དང་། དྲོད་སྒྲེང་བར་བྱེད
་བ་ཡིན་ནི།། དརྟུལ་བསིལ་ནུབ་པ་དང་། རོ་མང་ཅུ་རྗེས་མངར་ཞིང་ཡང་། ཚོང་ནང་མ་ཁྲིས་ནང་དུག་ཁྲག་སིལ་ཞེས་བྱ་བ་ལ། དུཅུ་ལ་ནི་བཻ་རུ་ལ་ཏི། དེ་ནི་བསིལ་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཡིན་ནོ།། མུ་ཉྫ་ལས་བྱུང་ཆུ
་མཁྲིས་སེལ། སྣུམ་བསིལ་ལྕི་ཞིང་མངར་བ་དང་། ལུས་རྟས་ཁུ་བ་འཕེལ་བའི་མཆོག་ཅེས་བྱ་བ་ནི། རྩ་མུནྡ་ལས་བྱས་པའི་ཚོང་མ་ནི། རླུང་ལ་སོགས་པ་སེལ་བའི་མཆོག་ཡིན་ནོ།། པླཀྵཱ་ལྕི་འཁྲུ་བར
་བྱེད་ཅེས་བྱ་བ་ལ། པླ་ཀྵའི་ཚེད་མ་ནི་ལྕི་བའི་ཡོན་ཏན་དང་ལྡན་པས་ན་ཁོང་འཁྲུ་བར་བྱེད་པའོ།། ཨུ་པོ་ཏ་ཀ་ཆང་ནང་འཇོམས་ཤེས་བྱ་བ་ལ། ཨུ་པོ་ཏ་ཀ་ར་ནི་པ་ཏ་ཀྲི་ཏེ། དེས་ནི་ཆང་གིས་མྱོས་པ་འཇོམས་ཤིང་ལྕི་བ་དང་འཁྲུ་བ་ཡིན་ནོ།། ཙུ་ཙུ
་བློཀྵཱ་འདྲ་ལོས། དེ་ནི་འཁྲུ་གཅོད་བདག་ཉིད་ཅན་ཞེས་བྱ་བ་ལ། ཙུ་ཙུའི་ཚོད་མའི་ཡོན་ཏན་ནི་པླཀྵ་དང་འདྲ་ལ། དེ་ནི་ཡང་ཡོན་ཏན་འཁྲུ་བ་གཅོད་པའི་བདག་ཉིད་ཅན་ཡིན་གྱི། ཁོང་འཁྲུ་བར་བྱེད་པ་ནི་མ་ཡིན་ཏེ། ལྕི་བའི་ཡོན་ཏན་ཙམ་མཐུན
་པ་ཡིན་ནོ།། བི་ང་རི་ནི་རླུང་མཁྲིས་སེལ།། གཅིན་མཽང་མངར་ཞིང་བསིལ་བ་ཡིན།། འཚོ་བར་བྱེད་ཅིང་ལྐོག་ནད་སེལ།། ལུས་རྟའི་རོ་ཙ་ལྕི་བཅུང་ལེན།། ཞེས་བྱ་བ་ལ་བི་ད་རི་ནི་མིང་གི་རྣམ་གྲངས། སྲི་གཱ་ལི་ཁ་ཞེས་བྱ་བ་ཡིན་ལ། དེ་ནི་རླུང
་མཁྲིས་སེལ་བ་ལ་སོགས་པའི་ཡོན་ཏན་བྱེད་པ་དང་། འཚོ་བར་བྱེད་པ་ཞེས་བྱ་བ་དང་མདངོས་འཕེལ་ཞིང་ལུས་ཟུངས་སྙོམས་པར་བྱེད་པ་དང་། ལྐོག་ནོད་སེལ་བ་ལ་སོགས་པའི་མཚན་ཉིད་ཅན་ཡིན་ནོ།། ཛཱི་བིནྟི་མངར་བསིལ་བ་དང་། མིག
་ལ་པན་ཞིང་ཉེས་གསུམ་སེལ།། ཞེས་བྱ་བ་ལ། ཛཱི་བནྟིའི་ཚོང་མ་ནི་མངར་ཞིང་བསིལ་བའི་ནུས་པ་ལ་སོགས་པ་དང་ལྡན་པ་ཡིན་ནོ།། ཀུ་སྨཎྜ་བུཾ་ཤ་ཀ་ལི། ཀརྐ་དང་ནི་ཨེཪྻ་རུ།། ད་ན་དིས་ཞེས་བྱ་བ་དང་། ད་ན་དེས་དང་ག་གོན་དང་།། ཅི་ན
་ཀཱ་དང་ཙོན་ད།། བང་རླུང་བསྒྱུད་ཅིང་བཇུ་གཅིན་མང་།། བཤད་ཀྴ་མྦྷི་བུ་རྗེས་སྣང་ང།། ནས་བྷཱ་བ་ལཱ། སྱཱཏྤ་ལ་སོགས་པར་ཚད་མ་ནཱི།། རླུང་དང་བ་ནཱ་གནས་བསྟད་བར་བྱུང་ལ་སོགས་པའི་མཚན་ཉུང་ཅན་ཡིན་ན།། དཱལ་ཀཱསྶརྠཱ
་ནི་པུ་ཤཱ་པ་ལ་ཞེས་བྱ་བ་ཀུ་བོ་འདྲ་བ་ལ། ནང་ས་བོན་མང་པོས་གང་གིའོ།། བུཾ་ཤ་ནི་གུ་བ་འོ།། ཀཱ་ལིངྒ་དང་ཀཽནྟ་དང་།། ཨེརྦ་རུ་དང་། མོ་མ་ངོནི་དག་ནི་གགོན་གྱི་རྣམ་གྲང་སོ་ཡིན་ནོ།། འཁྲི་ཤིང་འབྲས་བུའི་ནང་ན་མཆོག། ཀུསྨཱ
་རླུང་མཁྲིས་སེལ། གཅིན་ནད་སེལ་ཅིང་རོ་ཙར་བྱེད་ཅེས་བྱ་བ་ལ། ཀུ་བ་ལ་སོགས་པ་འཁྲི་ཤིང་ལ་བརྟེན་ཏེ། སྐྱེས་པའི་འབྲས་བུ་རྣམས་ཀྱི་མཆོག་ནི་ཀུསྨཱཎྜ་ཡིན་ཏེ། དེ་ནི་རླུང་དང་མཁྲིས་པ་སེལ་བའི་དམ་པ་ཡིན་པ་དང་། གཅིན་ནིད་ཀྱི་རྒྱུན
་ལམ་སྦྱོང་ཞིང་སེལ་བར་བྱེད་པ་དང་། རྙོ་ཙ་བ་ཡིན་ནོ།། གཽ་གོན་ཤིན་ཏུ་གཅིན་མང་ཡིན་ཞེས་བྱ་བ་ནི། འཁྲི་ཤིང་ལ་བརྟེན་པའི་འབྲས་བུའི་ནང་ན། ག་གོན་ནི་མཆོག་ཏུ་གཅིན་མང་བ་ཡིན་ནོ།། ཀུ་བ་ཤིན་ཏུ་རྩུབ་པ་ཡིན་ཞེས་བྱ་བ་ནི། འཁྲི་ཤིང་ལ
་བརྟེན་པའི་འབྲས་བུའི་ནོང་ན། ཀུ་བ་ནི་ཤིན་ཏུ་རྩུབ་པ་ཡིན་ནོ།། ཀ་ལིངྒ་དང་ཨེརྻ་རུ།། ཙི་རཱི་མཁྲེག་གཞོན་མཁྲིས་སེལ་བསིལ།། སྨིན་པ་དེ་ལས་གཞན་དུ་བྱེད།། འབྲས་བུ་ལུངས་རྙིང་ལན་ཚྭར་བཅས།། མཁྲིས་པ་སྐྱེང་བད་ཀན་རླུང་ནང
་སེལ། ཡི་ག་འུ་བྱེ་ཞིང་དྲ་ཡིད་འོང་།། ཧེན་ལངས་ལྟོ་སྤྲོས་སེལ་ཞིང་ཡང་།། ཞེས་བྱ་བ་ལ། ཀ་ལིངྒ་དང་ཨེཪྻ་རུ་དང་། ཙིརྦི་ར་ནི་མཁྲེག་པ་སྟེ། བཤད་པ་ལ་སོགས་པ་སྲི་ཞིང་འབྱུང་བ་དཀའ་བར་བྱས་པ་ཡིན་ནོ།། དེ་བཞིན་དུ་གཞོན་པ་ཞེས་པ
་མ་ཡིན་ཞིང་། རོ་དང་ནུས་པ་དང་སྨིན་པ་མ་རྫོགས་ཤིང་དང་པོ་སྐྱེས་པའི་གཞོན་ནུ་ནི་མཁྲིས་པ་སེལ་བ་ཡིན་ལ། ནུས་པ་ནི་བསིལ་བ་ཡིན་ནོ།། སྨིན་པ་ནི་དེ་ལས་གཞན་དུ་བྱེད་པར་ཤེས་པར་བྱ་སྟེ། མཁྲིས་པ་བསྐྱེད
་བ་དང་ནུས་པ་ཚ་བ་ཡིན་ནོ།། དེས་ན་གཞོན་ནུ་ལས་གོ་བཟློག་པར་ཤེས་པར་བྱའོ།། འབྲས་བུ་རྙིངས་པ་ནི་འཁྲི་ཤིང་ལ་བརྟེན་པའི་འབྲས་བུའི་ལུང་སྟེ། གང་ན་ཀ་ལིངྒ་འམ། ཨེརྻ་རུ་འམ། ཙཽཪྵི་ར་དེ་གསུམ་གྱི་ལུང་དེངས་ཤིང་རྙིངས་པར་གྱུར་པ
་སྨིན་པ་ལས་ཀྱང་ཐལ་བར་གྱུར་པ་དེ་ནི་ལན་ཚར་བཅས་ཞེས་བྱ་བ་ཅུང་ཟད་ལོན་ཚ་བྲོ་བ་དང་། དེ་བཞིན་དུ་མཁྲིས་པ་བསྐྱེད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཡིན་ནོ།། ཧེན་ལངས་ཤིང་ལྟོ་སྤྲོས་པ་ནི་ནང་ན་མདུད་པར་འཆས་པར་སྙམ་བྱེད
་ཅིང་གྱེན་དུ་ལྡང་ལ། ཟུག་གཟེར་དང་བཅས་པས་ཤིང་མཁན་གྱི་ཐོ་བ་ལྟ་བུ་སྐྱེས་པ་སྙམ་བྱེད་པ་སྟེ། དོ་ན་ཧེ་ན་ལངས་ཤིང་ལྟོ་སྤྲོས་པའི་ནད་གཞིའི་སྐབས་ནས་བཤད་པ་ཡིན་ནོ།། དེ་ཡང་གཞུང་གཞན་དག་ལས། ཐོ་བ་ལྟ་བུར་སྲར་གྱུར་ཅིང་།། གྱེན
་དུ་རྒྱ་ཆེར་ལྡང་བ་དག། རླུང་གི་ལྟོ་སྤོས་ཞེས་བྱ་སྟེ། ཕྱིར་འབྱུང་ལམ་ནི་འགགས་བྱེད་ཡིན་ཞེས་བཤད་པ་ཡིན་ནོ།། བད་རྩ་རྩ་བ་ཨུཏྤལ་རྩ།། ཀུ་མུ་ཨུཏྤལ་ཆུ་བ་དང་།། ཆུས་པ་ཤི་ཀ་ལུ་ཌཱ་དང་། སྲིངྒ་ད་ཀ་ཤ་རུ་ཀ། ཀྲོནྣ་ད་ན་ཀ་ལོ་ཎྱ།། རྩུབ
་ཅིང་བཤང་སྲི་བསིལ་ཞིང་ལྕི་ཞེས་བྱ་བ་ལ། པདྨའི་རྩ་ལོག་གི་སྡོང་པོ་ནས། ཀ་ལོ་ཎྱའི་བར་གྱི་ཚོང་མ་ནི་རྩུབ་པའི་ཡོན་ཏན་དང་ལྡན་པས་ན་རྩུབ་པའོ།། བཤད་བ་སྲི་བ་ནི་འཁྲུ་བ་ལས་གོ་བཟློག་པའོ།། དེ་ཡང་སྨན་དཔྱད་ཀྱི་ལུང་ལས། བཤད
་ལ་སོགས་པ་འཇིག་བྱེད་ཅིང་། གོང་པོ་མེད་ཅེས་གང་དེ་འཁྲུ།། དེ་ལས་བཟློག་པ་བཤད་འགགས་ཏེ། དེ་ནི་སྒྲི་བ་ཞེས་བྱར་བཤད་ཅེས་བཤད་པ་ཡིན་ནོ།། བསིལ་བ་ནི་ནུས་པའོ།། ལྕི་བ་ནི་ཡིན་ནོ།། པདྨའི་རྩ་ལག་ནི་པདྨའི་རྩ་བ་ཕྲ་མོའོ།། གཞན
་དག་ནི་པདྨའི་རྩ་བའི་མྱུ་གུ་ཡིན་ནོ་ཞེས་ཟེར་རོ།། པདྨའི་རྩ་བ་དེ་ཉིད་ཀྱི་སྦོམ་པོ་ནི་པདྨའི་རྩ་བའོ།། ཤ་ལུ་ཀ་ནི་པདྨའི་རྣོ་བ་ཉིད་དོ།། ཨུཏྤ་ལ་དང་ཀུ་མུ་དིའི་རྩ་བ་དང་། ཆུ་བ་གང་ཡིན་པ་དེ་ནི་ཀུན་ནས་ཁྱིབ་པར་གནས་པའོ།། ཀ་ཡོ་ང་ནི་ཨུཏྤལ
་ཐུང་ངུའོ།། ཀྲོཉྫད་ན་ནཱི་ཀནྟ་ལའོ།། དེ་དག་ནི་རྩུབ་པ་དང་བཤང་གཅི་འགག་ཅིང་སྲི་བ་དང་། བསིལ་ཞིང་ལྕི་བ་ཡིན་ནོ།། ཀ་ལཾ་བ་དང་ནི་ལི་ཀ། མར་ཤེ་ཞེས་ནི་བྱ་བ་དང་།། ཀུན་ཏིཉྫ་ར་ཀུ་ར་ཁ། སེང་ཕྲོ་མ་ཡུང་མ་ལོ་མི་ཀ། ཀ་རུ་ཏ་ཀ
་ག་བེ་རུ།། འཚོ་བྱེད་དང་ནི་ཛུཉྫཱ་ཏ་དང་།། ཨེ་ཛ་གེ་ཛ་དག་དང་ནི།། ཡ་བ་ཤ་ཀ་ལྕམ་པ་དང་། ཨ་ལུ་ཀ་སོགས་ཐམས་ཅད་དང་། སྲན་ལོ་ཤིང་མངར་ལོ་མ་དག། མངར་ཞིང་རྩུབ་ལ་ལན་ཚྭ་བྲྀ།། བད་ཀཱན་རླུང་བསྐྱེད་ལྕི་བ་དང་།། བསིལ་ཞིང
་བཤང་གཅི་འབྱུང་སླ་བྱེད།། ཕལ་ཚོར་ཞུ་ནས་བཤད་གཅི་མཁྲེགས། ཆོས་ཤིང་ཁུ་བ་ལེགས་བཙིར་ནས།། མར་ཆེར་བཏབ་པ་ཉེས་མི་བསྐྱེད།། ཅེས་བྱ་བ་ལ། ཀ་ལ་བ་ནས་ནགས་མའི་བར་གྱི་ཚོང་མ་ནི་རོ་མངར་བ་དང་། རྩུས
་པའི་ཡོན་ཏན་དང་ལྡན་པ་དང་། ཅུང་ཟད་ལོན་ཚ་བྲོ་བ་དང་། བད་ཀན་བསྐྱེད་པར་བྱེད་པ་དང་། དེ་བཞིན་དུ་ལྕི་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དང་། ཕོལ་ཆེར་ཞེས་པ་མང་དུ་སྟེ། འདི་དག་ནི་ནང་ནས་ཚོང་མའི་ཁྱད་པར་ལ་ལ་ནི་རང་བཞིན
་འདི་ལྟ་རྒྱུ་མ་ཡིན་ནོ།། ནས་ཤེས་པར་བྱ་བའི་ཕྱིར་སྒྲ་སྨོས་པ་ཡིན་ནོ།། ཡང་ཀ་ལ་བ་ལ་སོགས་པའི་ཚང་མ་དེ་རྣམས་ཀྱང་། ཆོས་ཞིང་ཞེས་པ་ལེགས་པར་ཆོས་པར་བྱས་པ་དང་། དེ་བཞིན་དུ་ཁུ་བ་ལོགས་པར་བཅིར
་བ་ཞེས་བྱ་བ། ཚོས་པར་བྱས་པའི་འོག་ཏུ་ལག་པས་ཁུ་བ་ལེགས་པར་བཙིར་བ་དེ་ལ་དེ་སྐད་ཅེས་བྱའོ།། མར་ཆེར་བཏབ་པ་ཞེས་བྱ་བ་ནི་སྣུམ་ཤས་ཆེར་བཏབ་པ་དང་ལྡན་པའོ།། ཉེས་མི་སྐྱེད་ཅེས་བྱ་བ་ནི་ནད་ཀྱི་ཉེས་པ་རྣམས་ཤིན་ཏུ་བསྐྱེད་པ
་མ་ཡིན་ནོ་ཞེས་པའི་དོན་ནོ།། འདི་རྣམས་ཀྱང་མིང་གི་རྣམ་གྲངས་དང་། ཡུལ་ཡུལ་གྱི་སྐད་དག་ལས་ཤེས་པར་བྱའོ།། འོན་ཀྱང་འདིར་ཅུང་ཟད་ཅིག་བཤད་པར་བྱ་སྟེ། ཀ་ལི་བ་ནི་རི་ལས་སྐྱེས་པ། ཀ་ལི་ཀ་ཅེས་བྱའོ།། མར་ཤ་ནི་གན་དི་རི་ཞེས
་བྱའོ།། གུནྣིནྡྷཱར་ནི་འབྲས་བུ་ལས་ཚོང་མར་རུ་བྱས་པའོ།། སེང་ཕྲོ་མ་ནི་ཤ་བ་ར་པ་ཏ་སྟེ། རོ་ངའོ་ལོ་ནི་ཀ་ནི་ཁ་ཙེ་ནཱ་ལོ་ནཱ་ར་ཞེས་གྲགས་པའོ།། ཀུ་རུ་ད་ཀ་ནི་འབྲས་བུ་ཕྲ་མོ་སྟེ། ཤི་ཏི་བཱ་ར་ཞེས་བྱ་བའོ།། ག་བེ་དུ་ནི་འབྲུའི་བྱེ་བྲག་ཅིག་གོ།། འཚོ
་བྱེད་ནཱི་ཛཾ་བཱནྟིའོ།། ཛུ་ཛུ་ནི་ཛི་ན་ལོ། ཨེ་ཊ་ག་ཟོ་ནི་པུ་ན་ལའོ།། ཡབ་ཤ་ཀ་ནི་ནས་ཀྱི་ནང་ནུས་སྐྱེ་བ་ཀུན་ལ། རྒྱ་སྣེའུའི་ཁྱད་པར་གྱི་སྣེའུ་ཚོད་དོ།། ལྕམ་པ་ནི་གྲགས་པར་ཟད་ངོ་།། ཨ་ལུ་ཀ་ནི་རྣམ་པ་མང་སྟེ། ཨ་ལུ་ཀ་དམར་པོ་དང་། ཨ་ལུ་ཀ
་ཟླུམ་པོ་དང་། ཨ་ལུ་ཀ་ལྗང་གུ་དང་། ཨ་ལུ་ཀ་དམར་པོའོ།། སྲན་ལོ་ནི་སོན་སྲན་རྗེའུ་ལ་སོགས་པའི་འབྲུར་གཏོགས་པོའི་འདབ་མའོ།། ཤིང་མངར་གྱི་ལོ་མ་ནི་ལ་ཤྨ་ན་ཞེས་བྱའོ།། སེང་ཕྲོ་མ་འདབ་མ་ཞེས་བྱ་གང་། དེ་ནི་རྒྱ་སྣེའུ་དང་འདྲར་འདོད
་ཅེས་བྱ་བ་ལ། སེང་བྲོམ་ཟས་བྱ་བ་ཅི་བ་ལི་ལོ་འདབ་ཕྲ་མོ་ཡོད་པའི་ཚོང་མ་དེ་ནི་ཡོན་ཏན་རྒྱུ་སྣེའུ་དང་ཡོན་ཏན་གྱི་ཆ་འདྲ་བར་འདོད་དེ། རྒྱ་སྣེའུ་དང་ཡོན་ཏན་གྱི་ཆ་འདྲ་བའོ།། ཏརྐ་རི་བ་ར་ན་མངར། ཁ་བཅས་རླུང་དང་བད་ཀན་སེལ་ཞེས་བྱ་བ་ལ།
་ཏརྐ་རྀ་ཞེས་བྱ་བ་ནི་ཨགྣི་མནྟྲརཽ།། བ་ར་ན་ནི་ཏ་མ་ལ་སྟེ། དེ་གཉིས་ཀྱི་ཚོང་མ་ནི་མངར་ཞིང་ཞིམ་པ་དང་། ཁ་བཅས་ཞེས་བྱ་བ་ཅུང་ཟད་ཁ་བྲོ་བ་དང་། རླུང་དང་བད་ཀན་དག་སེལ་བར་བྱེད་པ་ཡིན་ནོ།། བུ་ཎར་རྣམ་གཉིས་ཀ་ལ་ཤ། ཅུང་ཟད་ཚྭ་བྲོ
་ཁ་ཞིང་ཚ།། དྲོད་བསྐྱེད་ཁོང་འཁྲུ་སྦྱར་དུག་དང་།། འོར་ནད་བད་ཀན་རླུང་ནང་འཇོམས་ཞེས་བྱ་བ་ལ། པུ་ཎཱ་ར་རྣམ་གཉིས་ཞེས་བྱ་བ་ནི། སྔོན་པོ་དང་དམར་པོའོ།། ཀ་ལ་ཤ་ཀ་ནི་ཨུཏྤ་ལའི་ཚོད་མ་འདྲ་བ་སྟེ། དེ་གསུམ་ཆར་ཡང་ཅུང་ཟད་ལན་ཚ
་བྲོ་བ་དང་། རོ་ཁ་བོ་དང་ཚ་བ་ཡིན་ཞིང་པོ་བའི་མེ་དྲོད་བསྐྱེད་པ་དང་། བཤང་གཅི་སླ་ཞིང་འཁྲུ་བར་བྱེད་པ་དང་། དེ་བཞིན་དུ་སྦྱར་བའི་དུག་ལ་སོགས་པ་འཇོམས་པ་ཡིན་ནོ།། ཙི་བི་ར་ཡི་མྱུ་གུ་ནི། དྲོད་བསྐྱེད་རླུང་དང་བང་སེལ་འཁྲུ་ཞེས
་བྱཱབྱ་བ་ལ། ཙི་བི་ར་ནི་ཀ་རཉྫ་སྟེ། མིང་གི་རྣམ་གྲངས་པྲེ་ཀིརྞྞ་ཞེས་བྱ་བའོ།། དེའི་མྱུ་གུ་ནི་མྱུ་གུ་རེ་འཐོན་པའོ།། དེ་ནི་མེའི་དྲོད་བསྒྱུར་ཅིང་རླུང་དང་བང་ཀན་གཉིས་སེལ་འཁྲུ་བར་བྱེད་པ་ཡིན་ནོ།། ཉེར་ཤིང་མྱུ་གུ་ཁ་བཱ་སྟེ། རོ་ཙ་ཉེས་གསུམ
་སེལ་བ་ཡིན། ཞེས་བྱ་བ་ལ། ཉེར་ཤིང་ཞེས་པ་ཤྭ་ཏོ་བཱ་རིའི་མྱུ་གུ་ནི་ཁྱ་བ་དང་། རོ་ཙོ་ཞིང་ཁུ་བ་འཕེལ་བ་དང་། ཉེས་པ་གསུམ་པོ་རླུང་དང་མཁྲིས་པ་དང་། བད་ཀོན་སེལ་ཞིང་འཇོམས་པ་ཡིན་ནོ།། སྨིག་མའི་སྨྱུ་གུ་རྩུབ་པ་དང་།
་ཁོང་ཚ་རླུང་དང་མཁྲིས་པ་བསྐྱེད་ཅེས་བྱ་བ་ལ། སྨྱིག་མའི་སྨྱུ་གུ་ནི་སྨིག་མའི་ཁྱི་གུ་སོར་འཐོན་པོའི་མྱུ་གུ་དེ། དེ་ནི་རྩུབ་པ་དང་། ཁོང་པ་ཟ་བར་བྱེད་པ་དང་། རླུང་དང་མཁྲིས་པ་སྐྱེ་བར་བྱེད་པ་ཡིན་ནོ།། བ་དུར
་ནི་དྲོད་བསྐྱེང་ཁ་མཆེར་པ་གཞང་འབྲུམ་བོང་རླུང་སེལ་ཞེས་བྱ་བ་ལ། བི་ཏུ་ར་ནི་ཉ་མིག་ལྔ་བུའི་སྨན་མཏྶ་ཀྵ་ཞེས་བྱ་བའོ།། དེ་ནི་མེའི་དྲོད་བསྐྱེད་པ་དང་རོ་ཁ་བ་དང་། མཆེར་པོ་ལ་སོགས་པའི་ནང་སེལ་བ་ཡིན་ནོ།། ཀ་ས་མཎྜ་སྲིན་ལུང་པ།།
་བད་ཀནྡ་སེལ་ཅིང་ཞུ་བྱེད་འཁྲུ་ཞེས་བྱ་བ་ལ། ཀ་ས་མརྡྷ་ནི་ཀ་ཤཱནྟི་ཞེས་བྱ་བ་སྟེ། དེ་ནི་སྲིན་ནང་དང་ལུད་པ་དང་། བད་ཀནཱ་སེལ་བར་བྱེད་ཅིང་ནད་རྣམས་ཞུ་བར་བྱེད་པ་དང་། འཁྲུ་བར་བྱེད་པ་ཡིན་ནོ།། ལྕེ་བརྒན་རྩི་ཚོང་རྩུབ་སྦྱར
་ཚ། དྷཱི་ཞིང་མཁྲིས་ལྲྀ་འཁྲུ་ཞེས་བྱི་བ་ལ་ལེ་བརྒན་རྩི་ཞེས་བྱ་བ་ཀུ་སུཾ་བྷཱུའི་ཚོད་མ་ནི་རྩུབ་པ་དང་རོ་སྒྱུར་བ་དང་ནུས་པ་ཚ་བ་དང་ལྕི་བ་ཡིན་ཞིང་མཁྲིས་པ་བསྐྱེད་ལ་ཁོང་འཁྲུ་བར་བྱེད་པ་ཡིན་ནོ།། ཡུངས་ཀར་ཚོད་མ་ལྕི་ཞིང་ཚ་ཁ་ཤད
་དང་གཅིན་འགག་ཉེས་ཀུན་བསྙེད་ཅེས་བྱ་བ་ལ། ཡུངས། ར་གྱི་ལོ་མའི་ཚོང་མ་ནི་ལྕི་ཞིང་ཚ་བ་དང་། བཤེ་ད་པ་དང་། གཅི་བ་གཉིས་འགག་ཤིང་སྲི་བར་བྱེད་པ་དང་། ཉེས་པ་གསུམ་པོ་ཐམས་ཅད་སྐྱེད་པར་བྱེད་པ་ཡིན་ནོ།། ལ་ཕུག
་གཞོན་ནུ་རོ་མི་གསལ།། ཅུང་ཟད་ཚྭ་བྲོ་ཁ་དང་བཅ་སུ།། གང་ཡིན་དེ་ནི་ཉེས་ཀུན་སེལ། ཡང་ཞིང་ཅུང་ཟད་ཚ་བ་དང་།། སྐྲན་དང་ལུད་གཅོང་དབུགས་མི་བདེ།། རྨ་དང་མིག་ནང་ལྐོག་ནང་སེལ།། སྐད་འགེགས་དྲོང་ཆུད་རྟག་སྐམས་དང་།།
་ཆམ་པའི་ནང་ནི་འཇོམས་པ་ཡིན་ཞེས་བྱ་བ་ལ། ལ་ཕུག་གང་གཞོན་ཞིང་ནར་མ་སོན་ལ། སྐྱེས་ནས་རིང་པོ་མ་ལོན་པ་དང་། རོ་མི་གསལ་བ་སྟེ། མངར་བ་ལ་སོགས་པའི་རོ་གསལ་བར་མ་གྱུར་ཅིང་། ཅུང་ཟད་ལན་ཚྭ་བྲོ་བ་དང་། ཁ་བ
་དང་བཅས་ཞེས་པ་ཅུང་ཟད་རོ་ཁ་བགོ་ཡོད་པ་དེའི་ལ་ཕུག་དེ་ནི་ཉེས་པ་ཀུན་སེལ་ཞེས་པ། ཉེས་པ་གསུམ་ཆར་སེལ་བ་དང་། ཡང་བ་དང་ཅུང་ཟད་ཚ་ཞིང་དྲོང་བསྐྱེད་པ་དང་། དེ་བཞིན་དུ་སྐན་ལ་སོགས་པ་འཇོམས་ཤིང་སེལ་བ་ཡིན་ནོ།།
་ནར་སོན་རོ་དང་བུ་རྗེས་ཚ།། དྲོང་བསྒྲེང་བྱེད་ཅིང་ཉེས་གསུམ་བསྐྱེད།། བད་ཀན་བསྐྱེད་ལྕི་ཞེས་བྱ་བ་ལ། གོང་ལ་ཕུག་སྦོམ་ཞིང་ནར་སོན་ལ་རྒས་པ་དེ་ནི་རོ་དང་ནུ་བོའི་རྗེས་ཆེ་བ་ཡིན་པ་དང་། དེ་བཞིན་དུ་དྲོད་བསྐྱེད་པའི་ནུས་པ་ཡོད་པ་དང་།
་ཉེས་པ་གསུམ་ཚར་བསྐྱེད་པ་དང་། མཆོག་ཏུ་ཡང་བད་ཀན་པོསྐྱེད་ཅིང་ལྕི་བ་ཡིན་ནོ།། བཙོས་པ་ནི་སྣུམ་ཞིང་དེ་ཡང་རླུང་སེལ་ཞེས་བྱ་བ་ལ། ལ་ཕུག་ཆེན་པོ་ནར་སོན་པ་དེ་མར་དང་ཤ་ལ་སོགས་པར་བཅོས་ཤིང་བརྡོས་པ་དེ་ནི་སྣུམ་ཞིང
་རླུང་སེལ་བར་བྱེད་པ་ཡིན་ནོ།། སྐམ་པོ་རླུང་དང་བད་ཀན་སེལ།། ཞེས་བྱ་བ་ནི། ལ་ཕུག་དེ་ནར་སོན་པ་དང་། མ་སོན་པ་དེ་གཉི་གཽ་ཡང་བསྐམས་པར་གྱུར་པའི་ཚོད་མ་ནི་རླུང་དང་བད་ཀན་འཇོམས་ཤིང་སེལ་བ་ཡིན་ནོ།། རྗེན་པ་ཐམས
་ཅིང་ཉེས་བསྐྱོད་ཡིན་ཞེས་བྱ་བ་ལ། ལ་ཕུག་དེ་གཞོན་པ་དང་ནར་སོན་པ་དང་། སྐམ་པོ་དང་རློན་པོ་ཡང་རུང་སྟེ། རྗེན་པ་ཞེས་བྱ་བ་མེས་བཙོས་པར་མ་བྱས་པ་ཐམས་ཅད་ནི་ཉེས་བསྐྱེང་ཡིན་ཞེས་བྱ་བ་ཉེས་པ་གསུམ་ཆར་བསྐྱེད་པ
་ཡིན་ནོ།། བུང་མ་ཚ་ཞིང་དྲོ་བ་དང་།། བད་ཀན་རླུང་སེལ་མཁྲིས་པ་བསྐྱེད་ཅེས་བྱ་བ་ནི། ཉུང་མ་དག་ནི་རོ་ཅུང་ཟད་ཚ་བ་དང་། ནུས་པ་དྲོ་བ་དང་། བད་ཀན་དང་རླུང་སེལ་བ་དང་། མཁྲིས་པ་བསྐྱེད་པ་ཡིན་ནོ།། ཀུ་ཐེ་ར་བྱིའུ་རུག་ཤི་ཀྲུ།
་སུ་སུ་ཁ་དང་སྐེ་ཚེ་དང་།། བུ་སྲིནྣ་དང་ཕ་ནི་ཚ།། ཛི་ནྟི་ག་ལེ་དང་ཛཾ་བི་ར།། དེ་ལ་སོགས་པའི་ལྡུམ་རྣམས་ནི།། བཤད་གཅི་སྲ་ཞིང་མི་དྲོད་བསྐྱེད།། ཁོང་པ་ཚ་ཁ་རྩུབ་ཅིང་དྲོ།། ཡིད་འོད་ལུས་དྲོ་ཡི་ག་འབྱེད།། མིག་གནོད་ཁུ་བ་སྨིན་འཇོམས་རྣོ།། སྐྲང་བར་བྱེད་དང
་ང་ཡིན།། ཤནྟ་མཱ་ལ་མཁྲིས་སེལ་ཞིང་།། བསིལ་ཞིང་ཞུ་རྗེས་མངར་བ་དང་།། རོ་མངར་བསྐ་ཞིང་ཁ་པ་སྟེ།། བད་ཀན་དག་ཀྱང་སེལ་བཱ་བཤང་།། ཅེས་བྱ་བ་ལ། ཀུ་ཐེ་ར་ལ་སོགས་པའི་ལྡུམ་དང་རློན་པོ་རྣམས་ནི། བཤང་གཅི་སྲི་ཞིང་བསྒོང་བའི་མཚན་ཉིད་ཅན།།
་དྲོད་བསྐྱེད་པར་བྱེད་པའི་ནུས་པ་ཡོད་པ་དང་། ཁོང་པ་ཚ་ལམ་ལམ་པོར་བྱེད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དང་། སྐྲང་བར་བྱེད་ཅིང་རང་གི་ཚད་ལས་ལྷག་པར་བསྐྱེད་པ་དང་ཡང་བ་ཡིན་ནོ།། ཀུ་ཐེ་ར་ནི་ཀ་ཤི་རུ་ཀ་ཞེས་བྱ་བ་འདབ་མ་ཆུང་བ
་ཞིག་ཡོད་པ་ཡིན་ནོ།། ཤི་ཀྲུ་ནི་སོ་བཉྫ་ནའོ།། སུ་མུ་ཁ་ནི་བ་ན་ཏིཀྟའོ།། སྐེ་ཚེ་ནི་ཨ་སུ་རའོ།། ཕ་ནི་ཛ་ནི་མ་རི་ཙེ་ཀའོ།། ཛི་བི་ར་ནི་ལོ་མ་རྩུབ་ཅེས་བྱ་བ་ནི། སྐྱར་རྩི་ཆེན་པོའོ།། ཛི་ནྟི་ག་ལེ་ནི་ཀུ་ཐེ་རའི་དབྱེ་བ་ཨརྫ་ཀ་ཞེས་བྱ་བ་འདབ་མ་ཕྲ་བ་ཞིག་གོ།།
་སོགས་པ་ནི་གཞན་དག་བསྡུ་བའོ།། ལྡུ་མེ་ནི་རྗེན་དད་ཀྱི་མིང་གི་རྣམ་གྲངས་སོ།། བྱིའུ་རུག་སྐྱིགས་ལུང་དབུགས་མི་བདེ། རྩིབ་ལོགས་ཟུག་དུག་ཁ་མནམ་སེལ་ཞེས་བྱ་བ་ལ། ཀུ་ཐེ་ར་ལ་སོགས་པའི་སྡེ་ཚན་ལས། སུ་ར་ས་བྱིའུ་རུག་པ
་ཞེས་བྱ་བ་ནི་སྐྱིགས་བུ་ལ་སོགས་པའི་ནད་འཇོམས་པ་དང་། རྩིབས་ལོགས་ཟུག་པ་སྟེ། རྩིབས་ལོགས་ནས་གཟེར་བ་ལ་ཕན་པ་ཡིན་ནོ།། དུག་ནི་སྦྱར་བ་ལ་སོགས་པའོ།། ཁ་མནམ་པ་ནི་དྲི་མི་ཞིམ་པ་སྟེ། དེ་ཡང་ཁ་ཟས་ལ་སོགས་པ་དང་འབྲེལ་པ
་ལས་ཁ་དྲི་མི་ཞིམ་པར་གྱུར་པ་སྟེ། དེ་དག་སེལ་ཏོ།། སུ་མུ་ཁ་ནི་རབ་ཚ་མན།། སྦྱར་དུག་འོར་ནད་སེལ་བ་ཡིན་ཞེས་བྱ་བ་ལ། ཀུ་ཐེ་རའི་སྡེ་ཚན་གྱི་ནང་ནས། སུ་མུ་ཀ་ནརྀ་རབ་ཏུ་ཚ་བ་མ་ཡིན་ཏེ། དེ་ཡང་སྦྱར་དུག་དང་འོར་ནད་སྐྲང་བག་དུ་གྱུར
་པ་སེལ་བ་ཡིན་ནོ།། འུ་སུའི་ལོ་མི་ཁ་ཞིང་མངར།། གཅིན་མང་མཁྲིས་པ་བསྐྱེད་མ་ཡིན་ཞེས་བྱ་བ་ལ། འུ་སུའི་ལོ་མ་ནི་ཨཱརྟི་ཀ་ཞེས་བྱ་སྟེ། དེ་ནི་ཁ་ཞིང་མངར་བ་ཡིན་པ་དང་། གཅིན་མང་བར་བྱེད་པོ་ཡི་ན་ཞིང་། མཁྲིས་པ་ནི་བསྐྱེད་པར
་བྱེད་པ་མ་ཡིན་ནོ།། སྒོག་སྒྱུ་རབ་ཏུ་རྣོ་ཞིང་ཚ།། ཞུ་རྗེས་ཚ་ཞིང་འཁྲུ་བ་དང་།། ཞིམ་ཞིང་སྒྲ་སྐྱེད་ལྕི་རོ་ཙ།། སྣུམ་ཞིང་དྲོད་བསྐྱེང་ཡི་ག་འབྱེད།། ཤ་བཀྲ་མཛེ་སྐྲན་གཞང་འབྲུམ་དང་། གཅིན་ནད་སྲིན་དང་བད་ཀན་རླུང་།། སྐྱིགས་བུ་ཆ་མོ་པ
་དབུགས་མི་བདེ།། ལུད་པ་སོལ་ཏེ་ཁྲག་མཁྲིས་བསྐྱེད་ཅེས་བྱ་བ་ལ། སྒོག་སྱཱ་ནཱི་ར་ས་ནེ་ཞེས་བྱ་བ་སྟེ། དེ་ནི་རབ་ཏུ་ཤས་ཆེར་ཚ་བ་དང་། རྣོ་བ་དང་དེ་བཞིན་དུ་ཞུ་བའི་རྗེས་ཀྱང་རབ་ཏུ་ཚ་བ་དང་། འཁྲུ་བར་བྱེད་པ་དང་། ཞིམ་ཞིང་ཡིད་དུ
་འོང་བ་དང་། སྐྲ་འབྱི་བ་བསྐྱེད་པ་དང་། ལྕི་ཞིང་ཡང་བ་མ་ཡིན་པ་དང་། རོ་ཅི་ཞིང་འཁུ་བ་འཕེལ་བ་དང་། སྣུམ་པའི་ཡོན་ཏན་དང་ལྡན་པ་དང་། དྲོད་བསྐྱེད་པ་ནིས་ལུད་པ་སེལ་བའི་བར་གྱི་ཡོན་ཏན་དང་ལྡན་པ་དང་། ཁྲག་དང་མཁྲིས
་པ་བསྐྱེད་ཅིང་འཕེལ་བར་བྱེད་པ་ཡིན་ནོ།། ཀུན་དོང་དེ་ལས་ཡོན་ཏན་དམན།། བང་ཀན་བསྐྱེད་མཁྲིས་རབ་མི་བསྐྱེད་ཅེས་བྱ་བ་ལ། ཀུན་དོང་ཞེས་བྱ་བ་ནི་པ་ལཎྜཱ་ཞེས་བྱ་བའི་སྒོག་པ་སྟེ། དེ་ནི་དེ་ལས་ཡོན་ཏན་དམན་ཞེས
་བྱ་བ། སྒོག་སྐྱའི་ཡོན་ཏན་ལས་ཆུ་དོ་ཞིང་དམན་པ་ཡིན་ནོ།། བད་ཀན་སྐྱེད་པར་བྱེད་ཅིང་མཁྲིས་པ་ནི་ཧེ་ཅང་རབ་ཏུ་སྐྱེད་པར་མི་བྱེད་དོ།། ཀེའུ་བོཅོས་དུག་སྦྱར་ཟོས་པ་ཡིས།། བོད་ཀན་རླུང་དང་གཞོང་འབྲུམ་སེལ།། རྣོ་ནིང་རྟག་པ་སྲི་བ་དང་། དེ་ནི་མཁྲིས
་ཅན་ལ་ཕན་མི་ནོ་ཞེས་བྱ་བ་ལ། ཀེའུ་གཏུབས་ཤིང་བཙོས་ཏེ་དུག་ཏུ་སྦར་བ་དང་། དེ་བཞིན་དུ་ཁ་ཟས་སུ་ཟོས་པ་སཽ་ནི་བད་ཀན་ལ་སོགས་པ་སེལ་བར་བྱེད་པ་དང་། རྣོ་བ་དང་རྟག་པ་སྲི་ཞིང་མཁྲོགས་པར་བྱེད་པ་དང་། ཀེའུ་དེ་ནི་མཁྲིས་པ་ཅན
་གྱི་སྐྱེས་བུ་ལ་ཕན་ཞིང་བདེ་བར་མི་བྱེད་དེ། ནད་དེ་སྨོས་པའི་རྒྱུར་མོ་འགྱུར་པ་ཡིན་ནོ།། སུ་ར་ན་དྲོད་བསྐྱེད་ཟས་ལེན།། བད་སེལ་དྲི་མ་སྦྱོང་ཞིང་ཡང་།། མཆོག་ཏུ་གཞང་འབྲུམ་དག་ལ་ཕན་ཞེས་བྱ་བ་ལ། སུ་ར་ནི་སྡོང་བུའི་རྣམ་པ་སྒོམ་པ་ཞིག་སྟེ། དེ་ནི
་མེ་དྲོད་སྐྱེད་པར་བྱེད་པ་དང་། ཁ་ཟས་ལེན་ཅིང་ཡི་ག་འབྱེ་བ་ལ་སོགས་པའི་ཡོ་ན་ཏན་དང་ལྡན་པོ་ཡིན་ནོ།། སྤྱང་ཕྲུམ་ཤིན་ཏུ་ཉེས་བསྐྱེད་ཡིན་ཞེས་བྱ་བ་ལ། ཚོད་མའི་ནང་ནས་སྤང་ཕྲུ་མ་ནི་ཤིན་ཏུ་ངན་ཅིང་ཉེས་པ་ཐམས་ཅད་བསྐྱེད་པ་ཡིན
་ནོ།། མེ་ཏོག་འདབ་མ་འབྲས་ཡལ་ག། སྡོང་བུ་རིམ་བཞིན་ལྕི་བ་ཡིན་ཞེས་བྱ་བ་ལ། མེ་ཏོག་ལ་སོགས་པའི་ཚོང་མ་དང་། ལྡུམ་བུ་རྣམས་ནི་མེ་ཏོག་ལ་སོགས་པའི་རིམ་གྱིས་འོག་མ་ལྕི་བ་ཡིན་ཏེ། མེ་ཏོག་གི་ཚོང་མ་ལས་ལྟོས་ན་མོ
་འདབ་ཀྱི་ཚོད་མ་ལྕི་བ་ཡིན་ལ། དེ་བས་ནི་འབྲས་བུའི་ཚོད་མ་དང་། དེ་བས་ཀྱང་ཡལ་གའི་ཚེད་མ་ལྕི་བ་ཡིན་ནོ།། དེ་བས་སྡུམ་བུའི་ཚོང་མ་ཤིན་ཏུ་ལྕི་བ་ཡིན་ནོ།། ལྡུམ་གྱི་ངང་རྟེན་པར་བཟའ་བ་རྣམས་ལ་ཡང་། རིམ་པ་འདི་བཞིན་ཤེས
་པར་བྱའོ།། ཚོང་མའི་རབ་མཆོག་འཚོ་བྱེད་ཡིན།། ཡུངས་ཀར་ཚོད་མའི་ཐ་ཆང་ཡིན་ཞེས་བྱ་བ་ལ། པ་ཏ་ལ་སོགས་པ་ཚོད་མའི་སྡེ་ཚན་རྣམས་ཀྱི་ནང་ནས། རབ་མ་ཏོག་ནི་འཚོ་བྱེད་ཅེས་བྱ་བའི་ཚོད་མ་ཡིན་ལ། ཡུངས་ཀར་གྱི་ལོ་མའི་ཚོད་མ
་ནི་ཐ་མ་སྟེ་ཀུན་གྱི་ཐ་ཆད་ཡིན་ནོ།། ཚོད་དང་རྣམས་ཀྱི་སྡེ་ཚན་ནོ།། ། ཟས་ཀྱི་ནང་ན་ཤིང་ཏོག་ནི་ཐ་མར་བཟའ་བར་བྱ་བ་ཡིན་པ་དང་། དེ་བཞིན་དུ་བཟའ་བར་བྱ་བ་ལ་དགོས་པོར་གྱུར་པ་ཡིན་པས། འདི་དག་སྨོས་པ་ཡིན་ཏེ། རྒུན
་འབྲུམ་འབྲས་བུའི་མཆོག་ཡིན་ཏེ། རོ་ཙ་མིག་ཕན་བཤང་གཅི་སྨྲ།། མངར་ཞིང་ཞུ་རྗེས་སྣུམ་པ་དང་།། ཅུང་ཟད་བསྐ་ཞིང་བསིལ་ལ་ལྕི།། རླུང་དང་ཁྲག་མཁྲིས་སེལ་བྱེད་ཅིང་།། ཁ་ནོང་ཁ་བྲོ་ཆང་ནད་དང་།། སྐོམ་ལུད་ཚ་རིམས་དབུགས་མི་བདེ།། སྐད
་འཛེར་གློ་རྡོལ་གློ་གཅོང་སེལ་ཞེས་བྱ་བ་ལ། རྒུན་འབྲུམ་ནི་ཤིང་ཏོག་རྣམས་ཀྱི་ནང་ན་མཆོག་དང་དམ་པར་གྱུར་པ་ཡིན་ལ། དེ་ནི་རོ་ཙ་བ་དང་། མིག་ལ་ཕན་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། ཚིག་གི་དོན་ནི་གོ་སླའོ།། བལ་པོ་སེའུ
་མངར་མཁྲིས་རྒྱས་དང་། ཉེས་པོ་གསུམ་པོ་སེལ་བ་ཡིན་ཞེས་བྱ་བ་ལ། བལ་པོ་སེའུ་རོ་མངར་བ་དེ་ནི་མཁྲིས་པ་རྒྱས་ཤིང་། ཤས་ཆེར་འཕེལ་བ་དང་། རླུང་ལ་སོགས་པའི་ཉེས་པ་གསུམ་ཆེར་ལ་ཡང་ཕན་པ་ཡིན་ནོ།། སྒྱུར་བ་མཁྲིས་བསྐྱེད
་མིན་ཅུང་དྲོ།། རླུང་དང་བད་ཀུན་འཇོམས་པར་བྱེད་ཅེས་བྱ་བ་ལ། བལ་པོ་སེ་རུ་སྦྱར་བ་གང་ཡིན་པ་དེ་ནི། སྦྱར་བ་ཉིད་ཀྱིས་ན། མཁྲིས་པ་བསྐྱེད་པར་བྱེད་པ་ཡིན་མེད་ཀྱི་མཁྲིས་བསྐྱེད་མིན་ཞེས་བྱ་བ་འདིས་དེ་བཀག་པ་ཡིན་ནོ།།
་ཅུང་དྲོ་ཞེས་པ་འདི་ཤིན་ཏུ་ཚ་བས་མ་ཡིན་གྱི་ཅུང་ཟད་དྲོ་བའི་དོན་ཏོ།། དེ་ཡང་རླུང་དང་བ་ཀན་གཉིས་ནི་འཇོམས་པ་པོ་བྱེད་པ་ཡིན་ནོ།། སེའུ་ཀུན་ཀྱང་ཡིད་འོང་སྣུམ།། ཡང་ཞིང་བཤང་སྲ་དྲོད་ཟས་ལེན་ཞེས་བྱ་བ་ལ། སེ་རུ་ཀུན་ཀྱོང་ཞེས་པ་མངར་པོ་དང་། སྒྱུ
་པ་དང་། མངར་སྒྱུར་འདྲེན་མ་ཐམས་ཅད་ཀྱང་། ཡིད་དུ་འོང་ཞིང་དགའ་བར་བྱེད་པ་དང་། སྣུམ་པ་དང་། ཡང་བའི་ཡོན་ཏན་དང་ལྡན་པ་དང་། བཤང་བ་སྲ་ཞིང་མཁྲེགས་པ་དང་། ཕོ་བོའི་མེ་དྲོད་སྐྱེད་པ་དང་། འབྲས་ཆན་ལ་སོགས་པའི་ཟན་ལེན་ཅིང་ཡི་ག
་འབྱེད་པ་ཡིན་ནོ།། མོ་ཙེ་བྲ་གོ་བ་ན་ས། རྨྱ་སྟཱར་པ་རུ་ཤ་ཀཾ་དང་། ཨ་མྲ་ཏཱ་ལོ་ཀ་མར་འབྲས།། ར་ཛ་དན་མ་ནུའི་འབྲས།། རྒྱ་ཤུག་སི་བཻ་རཱ་ཨོཾ་ཀོ་ལ།། བམྦུ་སླེ་ས་མ་ཏའི་འབྲས་བུ།། ཏ་མལླི་ཤུ་སྟར་གོའི་འབྲས།། མྱུ་གུག་ང་རྒྱལ་དང་། ཨ་རུ་མ་ན་བི་མཱ་མ་ཝས།། བྱེད་ཀྱི
་བསིལ་བ་ཡིན།། ལུས་ཆགློ་རྡོལ་གློ་གཅོད་སིལ།། ཁྲག་དང་མཁྲིས་པ་སྙོམས་པར་བྱེད།། ཞུ་རྗེས་མངར་ཞིང་སྣུམ་པ་དང་།། བཤད་སྲི་བད་ཀན་ཁུ་བ་འཕེལ་ཞེས་བྱ་བ་ལ། ཤིང་ཏོག་མོ་ཙེ་ནས། བི་ཡཱ་ལའི་བར་གྱི་འབྲས་བུ་རྣམས་ནི་རྟས་པར་བྱེད་པ་སྟེ།
་ཤརྒྱས་པར་བྱེད་པ་དང་། དེ་བཞིན་དུ་ལྕི་བ་དང་། བསིལ་བའི་ཡོན་ཏན་དང་ལྡན་པོ་ཡིན་ཞིང་། ལུས་ཚ་བ་དང་། གློ་རྡོལ་པ་དང་། གཙང་སེལ་བ་ཡིན་ནོ།། དེ་ལ་གྲོ་རྡོལ་བ་ནི་བྲང་གི་ཕྱོགས་ནས་ཁྲག་འབྱུང་ཞིང་རྡོལ་བའོ།། གློ་གཅོང་ནི་ལུས་ཟུངས་ཟད་པ་སྟེ།
་སྐེམ་ནད་དང་། གཅོང་ཆེན་པོ་ཞེས་མིང་གི་རྣམ་པར་གྲགས་པའོ།། དེ་ཡང་སྨན་དཔྱད་ཀྱི་ལུང་ལས་གློ་གཅོང་ཟང་བྱུང་སྐེམས་བྱེད་དང་། ནད་ཀྱི་རྒྱལ་པོ་ཞེས་ཀྱང་བྱ། ཞེས་བྱ་བཤད་པ་ཡིན་ནོ།། གཞན་དག་ནི་གོ་བར་ཟད་དོ།། ཤིང་ཏོག་ལ་སོགས་མོ་ཙ་ནི་ཆུ
་ཤིང་གི་འབྲས་བུའོ།། ར་ཛ་དན་ནི་བ་ར་ན་བཱི་ཡ་ཞེས་བྱའོ།། ཏ་ལའི་འབྲས་བུ་མཁྲིས་བྱེད་འཁྲུ།། ཞེས་བྱ་བ་ནི། མོ་ཙ་ལ་སོགས་པའི་ཤིང་ཏོག་རྣམས་ཀྱི་ནང་ནོས། ཏ་ལྀ་རི་འབྲས་བུ་ནི་མཁྲིས་པ་བསྐྱེད་ཅིང་འཕེལ་བར་བྱེད་པ་དང་། ཁོང་འཁྲུ་བ་ཡིན་ནོ།།
་ཀཥྨ་རིའི་འབྲས་བསིལ་དང་། བཤད་གཙོ་འགག་པོ་སེལ་བྱེད་ཅིང་།། སྒྲ་བསྐྱེད་ཡིད་གཞུངས་བཅུད་ལོ་ནི་འགྱུར།། ཞེས་བྱ་བ་ལ། ཤིང་ཀཥྨ་རིའི་འབྲས་བུ་ནི་བསིལ་བའི་ནུས་པ་དང་ལྡན་པ་ནས། བཅུད་ལེན་གྱི་བྱ་བ་བྱེད་པར་འགྱུར་བའི་བར་གྱི་ཡོན
་ཏན་དང་ལྡན་པར་འགྱུར་བ་ཡིན་ནོ།། པ་ཏ་མ་སོགས་དྲོ་བ་དང་།། བད་ཀན་མ་ཁྲིས་པ་སྐྱེད་བྱེད་ཅིང་།། འཁྲུ་བསྣུམ་ཞིང་མཆོག་ཏུ་རླུང་སྐྱེད་ཅེས་བྱ་བ་ལ། པ་ཏ་མ་ལ་སོགས་པ་ནས། པི་ལ་ཡའི་བར་གྱི་ཤིང་ཏོག་ནི་དྲོ་བའི་ནུས་པ་དང་ལྡན་པ་དང་། དེ
་བཞིན་དུ་བད་ཀན་དང་མཁྲིས་པ་བསྐྱེད་ཅིང་། ཁོང་འཁྲུ་ལ་སྣུམ་པ་དང་། མཆོག་ཏུ་ཤས་ཚེ་རླུང་འཕེལ་བར་བྱེད་པ་ཡིན་ནོ།། པི་ལཱ་ཡའི་འབྲས་ཚ་བ་མིན་ཞེས་བྱ་བ་ལ། བི་ལཱ་ཡའི་འབྲས་བུའི་ཤིང་ཐོག་ནི་ཚ་བ་མིན་ཞེས་བྱ་བ་སྟེ། བསིལ་བའི་ནུས་པ
་ཅན་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། བི་ལྀ་ཡ་ཡི་ཚིག་གུ་མངར།། རོ་ཙ་མཁྲིས་པ་རླུང་ནད་སེལ་ཞེས་བྱ་བ་ལ། བི་ལ་ཡའི་འབྲས་བུའི་ནང་གི་ཚིག་གུ་ནི་རོ་མངར་བོ་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ།། རྒྱ་ཤུག་ཚི་གུའི་ཡོན་ཏན་ནི། དེ་འདྲ་སྐོམ
་སྨོན་ལུང་སེལ་ཡིན། རྒྱ་ཤུག་ནང་གི་ཚིག་གུའི་ཡོན་ཏནན་བི་ལ་ཡའི་འབྲས་བུའི་ཡོན་ཏན་དང་ལྡན་པ་བས། དེ་ལས་ལྷག་པའི་ཡོན་ཏན་སྐོམ་ནང་དང་། སྨོན་བྲོ་བ་དང་ལུང་པ་སེལ་བར་བྱེད་པ་ཡིན་ནོ།། བེལ་འབྲས་སྦྱིན་པ་འཇུ
་དཀའ་ཞིང་།། ཉེས་བསྐྱེད་ཕྱེན་ནི་དྲི་ངན་བྱེད་ཅེས་བྱ་བ་ལ། བིལླའི་འབྲས་བུའི་སྨིན་པར་གྱུར་པ་ནི་འཇུ་དཀའ་བ་སྟེ། ཡོངས་སུ་འདུ་ཞིང་སྨིན་པར་དཀའ་བ་དང་། ཉེས་པ་གསུམ་བསྐྱེད་པ་དང་། བྱིན་གྱི་དྲི་ང་ཞིང་མོནོམ་པར་བྱེད་པ་ཡིན་ནོ།། མ་སྨིན་དྲོད
་བསྐྱེད་པད་རླུང་སེལ་ཞོས་བྱ་བ་ལ། བིལླའི་འབྲས་བུ་དེ་མ་སྨིན་པ། མིང་གི་རྣམ་བིར་བིལླའི་ག་གོན་ཞེས་གྲགས་པ་སྨིན་པར་མ་གྱུར་པ་གང་ཡིན་པ་དེ་ནི་མེའི་དྲོད་བསྐྱེད་པ་དང་། དེ་བོ་ཞིན་དུ་བང་ཀན་དང་རླུད་སེལ་བ་ཡིན་ནོ།། དེ་དག་གཉི་ག་འཁྲུ་བ་གཅོད
་བྱེད་ཅེས་བྱ་བ་ལ། བིལླའི་འབྲས་བུ་སྨིན་པ་དང་། མ་སྨིན་པ་དེ་གཉིས་གཉི་ག་ཡང་འཁྲུ་བ་གཅོད་པ་སྟེ། བཤད་པ་སྡུད་པའི་མཚན་ཉིད་ཅན་ཡིན་ནོ།། མ་སྨིན་ཀཽ་བིང་མགུལ་ནང་དང་། ཉེས་པ་ཀུན་བསྐྱེད་ཅེས་བྱ་བ་ལ། ཀ་པིད་ཏ་མ་སྨིན་པ་ནི། མགུལ
་ནོད་སྐྱེད་ཅིང་སྐད་གསངས་ཉམས་པར་བྱེད་པ་དང་། ཉེས་པ་ཀུན་བསྐྱེད་ཅེས་བྱ་བ། ནད་གཞི་གསུམ་ཆར་བསྐྱེད་པར་བྱེད་པ་ཡིན། སྨིན་པ་ནི་ཉེས་འཇོམས་སྐྱིགས་བུ་སློན་བློ་སེལ་ཞེས་བྱ་བ་ལ་ཀཽ་པིང་ཐ་སྨོན་པ་ནི་ཉེས་འཇོམས་ཞེས་པ་ཉེས་པ
་གསུམ་ཆར་སེལ་བ་དང་། དེ་བཞིན་དུ་སྐྱིགས་བུ་དང་། སྨོན་བྲོ་བའི་ནད་སེལ་བ་ཡིན་ནོ།། ཀུན་ཀྱང་འཁྲུ་གཅོད་དུགོ་འཇོམས་ཡིན་ཞེས་བྱ་བ་ལ། ཀ་པི་ད་ང་སྨིན་པོ་དང་། མ་སྨོན་པ་ཐམས་ཅད་འཁྲུ་བ་གཅོད་པའི་མཆོག་ཏུ་གྱུར་པ་དང་། དུག་འཇོམས
་ཤིང་སེལ་བར་བྱེད་པ་ཡིན་ནོ།། འཛམ་བུའི་ཤཱིང་ཏོག་བཤང་སྲི་བྷི།། བསིལ་ཞིང་ཤིན་ཏུ་རླུང་བསྐྱེད་ཡིན།། བཤད་དང་གཅི་བ་གཅོད་བྱེད་ཅིང་།། ལྐོག་མ་ལ་གནོད་པང་མཁྲིས་སྤེལ་ཞེས་བྱ་བ་ལ། ཤིང་འཛམ་བུའི་ཤིང་ཐོག་ནི་བཤང་གཅི་སྲི་ཞིང་། རྒྱུན
་འགོག་པར་བྱེད་པ་དང་། ལྕི་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དང་། བད་ཀན་དང་མཁྲིས་པ་སེལ་བའི་བར་གྱི་མཚན་ཉིད་དང་ལྡན་པ་ཡིན་ནོ།། ཨ་མྲའི་འབྲས་བུ་མ་སྨིན་རླུང་།། ཁྲུག་མཁྲིས་སྐྱེད་བྱེད་རུས་ཆགས་པ།། བང་ཀན་མཁྲིས་བསྐྱེད
་མིན་རླུང་བསྐྱོད།། ལྕི་མངར་བད་ཀན་ཁུ་བ་འཕེལ་ཞེས་བྱ་བ་ལ། ཨ་མྲའི་ཤིང་ཏོག་མ་སྦྱིན་པ།། གཞོན་ནུ་ནི་རླུང་དང་མཁྲིས་པ་དང་བད་ཀན་དག་སྐྱེད་པར་བྱེད་པ་སྟེ། རླུང་ལས་གྱུར་པའི་ཁྲག་དང་མ་ཁྲིས་པ་ལས་གྱུར་པའི་ཁྲག་བསྐྱེད་པར་བྱེད་དོ་ཙས
་བྱ་བའི་དོན་ནོ།། རུས་པ་ཆག་པ་ནི་ཚིག་གུའི་རུས་པ་སྨྱོས་པ་སྟེ། རུས་པ་ཆགས་པའི་ཨ་མྲ་དེ་ནི་བད་ཀན་དང་མཁྲིས་པ་བསྐྱེད་པ་ཡིན་ནོ།། ཨ་མྦའི་འབྲས་བུ་དེ་སྨིན་ཞིང་ནར་སོན་པའི་རླུང་སེལ་བ་དང་ལྕི་བ་དང་། རོ་མངར་བ་དང་། བད་ཀན་དང་ཁུ་བ
་འཕེལ་བར་བྱེད་པ་ཡིན་ནོ།། བྲྀཀྵཱ་ཨཾ་ལ་རྩུབ་བཤད་སྲྀ།། ལྕི་ཆ་བད་ཀན་རླུང་དག་འཇོམས་ཞེས་བྱ་བ་ལ། བྲྀཀྵ་ཨཾ་ལ་ནི། ཏིནྟི་ལི་ཀཾ་སྟེ། དེ་ནི་རྩུབ་པ་དང་། བཾ་ཤྭང་བ་སྲི་ཞིང་བསྐོང་བ་དང་། ལྕི་བ་དང་། ནུས་པ་ཚ་བ་དང་། བད་ཀན་དང་རླུང་དག
་འཇོམས་ཤིང་སེལ་བར་བྱེད་པ་ཡིན་ནོ།། ཤ་མྱ་ཚ་ལྕི་སྐྲ་གནོད་རྩུབ་ཅེས་བྱ་བ་ལ། ཤིང་ཤ་མྱོའི་འབྲས་བུ་ནི་ནུས་པ་ཚ་བ་དང་། རང་བཞིན་ལྕི་བ་དང་། སྒྲ་ལ་གནོད་ཅིང་འབྱི་བར་བྱེད་པ་དང་། ནུབ་པར་གྱུར་པ་ཡིན་ནོ།། པི་ལུའི་འབྲས་བུ་མཁྲིས
་པ་བསྐྱེད། བང་ཀན་རླུང་ནད་སེལ་ཅིང་འཁྲུ།། མཆེར་བ་གཞང་འབྲུམ་སྐྲན་སྲིན་སེལ་ཞེས་བྱ་བ་ལ། ཤིང་པི་ལུའི་འབྲས་བུ་ནི་མཁྲིས་པ་སྐྱེད་པར་བྱེད་པ་དང་། བད་ཀན་ལ་སོགས་པ་སེལ་བའི་མཚན་ཉིད་དང་ལྡན་པ་ཡིན་ནོ།། པི
་སུ་མངར་ཞིང་ཁ་བ་དང་། ཤིན་ཏུ་ཚ་མིན་ཉེས་གསུམ་འཇོམས་ཞེས་བྱ་བ་ལ། བི་ལུའི་འབྲས་བུ་གང་མངར་བ་དང་། ཅུང་ཟད་ཁ་བ་དེ་ནི་ཤིན་ཏུ་ཚྭ་མིན་ཞེས་པ་སྟེ། ཅུང་ཟད་ཙམ་དྲོ་ཞིང་ཚ་བའི་ནུས་པ་དང་ལྡན་པ་ཞེས་བྱ་བའི་དོན་ཏེ། དེ་ནི་རླུང་ལ་སོགས་བྲི
་ཉེས་པ་གསུམ་འཇོམས་ཤིང་སེལ་བ་ཡིན་ནོ།། བ་ལུང་ཤུན་ཁ་ཚ་ཞིང་སྣུམ།། རླུང་ནང་སེལ་བར་བྱེང་བ་ཡིན་ཞེས་བྱ་བ་ལ། པ་ལུང་ནི་མ་དུ་ལུངྒ་ཞེས་བྱ་བ་སྟེ། མིང་གི་རྣམ་གྲངས་བི་ཛ་པུ་ར་ཞེས་བྱ་བའོ།། དེར་ཤུན་པ་ཅིས་བྱ་བ་ནི་སྟེང་གི་ཤུན་ལྤགས་ཀྱི་རོ
་ནི་ཁ་ཞིང་ཚ་བ་ཡིན་པ་དང་། དེ་བཞིན་དུ་སྣུམ་ཞིང་རླུང་ནང་སིལ་བར་བྱེད་པ་ཡིན་ནོ།། བ་ལུང་འབྲས་ཤ་རྟས་བྱེད་དང་། རླུང་ནང་མཁྲིས་པ་སེལ་ཞིང་ལྕི་ཞེས་བྱ་བ་ལ། བ་ལུ་དོའི་འབྲས་བུའི་ཤ་ཞེས་པ། འབྲས་བུའི་ལྤགས་པོའི་ནང་རིམ་པགས་པ་དང་འབྲེལ
་ཏིཉེ་བར་གནས་པ་དེ་ནི་ཉེས་པར་བྱེད་པ་སྟེ། ལུས་ཉམས་རྟས་ཤིང་རྒྱོས་པར་བྱེད་པ་དང་། རོ་མངར་བ་ཡིན་ཏེ། དེ་ནི་རླུང་དང་མཁྲིས་པ་སེལ་བ་དང་ལྕི་བ་ཡིན་ནོ།། དེའི་རྐང་ཡང་སྐྱིགས་ལྡང་པ། དབུགས་མི་བང་དང་ཆང་ནད་སེམ།། ཁ་སྐམ་རླུང་ང
་བད་ཀན་དང་།། རྟག་སྲ་སྐྱུག་བྲོ་ཡི་ག་འཆུས།། སྨན་དང་གཞང་འབྲུམ་གཟེར་ནད་དང་།། མེ་དྲོད་ཆུང་བ་ཉིད་སེལ་ཏོ།། ཞེས་བྱ་བ་ལ། བ་ལུ་དེའི་རྐང་སྟེ། ནང་ན་གནས་པའི་སྐྱུར་པོ་གང་ཡིན་པ་དེའི་ཡང་བ་ཡིན་ལ། དེས་ཀྱང་སྐྱིགས་བུ་ལ་སོགས
་བའི་ནང་ནས་དྲོད་ཆུང་བའི་བར་སེལ་ཅིང་འཇོམས་པ་ཡིན་ནོ།། ནཱ་རིགའི་འབྲས་མངར་ཅུང་སྒྱུར། ཡི་གར་འོང་ཞིང་ཁ་ཟས་ལེན།། ལྕི་ཞིང་རླུང་ནི་རབ་བསྐྱེད་པའི།། ཡོན་ཏན་ལྡན་པར་ཤེས་པར་བྱ་ཞེས་བྱ་བ་ནི། སྐྱུར་རྩི་ཆུང་ངུའི་འབྲས་ནི་རོ་མངར་ཞིང་ཅུང
་ཟང་སྒྱུར་བ་ཡིན་ཏོ།། དེ་ནི་ཡི་གར་འོང་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པར་ཀྲིས་པར་བྱའོ།། བསོ་ཞིང་འབྲས་བུའི་ཤུན་པོ་ཤ། ཁོང་རྟས་བྱེད་ཅིང་མངར་ལ་བསོལ།། ཞེས་བྱ་བ་ལྀ། བོསེ་ཤིང་གི་འབྲས་བུ་བལྟ་དཀའ་ཞེས་བྱ་བ་སྟེ།
་མིང་གི་རྣམ་གྲངས་ཨ་རུ་སྐ་ར་ཞེས་བྱ་བ་དེ་ནི་ཤུན་པ་དང་ནང་གི་ཤ་ནི་ཁོང་རྟས་ཤིང་ལུས་རྒྱས་པར་བྱེད་པ་དང་། རོ་མངར་ཞིང་ཞིམ་པ་དང་། བསིལ་བའི་ཡོན་ཏན་དང་ལྡན་པ་ཡིན་ནོ།། དེའི་རུས་མི་མཉམ་ཡིད་གཞུངས་བྱེད། བང་ཀོན་རླུང་ནི
་སེལ་བའི་མཆོག་ཅེས་བྱ་བ་ལ། བསོ་ཤིང་གི་འབྲས་བུ་དེའི་རུས་པ་སྟེ། ཚིག་གུ་ནི་རྣོ་བས་མེ་དང་མཉམ་པ་དང་། ཕྱི་རོལ་ཏུ་བསྐུས་ན་ཆུ་བུར་འབྱུང་བར་བྱེད་པས་ན། མེ་དེང་མཉམ་པ་ཞེས་བྱ་བ་ཡིན་ལ། དེ་བཞིན་དུ་ནང་དུ་བཏང་བའི་སྨན་དང
་སྦྱར་བ་ལས་ཀྱང་། མྱུར་དུ་ཟས་འཇུ་བར་བྱེད་ཅིང་དྲོང་མཆོག་ཏུ་སྐྱེད་པར་བྱེད་པས་ཙི་ཏྲ་ཀ་དང་མཚུངས་པ་ཡིན་ནོ།། མེ་དང་མཉམ་ཞེས་བྱའོ།། ལ་ལི་ནི་རྣོ་བ་དང་ཚ་བ་དང་མེ་ལྟར་ཆུ་བུར་འབྱིན་པར་བྱེད་པ་སཱ། མེ་དང་མཉམ་པ་ཡིན་པར་འདོད་དོ།།
་གཞན་དག་ནི་མེ་དང་མཉམ་པ་ཞེས་བྱ་བ། ཙི་ཏྲ་ཀ་དང་མཉམ་པར་ཡོན་ཏན་དང་ཉེས་པ་སྐྱེད་པར་བྱེད་པས་ཙཻ་ཏྲ་ཀ་དང་མཚུངས་པ་ཡིན་ནོ་ཞེས་ཟེར་མོད་ཀྱི། དེ་ནི་རིགས་པ་མ་ཡིན་ཏེ། ཙི་ཏྲ་ཀའི་སྟོབས་མེ་དང་མཉམ་ཞེས་བྱ་བའི
་སྐབས་སུ་ཚུལ་ཇི་ལྟར་བཤད་པར་བྱ་སྟེ། འདིར་ནི་མེ་ཉིད་དང་མཉམ་པར་དཔེར་སྦྱར་བར་རིགས་ཀྱི། བསེ་ཤིང་གི་རུས་པ་དང་མི་སྦྱར་རོ།། ཡིད་གཞུངས་བྱེད་ཅེས་བྱ་བ་ནི། བློ་རྣོ་བ་ལ་ཕན་པ་སྟེ། ཤེས་རབ་ཐོབ
་བར་བྱེད་པའོ།། དེ་བཞིན་དུ་བད་ཀན་རླུང་ནི་སེལ་བའོ་ཞེས་བྱ་བ་སྟེ། བད་ཀན་དང་རླུང་སེལ་ཅིང་འཇོམས་པ་དྲོ་བྱེད་ལ། དེ་ཡང་མཆོག་ཏུ་སེལ་བར་བྱེད་པོའོ།། ཀུ་ཤུ་མ་གཉིས་ལྕི་བ་སྟེ། མངར་སྒྱུར་བསིལ་དང་ཚ་བ་ཡིན།། ཡི་ག་འབྱེ
་ཞིང་མི་རབ་འབྲི་ཞེས་བྱ་བ་ལཾ། ཀུ་ཤུ་ནི་ཙེའུ་སྟེ། དེ་ཡང་རྣམ་གཉིས་ཞེས་བྱ་བ་མངར་བ་དང་སྦྱར་བ་རྣམ་པ་གཉིས་ཡོད་དེ། དེ་གཉི་ག་ཡང་ལྕི་བོ་ཡིན་ལ། དེ་གཉིས་ལས་གོ་རིམ་བཞིན་དུ་མང་བ་ནི་བསིལ་བ་ཡིན་ལ། སྒྱུར་བ་ནི
་ཚཆ་བའི་ནུས་པ་དང་ལྡན་པ་ཡིན་ནོ།། དེ་བཞིན་དུ་ཡི་ག་འབྱེ་བར་བྱེད་ཅིང་། མེ་འི་དྲོད་རབ་ཏུ་འབྲི་བར་བྱེད་པ་ཡིན་ནོ།། ཁམ་ཤ་ཡི་ག་འབྱེད་ཅིང་མངར། སྨིན་པ་མྱུར་དུ་འཇུག་པར་འགྱུར། ཤིན་ཏུ་ཚ་མིན་ལྕི་ཉེས་བསྐྱེད་ཅེས་བྱ་བ་ལ།
་ཁམ་ཤའི་དབྱེ་བ་ནི་རྣམ་པ་བཞི་སྟེ། དེ་ཡང་སྨན་དཔྱད་ཀྱི་ལུང་ལས། ཁམ་ཤ་དང་ནི་ཁམ་རྒོད་དང་།། ཙི་ལི་སོགས་དང་རྒྱ་ཁམ་སྟེ།། དེ་ནི་རིགས་ཀྱི་ཁྱད་པར་གྱིས།། ཁམ་བུ་རྣམ་པ་བཞིར་ཤེས་བྱ།། ཞེས་བཤད་པ་ཡིན་ནོ།། དེ་བཞི
་ཆར་ཡང་ཡི་ག་འབྱེད་ཅིང་ཟས་ལེན་པར་བྱེད་པ་དང་། རོ་མངར་བ་དང་། ཤིན་ཏུ་སྨིན་ཅིང་ཚོས་ནས་ནི།། མྱུར་དུ་འཇུ་བར་འགྱུར་བ་ཡིན་ནོ།། ཤིན་ཏུ་ཚི་མིན་ཞེས་བྱ་བ་ནི།། ཅུང་ཟད་ཙམ་ནུས་པ་ཚ་བོ་དང་།། དེ་བཞིན་དུ་ཤིན་ཏུ་ལྕི་བ་དང་།
་ཤིན་ཏུ་ཉེས་པ་སྐྱེད་པ་ཡིན་ཏེ། ཅུང་ཟད་ལྕི་བ་དང་། ཅུང་ཟད་ཉེས་པ་བསྐྱེད་པ་ཡིན་ནོ།། རྒུན་འབྲུམ་པ་རུ་ཤ་ཀ་དང་།། ཀ་རཱ་མར་དང་བཅས་རློན་སྒྱུར།། མཁྲིས་པ་བད་ཀན་བསྐྱེད་ཅིང་འཁྲུ།། སྤྱི་ཞིང་སྣུམ་ཆ་རླུང་འཇོམས་སོ།། ཞེས་བྱ་བ་ལ།
་རྒུན་འབྲུམ་དང་། བརྦ་ཤ་ཀཱ་དང་། ཀ་ར་མར་དང་བཙོས་པ་རློན་པ་སྟེ། སྐམ་པོ་མ་ཡིན་པ་དང་། མ་སྨིན་ཅིང་སྦྱར་བར་འགྱུར་བ་ནི་མཁྲིས་པ་དང་བདག་ན་འཕེལ་ཞིང་སྐྱེད་པར་བྱེད་པ་དང་། ཁོང་འཁྲུ་བ་དང་ལྕི་བ་དང་། རླུང་འཇོམས་ཤིང་སོལ་བ་དང་།
་རྒྱ་ཤུགས་སྒྱུར་ཐུང་ལི་ཀུ་ཙེ།། ཨ་མྲ་ཏ་ཁཾ་དེ་བཞིན་ནོ།། ཞེས་བྱ་བ་ལ་སྔར་བཤད་པའི་བཞིན་དུ་རྨྱ་ཤུག་ནི་ཁམ་བུའི་འབྲས་བུ་དག་དང་། ཆ་འདྲ་བ་ཡིན་ཏེ། རྒྱ་ཤུགས་སྐྱུར་པོ་ནི་ཨཾ་སྨ་གོ་སླའོ།། རྒྱ་ཤུག་ཐུང་ངུ་ནི་ཀརྐ་དུའོ།། དེ་བཞིན་ནོ་ཞེས
་བྱ་བ་ནི་འབྲེས་བུ་དེ་དག་རློན་ཞིང་སྒྱུར་བར་འགྱུར་བ་ནི་སྔ་མ་དང་འདྲ་བར་མཁྲིས་པ་བད་ཀན་སྐྱེད་ཅིང་འཁྲུ་བ་དང་། ལྕི་ཞིང་ནུས་པ་ཚ་ལ་རླུང་འཇོམས་པ་ཡིན་ནོ།། ཨེ་རཱ་པ་ཏི་ཏཽ་ཏ་དང་། མྲྀ་གྷ་ལིནྡ་ཛཱི་བིར་བཅས།། སྨིན་དང་ཀ་ར་མརྷ་སྐམ།། མཁྲིས
་པོ་ཤིན་ཏུ་སྐྱེད་བྱེད་ཡིན།། ཞེས་བྱ་བ་ལ། ཨེ་ར་མ་ཏི་དང་། ཏུ་ཏ་དང་། མྲྀ་ག་ལིནྡ་དང་། ཛཾ་བི་ར་སྨིན་པ་དག་ནི་མཁྲིས་པ་ཤིན་ཏུ་སྐྱེད་པ་མ་ཡིན་ལ། དེ་བཞིན་དུ་ཀ་ར་ཡརྷ་སྐམ་པོ་ཡང་མེ་ཁྲིས་པ་ཤིན་ཏུ་སྐྱིད་པར་བྱེད་པ་མ་ཡིན་ཏེ།
་མཁྲིས་པ་ཅུང་ཟོང་སྐྱེད་དོ་ཞེས་དོན་གྱིས་སྟོན་པ་ཡིན་ནོ།། ཨཻ་ར་བ་ཏི་ནི་བ་རཾ་གའོ།། ཛཾ་བི་ར་ནི་དཏྟ་ཤ་ཐིའོ།། ཨོཾ་ལི་ཀ་དང་རྒྱ་ཤུག་སྦྱོར།། སྐམ་པོ་དྲོང་སྐྱེད་ལ་བྲུ་བ་དང་།། སྐོམ་དང་ངལ་དང་རྒྱབ་སེལ།། ཡང་ཞིང་རླུང་དང་བང་ཀན་འཇོམས།།
་ཞེས་བྱ་བ་ལ། ཨཾ་ལི་ཀ་ནི་ཙྪ་ཏྲི་ཀའོ།། རྒྱ་ཤུག་སྐྱུར་པོ་ནི་ཀོ་ལི་ཀའོ།། འབྲས་བུ་དེ་གཉིས་སྐམ་པར་གྱུར་པ་མེའི་དྲོད་བསྐྱེད་པ་དང་། བཤད་གཅི་སླ་ཞིང་འཁྲུ་བ་དང་། སྐོམ་དང་དང་ངལ་བ་དང་རྨྱ་བ་སེལ་བ་དང་། དེ་བཞིན
་དུ་ཡང་བ་དང་། རླུང་དང་བད་ཀན་དག་ཀྱང་འཇོམས་ཤིང་སེལ་བ་ཡིན་ནོ།། དེ་ལས་བུ་ཀུན་ཐ་ཆང་། ལི་གུ་ཙི་ཏེ་ནད་ཀུན་སློང་ཞེས་བྱ་བ་ལ། དེ་ལས་ཞེས་བྱ་བ་འབྲས་བུའི་སྡེ་ཚན་རྣམས་ལ། འབྲས་བུ་དེ་རྣམས་ཀྱི་ཐ་ཆད་ཅེས་པ། ཐ་མ་ནི་ལི་གུ
་ཅི་ཞེས་བྱ་བ་ཡིན་ཏེ། དེས་ནི་ནད་ཀུན་སློང་ཞེས་བྱ་བ་ཉེས་པ་གསུམ་པོ་མཐའ་དག་སྐྱེད་པར་བྱེད་པ་ཡིན་ནོ།། ཁ་བ་མོ་དང་རླུང་གནོད་ཉེན།། སྦྲུལ་གྱི་ཁ་ཆུ་སོགས་པས་ཕོག། སྲིན་བུས་ཟོས་དང་ཆུ་ནང་ལྷུང་།། ས་ངན་དུས་མིན་སྐྱེས་པ་དང་།
་འབྲུ་གཞན་འདྲེས་ཤིང་མཐུ་ཉམས་པ།། ཤིན་ཏུ་རྙིངས་གྱུར་འབྲུ་སྤང་བྱ་ཞེས་བྱ་བ་ལ། འབྲུ་ཁོ་བ་ལ་སོགས་པས་ཉེན་ཅིང་ཉམས་པ་རྣམས་སྤང་བར་བྱ་སྟེ། གནོད་པས་ཉེན་པའི་སྒྲ་ནི་ཀུན་ལ་སྦྱར་བར་བྱ་སྟེ། དེས་ན་ཁ་བའི་གནོད་པས་ཉེན་པ
་དང་། དེ་བཞིན་དུ་མེས་ཚིག་པའི་གནོད་པས་ཉེན་པའམ། ཐན་པས་ཁྱེར་པོ་དང་། རླུང་གིས་གནོད་པ་སྟེ། འབྲུ་གནོད་པ་རླུང་རྩུབ་མོས་ཉེན་པ་དང་། དེ་བཞིན་དུ་སྦྲུལ་ལ་སོགས་པའི་ཁ་ཆུས་བོགས་པ་ཏེ་སོགས་པའི་སྒྲས་ནི་རོ་བསྲེགས
་བའི་དྲིས་ཕོག་པ་དང་། བཤད་པ་དང་གཅི་བས་ཕོག་པ་བསྡུའོ།། སྲིན་བུས་ཟོས་པ་ནི་འབུ་སྲིན་རྣམས་ཀྱིས་ཟོས་པའོ།། ཆུ་ནད་ལྟུང་བ་སྟེ། ཚུའི་ནང་དུ་རྩེ་མོའི་བར་དུ་ནུབ་པ་དང་ས་ངན་པ་སྟེ། མི་མཐུན་པའི་སར་སྐྱེས་པ་སྟེ། དེ་ཡང་འབྲས
་བུ་གང་དང་གང་དུ་སྐྱེ་བར་འོས་པའི་ས་དེ་མ་ཡིན་པ་གཞན་དག་ཏུ་སྐྱེས་པ་ནི་མི་མཐུན་པར་སྐྱེས་པའོ།། དུས་མ་ཡིན་པར་སྐྱེས་པ་ནི་སྨིན་པའི་དུས་སུ་མ་ཕྱིན་པ་སྟེ། འབྲུ་གང་དུས་གང་དུ་སྐྱེས་པར་གྲགས་པ་དེ་ལས་གཞན་པའི་དུས་ངག་ཏུ་སྐྱེ་ས་པ་ཞེས
་བྱ་བའི་དོན་ཏེ། དེའི་མཚན་ཉིད་ནི་རོ་ལ་སོགས་ཡོངས་སུ་མ་རྫོགས་པས་གནོད་པ་ཡིན་ནོ།། འབྲུ་གཞན་དང་ལྡན་ཞིང་ཞེས་བྱ་བ་ནི་རིགས་མི་མཐུན་པའི་གཞན་དག་དང་འདྲེས་པར་གྱུར་པ་སྟེ། དཔེར་ན་འབྲས་རཀྟ་ཤ་ལི་ཙཾ་སྣོར་ནི་འབྲས་ཡ
་བཽ་ཀ་ཞེས་བྱ་བ་ནས་འདྲ་དང་འདྲེས་ན་གནོད་པ་ཡིན་ནོ།། དེ་བཞིན་དུ་མོན་སྲན་རྡེའུ་སུཏྤ་ནི་མོན་སྲན་གྲེའུ་མཱ་ཥ་དང་མི་མཐུན་པ་ཡིན་ནོ།། དེ་བཞིན་དུ་གྲ་མ་ཅན་ཡང་གྲ་མ་ཅན་གྱི་རིས་མི་མཐུན་པ་དང་འདྲེས་པ་དང་། གང་བུ་ཅན་ཡང་གང་བུ་ཅན་གྱི
་རིས་མི་མོ་ཐུན་པ་དང་འདྲེས་པ་སྤང་བར་བྱའོ།། ལ་ལ་དག་ནི་འབྲུ་གྲ་མ་ཅན་ནི་འབྲུ་གང་བུ་ཅན་དང་མི་མཐུན་པ་ཡིན་ནོ།། ཞེས་ཟེར་རོ།། དེ་བཞིན་དུ་གཞན་དག་ནི་སར་བ་དང་རྙིང་པ་འདྲེས་དག་ནི་འབྲུ་གཞན་འདྲེས་པ་ཡིན་ནོ་ཞེས་ཟེར་རོ།། དེ་བཞིན་དུ
་མཐུ་ཉམས་ཤིང་ཤིན་ཏུ་རྙིངས་པ་སྟེ། ལོ་མང་པོར་ལོན་ཉིད་ཀྱིས་ཤིན་ཏུ་རྙིངས་པར་གྱུར་པས་མཐུ་ཉམས་ཤིང་། ནུས་པ་ཟད་པའི་འབྲུ་སྤང་བར་བྱའོ།། དེ་ཡང་རྒྱུད་གཞན་དག་ལས། ལོ་གཅིག་ལོན་ན་འབྲུ་ཐམས་ཅད།། ལྕི་བ་ཉིད་ནི
་སྤོང་གྱུར་གྱི།། དེ་ཡི་ནུས་པ་འདོར་མ་ཡིན།། དེ་ནས་རིམ་གྱིས་འདོར་བར་འགྱུར་ཞེས་བཤད་པ་ཡིན་ནོ།། དེས་ན་མཐུ་ཉམས་ཤིང་ཤིན་ཏུ་རྙིངས་པར་གྱུར་པའི་འབྲུ་ཡང་སྤང་བར་བྱའོ།། ཚོད་མའང་དེ་བཞིན་རྩུབ་པ་ནི།། གཡོས་པ་དག་དང་མི
་རྙིང་དང་།། རོ་ནི་སྨིན་པར་མ་གྱུར་དང་།། ལ་ཕུག་མ་གཏོགས་སྐམ་པོ་དང་།། ཞེས་བྱ་བ་ལ། ཚོད་མའང་དེ་བཞིན་ཞེས་པ་ཁ་བ་ལ་སོགས་པས་ཉེན་པ་སྤང་བར་བྱའོ།། དེ་བཞིན་དུ་རྩུབ་པོ་བཙོས་པ་སྟེ། རྩུབ་པ་ཉིད་དུ་བཙོས
་བ་ནི་རྩུབ་པོར་གཡོས་པའམ། ཡང་ན་རྩུབ་པོ་སྟེ་དང་བ་དང་ཞོ་ག་ཆུ་དང་། སྐྱུར་པོ་ལ་སོགས་པ་དང་། གཡོས་པ་ནི་རྩུབ་པོར་གཡོས་པའོ།། མི་རྙིང་པ་ནི་སྲ་བ་སྟེ། རང་བཞིན་གྱིས་སྲ་བ་འམཽ། གཡོས་སུ་བྱས་པས་སྲ་བའོ།། དེ་བཞིན་དུ་རོ་སྨིན་པར་མ
་གྱུར་པ་སྟེ། རོའི་ར་ང་བཞིན་ཡོངས་སུ་རྫོགས་པར་མ་གྱུར་པའོ།། དེ་བབཞིན་དུ་ལ་ཕུག་མ་གཏོགས་པ་སྐམ་པོ་སྤང་བར་བྱ་སྟེ། གང་གི་ཕྱིར་ལ་ཕུག་སྐམ་པོ་ནི་བཟའ་བར་བྱ་བར་སྔར་བཤད་པའི་ཕྱིར་རོ།། འབྲས་བུའང་ཕལ་ཆེར་དེ་བཞིན་ཏེ། བིལ་བ་མ
་གཏོགས་རློན་པ་སྤང་ཞེས་བྱ་བ་ལ། འབྲས་བུ་ཤིང་ཏོག་ཀྱང་ཕལ་ཆེར་མང་དུ་དེ་བཞིན་ཏེ། ཇི་ལྟར་འབྲུ་ཁ་བ་ལྀ་སོགས་པས་ཉོན་ཅིང་སྣད་པ་དང་། འབུས་ཟོས་པ་དང་། ཆུར་རླུང་བ་དང་། ས་ངན་པ་ལ་སྐྱེས་པ་དང་། དུས་མ་ཡིན་པར་སྐྱེས་པ
་དང་། རོ་མ་སྨིན་པ་དང་། སྐམ་པོ་སྤང་བ་བྱ་བ་ཡིན་ནོ།། ཕལ་ཆེར་ཞེས་སྨོས་པས་ནི་འབྲུ་གཞན་དང་འདྲེས་པ་དང་རྩུབ་པོར་གཡོས་པ་ལ་སོགས་པ་དང་། འདིར་མི་སྦྱར་བ་དང་། རྒུན་འབྲུམ་ལ་སོགས་པོས་ནི། སྐམ་པོ་ཡང་སྦྱོར་བ་དོག་ལ
་དགོས་ཤིང་སྐྱོན་མེད་པར་སྣང་བས། དེ་དོག་མ་གཏོགས་པར་ཤེས་པར་བྱ་བའི་ཕྱིར། ཕལ་ཆེར་སྨོས་པ་ཡིན་ནོ།། དེ་བཞིན་དུ་ཤིང་ཏོག་ཐམས་ཅད་ཀྱང་རློན་པ་སྟེ། སྨིན་པར་མ་གྱུར་པ་སྤང་བར་བྱའོ།། དེ་ལ་བིལ་བ་ནི་མ་གཏོགས་ཏེ། དེའི་མ
་སྨོན་པའི་སྦྱོར་བའི་ཡོན་ཏན་ཆེན་པོ་དག་དྲང་སྲོང་གིས་བཤང་བ་ཡིན་ནོ།། འདིར་གཞན་དག་ཐམས་ཅད་ནི་ཅི་རིགས་པར་སྔ་མ་བཞིན་དུ་སྦྱར་བར་བྱའོ།། ཟས་ཀྱི་ཚུལ་ཤེས་པར་བྱ་བ་འདིར་འབྲུ་དང་ཤ་དང་ཚོད་མ་དང་ཤིང་ཏོག་འབྲས་བུ་གྲགས་པ་དང་། མ
་གྲགྲོགས་པོ་རྣམས་ཀྱི་མིང་མ་སྨྲས་པ་དེ་དག་ནི་ཡུལ་མང་པོ་མཐོང་ཞིང་ཐ་སྙད་ལ་མཁས་པ་རྣམས་ལས་ཤེས་པར་བྱའོ།། སྐྱེས་བུའི་སྡེ་ཚོན་ནོ།། ། ད་ནི་ལན་ཚྭ་ལ་སོགས་པ་དག། ཟས་ཀྱི་གཡོས་ལ་དགོས་པ་དང་། སྨན་པ
་སྦྱར་བ་ལ་སོགས་པ་གང་ཡིན་པ་དེ་བརྗོད་པར་བྱ་སྟེ། ལན་ཚྭ་ཀུན་ཀྱང་བདེ་ཀན་བསྐྱེད།། སྲ་ནིང་ཤད་གཅི་ག་བྱིན་ལ་འཇོམས།། རླུང་འཇོམས་འདུ་བྱེད་ཆནང་ནོ།། ཡི་ག་བནྱེ་ཞིང་བང་མཁྲིས་བསྐྱེད་ཅེས་བྱ་བ་ལ། ལན་ཚྭ་ཐམས་ཅད་ནི་སྤྱིར། བདཀན
་སྤྱོད་ཅིང་རྩ་སྦུབས་ཀྱི་རྒྱུན་ལ་ཆུ་རྣམས་འཛག་པར་བྱེད་པ་ཡིན་པས། ཀུན་ཀྱང་བོང་ཀན་བསྐྱེད་པ་ཡིན་ནོ།། དེ་སྨན་དཔྱད་ཀྱི་རྒྱུད་ལས། རང་གི་ནུས་པ་སྙིང་གར་ནཱཾ།། སོང་སྟེ་རྣམ་པར་སྡུད་བྱེད་ཅིང་།། རྣོ་བོས་རྣམ་པར་གཅོད་བྱེད་ལ།། ཚ་བོ་ས་མྱུར་དུ་འཛག
་བར་བྱེད།། རྩ་སྦུབས་ནས་ནི་དྲི་མ་རྣམས།། མྱུར་དུ་འབྱིན་པར་བྱེད་པ་ཡིན།། ཞེས་བཤད་བྱ་ཡིན་ནོ།། ཕྲ་བ་ནི་ཊཱི་སྐྱ་བོས་ཕྲ་མོ་ལས་ཞུགས་པར་བྱེད་པ་ཡིན་པའི་ཕྱིར་རོ།། བཤད་གཽ་ནཱི་འབྱིན་པ་ནི་དྲི་མ་སྤེལ་ཅིང་འཁྲུ་བར་བྱེད་པའོ།། འཇམ་པ་ནི་རང
་བཞིན་མཉེན་པའོ།། རླུང་འཇོམས་པ་ནི་རླུང་ནོད་ས་མོ་ཡིཿ།། འོདུ་བར་བྱེད་པ་ནི་ཟས་ལ་སོགས་པ་སྨིན་པར་བྱེད་པའོ།། ཚ་བ་ནི་ཚ་བོའི་ནུས་པ་དང་ལྡན་པའོ།། རྣོ་བ་ནི་ལུས་ཟུངས་འབིགས་པའོ།། ཡི་ག་འབྱེ་བ་ནི་ཟོས་ལེན་པའོ།། བདཀན་དང
་མཁྲིས་པ་བསྐྱེད་པ་ནི་དེ་གཉིས་འཕེལ་བར་བྱེད་པའོ།། དེ་ལ་ལྕེ་མྱང་ཆ་མངར་བཅས།། རོ་ཙ་ཡིད་འོད་ཉེས་གསུམ་སེལ།། ཡང་ཞིང་ཚལ་མིག་ལ་ཕན། ཚ་བ་མི་སྐྱེད་མེ་དྲོད་བསྐྱེད་ཅེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་ངེས་པར
་གཟུང་བ་སྟེ། ལན་ཚྭ་དེ་ཐམས་ཅད་ཀྱི་ནང་ནས། ལན་ཚྭ་ལྕེ་མྱང་ཚྭ་ནི་ཡང་བ་སྟེ། ཅུང་ཟད་མངར་བ་དང་། རོ་ཙ་ཞིང་ས་བོན་འཕེལ་བར་བྱེད་པ་དང་། ཡིད་དུ་འོང་ཞིང་སྙིང་དགའ་བར་བྱེད་པ་དང་། རླུང་ལོ་སོགས་པ་ཉེས་པ་གསུམ་སེལ་བར་བྱེད
་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཡིན་ནོ།། རྩ་བས་རུ་ཚེ་ཡང་ཡིད་འོང་ཞིང་།། སྒྲེགས་པ་སྦྱོང་ཞིང་དྲི་ཞིམ་ལ།། ཞུ་རྗེས་ཚ་ཞིང་བཤད་གཅི་སེལ།། དྲོད་བསྐྱེད་ཡི་ག་འབྱེད་བྱེད་ཡིན་ཞེས་བྱ་བ་ལ། རྩབས་རུ་ཚ་ནི་སོ་སོ་བརྩལ་སྟེ། མིང་གི
་རྣམ་གྲངས་གཞན་ཡང་རུ་ཙ་ཀ་ཞེས་བྱའོ།། དེ་ནི་ཡང་ཞིང་ཡིད་དུ་འོང་བ་དང་། སྒྲེགས་པའི་དྲི་མི་ཞིམ་པ་སྦྱོང་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཡིན་ནོ།། ཁ་རུ་ཚ་ནི་སྟོང་བང་ཀན།། རྨད་ནི་རླུང་འབྱིན་དྲོང་བསྐྱེད་ལ།། བཤད་འགགས་ལྟོ་སྤོས
་རྟུག་བསྐམྦ་དང་།། གཟེར་ཟུག་ལུས་ལྕི་སེལ་བ་ཡིན་ཞེས་བྱ་བ་ལ། ཁ་རུ་ཚ་འདི་ནི་བི་ཌཱ་ལོ་ནུ་སྟེ། ཁ་རུ་ཚྭ་བ་ཙས་མ་ཡིན་པར་ཤེས་པར་བྱའོ།། དེ་ནི་སྟོད་ཀྱི་བང་ཀན་འདྲེན་པར་བྱེད་པ་དང་། སླད་ཀྱི་རླུང་འབྱིན་པར་བྱེད་པ་ཡིན་ནོ།། ལུགས
་སུ་འབྱུང་བར་བྱེད་པ་ཡིན་ཞིང་། དྲོད་བསྐྱེད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཡིན་ནོ།། རྒྱ་མཚོའི་ལན་ཚྭ་ནུ་རྗེས་མངར།། ལྕི་ཞི་བད་ཀན་རྣམས་འབེལ་བྱེད་ཅེས་བྱ་བ་ལ། རྒྱ་མཚོའི་ལན་ཚྭ་ནི་ཞུ་བའི་རྗེས་མངར་བ་དང་། ལྕི་ཞིང
་ཁྱད་པར་དུ་བང་ཀན་འཕེལ་བར་བྱེད་པ་ཡིན་ནོ།། དཀོང་མའི་ལན་ཚྭ་ཅུང་ཟད་ཁ། ཚྭ་དང་བ་ཚྭ་རྣོ་བྱེད་གཤེར།། ཞེས་བྱ་བ་ལ། བཀོད་མའི་ལན་ཚ་ནི་ས་ལས་སྐྱེས་པའི་ལན་ཚྭ་སྟེ། དེ་ནི་ཅུང་ཟད་ཚྭ་བ་དང་། ཅུང་ཟད་ཚ་བ་དང་། ཅུང་ཟད་པ་ཚའི་ཞང་བྲོ་བ་དང་།
་རྣོ་བའི་ཡོན་ཏན་དང་ལྡན་པ་དང་། སླ་ཞིང་གཤེར་བར་བྱེད་ལ། བད་ཀན་དང་མཁྲིས་པ་ལ་སོགས་པ་གནས་ནས་བསྐུལ་བར་བྱེད་པས་ན་གཤེར་བར་བྱེད་པ་ཡིན་ནོ།། ཁ་རུ་ཚ་ནག་ཡོན་ཏན་དྲི།། མ་གཏོགས་ཡོན་ཏཱན་བི་དར་མཚུངས་ཞེས་བྱ་བ་ལ
་ཁ་རུ་ཚ་ནག་པོ་ནི་དྲི་མ་གཏོགས་པ་ཡོན་ཏན་གཞན་བི་ད་ཁ་རུ་ཚ་དང་མཚུངས་ཤིང་མཉམ་སྟེ། འདི་གཉིས་ཀྱི་ཁྱད་པར་ནི་དྲི་ཙམ་དུ་ཟད་དོ།། མཚོ་ཚྭ་ཡང་སྟེ་ཞེས་བྱ་བ་ནི་ལན་ཚྭ་མཚོ་ཚྭ་ཞེས་བྱ་བ་ནི་རོ་མ་ཀ་སྟེ། དེ་ནི་ཡང་བའི་ཡོན་ཏན་དང་ལྗོན་པས་ན
་ཡང་བ་ཡིན་ནོ།། ས་སྐམ་ཚྭ། བད་ཀན་སྐྱེད་ཅིང་འཇུ་དཀའ་ལྕི་ཞེས་བྱ་བ་ལཾ། ས་སྐམ་གྱི་ཚ་ནི་ས་རྡུལ་ཅན་གྱི་ཕྱོགས་ནས་བྱུང་བའི་ཆ་སྟེ། དེ་ནི་བ་ཚ་བྲོ་ཞིང་བད་ཀན་སྐྱོད་པར་བྱེད་ཅིང་དཀའ་བ་དང་། ལྕི་བ་ཡིན་ནོ།། ལན་ཚྭ་རྣམས་ཀྱི་སྦྱོར་བ་ལ། རྒྱམ་ཚྭ
་ལ་སོགས་རབ་ཏུ་སྦྱར་ཞེས་བྱ་བ་ལ། ལྕེ་མྱང་ཆུ་ལ་སོགས་པོའི་ལན་ཚྭ་རྣམས་ཀྱི་ནང་ནས་གཅིག་གམ་གཉིས་སམ་མང་པོ་བརྡོས་པའི་དེའི་ཕྱེ་མ་དང་ལ་དྷཱུ་དང་སྨ་ནི་སྒྲར་དང་། ཏཱིལ་མར་ལ་སོགས་པའི་སྦྱོར་བ་དེ་དང་དེ་ལ་རྒྱུ་མ་ཚྭ་ལ་སོགས་པ་རབ་ཏུ
་སྦྱར་བར་བྱའོ།། དེས་ན་འོང་སྐད་སྟོན་པོ་ཡིན་ཏེ། གང་དུ་ཁྱད་པར་མེད་པར་ལན་ཚྭ་གཅིག་སྨོས་པ་དེ་ནི། རྒྱམཚྭའམ་ལྕེ་མྱང་ཚྭ་སྦྱར་བར་བྱའོ།། གང་དུ་གཉིས་སྨོས་པ་དེ་ནི་རྒྱམ་ཚྭ་དང་རྩབས་རུ་ཆུའོ།། གང་དུ་གསུམ་སྨོས་པ་དེར་ནི།
་རྒྱམ་ཚྭ་དང་རྣབས་རུ་ཆ་དང་། ཁ་རུ་ཆ་ནག་པོ་སྦྱར་བར་བྱའོ།། གང་དུ་བནི་སྨོས་པ་དེར་ནི། ལྕེ་མྱ་ཚྭ་དང་རྟུལ་རུ་ཚ་དང་། ཁ་རུ་ཚྭ་དང་། ཁ་རུ་ཆུ་ནག་ཟེའོ།། གང་དུ་ལྔ་སྨོས་པ་དེར་ནི། ལྕེ་མྱང་ཚྭ་དང་རྩབས་རུ
་ཚྭ་དང་། ཁ་རུ་ཚ་དང་ཁ་རུ་ཚྭ་ནག་པོ་དང་། རྒྱ་མཚོའི་ཚྭ་སྦྱར་བར་བྱའོ།། དེ་བཞིན་དུ་བཀོང་མའི་ལན་ཚྭ་ལ་སོགས་པ་ཡང་སྦྱ་རོ།། ནས་ཚིག་འཁུས་པའི་ལན་ཚྭ་ནི། སྐྲན་དང་སྙིང་ནང་སྐྱ་རྦ་བ་དང་།། ཕོ་བ་མཆེར་པ་ལྐོག་ནང་དང་།། ལུད་པ
་གཞང་འབྲུམ་དབུགས་མི་བདེ།། ལྷོ་སྤོས་བདྨ་ཀན་སེལ་པོ་ཡིནོ་ཞེས་བྱ་བ་ལ། ལེན་ཚྭའི་ནང་ནས་ཚིག་འཁུས་པའི་ཐལ་བའི་ལན་ཚྭ་ནི། སྐྲན་ནས་བད་ཀན་གྱི་བར་སིལ་ཞིང་འཇོམས་པོ་ཡིན་ནོ།། སརྫི་ཀ་སོགས་ཐལ་ཚྭ་ཀུན།། རབ་རྣོ་ཚ་ཞིང
་སྲིན་སེལ་ཡང་།། ཁྲག་མཁྲིས་སྐྱེང་བྱེད་སྨིན་བྱེད་ལ།། གཅོད་ཅིང་མི་ཞིམ་མནམ་པར་འབྱེད།། ནས་ཚིག་འཁུས་ཚ་ཁ་བས་ན།། མདོག་མདངས་ཁུ་བ་སྒྲ་མིག་གནོད།། ཅེས་བྱ་བ་ལ་སརྫི་ཀ་ལ་སོགས་པའི་ཐལ་བའི་ཚ་ཁུ་ནི་རབ་ཏུ་རྣོ
་པ་དང་། ཚ་བའི་ནུས་པ་དང་ལྡན་པ་དང་། སྲིན་བུའི་ནང་སེལ་བ་དང་། ཡང་བ་དང་། ཁྲག་དང་མཁྲིས་པ་བསྐྱེད་པ་བྱེད་པ་དང་སྨིན་པར་བྱེད་པ་དང་། བད་ཀ་ནེ་ལ་སོགས་པ་གཅོད་པར་བྱེད་པ་དང་། དེ་བཞིན་དུ་མི་ཞིམ་པ་སྟེ། སྙིང་དགའ
་བར་མི་བྱེད་པ་དང་། རྣམ་པར་འབྱེད་པ་སྟེ། འབྲུམ་བུ་དང་། བོལ་མིག་ལ་སོགས་པ་འབྱེད་ཅིང་འགགསོ་པར་བྱེང་པ་དང་། ལན་ཚྭ་བྲོ་ཞིང་ཁ་བས་མདོག་མདངས་དང་ཁུ་བ་ལ་སོགས་པ་ལ་གནོད་པ་ཡིན་ནོ།། ཤིན་ཀུན་རླུང་དང་བང
་ཀན་སེལ།། གཟེར་འཇོམས་མཁྲིས་པ་སྐྱེད་བྱེད་དེ།། ཞུ་རྗེས་རོ་ཙ་ཡི་ག་འབྱེད།། དྲོད་བསྐྱེད་ཟས་འཇུ་ཡང་བ་ཡིན་ཞེས་བྱ་བ་ལ། ཤིང་ཀུན་ནི་རྫི་བོ་ཆེ་སྟེ། དེ་ནི་རླུང་དང་བད་ཀན་སེལ་ཞིང་གཟེར་ནང་འཇོམས་པ་དང་། དེ་བཞིན་དུ་མཁྲིས་པ་སྐྱེད
་བར་བྱེད་པ་དང་། ཞུ་བའི་རྗེས་མངར་རོ་ཙ་དོང་། ཡི་ག་འབྱེད་པ་དང་དྲོད་སྐྱེད་པོ་དང་། ཟསོ་མ་ཞུ་བ་འཇུ་བ་དང་། ཡང་བའི་ཡོན་ཏན་དང་ལྡན་པ་ཡིན་ནོ།། ཨ་རུ་ར་བ་སྐ་ཞུ་རྗེས་མངར།། རྩུབ་ཅིང་ལན་ཚྭའི་རོ་མེད་ཡང་།། དྲོད་ཆེ་ཟས་འཇུ་ཡིད་གཞུང
་བྱེད། ན་ཚེད་ལ་འཇོག་དམ་པ་ཡིན།། དྲོ་ཞིང་འཁྲུ་ལ་ཚེ་ལ་ཕན།། བློ་དང་དབང་གསལ་སྟོབས་རབ་བསྐྱེད།། མཛེ་དང་བཞིན་ལུས་མདོག་མི་སྡུག། སྐད་འགགས་རིམས་རྙིང་མི་བཟད་རིམས། ཀླང་བ་མིག་ནང་སྐྱ་རྦ་བ་དང་།། མིག་སེར་ཕོ་བའི་ནད་རྣམས་དང་།།
་སྐེམས་བཅས་འོར་ནད་གཅིན་ནད་དང་།། ཆང་འཁྲུ་རྨོང་བག་མྱོས་སྨོན་སྲིན།། མཆིལ་མང་ལུང་པོ་དབུགས་མི་བདེ།། གཞང་འབྲུམ་མཚོར་བ་ལྟོ་སྤོས་དུག། གསུམ་འཕེལ་རྒྱུན་འགགས་སྐྲན་དང་ནི།། དར་རྒན་ན་དང་ཡི་ག་འཆུས།། རླུང་དང་བང་ཀན
་ལས་གྱུར་ནད།། དེ་དང་དེ་ནི་སེལ་བྱེད་ཡིན།། ཞེས་བྱ་བ་ལ། ཨ་རུ་ར་ནི་རོ་རབ་ཏུ་བསླུ་བ་ཡིན་ལྔ།། ཞུ་བའི་རྗེས་མངར་བ་ཡིན་ཞིང་།། རྩུབ་པའི་ཡོན་ཏན་དང་ལྡན་པས་རྩུབ་པ་ཡིན་ལ། ལན་ཚྭའི་རོ་མེད་པ་ནི་ལན་ཚྭའི་རོ་དང་བྲལ་བ་སྟེ། རོ་ལྔ་དང
་ལྡན་པ་ཞེས་བྱ་བའི་དོན་ཏོ།། སྔ་མོ་བསྐོ་བཞེས་སྨྲ་ཡོ་བ་ནི། དེ་ཤས་ཆེ་བར་བསྟེན་པའི་ཕྱིར་ཡིན་ནོ།། དེ་ལྟར་ན་ཨ་རུ་ར་ནི་མངར་བ་དང་། སྒྱུར་བ་དང་ཁ་བ་དེང་ཚ་བ་དང་། བསྐ་བ་སྟེ། རོ་ལྔ་དང་ལྡན་པ་ཡིན་པར་ཤེས་པར་བྱའོ།། དེ་ཡང
་མ་ལགས་པའི་མན་ཏན་དང་ལྡན་པ་ཡིན་ནོ།། ནཆོད་ལ་འཇུག་པ་ནི་གནན་ནུ་མ་ཡིན་པ་དག་ཀྱང་། རྒས་བ་ལས་གཏགནས་མཆོག་ཏུ་གནན་པ་ལས་འདག་པ་ཡིན་པ་དང་། ཟླནས་བྱ་བ་ལ་འཕྲུལ་བ་དང་འན་པ
་ནུས་པ་དང་། མིག་ལ་སོགས་པའི་དབང་པོ་གསལ་བར་བྱེད་ཅིང་། དེ་རྣམས་ཀྱི་སྟོབས་རང་གི་ཡུལ་ལ་འཇུག་པ་ནུས་པ་རབ་ཏུ་སྐྱེང་བ་ཡིན་ནོ།། དེ་བཞིན་དུ་དེ་ནི་མཛེ་ནས་ཡི་ག་འརྐུས་པའི་བར་གྱི་ནང་དང་། རླུང་དང་བོང་ཀན་ལས་གྱུར་པའི་ནང་གས
་གང་དག་ཡོད་པ་དེ་དང་དེ་ཐམས་ཅད་སེལ་བར་བྱེད་པ་ཡིན་ནོ།། རིམས་རྙིང་པ་ནི་ཡུན་རིང་དུ་ལོན་པའོ།། མི་བཟང་པོའི་རིམས་ནི་རྟོག་པའི་རིམས་ལ་སོགས་པ་རྣམ་པ་བཞིའོ།། གཞན་དག་ནི་གོ་བར་ཟད་ངོ་།། སྐྱུ་རུ་ར་དང་དེ་འདྲ་བསིལ།། རོ་སྒྱུར་འང་མཁྲིས
་སེལ་དེ་ལས་ཤེས་པར་བྱ་བ་ལ། སྐྱུ་རུ་ར་ཡ་ཨ་རུ་རཱ་དང་འདྲ་བར་ཤེས་པར་བྱའོ།། ཨ་རུ་རའི་ཡོན་ཏན་བཤད་མ་ཐག་པ་གང་ཡིན་པ་དེ་ཐམས་ཅད་སྐྱུ་རུ་ར་ལ་ཡང་ཡོད་པས་དེ་དང་འདྲ་བ་ཞེས་བྱ་ལ། འདིར་ནུས་པ་ནི་དེ་དང་མི་མ་ཐུན་ཏེ། དེ་ནི
་དྲོ་བ་ཡིན་ལ། སྐྱུ་རུ་ར་ནི་བསིལ་བའི་ནུས་པ་དང་ལྡན་པ་ཡིན་ནོ།། ཡོན་ཏན་གཞན་ལན་ཚ་མི་བྲོ་ཞིང་ནུ་རྗེས་མངར་པ་དང་། རོ་ལྔ་དང་ལྡན་པ་ལ་སོགས་པ་དང་། བངད་ཀན་དང་མཁྲིས་པ་ལས་བྱུང་བའི་ནང་དེ་དང་དེ་འཇོམས་པར་བྱེད་པ་ནི་འདྲ་བ་ཡིན
་བར་ཤེས་ལ། སྒྱུར་བའི་རོ་ནི་ཤས་ཚ་བ་ཡིན་ནོ།། ཡོན་ཏན་ཆུང་སྨན་པ་རུ་ར། ཞུ་རྗེས་ཚ་མངར་སྒྲ་མིག་ཕན་ཞེས་བྱ་བ་ལ། བ་རུ་ར་ནི་ཨ་རུ་རའི་ཡོན་ཏན་དེ་ལས་ཅུང་ཟད་ཅིག་དམན་ཞིང་ཆུང་བ་ཡིན་ལ། དེ་ནི་ཨ་རུ་ར་དང་ཡོན་ཏན་ཐུན་མོང་ཡིན
་ཀྱང་བཌཱུ་ར་ནུས་པ་བསལ་བ་ཡིན་ཏེ། དཅོམ་པའི་འབྱུང་བ་ཆེན་པོ་དེ་ལྟ་བུའི་རྣམ་པ་བཞུགས་པ་ཡིན་པའི་ཕྱིར་རོ།། དེ་ནི་ནུ་བའི་རྗེས་ཆ་བ་དང་། རོ་མངར་བའི་ཤས་ཆེ་བ་དང་། སྐ་ལ་ཕན་པ་དང་། མིག་ལ་ཕན་པ་ཡིན་ན།། འབྲས་བུ་གསུམ་པོ་འདི་དག་ནད
་བཅུད་ཀྱིས་ལོན་མཆོག་མིག་ནད་སེལ།། རྨ་འཚོ་བགིས་ནད་རྒྱ་རེ་དང་།། ཚིལ་ཆེས་གཅིན་སྤྱི་བང་ཁྲག་སེལ།། ཞེས་བྱ་བ་ལ། ཨ་རུ་ར་དང་སྐྱུ་རུ་ར།། བ་རུ་ཞེས་བྱ་དང་གསུམ།། འབྲས་བུ་གསུམ་ཞེས་ལེགས་བཤང་བ།། འབྲས་བུ་གསུམ་པོར་དེ་ཤེས
་བྱ་ཞེས་འབྱུང་བ་དང་། གཞན་དག་ལས་ཅང་། འབྲས་བུའི་མཆོག་ནི་ནམ་གསུམ་མོ།། འབྲས་བུའི་དམ་པ་གསུམ་ཞེས་བློ་བཤད་པ་ཡིན་ནོ།། བྲས་བུ་གསུམ་པོ་ངོ་དག་ཉིད་ནི་བཅུད་ཀྱིས་ཡིན་པའི་མཆོག་ཅེས་བྱ་བ་སྟེ། བཅུད་ཀྱིས་ལེན་རྣམས་ཀྱི
་ནོ་ན་དམ་པོ་མིན་པའོ།། མཾ་ལ་ནད་སེལ་བ་ནི་མིག་གིན་ཆུ་འོམྲ་པའོ།། ཟླ་འཚོ་བ་ནི་མ་འབྱོར་ཅིང་སྐར་འམ་བོར་བྱེད་པོའོ།། པགས་ནང་ནི་མཛེམེ་དཔལ་དང་། སྐངས་ནད་ལ་སོགས་པའོ།། རྨ་ད་པ་ནི་མ་ལས་ཁྲག་ལེ་སོགས་པ་འཛག་པའོ།།
་ཆེས་པ་ནི་ལུས་ཟུངས་ཀྱི་ཚོལ་ལྷག་པའོ།། གཅིན་སྤྱི་བནྟི་ཆུ་སོའི་ནང་ངོ་།། པདྨ་ཀན་དང་ཁྲག་ནི་དངོས་སུ་ཟད་དོ།། དེ་དག་སེལ་ཅིང་འཇོམས་པར་བྱེད་པ་ཡིན་ནོ།། ཤིང་ཚེ་སུག་སྦྲེལ་པ་ཏྲ་གསུམ།། གེ་སར་བཅས་པ་དྲི་བཟངས་བཞི་ཞེས་བྱ་བ་འདི་ནི།
་བསྡུས་པའི་ཚིག་ཡིན་པ་ལས་མིང་ཙམ་བསྟན་པའི་ཕྱིར། འགའ་ཞིག་གིས་འདིར་བཅུག་པ་ཡིན་ཏེ། ཤིང་ཚ་དང་། སུག་སྨེལ་དང་། གནྡྷ་པ་ཏྲ་གསུམ་ནི་དྲི་བཟང་གསུམ་ཞེས་བྱ་བ་ལ། གསུམ་པོ་འདི་རྣམས་ཀྱི་སྟེང་དུ་ནཱ་ག་གོ་སར་གྱིས
་བསྣུན་པ་ནི་དྲི་བཟང་བཞི་ཞེས་བྱ་བའོ།། འདི་དག་ནི་མིང་ཙམ་བསྟན་པ་ཡིན་གྱི། ཡོན་ཏན་ནི་འདིར་མ་བསྟན་ཏེ། གཞན་ལས་ནི་མིང་ཙམ་བཏུས་པར་ཟད་དོ།། ན་ལེ་ཤམ་ནི་མཁྲིས་བསྐྱེད་རྣོ།། རྩུབ་ཅིང་དྲོད་བསྐྱེད
་རྨོ། རྩུབ་ཅིང་དྲོང་བསྐྱེད་ཡི་ག་འབྱེད།། རོ་དང་ནུ་རྗེས་དག་ཀྱང་ཚ།། བང་ཀན་འཇོམས་ཤིང་ཡང་བ་ཡིན།། ཞེས་བྱ་བ་ལ། ན་ལེ་ཤཾ་ནི་མཁྲིས་པ་འཕེལ་བར་བྱེད་པ་ཡིན་པས་ན་མཁྲིས་བསྐྱེད་ཅེས་བྱའོ།། དེ་བཞིན་དུ་རྣོ་ནིང་རྩུབ་པ་ལ་སོགས་པའི
་ཡོན་ཏན་དང་ལྡན་པ་ཡིན་ནོ།། པི་པི་ལིང་རློན་པར་བསྐྱེད་མངར།། བསིལ་ཞིང་ལྕི་ལ་སྣུམ་པ་ཡིན།། ཞེས་བྱ་བ་ལ། བི་པི་ལིང་རློན་པ་ནི་བད་ཀན་བསྐྱེད་པར་བྱེད་ཅིང་མངར་བ་དང་། ནུས་པ་བསིལ་པོ་དང་། ལྕི་ཞིང་སྣུམ་པའི་ཡོན་ཏན་དང་ལྡན
་བ་ཡིན་ནོ།། སྐེམ་པོ་དེ་ལས་བཟློག་པ་ཡིན།། སྣུམ་ཞིང་རོ་ཙ་རོ་ཚ་ལ།། ཞུ་རྗེས་མཽ་ངར་ཞིང་བང་རླུང་དང་།། ལུད་པ་དབུགས་མི་བདེ་སེལ་འཁྲུ།། དེ་ཉིད་བཅུ་ལེན་མ་གཏོགས་པ།། གཞན་ལ་ཤས་ཆེར་སྦྱར་མོ་བྱེ།། ཞེས་བྱ་བ་ལ། པི་པི་ལིང
་དེ་སྐམ་པོ་ཡིན་ན་ནི། པི་བི་ལིང་རློན་པ་དེ་ལས་ཡོན་གོ་བཟློག་པ་ཡིན་ཏོ། དེ་ལས་གོ་བཟློག་པ་ནི་རློན་པ་ནི་པད་ཀན་བསྐྱེད་པ་དང་། མང་རེ་བ་དང་ལྕི་བ་ཡིན་ལ། འདི་ནི་བད་ཀན་སེལ་བ་དང་། ཁ་བ་དང་། ནུས་པ་བྲོསིལ་བ་དང་ཡང
་བ་ཡིན་ནོ།། དེའི་ཁྱད་པར་གཞན་ཡང་། སྐམ་པོ་ནི་རོ་ཙ་ཞིང་ཁུ་བ་འཕེལ་བ་དང་། ཞུ་བའི་རྗེས་མངར་བ་དང་། དེ་བཞིན་དུ་བོད་ཀན་དང་། རླུང་དང་ལུད་པ་དང་། དབུགས་མི་བདེ་བ་སེལ་བར་བྱེད་ཅིང་། ཁོང་འཁྲུ་བོ་ཡིན་ཏེ། དེ་ལྟ་བུའི་པི་བི
་ཡོང་དེ་ནི་བཅུད་ཀྱིས་ལེན་གྱི་ཆོ་ག་མ་གཏོགས་པར་གཞན་ལ་ཞེས་པ། ནད་མེད་པར་གནས་པ་དང་། ནད་པ་དག་གསོ་བའི་སྐབས་ལ་ཤམ་ཆེར་སྦྱར་བར་མི་བྱའོ།། ངོང་གྲ་དྲོང་བསྐྱེད་རོ་ཙ་དང་། འཁྲུ་གཅོང་ཡད་འོང་མཁྲེགས་པ་སེལ།། ཡི་ག་འབྱེང
་དདང་ནུ་རྗེས་མངར།། ཁོང་སྣུམ་དྲོད་ཆེ་བང་རླུང་སེལ་ཞེས་བྱ་བཱ་ལ། དྲོང་གྲ་ནི་ལིང་དོང་གྲཱ་སྟེ། མིང་གི་རྣམ་གྲངས་པའི་ཤྭ་བཻ་ཤ་ཞེས་གྲགས་པོའོ།། དེ་ནི་དྲང་བསྐྱེད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། ཚིག་གི་དོན་ནི་གོ་བར་ཟད་།། སྐེ
་བ་ཤི་རེ་དེ་འདྲ་ཞེས་བྱ་བ་ནི། སྒེའུ་གཤེར་ཞེས་བྱ་བ་དོང་གྲཝ་རློན་པ་ནི་དོང་གྲ་དེ་ཉིད་དང་ཡོན་ཏན་འདྲ་བ་ཡིན་པར་ཤེས་པར་བྱའོ།། དེ་དག་ནི་ཚ་བ་གསུམ་དང་ཤ་སྦོམ་དང་། མེ་དྲོད་ཉམས་དང་དབུགས་མི་བདེ།། ལུང་པ་རྐང་འབམ་ཆམ་པ་འཇོམས
་ཞེས་བྱ་བ་ལ། སྔར་མ་ཐག་པའི་བ~ཾ་བི་ལིང་དང་། ན་ལེ་ཤཾ་དང་། དོང་གྲཝ་སྟེ་གསུམ་པོ་འདི་དག་ནི་ཆེ་བ་གསུམ་ཞེས་བྱ་བ་ཚོ་ཤེས་པར་བྱ་སྟེ། དེ་ནི་ཤྭ་སྒོམ་པ་ནས་ཚིམ་པའི་བར་འཇོམས་པར་བྱེད་དོ།། བྱི་མོང་པི་པི་ལིང་རྩ་བ། ན་ཤ་ཡོན་ཏན་ཅུང
་བད་ཆུང་ཞེས་བྱ་བ་ལ། དབྱི་མོ་དང་། པི་བི་ལིང་གི་རྩ་བ་ནིན་ལེ་ན་གྱི་ཡོན་ཏན་ལས་ཅུང་ཟད་ཙག་གིས་ཆུང་པོ་ཡིན་པར་ཤེས་པར་བྱའོ།། ཙི་ཏྲཀ་སྟོབས་མེ་དང་མཉམ།། བོ་ནང་གོ་ནང་འབྲུ་མྱོ་གྲྀནྟ་མཛེ་སེལ་ཞེས་བྱ་བ་ལ། ཙི་ཏ་ཀ་ནི་\ུ0f89\ུ0f4
་དྲུག་ཏྲེས་ཞེས་བྱ་བ་སྟེ། དོ་ནི་སྟོབས་མེ་དང་མཉམ་པ་ཡིན་ཏེ། མེ་དང་བྱ་བའི་ལས་མཚུངས་ཏེ། དོ་ནི་ཤིན་ཏུ་ཆ་ཞིང་དྲོ་བས་ཟས་མྱོར་དུ་འཇུ་བར་བྱེད་དོ།། ཞེས་བྱ་བའི་དོན་ཏོ།། དཔེར་ན་ཕྱི་རོལ་གྱི་མེས་ཟངས་ན་གོནས་པའི་ཆུ་དང་འབྲས
་མེ་ལྕེ་འབར་བ་དང་ལྡན་པའི་མངག་མས་སྦྱིན་པར་བྱེད་པ་ཡིན་ལ། དེ་བཞིན་དུ་ཙཻ་ཏྲ་ཀ་དང་ལྡན་པའི་མའི་དྲོང་བསྐྱེད་པའི་སྒོ་ནས་འཇུ་བར་བྱེད་པའི་ལས་ཀྱིས། དེ་ཉིད་མ་དང་འདྲ་བར་འགྱུར་བ་ཡིན་ནོ།། དེ་ཡང་འོ
་ནངད་དང་གནང་འབྲུམ་དང་། སྲིན་ནད་དང་། མཛེ་ནད་སེལ་བར་བྱེད་དོ།། འདི་རྣམས་ལས་ནི་ན་ལེ་ཤཾ། མ་གཏོགས་ཚ་བ་ལྔ་ཞེས་བཤང། སྐྲན་ཆེན་དམུ་རྫིང་ལྟོ་སྤོས་དང་།། གཟེར་འཇོམས་དྲོད་ནི་བསྐྱེད་པའི་མཆོག། ཅེས་བྱ་བ་ལ། བཤང
་མ་ཐག་པའི་པི་བི་ལིང་དང་པི་པི་ལིང་མུ་ལ་དང་། དབྱི་མོ་དང་། ཙཱི་ཏྲ་ཀ་དང་། ལི་དོང་གྲ་སྟེ། འདི་རྣམས་ལ་ནི་ཚ་བལྟ་ཞེས་བྱ་བའི་མིང་གིས་མིང་དུ་བཏགས་པ་ཡིན་ནོ།། ན་ལེ་ཤ་མ་གཏོགས་ཞེས་བྱ་བ་ནི་འདིར་ན་ལེ་ཤཾ་མི་བགྲོང་བ་སྟེ། གང་གི
་ཕྱིར་པི་པི་ལིང་ལ་སོགས་པའི་ནང་ན། ན་ལེ་ཤཾ་ལོང་བགྲང་མོད་ཀྱི། འདིར་ཚ་བ་ལྔ་ལ་མ་གཏོགས་པས་དེ་དགར་བ་ཡིན་ནོ།། ཚ་བ་ལྔ་པོ་དེ་ནི་སྐྲན་ལཾ་ལ་སོགས་པ་འཇོམས་པ་དང་། དེ་བཞིན་དུ་ཤིན་ཏུ་དྲོད་བསྐྱེད་པའི་མཆོག་ཡིན་ནོ།། བིལླ་ཀཱ་སྨརྞྞ
་ཀཽ་རི། པཱ་ཊ་ལ་དང་དུནྣ་ཀཱ། རྩ་ཆེན་ལཱ་བོ་ཀ་ཁ་དྲོ།། རླུང་དང་བད་ཀན་སེལ་བྱེད་ཡིན་ཞེས་བྱ་བ་ལཱ། བིལྤ་ནི་མིང་གི་རྣམ་གྲངས་སུ་ཤྲཱི་པ་ལ་ཞེས་བྱའོ།། ཀཥྨཱ་རི་ནི་ཤི་མི་བརྟིའོ།། ཏརྐྐ་རཾ་ནི་ཨགྣི་མནྟིའོ།། པོ་ཏ་ལ་ནཱི་བ་སནྣ་དུ་ཏིའོ།། ཎཱནྡྷ་ཀ་ནི
་ན་ཀ་ཏེ། དེ་རྣམས་ཀྱི་རྩེ་བ་ནི་རྩ་བ་ཆེན་པོ་ལྔ་ཞེས་བྱ་བར་ཤེས་པར་བྱ་སྟེ། དེ་ནི་རོ་བསྐོ་ཞིང་ཁ་བ་ཡིན་ལ། ནུས་པ་ནི་དྲོ་བ་ཡིན། ཡོན་ཏན་ནི་རླུང་དང་བང་ཀནི་སེལ་བར་བྱེད་པ་ཡིན་ནོ།། ཨཾ་ཤུ་མ་ཏི་བྲྀ་ཧ་ཏི།། གཉིས་གཉིས་གཟེ་རྩ་ཆུང་ལྔ
་ཤ་། ནར་རྗེས་རོ་མང་ར་ཧྱཱ་ཙཱང་ནི།། བསྣོལ་དང་ཆ་མན་ཉེས་ཀུན་སྐྱེས་ནས་བྱཱ་ལྱཱ། ཨཱུ་ཤྱཱ་མྱཱ་ཏྱཱ་གྷཱཉིས་ནི་ས་ལ་བྷརྟྟི་དང་། ཀྲྀཥྞ་བརྞྞའོ།། བྲྀཏ་ཏ་གཉིས་ལས་བྲྀ་ཧ་ཏི་གཅིག་ནི་ཀརྞཀཱ་རི་ཏི། མིང་གི་རྣམ་གྲངས་གཞན་ཡང་ཀྵཱ་ཏྲ་ནས་ཧྱན།།
་བྲྀ་ཧ་ཏི་གཉིས་པ་ནི་སྦོམ་པོ་སྟེ། མིང་གི་རྣམ་གྲངས་གཞན་ཡང་སིཾ་ཧི་ཞེས་བྱ་བའོ།། གཟེམ་ནི་མིང་གི་རྣམ་གྲངས་ཁྱིའོ་མཆེ་བ་ཞེས་བྱ་བ་སྟེ། དེ་རྣམས་ཀྱི་རྩ་བ་ནི་རྩ་བ་ཆུང་ངུ་ལྔ་ཞེས་བཤད་ལ། དེ་ཡང་ཞུ་བའི་རྗེས་དང་རོ་མངར་བ་ཡིན་ལ། ད་ནི
་དུ་ཧ་ཅང་བསིལ་བ་དང་། ཚ་བ་མ་ཡིན་པ་སྟེ། ཅུང་ཟད་ཚ་བ་ལ་ཅུང་ཟད་བསིལ་བས་ཐུན་མོང་གི་ཆ་མཉམ་པ་སྟེ། དཔེར་ན་མིའི་སོང་གེ་ཞེས་བྱ་བ་ལ་ལྟ་བུའོ།། དེ་བཞིན་དུ་རླུང་ལ་སོགས་པའི་ནང་རྣམས་འཇོམས་པས་ན། ནང་ཀུན་སེལ་ཞེས
་བྱའོ།། རྩ་བ་ཆེན་པོ་དང་ཆུང་ངུ་གཉིས་བསྡུས་པ་ལ་ནི་རྩ་བ་བཅུ་པ་ཞེས་བྱ་སྟེ། དེ་ཡང་ལུང་ལས། རྩ་བ་ཆུང་དང་ཆེན་པོ་ལྔ།། རྩ་བ་བཅུ་པོ་ཞེས་བྱར་བཤད་ཅེས་འབྱུང་པོ་ཡོན་ཏོ།། བ་ལ་པུརྞ་ཨེ་རརྦྦ། སུ་བྱཱ་བཎྜི་རྣམ་གཉིས་རྩེ།། འབྲིང
་ཡིན་བད་ཀན་རླུང་འཇོམས་ཡིན། ཤིན་ཏུ་མཁྲིས་པ་མཱི་སྐྱེད་འཁྲུ་ཞེ་སོ+ོ་བྱ་བ་ལ། བ་ལ་ནི་མིང་གི་རྣམ་གྲངས་བ་དྷོ་དཱ་རི་ཞེས་བྱ་བའོ།། པུརྡྷ་རྣཾ་བ་ནི་བཪྵ་བྷུ་ཞེས་བྱ་བའོ།། ཨེ་རཏྣ་ནི་སོར་ལྔ་པ་ཞེས་བྱ་བའོ།། སུ་བྱཾ་བཎྜི་གཉིས་ནི་མུཏྐ་པཎྜི
་དང་མཱ་ཥ་བཎྜི་སྟེ། དེ་རྣམས་ཀྱི་རྩ་བ་ལྔ་ནི་རྩ་བ་འབྲིང་པོ་ཡོ་ན་ཏེ། དེ་ནི་བོང་ཀན་དང་རླུང་འཛེམ་པར་བྱེད་པ་དང་། ཤིན་ཏུ་མཁྲིས་པ་མི་སྐྱོང་ཅེས་བྱ་བ། མཁྲིས་པ་ཅུང་ཟད་བསྐྱེད་པ་དང་། ཁོང་ལོ་ཁྲུ་བར་བྱེད་པོ་ཡིན་པར་ཤེས་པ
་བྱའོ།། ཉེའུ་ཤིང་ཀཱ་ཀོ་ལ་འདོ་བྱེད། ཛཾ་པ་ཀཱ་དང་རི་ཤརརྱ་བ་ཤང་།། འཚོ་བྱེད་ཅེས་བྱ་མིག་ལ་ཕན། རློན་རླུང་དང་མཁྲིས་པ་སེལ་ནས་བྱ་བ་ལ། སྣེའུ་ཤིང་ཨ་བྷི་རུ།། ཀ་ཀོ་ལ་ནི་བཱི་རའོ།། འཚོ་བྱེད་ནི་ཛཱི་བཱནྟི་སུ་མ་ག་ལ
་ཞེས་བྱ་བའོ།། ཛི་བ་ཀ་ནི་ཀུརྩ་ཤིརཱྀའོ།། རི་ཤ་བ་ནཱི་བི་ཤ་ནི་ཏེ། རྩ་བ་ལྔ་པོ་དེ་དག་ནི་འཚོ་བྱེད་ཀྱི་རྩ་བ་ལྔ་ཞེས་བར་ཤེས་པར་བྱའོ།། དེ་ནི་མིག་གཉིས་ལ་ཕན་པ་ཡིན་པས་ན། མིག་ལ་ཕན་པ་ཞེས་བྱ་ལ། དེ་བཞིན་དུ་རོ་ཙོ་བ་དང་། རླུང་དང་མཁྲིས
་བ་སེལ་བ་ཡིན་ནོ།། འཇག་མི་ཀ་ཤཱ་འབྲས་བུར་ཤིང་།། འདབ་རྩཝ་རྩར་བཤད་ལྔ་མཁྲིས་སོལ་བྱ་བ་ལ། འཇག་མཽ་དང་ཀུ་ཤ་གཉིས་ཀ་རིགས་གཅིག་པ་ལ་སོགས་པ་དང་། ཕྲ་བའི་ཁྱང་པར་གྱིས་གཉིས་སུ་བཤད་པ་ཡིན་ནོ།། ཀ་ཤཱ་ནི་ཡང་འཛག
་མ་ཅན་གྱི་རྩ་ཁྱད་པར་རོ།། འབྲས་ནི་གྲ་མ་ཅན་གྱི་སྡེ་ཚན་ལས་བཤང་པའི་རཀྟ་ཤ་ལི་ལ་སོགོས་པའོ།། བུ་ར་མ་ཤིང་དང་འདམ་བུ་ནི་གྲགས་པར་ཟད་དོ།། དེ་རྣམས་ཀྱི་རྩ་བ་ནི་རྩཝ་ཞེས་བྱ་བའི་རྩ་བ་ལྔ་པ་ཡིན་ལ། དེ་ནི་མཁྲིས་པ་འབའ་ཤིག་སེལ་བར
་བྱེད་པ་ཡིན་ནོ།། གྲ་མ་གང་བུ་གཡོས་སྦྱར་ཟས།། ཤ་དང་ཚོང་མ་ཤིང་ཏོག་སྨན།། ཟས་ཆ་ཅུང་ཟད་ཚུན་བསྡུས་འདི།། རྟག་ཏུ་དགོས་པ་ཡོད་པས་སྨྲས་ཞེས་བྱ་བ་ལ། བཟར་བར་བྱ་བ་ཡིན་པས་ན་ཟས་ཏེ། དེ་ནི་གྲ་མ་ཅན་དང་། གང་བུ་ཅན་དང་།
་གཡོས་སུ་སྦྱར་བ་དང་། ཤ་དང་། ཚོང་མ་དང་། ཤིང་ཏོག་དང་། སྨན་སྣ་ཚོགས་རྣམས་དང་། ཚོད་མ་ལ་དགོས་པའི་རྫས་གང་ཅུང་ཟད་ཡོད་པ་དེ་དག་ཀྱང་ཟས་དང་འདྲ་བོར་ནང་མེད་པར་གནས་པ་དང་། ནད་པ་རྣམས་ཁམས་སྙོམས
་བར་བྱ་བའི་ཕྱིར་སྦྱར་བར་བྱ་བ་ཡིན་ཞིང་། སྐྱོན་མེད་པ་ཉིད་ལ་རྟག་ཏུ་དགོས་པས་འདིར་བཤད་ཅིང་སྨྲས་པ་ཡིན་ནོ།། ཡན་ལག་བརྒྱད་པའི་སྙིང་པོ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ
་ལས་ལེའུ་དྲུག་པོའི་འགྲེལ་པའོ།། །། དེ་ནས་ཁ་ཟས་བསྲུང་བའི་ལེའུ་བཤད་པར་བྱའོ་ཞེས་བྱ་བ་ལ། དེ་ནས་ཞེས་བྱ་བ་ནི་འདས་མ་ཐག་པ་སྟེ། ཟས་དང་སྐོམ་ཕན་པ་དང་། གནོད་པའི་དབྱེ་བས་ཕྱེ་སྡེ
་བཤད་ལ་དེ་ལ་ཡང་དུག་ལ་སོགས་པ་དང་འབགས་པ་འམ། མི་མཐུན་པ་ཟོས་པ་དག་དགག་པར་བྱ་བ་ཡིན་པས། དེའི་རྗེས་ཐོགས་ལ་འདི་བརྩམས་པ་ཡིན་ནོ།། དེ་ལ་བཟའ་བར་བྱ་བ་ཡིན་པས་ན་ཟས་སོ།། དེ་བསྲུང་བ་ནི་དུག་ལ་སོགས་པ་དང་མ
་འདྲེས་པར་ཡོངས་སུ་བསྲུང་ཞིང་བསྡམ་པའོ།། དེའི་ལེའུ་གང་དུ་བསྟན་པའི་ལེའུ་དེ་ཡང་ཉེ་བར་གདོགས་པས་དེ་སྐད་ཅེས་བྱའོ།། དེ་ལྟར་ནཱ་ཟས་དང་སྐོམ་ལ་སོགས་པ་དྲུག་ལ་སོགས་པས་སྤགས་པ་དང་མི་མཐུན་པའི་ཁ་ཟས་ལེའུ་གང་དུ་དགག
་པབར་བྱེད་པའི་ལེའུ་དྲི་བ་རྣམ་པར་བྱ་སྟེ། གང་གི་ཕྱིར་ཡོན་ཏན་དང་ལྡན་པའི་ཟས་དང་། སྐོམ་ནི་སྲོག་འཛིན་པར་བྱེད་པོ་ཡིན་པས། སྲོག་དང་འདྲ་ལ་དེ་ཉིད་དུག་ལ་སོགས་པ་དང་ཉེ་བར་བཅོམ་པ་དང་། དེ་བཞིན་དུ་མི་མཐུན་པར་གྱུར་པ་ནི
་བསོད་པར་གྱུར་པ་ཉིད་ཡིན་ཏེ། དེ་བས་ན་ཟས་ཚུལ་ཤེས་པའི་ལེའུའི་རྗེས་ཐོགས་ལ། འདི་བརྩམས་པ་ཡིན་ལོ། རྒྱལ་པོས་ཕོ་བྲང་ཉེ་འཁོར་དུ། སྲོག་འཚོའི་སློབ་དཔོན་བཞག་པར་བྱ།། དེ་ལྟར་བྱས་པས་ཐམས་ཅད་དུ།། ཐམས
་ཅད་ལ་ནི་བསྲུང་བར་འགྱུར།། ཞེས་བྱ་བ་ལ། རྒྱལ་པོ་ནས་བདག་ག། ཕོ་བྲང་ཉེ་འཁོར་ནི་རྒྱལ་པོའི་བཞུགས་གནས་དང་། འདབ་ཉེ་བར་རོ།། སྲོག་འཚོའི་སློབ་དཔོན་ནི་སྨན་པ་སྟེ། སྨན་པ་རྣམས
་ཀྱི་མཆོག་ཏུ་གྱུར་པའོ།། དེ་ནི་བཞག་པར་བྱ་ཞེས་པ་ཕོ་བྲང་དང་ཉེ་བ་ཁོ་ནར་བཞག་པར་བྱ་ཞིང་གནས་པར་བྱ་བ་སྟེ། དེར་དེའི་ཁང་པ་བྱའོ་ཞེས་བྱ་བའི་དོན་ཏོ།། དེ་ལྟར་བྱས་པས་ཞེས་པ་དེ་ལྟར་ཉེ་བར་བསྟེན་པར་གྱུར་པས། སྨན་པ་དེས་ཐམས
་ཅད་དུ་ཞེས་པ་དུས་ཐམས་ཅད་དུ། ཐམས་ཅད་ལ་ཞེས་པ་ཟས་དང་སྐོམ་ལ་སོགས་པ་རྣམས་ལ་བསྲུང་ཞིང་སྡོམ་པར་འགྱུར་རོ་ཞེས་བྱ་བའི་དོན་ནོ།། ཁྱད་པར་དུ་ནི་ས་བདག་གི། ཟས་སྐོམ་དུག་ལས་བསྲུང་བར་བྱ།། ཆོས་ལ་སོགས་དང་གང
་འབྲེལ་བའི།། འབྱོར་བདེ་དེ་ལ་རིག་ལས་སོ།། ཞེས་བྱ་བ་ལ་ཁྱད་པར་དུ་ཞེས་བྱ་བ་རབ་ཏུ་འབད་བས་བདག་སྟེ། རྒྱལ་པོའི་ཟས་ལ་སོགས་པ་བསྲུང་ཞིང་བསྡམ་པར་བྱའོ།། ཟས་དང་སྐོམ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཙམ་དུ་ཟད་དེ། ངེས
་ན་རྒྱལ་པོའི་ལོངས་སྤྱོད་དུ་དགོས་པའི་ན་བཟའ་དང་། གཟི་མས་མལ་དང་། དྲི་དང་ཕྲེང་བ་དང་། རིན་པོ་ཆེ་ལ་སོགས་པ་དག་ཀྱང་། དུག་ལས་བསྲུང་བར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཆོས་སྤྱད་པོ་དང་། སོགས་པ་ཞེས་བྱ་བ་ནོར་དང
་འདོད་པ་དང་ཐར་པ་རྣམས་དང་གང་འབྲེལ་ཅིང་རྒྱུར་གྱུར་པའི་སྐྱེ་དགུ་དང་། བདག་ཉིད་ཀྱི་འབྱོར་པ་དང་། བདེ་བ་ནི་རྒྱལ་པོ་དེ་ལ་རག་ལས་ཤིང་དེའི་ཁ་ན་ལུས་པ་ཡིན་ནོ།། དེ་ལ་འབྱོར་པ་ནི་ལོངས་སྤྱོད་མ་ཐོབ་པ་རྣམས་ཐོབ་པར་བྱེད་པའོ།། །
་ཐོབ་པ་རྣམས་ཡོངས་སུ་བསྲུང་བ་ནི་བདེ་བ་སྟེ། དེ་གཉི་ག་ཡང་རྒྱལ་པོའི་དེ་ལ་རག་ལུས་པ་ཡིན་ནོ།། དེ་བས་ན་དེའི་གནོད་པ་བསྲུང་བར་བྱ་དགོས་སོ།། དེ་དག་ཀྱང་ཇི་ལྟར་ཤེས་ཤིང་བསྲུང་བར་བྱ་ཞེ་ན། འབྲས་ཅན་དུག་བཅས་གཤེར་བག་ཀྱང་།། སྐམ
་བག་ཅན་ནི་འདྲ་བར་འགྱུར།། ཡུན་རིང་ཆོས་པར་གྱུར་པ་དང་།། ཚོས་པའང་ཞག་ལོན་ལྟ་བུར་འགྱུར།། རླངས་པ་རྨ་བྱའི་མགྲིན་འདྲ་ཞིང་།། ཁོང་མྱོས་བརྒྱལ་དང་ལུས་རྡུལ་བསྐྱེད།། དྲི་དང་མདོག་སོགས་ཉམས་པར་འགྱུར།། དུལ་ཅིང་རྨ་བྱའི
་སྒྲོ་ལྟར་འཚེར།། ཞེས་བྱ་བ་ལ་འབྲས་ཆན་ནི་འབྲས་བཅོས་པའི་ཆན་ཏེ། དེ་དུག་དང་བཅས་ཤིང་དུག་གིས་སྦགས་པར་གྱུར་ན། གཤེར་བག་དག་ཀྱང་སྐམ་བག་ཆན་འདྲ་བར་འགྱུར་ཏེ། རླན་བག་མེད་ཅིང་ཅང་དུ་མི་འདོད་པར་འགྱུར་རོ།། དེ་བཞིན
་དུ་ཆོས་དཀའ་བར་འགྱུར་ཏེ། དུས་རིང་མོས་ཚོས་པར་འགྱུར་བ་དང་། དེ་ཚོས་པར་གྱུར་ནས་ཀྱང་། འཕྲལ་དུ་ཞག་ལོན་པ་ལྟ་བུར་འགྱུར་ཏེ། ཉིན་ཞག་གཅིག་འདས་པ་ལྟར་རླངས་པོ་མེད་ཅིང་བསྡུར་མི་འདོད་པར་འགྱུར་རོ།། དེ་བཞིན་དུ་དེའི་རླངས་པ
་རྨྱརྨ་བྱའི་མགྲིན་པ་འདྲ་བར་ཁ་དོག་སྣ་ཚོགས་པར་འགྱུར་བས་ན། རླངས་པ་རྨ་བྱའི་མགྲིན་པ་འདྲ་ཞིང་ཞེས་བྱའོ།། དེ་ཟོས་པར་གྱུར་ནས་ཀྱང་། ཁོང་མྱོས་པ་དང་བརྒྱལ་བ་དང་། ལུས་རྡུལ་བ་བསྐྱེད་པར་འགྱུར་ཏེ། ཁོང་མྱོས་པ་ནི་སེམས
་མདོ་པའོ།། བརྒྱལ་བ་ནི་འདུ་ཤེས་ཉམས་པའོ།། ལུས་རྡུལ་བ་ནི་བད་ཀན་འཐོན་པའོ།། ཡང་འབྲས་ཆན་དེ་དྲི་དང་མདོག་སོགས་ཞེས་པའི་དྲི་དང་ཁ་དོག་དང་། རོ་དང་རེག་པ་རང་གི་ཇི་ལྟ་བ་ཉིད་ཉམས་ཤིང་འཇིག་པར་འགྱུར་རོ།། དེ
་བཞིན་དུ་རྡུལ་ཞིང་ཞེས་པ། རབ་ཏུ་འདྲུལ་བར་འགྱུར་རོ་ཞེས་བྱ་བའི་དོན་དེ་བཞིན་དུ་རྨ་བྱའི་སྒྲོ་ལྟར་འཚེར་བ་ཞེས་བྱ་སྟེ། རྨ་བྱའི་མཇུག་སྒྲོའི་རྩེ་མོ་ལྟ་བུ་འམ། ཆུ་ནང་དུ་ཏིལ་མར་གྱི་ཐིག་པ་བོར་བ་ལྟར་སྔོ་དམར་འཚེར
་བར་འགྱུར་རོ།། ཚོད་མ་མྱུར་དུ་བསྐམས་པ་དང་།། བསྐོལ་བ་མདོག་ནི་གནག་འགྱུར་ཞིང་།། དེར་གཟུགས་ཆུང་བ་འམ་ཚོ་བ་འམ།། མི་སྡུག་པ་འམ་མི་སྣང་འགྱུར།། ལྦུ་བ་སྟེང་བྱུང་རི་མོ་མཚམས།། ཁ་ཆུ་འདྲ་དང་ཆུ་བུར་འབྱུང་ཞེས་བྱ་བ་ལ། ཚོད་མ་ཞེས་བྱ
་བ་ནི་སྲན་ཚོང་ལ་སོགས་པ་སྟེ། དེ་ལ་དུག་ཡོད་ན་མྱུར་དུ་བསྐམས་པར་འགྱུར་བ་དང་། དེ་བཞིན་དུ་བསྐོལ་བ་ནི་མདོག་གནག་ཅིང་དྲི་མ་ཅན་དུ་འགྲོ་བ་དང་། དེར་ཞེས་པ་ཚོད་མ་བསྐོལ་བ་དེར་རང་གི་གཟུགས་ཀྱི་རང་བཞིན་ལས་ཆུང་ཞིང་ཞན་པ་འམོ།།
་ཆེ་ཞིང་ལྷག་པ་འམ། མི་སྡུག་པ་སྟེ། རང་བཞིན་གཞན་དུ་སྣང་བར་འགྱུར་རོ།། ཡང་ན་དེར་རང་གི་རྣམ་པ་ཉིད་སྣང་བར་མི་འགྱུར་རོ།། ཡང་ཚོད་མ་བསྐོལ་བ་དེར་ལྦུ་བ་ལ་སོགས་པ་འབྱུང་བ་ལས་ཀྱང་ཤེས་པར་བྱ་སྟེ། དེ་ལ་ལྦུ་བ་ནི་ལྦུ་བའི་རྣམ་པར
་འབུར་དུ་ཆས་ཤིང་འབྱུང་སྟེ། དེའི་ནང་རི་མོ་སྣ་ཚོགས་པ་དག་སྣང་བ་འམ། མཚམས་འབྱེད་ཞིང་ཆང་པ་ལྟ་བུར་སྣང་བ་དང་། ཁ་ཆུ་འདྲ་བར་ནལ་ནལ་པོ་ར་འབྱུང་བ་དང་། ཆུ་བུར་དག་ཇི་ལྟར་ཆུའི་ནང་ན་སྣང་བ་དང་འདྲ་སྟེ། དེ་དག་དེར་འབྱུང་བར
་འགྱུར་རོ།། བཏུང་བ་མངར་སྐྱར་ཚོད་མ་དང་། ཤ་རག་མཚམས་འབྱེད་རོ་དང་དང་བྲལ་ཞེས་བྱ་བ་ལ། བཏུང་བ་ནི་རྒུན་འབྲམ་ལ་སོགས་པ་ལ་སྔར་སྦྱང་བ་ཕལ་ཆེར་མདོག་དམར་པོར་སྣང་ཞིང་མངར་བ་དང་སྦྱར་བ་སྟེ། ཡང་བཏུང་བའི་བྱེ
་བྲག་བལ་པོ་སེའུ་ལ་སོགས་པ་ལ་བྱས་པའི་རོ་སྦྱར་བ་དང་། ཚེད་མ་སྟེ། ཤཱུ་ཤ་དང་། བ་ཐ་ལ་སོགས་པ་དང་། ཤ་བཅོས་པ་དག་སྟེ། བཏུང་བ་མང་པོ་མདོག་ཅན་ལ་སོགས་པ་དེ་དགུ་ཐམས་ཅད་དུག་དང་བཅས་པར་གྱུར་ནཱ། མཚམས་བྱེ་བ་དང་།
་དང་བྲལ་བར་འགྱུར་ཏེ། རོ་དྲུག་པོ་དག་མི་སྣ་ང་ཞིང་གསལ་བར་མི་རྙེད་པར་འགྱུར་ཏེ། དེ་ལྟར་ནཱ་རོ་དང་བྲལ་བ་ནི་རོ་མི་ཞིམ་པ་འམ། ཕྱིན་ཅི་ལོག་རོ་དང་ལྡན་པར་འགྱུར་བའི་དོན་ནོ།། ཤ་ཁུ་རི་མོ་སྔོར་སྣང་ཞིང་།། འོ་མ་ཟངས་མདོག་ཞོ་དྲི་མ།། ངར
་བ་ལ་ནི་སེར་དང་གནག། མར་ཁུ་ཆུ་དང་འདྲ་བར་སྣང་།། ཆར་དང་ཆུ་གནག་སྦྲང་རྩི་ལ།། ལྗང་སྣང་ཏིལ་མར་དག་ལ་དམར་ཞེས་བྱ་བ་ལ། ཤ་ཁུ་ནི་ཤ་ལས་བྱས་པའི་ཁུ་བ་སྟེ། དེ་དུག་གིས་སྦགས་པར་གྱུར་ན། དབུས་ན་རི་མོ་སྔོན་པོར་སྣང་བར
་འགྱུར་རོ།། འོ་མ་ལ་དུག་གིས་སྤྲུགས་ན། ནང་ན་ཟངས་ཀྱི་མདོག་ལྟ་བུར་སྣང་བར་འགྱུར་རོ།། ཞོ་ལ་དུག་ཡོད་ན་ནི་རི་མོ་དྲི་མ་ཅན་སྣང་བར་འགྱུར་རོ།། དར་བ་ལ་དུག་ཡོད་ན་རི་མོ་སེར་པོ་དང་ནག་པོ་སྣང་བར་འགྱུར་རོ།། མར་དུག་དང་འདྲེས་ན་ནི་རི་མོ
་ཆུ་དང་འདྲ་བར་སྣང་བར་འགྱུར་རོ།། ཆང་དང་ཆུ་ལ་དུག་ཡོད་ན་གནག་ཅིང་སྣག་ཚ་ལྟར་སྣང་བར་འགྱུར་རོ།། སྦྲང་རྩིལ་དུག་ཡོད་ནི་ནི་ལྗང་ཁུ་སྣང་ཞིང་མདོག་སྔོ་བསངས་སུ་སྣང་བར་འགྱུར་རོ།། ཏི་ལི་མར་ལ་དུག་ཡོད་ན་ནི་རི་མོ་དམར་ཞིང་ཟངས་ལྟར
་སྣང་བར་འགྱུར་རོ།། ཤིང་ཏོག་མ་སྨིན་སྨིན་པར་སྣང་།། སྨིན་པ་དག་ནི་ཡོངས་སུ་འདྲུལ་ཞེས་བྱ་བ་ནི། ཤིང་ཏོག་མ་སྨིན་པ་ལ་དུག་གིས་སྦགས་པ་ནི། སྨིན་པ་ལྟ་བུར་སྣང་བར་འགྱུར་ལ། ཤིང་ཏོག་སྨིན་པ་རྣམས་ལ་དུག་གིས་སྔགས
་པ་ནི་ཡོངསུ་འདྲུལ་ཞིང་རུལ་བར་འགྱུའོ།། ཁ་ཟས་རློན་དང་སྐམ་པ་དག། རྙིངས་ཤིང་མདོག་ནི་ཉམས་པར་འགྱུར་ཞེས་བྱ་བ་ལ། ཁ་ཟས་རློན་པ་ལ་དུག་གིས་སྔགས་ན་ནི་རྙིང་པར་འགྱུར་ལ་ཁ་ཟས་སྐམ་པོ་དག་ལ་དུག་གིས་སྒྲགས་ན་ནི་མདོག་ཉམས་ཤིང་ཁ་དོག་དང་བྲལ་བ
་འགྱུར་ཏེ། འདིར་ཚིག་གཉིས་གོ་རིམ་བཞིན་སྦྱར་བར་བྱའོ།། སྐྱེ་བ་དང་ནི་སྲ་བ་དག། རིག་པ་གོ་ནི་བཟློག་པར་འགྱུར་ཞེས་བྱ་བ་ལ། རྫས་སྙི་བ་རྣམས་དང་། དེ་བཞིན་དུ་སྲ་བ་དག་ལ་དུག་གིས་སྦགས་ན། རེག་པ་གོ་བཟློག་པར་འགྱུར་ཏེ། སྙི་བ་ནི་སྲ་བར་འགྱུར། སྲ་བ་ནི་སྙི་བར་འགྱུར་ཏེ། འདི
་ག་པའི་གོ་བཟློག་པའོ།། མེ་ཏོག་ཕྲེང་རྩེ་ལོ་མི་འགས།། རྙིད་ཅིང་དྲི་ནི་མི་ཞིམ་འགྱུར།། ཞེས་བྱ་བ་ལ། མེ་ཏོག་གི་ཕྲེང་བ་ལ་དུག་ཡོད་ན་ནི་ངོའི་རྩེ་མོ་འགས་ཤིང་ཟད་པ་དང་། རྙིད་ཅིང་ཀུན་ཏུ་དེངས་པར་འགྱུར་བ་དང་། དྲི་མི་ཞིམ་པ་སྟེ་དྲི་ཞིམ་པོ་དང་བྲལ་ནས། དྲི་མནམ་པ་གཞན་དག
་ངབར་འགྱུརརོ།། གོས་ལ་ནག་པོ་ཏལ་ཏིལ་དང་།། སྤུ་རྣམས་མཐིལ་ཞིང་ཁ་ཚར་འཆད་ཅེས་བྱ་བ་ལ། སྟེང་ནས་བགོ་བ་དང་འོག་ཏུ་བཏིང་བ་ལ་སོགས་པའི་གོས་རྣམས་ལ་དུག་གིས་བསྒོས་པ་ན་ནི་རི་མོ་དྲི་མ་ཅན་ཏལ་ཏིལ་དག་སྣང་བ་དང་། གོས་ཀྱི་སྤུ་རྣམས་རྣར་འཐུལ་ཞིང
་ཆད་པ་དང་། ཁ་ཆར་བཅད་ཅིང་ལྷུང་བར་འགྱུརརོ།། གསེར་དངུལ་ཤིང་དང་མུ་ཏིག་རྡོ།། རིན་ཆེན་སོགས་ལ་དྲི་མ་ཆགས།། གཟི་མདངས་རེག་པ་འོད་ཉམས་འགྱུར།། ཞེས་བྱ་བ་ལ། གསེར་དངུལ་ནི་ཁམས་ཀྱི་རང་བཞིན་ཅན་གྱི་རིནྡ་པོ་ཆེ་རྣམས་ཏེ། འདི་དག་གཞན་ཡང་བསྡུའོ།།
་མུ་ཏིག་ནི་མུ་ཏིག་གི་རྡོག་གུའོ།། ཤིང་དང་རྡོ་ནི་དངོསུ་ཟང་།། རིན་ཆེན་ནི་བཻ་ཌཱུརྱ་དང་། རྡོ་རྗེ་ལ་སོགས་པ་སྟེ། གསེར་དངུལ་ལ་སོགས་པ་འདི་རྣམས་ལ་དུག་གིས་སྦགས་ན། དྲི་མ་ཆགས་པ་སྟེ། འདམ་གྱིས་བསྐུས་པ་འདྲ་བར་འགྱུར་བ་དང་། དེ་བཞིན་དུ་གསེར་དངུལ་ལོ
་སོགས་པ་འདི་རྣམས་ཉིད་ཀྱི་གཟི་མདངས་དང་། རེག་པ་དང་འོད་ཉམས་ཤིང་མེད་པར་འགྱུར་རོ།། སཱ་ཡི་སྣོད་ནི་མདོག་བཅས་བྱེད་ཅེས་བྱ་བ་ལ། སའི་སྣོད་ཅེས་བྱ་བ་ཁམ་ཕོར་ལ་སོགས་པས་ལས་བྱས་པའི་སྣོད་རྣམས་ནི་མདོག་མེད་པ་དག་ཀྱང་། མདོག་དང་བཅས་ཤིང
་ནི་མདངས་ཅན་དུ་འགྱུརརོ།། དུག་སྟེར་ཁ་ནི་སྔོ་སྐམས་ལ།། གནོང་བག་གིས་ནི་ཕྱོགསུ་བསྟི།། རྡུལ་ཞིང་འདིར་ལ་སྐྲག་པ་དང་།། འཇིགས་ཤིང་འགྲོས་འཁོར་གྲོལ་བར་འགྱུར།། ཞེས་བྱ་བ་ལ། དུག་སྟེར་ཞིང་སྦྱིན་པར་བྱེད་པས་ན་དུག་སྟེར་ཏེ། དུག་སྦྱོར་བའི་མིའོ།། དེའི་ཁ་ནི
་སྔོ་བསྐམས་མ་ཞེས་བྱ་བ། དེའི་ཁ་སྔོ་ཞིང་སྐམས་པར་འགྱུར་བ་དང་། དེ་བཞིན་དུ་གནོད་བག་གིས་ཞེས་བྱ་བ་ངོ་ཚ་བ་དང་བཅས་པ་ལྟ་བུར་གཡོར་བག་མེད་པ་དང་། ཕྱོགས་ཀུན་ཏུ་བལྟ་ཞིང་རྟོག་པར་བྱེད་པ་དང་། དེ་བཞིན་དུ་ལུས་ཚ་བས་རྡུལ་ཞིང་བདར་དག་དང་ལྡན་ལ། རང་གི་ཉེས་པའི
་དགོས་པས་སྐྲག་པ་སྟེ། ཁོང་སྐྱོ་བ་དང་། འཇིགས་པ་སྟེ་བྲེད་པ་དང་བཅས་པ་དང་། འགྲོས་འཁོར་བ་སྟེ། རྡོག་འཆོས་ཤིང་འཚོ་བ་དང་། དེ་བཞིན་དུ་གླལ་ཞིང་ཁ་གདངས་པར་བྱེད་པར་འགྱུར།། དུག་ལྡན་ཐོས་ནི་མེས་བསྐྱེགས་ནོ།། མེ་ལྕེ་གཅིག་འཁྱིལ་མེ་སྟག་བརྒལ།། དུབ་རྨྱ་བྱའི
་མགྲིན་འདྲར་འགྱུར།། མེ་ལྕེ་མོ་འབར་འབར་ཡང་མནམ།། སྦྲང་མས་ཟོས་ན་འཆི་བར་འགྱུརརོ།། བྱ་རོག་གིས་ཟོས་སྐད་ཞན་འགྱུར།། འདི་ནི་ན་ཚོ་དེ་རུ་ཧ།། རི་སྐེགས་ཀྱིས་ཟོས་ཅ་ཅོ་འབྱིན།། ངང་པས་ཟོས་ན་རྡེག་འཆོས་ལ།། ཤང་ཤང་ཏེའུ་ན་པོར་འགྱུར།། སྲེག་པ་མིག་གིས
་མི་ཆགས་བྱེད།། ཁྲུག་ཀྲུང་དག་ནི་འཛུབ་པར་འགྱུར། བུག་རོན་ཁུ་དྲུག་བྱ་གག་དང་།། ངུར་བས་ཟོས་ན་འཆི་བར་འགྱུར། བྱོལ་རྒྱུ་ཞིང་འདོར་བར་འགྱུར།། སྤྲེའུ་མི་གཙང་འདོར་པར་བྱེད། རྒྱ་བྱ་དེ་མཐོང་དགའ་བར་འགྱུར། དུག་གི་དཔལ་ནི་ཉམས་པར་འགྱུར།། དེ་ལྟར་བས་ནི
་དུནྱ། དུག་ལྡན་པར།། ཤས་ཤིང་ལྕི་ནས་ང་ཡི་ནི།། སྲོག་ཆགས་ཕྲ་མ་ཡན་ཆང་ལའང་།། གནོད་མི་འགྱུར་བར་འབང་དེ་དོར།། རེག་ན་གཡའ་ཞིང་ཚལ་ན།། རིམས་འདེབས་འབྲུམ་འབྱུང་ཚོར་བ་ཆུང་།། སེན་མོ་སྤུ་འབྱུང་ལུས་སྨང་སྟེ།། ངལ་དུག
་ནི་རྣམ་འཇིག་པའི།། ཙན་དན་ཤུག་པ་སྤུ་ཤེལ་ཙེ།། སོ་མའི་ཤུན་བཅས་བལ་བུའི་འདབ།། རུ་རྟ་སློ་ཏྲེས་ཨ་ཀ་རུའི། ཆུས་བཀྲུས་བླུགས་ཤིང་བསྐུ་བར་བྱ།། ཁར་བཅུག་ནས་ནི་མཆིལ་སྣབས་མང་།། ལྕེ་མཆུ་སྦྲིད་ཅིང་བེམ
་བོར་བྱེད།། ལུས་ཚན་ཞིང་སྔོ་རྩ་ལ།། རོ་མི་ཚེ་རེ་ཞིང་འགྲམ་སོ་མཐམ།། དེ་ལ་དུག་ཀུན་འཇོམས་སྨན་དང་།། ཨུ་ཤིར་སོགས་ཁུ་མ་ཁུར་བཀང་དབོ།། མེ་ཞུའི་གནས་བབས་རྡུལ་བ་དང་།། བརྒྱལ་ཞིང་ལྟོ་སྤོས་མྱོས་མགོ་འཁོར།། བ་སྤུ་ལྡང་ཞིང་སྐྱུག་ལུས
་ཚྭཚ། མིག་མི་གསལ་ཞིང་སྙིང་མི་དྲན།། ཡན་ལག་ཐིག་ལེས་ཁྱབ་པར་འགྱུར།། ཞུ་བའི་གནས་སུ་ཕྱིན་ན་ཡང་།། ཁ་དོག་སྣ་ཚོགས་སྒྱུར་བ་དང་།། གཅིན་མང་རབ་ཏུ་འཁྲུ་བར་འགྱུར།། རྒྱུ་སྙོམས་སྐོམ་ཞིང་མདོག་སྒྱུ་ལ།། གསུས་པ་སྐྱེ་ནིང་ཉམས
་སྟོབས་ཟང་།། དེ་གཉིས་རློན་དང་ཁྲུས་བྱས་ནས།། གསེར་གཉིས་བུ་རམ་གཽ་ར་ཀར་ནི། སེམ་དུ་པ་རོ་ནི་སྦ་བ།། བ་ཤིས་ཀ་དྲང་ཚིགས་བརྒྱ་པ།། ཏནྡྷ་ལི་ཡིའི་རྩ་བ་དང་།། བྱ་གག་སྒོ་ང་ཨོཾ་བལླུ།། སྣར་བཏང་མིག་སྨན་བྱུང་བྱ་བ།། དུག་ཞེའི་ཕྱིར་ནི
་སྦྱར་བར་བྱ་ཞེས་བྱ་བ་ལ། དེ་གཉོས་ཞེས་པ་ཞུ་བ་དང་། ཞུ་བའི་གནས་དག་སློན་དུ་ཞུས་བྱ་བ་སྟེ། སློན་སྨན་གྱི་ཞུ་བའི་གནས་ནས་སློན་བྱས་ཏེ་དྲངས་པ་དང་། འཁྲུ་སྨན་གྱིས་འཇུ་བའི་གནས་ནས་ཁྲུས་བྱས་ཞིང་བཏོན་ནས། དེ་ལྟར་ལེགས
་བབར་སྦྱངས་པའི་ལུས་ལ་སེར་པོ་གཉིས་ལྔ་སོགས་པ་ནས། སྣ་ནས་བཏང་ཞིང་མིག་སྨན་བསྐུ་བ་དང་། བླུང་བའི་བར་གྱི་སྦྱོར་བ་དྲུག་ཞི་བར་བྱ་བའི་ཕྱིར་སྦྱར་བར་བྱའོ།། དེ་ལ་སེར་པོ་གཉིས་ཞེས་བྱ་བ་ནི་ལུང་བ་དང་སྐྱེར་བ་སྟེ། སེར་པོ་རྣམ་པ་གཉིས
་སོ།། བུ་རམ་ནཱི་བུ་རམ་ཤིང་ལས་བྱུང་བའི་བུ་རམ་དཀར་པོའོ།། ག་རི་ཀ་ར་ནི་ཀ་ཏ་བྲྀའོ།། སིནྣ་བ་རི་ནི་ཤྭེ་ཏ་པུཥྤའོ།། ནི་སྠ་པ་ནི་གང་བུ་ཅན་གྱི་འབྲུའི་ཁྱོད་པར་ཞོག་གོ། པཥས་ཤྩི་ཀ་ནི་ཧེ་གུ་བ་ཏྲའོ།། ཏནྡྷ་ལི་ཡ་ནི་མེ་གནྡྷ་སྟེ། དེའི་རྩ་བའོ།། བྱ
་གག་གི་སྒོ་ང་ནི་ཁྱིམ་བྱའི་སྒོ་ངའོ།། ཨ་བལླུ་ཛ་ནི་སོ་མ་ར་ཛ་སྟེ། རྫས་དེ་རྣམས་ཆ་མཉམ་ལོ། ལྡེ་གུར་བྱས་ཏེ་སྣ་ནས་བཏང་བ་དང་། མིག་སྨན་དྲི་བསྒོ་བ་དང་། བླུད་ཙང་སྦྱིན་པར་བྱ་བ་དག་དུག་ཞི་བར་བྱ་བའི་ཕྱིར་བྱའོ།། དུག་འཐུངས་པ་དག
་སྟེང་དང་ནི།། དེ་བཞིན་འོག་ནི་སྦྱངས་གྱུར་ནས། དུས་སུ་ཟངས་བཟང་བདར་ཕྱེ་མ།། སྦྲང་རྩིར་བཅས་པོ་སྙིང་སྦྱོར་སྦྱིན་ཞེས་བྱ་བ་ལ། དུག་མཐུངས་པོའི་སྐྱེས་བུ་དེ། སློན་སྨན་དང་ཁྲུས་སྨན་གྱིས། སྟོང་སྟེ་རོ་སྟོད་དང་འོག་སྟེ་རོ་སྨང་སྦྱངས་ཤིང
་དག་པར་གྱུར་ནས། རིགས་ཤིང་འཚམས་པའི་གནས་སྐབས་ཀྱི་དུས་སུ་ཟོངས་མ་བཟང་པོ་ལེགས་པར་བདོར་བའི་ཕྱེ་མོ་ཞིབ་མོ་སྦྲང་རྩི་དང་སྦྲང་རྩི་རོ་བཅས་པའི་ལྡེ་གུ་དེ་སྙིང་ནི་ཡོད་པའི་ནད་སྦྱོང་བར་བྱེད་པ་སྦྱིན་པར་བྱའོ།། སྙིང་ནང
་སྦྱངས་ནས་གསེར་ཕྱེ་ནི།། ཞིབ་མོ་ཞོག་ཅིག་སྦྱིན་བྱས་ནས་ཞེས་བྱ་བ་ལ། དེ་ལྟར་ཟངས་མའི་ཕྱེ་མའི་ལྡེ་གུ་སྦྱིན་ཞིང་། སྙིང་ནད་སྦྱངས་པར་གྱུར་ནས། དེའི་འོག་ཏུ་གསེར་གྱི་ཕྱེ་མ་ཞིབ་མོར་བྱས་པ་སྲོང་གི་ཅོག་གི་བཞི་ཚིང་། བཞི་ཆ་སྦྱིན་པ
་བྱའོ།། པདྨོའི་འདབ་མར་ཆུ་བཞིན་དུ།། གསེར་གྱི་ཡན་ལག་ལ་མི་ཆགས།། ཚེ་ཡང་རིང་དུ་འཕེལ་བར་འགྱུར་ཞེས་བྱ་བ་ལ། གང་གི་ཕྱིར་གསེར་འཐུངས་པར་གྱུར་པས་དུག་ཟོས་པའི་ཡན་ལག་རྣམས་ལ། དུག་དེ
་ཆགས་ཤིང་ཞེན་པར་མི་འགྱུར་ཏེ། དཔེར་ན་པདྨའི་འདབ་མར་ཆུ་ཆགས་པར་མི་འགྱུར་བ་དེ་བཞིན་དུ། དེ་ལ་ཆགས་པར་མི་འགྱུར་བ་དང་། དེ་བཞིན་དུ་གསོར་འཐུངས་པར་གྱུར་པ་དག་ནི་ཚེ་རིང་ཞིང་འཕེ་ལ་བར་འགྱུར་བ་ཉིད་ཀྱང་འཐོབ
་བར་འགྱུར་རོ།། སྦྱར་དུག་ལ་ཡང་ཆོ་ག་འདིའི་ཞེས་བྱ་བ་ལ། བཤད་མ་ཐག་པའི་དུག་ཞི་བར་བྱ་བའི་ཆོ་ག་འདི་ནི་འོག་ནས་བཤད་པའི་སྦྱར་དུག་ལ་བྱ་བར་དྲང་སྲོང་གིས་བཤད་དོ།། སྦྱར་བའི་དུག་ནི་དུག་སྦྱར་མའོ།། སྦྱར་དུག་དང་ལྡན
་བའི་ཟས་སྐོམ་དོག་ནི་དུས་བྱིས་ཞིག་ནས་གསོད་པར་བྱེད་པ་ཡིན་པས། གཙོ་བོ་མ་ཡིན་ལོ། དེ་ལྟར་གཙོ་བོ་མ་ཡིན་པ་ཉིད་ཀྱིས་ན་འདིའི་ཚེ་གའི་དབྱང་དུ་བྱ་བ་ཕྱིས་བསྟན་པ་ཡིན་ནོ།། དེ་བཞིན་དུ་ཟོས་ཀྱི་ཕུང་པོ་ཡོན་ཏན་མཆོག
་དང་ལྡན་པ་དག་ཀྱང་གཡོས་སུ་བྱ་ཞིང་སྦྱར་བ་དང་། ཚོད་དང་དུས་ལ་སོགས་པའི་དབང་གིས་ཁ་ཟས་མི་འཕྲོད་པར་གྱུར་པ་ནི། སྡུག་བསྔལ་སྐྱེད་པར་བྱེད་པས། སྦྱར་བའི་དུག་དང་འདྲ་སྟེ། འབྲལ་དང་དུས་ཕྱི་ནས་གསོད་པར
་འགྱུར་རོ།། དེ་བས་ན་འདིར་སྨྲས་པ་ནི། ཁ་ཟས་དག་ཀྱང་མི་མཐུན་ཟོས། སྦྱར་དུག་འདྲ་བར་ཤེས་པར་བྱ་ཞེས་བྱ་བ་ཡིན་ཏེ། ཁ་ཟས་ཀྱང་གཡོས་སུ་བྱས་ཤིང་སྦྱར་བ་དང་། ཆད་པ་དང་། ཡུལ་དང་། དུས་ལ་སོགས
་བས་མི་མཐུན་པར་གྱུར་པ་ཟོས་པ་ནི། སྦྱར་བའི་དུག་དང་འདྲ་བར་ཤེས་པར་བྱ་ནང་ཁོང་དུ་ཆུང་བར་བྱའོ།། རླན་ཅན་ཤ་དང་མོན་སྨན་གྲེའུ།། སྦྲང་རྩི་བོ་མ་མྱུ་གུ་ཅན།། པདྨའི་རྩ་བ་ལ་བུག་སྦྲུམ།། བུ་རམ་དང་བཅས་མི་འཕྲོད་ཡིན།། ཞེས་བྱ་བ་ལ། རླན
་ཅན་གྱི་ཤི་ནི་རི་དྲགས་ཆེན་པོ་དང་། ཚུལ་སྤྱོད་པ་དང་། ཚུལ་གནས་པ་ཞིས་བྱ་བའི་སྡེ་ཆེན་གསུམ་དུ་བསྟན་པ་སྟེ། དེ་དང་མོནྡ་སྲན་གྲེའུ་ཞེས་བྱ་བ། སྲན་མཱ་ཥ། སྦྲང་རྩི་དང་། འོ་མ་དང་། མྱུ་གུ་ཅན་དང་། པདྨའི་རྩ་བ་དང་། ལྀ་ཕུག་དག་གམ།
་བུ་རམ་དང་བཅས་པ་ནི་མི་འབྱོད་ཅིང་མི་མཐུན་པ་ཡིན་ནོ།། དེ་ལ་སོགས་པ་མི་འོ་ཕྲོད་པའི་ཟས་གང་ཡིན་པོ་དེས་ནི། དེའི་གནོད་པའི་ཁྱད་པར་འདིར་མ་བསྟན་ཀྱང་། དྲང་སྲོང་ཙ་ར་ཀས་ཇི་སྐད་བསྟན་པའི་མ་ནིང་ལ་སོགས་པའི་འགྱུར་བ་སྐྱེད་ཅིང་།།
་དེས་འབྲལ་ཏམ། དུས་བྱིས་སྲོག་འཇོམས་པར་བྱེད་པ་ཡིན་ནོ།། མི་འབྱོང་པའི་འབྲས་བུ་ཙཱ་ར་ཀས་བཤད་པ་ནཱི། འོན་པ་དང་། ལོང་བ་དང་། འདར་བྱུག་དང་རྨོངས་བག་དང་། ལྐུགས་བྷ་དང་། དྲན་པ་མེད་པ་དང་། རྨུགས་པ་རྣམས་ཀྱི་རྩ་བ
་མིནྡ་པའམ། ཡང་ན་འཚ་བར་འགྱུར་བ་ཉིད་ལྡན་ནོ།། ཞེས་ཤང་པ་ཡིན་ནོ།། དེདག་ནི་འདྲེས་པའི་སྦྱར་བའི་མི་འབྲིང་བ་ཡིན་ནོ།། ཁྱུང་བར་དུ་ནི་འོ་མཿ།། !་རྣམ་སྩ་ལས་ཀྱ་ཙུ་ལི་ཙ་མ།། ཁྱད་བར་དུ་ཤེས་བྱ་བ་ནི་ལྷག་པར་རོ།། ན
་ལ་སོགས་པ་སྟེ། སྨན་ཅན་གཞན་དག་ན་ཡོད་པའང་རུང་སྟེ། དེ་ནི་འོ་མ་དང་ལྷན་ཅིག་ཟོས་ན་མི་འབྲོང་བ་ཡིན་ནོ།། དེ་བཞིན་དུཉ་རྣམས་ཀྱི་ནང་ནས་ཀྱང་།། ཙི་ལི་ཙ་མ་ཞེས་བྱ་བའི་ཉ་འོ་མ་དང་ལྷན་ཅིག་མི་འཕྲོད་པ་ཡིན་ཏེ། འདི་གཉི་ག
་ཡང་རོ་མངར་བ་དང་། ཞུ་བའི་རྗེས་མངར་བ་དང་། བང་ཀན་བསྐྱེད་པ་དྲོ་བ་དང་། བསིལ་བར་བྱེད་པའི་ཚུལ་གྱིས་ནུས་པ་མི་མཐུན་པ་ཡིན་ལ། ནུས་པ་མི་མཐུན་པས་ན་ཁྲག་འཁྲུག་པར་བྱེད་པ་ཡིན་ལ།
་བད་ཀན་སྐྱེད་པར་བྱེད་ཅིང་། རྒྱུ་བའི་ལམ་འགག་པར་བྱེད་པ་ཡིན་ནོ།། དེ་ལས་ཀྱང་ཉ་ཙི་ལི་ཅི་མ་ནི་ཅུང་ཟོང་ཟླུམ་ཞིང་མདོག་དམར་པོར་སྣང་ལ། ཕལ་ཆེར་ས་ལ་རྒྱུ་བས། གལ་ཏེ་དེ་འོ་མ་དང་ལྷན་ཅིག་ཟོས་ན་གདོན་མི་ཟ་བར་ཁྲག་ལས་བྱུང་བ
་འམ། རྟག་འགགས་ལས་བྱུང་བའི་ནད་གང་ཡང་རུང་བ་འབྱུང་བར་འགྱུར་རོ་ཞེས་དྲང་སྲོང་ཙ་ར་ཀས་བཤད་དོ།། འོ་མ་ལྷན་ཅིག་སྐྱུར་ཀུན་ནི།། མི་འཕྲོད་ཤིང་ཏོག་དེ་བཞིན་ནོ་ཞེས་བྱ་བ་ལ། འོ་མ་དང་ལྷན་ཅིག་སྐྱུར་ཐམས་ཅད་མི་འབྲོད་དོ།།
་འདིར་ཀུན་གྱིས་སྒྲ་སྨོས་པས་སྐྱུར་པོ་ལ་སོགས་པ་རྫས་གཤེར་བ་ཐམས་ཅད་བསྡུ་བ་དང་། དེ་བཞིན་དུ་སྨན་སྒྱུར་བ་དང་། ཆུ་བའི་རྩ་བ་ལ་སོགས་པ་དེ་ཐམས་ཅད་འོ་མ་ལྷན་ཅིག་མི་འཕྲོང་བ་ཡིན་ནོ་ཞེས་ངེས་པར་ཤེས་པར
་བྱའོ།། འདིར་ལྷན་ཅིག་ཅེ་ས་སྨོས་པ་ནི། དོན་ལྷག་པར་བསྟན་པར་བྱ་བའི་ཕྱིར་ཏེ། འོ་མ་འཐུངས་ནས་ཟ་ས་གཞན་གྱིས་བར་བཅད་དུ་ཟིན་ཀྱང་། ཕོ་བར་ཇི་སྲིད་གནས་པར་འགྱུར་བ་དེ་སྲིད་ཀྱི་བར་དུ། སྐྱུར་པོ་ལ་སོགས
་པོ་རྫས་སྒྱུར་བ་གང་ཡང་བཟའ་བར་མི་བྱ་སྟེ། ལྷག་པའི་དོན་འདི་ལྷན་ཅིག་ཅེས་བྱ་བའི་སྒྲ་ལས་ཤེས་པར་བྱའོ།། དེ་ཡང་བསྡུས་པ་ལས། གཤེར་བ་དང་བསྐ་བའི་རྫས་ཐམས་ཅད་ནི་འོ་མ་དང་ལྷན་ཅིག་གམ། དེའི་རྗེས་ལ་མི
་འབྲོང་པ་ཡིན་ནོ་ཞེས་བཤད་པ་ཡིན་ནོ།། ཤིང་ཏོག་ནི་དེ་བཞིན་ནོ་ཞེས་བྱ་བར་འདིར་འོ་མ་དང་ལྷན་ཅིག་མི་འཕྲོད་དོ་ཞེས་བྱ་བར་སྦྱར་ཏེ། སྒྱུར་བ་རྣམས་འོ་མ་དང་མི་འཕྲོད་པ་འབའ་ཞིག་ཏུ་མ་ཟད་ཀྱི། ཤིང་ཏོག་ཀྱང་མི་འཕྲོད་དེ། དོན་གྱིས་ན
་ཤིང་ཏོག་སྟར་ཀའི་འབྲས་བུ་ལ་སྩོགས་པ་སྒྱུར་བ་མ་ཡིན་པ་དག་ཀྱང་སྟཱར་ཀཱའི་འབྲས་བུ་ལ་སོགས་པ་བལ་ཆེར་ལྷོན་ཅིག་མི་འཕྲོད་ངོ་ཞེས་བྱ་བ་ནི་དེ་བཞིན་ནོ་ཞེས་བྱ་བའི་དོན་ཡིན་ནོ།། དེ་ཡང་དྲང་སྲོང་ཙ་ར་ཀས་ཨམྲའི་འབྲས་བུ་དང་།
་ཨ་མྲ་ཏ་ཀ་དང་། བ་ལུང་དང་། ལི་གུ་ཅོད་། ཀ་ར་མརྡ་དང་། ཆུ་ཤིང་གི་འབྲས་བུ་དང་། སྐྱུར་རྩི་ཆེན་པོ་དང་། རྒྱ་ཤུག་གི་འབྲས་བུ་དང་། ཀོ་ཤ་ཨ་མྲ་དང་། འཛམ་བུའི་འབྲས་བུ་དང་། བིལླིའི་རྐང་དང་། ཏིཀྟི་ལི་ཀ་དང་། ཀུ་ཤུ
་དང་། སྔར་ཀའི་འབྲས་བུ་དང་། བ་ན་སཾ་དང་། རྒྱ་སྦྱར་གྱི་འབྲས་བུ་དང་། བལ་པོ་སེའུ་དང་། སྐྱུ་རུ་ར་ལ་སོགས་པ་དེ་ལྟ་བུ་དང་། གཞན་དག་དང་། སྐྱུར་བའི་རྫུས་སྐམ་པོ་དང་། གཤེར་བ་ཐམས་ཅད་ཀྱང་འོ་མ་དང་ལྷན་ཅིག་མི་འཕྲོང་པོ
་ཡིན་ནོ་ཞེས་བཤད་པ་ཡིན་ནོ།། དེ་བཞིན་རྒྱ་སྲན་ཁྱི་དག་དང་། བ་ལ་ཀཱ་ལཏྟཱ་མི་འཕྲོད་ཅེས་བྱ་བ་ལ། དེ་བཞིན་དུ་རྒྱུ་སྲན་དང་ཀུ་ལཏྤ་ལ་སོགས་པ་ཡང་འོ་མ་དང་ལྷན་ཅིག་མི་འཕྲོད་པ་ཡིན་ནོ།། ལ་ཕུག་ལ་སོགས་སྔོ་དང་ནི།། ཟོས
་ནས་འོ་མ་སྤང་བར་བྱ་ཞེས་བྱ་བ་ལ། ལ་བུག་ལ་སོགས་པ་སྔོ་དང་རྗེན་པོ་ཟོས་ནས། འོ་མ་སྤོང་བར་བྱའོ།། ལ་སོགས་པའི་སྒྲས་ནི། གུ་ཏི་ར་དང་། ཤི་ཀྲུ་དང་། བྱེའུ་རུག་པ་ལ་སོགས་པ་བསྡུའོ།། དེ་ཡང་དྲང་སྲོང་ཙ་ར་ཀས་མཛེད
་ནང་དུ་འགྱུར་པའི་འཇིགས་པས། ལ་ཕྲུག་དང་། སུངས་ཀར་གྱི་ལོ་མ་དང་། སྒྲོག་སྐྱ་དང་། ཀྲྀཥྞ་གནྡྷ་དང་། ཛིཙྪ་གྷ་ལ་སུ་སུ་ཁ་དང་། སུ་རུ་ས་ལ་སོགས་པ་ཟོས་ནས། འོ་མ་བཏུང་བར་མི
་ཞེས་བཤད་པ་ཡིན་ནོ།། སྒྲོ་དད་ཅེས་སྨོས་པ་ནི་ལ་ཕུག་གོ་ཁྱད་པར་ལ་བྱ་བར་བསྟན་ཏེ། འདི་ལྟར་སྨོས་པ་ལས་ན་འདི་ནི་རྗེན་པར་ཡང་བཟར་རུང་བར་སྟོན་པ་ཡིན་ལ། སྔར་ཚོད་མའི་སྡེ་ཚན་གྱི་ནང་དུ་འདི་ལྟར་སྨོས་པས་ནི། ཚད་མ་ཉིད་དུ
་བྱར་རུང་བར་སྟོན་པ་ཡིན་ནོ།། དེ་ལྟར་ན་རྫུན་པ་ཟོས་ནས་འོ་མ་མི་བཏུང་བ་ཡིན་གྱི། ཚོང་མར་བྱས་པ་མི་ཡིན་ཏེ། ལེགས་པར་བཅོས་ནས་ཁུ་བ་བཙིར་བ་དང་། སྣུམ་ལ་སོགས་པས་བརྔོས་ཏེ། ཚོད་མར་གཡོས་སུ་བྱས་པའི་རྗེས་ལ
་འོམ་མ་བཏུང་བ་ནི་མ་ཡིན་ནོ།། ཕག་རྒོད་བི་ཏུར་ཤ་མཱི་བཟའ།། ཁྱིམ་བྱ་བྲི་ཤ་ཏ་ནོར་མཱན་ཞེས་བྱ་བ་ལ། ཕག་རྒོད་ཀྱི་ཤ་དང་། བི་དུར་གྱི་ཤ་ལྷན་ཅིག་མི་བཟའ་བ་དང་། དེ་བཞིན་ཁྱིམ་བྱ་དང་། པྲི་ཤ་ཏའི་ནོ་དང་ལྷན་ཅིག་མི་བཟའོ།།
་རློན་མཁྲིས་པ་དག་དང་ནི།། ལ་ཕུག་མ་ཥའི་ཚོད་མར་མིན་ཞེས་བྱ་བ་ལ། ཤ་རློན་མཁྲིས་པ་དག་དང་ལྷན་ཅིག་མི་བཟའ་བ་དང་། དེ་བཞིན་དུ་ལ་ཕུག་མ་ཁའི་ཚོང་མ་དང་ལྷན་ཅིག་མི་བོ་ཟའོ།། ལེ་བརྒན་ཅི་ཚོང་ལུག་ཤར་མིན།། མྱུ་གུའི
་ཚོད་མ་བེང་རྩར་མོན་ཞེས་བྱ་བ་ལ། ལེ་བརྒན་རྩིའི་ཚོང་མ་དང་། ལུག་ཤ་ལྷན་ཅིག་མི་བཟའ་བ་དང་། དེ་བཞིན་དུ་འབྲུའི་མྱུ་གུ་སྐྱེས་པའི་ཚོང་མ་དང་། པདྨའི་རྩ་བའི་ན་ཅིག་བཟའ་བར་མི་བའོ།། མ་ཥའི་སྲན་ཚོང་བུ་རམ་ནོ།། མ
་ལི་ཀུ་རྩེའི་འབྲས་མཱིན་ཞེས་བྱ་བ་ལ། མ་ཁཱའི་སྲན་ཚོང་དང་། བུ་རམཱ་མ་མ་ཞོ་འམ་མར་རམ་འོ་མ་འམ། ལི་ཀུ་ཙིའི་འབྲས་བུ་ལྷན་ཅིག་བཟའ་བར་མི་བྱའོ།། ཆུ་ཤིང་འབྲས་བུ་དར་བར་མིན།། ཏ་ལའི་འབྲས་བུ་ནོར་མི་འཕྲོད་ཅེས་བྱ་བ་ལ། ཆུ་ཤིང
་གི་འབྲས་བུ་དར་བར་མི་བཟའ་བོ་འམ། ཏཱ་ལའི་འབྲས་བུ་ཞོ་དང་ལྷན་ཅིག་མི་འབྱོད་པས་མི་བཟའོ།། ཚ་བ་གཉིས་པོ་བུ་ར་མ་དང་། སྦྲང་རྩི་ཀ་ཀ་མ་ཙིར་མིན?་ཞེས་བྱ་བ་ལ། ཀ་ཀ་མ་ཆི་ཚ་བ་གཉིས་པོ། པི་པི་ལིང་དང་། ན་ལེ་ཤཽ་དང་། ལྷན་ཙོག
་སྦྲང་རྩིའམ་བུ་རམ་དང་ལྡན་པར་མི་བཟའོ།། དེ་ནི་ཉ་དང་བཅོས་པའི་སྣོད་དང་། དོང་གྲ་བཙོས་པར་གཡོས་པར་མིན་ཞེས་བྱ་བ་ལ། ཤ་ཀ་མ་ཙི་དེ་ནི་ཉ་བཙོས་པོའི་སྣོད་དུ་གཡོས་སུ་བྱས་པའང་མི་བཟའོ།། ཀ་མ་ཏ་ནི་སྣོད་གཞན་དུ།། བཙོས་ནས
་ཉིན་མཚན་ལོན་མི་བཟླའ་ཞེས་བྱ་བ་ལ། ཀ་མ་ཏ་ནི། ཀ་ཀ་མ་ཙི་སྟེ། དེ་སྣོད་གཞན་དག་དུ་བཅོས་ནས་ཉིན་མཚན་ལོན་ཞིང་ཞག་འདས་པ་དག་བཟའ་བར་མི་བྱའོ།། དེ་ལ་མི་བཟའ་ཞེས་བྱ་བ་འདི་ནི། འདི་མན་ཆད་ཀུནི་ལ་སྦྱར་བར་མི་བྱའོ།། 1
་བརྡོས་པ་ཡི་སྣུམ་ལ་ནི།། བི་བི་ལིང་བརྔོས་སྤང་བར་བྱ།། ཞེས་བྱ་བ་ལ། ཉ་བརྡོས་པའི་སྣུམ་ལཾ། བརྡོས་པའི་བི་བཱི་ལིང་ལ་སྤྲད་པར་བྱ་སྟེ། ཉ་གང་དུ་བརྡོས་པོ་དེར་བརྡོ་བ་ཡང་སྤང་བར་བྱའོ།། མར་སར་འཁར་སྣོང་ཞིག་བ་ཅུ་ལོན།། གཽ་བྱཱའི
་འབྲས་བུ་དྲོ་མི་བཟའ་ཞེས་བྱ་བ་ལ། མར་སར་འཁོར་བའི་སྣོད་དུ་ཞག་བཅུ་ལོན་པ་སྤང་བར་བྱའོ།། དེ་བཞིན་དུ་གོ་བྱེའི་འབྲས་བུ་བ་ལ་ཏ་ཀ་བཟའ་བ་དང་། བཏུང་བར་དྲོ་བ་དག་སྨོན་པས་སྤང་བར་བྱའོ།། བ་ས་སྲེག་ཤར་མིའི་ཕྲེང
་ཅིང་།། དཱུར་བ་ར་ཀཾ་བཱི་བྷ་བཅོས་མིན་ཞེས་བྱ་བ་ལ། བ་ས་ཞེས་བྱ་བའི་བྱའི་ཤ་སྲེག་ཤར་བྱ་བར་མི་འཕོད་པས་བཟའ་བར་མི་བྱའོ།། དེ་བཞིན་དུ་ཀ་བི་ལ་ཞེས་བྱ་བ་སྟེ། མིང་གི་རྣམ་གྲངས་ཡན་ལག་དམར་ཞེས་བྱ་བ་སྟེ། དར་བར
་བཙོས་ཏེ་བཟཟུའ་བ་མི་འཕྲོད་པ་ཡིན་ནོ།། འོ་ཐུག་དང་ནི་ཀྲྀ་ས་ར།། ཆང་དང་ལྷོན་ཅིག་མི་འཕྲོད་སྤང་ཞེས་བྱ་བ་ལ། བོ་ཐུག་དོང་། ཀྲྀ་ས་ར་དང་། ཆང་ལྷན་ཅིག་མི་འཕྲོད་པས་སྤང་བར་བྱའོ།། དེ་ལ་འོ་ཐུག་ནི་འབྲས་ཆན་འོ་མའི་ནང་དུ་བཙོས་ཏེ་སྤྲོད་ཀྱི་བཏབ
་པ་ནི་འོ་ཐུག་གོ། ཀྲྀ་ས་རེ་ནི་ཏིལ་དང་། སྟན་མུངྠ་དང་། མ་ཥ་ལ་སོགས་པ་གཡོས་པའི་ཐུག་པའོ།། ཆང་ནི་འབྲས་བཏགས་པ་ལ་སོགས་པ་ལས་མནན་ནས་བྱས་པའོ།། དེ་རྣམས་ལྷན་ཅིག་ཏུ་བཟའ་ཞིང་ལོངས་སྤྱད་པར་མི་བྱའོ།། སྦྲང
་མར་སར་ཞག་ཏིལ་མར།། ཆུ་རྣམས་གཉིས་གཉིས་གསུམ་གསུམ་མམ། ཆ་མཉམ་ལྷན་ཅིག་ཟོས་པ་དག། ཕན་ཚུན་དག་ནི་མི་མཐུན་ནོ།། ཞེས་བྱ་བ་ལ་སྟོང་རྩིལ་སོགས་པའི་རྫས་ལྔ་ནི་གཉིས་གཉིས་སམ། གསུམོ་དུ་ཞེས་བྱ་བ
་གསུམ་གསུམ་མམ། ཆ་མཉམཱ་ཞེས་བྱ་བ་གཅིག་ཏུ་ཆ་མཉམ་པར་བྱ་སྟེ། བཟའ་བ་ནི་ཕན་ཚུན་མི་འཕྲོད་པ་ཡིན་ནོ།། དེ་ཡང་གཉིས་ནི་དཔེར་ན། མར་ས་རི་དང་སྦྲང་རྩི་འམ། མར་སེར་དེང་ཞག་གམ། མཱར་སྭར་དང་ཏཱིལ་མར་རམྦྷི། སྦྲང
་རྩི་དང་ཆུའོ།། གསུམ་གསུམ་ནི་དཔེར་ན། སྦྲང་རྩི་དང་མར་སར་དང་ཏོལ་མར་དང་བཟའ་བའོ།། ཆ་མཉམ་པ་ནི་སྦྲང་རྩི་དང་། མར་སར་དང་། ཞག་དང་། ཏིལ་མར་དང་། ཆུ་རྣམས་ལ་བསྲེས་ཏེ། ལྷན་ཅིག་ཟོས་པ་སྟེ། དེ་དག་ནི་མི
་འཕྲོང་བ་ཡིན་ནོ།། མར་སྦྲང་ཆང་ནི་མི་མཉམ་ཡང་།། ཆར་པའི་ཆུ་ནི་འཐུངས་ན་གནོད།། ཅེས་བྱ་ལ། མར་དང་སྦྲང་རྩི་ཆ་མི་མཉམ་པར་གྱུར་ཀྱང་། ཆར་པའི་ཆུ་དང་ལྷན་ཅིག་འཐུངས་ན་གནོད་ཅིང་མི་འཕྲོད་པར་འགྱུར་རོ།། སྦྲང་རྩི་པདྨའི་ས་བོན
་དང་། སྦྲང་རྩི་འབྲུ་ཆང་ཁ་རར་མིན་ཞེས་བྱ་བ་ལ། སྦྲང་རྩི་དང་པདྨའི་ས་བོན་ལྷན་ཅིག་སྦྱར་ཏོ་བཟའ་བ་ཡང་མི་འཕྲོང་པ་ཡིན་ནོ།། དེ་བཞིན་དུ་སྦྲང་རྩི་དང་། འབྲུ་ཆང་ཞེས་བྱ་བ། འབྲུ་ལས་མནན་པའི་ཆང་དང་། ཤ་ཁ་ར་ལས་བྱས་པའི་ཆང་མི
་འཕྲོད་ཅིང་གནོད་པ་སྐྱེད་པ་ཡིན་པས། རླུང་ཤིན་ཏུ་སྐྱེ་བར་བྱེད་པ་ཡིན་ནོ།། འོ་ཐུག་རྗེས་ལ་སྐྱོ་མ་མིན།། ཤ་མོ་ཡུངས་མར་བརྔོས་མི་འཕྲོད།། ཅེས་བྱ་བ་ལ། འོ་ཐུག་ནི་འོ་མ་ལེ་འབྲས་བཅོས་པའི་ཐུག་པའོ།། དེ་ནི་སྐྱོ་མ་དང་མི་འཕྲོད་པ་ཡིན
་ཏེསྒྱུ་མ་དེ་ནི་བད་ཀན་སྐྱེད་པར་བྱེད་པ་ཡིན་ཏེ། སྐྱེམ་ཞེས་བྱ་བ་ལ་ཕྱེ་དང་མྱུར་སྦྱར་ལ། ཆུ་དང་བསྲེས་ལ་ཧ་ཅང་སླ་བ་འམ། ཧ་ཅུང་བསྐ་བར་མ་གྱུར་པ་ལོ་བྱའོ།། ཤཱ་མོ་ན་གདུགས་ལྟ་བུར་སྐྱེས་པའི་ཚོད་མའི་ཁྱད་པར་རོ།། དེ་ནི་ལུངས་མར་ལ་རྡོས་ཏེ
་བཟའ་བར་མི་འབྲོད་པ་ཡིན་ཏེ། ཤིན་ཏུ་མཁྲིས་པོ་སྐྱེད་པ་ཡིན་ནོ།། ཨུ་བོ་ཏཱ་ཀཽ་ཏིལ་ཚིགས་ལ། བཅོས་པ་འཁྲུ་བར་བྱེད་པ་ཡིན་ཞེས་བྱ་བ་ལ། ཨུ་པཽ་ཏ་ཀ་ནི་ལི་ས་ཞེས་བྱ་བའི་ཚོད་མ་སྟེ། དེ་ཏིལ་གྱི་ཚོགས་མ་དང་བཅོས་ཤིང་གཡོས་པ
་ནི་འཁྲུ་བར་བྱེད་པ་སྟེ། ཚང་བས་འཁྲུ་བར་བྱེང་བ་ཡིན་ནོ།། བྱི་གར་ཤ་ནི་ཆང་དངས་དང་།། ཀུལླ་ཤ་ཡི་ཕུག་མི་འོ་བྲོད་ཅེས་བྱ་བ་ལོ། བྱ་གར་ནི་བྱ་བ་ལ་ག་ཞེས་བྱོ་སྟེ། དེའི་ཤ་ཆང་དང་མ་བ་རུ་ཎ་ཞེས་བྱ་བ་དང་། ཀུལླ་ཤ་ཐའི
་ཐུག་པ་དང་ལྷན་ཅིག་མི་འཕྲོད་དེ། ཀུལྨ་ནི་མོན་རྡེའུ་དང་སྲན་ཆུང་མ་བཙོས་ནས། ཤིང་ཀུན་ལ་སོགས་པའི་སྤོད་བཏབ་པའི་ཐུག་པའོ།། དེ་ཉིད་ཕག་རྒོང་ཚིལ་ལ་བརྡོས།། སྲོག་ནི་འབྲལ་དུ་འཇོམས་པར་བྱེད་ཅེས་བྱ་བ་ལ།
་གར་གྱི་ཤ་དོ་ཉིད་ཕག་རྒོད་ཀྱི་ཚིལ་དང་བརྡོས་པ་ནི། སྲོག་འཕྲལ་དུ་འཇོམས་པར་བྱེད་པ་ཡིན་ཏེ། དྲིའི་མོད་ལ་གསློང་བར་འགྱུར་རོ་ཞེས་པའི་དོན་ཏོ།། དེ་བཞིན་སྲེག་པ་རྨ་བྱ་དང་།། ལ་བ་ཀ་པིཉྫ་ལ་སྲམ། ཨེ་རཎྜ་ཡི་མཽ་ལ་ནཱི།། ཨེ་རོཎྜའི་མར་བརྔོས་མི
་འབྲོད་ཅེས་བྱ་བ་ལ། དེ་བཞིན་དུ་སྡུག་པ་ལ་སོགས་པའི་ཤ། ཨཻ་རེཎྜའི་མེ་ལ་བཙོས་ཤིང་དེ་བཞིན་དུ་ཨེ་རཏྣའི་མར་དང་བསྲེས་ཤིང་བརྡོསྡེ་པ་ནི་མི་འབྲོད་དེ། སྔ་མོ་དང་འདྲ་བར་སྲོག་འབྲེལ་དུ་འཇོམས་པར་བྱེད་པ་ཡིན་ནོ།། ཧཱ་རི་ཏྲའི་ཤ་སྐྱེར་བ
་ཡི།། ཐུར་མོ་དག་ལ་བསྐྱོན་ནས་ནི།། སྐྱེར་བའི་མེ་ལ་བསྲེགས་གྱུར་པ།། འབྲལ་དུ་སྲོག་ནི་འཇོམས་པར་བྱེད་ཅེས་བྱ་བ་ལ། དེ་བཞིན་བྱཱ་ཧ་རི་ཏྲའི་ཤ་སྐྱེར་བའི་ཐུར་མ་ལེ་བསྐྱོན་ཞིང་བཙུགས་ནས་དེ་བཞིན་དུ་ཤིང་སྐྱེར་པ་བུས་པའི་མེ་ལ་བསྲེགས
་ཤིང་ཚོས་པར་བྱས་པ་ནི་འཕྲུལ་དུ་སྲོག་འཇོམས་པར་བྱེད་དེ་དུག་དང་འདྲ་བར་མྱུར་དུ་སྲོག་ཕྲོག་ཅིང་སྲོག་དང་བྲལ་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ།། དེ་ཉིད་ཐལ་བ་རྡུལ་གྱིས་གོས།། སྦྲང་རྩིར་བཅས་པ་འབྲོད་མ་ཡིན།། ཞེས་བྱ་བ་ལ་བྱ་ཧ་རི་ཏྲའི་ཤ
་དེ་ཉིད་ཐལ་བ་དང་རྡུལ་གྱིས་གོས་ཤིང་ཉམས་པར་གྱུར་པ་དང་སྦྲང་རྩི་དང་བཅས་པ་ནི་འབྲོད་པ་མ་ཡིན་ཏེ། འཕྲལ་དུ་གསོང་བར་བྱེད་པ་ཡིན་ནོ།། དེ་བཞིན་དུ་མི་མཐུན་པ་གཞན་དག་སྟེ། གྲང་བ་དང་། དྲེ་བ་དང་། སར་པོ་དང་། རྙིང་པ་དང་།
་བཙོས་པ་དང་། མ་བཅོས་པ་དག་ནི་རླུང་དང་། བད་ཀན་དང་མི་མཐུན་པའི་སྤྱན་རྣམས་ནི། བདྨ་ཀན་གྱི་ཁམས་དང་མི་འབྲོང་པ་གྱུར་པ་ཡིན་ནོ།། ལ་ལ་ནི་ཕན་རྒྱུན་གཅིག་ལ་གཅིག་མི་འཕྲོད་པ་ཡིན་ལ། ཁ་ཅིག་ནི་སྦྱོར་བའི་དབང་གིས་བྲང་བ་ལས་མི
་འཕྲོད་པ་ཡིན་ལ། གཞན་དག་ནི་གཡོས་སུ་བྱ་བ་ལ་སོགས་པའི་དབང་གིས་མི་འཕྲོད་པ་ཡིན་ལ། ཡང་གཞན་དག་ནི་དུས་དང་ཡུལ་དང་ཆད་ལ་སོགས་པས་མི་འགྲོང་བས་ཡིན་པ་དང་། དེ་བཞིན་དུ་རང་བཞིན་གྱིས་མི་འབྲོད་པ་ཡང་ཡོད་དེ། གཞུང
་རྩོམ་པར་བྱེད་པས། བསྡུས་པ་ལས་བཤད་པ། རྫས་མཐུ་དང་ལྡན་པ་དག་ནི་ཡོན་ཏན་ཕན་ཚུན་མི་མཉམ་པ་ཉིད་ཀྱིས། གཡོས་སུ་བྱ་བ་ལ་སོགས་པའི་དབང་གི་ས་མི་འཕྲོད་པར་འགྱུར་ཏེ། འོ་མེ་ནི་རྒྱུ་སྲན་ཀུ་ལཏྠ་དང་མི་འཕྲོད་ལ། བ་ན་ས་ནི
་ཉ་དང་མི་འཕྲོད་ལ། མར་དྲོན་པོ་དང་། སྦྲང་རྩི་དང་། རྡོ་དྲོན་པོར་མི་འབྲིང་བ་དང་། ཆ་སྒོ་ཅན་གྱི་ཆུ་དང་བྱེར་བསྲེས་ཏེ། མཚན་མོ་བཟའ་བོ་མི་འཕྲོད་པ་དང་། དེ་བཞིན་དུ་ཆུ་གཞན་དག་དང་ནས་འདྲར་མི་འཕྲོང་པ་ལྟ་བུའོ།། ཞེས་བྱ་བ་དང་དྲང་སྲོང་ཅུར
་ཀས་ཀྱང་རང་གི་གཞུང་ལ་ས་རྒྱས་པར་བཤད་པ་ཡིན་ནོ།། གང་ཡང་ཉེས་པ་མ་སྦྱངས་པ། མངོར་ནི་དེ་ནི་མི་འཕྲོད་ཡིན་ཞེས་བྱ་བ་ལ། གང་ཡང་རུང་བའི་ཁ་ཟས་ལས་བྱུང་བའི་ཉེས་པ་ཁྲུས་དང་། སྨོན་ལ་སོགས་པས་མ་སྦྱོངས་པར་དེ་ནི་མདོར
་ན་ཞེས་པ། མདོར་བསྣུན་མི་འབྲོང་པ་ཡིན་པས། བསྟེན་པར་མི་བྱའོ།། ཉེས་འདིར་སྦྱར་བར་འདོད་པ་འམ། ཡང་ནདེ་དང་མི་མཐུན་པའི།། རྫས་དེ་ཉིད་ཀྱི་དང་པོ་ནི།། ལུས་ཀྱི་མངོན་པར་སྦྱང་བར་བྱ་ཞེས་བྱ་བ་ལ། ཟས་མི་འཕྲོད་པ་ཟོས་པ
་ལས་བྱུང་བའི་ཉེས་པ་འདི་ནི་སྦྱང་བ་ཞེས་བྱ་བ། སྨོན་དང་ཁྲས་ལ་སོགས་པའི་ཚུལ་བྱ་བ་ནི། འདོད་ཅིང་བསྔགས་པར་བྱ་བ་ཡིན་ནོ།། ཡང་ན་དེ་དང་མི་མཐུན་པའི་རྫས་ཀྱི་སྨན་གྱིས་ཞི་བར་བྱ་བར་འདོད་པ་ཡིན་ཏེ། མི་འབྲོང
་བའི་ཁ་ཟས་དེའི་གཉེན་པོར་གྱུར་པའི་སྨན་ཡོན་ཏན་གོ་བ་ཟློག་པ་ཡོང་བ་དེས་ཞི་བར་བྱ་བ་ནི། ཡུལ་དང་དུས་ལ་བལྟོས་ནས་བྱ་བ་ཉིད་ཡིན་ནོ།། ཡང་ན་གང་ཕན་པར་འགྱུར་བའི་སྨོན་དང་། ཟས་ཀྱི་རྫས་དེ་ཉིད་ཀྱིས་དང་པོ་ཁོ་ནར་ལུས་མངོན་པར
་སྦྱངས་ཤིང་ཕན་པའི་དཔྱང་དུ་བྱ་བ་སྟེ། མདོར་ནུ་དང་པོ་ཉིད་ནས་པས་ཕྱིན་པ་ཉིད་བཟའ་བོར་བྱ་ཞིང་བསྟན་པར་བྱའོ་ཞེས་བྱ་བའི་དོན་ཏོ།། དེ་ཡང་དྲང་སྲོང་ཙ་ར་ཀས། མི་འབྲོང་ཟས་ཟོས་ལས་གྱུར་ན།། སྔོན་དང་ཁྲུས་ཀྱིས་སྦྱང་བྱ་ཞིང་།། རྣམ་པར་བསལ
་ནོས་ཞི་བ་འམ། དང་པོར་འཕྲོད་པ་བསྟན་པས་སོ་ཞེས་བཤད་པ་ཡིན་ནོ།། རྩོལ་ཅན་རྣམས་པོསྔོན་དྲོད་ཆེ་དང་། དཱར་ལ་བབ་ཅིང་ཉམས་སྟོབས་ལྡན།། གོམས་པར་ཟློས་དང་ཅུང་བང་ཟོས།། མི་འབྲོད་གྱུར་ཀྱང་གནོད་མི་འགྱུར་ཞེས་བྱ་བ་ལ། གང
་རྩོལ་ཞིང་ལས་སུ་བྱ་བ་ཡོད་པ་དེ་ནི་བརྩོལ་བཅས་ཏེ། རྩོལ་བ་ཅན་དེས་ནི་ཟས་དང་བཏུང་བ་དང་། སྨན་མི་འགྲོང་བ་བསྟེན་ཀྱང་ནང་དུ་མི་འགྱུར་རོ།། དེ་བཞིན་དུ་སྣུམ་ཤས་ཆེར་བསྟེན་པ་དང་། བོ་བའི་མེ་དྲོད་ཆེ་བ་དག་དང་། དརོལ་བབ་ཅིང་ན་ཆོ
་བདེ་བ་དང་། དེ་བཞིན་དུ་ཉམས་སྟོབས་དང་ལྡན་ཞིང་ཤིན་ཏུ་བསྔགས་པར་བྱ་བའི་སྟོབས་ཡོད་པ་དེས། མི་འཕྲོད་པ་དག་ཟོས་ཀྱང་ནང་དུ་མི་འགྱུར་བ་དང་། དེ་བཞིན་གོམས་པར་བྱས་ཤིང་རྟག་ཏུ་ཟོས་པ་དང་། ཅུང་ཟད་ཅུང་ཟད་ཟོས་པ་དག
་གིས་ཀྱང་ནང་དུ་མི་འགྱུར་ཏེ། ཟས་དང་སྐོམ་ལ་སོགས་པ་མི་འཕྲོད་ཅིང་མི་མཐུན་པར་འགྱུར་བ་ཡིན་ཀྱང་སྐྱེས་བུ་དེ་ལ་གནོད་པའི་ནང་དུ་མི་འགྱུར་གྱི། ནད་མེད་པ་ཉིད་དུ་གནས་པར་འགྱུར་རོ།། དྲིས་པ་གང་གིས་མི་འཕྲོས་པའི་ཟས་སྐོམ་ཟོས་པ་ན
་གོམས་པ་འམ་ཉུང་ཟད་ཅིག་བསྟེན་པའི་རྒྱུས་དུས་དང་ཡུལ་ལ་བལྟོས་ནས། གོམས་པས་ལུས་ལ་གནོད་པ་མེད་ཅིང་བདེ་བར་འགྱུར་བ་དེ། མོད་ལ་སྤང་བར་བྱ་བ་འམ། འོན་ཏེ་རིམ་གྱིས་སྤང་། དེ་བཞིན་དུ་གང་ལུས་ལ་ཕན་ཞིང་འཕྲོད་པ་དག་ཀྱང་མོད
་ལ། ཅིག་ཅར་བསྟེན་པར་བྱ་བ་འམ་དེ་ལྟ་མ་ཡིན། དེ་གཉིས་ཀྱི་རིམ་པ་སྤྱང་པ་དང་། བླང་བའི་ཚུལ་བསྟན་པ་སྨྲས་པ་ནི། མི་འཕྲོང་ཆ་ཡིས་གོམས་བྱ་བ། ཆ་ཡིས་ཆུ་ཡིས་ཡོངས་སུ་སྤང་།། ཕན་པའང་དེ་བཞིན་བསྟེན་བྱ་སྟེ། གཅིག་གཉིས་གསུམ
་གྱིས་ཆོད་པ་བྱ་ཞེས་བྱ་བ་ལོ། གང་མི་འཕྲོད་ཅིང་ཕན་པ་མ་ཡིན་པ་བསྟེན་ཅིང་གོམས་པར་བྱ་བ་དེ་ཡང་། ཆ་ཡིས་གོམས་པར་བྱ་ཞེས་བྱ་བ་རང་གི་ཚད་ལས་དེའི་བཞི་ཆས་སྤང་བར་བྱའོ།། ཡང་ན་ཤིན་ཏུ་ཤས་ཆེར་ཐོས་པ་ནི། ཆའི་ཡང་ཆ་ཤས
་སུ་བགོས་པ་སྟེ། བཅུ་དྲུག་ཆས་སྤང་བར་བྱའོ།། འམ་ཞེས་བྱ་བ་ནི་མི་འཕྲོད་པ་ཡིན་ཀྱང་། གནོད་པ་མེད་པ་དག་མོང་ལ་སྤངས་པས་ལུས་ལ་གནོད་པར་འགྱུར་བ་མཐོང་བས་བསྟན་བཅོས་རྩོམ་པས་འམ་གྱི་སྒྲ་སྨོས་པ་ཡིན་ནོ།། དེ་ལྟར་སྤངས་ནས
་བན་ཞིང་འཕྲོད་པ་དག་ཀྱང་དེ་བཞིན་དུ་རིམ་པོ་དེ་ཉིད་ཀྱིས་བསྟོན་པར་བྱ་སྟེ། འཕྲོད་པ་དག་ཀྱང་ཞི་ཆའམ་བཞི་ཆའི་བ་ནི་ཆས་བསྟེན་པར་བྱའོ།། དེ་ལྟར་མི་འཕྲོད་པ་ཆེ་ཡིས་སྤང་བར་བྱ་བ་དེའི་རིམ་པ་ལ་བལྟོས་པ་མེད་པར་དོར་བར་བྱ་བའམ
་འོན་ཏེ་བལྟོས་པ་དང་བཅས་པས་དོར་བར་བྱ་ཞེ་ན། འདི་དག་གཉིས་གསུམ་གྱི་ཚོང་ཆ་ཞེས་སྨྲས་པ་ཡིན་ཏེ། སྔར་བཤད་པ་འདི་དག་ནི་ཞག་གཉིས་སམ་གསུམ་གྱིས་མི་འཕྲོད་པའི་ཉེ་བར་མཚོན་པ་ཐམས་ཅད་མེད་པར
་འགྱུར་བས། བར་དུ་ཆོད་པར་བྱས་ལ་མི་འཕྲོད་པ་དེ་བཞི་ཆ་འམ། བཅུ་དྲུག་ཆས་སྤང་བར་བྱའོ།། དེ་བཞིན་དུ་ཕན་པ་དག་ཀྱང་ཞག་གཉིས་དང་གསུམ་གྱིས་ཕན་པ་མ་ལུས་པ་ཉེ་བར་འབེལ་བར་འགྱུར་བར་བར་གྱིས་ཆོད་པར་བྱས་ལ་བཞི་ཆ་འམ། བཅུ
་དྲུག་ཆས་ངེས་པར་བསྟེན་ཅི་གོམས་པར་བྱའོ།། འདིར་དོན་ནི་འདི་ཡིན་ཏེ། མི་འཕྲོད་པ་གོམས་པར་འགྱུར་བའི་ཆ་གཅིག་སྤངས་ལ། མི་འཕྲོང་སུམ་ཆའི་ནང་དུ་འཕྲོད་པ་ཆ་གཅིག་བཅུག་ལ་བཟླའོ།། དེ་ནས་ཉི་མ་གཉིས་པ་ལ། མི་འཕྲོད་པའི་གོམས
་པའི་ཆ་བཟའ་བར་བྱའོ།། ཉི་མ་ལྔ་པ་ལ་ནི་ཡང་ཐམས་ཅད་མི་འཕྲོད་པ་བཟའོ།། དེ་ལྟར་མི་འཕྲོད་པ་གཉིས་ཀྱིས་ཆོད་པ་ཡིན་ནོ།། ཉི་མ་གཉིས་པ་དང་གསུམ་པ་དང་བཞི་པ་ལ་ཡང་མི་འཕྲོད་པའི་ཆ་གསུམ་དང་བྲོད་པའི་ཆ་གཅིག་བསྲེས་ཏེ་བཟའ
་བར་བྱའོ།། ཉི་མ་ལྔ་པ་ལ་ནི་ཐམས་ཅད་མི་འཕྲོད་པ་བཟའོ།། དེ་ལྟར་ན་མི་འཕྲོད་པ་གཉིས་ཀྱིས་ཆོང་པ་ཡིན་ནོ།། ཞག་དྲུག་པ་དང་། བདུན་པ་ལ་མི་འཕྲོད་པའི་ཆ་གསུམ་དང་། འཕྲོད་པའི་ཆ་གཅིག་བཟའ་བར་བྱའོ།། ཞག་དགུ་པ་ལ་ནི་ཐམས་ཅད་མི
་འབྲོང་བའོ།། དེ་ལྟར་ན་མི་འབྲོང་པ་ཆ་གསུམ་གྱིས་ཚོང་པ་ཡིན་ནོ།། དེ་བཞིན་དུ་མི་འབྲོང་བའི་ཆ་གཅིག་དབྲི་ཞིང་དེ་ཉིད་པན་པོའི་ཆ་བཅུག་པོ་ལྟར་ཡང་ཉི་མ་བཅུས་མི་འཕྲོང་པའི་ཆ་གཉིས་ངོར་ལ་འགྲོང་པའི་ཆ་གོཉིས་བཅུག་པར་བྱའོ།། ཡང་དེ་བཞིན་དུ
་ཞག་བཅུས་སྔ་མ་བཞིན་དུ་མི་འཕྲོད་པའི་ཆ་གསུམ་སྤངས་ཤིང་འཕྲོང་བའི་ཆ་གསུམ་བཅུག་ལ་ཟ་བར་བྱའོ།། དེ་བཞིན་དུ་མི་འཕྲོད་པའི་ཆ་བཞི་པ་ཡང་། ཞག་པ་ནུས་སྤང་ལ། འཕྲོང་པའི་ཆ་གསུམ་གཞུག་པར་བྱའོ།། དེ་ལྟར་ན་ནག་བཞི་བཅུས་སྤང་བ
་དང་། བླང་བ་གོམས་པར་བྱས་པ་ཡིནོ།། གཞན་དག་ནི་འདི་ལས་གཞན་དུ་འཆད། ཉི་མ་དང་པོ་ལ་མི་འཕྲོད་པ་ཆུ་གཅིག་སྤངས་ལ། འཕྲོད་པ་ལས་ཆ་གཅིག་བཅུག་ལ་དེ་ནས་དེ་ཞག་གཅིག་སྡང་བར་བྱའོ།། དེ་ནས་ཉི་མ་གཉིས་པ་ལ་མི་འཕྲོད་པ་ཐམས་ཅད་བཟའ་བར་བྱ་སྟེ། དེ
་ལྟར་ན་གཅིག་གིས་ཆོང་པར་གྱུར་པ་ཡིན་ནོ།། དེ་ནས་ཉི་མ་གསུམ་པ་ལ། མི་འཕྲོད་པའི་ཆ་གཉིས་དང་འཕྲོད་པའི་ཆ་གཉིས་བསྟེན་པར་བྱའོ།། དེ་ནས་ཉི་མ་བཞི་པ་ལ་ཐམས་ཅད་མི་འཕྲོད་པ་བཟའ་བ་དང་། དེ་བཞིན་དུ་ཞག་ལྔ་པ་ལ་ཡང་ཐམས་ཅད་མཾ
་འཕྲོང་པ་བཟའ་བར་བྱའོ།། དེ་ལྟར་ན་ཉི་མ་གཉིས་ཀྱིས་ཆོད་པ་ཡིན་ནོ།། ཡང་ཞག་དྲུག་པ་ལ་མི་འཕྲོད་པ་ལས་ཆ་གཅིག་འཕྲོད་པ་ལས་ཚོ་གསུམ་བཟའ་བར་བྱའོ།། དེ་ནས་བདུན་པ་དང་བརྒྱུད་པ་དང་། དགུ་པའི་ཉིན་ཞིག་ལ་ཐམས་ཅད་མི་འཕྲོད་པ
་བཟའ་བར་བྱ་སྟེ། དེ་ལྟར་ན་གསུམ་གྱིས་ཆོད་པ་ཡིན་ནོ།། དེ་ནས་ཞག་བཅུ་པ་ལ་མི་འཕྲོད་པའོ།། དེ་ནས་ཞག་བཅུ་གཅིག་པ་ལ་འབྲོང་བ་ལས་ཆ་གསུམ་མི་འཕྲོད་པ་ལས་ཆ་གཅིག་བཟའ་བར་བྱའོ།། དེའི་འོག་ཏུ་ཉི་མ་བཅུ་གཉིས་པ་ལ་ཐམས
་ཅད་འཕྲོང་པོ་བཟའ་བར་བྱའོ།། དེ་ལྟ་ན་ཞག་གཅིག་གིས་ཚོང་པར་བྱས་ནས། ཞག་བཅུ་གསུམ་པ་ལ་འབྲོད་པའི་ཆ་གཉིས་དང་མི་འཕྲོད་པའི་ཆ་གཉིས་བཟའ་བར་བྱའོ།། དེ་ནས་ཉིན་ཞག་བཅུ་བཞི་པ་དང་། བཅོ་ལྔ་པ་ལ་འཕྲོད་པ་འབའ་ཞིག
་བཟའ་བར་བྱའོ།། དེ་ལྟར་ན་ཉིན་ཞག་གཉིས་གཉིས་ཀྱི་ཚོང་བར་གྱུར་པ་ཡིན་ནོ།། དེ་ནས་ཉི་མ་བཅུ་དྲུག་པ་ལ་འཕྲོད་པ་ལ་ཆ་གསུམ་དང་། མི་འགྲོང་བ་ལས་ཆ་གཅིག་བཟའ་བར་བྱའོ།། དེ་ནས་ཞག་བཅུ་བདུན་པ་དང་།
་བརྒྱད་པ་དང་། བཅུ་དགུ་པའི་གྲངས་ཀྱིས་བཅས་པའི་ཉིན་ཞག་ལ་ཐམས་ཅད་ཀྱང་འཕྲོང་ཅིང་ཕན་པར་འགྱུར་བ་བཟའ་བར་བྱའོ།། དེ་ལྟ་ན་ཉིན་ཞག་གསུམ་གྱི་ཚོང་པ་ཡིན་ནོ།། དེའི་འོག་ཏུ་ཞག་ཉི་ཤུ་པ་ནས་བརྩམས་ཏེ། ཆ་བཞི་པོ་ཐམས་ཅད་ཀྱང
་ཕན་ཞིང་འཕྲོད་པ་ལས་བཟའ་བར་བྱའོ།། ཞེས་ཟེར་རོ།། ལ་ལ་ནི་འདི་སྐད་འཆང་དེ། ཁ་ཟས་གནོད་པ་གོམས་པའི་ཆ་གཅིག་བོར་ལ། གནོད་པའི་ཁ་ཟས་ཆ་གསུམ་གྱི་ནང་དུ། ཕན་པའི་ཚེ་གཅིག་བཅུག་ལ། དེ་ཇི་སྲིད་གོམས་པར་གྱུར་པ་དེ་སྲིད
་ཀྱི་བར་དུ་བསྟེན་པར་བྱའོ།། དེ་ལྟར་ནི་གནོད་པ་ནི་གཅིག་གིས་ཆོད་པ་ཡིན་ལ། ཕན་པའི་ཟས་ནི་གསུམ་གྱིས་ཆོད་པ་ཡིན་ཏེ། གང་གི་ཕྱིར་གནོད་པའི་ཆ་ལས་ནི་ཆ་གཅིག་བོར་བ་ཡིན་ལ། ཕན་པ་ལས་ཀྱང་ཆ་གསུམ་བོར་ནས། ཆ་གཅིག་བཅུག
་པ་ཡིན་པའི་ཕྱིར་རོ།། དེ་བཞིན་དུ་ཆ་གཉིས་ཀྱིས་ཚོང་པ་ནི་གནོད་པ་དང་། ཕན་པ་གཉིས་ལས་ཆ་གཉིས་དོར་ཏེ། ཆ་གཉིས་གཉིས་བསྲེས་ལ། ཇི་སྲིད་གོམས་པར་གྱུར་པ་དེ་སྲིད་ཀྱི་བར་བསྟེན་པར་བྱའོ།། དེའི་འོག་ཏུ་ཆ་གསུམ་གྱིས་ཆོད་བཾ
་སྟེ། གནོད་པོའི་ཆ་གསུམ་ངོར་ལ། ཆ་གཅིག་པ་སྟེ། ཕན་པའི་ཆ་གསུམ་གྱི་ནང་བསྲེས་ཏེ། དེ་ཇི་སྲིད་གོམས་པར་གྱུར་པ་དེ་སྲིད་བར་དུ་གོམས་པར་བྱའོ།། དེའི་འོག་ཏུ་ཕན་པའི་ཟས་དང་སྨན་ཆ་བཞིར་རྫོགས་པ་བསྟེན་པར་བྱའོ།
་ཞེས་ཟེར་རོ།། དེ་བས་ན་དྲང་སྲོང་ཙ་ར་ཀས་ཀྱང་། དེ་ཕྱིར་གནོད་པ་གོམས་བྱས་ལ། རིམ་གྱིས་ཡོངས་སུ་སྤངས་པར་བྱ།། བསྟེན་པས་ཕན་པར་གྱུར་པ་ཡང་།། རིམས་ཀྱིས་རྣམ་པར་འཕེལ་བར་བྱ།། གནོད་པའི་ཆ་གཅིག་དོར་བ་དང་།། ཕན་པའང་ཆ་གཅིག
་དོར་བྱ་བ།། ཉིན་ཞག་བཅོ་ལྔ་ཉི་ཤུས་བྱས།། དེ་ཕན་ཆང་ནི་ཆ་རེས་བྱ་ཞེས་བཤད་པ་ཡིན་ནོ།། གཞུང་རྩོམ་པར་བྱེད་པས་ཡན་ལག་བརྒྱད་པ་ལ་འཇུག་པ་ལས་ཀྱང་། གནོད་པའི་ཟས་ནི་གོམས་གྱུར་པ་འམ། སྦྱོང་བའི་ཆ་ཡིས་དོར་བར་བྱ།། ཕན་པའང
་ཚ་ཡིས་བསྟེན་བྱ་སྟེ། ཞག་གཅིག་གཉིས་གསུམ་གྱིས་ཆོད་བྱ་ས་བཤུད་པ་ཡིན་ནོ།། སྐྱོན་ནི་རིམ་གྱིས་འགྲིབ་པ་དང་།། ཡོན་ཏན་རིམ་གྱིས་འཕེལ་འགྱུར་ན།། སྒྲར་སྐྱེ་བར་ནི་མི་འགྱུར་ཞིང་།། གསྔོ་བ་མེད་པོ་དག་ཏུ་འགྱུར།། ཞེས་བྱ་བ་ལ། དེས་ནི་མི
་འཕྲོད་ཅིང་གནོད་པ་སྐྱེད་པར་བྱེད་པ་ཡང་གོང་དུ་བཤད་མ་ཐག་པའི་རིམ་གྱིས་འགྲིབས་ཤིང་ཟད་པར་འགྱུར་ལ། ཡོན་ཏན་ཏེ་བདེ་བ་བསྐྱེད་པར་གྱུར་པ་ཡང་རིམ་གྱིས་འཕེལ་བར་གྱུར་པ་ཉིད་ནི་གྲུངས་ཅི་ལྟ་བ་བཞིན་དུ་ཉེས་པ་རྣམས་སླར་ཞིང
་ཕྱིས་འབྱུང་བར་མི་འགྱུར་ཞིང་།། ཡོན་ཏན་གཡོ་བ་མེད་པར་འགྱུར་རོ།། མི་འཕྲོད་པ་ཡང་སྤངས་གྱུར་དང་།། འཕྲོད་པ་གོམས་པར་གྱུར་པ་ཉྀ་།། འཕྲལ་དུ་སྦྱངས་དང་མ་བསྟེན་པས།། ཉེས་པ་རྣམས་ནི་འབྱུང་བར་འགྱུར་ཞེས་བྱ་བ་ལ། དེ་ལྟར་གོང
་དྲོ་བ་ཞིང་བའི་རིམ་གྱིས་མི་འགྲོང་བ་གོམས་པར་གྱུར་པ་ཡང་སྤངས་པར་གྱུར་ཅིང་། འཕྲོད་པིལ་བ་གོམས་པར་བསྟེན་པར་འགྱུར་བ་ཉིད་ནི་ཉེས་པར་འི་མི་འགྱུར་གྱི་གཞན་དུ་ན་འབྲལ་དུ་སྟེ། དེ་མཐིག་མ་འོས་པར་སྤངས་པ་དང་བྲལ་རྗེ
་མ་བསུ་པར་བསྟེན་པར་གྱུར་པས་ནི་འདི་གཉིས་ལས་ཉེས་པ་འཐུང་བར་འགྱུར་རོ།། མི་འཕྲོད་པ་ཡང་སྤངས་གྱུར་དང་ཞེས་བྱུ་འང་ང་འངས་བུ་ཞེས་བྱ་བ་སྒྱུར་བར་བྱ་སྟེ། མི་འབྲོད་པ་གོམས་པར་གྱུར་པ་ཡང
་འཕྲལ་དུ་བླངས་པར་གྱུར་པ་དང་། དེ་བཞིན་དུ་འཕྲོད་པ་འཕྲལ་དུ་གོམས་པར་གྱུར་པ་ཉིད་ལས་ནི་སྔར་བཤང་པོའི་ཚུལ་ལས་གོ་བཟློག་པ་ཡིན་པས། དེ་ལྟ་བུའི་སྤངས་པ་དང་། བསྟེན་པ་ལས་ནི་ཉེས་པ་སྟེ། ནང་རྣམས་འབྱུང་བར་འགྱུར་རོ།། གནོད་པ
་གནོད་བྱར་བདག་ཉིད་ཅན།། ཤིན་ཏུ་ཉེ་བར་གྱུར་པ་ལ།། ཕན་མེད་གནོད་པར་བྱེང་བ་ནི།། མཁས་པས་ཕྱིར་ཞིང་བྱ་མི་རིགས་ཞེས་བྱ་བ་སྟེ། གནོད་པ་སྟེ་རླུང་དང་། མཁྲིས་པ་དང་། བད་ཀན་དང་། གནོད་བྱ་སྟེ། ལུས་ཟུངས་ལ་གནོང་པའི་བདག་ཉིད་ཅན
་རང་བཞིན་ཅན་དེ་ཤིན་ཏུ་ཉེ་བར་གྱུར་ཅིང་ལུས་ལ་གནས་པར་གྱུར་པ་ལ། ཕ་ནི་མེད་ཅེས་བྱ་བ་རྗེས་སུ་མི་མཐུན་པོར་གྱུར་པའི་བྱེད་པར། བྱེད་པ་ཉིད་གནོད་ཅིང་གདུག་པར་བྱེད་པ་ནི་མཁས་ཤིང་བདག་ཉིད་ཤེས་པས་ཕྱིར་ཞིང་ཡང་ནས་ཡང་དུ་བྱ་བ་མི་རིགས
་དེ་ལྟར་ན་མཁས་པས་ཉེས་པ་སྟེ། ནང་རྣམས་སྤངས་ཤིང་བསལ་ན་ས་ནི། ནང་སླར་སྐྱེ་བར་མི་འགྱུར་ལ་ཡོན་ཏན་རོམ་གྱིས་འཕེལ་ཞིང་བསགས་པའི་འབྲོད་པ་བསྟེན་པས་ནི་གཡོ་བ་མེད་དོ།། རྟག་ཏུ་ནད་མེད་པར་བྱེད་པར་འགྱུར་རོ།། ཟས་དང
་སྟན་འདོད་ལ་སྤྱོད།། རན་ཅིང་རིག་པར་སྦྱར་བ་ཡིས།། ཁང་ཁྱིམ་ཚོས་པ་ལྟ་བུར་ནི། རྟག་ཏུ་ལུས་ནི་བཟུང་བར་བྱ་ཞེས་བྱ་བ་ལ། ཟས་དང་མལ་སྟན་དང་། འདོད་པ་ལ་སྤྱོད་པ་རན་ཅིང་རིགས་པར་འགལ་བ་མེད་པའི་སྦྱོར་བར་བྱ་བ་སྟེ། རིགས
་པ་ནི་བསྟན་བཅོས་ལས་བཤང་བའི་ཆོ་ག་སྟེ། ཆོ་ག་དེས་སྦྱར་བའི་ངེས་པས་དུས་རྟག་ཏུ་ལུས་བཟུང་བར་བྱ་ནིང་། འདི་རྣམས་ཀྱིས་གནས་པར་བྱའོ།། དེ་ཡང་ཁང་ཁྱིམ་ལྟ་བུ་འཆོས་ཤིང་བསྟན་པར་བྱ་བའི་ཚུལ་ལྟ་བུར་བྱ་བ་སྟེ། དཔེར་ན་ཁང་པ
་ཀ་བ་བརྟན་པོས་བསྟེན་པ་ལྟར་ལུས་ཀྱི་ཁང་པ་འདི་ཡང་། སྔོན་གྱི་ལས་ཀྱི་རྩ་བ་ཅན་གྱི་ཀ་བས་བསྟེན་པོར་གྱུར་པ་ལས། ཉེ་བའི་ཀ་བ་ལྟ་བུའི་ཟས་དང་། མལོ་སྟན་དང་། འདོད་པ་ལ་སྤྱོད་པར་རིགས་པ་དང་ལྡན་པོས་བསྟན་པར་བྱའོ།། དེ་ལ
་ཟས་ནི་བཤད་ཟིན་ཅིང་། དེ་དང་དེར་ནི་བཤད་བྱ་བ་ལ། དེ་ལ་ཉེ་བའི་ཀ་བ་ལྟ་བུའི་ནང་ནས། ཟས་ནི་བཤད་ཟིན་ཏེ། ཆུ་སྣ་ཚོགས་པ་ལ་སོགས་པའི་ཚུལ་ཤེས་པར་བྱ་བ་ལ། ཟས་ཀྱི་ཆུ་ལོ་ཤེས་པར་བྱ་བ་དང་། ཟས་སུ་གཅད་པའི་ལེའུ་སྔར
་བཤང་ཟིན་ལ་དེ་བཞིན་དུ་འོག་ནས་ཀྱང་ཟས་ཀྱི་འོག་ཏུ་སྐོམ་བཏུང་བའི་ཚུལ་རིམ་ལ་སོགས་པ་ལ་ཇི་ལྟར་བྱ་བ་དང་། ཟས་ཀྱི་ཚོད་བླར་བྱ་བ་ལ་སོགས་པའི་སྐབས་ནས་དེ་དང་དེར་བཤད་པར་བྱའོ།། མལ་སྟན་དང་འདོད་པ་ལ་སྤྱོད་པ་ནི་ལེའུ
་འདི་ལས་བཤད་པར་བྱའོ།། བདེ་སྡུག་སྒོམ་སྐེམ་སྟོབས་ཆེ་ཆུང་།། བུད་མེད་ལ་བོང་མི་ཕོད་དང་།། ཤེས་དང་མི་ཤེས་འཚོ་དང་འཆི།། གཅོད་ལ་རག་ནི་ལུས་པ་ཡིན།། ཞེས་བྱ་བ་ལ་སོགས་བདེ་བ་དང་སྡུག་བསྔལ་བ་ལ་སོགས་པ་ནི་གོ་ཉིད་ལ་རག་ལུ
་པ་ཡིན་ཏེ། གཉིད་ལོགས་པར་ལོག་པས་ནི་བང་བ་དང་། སྦོམ་ཞིང་རྒྱས་པ་དང་། སྟོབས་དང་བུད་མེད་ལ་ཕོང་བ་དང་། ཤེས་པ་དང་། འཚོ་བ་འཕེལ་ཞིང་འབྱུང་བ་ཡིན་ལ། གཉིད་ཉེས་པར་བསྟེན་པས་ནི་སྡུག་བསྔལ་དང་། སྐེམ
་བ་དང་། སྟོབས་ཆུང་བ་དང་། བུད་མེད་ལ་ནི་ཕོང་བ་དང་། མྱི་ཤེས་པ་དང་། འཆི་བ་ཉིད་དུ་འགྱུར་བས་དེ་ལ་རག་ལས་པ་ཅེས་བྱའོ།། དེ་ལ་བདེ་བ་ནི་ནད་མེད་པའོ།། སྡུག་བསྔལ་བ་ནི་ལུས་ཟུངས་མི་སྙོམས་པའོ།། སྒོམ
་པ་ནི་ལུས་ཟུངས་རྒྱས་པས་ཤ་ཆེ་བའོ།། སྐེམས་པ་ནི་ལུས་ཟུངས་ཟད་པའོ།། བུད་མེད་ལ་ཕོད་པ་ནི་རོ་ཙ་བའི་སྒོ་ནས་དགའ་བར་ནུས་སོ།། དེ་ལ་མི་ཕོད་པ་ནི་ཁུ་བ་ཟད་པའི་སྒོ་ནས་མ་ནིང་ལྟ་བུར་གྱུར་པའོ།། ཤེས་པ་ནི་རྟོགས་པ་དང་ལྡན་པའོ།། མི་ཤེས
་པ་ནི་རྣམ་པར་རྨོངས་པ་ཉིད་དོ།། འཚོ་བ་ནི་སྲོག་དང་ལྡན་པའོ།། འཆི་བ་ནི་སྲོག་དང་བྲལ་བའོ།། དུས་མིན་ཧ་ཅང་ཐལ་ཆེས་དང་།། གཉིད་ནི་ཀུན་ཏུ་འགེགས་པ་དག། བདེ་བ་དང་ཚེ་ཉམས་ཤིང་འཇིགས་པར་བྱེད་པར་འགྱུར་རོ།། དེ་ལ་བདྲི་བ་ནི་ནང་དང་བྲལ
་བའི་མཚན་ཉིད་ཅན་ནོ།། ཚེ་ནི་འཚོ་བ་དང་ལྡན་པ་སྟེ། དེ་གཉིས་ཉམས་ཤིང་འཇིག་པར་བྱེད་པའོ།། དེ་ནི་དཔེར་ན་དུས་མཚན་ཞེས་པ་འཆི་བའི་དུས་ཀྱི་མཚན་མོ་ལ་བབ་པ་ནི་བདེ་བ་དང་། ཚེ་ཉམས་པར་བྱེད་པ་ཡིན་ནོ།། དེ་བཞིན་དུ་འདི་ནི་དུས་མཚན
་སྔོན་ཆད་མེད་པ་གཉིས་པ་ལྟ་བུ་ཡིན་ཏེ། བདེ་བ་དང་། ཚེ་ཉམས་པར་བྱེད་པ་འདི་གཉིས་ཆོས་མཐུན་པའི་ཕྱིར་རོ།། མཚན་མོ་གཉིད་ནི་མ་ལོག་རྩུབ།། ཉིན་མོ་གཉིད་ལོག་སྣུམ་ལྕིར་འགྱུར།། ཙོག་བུག་འདུག་སྟེ་ཡུར་བ་དག། མིག་རྩུབ་བད་ཀན་མེད་པར
་འགྱུར་ཞེས་བྱ་བ་ལ། གང་མཚན་མོ་གཉིད་མ་ལོག་པ་དེ་ནི་རྩུབ་པ་ཡིན་ལ། གང་ཉིན་མོ་གཉིད་ལོག་པ་དེ་ནི་སྣམ་ཞིང་ལྕི་བར་གྱུར་པ་ཡིན་ཏེ། གཉིད་ཀྱིས་མ་ལོག་པའི་དབང་པོ་ཐམས་ཅད་ནི། བྱ་བ་ལ་ཕྱོགས་ཤིང་རྩོལ་བའི་མཚན་ཉིད་ཡིན་པས
་ཡེ་ཆེན་ཉམས་ཀྱིད།། ཡུམ་ཅན་གཉིས་པ་ལྟ་སུ་འི་ན་ཞེས་བྱབ་ག། གཉིད་ནི་དུས་མིན་བྱེ་བྱག་ལ་བསྟན་བཅོས་ལྔ་བཀག་པཱི་དུསུ་བསྙེན་པ་དང་། དེ་བཞིན་དུ་བ་ཅང་ཐལ་ཆེས་པར་བསྟན་པ་དང་། ཀུན་དུ་ཀུན་ཏུ་བཀས་ཅིང་མ་བསྙེན་མ་ན།
་བྱ་བ་མ་རྫོགས་པའི་ཚུལ་གྱིས་ན་ནི་བད་ཀན་དང་། ཚིལ་ལ་སོགས་པ་ཞི་ཞིང་རང་བཞིན་དུ་གནས་པའི་ངོ་བོ་འགྲིབ་པས་རྩུབ་པའི་ཡོན་ཏན་འབྱུང་བར་མི་རིགས་སུ་ཟིན་ཀྱང་རྩུབ་པ་ཡིན་པར་སྒྲོ་བཏགས་ནས་སྨྲས་པ་ཡིན་གྱི། ཡང་དག་པར་ན་རྩུབ
་བོ་ནི་མ་ཡིན་ནོ།། དེ་ཡང་དཔེར་ན། ཡུར་བ་ལ་སོགས་པ་ནི་གཉིད་མ་ལོག་པའི་སྔོན་དུ། བད་ཀན་དང་ཚིལ་ལ་སོགས་པ་རེང་གི་རྒྱུ་ལས་བྱུང་བ་ཡིན་དུ་ཟིན་ཀྱང་། སྐྱེས་བུ་ཉིད་ཀྱིས་མ་ལོག་པ་ལ། དེའི་བད་ཀུན་དང་ཚིལ་ལ་སོགས་པ་ཟད་པར་སྣང་གི
་འཕེལ་བར་མི་འགྱུར་ཏེ། དེ་བས་ན་གཉིད་ཀྱིས་མ་ལོག་པ་ལ་རྩུབ་པ་ཞེས་བཤད་།། གཉིད་ལོག་པ་ལ་ཡང་དབང་པོ་ཐམས་ཅད་ཀྱི་བྱ་བ་འགག་པ་ནི་མཚན་ཉིད་ཅེན། བྱ་བ་ཟིན་པ་ལྟ་བུ་འདི་ལ་སྣུམ་པའི་ཡོན་ཏན་དང་འབྲེལ་པ་མེད་པ་མ་ཡིནི་མོད
་ཀྱི་འོན་ཀྱང་སྣུམ་པ་ལྟ་བུར་སྒྲོ་བཏགས་ནས་བཤད་པ་ཡིན་ཏེ། གང་གི་ཕྱིར་དེའི་ཚེ་རང་བཞིན་ཞི་བར་གྱུར་པས། བང་ཀན་དང་ཚིལ་ལ་སོགས་པ་རང་གི་རྒྱུད་ཉིད་ཀྱིས་བཤད་གཅི་ལ་སོགབྱིས་པ་རང་གི་རྒྱུ་ཉིད་ཀྱིས་བཤང་གཅི་ལ་སོགས
་པ་མངོན་པར་འཕེལ་བར་བྱེད་དེ། དབང་པོ་ཐམས་ཅད་ཀྱི་བྱ་བ་ལས་ལྡོག་པ་ཡིན་པའི་ཕྱིར་གཉིད་མ་ལོག་པ་ལྟར་ཟད་པར་བྱེད་པ་ནི་མ་ཡིན་གྱི། གྲོ་ཉིད་ལོག་པའི་སྔར་ནི་བད་ཀཱན་དང་ཚིལ་ལ་སོགས་པའི་ཐ་མལ་པར་ཞི་བར་གནས
་པའི་ངོ་བོ་རང་གི་ལུས་ལ་གནོས་པར་གཏོགས་པ་དག་ནི་གཉིད་ཀྱིས་ལོག་པ་ལྟ་བུར་མི་སྣང་སྟེ། དེ་བས་ན་གཉིད་ཀྱིས་ལོག་པ་ལོ་སྣུམ་པར་བཤད་པ་ཡིན་གྱི། ཡང་དག་པར་ནི་མ་ཡིན་ཏེ། འདིར་བྱ་བའི་མཚན་ཉིད་ནི་ཙམ་དུ་ཟད་པའི་ཕྱིར་རོ།།
་ཅག་པུར་འདགུ་སྟེ་གང་སྐུར་ཞིང་ཅུང་བད་གཉིད་ལོག་པར་ནི་མི་ནུབ་པ་དང་། བདགན་མེད་པར་འགྱུར་བ་ཡིན་ཏེ། ཤིན་ཏུ་གཉིད་ལོག་པ་དང་། ཤིན་ཏུ་གཉིད་མེད་པ་མ་ཡིན་པའི་ཕྱིར། རླུང་བསྐྱེད་ཅིང་འཁྲུག་པ་ཡང
་མ་ཡིན་ལ། བད་ཀན་བསྐྱེད་པ་ཡང་མ་ཡིན་ནོ།། སོག་རླུང་འཕེལ་སྟོབས་འཕེལ་དུས།། རྩུབ་ཅིང་མཚན་མོ་ཐུང་བསྟ་ན།། ཉིན་པར་གཉིད་ཕན་ཞེས་བྱ་བ་ལ། སོ་ག་རི་དུས་སུ་ཉིན་པར་གཉིད་ལོག་པ་བནན་ཞེས་བྱ་བར་སྦྱར་རོ།། ཅིའོ་ཕྱིར་ཞེ་ན། རྒྱུ་གསུམ
་སྨྲས་པ་ཡིན་ཏེ། རླུང་ལ་ཕེལ་བའི་དུས་ཡིན་ཏེ། སོ་ག་བསགས་པའི་རླུང་དབྱར་གྱི་དུས་ནི་ལྡང་བའི་བར་འདོད་པའི་ཕྱིར་དང་། སྟོབས་འཕྲོག་པའི་དུས་བྱུང་བའི་རྩུབ་པ་ཡིན་པས་སོ་ག་རྩུབ་པའི་ཕྱིར་དང་། དེ་བཞིན་དུ་དེའི་ཚེ་མཚན་མོ་ཐུང་བར་གྱུར་པས་ན།
་ཉིན་པར་གཉིད་ལོག་པ་ཕན་པ་ཡིན་ནོ།། གཞན་དག་ཏུ་དེ་ནི་བད་ཀན་མོཁྲིས་པ་བསྐྱེད་ཅེས་བྱ་བ་ལ། སོ་གཽ་ལས་གཞན་པ་དབྱར་ལ་སོགས་པའི་དུས་སུ་ནི་ཉིན་མེའི་གཉིད་དེ་ནི། བད་ཀན་དང་མཁྲིས་པ་གཉིས་བསྐྱེད་པ་ཡིན་ནོ།། སྒྲ་མངས་གཞན
་དང་ལམ་གྱིས་དུབ།། ར་རོ་བུད་མེད་བསྟེན་ཁུར་ལས།། ཁྲོས་དང་མྱ་ངན་འཇིགས་པས་དུབ།། སྐྱིགས་བུ་དབུགས་མི་བདེ་ཚང་འཁྲུ།། རྒན་དང་བྱིས་པ་ཉམས་སྟོབས་ཟད།། གློ་རྡོལ་སྐོམ་དང་གཟེར་གྱིས་ནོན།། ཟས་མ་ཞུ་དང་བཅོམ་དང་སྒོ།། ཉིན་པར་གཉིད
་ལོག་རིམས་མ་གཏོགས།། ཞེས་བྱ་བ་ལ། སྨྲ་མངས་ནས་འཇིགས་པའི་བར་དུ་དུབ་པའི་སྒྲ་སོ་སོ་ཞིང་སྦྱར་བྱ་སྟེ། དེ་དག་གིས་དུབ་པ་དང་། སྐྱིགས་བུ་ལ་སོགས་པ་དུབ་པར་སྦྱར་རོ།། དེ་ལ་སྨྲ་མངས་པ་ནི་ཀླག་པ་ལ་སོགས་པའོ།། བཞོན་པ་ནི
་རྟ་ལ་སོགས་པས་བསྐྱོད་པའོ།། ལམ་གྱིས་དུབ་པ་ནི་ལམ་དུ་ཞུགས་པའོ།། ར་རོ་བ་ནི་ར་རོ་བས་ཉེན་པས་དུབ་པའོ་བུད་མེད་ཀྱིས་དུབ་པ་ནི་འཁྲིག་པས་དུབ་པའོ།། ཁུར་གྱིས་དུབ་པ་ནི་ཁུར་བས་ལུས་ཉོན་མོངས་པའི་དུབ་པའོ།། ལས་ནི་ལུས་དུབ་པར་བྱེད
་པའི་རྩོལ་བ་རྣམས་སོ།། དེ་ལྟར་ན་སྒྱུ་མངས་པ་ལ་སོགས་པས་དུབ་པ་དང་། གཞན་ཡང་སྐྱིགས་བུ་ལ་སོགས་པས་བཏབ་པ་མ་གཏོགས་པར་གཞན་དག་ཉིན་པར་གཉིད་ལོག་པ་ནི། བང་ཀན་དང་མཁྲིས་པ་སྐྱེད་པར་བྱེད་པ་ཡིན་ལ། ཚུལ་འདི་དག་དང
་ལྡན་པ་དག་གིས་ནི། དུས་ཐམས་ཅད་དུ་ཉིན་པར་གཉིད་ལོག་པར་བྱའོ།། ཟས་མ་ཞུ་བ་ནི་རྣམ་པ་ལྔ་སྟེ། རིང་དུ་ཐོགས་པ་དང་། ཁོང་ཚ་བ་དང་། བཤང་བ་འགགས་པ་དང་། ཤིན་ཏུ་ཐོགས་པ་དང་། བཙུད་ཀྱི་ལྷག་མ་ལུས་པའོ།། བཅོམ་པ་ནི་རབ
་གྲི་ལ་སོགས་པའི་མཚོན་གྱིས་ལུས་བཅོམ་ཞིང་བཏགས་པའོ།། སྨྱོ་བོ་ནི་གདོན་དང་བརྗེད་བྱེད་ལ་སོགས་པས་ཁམས་མི་མཉམ་པར་བྱས་ནས་དྲན་པ་མེད་པའོ།། ཉིན་པར་གཉིད་ལོག་པར་རིགས་པ་ནི། སྔར་གོམས་ཤིང་ལོབས་པའི་རང་བཞིན
་ཡོད་པ་སྟེ། དེ་དག་ཐམས་ཅད་མ་གཏོགས་པར་གཞན་གྱིས་དུ་ས་ཐམས་ཅད་དུ་སྦྱང་བར་བྱའོ།། འདི་དག་དེ་བཞིན་དུ་ལུས་ཟུངས་སྙོམས། བད་ཀན་སྐྱེས་ཤིང་ལུས་བརྟས་འགྱུར།། ཞེས་བྱ་བ་ལ། སྨྲ་མངས་པ་ལ་སོགས་པ་དུབ་པ་དེ་དག་གིས
་སྔར་བཤིད་པའི་ཚུལ་དེ་བཞིན་དུ་བསྟེན་པར་གྱུར་ན། དེ་ལུས་གྲངས་ཞེས་ཕྱི་བོ་དངས་མ་ལ་སོགས་པ་དང་། བོད་ཀོན་ལ་སོགས་པ་ལུས་འཛིན་པར་བྱེད་པ་སྙོམས་པ་སྟེ། ལྷག་པོ་དང་། འབྲི་བ་མེད་པ་ཚྭ་སྙོམས་པར་འགྱུར་བ་དང་།
་བཞིན་དུ་བད་ཀན་དང་། ལག་ངར་དང་བརླ་ལ་སོགས་པའི་ལུས་ཀྱི་ཡན་ལག་རྣམས་སྐྱེས་ཤིང་བརྟས་པར་འགྱུར་བའོ།། ཚིལ་ཆེ་བང་ཀན་མང་དང་སྣུམ།། རྟག་ཟ་ཉིན་པར་གཉིད་མ་ལོག། ཅེས་བྱ་བ་ལ། མི་གང་ཚིལ་ཆེ་ཞིང
་བད་ཀན་མང་བ་དང་། དེ་བཞིན་དུ་སྣུམ་བག་རྟག་ཏུ་ཟ་བ་དག་ནི། ཉིན་པར་གཉིད་མ་ལོག་ཅེས་བྱ་བ་སྟེ། དུས་ཐམས་ཅད་དུ་ཡང་ཉིན་པར་གཉིད་ལོག་པར་མི་བྱའོ།། དུག་གིས་ཕོག་དང་ལྐོག་ནད་ཅན།། མཚན་མོ་ནམ་ཡང་གཉིད་མ་ལོག་ཅེས་བྱ་བ་ལ།
་དུག་གིས་ཕོག་ཅིང་ཉེན་པའི་ནད་པ་དང་།། ལྐོག་མའི་ནང་ཡོད་པའི་ལྐོག་ནང་ཅན་དེ་གཉི་གས་ཀྱང་མཚན་མོའི་དུས་སུ་ནམ་ཡང་གཉི་དེ་ལོག་པར་མི་བྱའོ།། དུས་མིན་གཉིད་ལོག་རྨོངས་པ་ག་དང་།། རིམས་བསྐྱེད་རྨུགས་ཤིང་ཆམ
་ལ་འདེབས།། མགོན་སྐྲང་ཞིང་སློན་སྒྱིང་སྦྱར།། རྩ་ཡི་རྒྱུན་འགགས་མེ་དྲོད་ཉམས།། ཞེས་བྱ་བ་ལ། དུས་མ་ཡིན་པར་ག་ཉིད་ཀྱིས་ལོག་པ་ནི། སྔར་བཀག་པའི་དུས་སྨོས་པ་དག་ཏུ་ཉིན་མོ་གཉིད་ལོག་པ་ལས་ནི་རྨོངས་བག
་ལ་སོགས་པ་འབྱུང་བར་བ་གྱུར་རོ།། དེ་ལ་རྨོངས་བོག་ནི་གང་བྱས་རྣམས་མི་དྲན་པའོ།། རྨུགས་པ་ནི་སེམས་མི་གསལ་བའོ།། སྒྱིང་སྒྱུར་བ་ནི་མེར་མེར་པོ་བྱེད་པའོ།། རྩའི་རྒྱུན་འགགས་པ་ནི་རྩ་སྦུབས་འགགས་ཤིང་ལེགས་པར་མི་རྒྱུ་བའོ།། དེ
་ལ་སྦྱང་དང་སྨོན་སྨན་དང་།། རྡུལ་དབྱུང་སྣ་སྨན་བཏང་བ་དག། ཅེས་བྱ་བོ་ལ། དུས་མ་ཡིན་པར་གཉིད་ལོག་པ་ལས་བྱུང་བའི་རྨོ་དཔག་ལ་སོགས་པ་ལ་སྨྱུང་བ་ནས་སྨན་སྣ་ནས་བཏང་ཞིང་སྦྱིན་པར་བྱའོ།། གཉིད་ཆེས་གྱུར་ལ་སྐྱུག་སྨན་ནོ།། མིག
་སྤྱན་རྣོ་དང་སྣ་སྨན་དང་།། སྨྱུང་བ་སེམས་ལས་བུད་མེད་བསྟེན།། མྱ་ངན་འཇིགས་དང་ཁྲོས་པ་སྦྱར།། ཞེས་བྱ་བ་ལ། ཤིན་ཏུ་གཉིད་ཆེས་པ་ལས་གྱུར་པའི་ནང་ལ་སྐྱུག་སྨན་རྣོན་པོ་བཏང་བ་ལ་སོགས་པ་ནས། ཁྲོས་པའི་བར་སྦྱར་བར་བྱའོ།། དེ་ལ་སྐྱུག་སྨན་ནི
་སྨོན་སྨན་བཏང་བའོ།། དེ་ཡང་སྨན་རྣོན་པོ་སྦྱར་ཏེ་བྱ་བ་ཡིན་པས་རྣོན་པོ་ཞེས་བྱའོ།། དེ་བཞིན་དུ་མིག་སྨོན་ཡང་རོ་ཚ་བ་དང་། ལན་ཚྭ་དང་། སྐྱུར་བའི་སྨན་ལས་སྦྱར་བའི་རྣོ་བ་ཉིད་དོ།། སྣ་ནས་བཏང་བའི་སྨན་ནི་སྣ་སྨན་ནོ།། སྦྱང་བ་ནི་ཟས་བཅད་པ་འོ།། སེམ?
་ལས་ནི་དངོས་པོ་རྣམས་ཡིད་ལ་དྲན་པའོ།། བུད་མེད་བསྟེན་པ་ནི་འཁྲིག་པོའོ།། མྱ་ངན་ནི་སྡུག་བསྔལ་བར་གནས་པའོ།། འཇིགས་པ་ནི་སྒེག་པའོ།། ཁྲོས་པ་ནི་འཁྲུགས་པའོ།། འདི་དག་ཉིད་ཀྱིས་གཉིད་དྲགས་པ།། འཇིག་ཅིང་བང་ཀན་རབ་ཟད་བྱེད།། ཅེས
་བྱ་བ་ལ། འདི་དག་ཉིད་ཀྱིས་ཤེས་བྱ་བ། བཤད་མ་ཐག་པའི་སྐྱུག་སྨན་རྣོན་པོ། བཏང་བ་ལ་སོགས་པས་གཉིད་ཀྱིས་དྲག་པ་ཡང་ཞིང་འཇིག་ལེ། དེ་བཞིན་དུ་བད་ཀན་རབ་ཏུ་ཟད་པར་བྱེད་པས་ཀྱང་གཉིད་མེད་པར་འགྱུར་རོ།། གཉིད་ཡར་བ་ཡིས་ཡན་ལག་སྙོམ།།
་གླང་པ་ལྕི་ཞིང་གྲལ་འོང་ལ། མི་གསོལ་ན་ཞིང་མགོ་འཁོར་ལ། ཟས་མི་འཇུ་རྨྱ་རླུང་སྐྱེས་ནང།། ཅེས་བྱ་བ་ལ། གཉིད་ཡར་བ་ཞེས་བྱ་བ་གཉིད་མེད་པར་གྱུར་པ་ལས། ཡན་ལག་སྙོམས་པ་ལ་སོགས་པས་འབྱུང་བར་འགྱུར་རོ།། དེ་ལ་ཡན་ལག་སྙོམས་པ་ནི
་ཡན་ལག་བརྡུངས་པས་སྙམ་སེམས་པའོ།། གླད་པ་ལྕི་བ་ནི་མགོ་ལྕི་བའོ།། རླུང་སྐྱེས་ནད་ནི་འདི་དག་དང་།། རྗེས་སུ་མཐུན་པའི་ནད་མང་པོ་འབྱུང་བའོ།། གཞན་ནི་གོ་བར་མ་ཟད་དོ།། དེ་བས་མཚན་མོ་དུས་བཞིན་དུ།། ཅི་བདེར་གཉིད་ནི་ལོག་པར་བྱ།། ཞེས་བྱ་བ་ལ།
་རྒྱུ་དེ་བས་ན་མཚན་མོའི་དུས་སུ་དུས་བཞིན་དུ་ཞེས་པ། གཉིད་ལོག་པའི་དུས་ཅི་ཙམ་ཡིན་པ་དེ་ཙམ་དུ་ཅི་བདེར་ཞེས་བྱ་བ། བདེ་བར་གྱུར་པ་ཉིད་དུ་གཉིད་ལོག་པར་བྱ་ཞིང་གོམས་པས་བསྟེན་པར་བྱའོ།། མ་གོམས་གཉིད་ཀྱིས་མ་ལོག་ན།། ནང
་བཔར་མ་ཟོས་བྱེད་གཉིད་ལོག། ཅེས་བྱ་བ་ལ། མ་གོམས་ཤིང་གཉིད་ཀྱིས་མ་ལོག་པར་འོངས་པ་མ་ཡིན་པ་ངག་གཉིད་མ་ལོག་ན། ནང་པར་ཉོན་མོའི་དུས་སུ་ཟན་མ་ཟོས་པར་དེའི་ཕྱེད་གཉིད་ཀྱིས་ལོག་པར་བྱའོ།། དེས་ནི་འདི་ལྟར་སྟོབས་ཡིན་ཏེ། ཇི་སྲིད་གཉིད
་ལོགས་པར་རིགས་པའི་དུས་དེ་སྲིད་དུ། གཉིད་མ་ལོག་ན། མཚན་མོ་ཅི་ཙམ་གཉིད་མ་ལོག་པ་དེ་ཙམ་གཉིད་ལོག་པ་ནི་མ་ཡིན་གྱི། དེའི་ཕྱེད་ཙམ་གཉིད་ལོག་པར་བྱ་སྟེ། གང་མཚན་མོ་ཐུན་གཉིས་གཉིད་མ་ལོག་ན། དེའི་ཉིན་མོ་ནང་པར་གྱིས་དུས་སུ
་ཐུན། གཅིག་གཉིད་ལོག་པར་བྱའོ།། གཉིད་ཡར་གྱུར་ན་འོ་མ་དང་། ཆང་དང་། ཤ་ཁུ་ཞོ་རྣམས་བཏུང་། ལུས་བསྐུ་དྲིལ་དང་ཁྲུས་བྱ་ཞིང་།། མགོ་བསྐརྣ་བ་མི་ག་དགང་བྱ།། ཞེས་བྱ་བ་ལ་གཉིད་ཡར་བའམ། ཤིན་ཏུ་སྲབ་པར་གྱུར་ན། འོ་མ་བཏུང་བ་ལ
་སོགས་པ་ནས། རྣ་བ་དང་མིག་དགང་བའི་བར་དུ་ཅི་རིག་པར་བྱའོ།། མགོ་བསྐུ་བ་དང་། རྣ་བ་དང་། མིག་དག་པ་ནི་སྣུམ་གྱིས་བྱའོ།། ནི་ཆུང་ལག་ངར་གྱིས་འཁྱུད་དང་།། སེམས་བདེ་བྱ་བ་ཟིན་པ་དང་། ཡིད་དང་རྗེས་མཐུན་ཡུལ་ལྡན་པ།། ཇི་འདོད་གཉིད་འོང
་བདེ་བར་བསྐྱེད་ཅེས་བྱ་བ་ལ། བུད་མེད་ན་ཆུང་གཞོན་ནུས་འཁྱུད་པ་ལ་སོགས་པ་དང་། དེ་བཞིན་དུ་སེམས་བདེ་བ་སྟེ་ཡིད་དགའ་བ་དང་ལྡན་པ་དང་། བྱ་བ་ཟིན་པ་སྟེ། གང་བྱ་བའི་དངོས་པོ་དེ་བྱས་ཟིན་པར་གྱུར་པ་དང་། དེ་བཞིན་དུ་གཟུགས་དང་།
་སྦྱདང་ད་དང་དང་། རམ་ཏུ་ཡང་ད་རྫས་སུ་མཐུན་ནང་མང་དབྱུང་བ་དང་ལྡན་པར་གྱུར་པ་། འདི་གང་གས་ན་དེ་ལྟར་དགའ་བ་བཞིན་དུགཉིད་ང་ཞིང་ངེས་པ་པ་ག་ཏུ་སྐྱེང་བར་འགྱུར་རོ།། ཉལ་པ་བདེ་ལ་སེམས་མ་ཆགས།
་ཚངས་པར་སྤྱོད་པ་ལ་དགའ་བ།། ཆོ་ག་ཤེས་པ་ཡིས་མགུ་བའི་གཉིང་།། རང་གི་དུས་ལས་འདའ་མི་བྱེད།། སྐྱེས་བྱ་བ་ལ་སྐྱེས་བུ་གང་གྲོང་ཡུལ་གྱི་བདེ་བ་འཁྲིག་པ་ལ་སོགས་པ་ལ་མ་ཆགས་པ། ཚངས་པར་སྤྱོད་པ་ལ་དགའ་བ། ཆོག་ཤེས་པས
་མགུ་བར་གྱུར་པའི་གཉིད་ནི་རང་གི་དུས་ལྡོག་ཅིང་འདའ་བར་མི་བྱེད་ཀྱི། རང་གི་དུས་ཉིད་དུ་འོང་ངོ་ཞེས་བྱ་བའི་དོན་ཏོ།། དེ་ལ་གྲོང་གི་བདེ་བ་ནི་བུད་མེད་ལ་ཆགས་པ་དང་། ཟས་སྐོམ་ཞིམ་པོ་ལ་ཞེན་པ་སྟེ། དེ་རྣམས་ལ་གང་སེམས་ཞེན་པར་མ་གྱུར་པའོ།།
་ཚངས་པར་སྤྱོད་པ་ནི་བུད་མེད་དང་འདུས་པ་མེད་པ་སྟེ། དེ་ལ་དགའ་བ་དང་། ཆོ་ག་ཤེས་པ་ནི་བྱ་བ་ཐམས་ཅད་ལ་རེ་བ་དང་། བཅས་པ་མེད་པ་སྟེ། ཡོན་ཏན་དེས་མགུ་ཞིང་ཚིམ་པར་གྱུར་པ་ཉིད་ནི་རང་གི་དུས་མཚན་མོ་ཇི་ཙམ་ལོག་པར་བྱ་བ་དེ་ལས
་འདའ་བར་མི་བྱེད་དེ། ཉལ་པོའི་ཆོས་ནི་སྤང་བྱ་བ།། བཀན་མིན་ཟླ་མཚན་ལྡན་པ་དང་།། ཡིད་དུ་མི་འོང་མི་སྡུག་སྤྱོད།། མངལ་ནི་སྐྱོན་གྱིས་ཁྱབ་པ་དང་།། རབ་སྦོམ་སྐེམ་དང་བཅས་པ་དང་།། སྦྲུམ་མ་གཞན་གྱི་བུད་མེད་དང་།། རིགས་གཽཞན་སྐྱེ་གནས
་མི་མཐུན་དང་།། བླ་མ་ལྷ་དང་རྒྱལ་པོའི་གནས།། མཆོད་རྟེན་དུར་ཁྲོད་གསོད་གནས་དང་།། བསྟི་ས་ལམ་གྱི་བཞི་མདོ་ཆུ།། དུས་ཚོགས་ཉིན་མོ་ཡན་ལག་མིན།། སྙིང་ག་མགོ་བོར་བརྡེག་སྤང་བྱ་ཞེས་བྱ་བ་ལ། གྲོང་གི་ཆོས་ནི་འཁྲིག་པའི་ཚེས་ཏེ། མིང
་གི་རྣམ་གྲངས་གཞན་ཡང་སྐྱེས་པ་དང་། བུད་མེད་ཀྱི་ཀུན་ཏུ་སྦྱོར་བ་ཞེས་བྱ་བ་ཡིན་ནོ།། དེ་དག་ལས་སྤང་བར་བྱ་བ་འདི་དག་ཡོད་དེ། བཀན་མིན་ཞེས་བྱ་བ་ནི། བཀན་པ་མ་ཡིན་པ་སྤང་བ་སྟེ། དོན་གྱིས་ན་བཀན་ཏེ་བསྟེན་པར
་སྟོན་པ་ཡིན་ནོ།། ཟླ་མཚན་ལྡན་པ་ཞེས་བྱ་བ་ནི་ཟླ་མཚན་རྒྱུ་ནས་དང་པོའི་ཞག་གསུམ་སྤང་བར་བྱའོ།། དེ་བཞིན་དུ་ཡིད་དུ་མི་འོང་བ་སྟེ། སྙིང་དུ་མི་སྡུག་པ་ཡང་སྤང་བར་བྱའོ།། དེ་བཞིན་དུ་མི་སྡུག་སྤྱོད་པ་སྟེ། ངང་ཚུལ་ངན་ཅིང་མི་རིགས་པ་དང་ལྡན་པ་སྤང
་བར་བྱའོ།། དེ་བཞིན་དུ་གང་གིས་མངལ་སྐྱོན་གྱིས་ཁྱབ་ཅིང་གནོད་པ་དེ་སྤང་བར་བྱའོ།། དེ་བཞིན་དུ་རབ་ཏུ་སྦོམ་ཞིང་ཤས་ཆེ་བ་ཡང་སྤང་བར་བྱའོ།། དེ་བཞིན་དུ་ཤིན་ཏུ་སྐེམ་ཞིང་། ཤ་དངོ་ཚལ་དང་། ཁྲག་ཟད་པ་ཡང་སྤང་བར་བྱའོ།། བཅས་པ་དང་ཞེས
་བཅས་མ་ཐག་པ་དང་། བུད་མེད་སྦྲུམ་མ་ཡང་སྤང་བར་བྱའོ།། དེ་བཞིན་དུ་གཞན་གྱིས་བདག་གིར་བཟུང་བའི་བུད་མེད་ཀྱང་སྤང་བར་བྱའོ།། དེ་བཞིན་དུ་རིགས་གཞན་ཏེ། རབ་ཏུ་བྱུང་བ་འམ། རིགས་ཤིན་ཏུ་མཐོ་བ་དག་ཀྱང་སྤང་བར་བྱའོ།། དེ་བཞིན་དུ་སྐྱེ
་གནས་འཐུན་པ་སྟེ། རྟུ་ལ་སོགས་པ་སྐྱེ་གནས་ཐ་དད་པ་ལ་སྤྱད་པ་ཡང་སྤང་བར་བྱའོ།། དེ་བཞིན་དུ་གྲོང་གི་ཆོས་ལ་འཇུག་པ་ན། བླ་མ་དང་། ལྷ་དང་། རྒྱལ་པོའི་གནས་སྤང་བར་བྱ་སྟེ། གནས་དེ་དག་ཏུ་འཁྲིག་པའི་བྱ་བ་མི་བྱའོ།། ཞེས་བྱ་བའི་དོན
་ཏོ།། དེ་བཞིན་དུ་མཚང་རྟེན་ལ་སོགས་པའི་གནས་ངག་ཏུ་ཡང་འཁྲིག་པའི་བྱ་བ་སྤང་བར་བྱ་སྟེ། དེ་ལས་མཆོད་རྟེན་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ནོ།། འཇིག་རྟེན་པ་དག་ནི་གྲོང་གི་ཕྱི་རོལ་ན་ཡོད་པའི་ཤིང་ཆེན་པོ་ལྷ་ལ་སོགས་པས་གནས
་བཅས་པ་ལ་བྱ་བར་འདོང་ངོ་།། དུར་ཁྲོད་ནི་ཤི་བའི་རོ་བསྲེགས་པའི་གནས་སོ།། གསོད་གནས་ནི་རྒྱལ་པོའི་ཆང་པས་གཅོད་ཅིང་གསོད་པའི་གནས་སོ།། བསྟི་ས་ནི་གྲོང་ངམ་གྲོང་ཁྱེར་གྱི་ཕྱི་རོལ་གྱི་ས་ཕྱོགས་ཀྱི་ཁྱད་པར་རོ།། བཞི་མདོ་ནི་ལམ་གྱི་བཞི་མདོའོ།།
་ཆུ་ནི་ཚུལ་མདོ་སྟེ། དེ་དག་ཏུ་འཁྲིག་པ་སྦྱང་བར་མི་བྱའོ།། དུས་ཚིགས་ནི་ཆེས་བཞི་དང་། ཚེས་དྲུག་དང་། ཚེས་བརྒྱད་དང་། ཉ་དང་། དགྲ་སྟོང་ལ་སོགས་པ་འཇིག་རྟེན་པོའི་ཆོས་ལུགས་ལས་བཀག་པོའི་ཉིན་དྲུག་རྣམས་ཏེ། དེ་དག་གི་ཚེ་ཡང་སྤང
་བར་བྱའོ།། དེ་བཞིན་དུ་ཉིན་མོ་སྤྱད་པ་ཡང་སྤང་བར་བྱའོ།། ཡན་ལག་མིན་ཞེས་བྱ་བ་ལ། ཡན་ལག་དང་འཚམ་པ་ནི་མངལ་གྱི་སྒོ་ཡིན་པ་ལས། དེ་མ་ཡིན་པ་ཡན་ལག་གི་གནས་སུ་མི་རུང་བ། ཁ་དང་བཤང་བའི་ལམ་ལ་སོགས་པར་སྦྱང་བར་མི
་བྱའོ།། དེ་བཞིན་དུ་སྙིང་ག་དང་། མགོ་བོར་བརྡེག་པར་བྱས་ནས་འཁྲིག་པ་བྱ་བོ་ཡང་སྤང་བར་བྱའོ།། སྦྱང་བ་ཞེས་བྱ་བ་ནི་ཀུན་ལ་སྦྱར་བར་བྱའོ།། འགྲངས་ཆེས་ལྕོགས་དང་བརྟན་བྲལ་དང་།། ཡན་ལག་མི་བདེར་གནས་དང་སྐོམ།། བྱིས་པོ་རྒན་དང
་ཤུགས་གཞན་ཉིན།། ནང་པ་ཡིས་ཀྱང་འཁྲིག་པ་སྤང་།། ཞེས་བྱ་བ་ལ། འགྲངས་ཆེས་ཤིང་གསུད་པར་ཟོས་པ་དང་ལྟོགས་ཤིང་བཀྲོས་པས་ཉིན་པ་དང་། བརྟན་ཞིང་ཡིད་རྟོན་པ་དང་བྲལ་བ་དང་། ཡན་ལག་མི་བདེ་བར་གནས་ཤིང་ལུས་ཉམ་ང་བར
་གནས་པ་དང་། སྐོམ་པས་ཉེན་པ་དང་། བྱིས་པ་སྟེ་ལོ་བཅུ་དྲུག་པ་མན་ཆད་དང་། རྒན་པོ་སྟེ་བདུན་ཅུ་ཡན་ཆད་ལོན་པ་དང་། ཤུགས་གཞན་གྱིས་ཉེན་པ་སྟེ། བཤང་བ་དང་གཅི་བ་ལ་སོགས་པའི་ཤུགས་ཀྱིས་ཉེན་ཞིང་གཟིར་བ་དང་།
་ནང་པ་སྟེ་རིམས་ལ་སོགས་པའི་ནད་ཀྱི་གཙེས་པ་སྟེ། དེ་དག་ཐམས་ཅད་ཀྱིས་ཀྱང་འཁྲིག་པ་སྤྱད་པ་སྤང་བར་བྱའོ།། དེ་ཡང་བསྡུས་པ་ལས། ཚེ་འདོད་སྐྱེས་པ་བུད་མེད་ཀྱིས།། བཅུ་དྲུག་ལོན་པ་ཚུན་ཆད་དང་།། བདུན་དུ
་ལོན་པ་མན་ཆད་ནི།། ཀུན་སྦྱར་བྱ་བར་མི་རིགས་སོ།། རབ་གཞོན་མ་རྫོགས་ལུས་ཟུངས་ཀུན།། བུད་མེད་ལ་ནི་ཟད་འགྱུར་ཏེ། ལྟེང་ཀ་ཆུང་ངུའི་ཆུ་བཞིན་དུ།། མོད་ལ་ཉེ་བར་བསྐམས་པར་འགྱུར།། དཔེར་ན་ཤིང་ནི་སྐམས་གྱུར་ཅིང་།། འབུས་ཟས་རྣམ་པར
་དེངེངས་པ་ནི།། རག་ན་མྱུར་དུ་འཇིག་པར་འགྱུར།། རྒན་པོ་བུད་མེད་བསྟེན་དེ་བཞིན།། ཤུགས་བཀག་གྱུར་པ་དག་གིས་ཀྱང་།། གཅིན་ནང་རྗེའུ་འཕེལ་བ་དང་།། རབ་རིབ་ལ་སོགས་ནང་བསྐྱེད་ཅིང་།། དབང་པོ་བཅོམ་པ་ཐོབ་པར་འགྱུར།། ནས་བཤད་པ་ཡིན་ནོ།།
་དགུན་དུས་རོ་ཙ་བྱས་དྲེགས་ཆེ།། འདོད་པས་འདོད་པ་བསྟེན་པར་བྱ།། དཔྱོད་དོན་ཞག་ནི་གཉིས་གཉིས་ན་ས།། སོ་ག་དབྱར་ཚེ་ཟླ་ཕྱེད་ཅི་ཞེས་བྱ་བ་ལ། དགུན་དུས་ཞེས་བྱ་བ་ནི་གྲང་བའི་དུས་ཏེ། དགུན་སྟོང་དང་དགུན་སྨད་དོ།། དེ་ཚེ་སྐྱེས་བུ་རོ་ཙ་བའི་ཆོ་ག་བྱས
་ཤིང་དྲགས་པ་བདོ་བར་གྱུར་པའི་ཚེ། འདོད་པས་ཞེས་པ་ཅི་དགའ་བར་འདོད་པ་བསྟེན་པར་བྱའོ།། དེ་ལ་རོ་ཙ་བར་བྱ་བའི་སྦྱོར་བ་ནི་ཁུ་བ་འཕེལ་བར་བྱ་བ་སྟེ། འོ་མ་དང་། མར་དང་། ཤ་ཁུ་ལ་སོགས་པ་འོག་ནས་བཤད་པ་བཞིན་དུ་བྱས་ཤིང་དོམས
་པར་གྱུར་པའོ།། དེ་བཞིན་དུ་དཔྱིད་དང་སྟོན་ནི་ཞག་གཉིས་གཉིས་ནས། རོ་ཙ་བར་བྱས་པས་ངོམས་པ་དང་། འདོད་པོ་བསྟེན་པར་བྱའོ།། སོ་ཀ་དང་དབྱར་གྱི་ཚེ་ནི། རོ་ཙ་བ་བྱས་ནས་ཟླ་བ་ཕྱེད་ཅིང་འདོད་པ་བསྟེན་པར་བྱའོ།། གཞན་དུ་བུད་མེད་ལ
་གས་ན།། མག་འཁོར་བ་ལ་དང་བཛྲ་མཿ་ཉམས།། སྟོབས་དང་སྒྲས་བླངས་དབང་པོ་ཉམས།། དུས་མིན་འཆི་བར་བྱེད་པ་ཡིན་ཞེས་བྱ་བ་ལ། གཞན་དུ་ཞེས་བྱ་བ་ཇི་སྐད་དུ་བཤད་པ་ལས་ཟློག་པས་ཟུང་མེད་ལ་ཞུགས་ཤིང་འདོད་བ་སྤྱོད་བའི་སྐྱེས་བུ་ངན
་མིགོ་འཁོར་བ་ལ་སོགས་པའི་ནང་འབྱུང་བར་འགྱུར་རོ།། དེ་ལ་མགོ་འཁོར་བ་ནི་མི་བྱེ་བར་གནས་ཤིང་འཁོར་བའོ།། ངལ་བ་ནི་དུབ་པོ་འོ།། བདྨཪྵ་མནྟ་ཉམས་པོ་ནི་མལ་དུ་འཇུག་ཅིང་འགྲོ་མོ་ནུས་པའམ། དང་ཁྲིག་ཟད་པའོ།། དེ་ཟནི་ནི་ཛཱནྟ་བས་ཉམས
་བ་དང་། ལུས་ཟུངས་ཉམས་པ་དང་། དབང་པོ་ཉམས་པར་འགྱུར་བ་དང་། དུས་མིན་འཆི་བར་བྱེད་པ་ནི་ཤིན་ཏུ་བུད་མེད་ལ་བརྟེན་པས་དུས་མ་ཡིན་པར་འཆི་བར་ཡང་འགྱུར་བ་ཡིན་ནོ།། བུད་མེད་དག་ལ་ལེགས་བསྡམས་ན།། དྲན་དང་ཡིད་གཞུངས་ནད
་མེད་ཆེ།། དབང་པོ་རྟས་ཤིང་གྲགས་སྟོབས་རྣམས།། ལྷག་པར་འཕེལ་ཞིང་རྒས་སྲར་འགྱུར་ཞེས་བྱ་བ་ལ། བུད་མེད་དག་བསྟེན་པ་ལེགས་པར་བསྡམས་ཤིང་བསྲུང་བའི་སྐྱེས་བུ་ནི། དྲན་པ་ལ་སོགས་པ་འཕེལ་བར་འགྱུར་རོ།། དེ་ལ་དྲན་པ་ནི་འདས་པའི
་དོན་མ་བརྗེད་པའོ།། ཡིད་གཟུངས་པ་ནི་རྣམ་པར་དཔྱོད་ནུས་པའི་ཤེས་རབ་བོ།། ནད་མེད་པ་ནི་བདེ་བོར་གནས་པའོ།། ཚེ་ནི་སྲོག་གོ། དབང་པོ་ནི་མིག་ལ་སོགས་པའོ།། རྗེས་པོ་ནི་ལུས་རྒྱས་པའོ།། གྲགས་པ་ནི་སྙན་པའོ།། སྟོབས་ནི་ལུས་ཀྱི་ནུས་པ་སྟེ། དེ
་དག་ལྷག་པར་འཕེལ་ཞིང་རྒྱས་པ་དང་། དེ་བཞིན་དུ་རྒས་སྲ་བར་འགྱུར་བ་སྟེ། སྐྲ་དཀར་མེད་པ་ལ་སོགས་པར་འགྱུར་རོ།། ཁྲུས་དང་བྱུག་པ་རླུང་སིལ་ཁ་ར་ལ་སོགས་བཟའ།། ཆུ་བསིལ་འོ་མ་ཤ་ཁུ་སྲན་ཚོད་ཆང་དངས་འཐུངས།། ཉལ་པོ
་དགའ་བྱས་འདོད་དང་བྲལ་འགྱུར་རྗེས་ལ་བསྟེན།། དེ་འདྲས་དེ་ཡི་ལུས་མངངས་སྟོབས་སླར་སྐྱེ་བར་འགྱུར་ཞེས་བྱ་བ། སྔར་བསྟན་པའི་བུད་མེད་བསྟེན་པའི་རྗེས་ལ་ཆགས་པ་དང་བྲལ་བའི་སྐྱེས་བུས
་ཁྲུས་ལ་སོགས་པ་བསྟེན་པར་བྱའོ།། དེ་ལ་བྱུགས་པ་ནི་ཙན་དན་ལ་སོགས་པ་རྫས་དྲི་བཟང་པོས་ལུས་བྱུགས་ཤིང་ཁ་དོག་བསྒྱུར་བའོ།། རླུང་བསིལ་བ་ནི་རླུང་དྲང་བའོ།། ཁ་ར་ལ་སོགས་པ་ནི་བཟའ་བའི་ཁྱད་པར་ཏེ། དེ་དག་བཟའ་བོའོ།། ཆུ
་བསིལ་བ་ནི་ཆུ་གྲང་མོའོ།། སྲན་ཚད་ནི་འབྲུ་ལས་བྱས་པའོ།། ཆང་དངས་མ་ནི་ཆང་གི་སྙིང་པོའོ།། དེ་དག་ཐམས་ཅད་ནི་འདོད་པ་སྤྱོད་པའི་དགའ་བ་བྱས་ནས། འདོད་ཆགས་དང་བྲལ་བར་གྱུར་པའི་རྗེསཽ་ཏེ། འོག་ཏུ་བསྟན་ཅིང་ལོངས་སྤྱད
་བར་བྱའོ།། དེ་ལྟར་བྱས་པར་གྱུར་པས་སྐྱེས་བུ་དོའི་ལུས་ཀྱི་མདངས་དང་སྟོབས་སླར་སྐྱེ་བར་འགྱུར་རོ།། དེ་ཡང་བུད་མེད་དང་ཕྲད་པས་འཕྲལ་དུ་ལུས་ཀྱི་སྟོབས་འབྲི་བར་འགྱུར་ཡང་། འདི་ལྟར་བརྟ་ཞིང་ཚིམ་པར་བྱས་པས་དེའི་ཁུ་བ་དང
་སྟོབས་འཕེལ་བ་ཉིད་དུ་འགྱུར་བའི་དོན་ཏོ།། སྨན་པ་ཐོས་སྤྱོད་ཕུན་ཚོགས་ལྡན་ཞིང་ལོས་མཁས་སྙིང་རྗེ་ཅན།། བགེ་གས་དང་གནོད་མེད་ལུས་སྲུང་བྱེད་པ་ཉེ་བར་བཞག་བྱས་ནས།། རྒྱལ་པོའི་རང་གི་འབྲས་བུའི་ལོངས་སྤྱོད་བདེར
་སྤྱོད་ཅིང་། ནད་མེད་མཐུ་དང་གཟི་བརྗིད་གྲགས་པ་ཡུན་རིངས་འཕེལ་བར་འགྱུར་ཞེས་བྱ་བ་ལ། སྨན་པ་ཞེས་བྱ་བ་ནི་སྨན་དཔྱད་ཀྱི་ཡན་ལག་ལ་མཁས་པ་སྟེ། དེ་ཡང་ཐོས་པ་དང་། སྐྱེད་པ་ཕུན་སུམ་ཚོགས་པ་དང་ལྡན་པ་སྟེ། རྟོགས
་བ་དང་ཚུལ་ཕུན་སུམ་ཚོགས་པའི་ཡོན་ཏན་དང་ལྡན་པའོ།། ལས་ལ་མཁས་པ་ནི་གསོ་བ་ལ་མཁས་ཤིང་བྱང་བའོ།། སྙིང་རྗེ་ཅན་ནི་རྗེས་སུ་བརྩེ་བ་དང་ལྡན་པའོ།། བགེགས་དང་གནོད་པ་མེད་པ་ནི་མི་མཐུན་པ་མེད་ཅིང་བུར་ཆོད་ཀྱི་གནོད་པར
་བྱེད་པ་མེད་པའོ།། ལུས་བསྲུང་བྱེད་པ་ནི་རྒྱལ་པོའི་སྐུ་འཚོ་བར་བྱེད་པ་སྟེ། དེ་ལྟ་བུ་ཉེ་བར་བཞག་ཅིང་། ལུས་བསྲུང་དུ་བཅུག་ན། རྒྱལ་པོ་སྡེ་ས་བདག་གྲགས་པ་འཕེལ་བའི་བར་དུ་འགྱུར་རོ།། དེ་ཡང་རང་གི་དགེ་བ་ནི་བསོད་ནམས་སུ་བྱ་བའི
་ལས་ཏེ། དེའི་འབྲས་བུ་ནི་ལོངས་སྤྱོད་ཆེན་པོ་ལ་སོགས་པ་དང་ལྡན་པས་བདེ་བར་ཉེ་བར་ལོངས་སྤྱོད་པ་ཡིན་ལ། དེ་གང་ཞིག་སྤྱོད་པར་བྱེད་པ་དེ་ནི། དེ་སྐད་ཅེས་བྱ་སྟེ། དེ་ལ་ཡུན་རིང་དུ་སྤྱོད་པར་འགྱུར་བ་དང་། ནད་མེད་ཅིང་ལུས་བདེ་བར་གནས་པ
་དང་། མཐུ་སྡེ་ལོངས་སྤྱོད་ཀྱི་འབྱོར་པ་རྣམས་དང་། གཟི་བརྗིད་ཅེས་པ་ལུས་ཀྱི་གཟི་མདངས་དང་གྲགས་པ་སྟེ། ལྷུན་པོས་ཁྱབ་པ་ཡུན་རིང་དུ་རྒྱ་ཆེར་འཕེལ་ཞིང་རྒྱས་པར་འགྱུར་རོ།། ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ།
་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ་སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱོར་བ་ལས། ལིནྡྲ་བདུན་པོའི་འགྲེལ་པའོ།། ། དོ་ནས་ཁ་ཟས་ཀྱི་ཚོང་རན་པར་བཟའ་བའི་ལེའུ་བཤད་པར་བྱརརོ་ཞེས་བྱ
་བལ། དེ་ནས་ཞེས་བྱ་བ་ནི་འོངས་མ་ཐག་པ་སྟེ། སྔར་བརྩམས་པའི་ཁ་ཟོས་བསྲུང་བའི་རྗེས་ཐོགས་ལ། ཁ་ཟས་ཀྱི་ཚད་རན་པར་བཟའ་བར་བརྩམས་པ་ཡིན་ཏེ། གང་གི་ཕྱིར་ཡོན་ཏན་དང་ལྡན་པའི་ཟས་ཀྱང་ཡིན་ལ། དུག་ལ་སོགས
་པ་དང་འདྲེས་པར་མ་གྱུར་དུ་ཟིན་ཀྱང་ཚད་ལས་ལྷག་པའམ། ཆད་ལས་ཤིན་ཏུ་ཆུང་བར་ཟོས་ན་སྲོག་ཉེ་བར་འཇོམས་པར་གྱུར་ལ། དེ་ཉིད་རན་པར་ཟས་པ་ནི་སྲོག་ཆགས་རྣམས་ཀྱི་སྲོག་ཉིད་ཡིན་ནོ།། ཁ་ཟས་ནི་བཟའ
་བར་བྱ་བ་རྣམས་སོ།། ཚེད་རན་པ་ནི་ཚད་དང་ལྡན་པའོ།། ཚོང་རན་པར་བཟའ་བ་ནི་ཚད་དང་ལྡན་པར་བཟའ་ཞིང་སྐྱེད་པའོ།། དེ་ལ་ཕན་ཞིང་དགོས་པ་བྱེད་པའི་གཞུང་ལ་ནི་ལེའུ་ཞེས་བྱ་སྟེ། དེ་བཤད་ཅིང་རྣམ་པར་ཕྱེ་བ་བསྟན་པར་བྱའོ།། དུས་ཀུན་ཏུ་ནི
་ཚོད་ཟིན་བཟའ། དེ་ནི་མེ་དྲོད་སྐྱེད་བྱེད་ཡིན་ཞེས་བྱ་བ་ལ། སྐྱེས་བུ་ནད་མེད་པའམ། ནད་དང་ལྡན་པ་ཡང་རུང་སྟེ། དེས་དུས་ཀུན་ཏུ་ཅེས་པ་དུས་ཐམས་ཅད་དུ་ཟས་ཀྱི་ཚོད་ཟིན་ཅིང་། ཚད་དང་ལྡན་པར་བཟའ་བར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། གང
་ཚང་དང་ལྡན་པར་ཟ་བ་ལ་འཇུག་པ་དེ་ནི་མེའི་དྲོད་སྐྱོང་བར་བྱེད་པ་ཡིན་ཏེ། རང་གི་བྱ་བ་སྨིན་པའི་ལས་བྱེད་པར་ནུས་པ་ཡིན་ནོ།། དེ་ནི་ཚོད་རན་པར་བཟའ་ཞིང་ཚོད་ཟིན་པར་ཟ་བ་དང་ཚོད་ཟིན་པར་བཏུང་བ་དང་། ཚོད་ཟིན་པར་བལྡག་པར་བྱའོ།། ཞེས
་བལྟ་བར་བྱའོ།། ཚོད་རན་པའི་མཚན་ཉིད་ནི་སློབ་དཔོན་གྱིས་འདི་ལྟར་བཤད་དེ། ཚད་ཀྱང་མེའི་དྲོད་ཀྱི་སྟོབས་དང་། ཟས་ཀྱི་དངོས་པོ་ལས་བལྟོས་པར་བྱ་དགོས་ཏེ། ཟས་ཀྱི་ལྟོ་བར་གནོད་པ་མི་སྐྱེད་པ་དང་། སྙིང་གར་ཐོགས་པར་མི
་བྱེད་པ་དང་། རྩིབས་ལོགས་གཉིས་སུ་ཟུག་ཅིང་གནོད་པར་མི་བྱེད་པ་དང་། ཕོ་བ་ཤིན་ཏུ་མི་ལྕི་བ་དང་། དབང་པོ་ཚིམ་ཞིང་རྟས་པར་བྱེད་པ་དང་། བཀྲེས་པ་དང་། སྐོམ་པ་དང་བྲལ་བ་དང་། གནས་དོང་སྟན་དང་མལ་དང་། འགྲོ་བ་དང་།
་དབུགས་འབྱིན་པ་དང་། དབུགས་རྔུབ་པ་དང་། གཏམ་ཟེར་བ་ན་བདེ་བར་གནས་པ་དང་། དགོངས་ཀ་དང་། ནང་པར་བདེ་བར་ཡོངས་སུ་ཞུ་བ་དང་། སྟོབས་དང་ཁ་དོག་ཉེ་བར་འཕེལ་བར་བྱེད་པ་སྟེ། འདི་དག་ནི་ཚད་དང་ལྡན་པའི་མཚན་ཉིད་ཡིན་ནོ།།
་འདི་དག་གིས་ཀྱང་ཚད་དང་ལྡན་ཞིང་ཚོད་ཟིན་པ་གཙོ་བོ་ཡིན་ཏེ། སེ་འབྲུ་དང་། སྐྱུར་པོ་ལ་སོགས་པའི་རྫས་མེའི་དྲོད་སྐྱེད་པར་བྱེད་པའི་རང་བཞིན་ཅན་དེ་ཚད་དང་ལྡན་པར་ཟོས་ནི། མེའི་དྲོད་བསྐྱེད་པར་འགྱུར་གྱི། ཚད་དང་མི་ལྡན་པས་ནི་མ
་ཡིན་ནོ།། ལྕི་ཞིང་རང་བཞིན་གཡུང་བའི་རྫས་འོ་མ་དང་བུ་རམ་ཤིང་ལ་སོགས་བ་ལྔ་སྨོས་ཀྱང་ཅི་དགོས་ཏེ། དེ་བས་ནི་རྫས་ནི་ལྕི་བའམ་ཡང་བའང་རུང་། ཚད་ལ་བལྟོས་པར་བྱ་བ་ཡིན་ཞེས་བྱ་བ་ལ། རྫས་ལྕི་བ་ནི་བུ་རམ་ཤིང་དང་། འོ་མ
་དང་། འབྲུ་དང་། མོན་སྦྲན་གྲེའུ་དང་། རླན་ཅན་གྱི་ཤ་རྣམས་སོ།། ཡང་བ་ནི་ཆར་གྱི་ཆུ་དང་། རཀྟ་ཤ་ལཱི་ཞེས་བྱ་བ་ལ་འབྲས་རྩ་སྣར་དང་། དྲུག་ཅུ་པ་དང་། མོན་སྲན་རྡེའུ་དང་། བྱ་ལ་ཝའི་ཤ་རྣམས་ཏེ། དེ་གཉི་ག་ལ་ཡང་ཚད་ལས
་བསྔོས་པར་བྱ་བ་ཡིན་ཏེ། དེ་རྣམས་ནི་དེ་ལ་རག་ལུས་པར་གྱུར་པ་ཡིན་ནོ་ཞེས་བྱ་བའི་དྲིན་ཏོ།། རྫས་ལྕི་བ་འམོ། ཡང་བ་དེ་དག་པ་ཞིང་སྤྱད་པ་ནི། ཟས་ཀྱི་ཚུལ་ལ་སོགས་པར་བྱ་བ་ཆ་འདྲ་བར་རྟག་ཏུ་བཟའ་བར་བྱ་བ་འམ། མངན
་ལྕི་བ་ནི་ཆང་ལས་གཞན་དུ་བྱ་ལ། ཡང་བ་ལ་ནི་ཚད་གཞན་དུ་བྱ་ཞེས་སོམ་ཉིར་གྱུར་པ་དེའི་ཕྱིར་སྨྲས་པ་ནི། ལྕི་བ་ལས་ནི་ཕྱེད་འགྲངས་བྱོ། ཡང་བ་ལ་ནི་རབ་འགྲངས་མིན་ཞེས་བྱ་བ་ལ། ཁ་ཟས་ལྕི་ཞིང་འཛུ་དཀའ་བ་ལས་ནི་ཕྱེད་འགྲངས
་ཙམ་དུ་བཟའ་བ་དག་པ་ཟས་ཡང་བ་ཆར་ཆུ་དང་། ས་ལུ་ཙ་སྣང་ལ་སོགས་པ་ལས་ནི། རབ་ཏུ་འགྲངས་པར་མི་བཟའ་ཡི།། གཞན་དུ་ན་རན་ཅིང་བདེ་བར་གནས་པ་ཙམ་གྱིས་འགྲངས་པར་བྱ་དགོས་ཏེ།
་གང་གི་ཕྱིར་མ་དང་རླུང་དག་གིས་ཡོན་ཏན་མང་པོ་ཡང་བ་ལ་ནི། ཆ་མཉམ་པར་གནས་པས་མེའི་དྲིང་སྐྱེད་པར་བྱེད་པ་ཡིན་ལ། ཚོད་མ་ཟིན་པར་ཉེས་པར་ཟོས་སུ་ཟིན་ཀྱང་ཉེས་པ་ཅུང་ཟད་སྐྱེད་པ་ཡིན་ནོ།། རྫས་ལྕི་བ་ལ་ནི་ས་དང་ཟླ་བོ་དང་ཆུའི
་ཡོན་ཏན་མང་དུ་གནས་པས་མེའི་མི་མཐུན་པར་གྱུར་ཅིང་། ཐུན་མོང་གི་ཡོན་ཏན་གཞན་ཡོད་པས་མེའི་དྲོད་འབྲི་བར་བྱེད་པ་ཡིན་ནོ།། བདེ་བླག་འཇུ་བ་དེ་ཙམ་ལ་ཚད་ཟིན་ནེ་ས་ནི་བཤད་པ་ཡིན་ཞེས་བྱ་བ་ལ་ཆེད་ནི་ཚད་ཡོངས་སུ་ཆད་པ་སྟེ།
་ཚད་ཇི་ཙམ་ཟོས་ན་བདེ་བླག་ཏུ་གནོད་པ་མེད་པར་ཞུ་ཞིང་དེངས་པར་འགྱུར་བ་དེ་ཙམ་གྱིས་ཚོད་ཙམ་ལ་ནི་ཚོད་ཟིན་པ་ཡིན་ནོ་ཞེས་བཤད་ཅིང་བསྟན་པ་ཡིན་ནོ།། ཟས་ཚོད་མ་ཟིན་ཆུངས་གྱུར་ན། སྟོབས་དང་གཟི་མདངས་འཕེལ་མི་འགྱུར
་གི་ནད་ནི་ཐམས་ཅད་ཀྱི།། རྒྱུ་ཉིད་དུ་ནི་གྱུར་པ་ཡིན་ཞེས་བྱ་བ་ལ། ཁ་ཟས་ཀྱི་ཚོད་མ་ཟིན་ཅིང་། ཚང་ལས་ཆུང་ཞིང་དམན་པར་གྱུར་བར་ཟོས་ན་སྟོབས་སུ་ཡང་མི་འགྱུར། གཟི་མདངས་སུ་ཡང་མི་འགྱུར། ལུས་འཕེལ་ཞིང་རྒྱས
་པར་མི་འགྱུར་བ་དང་། དེ་བཞིན་དུ་རླུང་ལས་གྱུར་པའི་ནད་མོ་ལུས་པ་ཐམས་ཅད་ཀྱི་རྒྱུ་ཉིད་དེ། བསྐྱེད་པའི་རྒྱུར་འགྱུར་ཞིང་འབྱིན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ།། ཚད་ལས་ཤིན་ཏུ་ཆེས་པ་ཡང་ཉེས་པ་ཐམས་ཅད་མྱུར་དུ་སྐྱེད་ཅེས
་བྱ་བ་ལ། ཚད་ལས་ཤིན་ཏུ་ཆེས་པ་ནི་ཟས་ལྷག་པར་མང་པོ་ཟོས་པ་སྟེ། དེས་ནི་ཉེས་པ་གསུམ་པོ་ཐམས་ཅད་མྱུར་ཞིང་རིངས་པར་བསྐྱེད་པར་བྱེད་ཅིང་རབ་ཏུ་གཡོ་བར་བྱེད་དོ།། མ་ཞུའི་ཟས་ནི་མི་བཟད་པ།། དེ་ཡིས་རླུང་སོགས་གཟིར་གྱུར་པས།།
་ཙོཅིག་ཅར་རྣམ་པར་འཁྲུག་འགྱུར་གྱི།། དེ་ཉིད་དུ་ནི་ཞུགས་གྱུར་ནས།། རྩཝ་སྒོ་འགག་ཅིང་བེའུ་སྣབས་བསྐྱེད།། སྟེང་དང་འོག་གི་ལམ་དག་ཏུ།། སྐྱོད་པ་གསུང་ཅིང་ཟུག་བྱེད་པ།། བརྐམ་ཚགས་ཅན་ལ་འཕྲལ་སྐྱེད་བྱེད།། ཅེས་བྱ་བ་ལ། ཟས་མ
་ཞུ་ཞིང་ལྷག་པར་ཟོས་བེ་མི་བཟད་ཅིང་གནོད་པར་གྱུར་པས་དེས་རླུང་སོགས་ཞེས་པ། རླུང་དང་མཁྲིས་པ་དང་བདྨ་ཀན་འཁྲུག་ཅིང་གཡོ་བར་གྱུར་པས་ཅིག་ཅར་དེ་རྣམས་དུས་གཅིག་ཏུ་འཁྲུག་ཅིང་ལྡང་བར་བྱེད་པ་ན། རྩ་སྒོ་འགགས་ཤིང
་ཞེས་པ་སྟེ། རྩ་སྦུབས་འགགས་པར་བྱས་པས། བེའུ་སྣབས་ཞུ་བ་ཞེས་བྱ་བའི་ནད་བསྐྱེད་པར་འགྱུར་རོ།། ཅི་ཞིག་བྱས་ནས་དེ་སྐྱེད་ཅེ་ན་དེ་ཉིད་དུ་ནི་ནུགས་གྱུར་ནས་ཞེས་པ་སྟེ། ཟས་མི་ནུ་བ་དེ་ཉིད་ཀྱིས་ནང་དུ་རླུང་ལ་སོགས་པ་ཞུགས
་ཤིང་དེ་དང་གཅིག་ཏུ་གྱུར་ཅིང་འདྲེས་པར་གྱུར་ནས་བེའུ་སྣབས་ཀྱི་ནད་སྐྱེད་པར་བྱེད་པ་ཡིན་ནོ།། དེ་བཞིན་དུ་ཟས་མ་ཞུ་ཞིང་འདུག་པ་དེ་ཉིད་དུ་ཞུགས་ནས། སྟེང་དང་འོག་གི་ལམ་དག་ཏུ་བསྐྱོད་ཅིང་། བླ་འོག་ཏུ་དྲི་མ་དང་། ཟས་ལ་སོགས
་བ་ཕྱི་རོལ་ཏུ་འགྲེན་ཅིང་འཕོ་བར་བྱེད་པས་ནོ།། དེ་ཉིད་ཀྱི་རྒྱུས་གསུང་པོའི་ཟུག་གཟིར་དྲག་པ་སྐྱེད་པར་བྱེད་པ་ཡིན་ནོ།། སུ་ཞིག་ལ་ཞེ་ན། བརྐོམ་ཆགས་ཅན་ལ་ཞེས་བྱ་བ་སྟེ། བཟའ་བཏུང་ལ་ཆགས་ཤིང་ལྟོ་འདུན་ཅན་ཏེ་སེམས་མ
་བསྡམས་པ་དག་ལ་གནོད་པ་འདི་ལྟ་བུ་འཕྲལ་དུ་བསྐྱེད་ཅིང་འབྱུང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། དེ་ཡང་ཕལ་ཆེར་ཤེས་རབ་ཉེས་པ་ཡིས།། ནད་ཀྱི་ཚོགས་ནི་སྐྱེ་བར་འགྱུར།། ཟས་ལ་བརྐམ་པའི་མི་རྣམས
་ལ།། ཁྱད་པར་དུ་ནི་གསུང་པ་འབྱུང་ཞེས་བཤད་པ་ཡིན་ནོ།། དེ་ལས་རླུང་ལས་གཟེར་མོ་གོ་འཁོར།། ཁོང་སྤོས་འད་ནིང་རེངས་སོགས་འགྱུར།། མཁྲིས་པ་ལས་ནི་འཁྲུ་རིམས་འདེབས།། ཁོང་ཚྭ་སྒོམ་ཞིང་ཁ་སོགས་འགྱུར།། བང་ཀན་རློན
་ཞིང་ཡན་ལག་ལྕི།། ཚོགས་ཐོགས་མཆིལ་མ་མང་བར་འགྱུར་བྱ་བ་ལ། དེ་ལ་མ་ཞུ་བ་ལ་རླུང་ལ་སོགས་པའི་ནད་ག་ནི་ཤས་ཆེ་བ་ལས་ནོད་འདི་དག་ཏུ་འགྱུར་ཏེ། དེ་ལས་ཀྱང་རླུང་ལས་གྱུར་པའི་མ་ཞུ་བའི་ཁོང་པ་གཟིར་བ་དང་། མགོ
་འཁོར་ཞིང་ལྕི་བ་དང་།། ཁོང་སྤྲོ་བ་ལ་སོགས་པར་འགྱུར་རོ།། མོ་ཁྲོས་པ་དང་འདྲེས་པའི་མེ་ཞུ་བ་ལས་ནི་འཁྲུ་བ་ལ་སོགས་པའི་ནད་སྐྱེ་བར་འགྱུར་རོ།། བད་ཀན་གྱི་ཤས་ཆེ་བ་ལས་ནི་སྨོན་ཞིང་སྐྱུགས་པ་དང་། ཡན་ལག་ལྕི་བ་དང་། ཚིགས
་ཐོགས་པ་དང་། ཚིགས་འབྱིན་མི་ནུས་པ་ལ་སོགས་པར་འགྱུར་རོ།། མ་ཞུ་བ་བེའུ་སྣབས་ཅན་དང་གསུད་ཅིང་གཟེར་ཟུག་ཅན་གྱི་མཚན་ཉིད་བསྡུས་པ་ལས། མིང་འདོན་དང་ལྡན་པ་བཤད་པ་ནི། ཟས་ནི་འཇུ་བར་མ་གྱུར་ལ།། སྟེང་དང
་འོག་ཏུ་མི་འགྲོ་བར།། མ་ཞུའི་གནས་སུ་བེ་སྣབས་འགྱུར།། དེས་ནི་བ་སྣབས་ཅན་ཞེས་བཤད།། རླུང་ལ་སོགས་པ་རབ་འཁྲུགས་པས།། གཟེར་ཟུག་སྣ་ཚོགས་ཀྱིས་ཟུག་ཅིང་།། ཁབ་ཀྱིས་ལུས་ནི་འབིགས་པ་ལྟར།། རྣོ་བར་ཟུག་པས
་གསུང་གཟེར་ཡིན།། ཞེས་པའོ།། ཁྱད་པར་དུ་ཉམ་ཆུང་ཞིང་མེ་དྲོད་ཞན་དང་ཤུགས་བཀག་པའི།། ཟས་ནི་རླུང་གིས་བཀག་པ་དང་།། བད་ཀན་གྱིས་ནི་བར་བཀག་པའོ།། ཉེས་པས་བེ་སྣངས་དཀྲུག་པས་ན།། ཟུག་རྔུ་ཟུག་པ་ལྟ་བུར་མནན།། འཁྲུ་དང
་སྨོན་པར་མི་བྱེད་པའི།། གཟེར་ལ་སོགས་པ་མི་བཟད་པ།། བེ་སྣབས་དེ་ཡིན་ཞེས་བྱ་བ། ཁྱད་པར་དུ་ཞེས་པ་མཆོག་ཏུ་ཡང་སྐྱེས་བུ་ཤིན་ཏུ་ཉམ་ཆུང་ཞིང་སྒེག་པར་གྱུར་པ་དང་། དེ་བཞིན་དུ་མེ་དྲོད་ཞན་པ་སྟེ། བད་ཀན་མང་པོས་ཕོ་བོའི
་མེ་དྲོད་ཉམས་པར་གྱུར་པ་དང་། ཤུགས་བཀག་པས་ཞེས་བྱ་བ། ཕྱེན་དང་བཤད་པ་དང་། ལྕི་བའི་ཤུགས་བཀག་པར་གྱུར་པའི་སྐྱེས་བུའི་ཟས་ནི་རླུང་གི་ནད་ཀྱིས་ལམ་ཉེ་བར་བཀག་པར་བྱས་པ་དང་། དེ་བཞིན་དུ་བད་ཀན་གྱིས་བར་དུ་ཞེས
་པ་དབུས་སུ་ལམ་བཀག་པའི་རྒྱུས་ནི། ཟས་དེ་བེའུ་སྣབས་སུ་གྱུར་ཅིང་། ཕྱི་རོལ་ཏུ་འབྱུང་བར་འགྱུར་ལ། འཇུ་བའི་སྒོ་མེད་པར་གྱུར་པའི་ཉེས་པས་བེ་སྣརུབས་སུ་བྱས་ནས་དཀྲུགས་ཤིང་རྣམ་པར་བསྐྱོ་ད་པས་མ་ཞུ་བའི་བེའུ་སྣབས་ཏེ།
་ཟུག་རྔུ་ཐུག་པ་ལྟ་བུ་ཉིད་དུ་ཀུན་ཏུ་གནས་ཤིང་གཟོར་བ་དང་ཁོང་ཚོ་བ་དང་། ཡན་ལག་སྙོམ་ཞིང་ཟུག་པ་ལ་སོགས་པའི་ནད་རྣམ་པ་མང་པོའི་སྤྱིའི་རྒྱུར་གྱུར་པས་ཟས་དེ་མར་འཁྲུ་བ་དང་། ཡར་སྨོན་པར་མི་བྱེད་པས་དེ་མ
་གཏོགས་པར། ཇི་སྐད་དུ་བཤད་པའི་རླུང་ལ་སོགས་པའི་ནད་མི་བཟད་ཅིང་མནག་པར་དཀའ་བ་གང་ཡིན་པ་ནི་བེའུ་སྣབས་སུ་གྱུར་ནས་སྐྱེད་པར་བྱེད་པས་ན། ནད་དེ་ལ་མ་ཞུ་བ་བེའུ་སྣབས་ཞེས་བྱའོ།། ཉེ་བར་འདུག། བེ་སྣ་བོས་མི་བཟད
་ཀྱིས་སྦུབས་བཀག། རྩིབ་ལོག་ཀུན་ཏུ་དྲང་པོར་འགྲོ།། ཤིང་བཞིན་རེངས་པར་གྱུར་ན་ནི།། མ་ཞུ་ཤིང་འདྲ་ཞེས་བྱ་སྟེ། མྱུར་དུ་གསོད་བྱེད་དེ་སྤང་བྱ་ཞེས་བྱ་བ་ལ། རླུང་ལ་སོགས་པའི་ཉེས་པ་ཤིན་ཏུ
་དུག་པ་སྟེ། ཤས་ཆེར་གནོད་པར་གྱུར་པ་དང་།། བེའུ་སྣབས་མི་བཟང་བ་རྣམས་ཀྱི་སྦུབས་བཀག་པ་སྟེ། མཞུ་བའི་བེའུ་སྣབས་མི་བཟད་ཅིང་གདུག་པས་རྩེ་སྦུབས་ཀྱི་ཁོང་སྟོང་རྣམ་པོར་བཀག་ཅིང་གོ་སྐབས་ཀྱི་བར་ཆད་པས་རླུང
་ལ་སོགས་པ་རྣམས་རྩིབ་ལོགས་ཀུན་ཏུ་ཐད་ཀར་ཕན་ཚུན་འགྲོ་ཞིང་། དྲང་པོར་འགྲོ་བས་ཁྱབ་པར་གྱུར་པས། ལན་འགའ་སྐྱེས་བུ་དེའི་ལུས་ཤིང་བཞིན་དུ་རེངས་ཤིང་དཔག་པ་བསྒྲེང་བ་ལྟར་གྱུར་ན། ལུས་གཡོ་བར་མི་ནུས་པར་བྱེད
་བར་གྱུར་ན་ནི། དེའི་ཚེ་ནད་དེའི་མིང་མ་ཞུ་བའི་ཤིང་འདྲ་བ་ཞེས་བྱ་སྟེ། དེས་ནི་མྱུར་དུ་གསོད་ཅིང་འཆི་བར་བྱེད་པས་གསོར་མི་རུང་བ་སྟེ། དེ་སྠ་ང་ཞིང་དོར་བྱ་སྟེ། དེ་ནི་ཟུ་ག་ཐབས་ཤིང་འདྲ་བའི་མ་ཞུ་བ་ཞེས་བྱའོ།། མི་འཕྲོད་ལྷག་ཟ་མི
་ཟད་པར།། ཟང་བྱེད་མ་ཞུ་དུག་གིས་ནི།། མཚན་ཉིད་ཅན་དེ་མ་ཞུ་བོ།། དུག་གི་མིང་ཅན་གང་ཡིན་ཏེ།། དུག་གི་ཚུལ་ཅན་མྱུར་གསོད་བྱེད།། གསོ་དཔྱད་བྱ་བཽར་དཀའ་བས་ལྒང་ཞེས་བྱ་བ་ལ། མི་འབྲེད་པ་ནི་ཟས་བསྲུང་བའི་ལེའུ་ཡི་སྐབས
་སུ་བཤད་པ། རླན་ཅན་གྱི་ཤ་ལ་སོགས་པ་དང་། འོ་མ་ལ་སོགས་པ་ལྷན་ཅིག་བཟའ་བ་མ་འཕྲོད་པ་ལ་སོགས་པ་ཡིན་ནོ།། ལྷག་པར་ཟ་བོ་ནི་ཟས་ཀྱིས་འདྲངས་པའི་སྟེང་དུ་ཡང་ཟ་བའོ།། མ་ཞུ་བར་ཟ་བ་ནི། སྔར་དེ་ཞག
་གི་ཕན་མ་ཞུ་བར་གང་ཟ་བར་བྱེད་པའོ།། དེ་ལྟར་ན་མི་འཕྲོད་པ་ཟ་བ་དང་། ལྷག་པར་ཟ་བ་དང་། མ་ཞུ་བར་ཟ་བའི་སྐྱེས་བུ་དེ་ནི་དུག་གི་མཚན་ཉིད་ཅན་དེ། མ་ཞུ་བའི་ཉེས་པ་དུག་གི་མཚན་མ་ཅན་གྱི་མ་ཞུ་བ་དང་། མི་བཟད་པ་ཤིན་ཏུ་གསོར་མི་རུང་བ
་དག་གི་མིང་ཅན་ཏེ། དུག་དང་མཚན་མ་འདྲ་བའི་དུག་གི་ཚུལ་ཅན་ཏེ། དུག་དང་མཚན་མ་འདྲ་བ་ཡིན་པའི་ཕྱིར་དུག་གི་ཚུལ་ཅན་ཏེ། དུག་དང་ཚུལ་འདྲ་བ་དང་། མྱུར་དུ་གསོད་པར་བྱེད་པ་དང་། གསོ་ཞིང་བཅོས་པར་བྱ་བའི་དཔྱད་བྱ་བར་དཀའ་བས
་སྤང་ཞིང་དོར་བར་བྱ་བའོ།། དེ་ཡང་གང་གི་ཕྱིར་མགུ་བ་ནི་བྱེ་བ་དྲོ་བས་གསོ་དགོས་ན། དེ་དུག་གི་དབང་གིས་མི་འཕྲོད་པ་སྟེ། དུག་ནི་བསིལ་བས་གསོ་བར་བྱ་བ་ཡིན་པའི་ཕྱིར། དུག་ལ་ནི་གསོ་བ་བསིལ་བ་ཕན་ལོ། དེ་ནི་མཽ་ཞུ་བའི་བེ་སྣབས་ལ
་མི་འཕྲོད་དེ། མ་ཞུ་བོ་ནི་དྲོ་བའི་བྱ་བའི་རིམ་པོས་གསོ་དགོས་པ་ཡིན་ནོ།། དེ་བས་ན་མཚན་ཉིད་གཉི་ག་དང་ལྡན་པའི། མ་ཞུ་བའི་དུག་གི་མིང་ཅན་དེ་ནི་གསོད་པར་བྱེད་པ་ཡིན་པས་སྤང་ཞིང་དོར་བར་བྱ་བ་ཁོ་ན་ཡིན་ནོ།། དེ་བས་ན་མ་ཐུ་བ་བེའུ་སྣབས་འགྱུར།
་གསོར་རུ་པ་ཤུ་དག་རྒྱ་མཚ་དང་། བོ་སོན་ཆ་བཅུ་ཆུ་དྲོན་ནོ།། འཐུངས་པས་སྐྱུག་བཅུག་ཅེས་བྱ་བ་ལ། དེ་ནས་ཞེས་བྱ་བ་ནི་བཀྲ་ཤིས་པའི་དོན་ཏེ། མ་ཞུ་བ་བེའུ་སྣབས་ལ་སོགས་པ་ནི་ཤིན་ཏུ་མཽ་བཟད་ཅིང་། གསོད་པར་བྱེད་པ་ཡིན་པ་ལས། མ
་ཞུ་བེའུ་སྣབས་སུ་གྱུར་པ་གང་གསོར་རུང་ཞིང་བཙོས་པའི་ཐབས་སོ་པའི་མ་ཞུ་བ་དེ་ནི་མྱུར་དུ་སྐྱུག་དུ་གཞུག་ཅིང་སྨོན་པར་བྱའོ།། ཅི་ཞིག་གིས་སློན་དུ་གཞུག་ཅེ་ན། ཤུ་དག་དང་རྒྱམ་ཚ་དང་། བོ་སོན་ཆ་བསྐོལ་བའི་ཆུ་དྲོན་པོ་འཐུངས
་པས་སྐྱུག་དུ་གཞུག་གོ།། དེ་ནས་ནི་དུག་དང་མས་བཏང་རེང་བུ་དག། དྲི་མ་རླུང་དག་ལེགས་རྒྱུ་སྦྱར་ཞེས་བྱ་བ་ལ་དེ་ནས་ཞེས་བྱ་བ་སྐྱུགས་སྨན་བཏང་སྟེ། སྨོན་པའི་རྗེས་ཉིད་ལ་མ་ཞུ་བས་ཉེན་པ་ལ་དུགས་བྱ་བ
་སྟེ། མ་ཞུ་བ་བེའུ་སྣརུབས་ཅན་གྱིས་ཉེན་པ་ལ་དུགས་ཀྱི་ལེའུ་ལས་བཤད་པའི་དུགས་རྣམས་ཅི་རིགས་སུ་བྱ་བ་དང་། དེ་བོ་ཞོན་དུ་མོས་བཏང་བའི་རིང་བུ་སྟེ། པོ་སེན་ཆ་དང་ཁང་པའི་དུད་པ་དང་། ལན་ཚྭ་ལ་སོགས་པ་ལ་བྱས་པ།
་མ་དང་རླུང་དག་ལེགས་པར་རྒྱུ་བར་བྱེད་པ་སྟེ། བཤང་བ་དང་གཅི་བ་དག་ཕྱིར་འབྱུང་བའི་རླུང་རང་གི་གནས་སུ་འཇོག་པར་བྱེད་ཅིང་ཕྱིར་འབྱིན་པར་བྱེད་པ་སྦྱར་བར་བྱ་ཞིང་བཏང་བར་བྱ་སྟེ། དེ་ཡང་གང་གི་ཕྱིར་འཕྲལ་དུ་ལེགས་པར་དག་པ་ནི་གནོད
་བ་དེ་ནི་ཞི་བར་འགྱུར་ཞེས་པོ་ཤང་པོ་ཡིན་ནོ།། ཡན་ལག་འཁུམས་པར་གྱུར་པ་ལ། ཤིན་ཏུ་དུགས་བྱ་དཀྲི་བར་བྱ་ཞེས་བྱ་བ་ལ། ལགོ་ངར་ལ་སོག་ས་པའི་ཡན་ལག་འཇས་པ་འདྲ་བར་གྱུར་ཅིང་། ཡོན་པོར་འཁུམས་པར་གྱུར་པ་དག་ལ
་ཤིན་ཏུ་དུག་བྱས་ནས་འཇམ་པ་ཉིད་དུ་གྱུར་པ་དང་། བལ་འཇམ་པོའི་གོས་ལ་སོགས་པས་དཀྲི་བར་བྱའོ།། གསུང་ན་ཤིན་ཏུ་འཕེལ་བ་དང་།། རྟིང་པར་མེ་བཙའ་གདབ་པར་བསྔགས་ཞེས་བྱ་བ་ལ། མ་ཞུ་བ་གཟེར་ཐབས་ཅན་ཤིན
་ཏུ་འཕེལ་ཙོང་སྟོབས་ཅན་དུ་འགྱུར་བ་ལྀ། རྐང་པའི་རྒྱབ་ཀྱི་ཆ་ལོང་མོའི་འོག། རྟིང་པ་ཞེས་བྱ་བ་དེ་གཉིས་སུ་ལྕགས་ཀྱི་ཐུར་མ་ལ་སོགས་པས་མེ་བཙའ་བཏབ་པ་ནི་བསྔགས་པ་ཡིན་ནོ།། དེ་ནི་ཉིན་པར་སྦྱང་བར་བཞག། ཁྲུས
་བཏང་ལྟ་བུར་ཉེ་བར་སྤྱད་ཅེས་བྱ་བ་ལ། མ་ཞུ་བ་བེའུ་སྣརུབས་དང་གསུང་པས་ཉེན་པའི་སྐྱེས་བུ་དེ་ལྟར་བྱས་པས། སྨོན་དང་ཁྲུས་ཀྱིས་དག་པར་གྱུར་པ་དེའི་རྗེས་ལ་དེའི་ཉིན་པར་སྦྱང་བར་བཞག་ཅིང་ཟས་བཅད་པ་དང་། ཁྲུས་བཏང་ལྟ་བུར་འབྲས
་ཐུག་སྨན་ཏེ་དང་། སྐོ་བ་ལ་སོགས་པའི་སྦྱོར་བའི་རིམ་གྱིས་གསོ་བར་བྱའོ།། ཅིའི་ཕྱི་རོ་མ་དུ་དྲིམ་འི་འུ་སྣབ་ས་གསོར་རུང་བ་ལ་སྐྱུག་སྨན་ལ་སོགས་པ་བྱ་བ་བསྟན་གྱི། གཟེར་འཇོམས་པར་བྱེད་པའི་སྨན་ཤིང་ཀུན་ལ་སོགས་པ་མ
་བསྟན་པ་དང་། གསུང་པ་གསོར་རུང་བ་ལ་རྟིང་པར་མེ་བཙའ་བསྟན་གྱི། སྨོན་དོང་ཁྲུས་ཀྱི་གཟེར་འཇོམས་པ་ལ་སོགས་འི་བྱེད་པ་འཇུ་བར་བྱེད་པའི་སྤྲིན་ལ་སོགས་པ་མ་བསྟན་ཅེས་བྱ་བ་རྟོག་པར་བྱེད་པ་དག་དགག་པའི་ཕྱིར་སྨྲས
་བ་ནི། མ་ནུས་མི་བཟད་ཉེན་གྱུར་ཀྱང་།། གཟོར་འཇོམས་སྨན་ནི་བཏུང་མི་བྱ།། བེའུ་སྣབས་མ་ཞུ་མེ་དྲོད་ཉམས།། ནད་ཀྱི་སྨན་ནི་འཇུ་མི་ནུས།། དེ་ཡིས་ནང་པ་འབྲེལ་དུ་ནི།། ཐུ་ཞིང་འཆི་བ་དག་ཏུ་འགྱུར་ཞེས་བྱ་བ་ལ། མོ་ཞུ་བས་ནི་སྨན་བཏུང་པོར
་མི་བྱའོ།། ཞེས་ཚིག་སྦྱོར་བར་བྱའོ།། ཟས་ཞུ་ཞིང་སྨིན་པར་མི་ནུས་པས་ན་མི་ཞུ་བ་སྟེ། ཟས་འཛུམ་ནུས་པ་དེས་མི་བཟང་བ་ཉིན་པར་གྱུར་ཅིང་། ཤིན་ཏུ་གཟེར་ཟུག་པ་དང་ལྡན་པར་གྱུར་ཀྱང་། གཟེར་འཇོམས་པའི་སྨན་ཤིང་ཀུན་ཅན་གསུམ
་བ.ལོ་སོགས་པར་བཏུང་བར་མི་བྱའོ།། ཇི་ཅིའི་ཕྱིར་ཞེ་ན། བེའུ་སྣབས་མ་ཞུ་བོས་མེའི་དྲོང་ཉམས་ཤིང་མནུ་བའི་ཉེས་པ་བཅོམ་པའི་མེའི་དྲོད་ངེས་ནི་མ་སུ་བའི་ནད་ཀྱིས་སྨན་དེང་ཟས་ཀྱི་རིགས་འཇུ་ཞིང་སྨན་པར་བྱ་བར་མི་ནུས་སོ།། དེས་ན་སྨན
་དང་ཟས་དང་ཉེས་པ་འདི་དག་གིས་མ་ཞུ་བས་ཉེན་པའི་ནད་པ་འཕྲལ་དུ་དེའི་མོད་ལ་ཐུ་ཞིང་གནོད་པའི་ཁྱད་པར་འཕེལ་ཞིང་སྨན་གྱི་སྦྱོར་བ་ཉིད་ཀྱིས་འཆི་བ་དག་ཉིད་དུ་འགྱུར་རོ།། ཁ་ཟས་ཞུ་ནས་ལྟོ་བ་ནི།། རྩུབ་སྲར
་གྱུར་ལ་སྨན་དག་ཀྱང་།། ཉེས་པའི་ལྷག་མ་སྦྱང་བྱིར་དང་།། ཕོ་བའི་མེ་ནི་བསྐྱེད་ཕྱིར་བཏང་ཞེས་བྱ་བ་ལཾ། སྐྱེས་བུའི་ཁ་ཟས་ཞུ་ཞིང་སྨིན་པར་གྱུར་དུ་ཟིན་ཀྱང་། ལྟོ་བ་རྩུབ་ཅིང་སྲ་བར་གྱུར་པ་སྟེ། ཕོ་བ་རེམ་རིམ་པོར་གྱུར་པ་ལ། ཉེས་པའི
་ལྷག་མ་ཞུ་ཞིང་སྦྱར་བའི་ཕྱིར་དང་། ཕོ་བའི་མེ་དྲོང་བསྐྱེད་པར་བྱ་བའི་ཕྱིར། སྨོན་བཏང་བར་བྱ་ཞིང་སྦྱོར་བར་བྱའོ།། མ་ཞུའི་འགྱུར་བ་ཞི་པ་དག། ཉམས་དམད་པར་ནི་བྱས་ལས་འགྱུར་ཞེས་བྱ་བ་ལ། མ་ཞུ་བའི་འགྱུར་བ་ཞེས་པ་ཟས་མ་ཞུ་བའི་ཉེས
་པ་བྱུང་བའི་བེའུ་སྣབས་དང་། སྙོམས་པ་དང་། གཟོར་བ་ལ་སོགས་པ་རྣམས་ལ་ཞི་བ་དག་ནི་ཉམས་དམད་པ། སྦྱང་བ་དང་ཞི་བར་བྱས་པ་དང་། དུགས་དག་བྱས་པ་ལས་དེ་ཉེ་བར་ཞི་ཞིང་ཉམས་དམང་པར་འབྱུང་བར་འགྱུར་རོ།། དེ་གསུམ
་ཉེས་པ་རྣམ་གསུམ་ནི།། བརྟགས་ནས་རབ་ཏུ་སྦྱང་བར་བྱ་ཞེས་བྱ་བ་ལ། ཉམས་དམད་པར་བྱ་བ་དེ་ནི་སྨྱུང་བ་དང་། ཞུ་བར་བྱས་པ་དང་། དུགས་དག་བྱ་བ་རྣམ་པ་གསུམ་ཡོད་ལ་དེ་ཉེས་པ་རྣམ་གསུམ་ལ་ཞེས་པ། ཆུང་ངུ་དང་པར་མ
་དང་། ཆེན་པོའི་ཚུལ་བརྟགས་ཤིང་རིམ་པ་འདིས། ཚོང་ངུ་ལྀ་སོགས་པའི་ཉེས་པའི་དབྱེ་བས་སོ་སོ་སོར་བརྟགས་ཤིང་དཔྱོད་ནས་རབ་ཏུ་སྦྱང་བར་བྱའོ།། དེ་ལ་ཆུང་ལ་སྨྱུང་བ་ཕན།། འབྲིང་ལ་སྨྱུང་དང་བཞུ་བྱ་བ།། ཆེན་པོ་ལ་ནི་སྦྱང་བ་སྟེ།།
་རྔ་ཡིས་དྲི་མ་རྩད་ནས་འབྱིན་ཞེས་བྱ་བ་ལ། དེ་ལ་ཞེས་པ་ཉེས་པ་རྣམ་པ་གསུམ་པོ་ལ། ཆུང་ངུ་ལ་ནི་སྦྱང་བར་གནས་པར་ཉམས་དམང་བ་ཕན་ཞིང་རྗེས་སུ་མཐུན་པ་ཡིན་ཏེ། དེས་ཀྱང་མེ་དང་རླུང་འཕེལ་བར་བྱས་པས་དཔེར་ན་རླུང་དང་ཐན་པས་ཆུའི
་ཚོགས་ཉུང་ཞིག་གི་གནོས་སྐེམས་པར་བྱེད་པ་བཞིན་དུ། འདི་ལ་ཕན་པར་འགྱུར་བ་ཡིན་ནོ།། བྲིང་ལ་ཞེས་པ་ཉེས་པའི་སྟོབས་འབྲིང་ཙམ་དུ་གྱུར་པ་ལ་ནི་སྨྱུང་བ་ཞེས་བྱ་བ་ཟས་བཅད་པ་དང་། དེ་བཞིན་དུ་བཞུ་བ་ཞེས་བྱ་བ་ཤུ་དག་དང་། བུ
་རྩེ་ཤེལ་ལ་སོགས་པ་ཕན་པ་ཡིན་ཏེ། དེ་གཉིས་ནི་ཉེས་པ་འབྲིང་པོ་འཇོམས་ཏེ། དཔེར་ན་ཆུའི་ཚོགས་ཧ་ཅང་མི་ཆེ་བ་ལ་ཐལ་བ་དང་། སཱ་རྡུལ་དག་དང་འདྲེས་པའི་རླུང་དང་ཐན་པས་ཆུའི་ཚོགས་ཧ་ཅང་མི་ཆེ་བ་སྒོམ་པར་བྱེད་པ་དང་འདྲའོ།།
་ཚེལ་ཕྱེ་བ་ཉེས་པ་མང་པོ་སྟོབས་དང་ལྡན་པ་དག་ལ་ནི་སྦྱང་བ་སྟེ། ཁྲུས་དང་སྨོན་ལ་སོགས་པའི་ཚུལ་གྱིས་ཉམས་དམད་པར་བྱ་བ་ཕན་པ་ཡིན་ཏེ། གང་གི་ཕྱིར་སྐྱུགས་སྨན་ལ་སོགས་པས་སྦྱངས་པས་དེ་ཡིས་ནི་དྲི་མ་ཞེས་པ། རླུང་དང
་མཁྲིས་པ་དང་། བད་ཀོན་དང་བཤང་བ་དང་གཅི་བོ་ལ་སོགས་པ་རྩ་བ་ནས་འབྱིན་ཅིང་གཅོད་པར་འགྱུར་ཏེ། དཔེར་ན་འདམ་བུའི་ཞིང་ཆུ་མེད་པ་དག་ཏུ་ནི་འགྲོ་ས་ལ་སོགས་པ་སྐྱེ་བར་མི་འགྱུར་བ་དང་འདྲའོ།། དེ་བས་ན་ཉམས་མ་ཐོས
་པའི་མ་ཞུ་བ་ལས་བྱུང་བ་ལ་ནི་ཉམས་དམང་པ་མ་བྱས་པར་ཞི་བར་འགྱུར་བ་མ་ཡིན་ལ། ཉམས་དམད་པར་གྱུར་པ་ལས་བྱུང་བ་ལ་ཡང་ཉམས་བརྟ་བ་མ་བྱས་པར་ཞི་བར་འགྱུར་བ་མོ་ཡིན་ནོ།། དེ་བཞིན་ནང་གཞན་དག་ལ་ཡང་།། རང་ནང
་གནལས་ག་བཀླག་པས།། གས་ནས་བྱ་བ་ལ། དེབནན་དུ་ནུང་དྲལ་སོགས་པའི་རིམ་པ་འངས། མ་པ་ལ་སོགས་པའི་ནང་གཞན་དགུལ་ཡང་རང་གིནང་གན་ལས་ཀ་བཟློག་པས་ནས་པ། རང་གནང
་ཀྱི་རྒྱུ་དང་མི་མཐུན་པའི་སྨན་གྱིས་གསོ་བར་བྱ་ཞིང་བཟློག་པར་བྱའོ།། དེ་ཡོང་རང་གི་ནང་གན་ཡིན་པས་ན། རང་གི་ནང་གནི་སྟེ། རང་གི་རྒྱུ་གང་ཡིན་པའོ།། དེ་ལས་གོ་བཟློག་པ་ནི་དེ་དང་མི་མཐུན་པ། དཔེར་ན་ཚིམ་ནིང་བརྣས་པར་བྱ
་པ་ལས་བྱུང་བའི་ནང་ལ་ཉི་མས་དམང་བ་ལས་བྱུང་བའི་ནང་ང་ལོས་བཟློག་པ་ནི་བརྟ་བར་བྱ་བ་ཡིན་པ་དང་། དེ་བཞིན་དུ་ལྕི་བ་དང་། སྣུམ་པ་དང་། གྲང་བ་ལ་སོགས་པ་ལས་བྱུང་བའི་ནང་ལ་དེ་དང་མི་མཐུན་པ་ཡང་བ་དང་། རྔུབ་པ་དང་།
་དྲོ་བར་བྱ་བ་དང་། ཡང་བ་དང་། རྩུབ་པ་དང་། དྲོ་བ་ལས་བྱུང་བའི་ནང་ལ་དེ་དང་མི་མཐུན་པོ་ལ་ལྕི་བ་དང་། སྣུམ་པ་དང་། བསིལ་བ་ར་བྱ་བ་ལ་སོགས་པ་ལྟ་བུའོ།། དེ་དང་རྗེས་འབྲེལ་ཡོད་རྒྱུ་ལས།། གོ་བཟློག་རྣམ་པར་སྤངས་བྱས་ལ།། སླ།
་པ་ཅི་ལྟོ་ཅི་ལྟ་བུར།། ནང་ལ་གོ་བ་ཟློག་སྦྱར་བ་འམ།། ཞེས་བྱ་བ་ལ། ནད་ཀྱི་རྒྱུ་ལས་གོ་བཟློག་པའི་སྨན་བྱིས་སུ་ཟིན་ཀྱང་། ཉེས་པ་སྟོབས་དང་ལྡན་པས། ནང་དེ་དང་རྗེས་སུ་འབྲེལ་བ་ཡོད་ཅིང་། ཤིན་ཏུ་ཞེན་པར་གྱུར་པ་ལོ་རྒྱུ་ལས
་བཟློག་པ་སྟེ། ནང་གཞི་དང་། རྗེས་སུ་མི་མཐུན་པའི་སྨན་སྦྱངས་ཤིང་དོར།། སྨན་པས་ཙེ་ལྔ་ཅི་ལྟར་རིགས་ཤིང་ཅི་ལྟར་འོས་པའི་སྨན་ནང་ལས་གོ་བཟློག་པའི་སྨན་དེ་སྦྱར་བར་བྱ་ཞིང་སྦྱིན་པར་བྱ་སྟེ། དཔེར་ན་རིམས་ལ་གླ་སྒང་དང
་དང་། པདྨ་ཏ་དང་། ནས་ཐུག་སླ་བ་སྦྱིན་པ་དང་། གཅིན་ནད་ལ་སེར་པོ་རྣམ་གཉིས་དང་། ནས་ཟན་ལ་སོགས་པ་སྦྱིན་པ་དང་། མཁྲིས་པ་གྱེན་དུ་འབྱུང་བ་ལ་ཁྲུས་སྨན་གྱིས་འོག་ནས་གདོན་པར་བྱ་དེ་བཞིན་དུ་ནང་ལས་གོ་བཟློག་པའི་གསོ་དཔྱད
་ཀྱིས་བཅོས་པའི་ཐབས་ཀྱི་གཙོ་བོ་རྣམ་པ་གཉིས་དང་། ལས་རྣམས་ལྔ་དུ་བ་སྣ་ནས་བཏང་བ་དང་། མིག་སྨོན་ལ་སོགས་པ་དང་བཅས་པ་ལ་སོགས་པ་བྱ་བ་སྟེ། དཔེར་ན་གླ་རྒང་དང་པརྦ་ཏི་མཁྲིས་པ་སེལ་བར་བྱེད་པ་ཡིན་དུ་ཟིན་ཀྱང་།
་རིམས་འཇོམས་པར་བྱེད་པ་དེ་ལྟར་མཁྲིས་པ་ལས་བྱུང་བའི་ནད་གཞན་ལ་ནི་མ་ཡིན་ནོ།། དཔེར་ན་སྐྱེར་བ་ནི་ཚི་ལྷ་དང་། བད་ཀན་སིལ་བར་བྱེད་པ་ཡིན་དུ་ཟིན་ཀྱང་། གཙོ་ཆེར་གཅིན་ནང་འཇོམས་པར་བྱེད་པ་དེ་ལྟར་ཚོལ་དང་བད་ཀན་ལས
་བྱུང་བའི་ནད་གཞན་དོག་ལ་ནི། དེ་ལྟར་མ་ཡིན་ནོ།། འདི་དག་ཀྱང་འོག་ནས་སློབ་དཔོན་གྱིས་རྒྱ་ཆེ་རོ་བསྟན་པ་ཡིན་ནོ།། དེའི་དོན་བྱེད་པའི་སྦྱོར་བ་བྱ་བ་ནི་རྒྱུ་དང་ནད་ཀྱིས་གོ་བཟློག་པ་དེའི་དོན་བྱེད་པ་སྟེ། འདི་ནི་རྒྱུ་དང་ནད་ཀྱིས་གོ་བཟློག
་པའི་དོན་བྱེད་པའི་ཚུལ་ཅན་ཡོད་པས་ན་དོན་བྱེད་པ་སྟེ། དེའི་དོན་ནི་ནད་གཞི་ལས་གོ་བཟློག་པ་དང་། ནང་ལ་གོ་བཟློག་པ་དག་ལོ། གོ་མ་བཟློག་པར་གྱུར་པའི་ལས་དེའི་དོན་བྱེད་པ་སྦྱོར་བར་བྱ་སྟེ། དཔེར་ན་སྐྱེ་ག་བྲོ་བ་ལ་སློན་སྨན་བཏང
་བ་འམ། ཚོང་པར་འཁྲུ་བ་ལ་ཁྲུས་བྱ་བ་འམ། ཆང་ནང་ལ་ཆང་སྦྱིན་པ་འམ། མེས་ཚིག་པ་ལ་མྨེ་བསྲོ་བ་འམ། ཞི་བ་དང་། རྒྱས་པའི་ལས་བྱ་བ་སྟེ། འདི་དག་ནི་བསྡུས་པ་ལས་རྒྱས་པར་བཤང་།། དོན་གཉིས་ཀས་བྱེད་པ་ལྷ་རྣམས་ལ
་ཡང་བརྟན་ཅིང་། སྨན་གྱི་སྦྱོར་བ་ཡང་བྱེད་པ་དང་། སྐྱུག་བྲོ་བ་ལ་སྐྱོན་སྨན་དང་། ཆང་པས་འཁྲུ་བ་ལ་དྲི་མ་སྦྱང་བ་དང་། ཆང་གི་ནད་ལ་ཆང་བླུད་པ་དང་། མེས་ཚིག་པ་ལ་མེས་བསྲོ་བ་དང་། མཁྲིས་པ་ནང་དུ
་ཞེན་པའམ། ལམ་ལོག་པར་སོང་བ་དུགས་བྱ་བ་དང་། ཁ་བོ་དང་སྦྱར་བ་དང་བསྐྱ་བའི་རོལ་བརྟེན་ཅིང་དྲོ་བ་དང་། གྲང་བའི་སྤྱོད་ལམ་གྱིས་གནས་པས་ཕྱི་རོལ་ཏུ་གད་ན་ཅིང་། རང་གི་ལམ་ནས་རྒྱུ་བར་བྱ་བ་དང་། བད་ཀན་ནང་དུ་ཞེན་ཅིང་རེངས
་པར་གྱུར་པ་ལ། ཕྱི་རོལ་ནས་བསིལ་བའི་ཉེ་བོར་སྤྱོད་པ་ལ་གནས་པ་ས། དེའི་གནོད་པ་ནང་དུ་ཞུགས་ནས། བད་ཀན་བཞུ་བ་རོ་བྱ་བ་སྟེ། དེ་ལྟ་བུའི་གོ་བཟློག་པའི་དོན་བྱེད་དོ།། ཉེས་མིན་མེ་དྲོད་སྐྱེས་གྱུར་ན། ཉམས་བརྟ་སྣུམ་གྱིས་བྱུགས་པ
་དང་། བཏུང་དང་འཇམ་རྩི་སོགས་རིགས་སྦྱར་ཞེ་ས་བྱ་བ་ལ། ཉེས་པ་རྣམས་སྨིན་ཅིང་ཞུ་བར་གྱུར་པ་ནི། མ་ཞུ་བའི་བེའུ་སྣབས་དང་། གསུང་བ་ལ་སོགས་པས་ཉེན་པོ་དེ་མ་ཞུ་བའི་ཉེས་པ་དང་བྲལ་བར་གྱུར་ཅིང་། ཉེས་པ་སྨིན་ནས་སློང་བ་ལ
་སོགས་པ་བྱ་བས། ཕོ་བའི་མེ་དྲོད་ཀྱང་སྐྱེས་ཤིང་འཕེལ་བར་གྱུར་ནས། ཉམས་བརྟ་བ་བྱཾ་བའི་ཕྱིར། ཏིལ་མར་ལ་སོགས་པའི་སྣུམ་གྱིས་བྱུག་པ་དང་། སྨན་མར་བཏུང་བ་དང་། འཇམ་རྩིམས་བཏང་བ་དག་རིགས་པར་ཞེས་བྱ་བ་ཡུལ
་དང་དུས་ལྀ་སོགས་པའི་ཆ་ལས་བཏགས་ཏེ། ཆོ་ག་བཞིན་དུ་སྦྱར་བར་བྱ་བ་ནི་ཕན་པོ་ཡིན་ནོ།། སོགས་པའི་སྒྲས་ནི་བཅུད་ཀྱིས་ལེན་པ་དང་། རོ་ཙ་བིའི་ཆོ་ག་དག་བསྡུའོ།། འཇམ་རྩིམས་བཏང་བའི་དབྱེ་བ་ཡང་དང་པོར་སྦྱར་བ་ལ
་སོགས་པ་བྱ་བའི་སྒོ་ནས། རྣམ་པ་གསུམ་ཡོད་དེ། དེ་དག་ཀྱང་ནད་དང་། སྨན་ལ་སོགས་པའི་གནས་སྐབས་ཀྱི་ཚུལ་ལས་བརྟགས་ནས། སྨན་པས་འདི་དག་རིགས་པར་བྱའོ།། བད་ཀན་མ་ཞུའི་བེའུ་སྣབས་ཏེ། དེ་ནི་མིག་དང་མཁུར་བ་སྐྲངས།།
་སྒེག་པ་ཟོས་མ་ཐག་འདྲ་འབྱུང་།། མཆིལ་མ་མང་ཞིང་ཉེས་གཡོ་ལྕི།། ཞེས་བྱ་བ་ལ། བད་ཀན་འཕེལ་བ་ལས། མ་ཞུ་བར་གྱུར་པ་དེ་གང་ཡིན་པ་དེ་ནི་བེའུ་སྣབས་ཞེས་བྱ་སྟྭ~ཾ། དེ་ལ་བད་ཀན་གྱི་མ་ཞུ་བའི་མཚན་ཉིད་ནི་འདི་ཡིན་ཏེ། མིག་དང་མཁུར
་བསྐྲངས་པ་སྟེ། མཁུར་བ་དང་མིག་ཁོང་བུར་གཏོགས་པ་སྐྲངས་པར་འགྱུར་རོ།། དེ་བཞིན་དུ་སྒེག་པ་ཟོས་མ་ཐག་པའི་འདྲ་བ་འབྱུང་སྟེ། མཱ་སྨིན་པ་འབྱུང་བར་འགྱུར་བ་དང་། མཆིལ་མ་ཤིན་ཏུ་མང་ཞིང་བད་ཀན་འབྱུང་བ་དང་། ཉེས་པ་རྣམས
་རང་གི་གནས་ནས་གཡོ་བ་འམ། བད་ཀན་གྱེན་དུ་འབྱུང་བར་འགྱུར་བ་དང་། ལྕི་བར་འགྱུར་རོ།། རླུང་ལས་རེངས་བག་གཟེར་བ་དང་། བཤང་གཅི་འགགས་ཤིང་སྒྲོས་དྲོད་ཉམས།། ཞེས་བྱ་བ་ལ། རླུང་ལས་གྱུར་པའི་མ་ཞུ་བའི་གང་ཡིན་པ་དེ
་ནི། མིང་རེངས་བག་ཅེས་བྱ་སྟེ། དེ་ནི་གཟེར་ཞིང་འཇུག་པ་དང་། བཤད་པ་དང་། གཅི་བ་འགགས་ཤིང་ཐོགས་པ་དང་། སྤོས་ཤིང་གསུས་པ་རྒྱས་པ་དང་། མེའི་དྲོད་ཉམས་པའམ་ཡོན་ལག་སྙོམས་པར་བྱེད་པར་འགྱུར་རོ།། མཁྲིས་པས
་ཁོང་ཚ་སྐོམ་མགོ་འཁོར།། རྨོངས་བག་སྒྲེགས་སྦྱར་ཞིང་ཚ་ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་མ་ཞུ་བའི་གང་ཡིན་པ་དེ་ནི་ཁོང་ཚ་བ་ཞེས་བྱ་སྟེ། དེ་ནི་སྐོམ་དང་ཚེ་བ་དང་མགོ་འཁོར་བ་དང་། རྨོངས་པག་ཙོན་སྒེག་པར་སྦྱར་བ་དང་། ལུས
་ཚ་བ་དང་ལྡན་པར་འགྱུར་རོ།། མ་ཐུའི་བེའུ་སྣརུབས་སྦྱང་བ་བྱ།། རེངས་བག་ལ་ནི་དུགས་རབ་བྱ།། ཚ་བའི་མཐུ་སྐྱུགས་སྨན་དག། བཏང་བ་འམ་གནས་སྐབས་གང་ཕན་བྱ་ཞེས་བྱ་བ་ལ། བད་ཀན་ལས་བྱུང་བ
་མ་ཞུ་བ་བེའུ་སྣརུབས་ལ་ནི་སྦྱང་བ་སྟེ། ཟན་བཅད་པར་བྱའོ།། རེངས་བགེ་སྟེ་རླུང་ལིསགྱུར་པའི་མ་ཞུ་བ་ནི་དུགས་རབ་ཏུ་བྱ་བ་སྟྭཾ། ཤས་ཚོ་རོ་དུག་སུཾ་བྱའོ།། ཚ་བ་སྟེ་མཁྲིས་པ་ལས་གྱུར་པའི་མ་ཞུ་བ་ལ་ནི་སྐྱུག་སྨན་བཏང་བར་བྱའོ།། ཡང་ན
་གནས་སྐབས་ཇི་ལྟ་བ་བཞིན་དུ་གསུམ་པོ་དག་ཅི་རིགས་པར་བྱའོ།། མ་ཞུའི་བེའུ་སྣབས་ལྕི་བ་ནི།། རྩ་སྦུབས་ཐིམ་ལས་ཡུན་རིང་ཅན།། བད་ཀན་རླུང་ནི་འདྲས་མཚན་མ།། དེ་དང་མཉམ་པར་བསྒྲུབ་པར་བྱ་ཞེས་བྱི་བ་ལི། མ་ཞུ་བའི་བེའུ་སྣབས་ལྕི
་བར་གྱུར་པ་རྩ་སྦུབས་སུ་ཐིམ་ཞིང་ཞེན་པར་གྱུར་པ་ལས་ཡུན་རིང་ཅན་ཞེས་བྱ་བའི་མ་ཞུ་བའི་ཁྱད་པར་འབྱུང་བར་འགྱུར་རོ།། བད་ཀན་དང་རླུང་འདྲེས་ཤིང་རྗེས་སུ་འབྲེལ་བར་གྱུར་པ་ལས་བྱུང་བའི་མ་ཞུ་བའི་བེའུ་སྣབས་ཅན་གྱི་མཚན་མ
་མིག་སྐྲངས་པ་ལ་སོགས་པ་དང་ལྡན་པ་གང་ཡིན་པ་དེ་ལ་ནི། མ་ཞུ་བ་དེ་དང་མཉམ་ཞིང་མཚུངས་པར་བསྒྲུབ་ཅིང་གསོ་བར་བྱ་བ་སྟེ། དེ་ལྟར་ན་དེ་ནི་སྨྱུང་བས་བསྒྲུབ་པར་བྱ་བ་ཡིན་ནོ།། དངས་མ་ལུས་ལས་ཟས་དང་ཆུང་།། སྙིང་ན་སྒྲོག་པ་མནམ
་པར་འགྱུར་ཞེས་བྱ་བ་ལ། ཟས་ཀྱི་དེངས་མའི་ལྷག་མ་ལུས་ཡོངས་སུ་མ་ཞུ་བར་གྱུར་པ་ལས་ནི་ཟས་དང་ཆུང་བ་སྟེ། ཟས་ལོ་མི་དགའ་བ་དང་། སྙིང་ན་ནི་ངོ་སྒེག་པོ་མནམ་པར་འགྱུར་རོ།། འདི་ལ་ཅུང་ཟད་གཉིད་ལོག་བྱ་ཞེས་བྱ་བ་ལ། དངས
་མའི་ལྷག་མ་ཞུ་བ་འདི་ལ་ནི་ཅུང་ཟད་ཅེས་པ། དུས་ཅུང་ཟད་གཅིག་གཉིད་ལོག་པར་བྱའོ།། མ་ཞུ་ཀུན་གྱིས་ཉིན་པར་ནི།། ཟས་མ་ཟོས་པར་གཉིད་ལོག་ལ།། བཀྲེས་གྱུར་ཡང་ལས་རན་པར་བཟའ་ཞེས་བྱ་ལ། མ་ཞུ་བར་གྱུར་པའི་སྐྱེས་བུ་ཀུན་གྱིས
་ནི། བོ་སྣབས་ལ་སོགས་པའི་དབྱེ་བས་རྣམ་པ་བཞི་དང་ལྡན་པར་འགྱུར་བ་ཀུན་གྱིས་ཀྱང་། ཟས་མི་ཟོས་པར་ཉིན་པར་གཉིད་ལོག་པར་བྱ་ལ། དེ་ནས་དེ་བཀྲེས་པར་གྱུར་ཅིང་ཟས་ལ་འདོད་པ་སྐྱེས་པར་གྱུར་ནས། འབྲས་ལ་སོགས་པ་ལས་བྱས་པའི
་ཟས་ཡང་བ་ལས་རན་པར་ཞེས་བྱ་བ་ཚོད་ཟིན་པ་ཉུང་ཟད་བཟའ་བར་བྱའོ།། མ་ཞུ་སྤྱི་ཡི་མཚན་མ་ནི།། རྣམ་པར་འགགས་སམ་ཤས་ཚེར་འབྱུང་།། ན་ཞིང་རླུང་ནི་མིག་གསལ་རྒྱུ།། མཁྲེགས་ཤིང་ལུས་ལྕེ་མགོ་བོ་འཁོར་ཞེས་བྱ་བ་ལ། མ་ཞུ་བོའི་སྤྱིའི
་མཚན་མ་འམ། རྟགས་སུ་གྱུར་པོ་ནི། བཤད་པ་དང་གཅི་བ་དང་། བྱིན་ལ་སོགངས་པ་སྲ་ཞིང་རྣམ་པར་འགགས་པར་འགྱུར་བ་འམ། ཡང་ན་བཤང་གོ་ཙི་ལ་སོགས་པ་ཤས་ཆེར་འབྱུང་བར་འགྱུར་བ་དང་། མ་ནིང་རྒྱུ་བར་འགྱུར་བ་དང་། རླུང་མི་གསོལ
་བར་རྒྱུ་ཞིང་ཤེས་པར་དཀའ་བོ་འབྱུང་བར་འགྱུར་བ་དང་། བཤང་བ་མཁྲེགས་པ་དང་། ལུས་ལྕི་བ་དང་། མགོ་བོ་བསྐོར་བ་ལྟ་བུར་འཁོར་བར་འགྱུར་བ་སྟེ། འདི་དག་ནི་མྲ་ཞུ་བ་བཞི་ཆར་གྱི་ཐུན་མོང་གི་མཚན་ཉིད་ཡིན་ནོ།། ཟས་ཚོད་ལྷག་པར་གྱུར
་གཅིག་ཏུ་མེ་འུར་མི་ཐོད་ཀྱི།། མི་འདོད་འགག་བྱེད་ཚིག་མཆོས།། ལྷོ་དང་རྩུ་བཻ་དང་མི་གཙང་གྲང་།། ཁོང་ཆེ་སྐོམ་དང་ཆུ་མང་དང་།། བསྲེས་པའི་ཟས་ནི་འཛུ་མི་འགྱུར།། མྱ་ངན་ཁྲོ་དང་བཀྲེས་པ་ཡིས།། ཉེ་བར་གདུངས་ཤིང་ཟས་མི
་འཇུ་ཞེས་བྱ་བ་ལ། ཟས་ཀྱི་ཚོང་ལྷག་པར་གྱུར་པར་ཟོས་པ་གཅིག་པུས་མ་ཞུ་བར་གྱུར་པར་མ་ཟད་ཀྱི། མི་འདོད་བཞིན་དུ་ཟོས་པ་དང་། འགགས་པར་བྱེད་པ་སྟེ། རྩ་སྒོའི་སྦུབས་ཀྱི་བགེགས་བྱེད་པ་དང་། ཚིག་པ
་སྟེ་བཅོས་པ་ཐལ་དྲགས་པ་དང་མ་ཚོས་པ་སྟེ། ལེགས་པར་ཚོས་ཤིང་སྨིན་པར་མ་གྱུར་པ་དང་། ལྕི་བ་སྟེ་འཇུ་དཀའ་བ་དང་། རྩུབ་པ་སྟེ་སྣུམ་མེད་པ་དང་། མི་གཙང་བ་སྟེ་མ་དག་པ་དང་། གྲང་བ་སྟེ་ཁོངས་པ་དང་། ཁོང་ཚོ་བ་སྟེ་ལུས་ཀྱི་ཁོང
་ཚ་བར་བྱེད་པ་དང་། བསྐམས་པ་སྟེ་ཕ་ལ་ཆེར་སྲ་བ་དང་། ཆུ་མང་བ་སྟེ། ཆུ་མང་པོ་དང་བསྲེས་པའི་ཟས་འདི་དག་ནི། འཇུ་བར་མི་འགྱུར་ཞིང་ཡོངས་སུ་དེངས་པར་མི་འགྱུར་གྱི། མ་ཞུ་བའ་བེའུ་སྣབས་ཀྱི་ཉེས་པ་འབའ་ཞིག་སྐྱེད་པར་འགྱུར
་རོ།། གཞན་ཡང་གང་མྱ་ངན་ལ་སོགས་པས་གཟིར་བར་ཟོས་པ་དེ་ཡང་མི་མཐུན་པ་ཡིན་ཏེ། མྱ་ངན་ནི་མྱ་ངན་གྱིས་གདུངས་པའོ།། ཁྲོ་བ་ནི་སེམས་འཁྲུག་པའོ།། བཀྲེས་པ་ནི་བྲུ་བ་ཚ་བས་གདུངས་པ་སྟེ། དེ་ལྟ་བུ་ཟོས་པ་དེ་ཡང་འཇུ
་བར་མི་འགྱུར་གྱི། མ་ཞུ་བའི་ཁེའུ་སྣབས་ཀྱི་ཉེས་པར་འགྱུར་རོ།། ཕན་དང་མི་ཕན་བསྲེས་པ་དག། ཟོས་པོ་མཉམ་ཟ་ཡིན་པར་འདོད་ཅེས་བྱ་བ་ལ། ཕན་པ་དང་མི་ཕན་པ་དང་། འཕྲོད་པ་དང་མི་འཕྲོད་པ་གཅིག་ཏུ་བསྲེས་ནས་ཟོས་པ་ནི།
་མཉམ་པའི་ཟས་ཟ་བ་ཡིན་པར་སློབ་དཔོན་རྣམས་འདོད་དོ།། འགྲངས་རྗེས་སླར་ཡང་དྲ་གྱུར་པ།། ལྷག་པར་ཟ་བ་ཡིན་ཞེས་བྱ་ཞེས་བྱ་བ་ལྀ། ཁ་ཟས་འགྲངས་པར་ཟོས་ཤིང་ལོངས་སྤྱད་ནས། དེའི་སྟེང་དུ་སླར་ཡང་ཟ་བ་ཟ་བར་གྱུར་པ
་གང་ཡིན་པ་དེ་ནི་ལྷག་པར་ཞེས་བྱ་བར་ཤེས་པར་བྱའོ།། དུས་མིན་ཆེ་བ་འམ་ཆུང་ཟོས་པ།། མི་མཉམ་པར་ནི་ཟ་བ་ཡིན།། ཞེས་བྱ་བ་ལ། དུས་མ་ཡིན་པ་ནི་ཟས་ཀྱི་དུས་ལ་མ་བབ་པ་འམ། དུས་ལས་ཡོལ་བར་ཟ་བའོ།། ཆེ་བ་ནི་གང་ལྷག་པར་ཟོས
་པའོ།། ཆུང་བ་ནི་ཚད་ལས་ཆུང་ཞིང་དམན་པར་ཟོས་པ་སྟེ། དེ་དག་ནི་མཉམ་པར་ཟ་བ་ཡིན་པར་ཤེས་པར་བྱའོ།། གསུམ་པོ་འདིས་ཀྱང་གསོད་བ་འམ། མི་བཟད་ནད་ཀྱིས་འདེབས་པར་འགྱུར་ཞེས་བྱ་བ་ལ། མཉམ་པར་ཟ་བ་དང་མི
་མཉམ་པར་ཟ་བ་སྟེ། གསུ་མ་པོ་འདི་དག་གིས་ཀྱང་གསོད་ཅིང་འཆིང་བར་བྱེད་པའམ་མི་བཟད་ཅིང་སྐྱེད་པར་བྱེད་དོ།། དུས་སུ་གོམས་ཤིང་གཙང་ལ་ཕན།། སྣུམ་དྲོ་ཡང་དང་མ་ཡེངས་དང་།། རོ་དྲུག་ལྡན་ཞིང་མངར་བག་ཆེ།། ཤིན་ཏུ་མྱུར
་མིན་དལ་བར་མིན།། ཁྲུས་བྱས་པ་ཀྲེས་ཤིང་དབེན་པར་གནས།། ཁ་གདོང་ལོག་པ་རྐང་པ་བཀྲུས།། ལྷ་དང་ཡི་དོགས་རྗེད་ཅིང་སྦྱིན།། བླ་མ་བྱིས་པ་མགྲོན་མཆོང་བྱས།། དུད་འགྲོ་རྣམས་ཀྱང་རབ་བརྟགས་ཏེ།། བདག་ཉིད་ལེགས་པར
་བརྟགས་ནས་ནི།། མ་དམེད་སྒྲ་འམ་ཡིད་འོད་སྨྲ།། སྐྱེ་བོ་གཙང་ཞིང་གུས་པས་བསྟབས།། ཡིད་འོང་གཉེན་དང་ལྷན་ཅིག་བཟའ་ཞེ་ས་བྱ་བ་ལ། ཟས་ནི་དུས་སུ་བཟའ་ཞིང་ལོངས་སྤྱད་པར་བྱའོ།། ཞེས་བྱ་བར་སྦྱར་ལ། དེ་ཡང་དུས་ནི་བཤད་དང
་གཅི་བསལ་ཞེས་བྱ་བ་ལ་སོགས་པའི་གཞུང་གི་སོ་འོག་ནས་བཤད་པ་ཡིན་ནོ།། དུས་ཡོལ་ནས་ཟོས་པ་དེ་ནི་རླུང་གིས་བཀག་པས་ཤིན་ཏུ་དཀའ་བས་འཇུ་བར་འགྱུར་བ་དང་། ཟས་ལེན་ཅིང་ཡི་གར་འོང་བ་འགགས་པར་འགྱུར
་རོ།། གོམས་པ་ནས་བྱ་བ་འཛིན། བདག་ཉིད་ཀྱིས་གམས་ཤིང་བསྟན་པར་གྱུར་ན་འཕྲོད་པར་གྱུར་པ་ཡིན་གྱི། དེ་ལས་ག་བཅུག་པ་མི་འདོད་ཅིང་གནོད་པ་ནི་མ་ཡིན་ནོ།། གཙང་བ་ནི་གང་ལས་འོངས
་ཤིང་ཅི་ལྟར་གཡོས་པ་ཤེས་པར་བྱའོ།། བནུ་བ་ནི་ཟས་ཀྱི་རིགས་གང་གིས་ཁམས་སྙོམས་པ་མཉམ་པ་ཉིད་དུ་འཇོག་པར་བྱེད་ཅིང་། མ་སྙོམས་པ་རྣམས་སྙོམས་པར་བྱེད་པའོ།། དེ་ལས་བཟློག་པ་ནི་མི་ཕན་པའོ།། ཟས་སྣུམ་པ་དང་།
་དྲོ་བ་དང་། ཡང་བས་ནི་མེའི་དྲོད་སྐྱེད་པར་བྱེད་དེ། ཅུང་ཟད་དྲོ་བས་ནི་ལུས་སྦྱོང་ཞིང་ལུས་ཟུངས་འཁྲུག་པར་མི་བྱེད་པ་དང་། མྱུར་དུ་འཇུ་བར་བྱེད་པ་དང་། ལམ་མ་ཡིན་པར་ཞུགས་པ་རྣམས་བཟློག་ཅིང་ལུགས་སུ་འཇོག་པར་བྱེད་དོ།།
་སྣུམ་པ་ནི་དབང་པོ་རྣམས་བརྟན་པ་རུ་བྱེད་པོ་དང་། ལུས་བརྟས་ཤིང་འཕེལ་བ་དང་། རྒས་སྲ་བ་དང་། སྟོབས་བསྐྱེད་པ་དང་། ཁ་དོག་དང་བར་བྱེད་པ་ཡིན་ནོ།། ཡང་བ་ནི་ཟས་ཀྱི་རང་བཞིན་གྱིས་གནོད་པ་མེད་པར་འཇུ་བར་འགྱུར་ལ
་མ་ཞུ་ན་ཡང་གནོད་པ་ཆེན་པོ་མེད་པ་ཡིན་ནོ།། ཡང་དྲོ་བས་ནི་ཡི་ག་འབྱེད་པར་བྱེད་པ་དང་། བད་ཀན་འཇིག་པར་བྱེད་པ་ཡིན་ནོ།། མ་ཡེངས་པོ་ནི་ཡིད་ལ་གཏོད་པ་སྟེ། ཡིད་གཞན་དུ་ཡེངས་པའམ། ཤིན་ཏུ་མྱུར་བར་ཟ་བ་འམ།
་སྨྲ་བཞིན་ནམ། རྒོད་བཞིན་དུ་ཟ་ན། སྣམ་མདངས་མི་བསྐྱེད་པ་དང་། རྨྱ་བ་དང་། གནས་སུ་མ་ཆད་པ་དང་། ཡོན་ཏན་དང་། སྐྱོན་མི་རྟོགས་པར་འགྱུར་རོ།། རོ་དྲུག་ལྡན་ཞིང་ཆེ་བྱ་བ་ནི་མངར་བ་དང་སྐྱུར་བ་དང་། ལན་ཚྭ་དང་། ཁ་བ
་དང་ཚ་བ་དང་། བསྐ་བའི་རོ་དང་ལྡན་པའོ།། མྱངར་བག་ཆེ་ཞེས་བྱ་བ་ནཾ། ཕལ་ཚུར་མངར་བའི་ཤས་མང་བའོ།། ཤིན་ཏུ་ལ་ཆེས་པུར་བཟའ་བ་ནི་ངོམས་ཤིང་ཆོག་པར་དཀའ་བ་དང་། མང་དུ་ཟ་བར་འགྱུར་བ་དང་། ཟས་ཀྱི་བག་གྲངས
་པར་འགྱུར་བ་དང་། འཇུ་དཀའ་བར་འགྱུར་རོ།། ཁྲུས་བྱས་པ་ནི་གཙང་སྦྲའི་ཆོ་ག་བྱས་པའོ།། བཀྲེས་པ་ནི་བྲུ་བ་ཚ་བ་དང་ལྡན་པའོ།། དབེན་པར་གནས་པ་ནི་སྐྱེ་བོ་མང་པོས་མ་བསྐོར་བའོ།། ཁ་གདོང་ལག་པ་རྐང་པ་བཀྲུས་ཞེས་བྱ་བ་ནི།
་ཁྭཁ་གདོང་ལག་པ་རྐང་པ་གང་གིས་བཀྲུས་ཤིང་དགེ་བོར་བྱས་པའོ།། དེ་བཞིན་དུ་ལྷ་རྣམས་མཆོད་ཅིང་རྗེད་པ་དང་། ཡི་དྭགས་ལ་སྦྱིན་པར་བྱ་བ་དང་། བླ་མ་དང་བྱིས་པ་དང་། མགྲོན་དུ་བོས་པའམ། གློ་བུར་དུ་འོངས་པ་ལ་མཆོད་ཅིང
་སྦྱིན་པར་བྱ་བ་དང་། ཁྱི་ལ་སོགས་པ་ལ་ཡང་སྦྱིན་ཞིང་། ཕྱུགས་ལ་སོགས་པའི་དུད་འགྲོ་རྣམས་ཀྱང་རབ་ཏུ་བརྟགས་ཤིང་། རྩོ་ལ་སོགས་པ་སྦྱིན་ལ་བདག་ཉིད་ལེགས་པར་བརྟགས་ནས་ནི་ཞེས་བྱ་བ་ལ། ངའི་འདི་ནི་གོམས་ཤིང
་བསྟན་པ་ཡིན་ནོ་ཞེས་པ་དང་། རྟག་ཏུ་བག། ཡོད་པས་གནས་པ་དང་། མི་དམད་པོ་སྟེ་ཟས་ལ་དཔྱས་མི་བརྗོད་པ་དང་། མཱི་ད་བ་འམ། ཡིད་དུ་འོང་ཞིང་རྗེས་སུ་མཐུན་པ་ཅུང་ཟད་ཅིག་སྨྲ་བ་དང་། སྐྱེ་བོ་གཙང་ཞིང་གུས་པས་བསྟབས
་ཤིང་བྱིན་པ་མ། གཡོས་སུ་བྱས་པ་དེ་ཡོད་དུང་ཞིང་སྟོང་དུ་མུག་པའི་གརྟེནི་དང་སྦྱིན་ཅིག་པོ་ཟ་བར་བྱེའོ།། བསན་ཚྭ་དང་ལ་སྐུ་མིགས།། རྗེས་ཞིང་ཁྲོང་རྗེམ་འི་གྲོས་ད་།། ཚོང་མཐོས་པདམང་བང་།
་མང་བ་དང་།། ཕྲུམ་དང་ཞོ་དང་ཕྲུམ་སྐམ་དང་།། བ་ཚ་ཚྭ་དང་ལ་ཕུག་རྗེན།། ཕག་རྒོད་ལུག་དང་བ་ལང་ཉ།། མ་ཧེ་ཤ་དང་རིང་དང་རྐམ།། མཱ་ཥ་ཆུ་ལྡུམ་ནིཥྤ་པ།། པད་ཙ་འབྲས་ཁུར་མྱུ་གུར་འགྱུར།། ཚོད་མ་སྐམ
་དང་ནས་འདྲ་དང་།། ཊ་རཱམ་ཕྲ་མོ་བཟའ་མི་བཟའ་མི་བྱ་ཞེས་བྱ་བ་ལ། བྲུམ་ནས་བུ་རམྦ་ཕྲ་མོའི་བར་དུ་བཟའ་བར་མི་བྱའོ།། བཟའ་མི་བྱ་ཞེས་བྱ་བ་འདིས་ནི་འདི་སྐད་སྟོན་པ་ཡིན་ཏཱཾ། ཕྲུམ་དང་ཆང་ལ་སོགས་པ་རྟག་ཏུ་གོམས་པར་རྒྱུན་དུ
་བཟའ་བ་བཀག་པ་ཡིན་གྱི། འདི་དག་ལན་འགའ་ཡང་བཟོར་མི་རུང་བར་བཀག་པ་ནི་མ་ཡིན་ནོ།། དེ་ལ་པྲམ་ནི་པིའི་འོ་མ་ལ་སོགས་པ་ལ་སཽ་བྱས་པའོ།། བ་ཚྭ་ནི་ཡ་བཀྵ་ར་ལ་སོགས་པའོ།། ཚ་ནི་ཆང་ཐམས་ཅད་ཤིན་ཏུ་སྐྱར་བར
་སོང་བའོ།། ལ་ཕུག་རྗེན་པ་ནི་ཕུག་རྒན་པོའོ།། ཤ་ཞེས་བྱ་བ་ནི་རིང་པ་ལ་སོགས་པ་ཀུན་དང་སྦྱར་རོ།། རིད་པ་ནི་པགས་པ་དང་རུས་པ་ཙ་མཽ་ལུས་པའོ།། སྐམ་པ་ནི་རླན་མེད་པའོ།། ནིསྨ་པ་ནི་གང་བུ་ཅན་གྱི་འབྲུའི་བྱེ་བྲག་ཅིག་གོ།
་ཆུ་ཟླུམ་ནི་ཨུཏྤ་ལ་ལ་སོགས་པའི་སྡོང་བུའི་ཚེང་མའོ།། འབྲས་ཁུར་ནི་སཱ་ལུ་སོགས་པ་བཏགས་པ་ལས་བྱས་པའི་ཁུར་བའོ།། མྱུ་གུར་གྱུར་པ་ནི་འབྲས་ལ་སོགས་པའི་ཁྱི་གུ་འཐོན་པའོ།། ཡ་བ་ཀ་ནི་གྲ་མ་ཅོན་གྱི་འབྲུའི་བྱེ་བྲག་གོ།།
་བུ་རིམ་ཕྲ་མོ་ནི་བུ་རམ་གྱི་ཁྱད་པར་ཆུང་ངུ་ཞིག་གོ། སཱ་ལུའི་འབྲས་དང་གྲི་དང་ནས།། དྲུག་ཅུ་པ་དང་སྐམ་པོའི་ཤ། ཨ་རུ་སྐྱུ་རུ་རྒུན་འབྲུ་དང་། མུངྒ་ཁ་ར་པ་ཏོ་ལ།། ཞུན་མར་ཆར་ཆུ་འོ་མ་དང་།། སྦྲང་རྩིས་འབྲུ་རྒྱམ་ཚྭ་བཟའ།། མིག
་དང་སྟོབས་ཕྱིར་མཚན་མོ་ལའོ།། འབྲས་གསུམ་སྦྲང་རྩི་མར་སར་བཟའ།། མི་ནར་འཇོག་པར་བྱེད་དག་དང་།། ནད་སེལ་བྱེད་པ་གང་ཡིན་བསྟེན་ཞེས་བྱ་བ་ལ། རཀྵ་ཤ་ལི་ལ་སོགས་པའི་སཱ་ལུའི་འབྲས་ཆན་ལ་སོགས་པ་དང་། སྐམ་པའི་ཤ་རྟག
་ཏུ་བཟའ་བར་བྱའོ།། དེ་བཞིན་དུ་མིག་ལ་ཕན་པ་དང་། ལུས་ཀྱི་སྟོབས་བསྐྱེད་པར་བྱ་བའི་ཕྱིར། མཚན་མོའི་དུས་སུ་འབྲས་བུ་གསུམ་དང་། སྦྲང་རྩི་དང་མར་སར་དུ་སྦྱར་བ་བཟའ་བར་བྱའོ།། གཞན་ཡང་སྨན་གྱི་རིགས་གང་མ་སྨོས་སུ་ཟིན་ཀྱང་།
་སྨིན་པར་བྱེད་ཅིང་བར་བར་འཇུ་བར་བྱེད་པ་གང་ཡིན་པ་དང་། སྨན་གང་ནོད་སེལ་ཙོང་འཇོམས་པར་བྱེད་པ་དེ་ཡང་བསྟོན་ཅིང་བཟའ་བར་བྱའོ།། པད་ཙ་གུར་ཤིང་ཙོ་ཙ་དང་།། མོ་རྩ་ཨ་མྲའི་འབྲས་བུ་དང་།། ལ་དྷུ་ཁུར་བ་བུ་རམ་ཅིན།། ཟས་ནི་ལྕི་ཞིང
་སྣམ་པ་དང་།། མངར་ཞིང་འཇུ་དཀའ་བརྟན་པ་རྣམ་ས།། དང་པི་ཉིད་དུ་བཟའ་བར་བྱ་ཞེས་བྱ་བ་ལ། པདྨའི་རྩ་བ་ལ་སོགས་པའི་ཟས་ཀྱི་དང་པོར་ཐོག་མ་ཉིད་དུ་བཟའ་བར་བྱའོ།། ཙོ་ཙ་ནི་རྒྱ་སྟར་གྱི་འབྲས་བུའོ།། མོ་ཙ་ནི་ཆུ་ཤིང་གི་འབྲས་བུའོ།། ཁུར་བ
་བུ་རམ་ཅན་ནི་བཟའ་བའི་ཁྱད་པར་རོ།། འཇུ་དཀའ་བ་ནི་ནོར་བཏུལ་བའོ།། བརྟན་པ་ནི་བརྟན་པོར་གནས་པ་སྟེ། དགེ་མར་བཟའ་བར་བྱའོ།། དེ་ལས་བཟློག་པ་ཐ་མར་བཟའ།། བར་དུ་སྦྱར་ཚྭལ་ན་ཚྭ་ཅན་ཞེས་བྱ་བ་ལ། སྔར་བཤད་པ་དེ་ལས་གོ་བཟློག་པ་ནི
་ཡང་བ་དང་། རྔུབ་པ་དང་། ཚ་བ་དང་། རྣོ་བ་དང་། གཡོ་བའི་རང་བཞིན་ཅན་གྱི་ཡན་ལག་རྣམས་ཁ་བ་དང་། ཚ་བ་དང་། བསྐ་བའི་མཚན་ཉིད་ཅན་ཟས་ཀྱི་ཐ་མ་རྫོགས་བའི་དུས་སུ་བཟའ་བར་བྱའོ།། ཟས་ཀྱི་བར་དུ་ནི་སྒྱུར་བ་དང་ཚ་བ་དང་།
་ལན་ཚྭ་ཅན་བཟའ་བར་བྱའོ།། ལྷོ་ཡི་ཆ་གཉིས་ཟས་ཀྱི་སྟེ། ཆ་གཅིག་སྐོམ་གྱིས་དགང་བར་བྱ།། རླུང་ལ་སོགས་པའི་གནས་སུ་ནི།། ཆ་བཞི་པར་ནི་ལྷག་པར་བཞག་ཅེས་བྱ་བ་ལ། ལྷོའི་ཆ་གཉིས་ནི་ཟས་ཀྱིས་དགང
་བྱའོ།། ལྟོའི་ཆ་གཅིག་ནི་སྐོམ་སྟེ་བཏུང་བས་དགང་བར་བྱའོ།། རླུང་ལ་སོགས་པའི་ཉེས་པ་རྣམས་ཀྱི་གནས་དང་། རྟེན་དུ་ནི་ལྟོ་བཞི་པ་ལྷག་མར་གཞག་ཅིང་ལུས་པར་བྱའོ།། འདི་ནི་རྣམ་པ་ཐམས་ཅད་དུ་བྱ་བ་མ་ཡིན་ཏེ། དེ་ཡང་གཞུང་ལས། རླུང
་མེའི་ཤས་ཆུང་ནད་མེད་དང་། རྒྱལ་པོའི་བདེ་བའི་བདག་ཉིད་ལ།། རིམ་འདི་རྟག་ཏུ་སྦྱར་བྱ་ཡི།། གཞན་དག་ལ་ནི་ངེས་པ་མེད་ཅེས་བཤད་པ་ཡིན་ནོ།། དེ་ལྟར་ཟས་ཟོས་ཟིན་ནས། དེའི་རྗེས་ལ་སྐོམ་བཏུང་བ་བྱ་བ་ཡིན་པས་ན། དེའི་ཕྱིར་སྨྲས་པ་ནི། ཟོས
་རྗེས་སྐོམ་ནི་བསིལ་བའི་ཆུ།། ནང་དང་བ་གེ་ཕྱེའི་གཡོས་བྱས་ཐོས།། ཞོ་ཆང་དུག་འབོགས་སྤྱང་རྩི་ལ།། ཆུ་བསིལ་རྗེས་སུ་འཐུང་སྟ་ན་པན།། ཞེས་བྱ་བ་ལ། ཟས་ཟོས་པའི་རྗེས་ལ་སྐོམ་དུ་བཏུང་བ་ནི་ཆུ་ཉིད་བཟང་བ་ཡིན་ཏེ། རོ་ཐམས་ཅད་ཀྱི་སྐྱེ་གནས
་ཡིན་པའི་ཕྱིར་དང་། རོ་ཐམས་ཅད་ཀྱི་སྐྱེ་གནས་ཡིན་པའི་ཕྱིར་དང་། སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་གི་ལོངས་སྤྱོད་ཡིན་པའི་ཕྱིར་དང་། འཚོ་བར་བྱེད་པ་ལ་སོགས་པའི་ཡོན་ཏཱ་ནི་དང་ལྡན་པའི་ཕྱིར་རོ།། དེ་ཡང་ཁྱད་པར་ནི་བསིལ་ཞིང་གྲང
་བའི་ཡོན་ཏོན་དང་ལྡན་པའོ།། དེ་ཡང་གང་དང་རྗེས་སུ་མཐུན་ཞེ་ན། ནས་དང་བག་ཕྱེ་ལས་གཡོས་སུ་བྱས་བཟོས་པ་དང་། ཞོ་དང་། ཆང་དང་། དུག་དང་། སྦྲང་རྩི་ཟོས་པའི་རྗེས་ལ་འཐུངས་ན་ཕན་ཞིང་བདེ་བར་འགྱུར་བ་ཡིན་ནོ།། མི
་འཇུ་འགགས་ལ་ཆུ་དྲོན་བཏང་།། ཚོད་མ་མུཏྤའི་གནོད་པ་ལ།། ཞོ་དང་ཆུ་དང་དར་བ་དང་།། རང་སྒྱུསྐྱུར་རྩབ་མོ་བཏུང་བར་བྱ།། ཞེས་བྱ་བ་ལ། གང་ཟས་མི་འཇུ་བ་དང་། བཤད་གཅི་འགགས་པ་ལ་ནི་ཆུ་བསྐོལ་བ་དྲོན་མོ་བཏུང་བར་བྱ་བ་ལ། ཚོད་མ་དག་དང་།
་མུངྒ་ཟོས་བ་ལས་གནོད་པར་གྱུར་པའི་ནང་ལ་ནི་ཞོ་ག་ཆུ་དང་། ང་རཾ་བ་དང་། འབྲས་ཁུ་མནན་པཱའི་རང་སྐྱུར་གྱི་རྩུབ་མོ་བཏུང་བར་བྱའོ།། སྐེམ་པོ་རྒྱས་ཕྱིར་ཆང་བཏུང་སྟེ་ཞེས་བྱ་བ་ལ་མི་སྒོམ་ཞིང་ཤ་ཆུང་བ་དག་ལ། ལུས་རྒྱས་ཤིང་ལུ་ས
་ཟུངས་འཕེལ་བར་བྱ་བའི་ཕྱིར། སྐོམ་དུ་ཆང་བཏུང་བ་ཕན་པ་ཡིན་ནོ།། སྦོམ་པོས་སྦྲང་རྩི་ཆུ་བེ་ཏུང་ངོ་ཞེས་བྱ་བ་ལ། མི་སྦོམ་ཞིང་ཤ་ཆེ་བ་དག་སྐེམ་པོར་བྱ་བའི་ཕྱིར། སྐོམ་དུ་སྦྲང་ཎྜཱིའི་ཆུ་བཏུང་བ་སྟེ། སྦྲང་རྩི་དང་ཆུ་སྦྱར་བའི་སྐོམ
་བཏུང་བར་བྱའོ།། གཅོད་ཆེ་ནི་ནད་ལ་ཤོ་ཁུ་བཏུང་ཞེས་བྱ་བ་ལ། གཅོང་ཞེས་བྱ་བ་ཟང་བྱེད་ཀྱི་གློ་གཅོང་ཆེན་པོ་ན་བ་ལ་ཤོ་ཁུ་བཏུང་བར་བྱའོ།། དྲོང་ཆུང་ཤ་ཟོས་ཆང་བཏོང་བྱ་ཞེས་བྱ་བ་ལ། མ་དྲོད་ཆུང་ཞིང་ཤ་ཟོས་པས་ནི་སྐོམ་དུ་ཚོང་བཏུང་བར
་བྱའོ།། ནང་དང་སྤྱན་སྔོགས་སྦྲང་བུད་མེད།། ཟིན་བཙང་དཀའ་ཐུབ་ལས་རྣམས་ཀྱི།། སྒྲོམ་དང་བྱིས་པ་རྒན་པོ་ལ།། འོ་མ་བདུད་རྩི་ལྟ་བུ་དྲོ་ཕན་ཞེས་བྱ་བཱ་ལ། ནཱང་པ་ལ་སོགས་བསོ་ཉམ་ཆུང་ཞིང་རྨྱ་བར་གྱུར་པའི་མི་དང་། སྐོམ་པ་དང་། བྱིས་པ་དང་།
་རྒན་པོ་དག་ལ་སྐོམ་དུ་འོ་མ་བཏུང་བ་ནི་བདུད་རྩི་ལྟ་བུ་ཕན་པར་བྱེད་པ་ཡིན་ནོ།། མདོར་ན་ཟོས་རྗེས་བཏུང་བ་དག། གང་ཞིག་ཟས་དང་ཡོན་ཏན་ནོ།། མི་མཐུན་མི་འཕྲོད་མེད་གྱུར་ལ།། དེ་ནི་རྣམ་པོ་ཀུན་ཏུ་བསྔགས།། ཞེས་བྱ་བ་ལ། མདོར་བསྡུ་ན
་ཟས་ཀྱི་རྗེས་ལ་སྐོམ་དུ་བཏུང་བར་བྱ་བ་ནི་གང་ཞིག་ཟས་དང་མི་འདྲ་ཞིང་། དེ་དང་རང་བཞིན་མི་མཐུན་པར་གྱུར་པ་དེ་ནི། དུས་རྣམ་པ་ཀུན་ཏུ་བསྔགས་ཤིང་ཕན་པར་འགྱུར་བ་ཡིན་ལ། དེ་ཡང་མི་འཕྲོང་པ་མེད་པ
་གྱུར་པའོ།། དེ་ཡང་དཔེར་ན་སྣུམ་པ་ལ་རྩུབ་པ་དང་རྩུབ་པ་ལ་སྣུམ་པ་དང་། གྲང་བ་ལ་དྲོ་བ་དང་། དྲོ་བ་ལ་གྲང་བ་དང་། མངར་བ་ལ་སྦྱར་བ་དང་། སྒྱུར་བ་ལ་མངར་བ་དང་། མངར་བ་ལ་ཁུ་བ་དང་། ཁ་བ་ལ་མངར་བའོ།། དེ་ལྟ་ན་ནི་འོ་མ་ལས་གཡོས
་བྱས་པའི་ཟས་དང་། འོ་མ་ལས་གྱུར་པ་རྣམས་ལ་སྐོམ་དུ་རང་སྐྱུར་གྱི་རྣབ་མོ་ལ་སོགས་པ་བཏུང་བར་བྱ་དགོས་ཏེ། ཟས་ཀྱི་ཡོ་ན་ཏན་ལས་ཡོན་ཏན་མི་མཐུན་པ་མེད་པ་ཡིན་པའི་ཕྱིར་རོ་ཞེ་ན། དེའི་ཕྱིར་མི་འཕྲོད་པ་མེད་ཅེས་བྱ་བའི་ཚིག
་སྨོས་པ་ཡིན་ཏེ། རྩབ་མོ་རང་སྦྱར་ལ་སོགས་པ་སྒྱུར་བ་གང་ཡིན་པ་དེ་ནི། འོ་མ་ལ་སོགས་པ་དང་ཡོན་ཏན་མི་མཐུན་པར་གྱུར་པ་ཡིན་དུ་ཟིན་ཀྱང་། དེ་ནི་མི་འཕྲོད་པ་ཡིན་ཏེ། འོ་མ་དང་སྦྱར་ལྷན་ཅིག་བཟའ་བ་ནི་མི་འཕྲོད་པ་ཡིན་ནོ།། ཞེས་སྔར
་བསྟན་པའི་ཕྱིར་རོ།། དེ་བས་ཉོན་གང་ཟས་དང་། སྐོམ་ཡོན་ཏན་མི་མཐུན་ཞིང་། མཚན་ཉིད་ཐ་དད་ཀྱང་མི་འཕྲོང་བ་མེད་པར་གྱུར་པ་བཏུང་བ་དེ་མཆོག་ཏུ་བསྔགས་པ་ཡིན་ནོ།། ད་ནི་སྐེ་རོམ་འཐུངས་པའི་ཡོན་ཏན་སྤྲས་པ་ནི། ཟན་རྗེས་སྒོམ
་འཐུངས་ངོམས་དང་ཁྱབ།། སྟོབས་འཕེལ་ལུས་ནི་བརྟན་བྱེད་ལ།། ཟས་སྤུད་སྙི་བར་འགྱུར་བ་དང་། འདྲུལ་བར་ཞིང་རྣམ་པར་འཇུག་པར་འགྱུར་ཞེས་བྱ་བ་ལཾ། ཟས་ཀྱི་རྗེས་ལ་སྐོམ་འཐུངས་པ་ནི་ངོམས་ཤིང་ཚིམ་པར་བྱེད་པ་དང་། ལུས་ཁྱབ
་ཅིང་རྟོགས་པར་བྱེད་པ་དང་། གཟི་མངངས་འཕེལ་ཞིང་བརྟས་པར་བྱེད་པ་དང་། དེ་བཞིན་དུ་ལུས་བརྟན་པ་བྱེད་པ་དང་། ཡན་ལག་བརྟན་པ་བྱེད་པ་དང་། དེ་བཞིན་དུ་དུ་ཀྱི་ཚོར་སྡུད་ཅིང་གཅིག་ཏུ་གནས་པར་བྱེད་ལ། སྤོང་བར་བྱེད་དོ།། སྙི་བར་བྱེད་པ་ནི་ཟས་བསྡུས་པ་དེ་ལྷོང
་ཅིང་སྙི་བར་བྱེད་པོ་དང་། ཟས་དེ་ཉིད་འདྲུལ་བར་བྱེད་ཅིང་སླ་བར་བྱེད་པ་དང་། དེ་བཞིན་དུ་རྣམ་པར་འཇུ་ཞིང་བདེ་བར་འཇུ་བར་བྱེད་པར་འགྱུར་རོ།། དེ་ནི་ནམ་ཚོང་ཡན་ཆད་ནང་།། དབུགས་ལུང་གློ་རྡོལ་ཚིམ་པ་དང་།། གྲུ་ལེན་སྨྲ་མང་ལ་ཆགས་དང་།
་སྐད་འགགས་པ་ལ་གནོད་པ་ཡིན།། ཞེས་བྱ་བ་ལྀ། སྐོམ་འཐུངས་པ་དེ་ནི། ནམ་ཚོང་ཡན་ཆད་ཀྱི་ནད་ལ་གནོད་པ་ཡིན་ནོ།། དེ་ལ་ནམ་ཚོང་ནི་མཆན་ཁུང་དང་། དཔུང་པ་གཡས་གཡོན་གཉིས་ཀྱི་བར་མཚམས་ལ་ནམ་ཆོང་ཞེས་བྱ་སྟེ། དེ་ཡང
་ལུང་ལས། ནམ་ཚོང་མགོ་དང་སྐྱེ་བའི་བརྟན།། མགོ་འཛིན་ཞེས་ཀྱང་བཤད་པ་ཡིན་ཞེས་འབྱུང་བ་ཡིན་ནོ།། དེ་ལྟར་ན་དེ་ཡན་ཆད་ཀྱི་ཡན་ལག་གི་ནད་ལ་གནོད་པ་ཡིན་ནོ།། དེ་བཞིན་དུ་དབུགས་མི་བདེ་བ་དང་། ལུང་པ་མང་བ་དང་། གློ་བརྡོལ་བ
་དང་ཆམ་པས་བཏབ་པ་ལ་ཡང་གནོད་པ་ཡིན་ནོ།། དེ་བཞིན་དུ་གླུ་ལེན་པ་དང་། སྨྲ་བ་མང་པོ་ལ་ཆགས་ཤིང་ཡང་དང་ཡང་དུ་སློབ་པ་དང་། སྐད་འགགས་པ་ལ་ཡང་གནོད་པ་ཡིན་ཏེ། དེ་རྣམས་ཀྱི་མ་ཞུ་བའི་གནས་ལ་གནོད་པར་གྱུར་ནས། ལྐོག
་མར་གྱུར་པའི་ཟས་ལས་བྱུང་བའི་སྣུམ་དང་འདྲིས་ཏེ། སློན་པོ་ལ་སོགས་པའི་ནང་བསྐྱེད་པར་འགྱུར་བ་ཡིན་ནོ།། ལུས་ལ་རྣག་འཛག་གཅིན་ནད་མིག། ལྐོག་ནད་རྨའི་ཉ་ནད་ཀྱིས་ཉེན།། སྐོམ་སྤང་ཞེས་བྱ་བ་ལ། གང་གི་ལུས་ལ་མཛེ་ལ་སོགས
་པས་ཉེན་ཅིང་རྣག་འཛག་པར་གྱུར་པ་དང་། དེ་བཞིན་དུ་གཅིན་ན་དང་། ལྒང་པའི་ནང་ཡོང་བ་དང་། མགན་བ་དང་། ལྐོག་མའི་ནངད་ནཱ་བཱ་དང་། རྨའི་ནད་ཀྱིས་ཉན་ཅུང་གནང་བར་གྱུར་པ་སྟེ། དེ་དག་རྣམས་ཅད་ཀྱིས
་སྒྲོམ་སྤང་ཞིང་དོར་བར་བྱའོ།། ཀུན་གྱིས་སྐོམ་འཐུངས་ནས། མང་སྤྱི་ལམ་ཞུགས་ཉལ་བ་སྤུང་ཞེས་བྱ་བ་ལ། ཀུན་གྱིས་ཞེས་བྱ་བ་ནད་མེད་པའམ། ནད་དང་ལྡན་པའི་མི་ཐམས་ཅད་ཀྱིས་ཀྱང་སྐོམ་བཐུངས་པར་གྱུར་པའི་རྗེས་ཐོགས་ལ་མང་དུ་སྨྲ
་ནིང་འདོན་པ་དང་། ལོམ་དུ་ཞུགས་ཤིང་འགྲོ་བ་དང་། ཉལ་ཞིང་གཉིད་ལོག་པ་སྟེ། དུས་དེའི་ཚེ་ཉིད་འཕྲུལ་དུ་བྱ་བ་དག་སྤང་ཞིང་དོར་བར་བྱའོ།། ཟས་ཟོས་ནས་ནི་ཉི་ཚན་མེ།། རྟ་ཞོན་རྒྱལ་དང་འདེགས་པ་སྤང་ཞེས་བྱ་བ་ལ། ཟས་ཟོས་པའི་ཛྷ
་ཐོགས་ཉིད་ལ་ཉི་ཚན་ལ་སོགས་པ་སྤང་བར་བྱ་སྟེ། ཉིན་ཚན་ནི་ཉི་མའི་ཐན་པས་གདུངས་པའོ།། མེ་ནི་མེ་ཚ་ལ་འདེབས་པར་གྱུར་པའོ།། བཞོན་པ་ནི་རྟ་ལ་སོགས་པས་འགྲོ་བའོ།། རྒྱལ་བ་ནི་མཚོ་ལ་སོགས་པར་རྒྱལ་བའོ།། འདེགས་པ་ནི་གུར
་ལ་སོགས་པ་ཡུལ་གཞན་དུ་བསྐྱོད་པ་སྟེ། དེ་སྤང་བར་བྱའོ།། ཟས་དང་སྐོམ་ཡོན་ཏན་དང་ལྡན་པ་དང་། ཚོང་ཟིན་པར་བྱས་སུ་ཟིན་ཀྱང་དུས་མ་ཡིན་པར་ཟློས་པ་དང་འཐུངས་པས་ལུས་ལ་གནོད་པར་བྱེད་པ་ཡིན་ནོ།། དེ་བས་ན་བཤད་དང་གཽ་ཅི
་བ་བསལ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པོས་དེའི་དུས་སྨྲས་པ་ཡིན་ཏེ། བཤེད་དང་གཅི་བསལ་སྙིང་ལ་དྲི་མེད་ཉེས་པས་ལམ་མིན་པར་མི་འགྲོ། སྒྲེགས་པ་དག་ཅིང་བྲུ་བ་ཆེ་གྱུར་ཐུར་གྱི་རླུང་ནི་ཐ་མ་ལ་རྒྱུ།། དེ་བཞིན་མེ་ཡི
་དྲོད་བདོ་དབང་པོ་གསལ་ཞིང་ལུས་ཀྱང་རབ་ཏུ་ཡང་། ཟས་ཀྱི་ཚོང་རན་ཆོ་གར་སྦྱར་ཞིང་བཟའ་བ་དེ་ནི་ཤིན་ཏུ་དུས་སུ་འདོད་ཅེས་བྱ་བ་ལ། བཤད་པ་དང་གཅི་བ་ལེགས་པར་བསལ་ཞིང་བཏང་བ་དང་། སྙིང་ལ་དྲི་མ་མེད་པ་སྟེ། སེམས་དང་ཞིང་ཉམ་ང།
་བ་མེད་པ་དང་། ཉེས་པ་དེ་རླུང་ལ་སོགས་པ་ལམ་མ་ཡིན་པ་དག་ཏུ་ལོག་པར་མི་འགྲོ་ཞིང་། རང་གི་གནས་ན་གནས་པ་དང་། སྒྲེགས་པ་དག་ཅིང་དྲི་མ་མནམ་པ་མེད་པ་དང་། བྲུ་བ་ཚ་བ་མེད་པར་གྱུར་ཅིང་བཀྲེས་པས་ཟ་འདོད་པར་གྱུར་པ་དང་།
་ཐུར་གྱི་རླུང་ཐ་མལ་པར་རྒྱུ་བ་སྟེ། ཐུར་དུ་འབྱུང་བའི་རླུང་ལུགས་བཞིན་འབྱུང་བ་དང་། དེ་བཞིན་དུ་ཕོ་བའི་མེ་དྲོང་བདོ་ཞིང་ཤས་ཆེ་བ་དང་། དབང་པོ་གསལ་ཞིང་རང་གི་བྱ་བ་རྣམས་ལ་འཇུག་པ་གསལ་བ་དང་། དེ་བཞིན་དུ་རང་གི་ལུས་ཀྱང་ཡང
་བར་གྱུར་ཅིང་ཕྱག་བྱ་བ་ལ་ཐོགས་པོ་མེད་པར་གྱུར་པ་ནི། ཟས་ཀྱི་ཚད་རན་པའི་ཆོ་གར་སྦྱར་བ་ཇི་སྐད་བཤད་པ་དེ་བཞིན་དུ་ཟ་བ་དེ་ནི་ཟ་བ་ལ་སྦྱོང་བའི་དུས་ཡིན་པར་སློབ་དཔོན་དག་འདོད་ཅིང་བཞེད་པ་ཡིན་ནོ།། ཡན་ལག་བརྒྱུད་པའི་སྙིང
་པོའི་རྣམ་པར་འགྲེལ་པའི་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས། ལེའུ་བརྒྱུད་པའི་འགྲེལ་པའོ།། དེ་ནས་སྨན་ལ་སོགས་པ་རྣམས་ཀྱི་བྱེ་བྲག་ཤེས
་བར་བྱ་བའི་ལེའུ་བཤད་པར་བྱའོ།། ཞེས་བྱ་བ་ལ། དེ་ནས་ཞེས་བྱ་བ་ནི་སྔར་བརྩམས་པའི་དེའི་རྗེས་ཐོགས་ལ་སྟེ། ཟས་ཀྱི་ཚོད་ཟིན་པར་བཟའ་བའི་རྗེས་ལ། སྨན་ལ་སོགས་པ་རྣམས་ཀྱི་བྱེ་བྲག་ཤིས་པར་བྱ་བའི་ལེའུ་བཤོད་པར་བྱའོ།།
་དེ་ལ་སྨན་ལ་སོགས་པ་ཞེས་སྨོས་པ་ལ་སོགས་པའི་སྒྲས་ནི་ནུས་པ་དང་འཇུ་བ་ལ་སོགས་པ་བསྡུའོ།། དེ་རྣམས་ཀྱི་བྱེ་བྲག་ཤེས་པར་བྱ་བ་ནི། མཚན་ཉིད་ཁོང་དུ་ཆུང་བར་བྱ་བ་སྟེ། དེ་ཤེས་པར་འགྱུར་བ་ལ་ཕན་པའི་ལེའུ
་བཤད་པར་བྱའོ་ཞེས་པའོ།། དེའང་གང་གི་ཕྱིར་ཟས་དང་སྐོམ་འདི་དག་ནི་ཟས་དང་རོ་དང་ནུས་པ་དང་། འཇུ་བ་ལ་སོགས་པ་ཡོངས་སུ་བརྟགས་ནས་སྦྱར་བར་བྱའི་གཞན་དུ་ནི་མ་ཡིན་ནོ།། དེ་ལ་སྨན་ནམ་རྫས་ནི་རོ་ལ་སོགས་པ་ལས་མཆོག་ཏུ་གྱུར
་པ་ཡིན་པས་དང་པོར་བསྟན་པ་ཡིན་ཏེ། སྨན་རྣམ་ཉིད་ཀྱི་རོ་ལ་སོགས།། དེ་ནི་དེ་ལ་བརྟེན་པས་མཆོག་ཅེས་བྱ་བ་ལ། སྨན་རྣམ་གཉིས་རོ་དང་ནུས་པ་ལ་སོགས་པ་རྣམས་ཀྱི་ནང་ན་མཆོག་ཡིན་ཏེ། ཅིའི་ཕྱིར་ཞེ་ན། རོ་ལ་སོགས་པ་དེ་རྣམས་ནི
་སྨན་དེ་ལ་བརྟེན་ཅིང་གནས་པ་ཡིན་གྱི། རོ་ལ་སོགས་པ་འབའ་ཞིག་ཚིག་སྦྱར་གནས་པ་ནི་མ་ཡིན་ཏེ། དེ་བས་ན་དེ་ནི་མཆོག་ཡིན་ནོ།། དེ་ཡང་འབྱུང་བ་ལྔའི་བདག་ཉིད་ཅན་ཞེས་བྱ་བ་ལ། སྨན་དེ་ཡང་འབྲས་བུའི་རང་བཞིན་རྒྱུ་བ་དང་མི་རྒྱུ་བ་ལ
་སོགས་པའི་ཚུལ་དུ་གནས་པ་གང་ཡིན་པ་དེ་ནི་འབྱུང་བ་ལྔའི་བདག་ཉིད་ཅན་ཏེ། འབྱུང་བ་ཆེན་པོ་རྣམ་པ་ལས་ཤེས་པར་བྱ་སྟེ། ནམ་མཁའ་ལ་སོགས་པ་རྒྱུའི་རྗེས་རྣམས་ནི་མ་ཡིན་ཏེ། ནམ་མཁའ་ལ་སོགས་པ་རྒྱུའི་རྫས་ཀྱི་འདི་བྱུང
་བ་ཆེན་པོ་ལྔའི་བདག་ཉིད་ཅན་དུ་གྱུར་པ་ནི་སོ་སོར་རང་ཉིད་ཐོབ་པའི་དོན་དུ་གནས་པ་འདི་ནི་ནམ་མཁའ་ཞེས་བྱ་བའི་འབྱུང་བ་ཆེན་པོའོ།། དེ་ནི་སའི་འབྱུང་བ་ཆེ་རིན་པོ་ཞེས་སྨྲ་བར་ནུས་པ་མ་ཡིན་གྱི། ས་ལ་སོགས་པ་འབྱུང་བ་རྣམས
་ནི་འབྱུང་བ་ཆེན་པོ་ལྔའི་བདག་ཅན་ཡིན་པས་ན། དེའི་སྒྲས་བསྟན་པ་ཡིན་ནོ།། དེ་བས་ན་འབྱུང་བ་ལྔའི་བདག་ཉིད་ཅན་དང་ཅིག་པ་མ་ཡི་ན་ནོ།། དེ་ཉེ་བར་དམིགས་པ་རྣམ་པ་ལྟས་ཤེས་པར་བྱ་སྟེ། དེ་ལ་དེའི་འང་དྲིའི་ཤས་ཆེ་བ་ག། ང་ཡིན་པ་དེ་ནི་སའི
་ཡིན་ལ། རོའི་ཤས་ཆེ་བ་གང་ཡིན་པ་དེ་ནི་ཚུའི་ཡིན་ནོ།། གཟུགས་ཀྱི་ཡོན་ཏན་ཤས་ཆེ་བ་དེ་ནི་མོའི་ཡོན་ཏན་ནོ།། རིག་པའི་ཡོན་ཏན་ཤས་ཆེ་བ་གང་ཡིན་པ་དེ་ནི་རླུང་གི་ཡིན་ནོ།། སྒྲའི་ཡོན་ཏན་ཤེས་ཆེ་བ་གང་ཡིན་པ་དེ་ནི་ནམ། ཡིན
་ཏེ། གང་དང་དེ་ནི་རྟག་ཏུ་འབྲེལ་པ་ཡིན་པའི་ཕྱིར་དང་། གང་ཞེས་བྱ་བའི་ཚིག་འདི་མ་སྨོས་སུ་ཟིན་ཀྱང་། བསྟན་པ་ཉིད་ཡིན་པར་ཤེས་པར་བྱའོ།། གལ་ཏེ་སྨན་དེ་འབྱུང་བ་ཆེན་པོ་ལྔས་བསྐྱེད་པ་ཡིན་ན། དེ་འབྱུང་བ་ཆེན་པོ་གང་གིས་ཇི་ལྟར་བྱས
་ནས་བསྐྱེད་པ་ཡིན་ཞེ་ན། དེའི་ཕྱིར་སྨྲས་པ་ནི། ས་ལ་བརྟེན་ཏུ་སྐྱེ་བོ་ཡིན་ཞེས་བྱ་བ་ཡིན་ཏེ། ས་བརྟེན་པའི་གནས་སུ་བྱས་ནས་སྐྱེ་བ་ཡིན་ནོ།། དེ་ལྟར་ནཱ་ས་ཞེས་བྱ་བའི་འབྱུང་བ་ཆེན་པོ་རྟེན་དུ་བྱས་པའི་དགོས་པ་བྱས་པས་ན། དེས་བསྐྱེད་ཅིང
་བསྐྲུན་པ་ཡིན་ནོ་ཞེས་བཤད་དོ།། དེ་བཞིན་དུ་དོན་མོའི་སྐྱེ་གནས་ཞེས་བྱ་བ་ཆུ་ནི་སྐྱེ་གནས་སུ་གྱུར་ཅིང་། སྐྱེད་པོར་བྱེད་པའི་རྒྱུ་བྱེད་པས་ནི། སྨན་གྱི་སྐྱེ་གནས་ནི་ཚྭའི་ཡིན་ཏེ། དེ་ལྟར་ན་ཆུ་ཞེས་བྱ་བའི་འབྱུང་བ་ཆེན་པོས་རོ་དང་ལྡན་པར
་སྐྱེ་གནས་ཀྱི་དགོས་པ་བྱས་པ་དེས་དེ་སྤྱད་པ་ནིས་ཕྱིའོ།། ཚུན་སྐྱེ་གནས་མོ་དང་ང་། ནམ་པའི་རྣམས་ན་ཆགས་པ་ལོས།། དེ་མྱོས་གྱུར་དང་ཁྱད་པར་འབྱུང་གིས་བྱ་བ་ལ་སྨན་དེ་སྐྱེས་ཤིང་འབྱིང་བར་གྱུར་བ་དང་། རྫོགས་པར་བཛིན་པ་།
་མེ་དང་རླུང་དང་ན་མཁའ་རྣམས་ཀྱི་ཚོགས་པ་ལས་སྐྱེས་པར་གྱུར་པ་ཡིན་ཏེ། ཚོགས་པས་རྒྱུ་དང་འབྲས་བུའི་ཚུལ་གྱིས་བསྐྱེད་དེ། དེས་ན་དཔེར་ན་མེ་ནི་སྨིན་པར་བྱེད་པ་ཉིད་ཀྱིས་དགོས་པ་བྱེད་ལ། རླུང་ནི་གཡོ་འགུལ
་གྱི་ཚུལ་གྱིས་སོ།། ནམ་མཁའ་ནི་གོ་འབྱེད་པའི་ཚུལ་གྱིས་སོ།། དེ་སྐྱེས་པར་གྱུར་པ་མེ་དང་རླུང་དང་ན་མཁའ་རྣམས་ཀྱི་ཚོགས་པ་ལས་དེ་སྐྱེས་པར་གྱུར་པ་འབའ་ཞིག་ཏུ་མ་ཟད་ཀྱི་གང་ཁྱད་པར་གཞན་རྣམས་ཚུལ་ཐ་དད་ཅིང་། རང་བཞིན་དུ་མར་གྱུར་པའི
་བར་དེ་རྣམས་ཀྱང་། མེ་དང་རླུང་དང་ན་མཁའ་དེ་རྣམས་ཀྱི་ཚོགས་པ་ལས་བྱུང་བ་ཡིན་ནོ།། གལ་ཏེ་དེ་ལྟར་སྨན་ཐམས་ཅད་དང་འབྱུང་བ་ཆེན་པོ་ལྔ་ཆར་གྱིས་སྐྱེད་པ་ཡིན་ན། འདི་ནི་སའི་འོ།། འདི་ནི་ཆུའི་འོ།། ཞེས་མིང་ཅིའི་ཕྱིར་འདོགས་ཤེ་ན། དེའི་ཕྱིར་སྨྲས་པ
་ནི། མིང་ནི་ཤས་ཆེ་ལས་གྱུར་ཡིན་ཞེས་བྱ་བ་ཡིན་ཏེ། རྫས་གང་ལ་འདི་དག་ཐམས་ཅད་རྒྱུར་གྱུར་པ་ཡིན་ཡང་། གང་གང་གིས་ཤས་ཆེ་ཞིང་མང་བར་གྱུར་པ་དེར་དེ་ཉིད་ཀྱི་མིང་དུ་བཏགས་པ་ཡིན་ཏེ། སའི་ཤས་ཆེ་བ་ལས་སྐྱེས་པ་ནི་སའི་མིང་ཅན
་ཡིན་ལ། ཆུའི་ཤས་ཆེ་བ་ལས་སྐྱེས་པ་ནི་ཆུའི་འོ།། དེ་ལྟར་ན་སྨན་ཐམས་ཅད་ནི་འབྱུང་བ་ཆེན་པོ་ལྔའི་བདག་ཉིད་ཅན་ཡིན་ནོ།། དེ་བས་ན་འབྱུང་བ་འདུས་པ་ལས། འབྱུང་བ་སྨན་ནི་རོ་གཅིག་མིན་ཞེས་བྱ་བ་ལ། གང་ཕྱིར་འབྱུང་བ་ཆེན་པོའི་ཚོགས་པ་རྣམས
་ལས་སྨན་རྣམས་འབྱུང་ཞིང་སྐྱེ་བ་ཡིན་པ་དེ་བས་ན། སྨན་རྣམས་ནི་རོ་གཅིག་ཁོ་ནར་མི་འགྱུར་ཏེ། རོ་མང་ཞིང་ཐ་དད་པ་ཡིན་ནོ།། ཞེས་བྱ་བའི་དོན་ཏོ།། འདིར་འདི་ལྟར་གང་རོའི་རྒྱུ་ནི་འབྱུང་བ་ཆེན་པོ་གཅིག་པོ་ཆུ་ཉིད་ཡིན་གྱི། འབྱུང་བ་ཆེན་པོ་གཞན་དག་ནི
་མ་ཡིན་ཏེ། དེ་དག་ནི་རོ་མེད་པ་ཡིན་ལ། འབྲས་བུ་ནི་རྒྱུ་དང་ཆ་འདྲ་བར་འབྱུང་བ་ཡིན་པས། གཞན་ལས་རོ་འབྱུང་བར་མི་རིགས་སོ་ཞེས་བརྒལ་ཞིང་བརྟག་པར་མི་བྱ་སྟེ། གང་གི་ཕྱིར་འབྱུང་བ་འདུས་པ་ལས་འབྱུང་ཞེས་བྱ་བ་འདིས་འདི་སྐད་སྟོན་པ་ཡིན
་ཏེ། ཅི་ལྟར་སྨན་འབྱུང་བ་ཆེན་པོ་འདུས་པ་ལ་སྤྱན་འབྱུང་བ་དེ་བཞིན་དུ། སྨན་ལ་བརྟེན་པའི་རོ་ཐ་དད་པར་གྲུབ་པ་དག་ཀྱང་། འབྱུང་བ་འདུས་པ་ཉིད་ལས་སྐྱེ་བ་ཡིན་གྱི། ཡོན་ཏན་གཞན་ལྟར་སྨན་ལ་བལྟོས་པ་ནི་མ་ཡིན་ནོ།། དེ་བས་ན་འབྱུང་བ་ཆེན་པོ་འདུས
་བ་ཉིད་རོ་འབྱུང་བར་བྱེད་པ་ཡིན་གྱི། འབྱུང་བ་ཆེན་པོ་ཁ་དོག་ལ་སོགས་པ་ལྟ་བུར་རྫས་གཅིག་པུ་ལ་རག་ལུས་པ་ནི་མ་ཡིན་ནོ།། དེ་ལྟར་ན་རོ་ནི་འབྱུང་བ་ཆེན་པོ་འདུས་པ་ལས་འབྱུང་གི། གཅིག་ལས་མ་ཡིན་ཏེ། སྨན་ལས་བརྟེན་པའི་རོ་རྣམས་ཀྱི་རྒྱུ
་ནི་འབྱུང་བ་ཆེན་པོ་འདུས་པ་ལས་ཡིན་ནོ།། ལ་ལར་ནི་འབྱུང་བ་གཉིས་ཤས་ཆེ་བ་ལས་སྨན་ལ་མངར་བ་ལ་སོགས་པའི་རོ་གསལ་བར་འབྱུང་སྟེ། དེ་ཡང་རོ་ཐ་དད་པ་ཤེས་པར་བྱ་བའི་ལེའུ་ལས་མངར་བ་ལ་སོགས་རོ་སྐྱེ་བ། ས་ཆུ་མེ་ས་ཆུ་དང་མེ།། ཞེས་བྱ
་བ་ལ་སོགས་པ་འབྱུང་བ་ཡིན་ནོ།། དེ་ལྟར་ན་རོ་ཐམས་ཅད་ནི་འབྱུང་བ་འདུས་པ་ལས་འབྱུང་བ་དེ་ལས་མང་ཞིང་ཤས་ཆེ་བ་ལས་ནི་འདི་ནི་སྨན་མངར་བའོ།། འདི་ནི་སྒྱུར་བ་ལ་སོགས་པའི་སྨན་རྣམས་སོ་ཞེས་བྱ་བར་གནས་ཀྱི། མངར་བའི་སྨེན་དེ་ལ་སྒྱུར་བ་ལ
་སོགས་པའི་ནང་དུ་གྱུར་པ་མེད་པ་ནི་མ་ཡིན་ནོ།། མྱངས་པར་གྱུར་པ་དང་ནུས་པའི་དབང་གིས་རྗེས་རྣམས་ལ་ཕན་ཚུན་རོ་དུམ་སྣང་ལོ། ནུ་ནི་རོ་མོ་ལས་ཚོ་ལ~ཾ་བ་ཡིན་ཏེ། རོ་དྲུག་ཅིང་དང་ལྡན་ཡང་མི་གསལ་ཞིང་མི་མངོན་པ་ཡིན་ནོ།། དེ་ལྟ་རན
་འབྱུང་བ་འདུས་པ་ལས་སྨན་འབྱུང་བའི་རྒྱུ་ཡིན་པ་དེ་བཞིན་དུ་མངར་བ་ལ་སོགས་པ་རོ་རྣམས་ཀྱི་ཡང་རྒྱུ་ཡིན་པས། རོ་ཐམས་ཅད་ནི་འབྱུང་བ་འདུས་པ་ལས་བྱུང་བ་ཡིན་ཞིང་རོ་གསལ་བ་མང་པོ་བཤང་བ་ཡིན་ནོ།། ངོའི་ཕྱིར་ནང་ཀྱང
་ཉེས་གཅིག་མིན་ཞེས་བྱ་བ་ནི། གང་གི་ཕྱིར་སྨིན་རོ་སྣ་ཚོགས་པ་ཡིན་པའི་རྒྱུ་ཉིད་ཀྱིས་ན་ནད་ནི་གཅིག་པུ་མ་ཡིན་ནོ་ཞེས་བསྟན་ཏེ། དེ་ལ་ནད་ནི་ནད་ཀྱི་ཚོགས་རྣམས་སོ།། ཉེས་པ་ནི་རླུང་ལ་སོགས་པའོ།། དེ་ཡང་རོ་ལ་བརྟེན་ལ་རོ་ཡང་སྨན་ལ་བཛིན་ཏེ། སྨན
་ནི་འབྱུང་བ་ཆེན་པོའི་བདག་ཉིད་ཅན་ཡིན་པས་རོ་སྣ་ཚོགས་པ་ཉིད་ལ་དེ་དང་ཕྲང་པ་ལས་རླུང་ལ་སོགས་པ་སྐྱེ་བར་འགྱུར་ལ། དེ་རྣམས་སྐྱེས་པ་ལས་ནི་ནང་དུ་འགྱུར་བ་ཡིན་ཏེ། དེའི་ཕྱིར་ནད་ཀྱང་ཉེས་པ་གཅིག་དང་ལྡན་པ་མ་ཡིན་ཏེ། ཉེས་པ་གསུམ་ཆར
་དང་ལྡན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། འདིར་ཡང་མང་པོ་ཉིད་ཡིན་ནོ་ཞེས་ཤུགས་ཀྱིས་སྦྱར་བར་བྱ་སྟེ། འདི་ནི་རླུང་གི་རིམས་སོ།། འདི་ནི་མཁྲིས་པའི་རིམས་སོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ།། དེ་ལ་འདིར་རོ་ནི་གང་རོ་རྗེས་ནི་གང་ཞེ་ན། དེའི་ཕྱིར་སྨྲས་པ
་ནཱིནི། དེ་ལ་གསལ་བར་རོ་ཞེས་བཤད། མི་གསལ་རོ་རྗེས་མཐའ་མར་ནི། ཅུང་ཟད་གསོལ་བ་དག་ཏུའང་འདོད་ཅེས་བྱ་བ་ལ། འབྱུང་བ་ཆེན་པོ་ལྔ་ལས་གྱུར་པའི་སྨོན། རོ་ཐམས་ཅད་ཀྱི་གནས་སུ་གྱུར་པ་དེ་ལ། མངར་བ་ལ་སོགས་རོ་གང་གསལ
་ཞིང་ངེས་པ་ཉིད་ཀྱི་ཚུལ་དུ་ཤེས་པར་འགྱུར་བ་དེ་ལ་ནི་རོ་ཞེས་བྱ་བར་བཤད་དེ། འདི་ནི་མངར་བ་ཉིད་དོ།། འདི་ནི་སྒྱུར་བ་ཉིད་། ཞེས་བྱའོ།། རོ་རེ་རྗེས་ནི་མི་གསལ་བ་ལ་བྱ་སྟེ། སྐྱུ་རུ་ར་ལ་སོགས་པ་གང་ཟ་བ་ན། ལྕེས་གསལ་བ་ཉིད་དུ་མ་རྟོགས
་པ་དེ་ནི་རོ་རྗེས་ཞེས་བྱའོ།། དེ་ནི་ཐ་མར་ཞབས་སུ་ཅུང་ཟད་ཅེས་པ་ཉུང་ཤས་ཤིག་རོ་དང་བཅས་པ་གསལ་བ་དག་ཏུའང་འདོད་པ་ཡིན་ནོ།། དྲིས་པ་མངར་བ་ལ་སོགས་པའི་རོ་ལ་ལྕི་བ་དང་ཡང་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པར་སྨྲ་བར་མི་རགས།
་གང་གི་ཕྱིར་མངར་པོ་ལ་སོགས་པའི་རོ་རྣམས་ནི་ཡོན་ཏན་ཉིད་ཡིན་ལ། ལྕི་བ་ལ་སོགས་པ་ཡང་དེ་བཞིན་དུ་ཡོན་ཏན་ཡིན་ཏེ། དེས་ལྕི་བ་ལ་སོགས་པའི་ཡོན་ཏན་རྣམས་ཀྱི་གནས་མངར་བ་ལ་སོགས་པའི་ཡོན་ཏན་བཤད་པའི་ནི་མི་རིགས་ཏེ། གང
་གི་ཕྱིར་བྱེ་བྲག་པ་དག་གིས་ཡོན་ཏན་ལ་ནི་ཡོན་ཏན་མེད་པ་ཞེས་བཤད་པའི་ཕྱིར་རོ་ཞེ་ན། དེའི་ཕྱིར་སྨྲས་པ་ནི། སྨན་གྱི་སོགས་དང་། རོ་ནི་ས་ལ་སོགས་བརྟེན་པས། མཚུངས་པར་སྤྱོད་པར་ཉེར་གདགས་པས།། རོ་ལས་མིང་དུ་བཏགས་པ་ཡིན་ཞེས
་བྱ་བ་ལ། རོའི་གནས་ལ་སོགས་པ་ལ་ཡང་དག་པར་ན་སྨན་གྱི་ཡོན་ཏན་ལྕི་བ་ལ་སོགས་པ་ཡང་གནས་ཡིན་པར་ནི་འབྲས་བུ་ལས་དཔག་པར་བྱའོ།། དེས་ན་སྨན་གྱི་ཡོན་ཏན་ལྕི་བ་ཡིན་ལ། ལྕི་བ་དེ་ནི་བསྟེན་པའི་རོ་ཡང་ཡོན་ཏན་ལྕི་བ་ཡིན་པར་མཚངས
་ཤིང་ཐུན་མོང་དུ་སྤྱོད་པ་ཡིན་ཏེ། ལྷན་ཅིག་སྤྱོད་པས་ན་མཚུངས་པར་སྤྱོད་པ་ཞེས་བྱའོ།། ཉེ་བར་གདགས་པ་ནི་ཆ་འདྲ་བར་སྤྱོད་པ་སྟེ། གཞན་གྱི་ཆོས་དང་མཚུངས་པར་བསྒྲིའོ།། དེ་ལྟར་ན་མཚུངས་པར་སྤྱོད་པའི་ཉེ་བར་གདགས་པས་ཆ་འདྲ་བས་ལྔ
་ལ་སོགས་པའི་ཡོན་ཏན་ནི། རོ་ལ་སོགས་པ་ལ་ཡོད་པར་བཏགསོ་པ་ཡིན་གྱི། ཡང་དག་པར་རོ་ལ་ལྕི་བ་ལ་སོགས་པའི་ཡོན་ཏན་ཡོད་པ་ནི་མ་ཡིན་ནོ།། དེ་བས་ན་རོ་གཙོ་བོར་གྱུར་པ་ལས་མིང་དུ་སྒྲོས་བཏགས་པ་ཡིན་ནོ།།
་སའི་སྨན་ལྷོ་དང་སྡོམ།། སྲ་ནང་དྲ་ལས་ཤས་རབ་ཆེ།། ལྕི་ནིང་བརྟན་དང་འདུས་པ་དང་།། ཉེ་བར་འཕེལ་བར་བྱེད་བ་ཡིན་ཞེས་བྱ་བ་ལ། ད་ལ་ད་ནེ་སྣ་པ་དེ་རྣམས་ཀྱི་ནང་ནུས་སའི་རང་བནན་ཅན་གྱི་སྨན་ན་སྨཻ་བ
་སོགས་པའི་ཡོན་ཏན་དང་ལྡན་པ་དང་། དྲྀ་ཞེས་བྱ་བའི་ཡོན་ཏན་གྱི་ཤེས་རབ་ཏུ་ཆེ་བ་ཡིན་ཏེ། སའི་རང་བཞིན་ཅན་གྱི་སྨན་དེའི་ལས་ནི། ལུས་ལ་སོགས་པ་ལྕི་བ་ལ་སོགས་པ་བྱེད་པ་ཡིན་ནོ།། དེ་ལ་ལྕི་བ་ནི་འཇུ་དཀའ་ཞིང་ལྕི་བར་གྱུར་པ་ཉིད་དོ།། བརྟན
་པ་ནི་ལུས་བརྟས་པ་ར་བྱེད་པའོ།། འདུས་པ་ནི་ཡོན་ལག་མཁྲེགས་ཤིང་སྲ་བའོ།། ཉེ་བར་འཕེལ་བ་ནི་ལུས་ཟུངས་རྣམས་རྒྱས་པར་བྱེད་པའོ།། ཆུ་ཡི་གཤེར་དང་ལྕི་བསིལ་སྣུམ།། རྟུལ་ཞིང་བསྐ་ལ་དྲི་ཤས་ཆེ།། འཇམ་ཞིང་བད་ཀན་འདྲ་བ་ལ།། འདྲུལ་ཞིང་ཚིམ
་བྱེད་སྡུང་པར་བྱེད་ཅེས་བྱ་བ་ལ། ཆུའི་རང་བཞིན་ཅན་གྱི་སྨན་ནི་གཤེར་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དང་། རོའི་ཡོན་ཏན་གྱི་ཤས་ཆེ་བ་ཡིན་ནོ།། དེ་ལུས་ལ་སྦྱར་ནི་ལུས་འཇམ་ཞིང་སྣུམ་པར་བྱེད་པ་དང་། རྩ་སྦུབས་གཤེར་ཞིང་བད་ཀན་འདྲ་བ
་འའཛག་པ་དང་། ཟས་འདུལ་ཞིང་མྱགས་པ་དང་། སེམས་ཚིམ་ཞིང་ངོམས་པར་བྱེད་པ་དང་། ཚོགས་དང་རྐང་ལག་སྡུད་ཅིང་འབྱོར་པར་བྱེད་པ་ཡིན་ནོ།། མེ་ཡི་རྩུབ་རྣོ་ཆ་ཞིང་སྐམ།། ཕྲ་ཞིང་གཟུགས་ཀྱི་ཡོན་ཏན་ཆེ།། ཚ་ཞིང་འབར་ལ་མདོག་སྐྱེད་ཅིང་།།
་གསལ་ཞིང་སྨིན་པའི་བདག་ཉིད་ཅན་ཞེས་བྱ་བ་ལ་མེའི་རང་བཞིན་ཅན་གྱི་སྨན་ནི་རྩུབ་པ་ལ་སོགས་པའི་ཡོན་ཏན་དང་ལྡན་ཞིང་། དེ་ནི་གཟུགས་ཀྱི་ཡོན་ཏན་གྱི་ཤས་ཆེ་བ་ཡིན་ནོ།། དེ་ཟོས་ཤིང་སྤྱད་ན་ལུས་ཚ་བར་བྱེད་པ་དང་། མདངས་འབོར་བར་བྱེད
་པ་དང་། ལུས་ཀྱི་མདོག་སྐྱེད་པ་དང་། གསལ་ཞིང་སྣང་བ་དང་ལྡན་པ་དང་། ཟས་སྨིན་ཅིང་འཇུ་བར་བྱེད་པའི་ཡོན་ཏན་ཅན་ཡིན་ནོ།། རླུང་གི་རྩུབ་ཅིང་ཁྱབ་ལ་ཡང་།། རེག་པའི་ཡོན་ཏན་ཤས་ཆེ་ཡིན།། རྩུབ་ཅིང་ཡང་ལ་དྲི་མ་མེད།། རྣམ་དཔྱོད་ན་བར་བྱེད་པ
་ཡིན་ཞེས་བྱ་བ་ལ། རླུང་གི་རང་བཞིན་ཅན་གྱི་སྨན་ནི། ནུབ་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དང་། རེག་པའི་ཡོན་ཏན་གྱི་ཤེས་ཆེ་བ་ཡིན་ལ། དེ་ལུས་ལ་བརྟེན་ན་ནུབ་པ་དང་ཡང་བ་དང་། དྲི་མ་སེལ་བ་ལ་སོགས་པའི་ཡོན་ཏན་གྱི་ལྷས
་བྱེད་པ་ཡིན་ནོ།། ནམ་ཁའི་པྲ་ཞིང་དང་ལ་ཡང་།། སྒྲ་ཡི་ཡོན་ཏན་ཤས་ཆེ་སྟེ།། ཁོང་སྟོང་ཡང་བར་བྱེད་པ་ཡིན།། ཞེས་བྱ་བ་ལ། ན་མཁའི་བདག་ཉིད་ཅན་གྱི་སྤྱན་ནི་པྲ་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དང་། སྒྲའི་ཡོན་ཏན་ཤས་ཆེ་བ་ཡིན་ནོ།།
་དེ་ལུས་ཀྱིས་བསྟེན་ནས་ཁང་དྷཱ་སྟེ། ནང་སྤོང་པོར་བྱེད་པ་དང་། ལྟུང་བར་བྱེད་པ་ཡིན་ནོ།། ས་པདྨད་དང་རྣམ་ཁའོ་ནི་གདུགས་མེད་པ་ཡིན་པས་དོ་བདག་ཉིད་ཅན་གྱི་རྫས་ཡང་བར་གལ་འགྱུར་རྣཾས་པ་ལ། ཉེས་པ་འདི་ཡོད་པ་མ་ཡིན་ཏེ།
་གང་ལ་རྩུབ་པ་དང་། ཁོང་སྟོང་གི་ལས་བྱེད་པ་མང་དུ་མ་སྣང་ལ། དེར་ནི་རླུང་དང་ན་མཁའི་བདག་ཉིད་ཅན་དུ་ཉེ་བར་གནས་པས་མིང་དུ་བཏགས་པ་ཡིན་ཏེ། དཔེར་ན་དད་པ་དང་ཚུལ་ཁྲིམས་དང་། ཐོས་པ་དང་། གཏོང་བ་ལ་སོགས་པའི་ལས་བྱེད་པ
་མཐོང་ན་རིས། སྐྱེས་བུ་དམ་པ་དག་ཡོ་འཛི་ནི་ལྷ་ཡིན་ནི་ནས་ཉེ་བ.རའི་འཇིགས་པར་བྱེད་པ་དང་འདྲའོ།། དེ་ལྟར་འགྲོན་དོན་དང་ནི།། སྦྱར་བ་སྣ་ཚོགས་དབང་གིས་ནི།། སྨན་མིན་ཅི་ཡང་ཡོད་མ་ཡིན།། ཞེས་བྱ་བ་ལ། དེ་ལྟར་འབྱུང་བ་ཆེན་པོ་ལས་བྱུ
་པ་འངས་ན། སྨན་ལྕི་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པས། འགྲོ་བ་སྟེ་འཁོར་བའི་གནས་འདི་ན། སྨན་མ་ཡིན་པར་གྱུར་པའི་རྫས་ཅི་ཡང་ཡོད་པ་མ་ཡིན་ཏེ། གཞན་དུ་ན་ཐམས་ཅད་ཀྱང་སྨན་ཉིད་ཡིན
་ནོ།། གང་གི་དབང་གིས་ཤེ་ན་སྣ་ཚོགས་དོན་དང་ནི་སྦྱོར་བའི་དབང་གིས་ཞེས་བྱ་བ་སྟེ། དོན་ནི་དགོས་པ་དང་རྒྱུའོ།། སྦྱོར་བ་ནི་རིགས་པར་སྦྱོར་བ་སྟེ་དེ་དག་སྣ་ཚོགས་པར་བྱས་པའི་དོན་དང་སྦྱོར་བ་དག་གི་དབང་གིས་རྫས་གང་ཅི་ཡང་རུང
་བ་དེ་ཐམས་ཅད་ནད་སེལ་བར་བྱེད་པའི་དགོས་པ་བྱེད་པ་སྨན་ཉིད་ཡིན་ནོ།། དེ་ཡང་ཇི་ལྟར་གྱེན་དུ་ཉེས་པ་སེལ་བར་བྱེད་ནུས་པའི་དགོས་པ་དེའི་དོན་བྱེད་པར་ནུས་པ་དག་གིས་སྟོང་དུ་ཉེས་པ་སེལ་ཏེ། མེ་དང་རླུང་གི་ཤས་ཆེ་བའི་སྨན་གང
་ཡིན་པ་དག་ཕལ་ཆེར་དེ་བྱེད་པར་ནུས་པ་ཡིན་ཏེ། རླུང་ནི་འབར་བར་བྱེད་པ་དང་། མེ་ནི་རིང་དུ་འབར་བར་བྱེད་པ་ཡིན་པའི་ཕྱིར་རོ།། དེ་བས་ན་རོ་སྟོད་ཀྱི་ནད་བསལ་བའི་དོན་གྱི་དབང་གིས་མེ་དང་རླུང་ཤས་ཆེ་བའི་སྨན་གང་ཡིན་པ་དེ་རྣམས
་དེའི་སྨན་ཡིན་ནོ།། འོག་གི་ཉེས་པ་སེལ་བར་ནུས་པའི་སྨན་ནི་དོན་དེ་སྒྲུབ་པར་བྱེད་ནུས་པ་དང་། ས་དང་ཆུ་ཤས་ཆེ་བའི་སྨན་གང་ཡིན་པ་དག་ཕལ་ཆེར་དེའི་ནུས་པ་དང་ལྡན་པ་ཡིན་ཏེ། ས་ནི་ལྕི་བ་ཉིད་དང་། དྲི་དང་རོ་ན་ཆུའི་རང་བཞིན་ཡིན་ཏེ།
་དེ་ལྟར་ན་འོག་གི་ནད་སེལ་བའི་རྒྱུའི་དབང་གིས་ས་དང་ཆུའི་ཤས་ཆེ་བའི་རྫས་གང་ཡིན་པ་དེ། དེའི་སྨན་ཡིན་གྱི་མི་དང་། རླུང་གི་མ་ཡིན་ལ། སྟོད་ཀྱི་ཉེས་པ་སེལ་བ་ནི་ས་དང་ཆུའི་ཤས་ཆེ་བ་དག་མ་ཡིན་ནོ།། དེ་ལྟར་ན་རྒྱུའི་དོན་ནི་དབང
་གི་རྫས་ལ་ལ་འགའ་ཞིག་སྨན་དུ་འགྱུར་པ་ཡིན་གྱི། ཐམས་ཅད་ནས་ཐམས་ཅད་དུ་ནི་མ་ཡིན་ནོ།། དེ་བཞིན་དུ་སྦྱོར་བའི་དབང་གིས་ཀྱང་རྫས་ལ་ལ་དག། ལ་ལར་སྨན་དུ་འགྱུར་བ་ཡིན་གྱི། སྦྱོར་བ་གཅིག་གིས་ནད་ཐམས་ཅད་དང་སྨན་དུ་འགྱུར་པ
་མ་ཡི་ན་མོད་ཀྱི། འོན་ཀྱང་སྦྱོར་བཱི་དབ་ཁ་ཅིག་གླེ་ན་འཚིག་སྨན་དུ་འགྱུར་བ་ཡིན་ཏེ། འདི་ལྟར་བ~ཾ་སོན་ཆ་ལ་སོགས་པའི་སྨན་སྦྱོར་བའི་ཁྱད་པར་གཞན་དག་གིས་སྡོམ་པས་ལྷག་པར་འགྱུར་པོ་ཡིན་ལ། གཞན་དག་གིས་ཀྱང་གཞན་དུ་འགྱུར་གྱི།
་གཅིག་གིས་ཐམས་ཅད་བྱེད་པ་ནི་མ་ཡིན་ནོ།། དེ་བས་ན་སྦྱོར་བའི་དབང་གིས་ཀྱང་རྫས་ཐམས་ཅད་སྨན་ཡིན་ནོ།། དེ་ལ་སྨན་ནི་གྱེན་དུ་འགྲོ། ཕལ་ཆེར་མེ་དང་རླུང་ཤས་ཆེ་ཞེས་བྱ་བ་དེ་ལ། སྨན་གྱི་རིགས་དེ་རྣམས་ཀྱི་ནང་ནས། གྱེན་དུ་འགྲོ་ཞིང་སྟེང
་དུ་རྒྱུ་བའི་སྨན་སྨོན་པར་བྱེད་པ་ནི་ཕལ་ཆེར་ཞེས་པ་མང་དུ་མེ་དང་རླུང་གིས་ཤས་ཆེ་བ་སྟེ། མེ་དང་རླུང་གི་བདག་ཉིད་ཅན་ཡིན་ཏེ། དེ་ཡང་གང་གི་ཕྱིར་གྱེན་དུ་འགྲོ་བས་མཽ་ཡིན་པ་དང་། ཡང་བས་རླུང་ཡིན་པར་ཤེས་པར་བྱའོ།། ཐུར་དུ་འགྲོ་བ
་པའི་ཚར་ནི།། ས་ཆུའི་ཡོན་ཏན་ཤས་ཆ་ཡིན་ཞེས་བྱ་བ་ལ། སྨན་དུ་འགྲོ་ཞིང་འོག་ཏུ་རྒྱུ་བས་འཁྲུ་བར་བྱེད་པའི་ཚུལ་གང་ཡིན་པ་དེ་ནི། ས་དང་ཆུའི་ཤས་ཆེ་བ་ཡིན་ཏེ། དེ་གཉིས་ནི་ས་ལྕི་བ་དང་། ཆུ་གཞོལ་ཕྱོགས་སུ་འགྲོ་བ་ཡིན་པའི
་ཕྱིར་རོ།། དེ་ལྟར་སྨན་ནོ་ཞེས་བྱ་བ་ལ། དེ་ལྟར་ཞེས་བྱ་བའི་སྒྲ་ནི་ཡོངས་སུ་རྫོགས་པ་ལ་བྱ་སྟེ། སྨན་གྱི་ཕྱིར་སྐྱེ་བར་བྱ་བ་གང་དག་ཡོད་པ་དེ་ཐམས་ཅད་རྫོགས་སོ་ཞེས་བྱ་བའི་དོན་ནོ།། ཆ་འདྲེས་པའི་བདག་ཉིད་ཅན་གྱི་སྨན་དང་། སྟེང་དང
་འོག་གིཉིས་པ་ཆ་མཉམ་པར་སེལ་བའི་སྨན་ནི། སྔར་སོ་སོར་བསྟན་པའི་དོན་གྱིས་ཤུགས་ཀྱིས་ཤེས་པར་འགྱུར་བའི་ཕྱིར། གཞུང་མངས་པར་འགྱུར་བའི་དོགས་པས། རྒྱུད་གཞན་དག་ལྟར་འདིར་མ་བསྟན་པ
་ཡིན་ནོ།། དེ་ལྟར་སྨན་བསྟན་ནས་དེ་ལ་བརྟེན་པའི་རོ་མངར་བ་ལ་སོགས་པ་གང་ཡིན་པ་དེ་དག་རེ་ཞིག་བསྟན་པར་བྱ་སྟེ། དེ་ནི་རོའི་བྱེ་བྲག་འདི་ནི་འོག་ནས་སྟོན་པ་ཡིན་ཞེས་བྱ་བ་ཡིན་ཏེ། རོའི་བྱེ་བྲག་དྲུག་ཅུ་རྩ་གསུམ་གྱི་གྲངས་སུ་ངེས་པར་ཆད་པར་འདིའི།
་འོག་ནས་ཞེས་པ། རོ་ཐ་དད་པ་ཞེས་བྱ་བའི་ལེའུ་ལས་གཞུང་རྩོམ་པར་བྱེད་པས་སྟོན་ཅིང་འཆད་པར་འགྱུར་ཏེ། འདིར་ནི་བཤད་པར་བྱ་བ་མེང་དུ་ཡོད་པས་མ་སྨྲས་པ་ཡིན་ནོ།། དེ་ནི་སྨན་གྱི་ནུས་པ་བཤད་པ་རྩོམ་པར་བྱེད་དེ། དེ་ནི་སྨན་མཐུ་ལས་བཤད་པ
་པ་ནི། ལྕི་སྣུམ་བསིལ་དང་འཇམ་པ་དང་།། ཡང་རྩུབ་ཚེ་དང་རྣོ་བ་སྟེ།། དེ་ལྟར་རྣམ་པ་བརྒྱད་དུ་འདོད་ཅེས་བྱ་བ་ལ། སྨན་གྱི་མཐུ་ནི་ཐམས་ཅད་དུ་ཐོགས་པ་དང་། གཏུགས་པ་མེད་པར་འགྲོ་བ་ཡིན་པས་སྨན་གང་ལ་ཡོན་ཏན་གྱི་རིགས་གང་ནུང
་བླང་ཡོད་པ་དེ་ཐམས་ཅད་ལ་མཐུ་འམ་ནུས་པ་ཞེས་བྱའོ།། དེ་ལ་སློབ་དཔོན་གཞན་དག་གིས་བཤད་པོ་ནི། སྨན་གྱི་མཐུ་ལྕི་བ་ལ་སོགས་པའི་ཡོན་ཏན་གྱི་དབྱེ་བ་རྣམ་པ་བརྒྱད་དུ་འཆང་དེ། དེ་ལྟར་རྣམ་པ་འདིས་ནི་གྲངས་ཀྱི་རྣམ་པ་བརྒྱད
་ཡིན་པར་བློན་པོ་དག་འདོད་ཅིང་འཆད་ཀྱིས། རྣམ་པ་གཞན་གྱིས་ནི་རྣམ་གྲངས་ཀྱི་ངེས་པ་གཞན་དུ་འདོད་དོ།། སྨན་འཐུ་ཙ་ར་ཀས་བཤད་པ། གང་གི་བྱ་བ་གང་བྱེད་པ།། མཐུ་མིན་ཅི་ཡང་མི་བྱེད་ཀྱི།། དེ་དག་ཐམས་ཅད་མཐུ་ཡིན་བྱེད།། ཅེས
་བྱ་བ་ལ། དྲང་སྲོང་ཙ་ར་ཀས་སྨན་གྱི་མཐུ་འམ། ནུས་པ་བཤད་ཅིང་བསྟན་པ་ནི། དངོས་པོ་གང་གིས་བྱེད་པ་གང་ལ་ཞུགས་ཤིང་བྱ་བ་གང་ཞིག་བྱེད་ཅིང་རྫོགས་པར་གྱུར་པའི་དངོས་པོའི་རང་བཞིན་ཏེ། དེའི་མཐུ་ཡིན་ནོ་ཞེས་མཐོ་བཙུན་དྲང
་སྲེ་ཙ་ར་ཀས་བཤད་དོ།། མཐུ་གང་གིས་བྱས་པ་བྱུང་བ་ཞེས་བྱ་བའི་ཚིག་གིས་ན། ནུས་པ་ནི་མཐུ་ཡིན་ཞིང་རོ་ཡང་མཐུ་ཡིན་ལ། དེ་བཞིན་དུ་སྨན་ལ་བརྟེན་པའི་ཡོན་ཏནྡ་ལྕི་བ་ལ་སོགས་པ་གང་ཅི་ཡང་རུང་བ་དེ་ཐམས་ཅད་ནི། སྨན་དེའི་མཐུ
་ཞེས་བྱ་སྟེ། ནུས་པ་ཉིད་ལས་མ་འདས་པ་མཐུ་བྱུང་བ་ཡིན་ནོ།། སྤྱིར་ནི་སྤྱན་དེའི་མཐུ་ལ་སློབ་དཔོན་རྣམས་ཐ་དད་པར་འདོད་དེ། སློབ་དཔོན་ལ་ལིས་ནི་ལྕི་བ་ལ་སོགས་པའི་ཡོན་ཏན་བརྒྱུད་ལ་མཐུ་ཡིན་པར་འདོད་དེ། དེ་རྣམས་ནི་ཁྱང་བར
་ཅན་ཉིད་ལ་མཐུར་འདོད་ཀྱི། ནུས་པ་ཕྲ་མོ་ཙ་མོ་ལ་ནི་མི་འདོད་དོ།། གལ་ཏེ་ནུས་པ་ཕྲ་མོ་ཙམ་ལ་མཐུར་འདོད་ན་ནི། ལྕི་བ་ལ་སོགས་པའི་ཡོན་ཏན་བརྒྱད་པའི་ཆ་ཕྲ་མོ་དངོས་པོ་ཐམས་ཅད་ལ་ཡོད་པར་འགྱུར་བས་མི་རིགས་པ་ཡིན་ནོ།། དེའི་ཕྱིར
་ཁྱད་པར་ཅན་གྱི་ནུས་པ་དང་ལྡན་པའི་ལྕི་བ་ལ་སོགས་པའི་ཡོན་ཏན་བརྒྱུད་ལ་མཐུ་ཞེས་བྱ་བའི་མིང་ཐོབ་པ་ཡིན་ནོ།། དེས་ན་ཡོན་ཏན་ནི་བརྒྱད་པོ་དེ་དག་ཉིད་ཡིན་ནོ།། དེ་ཡང་གང་གི་སྦྱོར་བས་བྱེད་པས་བྱེད།། རྫས་དེའི་ནུས་པ་ཡིན་ཞེས་བྱ་བ་ཡིན
་ནིདེ་ལྟར་ན་དྲང་སྲོང་ཙ་ར་ཀའི་འདོད་ཀྱིས་སྤྱན་གང་ལ། ཡོན་ཏན་གྱི་རིགས་གང་དག་ཡོད་པ་དེ་ཐམས་ཅད་སྨན་དེའི་མཐུ་ཡིན་གྱི་མཐུ་དང་བྲལ་ཞིང་། མཐུ་མ་ཡིན་པས་ནི་དངོས་པོའི་རིགས་དེས་བྱ་བ་ཅི་ཡང་མི་བྱེད་དེ། བྱ་བ་གང་ཞིག་ཀྱང
་རྫོགས་པར་མི་ནུས་སོ།། དེས་ན་བྱ་བ་དེ་དག་ཐམས་ཅད་མཐུ་ཡིས་བྱེད་ཅིང་ནུས་པས་རྫོགས་པར་བྱེད་པ་ཡིན་ནོ།། གལ་ཏེ་དེ་ལྟར་བྱ་བ་ཐམས་ཅད་མཐུ་ཡིན་ན། ཅིའི་ཕྱིར་ལྕི་བ་ལ་སོགས་པའི་ཡོན་ཏན་བརྒྱད་པོ
་ཉིད་ལ་མཐུ་ཞེས་བྱའི། རོ་ལ་སོགས་པའི་ཡོན་ཏན་དག་ལ་མཐུ་ཞེས་ཅིའི་ཕྱིར་མི་བྱ། དེ་དག་གིས་ཀྱང་བྱ་བ་དེ་ནི་བྱེད་པ་ཉིད་དོ་ཞེ་ན། དེའི་ཕྱིར་སྐྱེས་པ་ནི། དེས་ན་ལྕེ་ལ་སོགས་ཤིང་།། ནུས་པའི་ཁྱད་པར་ལྡན་པ་དང་།། ཡོན་ཏན་མ་ལུས་སྙིང་པོར
་ནི། གྱུར་པས་མཐུ་ཞེས་བཤད་པ་དག། དོན་དང་མཐུན་པར་བཏགས་པ་ཡིན།། ཞེས་བྱ་བ་ལ། དེས་ན་སློབ་དཔོན་དྲང་སྲོང་ཙ་ར་ཀས་ལྕི་བ་ལ་སོགས་བའི་ཡོན་ཏན་བརྒྱད་པོ་ཉིད་ནི་ནུས་པའི་ཁྱད་པར་དང་ལྡན་པ་ཡིན་ཞིང་། ཡོན་ཏན་མ་ལུས་པའི་སྙིང
་པོར་གྱུར་པ་ཡིན་པས། མཐུ་ཞེས་བཤད་ཅིང་རུས་པ་ཞེས་མིང་དུ་བཏགས་པ་དེ་ནི་གཞུང་དང་དོན་མཐུན་ཙང་དོན་དང་ལྡན་པར་མིང་དུ་བཏགས་པ་ཡིན་ནོ།། དེ་ལ་ནུས་པའི་ཁྱད་པར་དང་ལྡན་པ་ནི་ཡོན་ཏན་ལྷག་མ་ཉིད་དེ་ཕུལ་དུ་བྱུང་བའི་ནུས་པའོ།།
་ཡོན་ཏན་མ་ལུས་པའི་སྙིང་པོ་ནི་ཡོན་ཏན་མཐའ་དག་གིས་དམ་པར་གྱུར་པའོ།། ཐ་སྙད་ནི་འཇིག་རྟེན་པ་དང་། བསྟན་བཅོས་ཀྱི་བརྟགས་པ་རྣམས་སོ།། དེ་ལས་ཀྱང་འདི་རྣམས་ནི་ཐ་སྙད་གཙོ་བོ་ཉིད་ཡིན་ནོ།། དེ་ཡང་འཇིག་རྟེན་པ་རྣམས་འདི་སྐད
་སྨྲ་བ་དག་ཐོས་ཤིང་མཐོང་སྟེ། འདི་ནི་ལྕི་བའོ་འདི་ནི་ཡང་བའོ།། འདིའི་ཡོན་ཏན་ནི་འདི་ལྟ་བུའོ་ཞེས་ཟེར་བ་དང་དེ་བཞིན་དུ་བསྟན་བཅོས་ལས། གཅེས་པ་མང་དུ་ཡོད་ན་ཡང་།། ཐ་སྙད་གཙོ་བོ་ཉིད་ཀྱིས་ཡིན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན
་ནོ།། གཞན་ཡང་གཅེས་པ་མང་དུ་སྨོས་ཞེས་བྱ་བ་ཡིན་ཏེ། ལྕི་བ་ལ་སོགས་པ་དེ་ནི་གཅེས་པར་མང་དུ་སྨོས་པ་ཡིན་གྱི། རོ་ལ་སོགས་པ་རྣམས་ནི་དེ་ལྟ་མ་ཡིན་པ་དང་། དེ་བཞིན་དུ་གཙོ་བོ་ཉིད་དུ་སྨོས་པ་ཡང་ཡིན་ཏེ། རོ་ལ་སོགས་པའི་ཡོན
་ཏན་ལས་དེ་རྣམས་མཆོག་ཏུ་བཟུང་བར་འོག་ནས་བཤད་དེ། བད་ཀན་ལ་སོགས་པའི་ནད་ཀྱི་རང་བཞིན་བརྟག་པ་ན། རང་རང་གི་ཡོན་ཏན་ལྕི་བ་ལ་སོགས་པ་ཡོད་པར་བརྟན་པ་དང་། བད་ཀན་ལྕི་ཞིང་བསིལ་བ་ལ་སྣུམ་ཞེས་བཤད་ཀྱི་མངར་བར
་མ་བཤད་པ་དང་། མཁྲིས་པ་སྣུམ་བཅས་བསིལ་ཞིང་ཚ་ཞེས་བཤད་ཀྱི། ཡང་བར་མ་བཤད་པ་ཡིན་ནོ།། དེ་བས་གོ་ནི་བཟློག་པའི་ཕྱིར།། དེ་ནི་རོ་ལ་སོགས་པ་ལ།། སྲིད་དུ་ཟིན་ཀྱང་མ་བཤད་དེ་དེ་བས་ལྕི་ལ་སོགས་པ་ཡིན་ཞེས་བྱ་བ་ལ། དེ་བུ
་དེ་ལྟར་བསྟན་པའི་རྒྱུ་འདིས་ན་ཡོན་ཏན་མ་ལུས་པའི་སྙིང་པོར་གྱུར་པ་ལ་སོགས་པ་ལ། གང་གོ་བཟློག་པར་གྱུར་པའི་རོ་ལ་སོགས་པ་ཞེས་པ་སྟེ། རོ་དང་འཇུ་བ་ལ་སོགས་པའི་ཡོན་ཏན་གཞན་དག་ལ་དེ་སྲིད་ཀྱང་ཞེས་བྱ་བ། མཐུ་ཞེས་བྱ་བ་དེ་ཡོད
་དུ་ཟིན་ཀྱང་། གཙོ་བོར་མ་གྱུར་པས་མཐུ་ཞེས་དེ་ལ་མ་བཤད་པ་ཡིན་ནོ།། དེ་བས་ན་ལྕི་བ་ལ་སོགས་པ་ཉིད་མཐུ་ཡིན་གྱི། རོ་ལ་སོགས་པ་ནི་མ་ཡིན་ནོ།། གཞན་དག་ཆ་དང་བསིལ་ཉིད་གཉིས།། སྟོབས་ཡིན་ཞེས་ཀྱང་སྟོན་པར་བྱེད་ཅེས་བྱ་བ་ལ
་སློབ་དཔོན་གཞན་དག་ནི་སྨན་གྱི་ཚ་བ་དང་བསིལ་བ་གཉིས་ལ་མཐུ་ཞེས་བྱའོ།། ཞེས་སྟོན་ཏོ།། ཉིད་ཅེས་བྱ་བ་ནི་ངེས་པར་གཟུང་བའོ།། དེ་ཡང་རྫས་གང་གིས་བྱ་བ་གང་བྱེད་པ་སྟེ། དེའི་མཐུ་ཞེས་བྱའི། ལྕི་བ་ལ་སོགས་པའི་ཡོན་ཏནརྀ་བརྒྱད
་ནི། མཐུ་མ་ཡིན་ནོ།། དེ་ཡང་ཚ་བ་དང་བསིལ་བའི་མཚན་ཉིད་ཅན་གྱི་མཐུ་གཉིས་པོ་འདིར་སྔར་བཤད་པའི་སྟོབས་སྔར་འདུས་པ་ཡིན་པའི་ཕྱིར་རོ།། འདིར་དེའི་གཏན་ཚིགས་སྨྲས་པ་ནི། སྨན་ནི་སྣ་ཚོགས་བདག
་ཉིད་ཅན། ཉི་མ་ཟླ་བའི་སྟོབས་ཅན་ཡིན།། འགྲོ་འདི་གསལ་དང་མི་གསལ་ལས།། ནམ་ཡང་འདར་བར་མི་འགྱུར་རོ།། ཞེས་བྱ་བ་ལ། གང་འད་འགྲོ་བ་ནི་སྨན་རྣམས་ནི་ངོ་བོ་ཉིད་གཅིག་ཀྱང་སྨན་སྣ་ཚོགས་པའི་བདག་ཉིད་དུ་སྣང་ལི། དེ་ཡང་ཉི་མ
་དང་ཟླ་བ་ཉིད་ནི་སྟོབས་ཆེ་བ་ཡིན་པས་ན། དེའི་རང་བཞིན་ལས་འདའ་བར་མི་བྱེད་དེ། དེའི་བདག་ཉིད་ཅན་ཡིན་པོའི་ཕྱིར་རོ།། དེ་ལ་རེ་ཞིག་རྫུས་འདི་དག་སྣ་ཚོགས་དག་ཀྱང་ཉི་མ་དང་ཟླ་བའི་རང་བཞིན་འདའ་བར་མི་བྱེད་ཅེ་ན། དེའི་དཔེ་བསྟན་པའི
་ཕྱིར་འོག་མ་འདི་སྨོས་པ་ཡིན་ཏེ། ཇི་ལྟར་འགྲོ་བ་འདི་དག་ནི་གསལ་བ་དང་མི་གསལ་བར་སྣང་བའི་ཆོས་ལས་ནམ་ཡང་འདའ་བར་མི་འགྱུར་རོ།། དེ་བཞིན་དུ་རྒྱུ་བ་དང་མི་རྒྱུ་བའི་ཚུལ་གྱིས་སྣ་ཚོགས་པའི་བདག་ཉིད་ཅན་དུ་གནས་པ་དག་ཀྱང་། ཟླ་བ
་དོདང་ཉི་མའི་རང་བཞིན་ལས་འདའ་བར་མི་བྱེད་དེ། དེ་ལྟར་ན་སྨན་ལ་ལ་ནི་ཉི་མའི་རང་བཞིན་ཅན་ཡིན་ལ། སྨན་ལ་ལ་ནི་ཟླ་བའི་རང་བཞིན་ཅན་ཡིན་ནོ།། དེ་བས་ན་ལ་ལ་ནི་ཚ་བའི་མཐུ་ཅན་ཡིན་ལ། ལ་ལ་ནི་གྲང་བའི་མཐུ་ཅན་ཡིན་ནོ།། དེ་ལ་ཚ་བ
་མགོ་འཁོར་སྐོམ།། རྨྱ་རྡུལ་ཚ་ཞིང་མྱུར་འཇུ་བྱེང་།། རླུང་དང་བང་ཀན་ཞི་བར་བྱེད་ཅེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་ཚ་བ་དང་བསིལ་བའི་མཐུ་གཉིས་ཀྱི་ནང་ན། སྨན་ཚ་བའི་མཐུ་ཅན་ནི་མགོ་འཁོར་བ་ལ་སོགས་པ་བྱེད་དོ།། མྱུར་འཇུ་བྱེད་ཅེས
་བྱ་བ་ནི་ཟས་མྱུར་བ་ཉིད་དུ་འཇུ་བར་འགྱུར་རོ།། རླུང་དང་བད་ཀུན་གཉིས་ཞི་བར་བྱེད་པ་ནི། རླུང་ནང་དང་བད་ཀན་གྱི་ནང་སེལ་བར་བྱེད་པའོ།། བསིལ་བ་དག་ནི་ཚིམ་བྱེད་ཅིང་།། འཚོ་དང་རུངས་པར་བྱེད་པ་དང་།། ཁྲག་དང་མཁྲིས་པ་རབ་དང་བྱེད
་ཅེས་བྱ་བ་ལ། སྨན་བསིལ་ཞིང་སྟོབས་གྲང་བ་དང་ལྡན་པ་ནི་ཚིམ་པར་བྱེད་པོ་ལ་སོགས་པ་དང་། ཁྲག་དང་མཁྲིས་པ་རབ་ཏུ་དང་བར་བྱེད་དོ།། དེ་ལ་ཚིམ་པ་ནི་བྱིང་བ་སྐྱེད་པར་བྱེད་པའོ།། འཚོ་བ་ནི་གཟི་མདྲངས་འཕེལ་བར་བྱེད་པའོ།། རིངས
་པར་བྱེད་པ་ནི་ལུས་ཤིང་རེངས་པར་བྱེད་པའོ།། ཁྲག་དུང་མཁྲིས་པ་རབ་ཏུ་དང་བ་ནི་དེ་དག་གསལ་ཞིང་རྙོག་པ་མེད་པར་བྱེད་པའོ།། ད་ནི་ཕོ་བའི་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པའི་རྫས་འཇུ་བ་སྨྲས་པ་ཡིན་ཏེ། ཕོ་བིའི་མེ་དང་ཕྲད་པ
་ལས། གང་ཞིག་རོ་གཞན་བྱུང་གྱུར་པོའི།། རོ་རྣམས་ཀྱི་ནི་མཐར་ཞུ་བ།། དེ་ནི་ཞུ་བ་ཞེས་བཤད་དོ།། ཞེས་བྱ་བ་ལ། ཕོ་བོའི་མེ་དང་སྨན་ཕྲད་ཅིང་འདུས་པ་ལས་གང་རོ་གཞན་དུ་འགྱུར་བ་སྟེ། མངར་བ་ལ་སོགས་པའི་རོ་གཞན་དག་ཏུ་བྱུང་བར་གྱུར་པ
་ཟས་ཀྱི་མཐར་ཐུག་པ་ན། མངར་བ་དང་། སྒྱུར་བ་དང་། ཚ་བའི་རོ་རྣམས་ཀྱི་ནུ་བའི་ཐ་མར་གང་ཞིག་ཞུ་ཞིང་སྨིན་པར་གྱུར་པ་དེ་ནི་ནུ་བ་ཞེས་བྱའོ།། ཞེས་དྲང་སྲོང་དག་གིས་བཤིང་ངོ་།། ཇི་ལྟར་མངར་བའི་རོ་བོས་པ་ན། དང་པའི
་ཁྱད་པར་འབྱུང་བར་གྱུར་པ་དེ་ནི་བསྟན་བཅོས་ཤེས་པ་དག་གིས་ཞུ་བ་ཡིན་ནོ་ཞེས་བཤད་དོ།། དེ་ཉིད་ཕྱིར་སྨྲས་པ་ནི། མངར་དང་ལན་ཚྭ་ཞུ་རྗེས་མངར།། སྒྱུར་བའི་ནུ་རྗེས་སྒྱུར་བ་ཡིན།། ཁ་དང་ཚ་དང་བསྐ་བ་རྣམས།། ཞུ་རྗེས་ཕལ་ཆེར་ཁ་བ་ཡིན།། སྐེ
་བྱ་བ་ལ། མངར་བ་ནི་རོ་ཞིམ་པའོ།། ལན་ཚ་ནི་ཚྭ་རྣམས་ཏེ། དེ་གཉིས་ནི་ཞུ་བའི་རྗེས་མངར་བའོ།། རོ་སྒྱུར་བ་ཟོས་པའི་རྗེས་ཀྱང་སྦྱར་བ་ཉིད་ཡིན་ནོ།། རོ་ཁ་བ་དང་། ཚ་བ་དང་། བསྐ་བ་རྣམས་ནི་ཕལ་ཆེར
་ཁ་བར་འཇུ་བ་ཡིན་ནོ།། དེ་ལ་ཕལ་ཆེར་ཞེས་སྨོས་པ་ནི། ཁ་ཅིག་ཏུ་འདིར་སྨོས་པ་དང་། མི་མཐུན་པར་ཡོད་དོ།། འབྲུ་ལ་གནས་པའི་རོ་མ་ཌིངར་བ་ནི་ཞུ་བའི་རྗེས་སྐྱ་རེ་བར་འགྱུར་ལ། དེས་ན་འབྲུ་ནི་རོ་མངར་ཡང་ཞུ་རྗེས་སྦྱར་བ་ཡིན་པས།
་མཁྲིས་པ་བསྐྱེད་ཅིང་ལྕི་བ་ཡིན་ནོ།། དེ་བཞིན་དུ་ཨ་རུ་ར་དང་། བཅའ་སྒ་དང་། སྒེའུ་གཤེར་དང་། བི་པི་ལིང་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ།། དེ་ཡང་བསྡུ་ཚོས་པ་ལས། འབྲུ་ནི་མངར་དང་སྐྱུར་བ་ཉིད།། དེ་བཞིནསེའུ་སྐྱར་ཡང
་མངར། ཏིལ་མོར་ཁ་བར་གྱུར་པ་དང་།། པི་པི་ལིང་ཡང་བསྐ་བར་འགྱུར།། ཞེས་བཤད་པ་ཡིན་ནོ།། དེ་ལྟར་ན་འབྲུ་ནི་མངར་དུ་ཟིན་ཀྱང་ཞུ་པའི་རྗེས་སྐྱུར་བར་འགྱུར་བ་དང་། སེའུ་སྐྱུར་ཡང་མངར་བར་འོའི་གྱུར་པ་དང་། ཏིལ་མར་སྐྱུར་དུ་ཟིན་ཀྱང
་ཁ་བར་གྱུར་པ་དང་། བི་པི་ལིང་ཚ་བ་ཡང་ཞུ་རྗེས་བསྐ་བར་འགྱུར་བ་ཡིན་ནོ།། དེས་ན་དེ་ལྟར་མི་མཐུན་པ་དག་ཀྱང་ཡོད་པས་ཕལ་ཆེར་ཞེས་སྨོས་པ་ཡིན་པོ་ནོ།། རོ་དང་ཞུ་རྗེས་འབྲས་བུ་མཉམ་ཞེས་བྱ་བ་ལ། རོ་ཞེས་པ་ལྕེའི་ཡུལ་གྱིདུ་གྱུར་པ་མངར
་བ་དང་། སྦྱར་བ་ལ་སོགས་པ་དང་། ཞུ་བའི་རྗེས་འདི་ནི་འབྲས་བུ་མཉམ་ཞིང་མཚུངས་པ་ཡིན་ཏེ། འདི་ལྟར་མངར་བའི་རོ་མྱངས་པ་ན་ལུས་ཚིམ་པར་བྱེད་པ་ལ་སོགས་པ་གང་བྱེད་པ་དེ་ནི་མེ་ཏོག་ལྟ་བུ་ཡིན་ཏེ། རོ་མངར་བ་དེ་ཞུ་བ་དང
་དེ་མཚུངས་པ་ཡིན་ལ། གང་གཞན་རོ་ཞིམ་པ་ལ་སོགས་པའི་བྱ་བ་བྱེད་པ་དེ་ནི། རོ་མངར་བ་དེའི་འབྲས་བུ་ཡིན་པས་ཐམས་ཅད་དུ་མཐུན་པ་ཡིན་ནོ།། རོ་མང་བའི་ལས་ནི་འཇུ་བརྟུལ་བ་དང་། ལུས་ཟུངས་རྒྱས་པ་ལ་སོགས་པའི་ལས་བྱེད་པ་ཡིན
་ནོ། དེ་ལ་སྨན་ནི་བཟང་ངན་དང་། ལ་ལ་རོ་ཡིས་ལས་བྱེད་ལ།། གཞ་ནི་དག་འཇུ་བར་བྱེད་པ་ཡིན།། ཡོན་ཏན་གཞན་དང་ནུས་པ་དང་།། མཐུ་ཡིས་ལ་ལ་བྱེད་པ་ཡིན་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་ངེས་པར་བཟུང་བ་སྟེ། སྨན་དང་། རོ་དང་། ནུས་པ་དང་།
་མཐུ་སྟོབས་ཀྱི་ནང་ནས། སྨན་ནི་བཟང་དང་ངན་ཞེས་བྱ་བ་སྟེ་ཡོད་པ་དང་མེད་པའི་ལས་སྨན་ལ་ལ་ནི་རོ་ཡིས་བྱེད་པ་དང་གཞན་དག་ནི་འཇུ་བས་ལས་བྱེད་པ་སྟེ། ལོས་བཟང་ངན་གཞན་དག་ནུས་པས་བྱེད་པ་དང་ལས་གཞན་དང་གཞན་དག་མཐུ
་ཡིས་བྱེད་པ་ཡིན་ནོ།། འདི་དག་ནི་བསྡུས་པ་ལས་རྒྱ་ཆེར་བཤད་དོ།། དཔེར་ན་སྦྲང་རྩི་རོ་མདྲིར་དུ་ཟིན་ཀྱང་འཇུ་བའི་རྗེས་ཁ་བ་དང་། བསྐ་བ་དང་བཅས་པས་བད་ཀན་ཞི་བར་བྱེད་ཅིང་། ནུས་པ་བསིལ་པོར་བྱེད་པས་རླུང་སྐྱེད་པར་བྱེད་དོ།། རླན་ཅན
་གྱི་སའི་ཆུ་ནི་ནུས་པ་དྲོ་བ་ཡིན་པས་མི་ཁྲིས་པ་བསྐྱེད་པར་བྱེད་དོ།། དེ་བཞིན་དུ་ཏིལ་མར་ནི་ཞུ་རྗེས་ཁ་བ་ཉིད་ཀྱིས་བཤང་གཅི་བསྐྱེད་ལ། རང་སྒུར་རྩབ་མོ་ནི་སྒྱུར་ཡང་རྩུབ་ཅིང་དྲོ་བ་ཡིན་པ་དང་བིལླའི་རྐང་ནི་རྩུབ་པས་མཁྲིས་པ་བསྐྱེད་པ་དང་།
་སྐྱུ་རུ་རི་མི་ནུས་པ་བསིལ་བ་དང་། ཞུ་རྗེས་མངར་བས་བང་ཀན་བསྐྱེད་པ་དང་། ཡང་ཞིང་རྩུབ་ཀྱང་རླུང་མི་བསྐྱེད་པ་དང་། ལན་ཚྭ་ལྕེ་མྱང་ཆ་ནི་ནུའི་རྗེས་མངར་སྟོབས་མ་ཁྲིས་པ་སེལ་ཞིང་ཡང་བས་བད་ཀན་ལ་ཕན་པ་དང་། སྤུ་ཤོལོ་རྩེ་དང་།
་བཅའ་སྒ་ནི་སྣུམ་པ་དང་། དྲོ་བ་དང་། ཞུ་རྫས་མངར་བས་རླུང་སེལ་བ་དང་། པི་པི་ལིང་ཡང་དེ་དང་འདྲ་བས་རླུང་སེལ་བ་དང་། སྒོག་སྐྱ་དང་ཀུན་དོང་དག་ནི་སྣུམ་པ་དང་། ཚ་བ་དང་། ལྕི་བས་རླུང་སེལ་བར་བྱེད་ལ།
་དེ་དག་ནི་སྣུམ་པ་དང་། ལྕི་བས་བད་ཀན་སྐྱེད་པར་བྱེད་པ་ཡིན་ནོ།། ལ་ཕུག་རྒང་པོ་ཡང་བུ་རྗེས་མངར་བས་བད་ཀན་སྐྱེད་དོ།། བྲྀ་ཧ་ཏཱི་དང་། ཀཎྛ་ཀཱ་རི་དང་། པི་ཤཱ་ལ་ནི་ནུས་པ་ཆེ་བས་མཁྲིས་པ་སྐྱེད་པར་བྱེད་པ་དང་། ཤ་ནི་ནུས་དྲོ་བས་རླུང
་སེལ་ཅིང་མཁྲིས་པ་བསྐྱེད་པ་དང་། ཀུ་ལཏྠ་ནི་རྀ་བསྐ་ཡང་ཞུ་རྗེས་བསིལ་བས་རླུང་སེལ་ཞིང་མཁྲིས་པ་བསྐྱེད་པ་ཡོན་ནོ།། དེ་ལྟར་ན་དེ་དག་ནི་ཕྱོགས་གཅིག་ཙམ་གྱི་དཔེར་བསྟན་པ་ཡིན་ནོ།། སྨན་གྱི་རོ་སོགས་གང་དང་གང་།། སྟོབས་ལྡན་ཉིད་ཀྱིས
་གནས་བྱེད་དེ།། ཤིན་ཏུ་ཟིལ་མནན་དེ་དང་དེ།། སྒྲུབ་བྱེད་རྒྱུ་ནི་ཉིད་དུ་གནས།། ཞེས་བྱ་བ་ལ། སྨན་གྱི་རིས་སུ་གཏོགས་པའི་རོ་དང་ནུས་པ་དང་། འཇུ་བ་དང་མཐུ་རྣམས་གང་དང་གང་ཡིན་པ་དེ་དག་གི་ནང་ནས། སྟོབས་དང་ལྡན་པ་ཉིད་ཀྱིས་སྨན་ལ
་གནས་པར་བྱེད་པ་དེ་ནི། སྨན་གྱི་རིགས་དེ་ཤིན་ཏུ་ཟིལ་གྱིས་མནན་ཅིང་སྟོབས་ཆུང་བ་གཞན་དག་ཕམ་པར་བྱས་ནས། གནས་པ་དེ་དང་དེ་ནི་བྱ་བ་གང་སྒྲུབ་པར་བྱེད་པ་དེ་དག་ནི། རྒྱུ་ཉིད་དུ་གནས་པར་འགྱུར་ཞིང་།། བསྒྲུབ་པར་བྱ་བ་ཉིད་སྒྲུབ་པར
་བྱེད་པ་ཡིན་ནོ།། དེ་ཡང་རོ་ཡས་ནི་འདི་བྱས་སོ།། ནུས་པས་ནི་འདི་བྱས་སོ།། སྟོབས་ཀྱིས་ནི་འདི་བྱས་སོ།། ཞེས་བྱ་བ་ལྟ་བུའོ།། དོན་འདི་ཉིད་ཀྱིས་དཔེར་བརྗོདད་པ། བསྡུས་པ་ལ་སྤྲོས་ཏེ། བཤད་པ་འདིར་བསྟན་པ་ཡིན་ལ། གང་འདི་ལྟར་རོ་ལ
་སོགས་པའི་རིགས་སུ་གཏོགས་པས་རོ་གཞན་དག་ལ་སྟོབས་དང་ལྡན་པར་གནས་ཤིང་། དེ་དང་དེ་ཉིད་དུ་ཟིལ་གྱིས་མནན་ནས་སྒྲུབ་པའི་རྒྱུ་ཉིད་དུ་བྱེད་ཀྱི། རང་དང་གཞན་གྱི་སྟོབས་ལ་གནས་པ་དང་། སྟོབས་དང་ལྡན་པ་དང་། སྟོབས་ཆུང་བ
་དང་། གཉི་གའི་ཚུལ་གྱིས་རང་རང་གི་ལས་བྱེད་པ་ཡིན་པས་ནཱ། དེའི་ཕྱིར་བསྟན་པར་བྱ་བ་སྨྲས་པ་ནི། ཡོན་ཏན་མི་འཕྲོད་སྦྱར་བ་ཡིན་ཏེ། མང་ངོ་ཉུང་ངུ་ཟིལ་གྱིས་གནོན་ཅེས་བྱ་བ་ཡིན་ཏེ། གང་གི་ཕྱིར་ཡོན་ཏན་མི་འཕྲོང་བ་དག་སྦྱར་ཞིང
་བསྲེས་པ་ན། མང་པོ་སྟོབས་དང་ལྡན་པས། སྟོབས་ཆུང་ངུ་ཟིལ་གྱིས་གནོན་ཅིང་རྒྱལ་བར་བྱེད་དོ།། ཡོན་ཏན་མི་འཕྲོད་ཅེས་བྱ་བ་འདིར་ནི། རྫས་མི་འཕྲོད་པའི་སྦྱོར་བ་ལ་བྱའི། ཡོན་ཏན་མི་འཕྲོད་པ་ཉིད་དུ་སྨྲ་བར་རིགས་པ་མ་ཡིན་ནོ།། དེ
་ཡང་དྲང་སྲོང་ཙ་ར་ཀས་བཤད་པ། སྦྱོར་བ་ནི་རྫས་གཉིས་སམ་རྫས་མང་པོ་སྦྱོར་བ་ཡིན་ལ། དེ་ཡང་མི་འཕྲོད་པ་ནི་གཉིས་ཏེ། རང་བཞིན་མི་འཕྲོད་པ་དང་འབྲ་ས་བུ་མི་འཕྲོད་པའོ།། རང་བཞིན་མི་འབྲོད་པ་ནི་དཔེར་ན་སྨན་ཡང་བ་དང་། ལྕི
་བསྦྱར་བ་དང་། ཚ་བ་དང་བསིལ་བ་སྦྱོར་བ་ལ་སོགས་པའོ།། འབྲས་བུ་མིང་ནྡོ་ད་པ་ནི་དཔེར་ན་རླུང་གི་ནད་གསལ་བའི་ཕྱིར། སྨན་རྩུང་བ་དང་། དྲོ་བ་ལྷན་ཅིག་སྦྱར་བ་དང་། དེ་བཞིན་དུ་བསིལ་བ་དང་། དྲོ་བ་དང་ལྷན་ཅིག་སྦྱར་བ་ལ་སོགས་པའོ།།
་དེ་ལྟར་ན་རང་བཞིན་གྱི་ཡོན་ཏན་མི་འགྲོད་པའི་སྨན་གྱི་སྦྱོར་བ་དང་། དེ་བཞིན་དུ་འབྲས་བུ་མི་འཕྲོད་པའི་སྨན་གྱི་སྦྱོར་བ་ཕན་ཚུན་རིགས་མི་མཐུན་པའི་སྦྱོར་བ་དེ་ལ་ནི། གང་རྫས་ཀྱི་རིགས་ཉུང་ངུ་རྫས་ཀྱི་རིགས་མང་པོ་ས་ཟིལ་གྱིས་མནན་ནས
་དེ་ཉིད་དུ་རྒྱུ་ཉིད་དུ་སྒྲུབ་པར་བྱེད་པར་གནས་པར་མཐོང་ངོ་།། དེ་ཡང་དཔེར་ན་སྦྲང་རྩི་ནི་མངར་དུ་ཟིན་ཀྱང་བང་ཀན་ཞི་བར་བྱེད་དོ།། རོ་མངར་བ་ནི་བད་ཀན་སྐྱེད་པར་བྱེད་པ་ཡིན་ཡང་། སྦྲང་རྩི་བད་ཀན་ཞི་བར་བྱེད་པ་ནི
་མི་མཐུན་པ་མི་འཕྲོད་བའི་ཡོན་ཏན་དང་ལྡན་པའི་ཕྱིར་རོ།། དེ་ལྟར་ན་རིགས་མཐུན་པའི་མཚན་ཉིད་སྦྱོར་བ་ལས་ཀྱང་གང་ཞིག་གང་གིས་ཟིལ་གྱིས་མནན་ནས། རང་རྒྱུད་དུ་གྲུབ་པ་ཡིན་པར་སོམ་ཉོར་གྱུར་པ། དེ་དགག་པར་བྱ་བའི་ཕྱིར་འདིར
་སྨྲས་པ་ནི། རོ་དང་འཇུ་བའི་མཐུ་དང་ནི།། འདིས་ཡི་སྟོབས་ཀྱིས་ཟིལ་གྱིས་གནོན་ཞེས་བྱ་བ་ཡིན་ཏེ། རོ་དང་ནུས་པ་དང་འཇུ་བ་དང་སྟོབས་རྣམས་ནི་ཅི་ལྟར་ལྷན་ཅིག་སྦྱར་ཅིང་ནུས་པ་མཉམ་པ་ཡིན་དུ་ཟིན་ཀྱང་རང་བཞིན་གྱིས་འཛུ་བས་ནི་རོ
་ཟིལ་གྱིས་མནན་ཏེ་དེའི་ནུས་པ་མེད་པར་བྱས་ནས། རང་གི་བྱ་བ་བསྟན་པའི་སྒོ་ནས། འི་ནུས་པ་ཟིལ་གྱིས་མནན་ནས། རང་གི་ནུས་པ་གསལ་བར་སྟོན་ཏོ།། དེ་བཞིན་དུ་རོ་དང་འཇུ་བ་དེ་གཉིས་ཀྱང་མཐུས་ཟིལ་གྱིས་གནོན་ལ། རོ་དང་འཇུ་ཁ་པ་དང་།
་མཐུ་དེ་རྣམས་ཀྱི་སྟོབས་ཀྱིས་ཟིལ་གྱིས་གནོན་པ་ཡིན་ནོ།། རོ་སོགས་དེ་ལྟར་སྟོབས་ནི་མཉམ།། མ་བཅོས་པ་ནི་སྟོབས་དང་ལྡན།། ཞེས་བྱ་བ་ནི། རོ་དང་འཇུ་བ་དང་མཐུ་དང་སྟོབས་ནི། དེ་ལྟར་ཞེས་པ་རྣམ་པ་འདིས་སྟོབས་མཉམ་ཞིང་མཚུངས
་པ་ཡིན་ལ། དེའི་སྟོབས་ནི་རོ་ལ་སོགས་པ་ལ་དམིགས་ནས་མ་བཅོས་པ་གང་ཡིན་པ་དེ་ནི་སྟོབས་དང་ལྡན་པར་བཤད་དེ། རྫས་གང་གི་རོ་མངར་བ་དེ་ཇི་སྐད་བཤད་པ་བཞིན་དུ་འཇུ་བ་མངར་བ་དང་ལྡན་པ་དང་། དེ་བཞིན་དུ་ནུས་པ
་བསིལ་བ་དང་ལྡན་པ་ནི་སྟོབས་ཆེ་བ་ཡིན་ལ། དེ་བཞིན་དུ་རོ་སྒྱུར་བ་ཇི་སྐད་བཤད་པའི་ཞུ་རྗེས་སྒྱུར་བ་དང་ལྡན་ཞིང་། དེ་བཞིན་དུ་ཚྭ་བའི་ནུས་པ་དང་ལྡན་པ་དང་། དེ་བཞིན་དུ་རོ་ཚ་བ་དང་ཇི་སྐད་བཤད་པའི་འཇུ་བའི་ཚ་བ་དང་ལྡན་ཞིང་དྲོ་བའི་ནུས
་པ་དང་ལྡན་པ་དང་། དེ་བཞིན་དུ་འོ་མ་དང་། ཆང་དང་། ན་ལི་ཤམ་ལ་སོགས་པ་ལས་འོ་མེ་ནི་རོ་མངར་ལ་འཇུ་བ་དང་ནུས་པ་བསིལ་བ་དང་། ཆང་ནི་སྐྱར་ལ་འཇུ་བ་དང་ནུས་པ་དྲོ་བ་དང་། ནཱ་ལེ་ཤམ་ནི་རོ་ཚ་ལ་འཇུ་བ་དང་ནུས་པ་དྲོ་བ་བསྐྱེད་པ
་དང་། སྨེན་དེ་དག་ནི་རོ་དང་འཇུ་བ་དང་ནུས་པ་དང་སྟོབས་མཉམ་པས་མ་བཅོས་པའི་སྟོབས་དང་ལྡན་པ་ཞེས་བྱ་བ་ཡིན་པར་ཤེས་པར་བྱའོ།། ཁོ་བོ་ཅག་གི་རོ་དང་འཇུ་བ་དང་ནུས་པའི་རང་བཞིན་ཅི་ལྟ་བུ་ཡིན་པ་དེ་ནི་ལས་ལས་རྗེས་སུ་དཔོག
་པས་ཤེས་ན་མཐུ་ཞེས་བྱ་བ་ནི་རང་བཞིན་ཤེས་པར་དཀའ་བས་དེ་མི་ཤེས་པས་ཐེ་ཚོམ་དུ་གྱུར་ན་མཐུ་ནི་གང་ཞིག་ཡིན། གང་ལས་ནི་རྗེས་སུ་དཔག་པར་བྱ་ཞེ་ན། འདིར་སྨྲས་པ་ནི། རོ་སོགས་མཉམ་པའི་ལས་གང་ནི།། ཁྱད་འཕགས་དེ་ནི
་མཐུ་ལས་སྐྱེས་ཞེས་བྱ་བ་ཡིན་ཏེ། རོ་ལ་སོགས་པ་མཉམ་ཞིང་མཚུངས་པ་ཉིད་ཀྱིས་ལས་གང་ཁྱད་པར་དུ་འཕགས་པ་སྨན་གང་ལ་སྣང་བ་དེ་ནི་མཐུ་ལས་སྨྱོས་པ་ཡིན་པར་ཤེས་པར་བྱའོ།། རྗེས་སུ་དཔག་པ་དེས་ན་མཐུ་ཞེས་བྱ་བར་ཤེས
་བར་བྱ་སྟེ། འདི་ནི་རྫས་ཀྱི་མཐུ་ཡིན་ནོ།། དེ་ཡང་སྨན་གཉིས་རོ་དང་འཇུ་བ་དང་ནུས་པ་མཉམ་དུ་ཟིན་ཀྱང་དེ་ལ་སྨན་གཅིག་ལས་གཞན་བྱེད་ལ་ཅིག་ཤོས་ཀྱང་ལས་གཞན་བྱེད་པ་ཉིད་ཡིན་ཏེ། དེས་ནི་སྟོབས་ཀྱིས་སྟོབས་ཉིད་ཡོད་པ་ཉིད་དུ
་ཤེས་པར་བྱའོ།། དེ་ལྟར་ན་སྨན་རེ་རེའི་འཇུག་པ་དང་། ལྡོག་པའི་མཚན་ཉིད་ཅན་གྱི་ཆོས་རང་གི་རང་བཞིན་དངོས་པོ་རྐྱེན་ཚོགས་པ་ལས་བྱུང་བར་ངེས་པར་བྱེད་པའི་མཚན་ཉིད་ཅན་དེ་ནི་མཐུ་ཞེས་བྱ་སྟེ། དངོས་པོ་གཞན
་གྱི་མཐུ་ནི་མ་ཡིན་ནོ།། དནྟི་དང་ནི་ཙི་ཏྲ་ཀ། རོ་སོགས་མཚུངས་ཀྱང་ངནྟི་འཁྲུགས།། ཤིང་མངར་རྒུན་འབྲུམ་འདྲ་ཡང་འཁྲུ།། འོ་མ་མར་འདྲ་མར་དྲོད་བསྐྱེད་ཅེས་བྱ་བ་ལ། དེ་ལྟར་ན་སྨན་དནྟི་དང་། ཙི་ཏྲ་ཀ་ནི་རོ་དང་ནུས་པའི་སུ་བའི་རྗེས་མཚུངས་ཏེ། ཙི་ཏྲ་ཀ
་ལ་རོ་དང་ནུས་པ་དང་འཇུ་བའི་རྗེས་གང་དག་ཡོད་པ་དེ་དག་ངན་ཏི་ལ་ཡོང་དུ་ཟིན་ཀྱང་། དནྟི་ནི་དནྟི་ར་ཉིད་ཀྱི་མཚན་ཉིད་ཀྱིས་འཁྲུ་བར་བྱེད་པ་ཡིན་གྱི། ནི་ཏྲྀ་ཀ་ནི་མ་ཡིན་ཏེ། དེ་ལྟ་བུའི་ཁྱད་པར་གྱི་ཆོས་ལ་མཐུ་ཞེས་བྱའོ།། དེ་བཞིན་དུ་ཤིང་མངར་དང
་རྒུན་འབྲུམ་མངར་བ་ལ་སོགས་པར་མཐུན་དུ་ཟིན་ཀྱང་། རྒུན་འབྲུ་འཁྲུ་བར་བྱེད་ཀྱི་ཤིང་མངར་ནི་མ་ཡིན་ནོ།། དེ་བཞིན་དུ་འོ་མ་དང་། མར་ལ་སོགས་པ་མཚུངས་སུ་ཟིན་ཀྱང་འོ་མ་ནི་འོ་མར་གྱུར་པས་དྲོད་མི་སྐྱེད་ཀྱི། མར་གྱིས་དྲོད་བསྐྱེད་དོ།། དེ་བཞིན་དུ
་ཐམས་ཅད་ཀྱང་མཐུ་ལས་གྱུར་པ་ཡིན་ནོ།། ཞེས་བྱ་བར་སྦྱར་རོ།། འདི་ལྟར་རོ་ཞིག་དངོས་པོ་ཐམས་ཅད་ལ་ཡང་སྤྱི་དང་ཁྱད་པར་གྱིས་ཁྱབ་པ་ཡིན་པས། དེའི་ཕྱིར་བསྟན་བཅོས་བྱེད་པས་སྨྲས་པ་ནི། དེ་ལྟར་སྨན་ལ་སོགས་པ་ཡི།། སྤྱི་ཡི་ལས་དེ་དེ
་ཡང་ནི་ཞེས་བྱ་བ་ཡིན་ཏེ། དེ་ལྟར་ཞེས་བྱ་བའི་སྒྲ་ནི་ཡོངས་སུ་རྫོགས་པའི་ཚིག་གམ་རྣམ་པའི་དོན་ཏོ།། དེ་ཡོང་སྨན་ལ་སོགས་པའི་རོ་དང་འཇུ་བ་དང་ནུས་པ་དང་མཐུའི་སྤྱིའི་ལས་རྫོགས་པ་ཡིན་གྱི་ཁྱད་པར་ནི་མ་ཡིན་ཏེ། དེ་རྩོམོ་པར་བྱེད་པའི
་འབྱུང་བ་ཆེན་པོ་སྤྱིའི་རྐྱེན་སྤྱིའི་རྒྱུ་ལས་བྱུང་བ་ཞེས་བྱ་བའི་བར་དུའོ།། ཡང་ན་རྣམ་པའི་དོན་ཏེ། རྣམ་པ་འདིས་སྨན་ལ་སོགས་པའི་སྤྱིའི་ལས་ཉིད་བཤད་ཀྱི་ཁྱད་པར་གྱིས་ནི་མ་ཡིན་ཏེ། འབྱུང་བ་ཆེན་པོ་དག་གིས་སྨན་ལ་བརྟེན་པའི་རོའི་དང་མཐུ་ལ་སོགས
་པ་ཇི་ལྟར་བསྐྱེད་པའི་སྤྱིའི་རྒྱུ་ཡིན་པ་བསྟན་པ་ཅོཾ་དུ་དེ་ལས་ཀྱང་སྤྱི་ཙམ་དུ་བསྟན་ཏོ་ཞེས་བྱ་བའི་དོན་ཏོ།། དེ་ལྟར་སྨན་ལ་སོགས་པོའི་སྤྱིའི་ལས་བཤང་ནས་ཁྱད་པར་གྱི་དབྱེ་བས་སྨན་དེ་རྣམས་རེ་རེ་ཞིང་ལས་གཞན་དང་གཞན་བྱེད་པའི་ཚུལ་སྨྲས་པ
་ནི། སྣ་ཚོགས་རྐྱེན་གྱི་དབྱི་བ་ཡིས།། སྨན་དབྱེ་ཐ་དད་འགྱུར་བ་ཡིན།། ཞེས་བྱ་བ་ལ། སྤྱིར་བཤད་པའི་སྨན་གྱི་རོ་དང་འཇུ་བ་དང་ནུས་པ་ལ་སོགས་པའི་ལས་དེ་ཡང་ཐ་དད་པར་གྱུར་པ་ཡིན་ཞིང་། བྱེ་བྲག་ཏུ་འགྱུར་བ་ཡིན་ནོ།། གང་གིས་ཐ་དད
་པར་འགྱུར་ཞེ་ན། སྣ་ཚོགས་པའི་རྐྱེན་གྱི་དབྱེ་བ་ཐ་དད་པར་འགྱུར་བ་ཡིན་ཏོ། སྣ་ཚོགས་པའི་རྐྱེན་ནི་རྣམ་པ་ཐ་དད་པའི་ཚུལ་དུ་གནས་པའི་འབྱུང་བ་ཆེན་པོ་རྣམས་ལ་བྱ་ལ། དེ་ཡང་སེམས་ཅན་ཐ་དོད་པ་རྣམས་ཀྱིས་སྔོན་དགེ་བ་དང་མི་དགེ་བྱས
་པའི་ལས་ལས་བྱུང་བའི་འབྱུང་བ་ཆེན་པོ་དེ་རྣམས་སྣ་ཚོགས་ཤིང་ཐ་དད་པ་དེ་ལྟ་བུར་ཡོངས་སུ་གྱུར་པའི་རྐྱེན་སྣ་ཚོགས་པ་རྣམས་ཀྱིས་བསྐྱེང་པོའི་སྨན་དེ་རྣམས་ཀྱིས་དབྱེ་བ་ནི་ཁྱད་པར་ཏེ། ཁྱད་པར་གྱི་དབྱེ་བ་དེ་ཡིས་སྤྱིར་བཤད་པའི་སྨན་རྣམས
་ལས་ཀྱི་དབྱེ་བ་ཐ་དད་པར་འགྱུར་ཞིང་དུ་མ་ཉིད་དུ་གནས་པ་ཡིན་ལ། རོ་ལ་སོགས་པ་ཡང་སྨན་ལ་བརྟེན་པ་ཡིན་པས་དེ་རྣམས་ཀྱི་ལས་ཀྱང་སྨོན་གྱི་དབྱེ་བས་ཐ་དད་པར་འགྱུར་བ་ཡིན་ནོ།། དེ་ལྟར་སྨན་རྣམ་པ་གཉིས་པོ་ལས། ལ་ལ་ནི་རོ་རྩོམ་པར
་བྱེད་པའི་རྐྱེན་གྱིས་མཚུངས་པར་བསྐྱེད་པ་ཡིན་ལ། ལ་ལ་ནི་ནུས་པ་བསྐྱེད་པའི་རྐྱེན་གྱིས་མཚུངས་པར་བསྐྱེད་པ་ཡིན་པས་རྐྱེན་སྣ་ཚོགས་ཉིད་དུ་གནས་པ་ཡིན་ཏེ། དེ་དག་གིས་ཕྱོགས་གཅིག་གི་དཔེ
་བསྟན་པར་བྱ་བའི་ཕྱིར་སྨྲས་པ་ནི། གྲོ་དང་ནས་ནི་མངར་བ་དང་།། ལྕི་ལས་རླུང་འཛེམ་ས་སྐྱེད་བྱེད་ཡིན།། ཉ་དྲོ་འོ་མ་བསོལ་བ་དང་།། སེང་གེ་ཁ་ཡིས་ཕག་མོ་ཡིན་ཞེས་བྱ་བ་ལ། གྲོ་དང་ནས་ངག་ནི་རོ་མངར་བ་དང་ཡོན་ཏན་ལྕི་བ་དང་ལྡན་པ་ཡིན་དུ་ཟིན་ཀྱང་།
་གྲོ་ནི་རླུང་འཇོམས་པར་བྱེད་ལ་ནས་ནི་རླུང་བསྐྱེད་པར་བྱེད་པ་ནི་རྐྱེན་སྣ་ཚོགས་པ་ལས་བྱུང་བ་ཉིད་ཡིན་པའི་ཕྱིར་རོ།། དེ་བཞིན་རྐྱེན་སྣ་ཚོགས་པ་ལས་བྱུང་བས་ཉ་ནི་རོ་མངར་དུ་ཟེར་ཀྱང་། ནུས་པ་དྲོ་བ་ཡིན་གྱི་དྲང་བ་མ་ཡིན་ལ། འོ་མ་ནི་མངར་དུ་ཟིན་ཀྱང་ཞུ་རྗེས་ནུས
་པ་བསིལ་བ་ཡིན་གྱི་དྲོ་བ་མ་ཡིན་ནོ།། དེ་བཞིན་དུ་རྐྱེན་སྣ་ཚོགས་པ་ལས་བྱུང་བའི་ཕྱིར་རོ།། སེང་གེའི་ཤ་ནི་མངར་དུ་ཟིན་ཀྱང་ཞུ་ཛས་ལ་སོགས་པ་ཁ་བ་ཡིན་ལ། ཕག་གི་ཤཱ་ནི་མངར་བ་ཡིན་པ་ལས། འུ་རྗེས་ལ་སོགས་པ་ཡང་མངར་བ་ཉིད་ཡིན་ནོ།། དེ་ལྟར
་ན་ཐམས་ཅད་ཀྱང་རྐྱེན་སྣ་ཚོགས་ལས་བྱུང་བའི་ཕྱིར། རོ་བི་ཤུ་རྗེས་དང་ནུས་པ་ཐ་དད་པར་གྱུར་པ་ཡིན་པར་དཔེས་རིམ་པ་བཞིན་དུ་བསྟན་པ་ཡིན་ནོ།། ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ་སློབ་དཔོན་ཟླ་བ་ལ་དགའ
་བས་རྣམ་པར་སྦྱར་བ་ཡིས་ལེའུ་དགུ་པའི་འགྲེལ་པའོ།། ། དེ་ནས་རོ་ཐ་དད་པར་ཤེས་པར་བྱ་བའི་ལེའུ་བཤད་པར་བྱ་བ་ལ། སྨན་ལ་སོགས་པ་རྣམས་ཀྱི་བྱེ་བྲག་ཤེས་པར་བྱ་བའི་ལེའུ་བཤད་པའི་འོག་ཏུ། རོ་ཐ་དད་པ་ཤེས
་པར་བྱ་བ་ལེའུ་བཤད་པར་བྱ་སྟེ། རོ་རྣམས་ནི་སྨན་ལ་བརྟེན་པ་ཡིན་པའི་ཕྱིར་རོ།། དེ་ཡང་སྨན་རྣམས་གཉིས་རོ་ལ་སོགས།། དེ་ནི་དེ་ལ་བརྟེན་པས་ཆོག་ཅེས་སྔར་བཤད་པའི་ཕྱིར་ཏེ། སྨན་མེད་པར་རོ་ལ་སོགས་པ་ཉེ་བར་དམིགས་པར་མི་འགྱུར་རོ།། དེ་བས་ན
་དང་པོར་སྨན་བཤད་ནས་དེའི་འོག་ཏུ་བསྟེན་པ་པོའི་བྱ་རོའི་བྱེ་བྲག་ཤེས་པ་བསྟན་པ་བརྩམས་པ་ཡིན་ནོ།། དེ་ལ་རོ་རྣམས་ཀྱི་ཐ་དད་པ་ནི་རོའི་ཁྱད་པར་སྟེ། དེ་ཤེས་པར་བྱ་བ་ལ་ཕན་པའི་ལེའུ་གང་ཡིན་པ་དེ་ནི་བཤད་པར་བྱ་ཞིང་བརྟན་པར་བྱའོ་ཞེས་པའོ།། དེ་ལ
་རོ་ན་རེ་ཞིག་ཆུའི་རང་བཞིན་དང་། དང་པོ་མི་གསལ་བ་ཡིན་པ་ལ། དེ་ནི་དུས་རྣམ་པ་དྲུག་དང་ལྡན་པ་ཡིན་པའི་ཕྱིར་དང་། འབྱུང་བ་ཆེན་པོའི་ཡོན་ཏན་ཤས་ཆེ་ཆུང་གི་དབང་གིས་བྱུང་བ་དང་མི་མཉམ་ཞིང་། ཚིག་པ་ལས་མངར་བ་ལ་སོགས་པའི་དབྱེ་བ་རྣམ་པ་དྲུག
་ཏུ་འགྱུར་རོ།། དེ་ལྟར་ན་ཆུ་སྨོས་པས་ནི། རོ་དག་ཆུའི་རྣམ་པར་འགྱུར་བ་ཡིན་པར་ཤེས་པ་ས་ལ་སོགས་པ་ནི། ལྷན་ཅིག་བྱེད་པའི་ཚུལ་གྱིས་དགོངས་པ་བྱེད་པ་ཡིན་ཏེ། དེ་བས་ན་ཚོགས་པ་ནི་ཡང་དག་པར་ན་རོའི་བྱེད་པ་པོ་ཡིན་ནོ།། དེ་བས་ན་འབྱུང་བ་ཆེན
་བོ་ཤས་ཆེ་བའི་ཁྱད་པ་ལས་རོ་འབྱུང་བའི་ཚུལ་སྨྲས་པ་ནི། ད་ལྟར་མངར་བ་ལ་སོགས་རོ་སྐྱེ་ལ། ས་ནུ་མེ་ས་ཆུ་དང་མེ།། མཁའ་རླུང་མོ་རླུང་སཱ་དང་རླུང་།། གཉིས་གཉིས་ཤས་ཆེ་ལས་རིམ་འབྱུང་ཞེས་བྱ་བ་ལ། རོ་མངོར་བ་དང་སྦྱར་བ་ལ་སོགས་པ་དྲུག་པོ
་རྣམས་ནི་སྐྱེ་ང་འབྱུང་བ་ནི་འབྱུང་བ་གཉིས་གཉིས་ཤས་ཚེ་ཞིང་ལྷག་པ་ལས་སོ་རིམ་ཇི་ལྟ་བ་བཞིན་དུ་བསྟན་པ་དང་། བཤང་པོའི་ཚུལ་གྱིས་འབྱུང་སྟེ། འབྱུང་བ་གཉིས་གཉིས་གང་ལ་ཤས་ཆི་བར་གྱུར་པ་དེ་ལས་འབྱུང་བའོ།། དེ་ལས་འབྱུང་བ
་ཆེན་པོ་གང་དག་རོ་གང་ཞིག་རྩོམ་པ་ལ་ལྷག་པར་གྱུར་པ་ཡིན་ཞེ་ན། དེ་དག་གྲངས་ཇི་ལྟ་བ་བཞིན་དུ་སྨྲས་པ་ནི། ས་ནུ་ཞེས་བྱ་བ་ལ་སོགས་པ་སྟེ། ས་ཆུ་ཞེས་པ་ས་དང་ཚུའི་འབྱུང་བ་ཤས་ཆེ་བ་ལས་ནི།།
་རོ་མངར་བ་བྱུང་བ་ལ་མེ་ས་ཞེས་བྱ་བ་མེ་དང་སའི་ཤས་ཆེ་བ་ལས་ནི་སྦྱར་བ་འབྱུང་ངོ་།། ཆུ་དང་མེ་ཞེས་བྱ་བ་འབྱུང་བ། ཆུ་དང་མེའི་ཤས་ཆེ་བ་ལས་ནི་ལན་ཚྭའི་རོ་འབྱུང་ངོ་།། མཁའ་རླུང་ཞེས་བྱ་བ་ན་མཁའ་དང་རླུང་ཤས་ཆེ་བ་ལས་ནི་རོ་ཁ་བ་འབྱུང་ངོ་།། མེ
་རླུང་ཞེས་བྱ་བ་མེ་དང་རླུང་ཤས་ཆེ་བ་ལས་ནི་ཚ་བ་ཡིན། ས་དང་རླུང་ཞེས་བྱ་བ་འབྱུང་བ་ས་དང་རླུང་གི་ཤས་ཆེ་བ་ལས་ནི་རོ་བསྐ་བ་འབྱུང་ངོ་།། དེ་ལྟར་ན་གཉིས་གཉིས་ལས་འབྱུང་བ་ཡིན་ནོ།། ཤས་ཆེ་ཞེས་སྨོས་པས་ན་རོ་ཐམས་ཅད་ཀྱང་འབྱུང་བ་ལས
་གྱུར་པ་ཡིན་པར་སྟོན་ཏོ།། དེས་ན་ཚོགས་པ་ལས་བྱུང་བ་ཡིན་ཡིང་ཤས་ཚོ་བའི་ཆས་རྫོགས་པར་བྱས་པ་ཡིན་ཏེ། གང་དུ་གང་ཞིག་ཤས་ཆེ་བ་སྟེ། དེར་རོའི་ཁྱད་པར་གཞན་བསྐྱེད་པ་ཡིན་ནོ།། དེ་ལྟར་ན་ཤས་ཆེ་བའི་དབང་གིས་རོ་མངར་བ་ནི་འབྱུང
་བ་ཐམས་ཅད་ཀྱིས་བསྐྱེད་དུ་ཟིན་ཀྱང་། ས་དང་ཆུ་ལས་བྱུང་བ་ཡིན་ཞེས་བཤད་པ་ཡིན་ནོ།། དེ་བཞིན་དུ་ལྷག་མ་རྣམས་ལ་ཡང་སྦྱར་བར་བྱའོ།། ད་ནི་མངར་བ་ལ་སོགས་པ་འབྱུང་བ་རྣམས་ཀྱི་མཚན་ཉིད་དང་ལས་བསྟན་པའི་ཕྱིར་སྨྲས་པ་ནི། ངས
་རོ་ནི་མངར་བ་དག། གང་ཞིག་མྱངས་པའི་ཆེན་ནི།། ཁ་ལ་ཆགས་ཤིང་ལུས་ཀྱང་ནི།། ཚིམ་བྱེད་དབང་པོ་རབ་དང་བྱེད།། གྲོག་ས་མ་ལ་སོགས་དགའ་བ་ཡིན།། ཞེས་བྱ་བ་ལ། རོ་དྲུག་པོ་དེ་དག་གི་ནང་ནས། རོ་མངར་བོ་དག་ཏུ་ཤེས་པར
་བྱ་བ་ནི་གང་ཞིག་མྱངས་ཤིང་ལྕེ་དང་ཕྲད་པར་གྱུར་པ་ན། ཁ་ལ་ཆགས་ཤིང་འབྱར་བག་ཅན་དུ་གྱུར་པ་དང་། དེ་བཞིན་དུ་ལུས་ཀྱང་ཚིམ་ཞིང་བདེ་བར་བྱེད་པ་དང་། དབང་པོ་རྣམས་རབ་ཏུ་དང་ཞིང་དགའ་བར་བྱེད་པ་དང་། དེ་བཞིན་དུ་གྲོགས་མ་ལ
་སོགས་པ་སྲོག་ཆགས་ཕྲ་མོ་རྣམས་ཀྱང་དགའ་ཞིང་སྲེད་པར་བྱེད་པ་ཡིན་ནོ།། སྦྱོར་བ་ཁ་ནས་ཆུ་འཛག་ཅིང་།། སོ་བརྩེ་དུ་ནི་ལྡང་བ་དང་།། མིག་དང་སྨིན་མ་འཛུམ་པར་བྱེད།། ཅེས་བྱ་བ་ལ། རོ་སྒྱུར་བ་ནི་མྱངས་པའི་ཚེ་ཁ་ནས་ཆུ་འཛག་ཅིང་། གཤེར
་པ་འདུ་བ་དང་། དེ་བཞིན་སོ་བརྩེ་བ་དང་། སྤུ་ལྡང་བར་བྱེད་པ་དང་། མིག་གཉིས་དང་སྨིན་མ་གཉིས་འཛུམ་ཞིང་སྡུད་པར་བྱེད་པ་ཡིན་ནོ།། ལན་ཚྭ་ཁར་ནི་མཆིལ་མ་འདུ། མཽ་ཁུར་བ་གྲེ་བ་ཚ་བར་བྱེད་ཅེས་བྱ་བ་ལ། རོ་ལ་ན་ཚྭ་ནི་ལྕེ་མྱངས
་པ་ན་ཁར་མཆིལ་མ་འདུ་ཞིང་འཛག་པ་དང་། མཁུར་བ་དང་གྲེ་བར་ཚ་བར་བྱེད་པ་ཡིན་ནོ།། ཁ་བ་ཁ་ཡི་དྲི་མ་སྦྱོང་། ལྕེ་ནི་འཇོམས་པར་བྱེད་པ་ཡིན་ཞེས་བྱ་བ་ལ་རོ་ཁ་འ་བ་ནི་མྱངས་པར་གྱུར་པ་ན། ཁཾའི་དྲི་མ་སྦྱོང་ཞིང་དག་པར་བྱེད་དེ། ལྗན་ལྗིན
་སེལ་བ་ཡིན་ཞིང་ལྕེ་འཇོམས་པ་སྟེ། རོ་གཞན་འཛིན་པར་བྱེད་པའི་ནུས་པོ་འཇིག་པར་བྱེད་པ་སྟེ། རང་གི་ལས་ཀྱི་ནུས་པ་ཉེ་བར་འཇོམས་པར་བྱེད་དོ་ཞེས་བྱ་བའི་དོན་ནོ།། ཚ་བ་ལྕེ་རྩེ་སྐྱོ་བྱེད་ཅིང་། ཅག་ཅག་བྱེད་པར་འགྱུར་བ་དང་།། ཁ་མིག་སཱ
་ལས་འཛག་བྱེད་ཅིང་། མཁུར་བ་བསྲེག་པར་བྱེད་པ་ཡིན་ཞེས་བྱ་བ་ལ་རོ་ཚ་བ་ནི་ལྕེ་ལ་མྱངས་པའི་ལྕེའི་རྩེ་མོ་སྐྱོ་བར་བྱེད་ཅིང་ན་བར་བྱེད་པ་སྟེ། ལྕེ་བེམ་པོར་བྱེད་དོ།། ཞེས་བྱ་བའི་དོན་ཏོ།། ཙག་ཙག་བྱེད་པར་འགྱུར་ཞེས་བྱ་བ་ནི། མེ་ལྕེ་ལ་རིག
་བ་ལྟར་ཚ་བ་ལམ་ལམ་པོར་བྱེད་པ་འམ། སྐེ་སའི་ལྡེ་གུས་བསྐུས་པ་ལྟར་ཚ་བ་ཙག་ཙག་པོར་བྱེད་པར་འགྱུར་རོ།། དེ་བཞིན་དུ་ཁ་དང་མིག་དང་སྣ་ལས་ཆུ་འཛག་པར་བྱེད་པ་དང་། མཁུར་བ་མེ་ལྕེས་ཕོག་པ་ལྟར
་སྲེག་པར་བྱེད་པ་ཡིན་ནོ།། བསྐབས་ལྕེས་ནི་བེམ་པོར་བྱེད།། གྲེ་བ་རྩ་སྦུབས་འགགས་པར་བྱེད་ཅེས་བྱ་བ་ལ། རོ་བསྐ་བ་ནི་ལྕེས་མྱངས་པས་ན་ལྕེ་བེ་མ་བེམ་པོར་བྱེད་དོ།། རོ་ཇི་ལྟ་བ་བཞིན་དུ་ཚོར་བར་གྱུར་པ་ལས་ཉམས་པར་བྱེད་པ་དང་། དེ་བཞིན་དུ
་གྲེ་བ་དང་རྩེའི་སྦུབས་འགག་པར་བྱེད་པར་འགྱུར་རོ།། རོའི་ཚུལ་ནི་དེ་དག་སྟེ་ཞེས་བྱ་བ་ལ། རོ་རྣམས་ཀྱི་མཚན་ཉིད་བཤད་ནས་དེ་དག་གི་རང་བཞིན་ཉིད་ཀྱི་དོན་གྱི་མཇུག་བསྡུ་བའི་ཚིག་ཏུ་སློབ་དཔོན་གྱིས་སྨྲས་པ་ཡིན་ཏེ། མང་བ་ལ་སོགས་པའི་རེའི
་ཚུལ་ནི་སྔར་བཤད་པའི་རྣམ་པ་དེ་ལྟ་བུའི་མཚན་ཉིད་ཅན་ཡིན་པར་ཤེས་པར་བྱའོ་ཞེས་བྱ་བའི་དོན་ནོ།། ལས་ནི་རོ་མངར་བ་དག་གིས།། སྐྱེ་གནས་འཕྲོད་པར་བྱེད་པ་དང་།། ལུས་ཟུངས་མཐུ་སྟོབས་རབ་བསྐྱེད་ཅིང་། བྱིས་པ་རྒན་པོ་གློ་བརྡོལ་སྐེམ།། མདོག
་མདངས་སྐེད་དང་དབང་པོ་བཟང་།། ལུས་རྟས་སྐད་འགགས་ཕན་ཞིང་ལྕི།། ནུ་ཞོ་བསྐྱེད་ཅིང་རྨོ་འབྱོར་བྱེད།། ཚེ་རིང་འཚོ་བྱེད་སྣུམ་པ་དང་།། རླུང་དང་མཁྲིས་པ་དུག་རྣམས་སེལ།། ཧ་ཅང་དྲགས་ན་ཚིལ་བཅསོ་དང་།། བང་ཀན་ལས་བྱུང་ནད་བསྐྱེད་ཅིང་།། ལུས
་སྦོམ་དྲོང་འབྲི་ཆང་ནད་དང་། གཅིན་ནང་སྦ་བ་སྨན་སོགས་བསྐྱེད།། ཅེས་བྱ་བ་ལ། རོ་མངར་བ་ལ་བསྟེན་ཅིང་དཔྱད་ན་ལས་འདི་དག་བྱེད་དོ།། དེ་ཡང་སྐྱེས་ནས་འཕྲོད་པར་བྱེད་པ་སྟེ། སྐྱེས་པ་ནས་བརྩམས་ཏེ་འཕྲོད་ཅིང་རྗེས་སུ་མཐུན་པ་ཡིན་པའི
་ཕྱིར། བཅུད་ཀྱིས་དངས་མ་ལ་སོགས་པའི་ལུས་བླངས་རྣམས་ཀྱི་མཐུ་སྟོབས་རབ་ཏུ་སྐྱེད་པར་བྱེད་པ་སྟེ། ནུས་པ་ཁྱད་པར་ཅན་དང་ལྡན་པའི་སྟོབས་བསྐྱེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། དེ་བཞིན་དུ་རྟག་ཏུ་བྱིས་པ་རྒན་པོ་དང་གླུ་བརྡོལ་བ་དང་སྐམ
་བ་དང་མདོག་མངངས་དང་། སྐྲག་དང་དབང་པོ་རྣམས་ལ་བཟང་ཞིང་བསྔགས་པར་བྱེད་པོ་ཡིན་ནོ།། དེ་བཞིན་དུ་ལུས་རྟོས་པར་བྱེད་པ་དང་། སྐད་འགགས་པའི་ལྐོག་མ་ལ་ཕན་པོ་དང་། བུད་མེད་ནུ་ཞོ་བསྐྱེད་པ་དང་། རྨ་དང་རུས་པ་ཆགས་པ་འབྱར་ནི
་འཚོ་བར་བྱེད་པ་དང་། ཚེ་རིང་བར་བྱེད་པ་དང་། འཚོ་བར་བྱེད་ཅིང་མདངས་བསྐྱེད་པ་དང་། སྣུམ་པའི་ཡོན་ཏན་དང་ལྡན་པ་དང་། དེ་བཞིན་རླུང་དང་མཁྲིས་པའི་ནད་དང་དུག་ལས་གྱུར་པའི་ནད་རྣམས་སོལ་བར་བྱེད་པ་ཡིན་ནོ།། ཡང་རོ་མངར་བ་དེ་ཧ་རང
་དྲགས་ཤིང་ཤས་ཆེར་བསྟེན་པར་གྱུར་ན། ཚིལ་དང་པད་ཀན་ལས་བྱུང་བའི་ནད་རྣམས་བསྐྱེད་ཅིང་འཕེལ་བར་བྱེད་པ་དང་། ལུས་སྦོམ་པ་ལ་སོགས་པར་བྱེད་པ་དང་། ཆང་ནང་ནི་འོག་ནས་བཤད་དོ།། དེ་ལས་སོགས་པ་བསྐྱེད་པར་འགྱུར་རོ།།
་སྦྱར་བ་མེ་དྲོད་སྐྱེད་བྱེད་སྣུམ།། ནཱི་ཞིང་འཇུ་བྱེད་ཡི་ག་འབྱེད།། དྲོ་བའི་ནུས་བསྐྱེད་རེག་པ་བྲིསི་ལ།། ཚིམ་བྱུང་འབྲུབ་བྱེད་ཡང་བ་སྟེ། བད་ཀན་ཁྲག་མཁྲིས་རྒྱས་པར་བྱེད།། རླུང་འགགས་རྒྱུ་བར་བྱེད་པ་ཡིན།། དེ་ནི་ཤིན་ཏུ་བསྟན་གྲགས་ན།
་ལུས་ལྡོང་རབ་རིང་མ་གོ་འཁོར་དང་།། གཡན་པ་སྐྱོ་རྦབས་མེ་དཔལ་དང་།། འོར་ནང་ཐོར་བུ་སྐེམས་རིམོས་བསྐྱེད་ཅེས་བྱ་བ་ལ་རོ་སྒྱུར་བ་བསྟེན་ཅིང་སྤྱད་ན། ཁོང་པའི་མེ་དྲོད་བསྐྱེང་ཅིང་འཕེལ་བར་བྱེད་པ་དང་། དེ་བཞིན་དུ་སྣུམ་པ
་དང་། ཞིམ་ཞིང་སེམས་དགའ་བར་བྱེད་པ་དང་། ཁ་ཟས་འཇུ་ཞིང་སྨིན་པར་བྱེད་པ་དང་། ཡི་ག་འབྱེད་ཅིང་ཟས་ལེན་པ་དང་། དེ་བཞིན་དུ་དྲོ་བའི་ནུས་པ་བསྐྱེད་པ་དང་། བསྐུས་ན་རེག་པ་ཁ་བ་ལྟར་བསིལ་བ་དང
་པར་བྱེད་པ་དང་། ཁ་ཟས་འདྲུལ་ཞིང་སླ་བར་བྱེད་པ་དང་། དེ་བཞིན་དུ་ཡང་བ་དང་། བང་ཀན་དང་། མཁྲིས་པ་དང་། ཁྲག་རྒྱས་པར་བྱེད་པ་དང་། དེ་བཞིན་དུ་རླུང་ལམ་འགགས་ཤིང་འཁྱིལ་བ་དག་བདེ་བར་རྒྱུ་བར་བྱེད་ཅིང་འབྱུང་བར་བྱེད་པ་ཡིན་ནོ།།
་རོ་སྦྱར་བར་དེ་ནི་ཤིན་ཏུ་བསྟེན་དྲགས་ཤིང་ཤས་ཚར་ཟོས་ན་ལུས་ལྷོད་ཅིང་མི་མཁྲེགས་པར་བྱེད་པ་དང་། དེ་བཞིན་དུ་རབ་རིབ་ལ་སོགས་པའི་ནང་བསྐྱེད་པར་འགྱུར་རོ།། ལན་ཚྭ་སྲ་དང་འཁྱིལ་བ་དང་། འགགས་པར་འབྱིན་ཅིང་དྲིང་སྐྱེད་བྱེད།། སྣུམ་དང
་དུགུ་གིས་རྡུལ་ཞིང་རྣོ།། ཡི་གེ་འབྱེ་ཞིང་གཅོད་འབྱང་བྱེད།། དེ་ནི་དྲགས་པར་རླུང་ཁྲག་དང་།། སྐྲ་འབྱི་སྒོ་དཀར་གཉེར་མ་དང་།། སྐོམ་མཛེ་དུག་དང་མེ་དཔལོ་རྣམས།། སྐྱེད་ཅིང་སྟོབས་ནི་འབྲི་བར་བྱེད་ཅེས་བྱ་བ་ལ། རོ་ལན་ཚྭ་ཅན་བསྟེན་ཅིང་ལོངས་སྤྱོ་ན།
་སྲ་བ་འབྱིན་པར་བྱེད་པ་དང་།། འཁྱིལ་བ་འབྱིན་པར་བྱེད་པ་དང་།། འགགས་པ་འབྱིན་པར་བྱེད་བ་ཡིན་ནོ།། དེ་ལ་སྲ་བ་ནི་རེངས་ཤིང་འགྱུར་མི་ཤེས་པའོ།། འཁྱིལ་བ་ནི་བཤད་པ་ལ་སོགས་པའི་ཚོགས་འཁྱིལ་ཞིང་འབྱུང་དུ་མི་བཏུབ་པའོ།། འགྲོགས
་པ་ནི་རྩ་སྦུབས་རྣམས་འགགས་པ་སྟེ་དེ་ངོག་འབྱིན་ཅིང་སེལ་བར་བྱེད་པ་ཡིན་ནོ།། དེ་བཞིན་དུ་དྲོང་བསྐྱེད་ཅིང་མོའི་ཤེས་འཕེལ་བར་བྱེད་པ་དང་། སྣུམ་པ་དང་། དུག་ཀྱིས་རྡུལ་འབྱིན་པ་བྱེད་པ་དང་། རྨོ་ཞིང་འཇུག་པ་མྱུར་བ་དང་། ཡཾ་ལ་འབྱེད་ཙང
་ཟས་འདོད་པ་དང་། གཅོད་ཅིང་ཁ་གཉིས་སུ་བྱེད་པ་དང་། འབྱེད་ཅིང་འཇིག་པར་བྱེད་པ་ཡིན་ནོ།། ལན་ནཱའི་རོ་དེ་དྲགས་ཤིང་ཤས་ཆེར་བསྟེན་པས་རླུང་དང་ཁྲག་གི་ནང་དང་། དེ་བཞིན་དུ་སྐྲ་འབྱི་ཞིང་སྤྱི་ཐེར་དུ་འགྱུར་བ་དང་། རྒས་སྲ་བའི་མཚན་མ
་སྐྲ་དཀར་པོ་དང་། གཉེར་མ་ཞེས་པ་པགས་པ་འདུས་པ་དགས་བྱེད་པ་དང་། དེ་བཞིན་དུ་སྐོམ་དང་ལྀ་སོགས་པ་སྐྱེད་པར་བྱེད་ཅིང་། སྟོབས་འབྲི་ཞིང་འཇིག་པར་བྱེད་པ་ཡིན་ནོ།། ཁོ་བ་དང་རང་ཉིང་ཞོམ་མིན་ཞིང་།། ཡི་གེ་འཆུས་དང་སྲིན
་སྐོམ་དུག། མཛེ་དང་བརྒྱལ་དང་རིམས་སྨོན་བྲོ།། ཆ་དང་མཁྲིས་པ་བད་ཀན་འཇོམས།། འདྲུལ་དང་ཚིལ་དང་ཝཱག་དང་རྐ་།། ཤོད་དང་གཅི་བོ་སྙོམས་པ་དང་།། ཡང་ཞིང་ཡིད་གཞུངས་བསིལ་ཞིང་རྩུབ།། ནུ་མའི་ནང་དང་སྐད་འགག་སིལ།། དེ་ནི་ཤིན
་ཏུ་དྲགས་གྱུར་ནས།། ལུས་ཟུངས་ཟང་ཅིང་རླུང་ནད་བསྐྱེད།། ཅེས་བྱ་བ་ལ། རོ་ཁ་བ་ནི་རང་ཉིད་ཞིམ་པ་མ་ཡིན་ཞིང་ཡི་ག་འབྱེད་པར་བྱེད་པ་ཡིན་ཡང་།། རང་ཉིད་ཡི་གར་མི་འོང་བ་ཡིན་ནོ།། དེ་བཞིན་དུ་ཡོ་ག་འཆུས་པ་ནས།། བང་ཀན་གྱི་བར་དུ་འཇོམས
་པར་བྱེད་པ་ཡིན་ནོ།། དེ་བཞིན་དུ་འདྲུལ་པ་ལ་སོགས་པ་ཞུ་ཞིང་གོ་ཤེར་བའི་ཚུལ་ཅན་དག་སྐྱེམ་པར་བྱེད་པ་དང་། དེ་བཞིན་དུ་བཞིན་ཡང་བ་དང་། ཡིད་གཞུངས་ཤིང་ཤེས་རབ་འཕེལ་བ་དང་། བསིལ་ཞིང་གྲང་བའི་ནུས་པ་བསྐྱེད་པ་དང་། དེ་བཞིན
་དུ་རྩུབ་པ་དང་། བུད་མེད་ཀྱི་ནུ་མ་འི་ནང་དང་། སྐད་འགགས་པའི་ལྐོག་མའི་ནང་སེལ་ཞིང་འཇོམས་པ་ཡིན་ནོ།། རོ་ཁ་བ་དེ་ཤིན་ཏུ་དྲགས་པར་བསྟེན་ཅིང་གོམས་པར་གྱུར་ན། ལུས་ཟུངས་དངས་མ་ལ་སོགས་པ་ཟང་ཅིང་འབྱེ་བ་དང་། རླུང
་ལས་གྱུར་པའི་ནང་རྣམས་བསྐྱེད་ཅིང་འབྱིན་པ་ཡིན་ནོ།། ཚ་བས་ལྐོག་ནང་འགགས་པ་དང་།། མཛེ་དང་མ་ཞུ་འོར་ནང་སེལ།། རྨ་འཛག་བྱེད་ཅིང་སྣུམ་པ་དང་།། ཚིལ་དང་འདྲུ་ཟག་སྐེམས་པར་བྱེད།། དྲོད་བ་སྐྱེད་འདུ་བྱེད
་ཡི་གེ་འབྱེད།། སྦྱོང་ཞིང་ཟས་ནི་འཇིག་པར་བྱུང་།། འཆིང་བ་གཅོད་ཙང་རྩ་སྦུབས་དག། རྣམ་པར་བྱེད་ཅང་བང་ཀཱན་སེལ།། དེ་ནི་ཤིན་ཏུ་དྲགས་གྱུར་པས།། སྐོམ་བསྐྱེད་ཁུ་བ་སྟོབས་ཟད་ཅིང་།། བརྒྱལ་ཞིང་ལུས་འཁུམས་འདར་པོ་དང་།། རྐེང་པ་རྒྱུབ་སོགས
་ན་བར་བྱེད།། ཅེས་བྱ་བ་ལ། རོ་ཚ་བས་ནི་ལྐོག་མའི་ནང་ལ་སོགས་པ་སེལ་བར་བྱེད་དེ། སྐག་ནང་ནི་ལྐོག་མའི་ཕྱོགས་སུ་བྱུང་བའི་ནང་ངོ་།། འགག་པ་ནི་བྲང་འགོགས་ཤིང་བང་ཀན་གྱིས་རྒྱུས་པ་ལས་བྱུང་བའི་ནད་ལ་བྱའོ།། ལ་ལ་ནི་གྲང་པོའི་འངར
་ནཱང་ལ་ཨུ་དཎྜ་ཞེས་བྱའོ་ཞེས་ཟེར་རོ།། གཞན་དག་ནི་གྲང་བའི་དུས་སུ་ཁྱུད་པར་དུ་གྲང་བའི་ཆུའི་རེག་པ་ལས།། ལྐོག་མར་སྐྲངས་པར་གྱུར་པའི་ནང་།། གག་བཅས་བྱ་བད་ཀན་འབྱུང་ཞེས་བཤད་དོ།། མ་ཐུ་བ་ནི་མ་ནུ་བ་བེའུ་སྣརུབས་ཅན་ནོ།། རྨ་འཇིག་པར་བྱེད་པ
་ནི། རྨ་ཤིན་ཏུ་མཐོ་བའི་སྐྲངས་བག་ཅན།། མཛུམ་ཞིང་འབྲི་བར་བྱེད་པའོ།། ཡང་ན་རྨ་འབྱོར་པ་དག་གིས་གགས་བྱེད་པའོ།། དེ་བཞིན་དུ་སྣུམ་པ་དང་། ཚིལ་ལ་སོ། གས་པ་སྐེམས་ཤིང་འབྲི་བར་བྱེད་པ་དང་། མེའི་དྲོད་བསྐྱེད་ཅིང་འཕེལ་བ་དང་། མ་ཞུ་བ
་ཞུ་བར་བྱེད་པ་དང་། ཁ་ཟས་ཡི་ག་འབྱེད་པར་བྱེད་པ་དང་། རྩ་སྦུབས་སྦྱོང་བ་དང་། ཟས་འཇིག་པར་བྱེད་པ་དང་། འཆི་བ་གཅོད་པ་སྟེ། རྣོ་བས་ལྷ་ཚིགས་ཀྱི་འཆིང་བ་དམ་པོ་ལྷོང་པར་བྱེད་པ་དང་། རྩ་སྦུབས་ཀྱི་ཁོ་རྣམ་པར་འཆིང་བ་དང་། བད་ཀན
་སེལ་ཅིང་འཇོམས་པ་ཡིན་ནོ།། ཚ་བ་དེ་ཤིན་ཏུ་དྲགས་པར་བསྟེན་ཅིང་ཟོས་པས་ནི་སྒྲོམ་དང་བསྐྱེད་པ་ལ་སོགས་པ་བྱེད་པ་ཡིན་ནོ།། བརྒྱལ་བ་ནི་རྨོངས་པར་གྱུར་པའོ།། ལུས་འཁུམས་པ་ནི་ཡན་ལག་འཇས་པ་ལྟར་གྱུར་པའོ།། དེ་བཞིན་དུ་འདར་བ་དང་རྣ
་རྒྱབ་ན་བ་སྟེ། དེ་དག་ཏུ་གཟེར་བ་ལ་སོགས་པ་མི་བཟད་པས་འདེབས་པ་དང་། སོགས་པའི་སྒྲས་ནི་རྐང་པ་དང་། རྩིབ་ལོགས་ན་ལ་སོགས་པར་བྱེད་པ་ཡིན་ནོ།། བསྐ་བ་མཁྲིས་པ་བང་ཀན་སེལ།། ལྕི་ཞིང་ཁྲག་ནང་རྣམ་པར་སྦྱོང་།། སྐོམ་ཞིང་རྨ་འཚོ
་བསིལ་བ་དང་།། འདྲུལ་དང་ཚིལ་ནི་སྐེམ་པར་སྐེམས།། བེའུ་སྣབས་འཁྱིལ་ཅིང་སྲི་བར་བྱེད།། རྩུབ་ཅིང་པགས་མདོག་རབ་དང་བྱེད།། དེ་ནི་ཤིན་ཏུ་བསྟེན་གྲགས་ན།། བཤང་འགགས་ལྟོ་སྤོས་སྙིང་ནང་དང་།། སྐེམ་དང་སྐེམ་ཞིང་སྐྱེས་མཆུ་ཉམས།། རྩཝ་སྒོ
་འགགས་ཤིང་དྲི་མ་སྲྀ་ཞེས་བྱ་བ། རོ་བསྐ་བ་བསྟེན་ཅིང་སྦྱང་བས་ནི།། མཁྲིས་པ་དང་བང་ཀན་སེལ་ཅིང་འཇོམས་པར་བྱེད་པ་དང་། ལྕི་བའི་ཡོན་ཏན་དང་ལྡན་པ་དང་།། ཁྲག་གི་ནང་རྣམ་པར་སྦྱོང་བ་ལ་སོགས་པ་བྱེད་པ་དང་། བེའུ་སྣརུབས་འཁྱིལ་ཞིང་ཐོག
་པར་བྱེད་པ་དང་།། བཤང་བ་སྲི་བར་བྱེད་པ་དང་། དེ་བཞིན་དུ་ཤིན་ཏུ་རྩུབ་པ་དང་། པགས་པའི་མདོག་རབ་ཏུ་དང་ཞིང་མདོག་གསལ་བར་བྱེད་པ་ཡིན་ནོ།། རོ་བསྐ་བ་དེ་བསྟེན་པ་དྲགས་ཤིང་ཤ་ས་ཆེར་ཟོས་ན་བཤང་བ་འགགས་པ་ལ་སོགས་པོ་བསྒྲེང་པར
་བྱེད་པོ་དང་། སྐྱེས་བུའི་མཐུ་ཉམས་ཤིང་ཁུ་བཟང་བར་འགྱུར་བ་དང་། དྲི་མ་སྲི་བ་དང་། གཅིན་དང་ཕྱི་ས་འགག་པར་འགྱུར་བ་ཡིན་ནོ།། མངར་བ་ལ་སོགས་པའི་རྫས་ཀྱི་སྡེ་ཚན་སྨྲས་པ་ནི་ཞན་མར་བུ་རམ་སྟར་ག་གསེར། མོ་ཙོ་ཙོ་ཙ་བ་རུ་ཤ1
་ཤིང་ར་མཉེ་བ་ནས།། རཱ་ཛ་ད་ན་བ་ལ་གསུམ།། མེ་དག་གཉིས་དང་བརྞྞ་བཞི།། འཚོ་བྱེད་ཛི་ཀ་རི་ཤ་བ།། ཤིང་མང་ངམ་དུ་ཀ་བིམྦྷི།། ཤདྠ་ནི་གཉིས་བི་ད་རི།། ཙུ་ལྲྀ་ཀྵི་ར་ཤྩ་ཀུ་ལ།། ས་ཧ་བོ་ཅན་ཀཥྐ་ར། མ
་བུ་རམ་ཤིང་གཟེ་མ།། རྒུན་འབྲུམ་སྦྱང་སོགས་མངར་བའི་སྟེ།། ཞེས་བྱ་བ་ལ། ཞུན་མར་ནས་རྒུན་འབྲུའི་བར་གྱི་སྡེ་ཚན་འདི་ནི་རྫས་མངར་བ་སྟེ།། སྨན་མངར་པོ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། དེ་ལ་མོ་ཙ་ནི་ཆུ་ཤོང་གི་འབྲས་བུའོ།། ཙཱ་ཙ་ནི་རྒྱུ་སྐྱེགས་ཀྱི
་འབྲས་བུའོ།། ཉེའུ་ཤིང་ནི་ཨོཾ་བི་རུའོ།། རཾ་མཉེ་པ་ར་ས་ནི་བཻ་རའོ།། རཱ་ཛད་ན་ནཻ་བ་ནཱ་ཡ་པྲི་ཡའོ།། བ་ལ་གསུམ་ནི་བཱ་ལ་དང་།། ཨ་ཏི་པཱ་ལ་དང་། ནཱ་ག་པཱུ་ལའོ།། མེ་གཉིས་ནི་མོ་དང་། མ་ཧཱ་མེ་དའོ།། བདྡྷ་བཞི་ནི་ས་ལ་བཱརྞི་དང་། བྷྱོ་བནྡྷ་དཱང་།
་མུདྦ་བརྟྟི་དང་། མཱ་ཥ་པརྞིའོ།། འཚོ་བྱེད་ནི་ཛཱི་བནྟིའོ།། ཛཱི་བ་ཀ་ནི་ཀུརྩ་ཤིཪྵའོ།། རི་ཤ་བ་ནི་བ་ཡི་བརྡྷའོ།། མ་དུ་ཀཱ་ནི་མ་དུ་ཀཱའི་མེ་ཏོག་གོ། བིམྤྲ་ནི་དུནྟ་ཀེ་རིའོ།། ཤྲ་བ་གཉིས་ནི། ཤྲ་བ་ནི་དང་། མ་ཧཱ་ཤྲ་བ་ཎིའོ།། བ་ད་རི་ནི་ཀྵི་ད་བི་དྷ་རིའོ།། ཙུ་ཝི་ནི
་ཏུ་ཀ་ཀྵི་རིའོ།། ཀྵི་ར་ཤུ་ཀུ་ལ་ནི། ཀྵིར་ཀ་ལོ་ལིའོ།། ས་ཧ་གཉིས་ནི་མ་ཧཱ་ས་ཧ་དང་། ཀྵཱ་རཾ་ས་ཧའོ།། འོ་མ་ཅན་ནི་འོ་མ་ཡོད་པའི་ཤིང་འོལ་སེ་ལ་སོགས་པའོ།། ཀནྨ་ར་ནཱི་ཀངྐུ་ལའོ།། གཞན་ནི་གོ་བར་ཟད་དོ།། སྐྱུར་བ་སྒྱུར་རུ་ར་ཨ་ལ་ཀ།
་པ་ལུང་དང་ནི་སྟར་བུ་དང་།། སེའུ་འབྲུ་རྡུལ་དང་དར་བ་དང་།། ཚ་དང་ཀུ་ཤུ་ཨ་མྲ་དང་།། ཨ་ལ~ཾ་ཏན། བྷ་བྱ་དང་།། ཀ་ར་མནྡ་པི་ཐ་རོ་ཞེས་བྱ་བ་ལ། སྐྱུ་རུ་ར་ནས་ཀ་པིཏྶའི་བར་གྱི་སྡེ་ཚན་ནི་སྨན་སྒྱུར་བའི་ཚན་ཡིན་ན། ཨི་ལ་ཀ་ནི་ཙུ་ཀྲྀ་ཀའོ།།
་བ.ལུང་ནི་པི་ཛ་བྷུ་རའོ།། གཞན་དག་ནི་གོ་བར་ཟང་ངོ་།། ཚ་མཆོག་རྩབས་རུ་ཁ་རུ་ཚ།། བི་ད་རྒྱ་མཚོ་བ་ཀོང་མའི་ཚེ།། མཚོ་ཚ་སྐམ་ཚྭ་རོ་ཉིད་དང་།། ཀྵ་ར་ལནཱ་ཚྭའི་སྡེ་ཚན་ཡིན་ཞེས་བྱ་བ་ལ། ཚྭ་མཆོག་ནུས་ལན་ཚྭའི་བར་ནི།། ཆའི་སྔ་ཚན་གྱི་སྨན
་གྱི་ཚོགས་སོ།། ཚ་མཆོག་ནི་རྒྱུ་མ་ཚ་དང་། ལྕེ་མྱང་ཚའོ།། རྩབས་རྭ་ཚ་ནཱི་སོ་བནྡྷ་ལ་སྟེ། མིང་གི་རྣམ་གྲངས་རུ་ཙཾ་ཀཱ་ཞེས་བྱའོ།། ཁ་རུ་ཚ་ནི་ཆ་ནག་པོའོ།། བི་ད་ནཱི་ཁ་རུ་ཚྭ་ནིག་པོའི་དྲི་མི་ཞིམ་པའོ།། རྒྱམ་མཚོའི་ཚ་ནི་ས་མུ་དྲི་ལ་ཝ་ནའི།།
་རཻ་ཉ་ཞེས་བྱ་བ་ནི་ན་ཉེ་ནག་པོའོ།། ཀྵ་ར་ནི་སརྟྲྀ་ཀཽ་དང་། ཡ་བཀྵ་ར་ལ་སོགས་པ་ལ་སོགས་པའོ།། ཁ་བ་ཁྱི་ལྱེ་པ་ཏོ་ལི།། ཙོན་དན་ཨུ་ཤིར་བ་ལེ་ཀ། ཅི་སྐྲིགས་ནིམྦ་པུ་ཙེ་ཤེལ།། རྒྱུ་སྤོས་ཨ་ཀཱར་བ་ཙ་ཀ། ནཀྵཱ་མ་ལ་སེར་པོ་གཉིས།། གླ
་སྒསྒྲ་མུཪྴ་བཱ་ཤ་ཀཱ་ཨ་བ་མན་ཐོ་སོན་ས་ཁཱ་ཁྱཱ་མྦྷི་རྗེས་ཀྱི་ཆེང་བ། རྩ་བ་ཆེན་ལ་བྱཱ་གྷྲི་གཉིས།། བོ་ང་ཤུ་དག་བི་ས་ལ།། ཞེས་བྱ་བ་ལ། ཁྱི་ལྕེ་བ་ནས་བི་ཤ་ལའི་བར་གྱི་སྡེ་ཆེན་འདི་ནི་སྨན་ཁ་བའི་སྡེ་ཚོམས་སོ།། ཅི་སྐྲིགས་ནི་ཀི་རི་ཏཱ་ཏིཀྟའོ།། ནཀྟ་མ་ལ་ནི་ཀ
་རཉྫའོ།། སེར་པོ་གཉིས་ནི་ཡུང་བ་དང་སྐྱེར་བའོ།། བ་ཤ་ཀ་ནི་ཨོ་ཊེ་རུ་ཁ་ཀའོ།། བྱི་ཚེར་བ་ནི་དུཪྻ་བའོ།། རྩ་བ་ཆེན་པོ་ལྔ་ནི། བིལླ་དང་ཀཀྵ་རཱྀ་ལ་སོགས་པའོ།། བྱཱ་གྷྲི་ནཱི་བྲྀ་ཧཱ་ཏཱི་དང་། ཀཎྜ་ཀཱ་རིའོ།། ཚ་བ་ཤིང་ཀུན་ན་ལྀ་ཤཾ། བི་ཊཾ་ག་དང་ཚ་བ
་ལྔ་ཀུ་ཐི་ར་སོགས་ལྡུམ་དང་སྔོ།། མཁྲིས་པ་གཅིན་དང་གོ་ཕྱེ་ཡིམ་ཞེས་བྱ་བ་ལ། ཤིང་ཀུན་ནས་ལོ་ཕྱེའི་བར་གྱི་སྡེ་ཚན་འདི་ནི། སྨན་ཚེ་བའི་སྡེ་ཚན་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། ཚ་བ་ལྡན་པི་བི་ལིང་དང་། པ~ཾ་བི་ལིང་སྦྲུ་ལ་དང་། དབྱི་མོང
་དང་། ཙི་ཏྲ་ཀ་དང་། བཅའ་ལྒའོ།། ཀུ་ཐེ་ར་སོགས་ལྡུམ་རྔང་སྔོ་ཞེས་བྱ་བ་ནི་ཚོད་མའི་ནང་ནས་ལྡུམ་གྱི་སྔོ་དང་ཀུ་ཐེ་ར་དང་། ཤི་ཀྲུ་དང་། བྱིའུ་རུག་པ་ལ་སོགས་པའོ།། མཁྲིས་པ་ནི་རི་དྭགས་དང་བྱཱ་ལ་སོགས་པའི་མཁྲིས
་པའོ།། གཅིན་ནི་བ་ལང་དང་ར་ལུག་ལ་སོགས་པའི་གཅིན་རྣམ་པ་བརྒྱད་དོ།། གོ་ཕྱེ་བ་ནི་བ་ལ་ད་ཀ་ཞེས་བྱ་བ་བསེ་ཤིང་གི་འབྲས་བུའོ།། སྐྲ་ཆན་ཨ་རུ་བ་རུ་ར། སྦྲང་རྩི་སོང་ལྡིང་ཤྲི་ཤ། ཀཱ་དཾ་ཨུ་དུ་པ་ར་དང་། མུ་ཏིག་བྷུ་རུ་ཨཉྩུ་བཙག། ཀ་བིཏྶ་གཞོན
་ཁརྫུ་པ། པད་རྩཝ་པདྨ་ཨུཏྤ་ལའོ།། ཞེས་བྱ་བ་ལ། ཨ་རུ་ར་ནས་ཨུཏྤ་ལའི་བར་གྷི་སྡེ་ཚན་འདི་ནི་རོ་བསྐ་བའི་སྨན་གྱི་ཚོགས་སོ་ཨཉྫན་ནི་ལིག་པུ་མིག་དང་དངུལ་རྗེའོ།། བཅག་ནི་སུ་བཪྵ་གི་རི་སྟཾ། བཙག་ལུག་རྣམ་མོ།། ཀ་པཽངྒེ་གཞོན་ཞེས་བྱ་བ་ནི
་བ་ལ་ཀ་པི་ཏ་གཞོན་ནུའོ།། ཁརྫུ་ར་ཞེས་བྱ་བ་ནི་ཀ་པིངྒ་རློན་པ་དང་། ཁརྫུ་ར་མ་སྨིན་པའོ་འབྲས་རྙིང་ནས་དང་གྲོ་རྙིང་དང་། མུཏྶ་སྦྲང་རྩི་ཤ་ཁ་ར།། སྐམ་སའི་ཤ་རྣམས་མ་གཏོགས་པའི།། མང་པ་ཕལ་ཆར་བད་ཀན་བསྐྱེད་ཅེས་བྱ་བ་ལ། མར་ལ
་སོགས་པའི་སྤྱན་རོ་མེངར་བ་ཕལ་མོ་ཚོང་དེ་དག་ནི། བེང་ཀན་བསྐྱེད་ཅིང་འཕེལ་བར་བྱེད་པ་ཡིན་མོད་ཀྱི། འབྲས་རྙིང་པ་དང་། ནས་རྙིང་པ་དང་། གྲོ་རྙིང་པ་དང་། སྲན་མུདྒ་སྟེ། མོན་སྲན་རྡེ་རུ་དང་། སྦྲང་རྩི་དང་། ཤ་ཁ་རྀ་དང་། སྐམ་སའི
་ན་ནི་མ་གཏོར་ཏེ་འདི་དག་མང་ཡང་དགན་མི་བསྐྱེད་ཀྱི་དེ་ཐ་གཞན་བཱི་མང་རབ་ལོ་ཚོར་བ་དཀན་བསྐྱེད་པ་ཡི་ནོ།། སྐྱུ་རུ་སེ་འབྲུ་མ་གཏོགས་པ། སྐྱུར་བ་ཕལ་ཆེར་མཁྲིས་པ་བསྐྱེད་ཅེས་བྱ་བ་ལ། གང་སྒྱུར་བའི་སྨན་ཕལ་ཆེར་ཞེས་པ་མང་དུ་སྟེ། མ་རུ་ལུང་ག་ལ་སོགས་པ
་གང་ཡིན་པ་དེ་ཐམས་ཅད་མཁྲིས་པ་བསྐྱེད་ཅིང་། འཕེལ་བར་བྱེད་པ་ཡིན་མོད་ཀྱི། སྐྱུ་རུ་ར་དང་སེའུ་འབྲུ་ནི་མ་གཏོགས་ཏེ་དེ་ཉིད་ནི་མཁྲིས་པ་མི་བསྐྱེད་པ་གཞན་སྦྱར་བ་ཐམས་ཅད་མཁྲིས་པ་བསྐྱེད་པ་ཡིན་ནོ།། རྒྱ་མཚ་ལྕེ་མྱང་ཚ་མ་གཏོགས།།
་ལན་ཚྭ་ཕལ་ཆེར་མིག་ལ་གནོད།། ཅེས་བྱ་བ་ལ་ལན་ཚྭའི་སྒྲ་ཐམས་ཅད་ལས་ཕལ་ཆེར་ཞེས་བྱ་བ་མང་དུ་མིག་ལ་གནོད་ཅིང་འཇོམས་པ་ཡིན་མོད་ཀྱི་རྒྱ་མ་ཚ་དང་ལྕེ་མྱང་ཚ་ནི་མ་གཏོགས་སོ།། དེ་བས་ན་རྒྱ་མ་ཚ་དང་། ལྕེ་མྱང་ཚ་ནི་མིག་ལ
་ཕན་ནོ་ཞེས་དོན་གྱི་ཤུགས་ཀྱིས་སྟོན་པ་ཡིན་ནོ།། སླེ་ཏྲེས་པ་ཏོ་ལ་བཅའ་སྒ།། སྒོག་སྐྱ་པི་པི་ལིང་མོ་གཏོགས།། ཁ་དང་ཚ་བ་ཕལ་ཆེར་ནི།། རོ་ཙང་བྲི་ཞིང་རླུང་བསྐྱོང་ཡིན་ཞེས་བྱ་བ་ལ། སྨན་ཁ་བ་དང་ཚ་བ་ཐམས་ཅད་ལས་ཕལ་ཆེར་ཏེ་མང་དུ་རོ་ཙ་ཞིང
་ཁུ་བ་འཕེལ་བ་ལ་གནོད་ཅིང་འབྲི་བར་བྱེད་པ་དང་། དེ་བཞིན་དུ་རླུང་བསྐྱེད་པར་བྱེད་པ་ཡིན་མོད་ཀྱི།། གཞན་དུ་ན་སྨན་ཁ་བའི་ནང་ན་སླེ་ཏྲེས་དང་། བ་ཏོ་ལོ་མ་གཏོགས་པོ། སྨན་ཚ་བ་རྣམས་ཀྱི་ནང་ན་བཅའ་སྒྲ་དང་། པི་པི་ལིང་སྟེ། གསུམ་མ
་གཏོགས་པ་སྨན་ཁ་བ་དང་། ཚ་བ་གཞན་དག་ནི་རོ་ཙ་བ་འབྲི་ཞིང་རླུང་བསྐྱོད་པ་ཡིན་ལ། ལྔ་པོ་དེ་དག་ནི་རོ་བ་ཙ་བར་བྱེད་པ་དང་། རླུང་འཇོམས་པ་ཡིན་ནོ།། བསྐ་བ་ལས་ཨ་རུ་ར་མ་གཏོགས། ཕལ་ཆེར་བསིལ་ཞིང་སྲི་བར་བྱེད་ཅེས་བྱ་བ་ལ།
་སྨན་བསྐ་བ་ཤི་རི་ཤ་ལ་སོགས་པ་ཐམས་ཅད་ལས་ཕལ་ཚེར་ཏེ། མང་དུ་བསིལ་བའི་ནུས་པ་དང་ལྡན་ཞིང་། བཤང་བ་ལ་སོགས་པ་སྲི་བར་བྱེད་པ་ཡིན་མོད་ཀྱི། ཨ་རུ་ར་ནི་མ་གཏོགས་ཏེ། དེ་ནི་ནུས་པ་དྲོ་ཞིང་འཁྲུ་བར་བྱེད་པ་ཡིན་ནོ།། རོ་ཚ
་སྐྱུར་དང་ལན་ཚྭ་རྣམས།། གོ་རིམ་བཞིན་དུ་དྲོ་ནུས་ལྡན་ཞེས་བྱ་བ་ལ། རོ་ཆེ་བ་དང་། སྐྱུར་བ་དང་། ལན་ཚྭ་རྣམས་ནི་གོ་རིམ་བཞིན་ཏེ། རིམ་པ་མ་འཆོལ་བར་ཚ་བའི་ནུས་པ་དང་ལྡན་པ་ཡིན་ཏེ། དེ་ཡང་ཚ་བ་ནི
་ཚ་ཞིང་དྲོ་བ་ཡིན་ལ། སྒྱུར་བ་ནི་རབ་ཏུ་དྲོ་བ་ཡིན་ལ། ལན་ཚྭ་ནི་མཆོག་ཏུ་དྲོ་བའི་ནུས་པ་དང་ལྡན་པ་ཡིན་ནོ།། ཁ་དང་བསྐ་དང་མངར་བ་རྣམས།། དེ་བཞིན་དུ་ནི་བསིལ་བ་ཉིད་ཅེས་བྱ་བ་ལ། རོ་ཁ་བ་དང་བསྐ་བ་དང་མངར་བ་རྣམས་ནི་དེ་བཞིན་དུ་ཞེས
་པ། གོ་རིམ་སྔ་མ་བཞི་ན་དུ་བསིལ་བའི་ནུས་པ་དང་ལྡན་པ་ཡིན་གྱི་ཁ་བ་ནི་བསིལ་བ་ཡིན་ལ། བསྐ་བ་ནི་རབ་ཏུ་བསིལ་བ་ཡིན་ལ། མངར་བ་ནི་མཆོག་ཏུ་བསིལ་བ་ཡིན་ནོ།། ཁོ་དང་ཚ་དང་བསྐ་བ་རྣམས།། དེ་བཞིན་རྩུབ་ཅིང་དྲི་མ་སྲི་ཞེས་བྱ་བ་ལཱ།
་རོ་ཁ་བ་དང་ཚ་བ་དང་། བསྐ་བ་ནི་དེ་བཞིན་དུ་ཞེས་པ་གོ་རིམཱ་ཇི་ལྟ་བ་བཞིན་དུ་རྔུབ་ཅིང་དྲི་མ་སྲི་བར་བྱེད་པ་ཡིན་ཏེ། ཁ་བ་ནི་རྩུབ་པ་དང་དྲི་མ་སྲི་བར་བྱེད་པ་ཡིན་ལ། ཚ་བ་ནི་རྩུབ་ཅིང་རབ་ཏུ་དྲི་མ་བསྲི་བ་ཡིན་ལ། བསྐ་བི་ནི་ཤིན་ཏུ་རྩུབ་ཅིང་དྲི་མ་སྐྱེ
་བ་ཡིན་ནོ།། ལནྡྲ་ཚྭ་སྐྱུར་མངར་སྣུམ་པ་དང་། ཤང་གཅི་ཐུར་གྱི་ཐུགས་འབྱིན་བྱེད་ཅེས་བྱ་བ་ལ། རོ་ལན་ཚྭ་དང་། སྐྱུར་བ་དང་། མངར་བ་རྣམས་ནི་སྣུམ་པ་དང་། བཤང་གཅི་དང་། ཐུར་གྱི་ཐུགས་འབྱིན་ཅིང་འདོན་པར་བྱེད་པ་ཡིན་ལ། གོ་རིམ
་བཞི་ཞེས་བྱ་བ་འཛི་ཡང་སྦྱར་རེ་བར་བྱ་སྟེ། ལན་ཚྭ་ནི་སྣུམ་པོ་དང་། བཤིང་གཙོ་དང་ཕྱི་རོལ་གྱི་དབུགས་འབྱིན་པ་རདེ་བྱེད་པ་ཡིན་ལ། སྦྱར་བ་ནི་རབ་ཏུ་སྣུམ་པ་དང་། བཤང་བ་དང་གཙོ་བོ་དང་ཕྱི་རོལ་གྱི་དབུགས་རབ་ཏུ་འབྱིན་པར་བྱེད་པ
་ཡིན་ནོ།། མངར་བ་ནི་ཤིན་ཏུ་སྣུམ་པ་དང་། བཤང་བ་དང་གཅི་བ་དང་ཕྱི་རོལ་གྱི་དབུགས་ཤིན་ཏུ་འབྱིན་པར་བྱེད་པ་ཡིན་ནོ།། ལན་ཚྭ་ལས་བསྐབས་དེ་བས་ཀྱང་། མངར་བ་མཆོག་ཏུ་ལྕི་བ་ཡིན་ཞེས་བྱ་བ་ལ། རོ་ལན་ཚྭས་ནི་རོ་བསྐུ་བ་ལྕི་བ
་ཡིན་ལ། དེ་བས་ཀྱང་ཞེས་བྱ་བ། རོ་བསྐབ་བས་ཀྱང་རོ་མྱང་ར་བ་མཆོག་ཏུ་ལྕི་བ་ཡིན་ནོ།། ཞེས་བྱ་བའི་དོན་ནོ།། སྒྱུར་བས་ཚ་དང་དེ་བས་ཀྱང་།། ཁ་བ་དག་ནི་ཡང་བ་ཡིན་ཞེས་བྱ་བ་ལ། རོ་སྦྱོར་བ་ནི་ཡང་བ་ཡིན་ལ། དེ་བས་ཀྱང་ཚ་བ
་ཡང་བ་ཡིན་ལ། རོ་ཚ་བ་དེ་བས་ཀྱང་ཁ་བ་དག་ཡིན་ནོ།། རོ་རྣམས་ཀྱི་དབྱེ་བ་བཤད་པ་ནི། རོ་རྣམས་ཀྱི་ནི་དབྱེ་བ་ལས།། སྦྱོར་བ་ལྔ་བཅུ་རྩ་ལྔ་དང་།། བརྟག་པ་དྲུག་ཅུ་རྩ་གསུམ་དུ།། རགས་རིམ་ཇི་བཞི་ན་ཕྱེ་བ་ཡིན་ཞེས་བྱ་བ་ལ།
་རོ་རྣམས་ཀྱི་བཞི་པོ་སྨན་གྱི་སྦྱོར་བ་བྱས་པ་ལས་འོག་ནས་བཤད་པའི་ཚུལ་དུ་ཕན་ཚུན་འདྲེས་པའི་སྦྱོར་པོ་བྱས་ཤིང་རྣམ་པར་ཕྱེ་བ་ལས་སྦྱོར་བ་ལྔ་བཅུ་རྩ་བདུན་ཐ་དང་བར་བྱ་བ་ཡིན་པ་དང་། ཡང་འདི་རྣམས་ལ་བརྟག་པ་དྲུག་ཅུ
་རྩ་གསུམ་དུ་ཕྱེ་བ་ཡིན།། ཇི་ལྟར་བྱས་ནས་རོ་རྣམས་ཀྱི་སྦྱོར་བ་ལྔ་བཅུ་རྩ་བདུན་དང་། བརྟག་པ་དྲུག་ཅུ་བྱས་པ་ཡོན་ཞེ་ན། རགས་རིམ་ཇི་ལྟ་བ་བཞིན་ཞེས་བྱ་བ་ཡིན་ཏེ། རགས་པའི་གཽ་རཱི་མ་ལ་བལྟོས་ཤིང་མཆིན
་ནས་རོ་གསལ་བར་མྱོང་བའི་ཚུལ་དང་། རྗེས་སུ་མཐུན་པར་བྱས་པ་ཡིན་གྱི། རོ་རྗེ་ཕྲ་མོ་ཡན་ཆད་རབ་དང་མཆོག་གི་དབྱེ་བ་ལས་ནི། རོ་མཐའ་ཡས་པ་ཡིན་པས། ཕྲ་མོ་རྣམས་ཀྱི་དབང་དུ་བྱས་པ་ནི་མ་ཡིན་ནོ།། དེ་ཡང
་ཐིག་ལུས་ལ་དགོས་པ་ཡོད་པ་དེ་ཙམ་གྱིས་རགས་རིམ། ཇི་ལྟ་བ་བཞིན་དུ་ཆེ་ཞིང་གྲངས་སུ་ཆད་པར་བྱས་པ་ཡིན་ནོ།། སྦྱོར་བ་ཉིད་རོ་གཉིས་ལ་སོགས་པའི་དབྱེ་བས་བཤད་པ་ནི་དེ་ལྔ་རེ་རེ་བྲི་བ་ལས། ལྔར་གྱུར
་རོ་ནི་གཉིས་པ་ཡིན། རོ་ཞེས་བྱ་ལ་རོ་གཉིས་གཉིས་སྦྱར་བ་ནི་གཉིས་པ་སྟེ། རོའི་གཞིའི་སྨན་དང་འབྲེལ་བའི་སྦྱོར་བ་གཉིས་པ་དེ་ལ་རོ་ལྔ་པོ་དེ་དག་གི་སྦྱོར་བ་བྱས་པ་ལས་འགྱུར་ཏེ། ཇི་ལྟར་འགྱུར་ཞེ་ན། རེ་རེ་ཕྲི་བ་ལས་གྱུར་ཏེ། མངར་བ
་ཕྱི་བའི་སྦྱར་བ་ལ་སོགས་པ་དང་། སྐྱུར་བ་ཕྲི་བའི་ལན་ཚྭ་ལ་སོགས་པ་དང་། ལན་ཚྭ་བྲི་བའི་ཁ་བ་ལ་སོགས་པ་དང་། ཁ་བ་ཕྲི་བའི་ཚ་བ་དང་བསྐ་བ་གཉིས་དང་། ཚ་བ་བྲི་བའི་བསྐ་བའོ།། དེ་ལྟར་ན་མངར་བ་ལ་སོགས་པའི་རེ་རེ་རེ་ཕུལ་བའི
་རོ་ལྔ་ནི་སྦྱོར་བའི་དོན་དུ་འགྲོ་བར་བྱེད་པ་ཡིན་ལ། སྒྱུར་བ་ལ་སོགས་པ་ནི་སྦྱོར་བར་བྱེད་པ་ཡིན་ཏེ། དེ་ཡང་འདི་ལྟ་སྟེ་མངར་བ་དང་སྦྱར་བར་སྦྱར་བ་དང་། མངར་བ་དང་ཁ་བ་སྦྱར་བ་དང་། མངར་པ་དང་ཚ་བ་སྦྱར་བ་དང་། མངར་བ་དང
་བསྐ་བར་སྦྱར་བར་བྱ་སྟེ། དེ་ལྟར་ནོ་མངར་བ་ཕྱེ་བ་རྣམ་པ་ལྔར་འགྱུར་རོ།། སྦྱོར་བའི་གཉིས་པ་ནི་མངར་བ་ལ་བལྟོས་ནས་རེ་རེ་ཕྲི་བ་ལ་ས་གཉིས་པའི་དབྱེ་བ་བཞིར་འགྱུར་པ་ནི་འདི་ལྟ་སྟེ་སྦྱར་བ་དང་ལན་ཚྭར་སྦྱར་བ་དང་།
་སྒྱུསྦྱར་བ་དང་ཁོ་བར་སྦྱར་བ་དང་། སྒྱུར་བ་དང་ཆ་བོར་སྦྱར་བ་དང་། སྒྱུར་བ་དང་བསྐ་བར་སྦྱར་བ་སྟེ་དེ་ལྟར་ན་སྦྱར་བ་དབྱེ་བ་རྣམ་པ་བཞིར་འགྱུར་རོ།། ལམ་ཚྭའི་གཉིས་པ་ནི་སྒྱུར་བ་ལ་བལྟོས་པ་རོབྲི་བར་གྱུར་ན་དབྱེ་བ་རྣམ་པ་གསུམ
་དུ་འགྱུར་བ་ནི་འདི་ལྟ་སྟེ། ལན་ཚྭ་དང་ཁ་བར་སྦྱར་བ་དང་། ལན་ཚྭ་དང་ཚ་བར་སྦྱར་བ་དང་། ལན་ཚྭ་དང་བསྐ་བར་སྦྱར་བ་སྟེ། དེ་ལྟར་ན་ལན་ཚྭའི་གཉིས་པར་འགྱུར་རོ།། ཁ་བའི་གཉིས་པ་ནི་ལན་ཚྭ་ལས་བལྟོས་ནས། ར་རེ་ཕྲི་བར་གྱུར་ན་དབྱེ་བ
་རྣམ་པ་གཉིས་སུ་འགྱུར་བ་ནི་འདི་ལྟ་སྟེ། ཁ་བ་དང་ཚ་བར་སྦྱར་བ་དང་། ཁ་བ་དང་བསྐ་བར་བྱའོ།། ཚ་བ་ཁ་བ་ལོས་བལྟོས་ནས་གཅིག་ཕྲི་བར་གྱུར་ན། དབྱི་བ་རྣམ་པ་གཅིག་ཏུ་གྱུར་ཏེ། ཚ་བ་དང་བསྐ་བར་སྦྱར་བར་བྱའོ།། དེ་ལྟར་ན་གཉིས་པོ
་དེ་དག་དབྱེ་བ་རྣམ་པ་བཅོ་ལྔར་འགྱུར་རོ།། གསུམ་པ་མངར་བཅུ་སྦྱར་དྲུག་སྟེ། ལན་ཚྭ་གསུམ་སྟེ། ཁ་བ་གཅིག། བཞི་པ་ལ་ནི་མངར་པོ་བཅུ། སྒྱུར་བ་བཞི་པོ་ལེན་ཚྭ་གཅིག། ལྔ་པ་ལ་ནི་སྐྱུར་གཅིག་པུ།། མངར་བ་ལྔ་ལ་བརྟེན་པ་ཡིན།
་ཞེས་བྱ་བ་ལ། གསུམ་པ་མདེར་བཅུ་ཞེས་བྱ་བ་ལ། སྨན་གྱི་རོ་ག་སུམ་པ་ལ། རོ་མངར་བ་དབྱེ་བ་རྣམ་པ་བཅུར་འགྱུར་ཏེ། དེ་ཡང་འདི་ལྟར་མངར་བ་དང་། སྐྱུར་བ་དང་། ལན་ཚྭ་སྦྱར་བ་དསེང་། མངར་བ་དང་སྦྱར་བ་དང་ཁ་བར་སྦྱར་བ
་དང་། མདར་བ་དང་། སྦྱར་བ་དང་། ཚ་བར་སྦྱར་བ་དང་། མངར་བ་དང་སྦྱར་བ་དང་བསྐ་བར་སྦྱར་བ་དང་། མངར་བ་དང་། ལན་ཚྭ་ཁ་བར་སྦྱར་བ་དང་། མངར་བ་དང་ལན་ཚྭ་དང་ཚ་བར་སྦྱར་བ་དང་། མངར་བ་དང་ལན་ཚྭ་ངི་ང་བསྐ་བར་སྦྱར་བ་དང་།
་མངར་བ་དང་ཁ་བ་དང་ཚ་བར་སྦྱར་བ་དང་། མངར་བ་དང་ཁ་བ་དང་བསྐ་བར་སྦྱར་བ་དོང་། མངར་བ་དང་ཚ་བ་དང་བསྐ་བར་སྦྱར་བ་སྟེ། དེ་ལྟར་ན་བཅུའོ།། སྒྱུར་དྲུག་སྟེ་ཞེས་བྱ་བ་ནི། རོ་སྒྱུར་བ་གསུམ་པའི་དབྱེ་བ་དྲུག་ཏུ་འགྱུར་བ་ནི་འདི་ལྟ
་སྟེ། སྐྱུར་བ་དང་ལན་ཚྭ་དང་ཁ་བར་སྦྱར་བ་དང་། སྐྱུར་བ་དང་ལན་ཚྭ་དང་ཚ་བར་སྦྱར་བ་དང་། སྐྱུར་བ་དང་ལན་ཚྭ་དང་བསྐ་བར་སྦྱར་བ་དང་། སྐྱུར་བ་དང་ཁ་བ་དང་། ཚ་བར་སྦྱར་བ་དང་། སྐྱུར་བ་དང་ཁ་བ་དང་ལན་ཚྭར
་སྦྱར་བ་དང་། སྐྱུར་བ་དང་ཚ་བ་དང་བསྐ་བར་སྦྱར་བ་སྟེ། དེ་ལྟར་ན་དྲུག་གོ།། ལན་ཚྭ་གསུམ་ཞེས་བྱ་བ་ནི། ལོ་ན་ཚྭའི་གསུམ་པ་ནི་དབྱེ་བ་རྣམ་པ་གསུམ་དུ་འགྱུར་བ་ནི་འདི་ལྟ་སྟེ། ལན་ཚྭ་དང་ཁ་བ་དང་ཚ་བར་སྦྱར་བ་དང་། ལན་ཚྭ་དང་ཁ་བ
་དོང་བསྐ་བར་སྤྱི་སོར་བ་དང་། ལནཱ་ཚྭ་དང་ཚྭ་བ་དང་བསྐ་བར་སྦྱར་བ་སྟེ། དེ་ལྟར་ན་དབྱེ་བ་རྣམ་པ་གསུམ་དུ་འགྱུར་རོ།། ཁ་བ་གཅིག་པུ་ཉིད་ཅེས་བྱ་བ་ནི་རོ་ཁ་བ་ནི་ཁ་བ་དང་ཆེ་བ་དང་། བསྐ་བཻར་སྦྱ་ར་བ་སྟེ། དབྱེ་བ་གཅིག་པུ་ཉིད་དུ་འགྱུར་རོ།། དེ་ལྟར་ན
་གསུམ་པ་ཉི་ཤུར་འགྱུར་རོ།། བཞི་པ་ལ་ནི་མངར་བ་བཅུ་ཞེས་བྱ་བ་ནི། བན་པ་ལ་ནི་ཞེས་བྱ་བ་དབྱི་བ་བཞི་པ་ཅན་ལ། རོ་མངར་བ་དབྱེ་བ་རྣམ་པ་བཅུར་འགྱུར་རོ།། དེ་ཡང་འདི་ལྟ་སྟེ། མདར་བ་དང་སྒྱུར་བ་དོང་། ལན་ཚྭ་དང་། ཁཾ་བསྒྱུར་བ་དང་། མངར་བ
་དང་སྦྱར་བ་དང་ལན་ཚྭ་དང་ཚ་བར་སྦྱར་བ་དང་། མདར་བི་དང་སྦྱོར་བ་དང་ལན་ཚ་དང་བསྐ་བར་སྦྱར་བ་དང་། མངར་བ་དང་སྦྱར་བ་དང་ཁོ་བ་དང་ཚ་བར་སྦྱོར་བ་དང་། མངར་བ་དང་སྐྱུར་བ་དང་ཁ་བ་དང་ཚ་བར་སྦྱར་བ་དང་། མངར་བ་དང་སྦྱར་བ་དང་ཚ་བ་དང
་བསྐ་བར་སྦྱར་བ་དང་། མངར་བ་དང་། སྐྱུར་བ་དང་། ཁ་བ་དང་། བསྐ་བར་སྦྱར་བ་དང་། མངར་བ་དང་ལན་ཚྭ་དང་ཚ་བ་དང་། བསྐ་བར་སྦྱོར་བ་དང་། མངར་བ་དང་། ལན་ཚྭ་དང་ཁ་བ་དང་བསྐ་བོར་སྦྱར་བ་སྟེ། དེ་ལྟར་ན་དབྱེ་བ་རྣམ་པ
་བ་བཅུར་འགྱུར་རོ།། སྦྱར་བ་བཞི་པོ་ཞེས་བྱ་བ་ནི། སྐྱུར་བ་བཞི་པོ་དབྱེ་བ་བཞིར་འགྱུར་བ་ནི་འདི་ལྟ་སྟེ། སྐྱུར་བ་དང་། ལན་ཚྭ་དང་ཁ་བ་དུང་ཆ་བར་སྦྱར་བ་དང་། སྦྱར་བ་དང་། ལན་ཚྭ་དང་ཁ་བ་དང་བསྐ་བར་སྦྱར་བ་དང་། སྒྱུར་བ་དང་ལན་ཚྭ་དང་ཆ་བ་དང་བསྐུ
་བར་སྦྱར་བ་དང་། སྒྱུ་ར་བ་དང་ཁ་བ་དང་ཚོ་བ་དང་བསྐ་བར་སྦྱར་བ་སྟེ། དེ་ལྟར་ན་དབྱེ་བ་རྣམ་པ་བ་ཞིར་འགྱུར་རོ།། ཡན་ཚྭ་སྔ་གཅིག་ཅེས་བྱ་བ་ནི། ལན་ཚྭ་བཞི་པ་ནི། དབྱེ་བ་གཅིག་ཏུ་འགྱུར་ཏེ། ལན་ཚྭ་དང་ཚ་བ་དང་ཁ་བ་དང་བསྐ་བར་སྦྱར
་རོ།། དེ་ལྟར་ན་ང་བྱེ་བ་རྣམ་པ་བཅོ་ལྔར་འགྱུར་རོ།། ལྔ་པ་ལ་ནི་སྦྱར་གཅིག་པུ།། མངར་བ་ལྔ་ལ་བརྟེན་པ་ཡིན།། ཞེས་བྱ་བ་ན་དབྱེ་བ་རྣམ་པ་ལྔ་ནི། རོ་སྒྱུར་བའི་དབྱེ་བ་གཅིག་དུ་བསྟེན་པ་ནི། འདི་ལྟ་སྟེ། སྐུར་བ་དང་། ལན་ཚྭ་དང་ཁ་བ་དང་། ཚ་བ
་དང་བསྐ་བར་སྦྱར་བར་བྱའོ།། ལྔ་པ་ལ་རོ་མངརེ་བ་ནི་དབྱེ་བ་ལྔ་ལ་བརྟེ་ན་ཅིང་གནས་པ་ཡིན་ཏེ། འདི་ལྟར་མངར་བ་དང་། སྦྱོར་བ་དང་། ལན་ཚྭ་དང་། ཁ་བ་དང་ཚ་བར་སྦྱར་བ་དང་། མངར་བ་དང་སྐྱུར་བ་དང་ལོ་ན་ཚྭ་དང་ཁ་བ་དང་བསྐ་བར་སྦྱར་བ་དང་།
་མངར་བ་དང་ལམ་ཚྭ་དང་ཁ་བ་དང་། ཚ་བ་དང་བསྐུ་བར་སྦྱར་བ་དང་། མངར་བ་དང་བསྐ་བ་དང་ཁ་བ་དང་ཚ་བ་དང་སྦྱར་བར་སྦྱར་བ་དང་། མངར་བ་དང་སྦྱར་བ་དང་ལན་ཚྭ་དང་ཚ་བ་དང་བསྐ་བར་སྦྱབ་སྟེ། དེ་ལྟར་རྣམ་པ་ལྔ་དང་། སྔམ་དང་བཅས་པ
་ལྔ་པ་དབྱེ་བ་དྲུག་ཏུ་འགྱུར་རོ།། སྨན་ནི་རོ་དྲུག་གཅིག་ཏུ་ཡིན།། ཅེས་བྱ་བ་ན་གཅིག་པུར་འགྱུར་བ་ཡིན་ཏེ། མི་ངར་བ་དང་སྒྱུར་བ་དང་ལན་ཚྭ་དང་། ཁ་བ་དང་ཚ་བ་བསྐ་བའོ།། སྦྱོར་གཅི་གོ་པུ་ཁོ་ནར་གཅིག་ཏུ་འགྱུར་བ་ཡིན་ནོ།། དེ་ལྟར་ན་སྦྱོར་བ་ནི
་ལྔ་བཅུ་རྩ་བདུན་དུ་འགྱུར་བ་ཡིན་ནོ།། མ་འདྲེས་པ་ནི་རོ་དྲུག་འགྱུར་ཕྱེ་བྱ་བ་ལ། མ་འདྲེས་པ་ནི་གཅིག་དང་གཉིས་ལ་སོགས་པའི་སྦྱོར་བ་དང་འབྲེལ་ཏེ། གཅིག་པུ་ཉིད་དུ་ནི་རོ་དྲུག་ཏུ་འགྱུར་ཏེ། མངར་བ་དང་། སྐྱུར
་བབ་ང་ལན་ཚྭ་དང་ཁ་པ་དང་ཚ་བ་དང་བསྐ་བའོ།། དེ་རྣམས་བྱེ་བྲག་གི་ཆོ་གས་ཉེ་བར་སྦྱར་བ་ཡིན་ལ། བྱེ་བྲག་དེ་ནི་སྣུམ་གྱི་ཆོ་ག་ལ་དྲུག་ཅུ་རྩ་གསུམ་དུ་འགྱུར་ཏེ། དེ་ཡང་རོ་དབྱེ་དེ་གཉིས་གཅིག་བུ་གཉིས། དྲུག་ཅུ་རྩ་གསུམ་དག་ཏུ་བརྟག། སྣ་མ
་གྱིས་གཞན་དག་ཟིལ་མནན་ཅིང་།། ཉུང་བ་ཉིད་ཀྱི་རིམ་ལས་བཤད།། ཅེས་འབྱུང་བ་ཡིན་ནོ།། དབྱེ་བ་དེ་དག་བྱེ་བྲག་དྲན་པར་བྱ་བའི་ཕྱིར་ཚིགས་སུ་བཅད་པར་བསྡུས་ཏེ་སྨྲས་པ་ནི། ལྔ་པ་དྲུག་དང་རོ་ནི་ཐ་དད་དྲུག། བཞི་པ་གཉིས་པ་རྣམ
་པ་བཅོ་ལྔ་ཡིན།། དབྱེ་བ་གསུམ་པ་ཉི་ཤུ་གཅིག་ཉིད་དེ། སྨན་ནི་རོ་དྲུག་དེ་ལྟར་དྲུག་ཅུ་རྩ་གསུམ་ཞེས་བྱ་བ་ལྀ། རོ་ལྔའི་སྦྱོར་བ་དུ་ཡོད་ཅེ་ན། དྲུག་ཅེས་བྱ་བ་སྟེ། ལྔ་པ་ལ་ནི་སྐྱར་གཅིག་པུ།། མངར་པ་ལྔ་ནི་བསྟེན་པ་ཡིན་ཞེས་བཤད་པས
་ནི། དེ་ལྟར་ལྔ་པ་ལ་ནི་སྦྱོར་བའི་དབྱེ་བ་དྲུག་ཡིན་ནོ།། རོ་ཐ་དད་དྲུག་ཅེས་བྱ་བ་ནི་མ་འདྲེས་པའི་ངོ་བོ་ཉིད་ལས་ནི་མངར་བ་དང་། སྒྱུར་བ་དང་ལན་ཚྭ་དང་ཚ་བ་དང་། བསྐ་བ་སྟེ། རོ་དྲུ་ཚིག་གི་དབྱེ་བར་འགྱུར་རོ།། བཞི་པ་གཉིས་པ་རྣམ་ལྔ་ཡིན་ཞེས
་བྱ་བ་ནི། བཞི་པ་དང་གཉིས་པའི་དབྱེ་བ་ནི་རྣམ་པ་བཅོ་ལྔ་སྟེ། དེ་ལྟར་ན་བཞི་པ་དང་། གཉིས་པའི་རྣམ་པས་ཕྱེ་བའི་རོ་ནི་དཔྱིད་ས་རྣམ་པ་སུམ་ཅུར་འགྱུར་རོ།། དེ་ཡང་བཞི་པ་ལ་ནི་མངར་པོ་བཅུ།། སྒྱུར་བ་བཞི་པོ་ལན་ཚྭ་གཅིག་ཅིས་སྨོས
་པའི་ཕྱིར་བཅོ་ལྔ་ཡིན་ནོ།། དབྱེ་བ་གསུམ་པ་ཉི་ཤུ་ཞེས་བྱ་བ་ནི། དབྱེ་བ་རྣམ་པ་གསུམ་གྱིས་ཕྱེ་བའི་རོ་རྣམས་ནི། དབྱེ་བ་རྣམ་པ་ཉི་ཤུར་འགྱུར་ཏེ། གསུམ་པ་མངར་བཅུ་སྦྱར་དྲུག་སྟེ། ལན་ཚྭ་གསུམ་སྟེ་ཁ་བ་གཅིག་ཅེས་བྱ་བ་ཡིན་པས་ན་ཉི་ཤུའོ།།
་གཅིག་ཉིད་ནི། སྨན་ནི་རོ་དྲུག་ཅེས་བྱ་བ་ནི། སྨན་ནི་རེ་དྲུག་གཅིག་པུ་ཡིན་ཞེས་བྱ་བའོ།། དེ་ལྟར་དྲུག་ཅུ་གསུམ་ཞེས་བྱ་བ་ནི་རོ་རྣམས་ཀྱི་དབྱེ་བ་དྲུག་ཅུ་རྩ་གསུམ་ཡོད་པའོ།། དེ་དག་ཀྱང་གོང་དུ་གླེངས་ལྔ་བཅུ་རྩ་བདུན་དུ་ཚོང་པའི་བཅོས་མར་ཡོ
་སུ་དབྱེ་བའི་སྦྱོར་བ་དང་བཅས་པར་བཤད་པ་དང་། མ་བཅས་པའི་རོ་དྲུག་སྟེ། རོ་དྲུག་ཅུར་རོ་རྣམས་དབྱེ་བར་བཤད་པ་གང་ཡིན་པ་དེ་ནི་དགོས་པའི་དབང་དུ་བྱས་པ་ལས། མཚོན་ཅིང་ལུས་ལ་དགོས་པའི་ཡུལ་དུ་རིག་པ་ཉིད་ལས། རགས་རིམ་ཇི་ལྟ་བ
་བཞིན་དུ་ཕྱེ་ཞིང་བཤད་པ་ཡིན་གྱི། ཕྲ་བ་རྣམས་ཀྱི་སྦྱོར་བ་བརྩིས་པའི་ཚུ་ལ་འདི་ཙམ་དུ་ཟད་པ་ཡང་མ་ཡིན་ལ། དབྱེ་བ་ཡང་དྲུག་ཅུ་རྩ་གསུམ་དུ་ཟད་པ་མ་ཡིན་ཏེ། གང་གི་ཕྱིར་བླ་ཞིང་རབ་ཏུ་ཕྲ་བར་བརྟག་པ་དང་། དེ་བཞིན་དུ་རབ་དང་མཆོག
་དག་ཏུ་བརྟག་པའི་དབང་དང་། དེ་བཞིན་དུ་རོ་དང་རོ་རྗེས་ཀྱིས་བགོས་པའི་དབང་ལས་ནི། འདི་རྣམས་ནི་དབྱེ་བ་གྲངས་མེད་པ་ཡིན་པས་ན། འདི་དག་བསྟན་པའི་ཕྱིར་སྨྲས་པ་ནི། དེ་རྣམས་རོ་རྗེས་རོའི་དབྱེ་བ། རབ་དང་རབ་མཆོག་དག་ཏུ་བརྟག་པ་ལས།
་རྩིས་པ་ལས་འདས་བྱུང་བར་གྱུར་པ་ནི།། ནང་དང་སྨན་གྱིས་དབང་ལས་ཉེ་བར་སྦྱར་ཞེས་བྱ་བ་ལ། དྲུག་ཅུ་རྩ་གསུམ་གྱི་གྲངས་ཀྱི་དབྱེ་བས་ཕྱེ་བ་དེ་རྣམ་ནི་རྩིས་ལས་འདས་པ་ཡིན་ཏེ། ཤིན་ཏུ་མང་པོའི་ཕྱིར་རྩི་བར་མི་ནུས་པར་འགྱུར་ཞིང་སྐྱེས་པར
་གྱུར་པ་ཡིན་ནོ།། དེ་ཅི་ལྟར་ཞེ་ན། རོ་དང་རྗེས་ཀྱི་དབྱེ་བ་ལས་ཏེ། དེ་བས་འབྱུང་བ་འདུས་པ་ལས། བྱུང་བས་སྨན་རྣམས་རོ་གཅིག་མིན།། ཞེས་བྱ་བ་སྨོས་པ་ཡིན་ཏེ། རོ་དང་རྗེས་དེ་གཉིས་ཀྱང་འདི་ལྟར་མངར་བའི
་རྗེས་ནི་སྦྱར་བ་ལ་སོགས་པ་ཡིན་ལ། སྒྱུར་བའི་རོ་རྗེས་ནི་མངར་བ་ལ་སོགས་པ་ཡིན་པ་དང་། དེ་བཞིན་དུ་སྦྱར་བ་ནི་ལན་ཚྭའི་ལ་སོགས་པའོ།། ལིན་ཚྭ་ནི་ཁ་བ་ལ་སོགས་པ་སྟེ། དེ་རྣམས་ཞེས་བྱ་བའི་ཚིག་གིས་ཐམས་ཅད་ལ་སྙིགས་སུ་ཟིན་ཀྱང་།
་ལྔ་བཅུས་རྩ་བདུན་པོ་ཉིད་ལ་ཅི་རིགས་པར་རོ་དང་རྡོ་རྗེས་ཀྱི་དབྱེ་བ་བྱས་ན་གྲངས་མེད་པར་འགྱུར་ལ། རོ་དྲུག་པོ་འབའ་ཞིག་ལ་རབ་མཆོག་ལ་སོགས་པའི་བརྟག་པ་ལས་གྲངས་མེད་པར་འགྱུར་བ་ལ་ལྟ་སུ་ཞིག་འགོག། དེ་ཉིད་ཀྱིས་ན་རབ་དང་།
་རབ་མཆོག་དག་ཏུ་བརྟག་པ་ལས་ཞེས་སྨོས་པ་ཡིན་ཏེ། རོ་སྦྱར་བ་དང་། མ་སྦྱར་བའི་དབྱེ་བ་མཆོག་དང་། རབ་མཆོག་དག་ཏུ་བརྟག་པ་ནི་འདི་ལྟར་མངར་བ་དང་། རབ་ཏུ་མངར་བ་དང་། རབ་མཆོག་ཏུ་མངར་བ་དང་། རླུང་ཟད་ཏྲ་ཧ་ཅུང་ཟད་རབ་ཏུ་མངར་བ་དང་། ཅུང
་ཟད་རབ་མཆོག་ཏུ་མངར་བ་སྟེ། དེ་བཞིན་དུ་གཞན་དག་ལ་ཡང་སྦྱར་བར་བྱའོ།། ཡང་རོའི་དབྱེ་བ་དེ་རྣམས་ནད་ཀྱི་སྨན་གྱི་དབང་གིས་ཉེ་བར་སྦྱར་བའང་བྱ་སྟེ། དེ་ལ་ནད་ནི་རླུང་ལ་སོགས་པའོ།། སྨན་ནི་ཨ་རུ་ར་ལ་སོགས་པའོ།། ནད་དང་སྨན་གྱི
་དབང་ནི་དེའི་ཕྱེད་དམ། དབང་དུ་བྱས་པའམ། དེ་ལས་བལྟོས་པ་སྟེ། དེའི་དབང་དུ་བྱས་པ་ལས་ཡོངས་སུ་བརྟགས་ཏེ། སྦྱར་བར་བྱའི། བབ་བབ་དུ་འཆོལ་བར་བྱ་བ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། ནང་དང་སྨན་ཞེས་སྨོས་པ་ནི། ཉེ་བར
་མཚན་པ་ཙམ་ཡིན་པར་ཤེས་པར་བྱའོ།། ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ། ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ་སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས། ལེའུ་བཅུ་པའི་འགྲེལ་པའོ།།
་དེ་ནས་ནད་ལ་སོགས་པ་འི་ཚུལ་ཤོས་པར་བྱ་བའི་ལེའུ་བཤད་པར་བྱའོ་ཞེས་བྱ་བ་ནི། དེའི་རྗེས་ཐོགས་ལ་སོགས་པ་ཤེས་པར་བྱ་བ་བརྩམ་པར་བྱ་སྟེ། གང་གི་ཕྱིར་རོ་རྣམས་ཀྱི་དབྱེ་བ་དྲུག་ཅུ་རྩ་གསུམ་གྱིས་ཕྱེ་བ་དེ་དག་ཀྱང་ནད་ཀྱི་སྨན་གྱི་དབང
་དུ་སྦྱར་བར་བྱ་བ་ཡིན་པར་བཤད་ལ། དེ་ལྟ་བས་ན་ནང་ལས་རྗེས་སུ་དཔགས་ཏེ། སྦྱར་བར་བྱའོ།། བབ་བབ་ཏུ་འཆོལ་བར་བྱ་བ་ནི་མ་ཡིན་ནོ།། དེ་བས་ན་ནད་དེ་རྣམས་ནི་རང་གི་ལས་ཀྱི་མཚན་ཉིད་ཇི་ལྟ་བ་ཉིད་ལོས་རྗེས་སུ་དཔགས་ཏེ་ཤེས་པར
་བྱ་དགོས་ལ། དེ་ཤེས་པར་བྱ་བའི་ཕྱིར་ནི་ལེའུ་འདི་བརྩམས་པ་ཡིན་ནོ།། འདིར་ནད་རྣམས་བཞི་མེད་པར་ནི་ཇི་ལྟར་ཡང་ཤེས་པར་བྱ་བ་མི་ནུས་ལ། དེ་བས་ན་ནད་དེ་རྣམས་ཀྱི་གཞིར་གྱུར་པ། ལུས་ཟུངས་དང་དྲི་མ་རྣམས་གང་ཡིན་པ་དེ་ཤེས
་པོས་བྱ་དགོས་པས་ན། ནད་ཤེས་པར་བྱ་བ་འབའ་ཞིག་ཏུ་མ་ཟད་ཀྱི་ཞེས་བྱ་བར་ངེས་པར་གནས་སོ།། དེ་ལྟར་ན་ནད་ལ་སོགས་པ་ཤེས་པར་བྱ་བ་དེ་ལ་ཕན་པའི་ལེའུ་བཤད་པར་བྱ་ཞིང་བསྟན་པར་བྱའོ།། ཞེས་བྱ་བའི་དོན་ནོ།། ནད་དང་ལུས
་ཟུངས་དྲི་མ་རྣམས།། རྟག་ཏུ་ལུས་ཀྱི་རྩ་བ་ཡིན་ཞེས་བྱ་བ་ལ། ནད་དང་ལུས་ཟུངས་དང་དྲི་མ་རྣམས་ནི། ནད་དང་ལུས་ཟུངས་དང་དྲི་མ་རྣམས་ཏེ། དེ་ནི་རྟག་པར་དུས་ཐམས་ཅད་དུ་ལུས་ཀྱི་རྩ་བར་གྱུར་པ་ཡིན་ཏོ། ལུས་ནི་དེ་ལས་བྱུང་བ་ཡིན
་བའི་ཕྱིར། རྩ་བ་དང་འདྲ་བས་ན་རྩ་བ་སྟེ། རྒྱུའི་གཙོ་བོ་ཞེས་བྱ་བའི་དོན་ཏོ།། དེ་རླུང་དབུགས་བྱུང་དབུགས་རྔུབ་དང་།། བསྐྱོད་དང་ལས་སྤྱོད་ཤུགས་འབྱིན་དང་།། ལུས་ཟུངས་ལེགས་པར་རྒྱུ་བ་དང་།། དབང་པོ་རྣམས
་ནི་གསལ་བ་དག། མི་གནོད་པ་ནི་རྗེས་འཛིན་ཡིན་ཞེས་བྱ་བ་ལ། ལུས་དེ་ནི་རླུང་མི་གནོད་ཅིང་། དབུགས་འབྱུང་བ་ལ་སོགས་པས་མཉམ་པར་གནས་ན་ལུས་རྗེས་སུ་འཛིན་ཅིང་བརྟེན་པར་བྱེད་པ་ཡིན་ནོ།། དེ་ལ་དེ་བུགས་འབྱུང་བ་ནི་གྱི
་དུང་བུ་གས་འབྱིན་ཅིང་གཏོང་བའོ།། དབུགས་རྔུབ་པ་ནི་དབུགས་སྡུད་ཅིང་ཐུར་དུ་འཇུག་པའོ།། བསྐྱོད་པ་ནི་དབུས་སུ་བྱ་བ་ཐམས་ཅད་ལ་བརྩོན་ཞིང་རྩོལ་བའོ།། ལས་ལ་སྤྱོད་པ་ནི་ལུས་དང་དོག་དང་ཡིད་ཀྱི་ལས་སྤྱོད་ཅིང་འཇུག་པའོ།།
་འབྱི་ནི་པ་ནི་བོ་ཤྭང་བ་དང་། གཅི་བ་དང་རླུང་ཕྱི་རོལ་ཏུ་འབྱིན་པའོ།། ལུས་ཟུང་སྟེ་ལེགས་པར་རྒྱུ་བ་ཞེས་པ་ནཱི། ལུས་ཟུངས་ཀྱི་སྒྲས་ནི་དང་ས་མ་ལ་སོགས་པ་དང་། མཁྲིས་པ་དང་བང་ཀན་གཟུང་ངོ་།། དེ་རྣམས་ལེགས་བེ་རྒྱུ་མ
་མཉམ་པར་གནས་ཤིང་འཇུག་པའོ།། དེ་ལ་མ་ཉམ་པར་རྒྱུ་བོའི་གནས་སྐབས་ཉིད་ཀྱིས་དེ་རྣམས་རླུང་ཉིད་མི་གནས་པར་འགྱུར་བའི་རྒྱུ་ཉིད་ཡིན་ཏེ། གང་གི་ཕྱིར་རྣམ་པར་འཐོར་ཞིང་འཁྲུགས་པ་སྔ་ང་ཅིང་ཞི་བར་བྱེད་པ་ཡི
་པོའི་ཕྱིར་རོ།། དེ་བཞིན་དུ་དབང་པོ་རྣམས་གསལ་བཚོ་སྟེ། མིག་ལ་སོགས་པའི་དབང་པོ་ཡུལ་བཛིན་པ་ལ་གསལ་བར་གནས་པ་སྟེ། ཡོམ། མང་ངོག་དང་ལྡན་ན་མི་གནོད་ཅིང་རྗེས་སུ་འཛིན་པ་ཡིན་ནོ།། མཁྲིས་པ་འཇུ་རྗོང
་མཐོང་བྱེད་དང་། བཀྲེས་སྒོམ་ཟས་ལེན་མདངས་ཡིད་གཞུངས།། བློ་ལྡན་དཔའ་སྙིང་ལུས་འཇམ་པས་ཞེས་བྱ་བ་ལ། དེ་མ་ཁྲིས་པར་འགྱུར་བ་མེད་ཅིང་། འཇུ་བ་ལ་སོགས་པས་རྗེས་སུ་འཛིན་ཅིང་རྟེན་པར་བྱེད་པ་ཡིན་ནོ།། དེ་ལ་འཇུ་བ་ནི་ཟས་སྨིན
་ཅིང་འཇུ་བའོ།། དྲོད་ནི་མེའི་ཤས་སོ།། མཐོང་བ་ནི་གཟུགས་འཛིན་པར་ནུས་པའོ།། བཀྲེས་པ་ནི་ཟས་འདོད་པའོ།། སྐོམ་པ་ནི་འཐུང་འདོང་པའོ།། ཟས་ལེན་པ་ནི་ཡི་ག་འབྱེད་ཅིང་ཉེ་བར་ལོངས་སྤྱོད་པར་འདོད་པའོ།། མདངས་ནི་བཞིན་མདོག
་གསལ་ཞིངས་མངངས་ཆེ་བའོ།། ཡིད་གཞུངས་པ་ནི་ཤེས་རབ་དང་ལྡན་པའོ།། བློ་དང་ལྡན་པ་ནི་བློ་གྲོས་ལྡན་པའོ།། དཔའ་སྙིང་ནི་སེམས་ཀྱིས་བརྟུལ་ཕོད་པ་ཡིན་ཏེ། བརྟན་ཞིང་མི་གཡོ་བའོ།། ལུས་འཇམ་པ་ནི་ལུས་ཀྱི་ཤ་མདངས་འཇམ་ཞིང
་མཉེན་པ་སྟེ། དེ་དག་གིས་ལུས་ཀྱི་རྟེན་བྱེད་དོ།། བད་ཀན་བརྟན་ཞིང་སྣུམ་ཉིད་དང་། ཚིགས་འབྲེལ་བཟོད་པ་ལ་སོགས་པའོ།། དེ་ལ་བང་ཀན་ནི་མི་འགྱུར་ཞིང་བརྟེན་པ་ལ་སོགས་པ་དང་ལྡན་ན། ལུས་རྗེས་སུ་འཛིན་པར་བྱེད་དོ།། བརྟན་པ་ནི་མི
་གཡོ་བ་ཉིད་དོ།། སྣུམ་པ་ཉིད་ནི་ལུས་སྣུམ་པར་གྱུར་པ་ཉིད་དོ།། ཚིགས་འབྲེལ་པ་ནི་ལྷ་ཚིགས་ཀྱི་བོང་རོ་རྣམ་པར་འབྲེལ་ཞིང་ངམ་དུ་གནས་པའོ།། བཟོད་པ་ནི་གནོད་པ་ལ་མི་འཁྲུགས་པ་སྟེ། དེ་དག་ལ་སོགས་པས་ཕན་པོའི་ལས་བྱེད་པ་ཡིན
་ནོ།། ལུས་ཟུངས་ལས་གཙོ་རིམ་བཞིན་དུ། ཚིམ་བྱེད་འཚོ་བྱེད་གཡོག་པ་དང་།། སྣུམ་དང་བརྟེན་དང་འགེངས་པ་དང་།། མངལ་ནི་སྐྱེད་བྱེད་ཡིན་པར་བཤང།། ཅེས་བྱ་བ་ལ། བཅུད་ཀྱི་དངས་མ་ལ་སོགས་པ། ལུས་ཟུངས་བདུན་པོ
་རྣམས་ཀྱི་མཆོག་དང་། གན་བོ་བདུན་ནུ་གྷོ་རམ་ཛྱཾ་ལྟ་བ་བཙུན་དུ་ཚིམ་པར་བྱེང་བ་ལ་སོགས་པ་ཡིན་པར་སློབ་དཔོན་དག་གིས་བཤང་ཅང་བསྟན་ཏོ།། དེ་ལ་ཚིམ་པར་བྱེད་པ་ནཱཾ། ལུས་ཟུངས་ཚིམ་ན
་སེམས་དགའ་བར་བྱེད་པ་ནི་དངས་མའི་བཅུད་ཀྱིས། ལས་ཀྱི་མཆོག་ཡིན་ནོ།། འཚོ་བར་བྱེད་ཅིང་སྲོག་འཛིན་པོར་བྱེད་པ་ནི་ཁྲག་གི་ལས་སོ།། ལུས་ཀྱི་རུས་པ་གཡོགས་ཤིང་ཁེབས་པར་བྱེད་པ་ནི་ཤིའི་ལས་སོ།། ལུས་སྣུམ་ཞིང་བཅུང
་ཅན་དུ་བྱེད་པ་ནི་ཚིལ་གྱི་ལས་སོ།། ལུས་བརྟེན་ཅིང་མཁྲང་པོར་བསྒྲེང་བ་ནི་རུས་པའི་ལས་ཡིན་ཏེ། གཞན་དུ་ན་ལུས་ལ་རུས་པ་མེད་ན་ཤའི་གོང་བུ་ཉིད་དུ་འགྱུར་རོ།། རུས་པའི་རྐང་སྦུབས་འགེངས་པ་ནི་རྐང་གི་ལས་སོ།། མངལ
་བསྐྱེད་ཅིང་འབྱུང་བར་བྱེད་པ་ནི་ཁུ་བའི་ལས་ཀྱི་མཆོག་ཡིན་པར་བཤད་དོ།། རྟེན་པར་བྱེད་པ་བཤང་བ་ཡིན།། འདྲུལ་པ་འཛིན་པ་གཅིན་གྱི་ཡིན།། བསྒྲེ་བརྟན་པ་རྡུལ་གྱི་ཡིན་ཞེས་བྱ་བ་ལ། ལུས་བརྟེན་ཅིང་འབྱིན་པར་བྱེད་པ
་ནི། བཤད་པ་སྟེ་སླང་པའི་ལས་ཀྱི་གཙོ་བོ་ཡིན་ནོ།། ཟས་འདྲུལ་ཞིང་མྱགས་པ་དང་།། ཕྱི་རོལ་ཏུ་འབྱི་ན་ཞིང་འདོན་པ་ནི། གཅིན་གྱི་ལས་ཀྱི་གཙོ་བོ་ཡིན་ནོ།། སྐྲ་དང་བ་སྤུ་བརྟན་པར་འཛིན་པར་བྱེད་པ་ནི། རྡུལ་གྱི་ལས་ཀྱི་གཙོ་བོ་ཡིན་ནོ།།
་རླུང་ནི་འཕེལ་བར་འགྱུར་བ་ཡིས།། སྐེམ་དང་མདོག་གནག་དྲོད་བག་དགའོ།། འདར་དང་ལྟོ་སྤོས་བཤད་བཻ་སྲི།། སྟོབས་དང་གཉིད་དང་དབང་པོ་ཉམས།། སྨྲ་མང་མགོ་འཁོར་ཞུམ་པར་བྱེད་ཅེས་བྱ་བ་ལ། རླུང་གི་ནང་འབེལ་ཞིང་སྐྱེས་པར་གྱུར
་བས་སྐེམ་པ་ལ་སོགས་པ་སྐྱེད་པར་བྱེད་དོ།། དེ་ལ་སྐེམ་པ་ཁྲག་ལ་སོགས་པ་ཟད་པས་སྐེམ་ཞིང་ཉམ་ཆུང་བའོ།། མདོག་ནག་པ་ནི་ཁ་དོག་ཉམས་པའོ།། དྲོད་བག་ལ་དགའ་བ་ནི་དྲོ་བ་མངོན་པར་འདོད་པའོ།། འདར་བ་ནི་གཡོ་ཞིང་འགུལ་བའོ།། །
་ལྟོ་སྤྱོས་པ་ནི་གསུས་པ་རྒྱས་པའོ།། ཐེཤད་བ་སྲི་བ་ནི་བཤང་གཅི་འགགས་པའོ།། སྟོབས་ལ་སོགས་པ་ཉམས་པ་ནི་དེ་དག་དང་བྲལ་བའོ།། སྨྲ་མང་བ་ནི་མ་འབྲེལ་པར་མང་དུ་སྨྲ་བའོ།། མགོ་འཁོར་བ་ནི་ལུས་མལ་ན་མི་གནས་ཤིང
་འཁོར་བའོ།། ཞུམ་པ་ནི་སེམས་མ་དགའ་ཞིང་གདུང་བར་བྱེད་པའོ།། མཁྲིས་པ་བཤང་གཅི་པགས་མིག་སེར།། བཀྲེས་སྐོམ་ལུས་ཚ་གཉིད་ཆུང་བྱེད་ཅེས་བྱ་བ་ལ། མཁྲིས་པ་འཕེལ་ཞིང་རྒྱས་པར་གྱུར་ན། བཤང་བ་ལ་སོགས་པ་སེར
་པོར་བྱེད་པ་སྟེ། བཤང་བ་དང་གཅི་བ་པགས་པ་དང་། མིག་གི་མདོག་ཁ་དོག་སེར་པོར་འགྱུར་བར་བྱེད་པ་དང་། དེ་བཞིན་དུ་བཀྲེས་པ་དང་སྐོམ་པ་དང་། ལུས་ཚ་བ་དང་གཉིད་ཆུང་བ་ཉིད་དུ་བྱེད་པར་འགྱུར་རོ།། བད་ཀན་དྲོད་ཉམས་མཆིལ་མ་མང
་ཁོང་སྙིམ་ལྕི་དང་ཁ་དོག་དཀར།། ལུས་གྲང་ཡན་ལག་ལྷོང་པ་དང་།། ལུང་བ་དབུགས་མི་བདེ་གཉིད་ཆེ།། དངས་མའང་བད་ཀན་དང་འདྲ་ལ།། ཞེས་བྱ་བ་ལ། བད་ཀུན་འཕེལ་བས་མེ་དྲོད་ཉམས་པ་ལ་སོགས་པ་བྱེད་ངོ་།། དེ་ལ་དྲོད་ཉམས་པ
་མཆིལ་མ་མང་བ་ནི་མཆིལ་མ་ལྷག་པར་འབྱུང་བའོ།། ཁོང་སྙོམ་པ་ནི་སྤྲོ་བ་ཆུང་ཞིང་སྒྱིང་ལུག་པའོ།། ལྕི་བ་ནི་ལུས་ཀྱི་ཡན་ལག་ལྕི་བ་ཉིད་དོ།། ཤོ་མདོག་དཀར་བ་ནི་ལུས་ཀྱི་མདོག་དཀར་ཞིང་སྐྱ་བ་ཉིད་དོ།། དེ་བཞིན་དུ་ལུས་གྲང་བ་ནས་གཉིད
་ཆེ་བའི་བར་ཡང་སྐྱེ་བ་ཡིན་ནོ།། དངས་མའང་བད་ཀན་འདྲ་ལ། ཞེས་བྱ་བ་ལ། བཅུད་ཀྱི་དངས་མ་འཕེལ་བར་གྱུར་ན། དྲོད་ཉམས་པ་ནས་གཉིད་ཆེ་བའི་བར་བད་ཀན་དང་འདྲ་བར་སྐྱེང་བར་བྱེད་དོ།། ཁྲག་འབལ
་མེ་དཔལ་ཁོང་འབྲས་མཛེར།། མཛེ་དང་རླུང་ཁྲག་མཁྲིས་པ་ཁྲག། སྐྲན་དང་རྙིལ་ནད་མིག་སེར་དང་།། བསྐྱོད་དཀའ་དྲོད་ཉམས་རྨོངས་བག་དང་།། མིག་དང་གཅིན་ལྕགས་དམར་བར་འགྱུར་ཞེས་བྱ་བ་ལ། ཁྲག་འཕེལ་བ་ལས་ནི་མེ་དཔལ་ལ་སོགས
་བའི་ནང་སྐྱེད་པར་འགྱུར་རོ།། རླུང་ཁྲག་ནི་རླུང་དང་ཁྲག་འདྲེས་པ་ལས་གྱུར་པའི་ནང་ངོ་།། མཁྲིས་པ་དང་ཁྲག་ནི་མཁྲིས་པ་དང་ཁྲག་འདྲེས་པའོ།། རྙིལ་ནད་ནི་སོའི་ཤ་ལ་ཁྲག་ལས་གྱུར་པའི་ཤ་ལྷག་སྐྱེ་བ་འམ་སྐྲངས་པའོ།། བསྐྱོད་དཀའ་བ་ནི
་རླུང་ལག་ལྕི་བ་ལ་བྱིའོ།། ཡང་ན་བྱཱ་ཧྱ་ཞེས་པ་གདོང་ལ་དམར་པོ་ཏཱ་ལ་ཏིལ་བྱུང་བའི་པགས་ནང་ལ་བྱའོ།། གཞན་དག་ནི་གོ་བར་ཟང་ངོ་།། ཤ་འཕེལ་ལྔ་བ་སྤེན་བུ་མདུང་།། མཁུར་ཆོས་བྲང་ལྟོ་བརླ་སུ་མོ་ནང་།། མགུལ་སོགས་ལྷགོ་པར་ཤ་ཡང་6།
་ཞེས་བྱ་བ་ལཾ། ཤོ་འབྲེལ་བ་ལས་ནི་ལཱ་བ་ལ་སོགས་པ་སྐྱེད་པར་བྱེད་ངོ་།། དེ་བཞིན་དུ་མ་ཁུར་ཆོས་དང་བྲང་དང་ལྟོ་བ་དང་། བརླ་སྦོམ་ཉིད་དུ་འགྱུར་བ་དང་། མགུལ་པ་ལ་སོགས་པར་ལྷག་པར་ཤ་ཆེ་བར་འགྱུར་སྟེ། ཤའི་སྟེང་དུ་ཤ་སྐྱེས་པ
་རྫ་བུར་འགྱུར་རོ།། ཚེལ་འཕེལ་དེ་འདྲ་དེ་བཞིན་ངལ།། ཙོང་ཟང་བསྐྱོད་ཀྱང་དབུགས་རྒོད་ཅིང་།། ནུབ་ཅོས་ནུ་མ་གསུས་འབྱུང་འགྱུར་ནས་བྱ་བ་ལྀ། ཚིལ་འཕེལ་བ་ནི་ཤ་འབལ་བ་དེ་དང་འདྲ་བར་ལྔ་བ་ལ་སོགས་པ་བསྐྱེད་པར་འགྱུར་བ་དང་།
་དེ་བཞིན་དུ་ངལ་བ་དང་། ཅུང་ཟད་བསྐྱོད་ཅིང་གཡོ་བ་དག་ལ་ཡང་དབུགས་རྒོད་པར་འགྱུར་བ་དང་། རྐུབ་ཅོས་དང་ནུ་མ་དང་གསུས་པ་དག་ཀྱང་སྙོམ་ཞིང་རྒྱས་པ་ཉིད་ཀྱིས་འཕྱང་བར་འགྱུར་རོ།། རུས་འཕེལ་རུས་ལྷག་སོ་ལྷག་འགྱུར་ཞེས་བྱ་བ་ལ། རུས
་བ་འཕེལ་བས་ནི་རུས་པའི་སྟེང་དུ་རུ་སོ་བ་སྐྱེ་བ་དང་། དེ་བཞིན་དུ་སོའི་སྟེང་དུ་སོ་འབྱུང་བར་འགྱུར་རོ།། རྐང་འཕེལ་ལུས་ལྕི་མིག་རྩ་དབྱུང་།། ཚོགས་ལ་ཐོར་བུ་གསོ་དཀའ་འབྱུང་།། ཞེས་བྱ་བ་ལ། རྐང་འཕེལ་བས་ནཱི་ལུ་ས་ལྕི་བ་དང་།། མིག་རྩུ་གསུང
་ཞིང་ཞན་པར་བྱེད་པ་དང་། ཚོགས་འདུས་ཀྱི་མགོ་བོ་རྣམས་སྦོམ་ཞིང་ཚོ་བར་འགྱུར་བ་དང་། ཚིགས་ལ་ཐོར་བུ་གཡོ་ཞིང་མོ་བཟང་བ་འབྱུང་བར་འགྱུར་རོ།། ཁུ་འཕེལ་བུད་མེད་ལ་རབ་གདུང་།། ཁུ་བའི་རྡེའུ་དག་ཏུ་འགྱུར་ཞེས་བྱ་བ་ལ། ཁུ་བ་འཕེལ་ཞིང
་རྒྱས་པ་ནི་བུད་མེད་ལ་རབ་ཏུ་གདུང་ཞིང་ཆེ་བར་འགྱུར་བ་དང་། ཁུ་བ་ལས་བྱུང་བའི་རྡེའུ་དག་ཆགས་པར་འགྱུར་རོ།། བཤང་འཕེལ་ལྟོ་སྤོས་རྒྱུ་འཁྲུག་ཅིང་།། ལུས་ལྕི་ལྟོ་བ་ན་བར་བྱེད་ཅེས་བྱ་བ་ལ། བཤང་བ་འཕེལ་བར་འགྱུར་བ་ནི་ལྟོ་བ་སྟེ་ཁོང་སྨོས་ཤིང
་གང་བ་དང་། རྒྱུ་མ་འཁྲུག་ཅིང་ཀྲུག་ཀྲུག་ཟེར་བ་དང་། ལུས་ལྕི་ཞིང་བསྐྱོང་དཀའ་བ་དང་། ལྟོ་བ་ན་ཞིང་ཟུག་ཟེར་སྐྱེད་པ་ཡིན་ནོ།། གཅིན་འཕེལ་ཆུ་སོར་ཟུག་ཅིང་ན། གཙོས་ཀྱང་མོ་གཅིས་སྙམ་སེམས་འགྱུར་ཞེས་བྱ་བ་ལ། གཅིན་འཕེལ་བར
་གྱུར་པ་ནི། ཆུ་སོར་ཟུག་ཅིང་ལྷག་པར་ན་བ་དང་། དེ་བཞིན་དུ་གཅིསོ་ཤིང་བཏང་དུ་ཟིན་ཀྱང་མ་གཅིས་པ་སྙམ་སེམས་པར་འགྱུར་བ་སྟེ། ཡོངས་སུ་མ་དོར་བ་སྙམ་སེམས་པར་འགྱུར་ཏེ། ཡང་དང་ཡང་འོང་བས་ན་གཅིས་སོ་སྙམ་དུ་སེམས
་བར་བྱེད་པར་འགྱུར་རོ།། རྡུལ་འཕེལ་རྔུ་ཆེ་དྲི་མི་ཞིམ།། གཡན་པ་ཉིད་ཀྱང་སྐྱེད་ཤེས་བྱ་ཞེས་བྱ་བ་ལ། རྡུལ་ཆེ་ཤིན་ཏུ་འཕེལ་བས་རྡུལ་རབ་ཏུ་ཆེ་བར་འགྱུར་བ་དང་། ལུས་དྲི་མི་ཞིམ་པ་ཉིད་དུ་བྱེད་དོ།། གཡན
་པ་ཉིད་ཀྱང་སྐྱེད་ཅིང་འབྱུང་བར་བྱེད་པ་ཡིན་པར་ཤེས་པར་བྱའོ།། མིག་རྔུ་ལ་སོགས་དྲི་མ་རྣམས།། མང་བས་ལྕི་ལོ་སོགས་པར་བྱེད།། ཅེས་བྱ་བ་ལ། མིག་རྔུ་ནི་མིག་གི་དྲི་མའོ།། སོགས་པའི་སྒྲས་ནི་རྣ་བ་ལ་སོགས་པའི་དྲི་མ་རྣམས་ཀྱང་བསྡུ་བར
་བྱའོ།། དེ་ལྟར་ནི་མིག་རྔུ་ལ་སོགས་པའི་དྲི་མ་རྣམས་མང་ཞིང་འཕེལ་བར་ལྕི་ཞིང་དུ་འབྱུང་བ་དང་། དེ་བཞིན་དུ་སོགས་པ་ཞེས་སྨོས་པོས་གཡའ་བོ་དང་། འདྲུལ་བ་ལ་སོགས་པ་བྱེད་པར་བསྡུ།། དེ་དག་ཀྱང་ཟད་ཅིང་འདྲི་བར་འགྱུར་བའི་མཚན་ཉིད་ནི། རླུང
་ཟད་མཚན་མ་ལུས་མི་བདེ།། སྨྲ་ཉུང་རྩོལ་བ་ཆུང་བར་འགྱུར།། དྲན་པ་མི་གསལ་བད་ཀན་འཕེལ།། སྔར་བཤད་པ་ཡི་ནང་རྣམས་འབྱུང་།། ཞེས་བྱ་བ་ལ། རླུང་ཟད་ཅིང་འབྲི་བར་འགྱུར་བའི་མཚན་མ་ནི་ལུས་བདེ་ཞིང་སྒྱིད་སྙོམ་པ་དང་། སྨྲ་བ་ཉུང་ཞིང་གཅོམ
་ཆུང་བ་དང་།། རྩོལ་ཞིང་ལུས་ཀྱི་ལས་སུ་བྱེད་པ་དག་ཀྱང་ཆུང་ཞིང་ཞན་པ་དང་། དྲན་པ་མི་གསལ་བ་སྟེ། རིབ་ཅིང་ཚོར་བ་ཆུང་བ་དང་དེ་བཞིན་དུ་བདེ་ཀན་འཕེལ་བར་གྱུར་པའི་སྐབས་སུ་སྔར་བཤད་པའི་ནང་དྲོད་ཉམས་པ་དང་། མཆིལ་མ་མང
་ལ་སོགས་པ་རྣམས་འབྱུང་བར་འགྱུར་རོ།། མཁྲིས་ཟད་དྲོད་ཉམས་གྲང་བ་དང་། མདོག་ཉམས་བྱེད་དེ་ཞེས་བྱ་བ་ལ། མཁྲིས་པ་ཟད་པའི་མཚན་མ་ནི་མེའི་དྲོད་ཉམས་ཤིང་རྟུལ་བ་དང་། ལུས་གྲང་ཞིང་བསིལ་བག་ཏུ་འགྱུར་བ་དང་། མདོག་མངངས
་ཉམས་པར་བྱེད་པར་འགྱུར་རོ།། བད་ཀན་ཟད། མགོ་འཁོར་བང་ཀན་གནས་སྟོང་ཤིང་།། སྙིང་འདར་ཚིགས་ནི་ལྷོད་པར་འགྱུར་ཞེས་བྱ་བ་ལ། བད་ཀན་ཟད་པའི་མཚན་མ་ནི་མགོ་འཁོར་བ་སྟེ། ལུས་དང་སེམས་མལ་ལ་མི་གནས་པ་དང་། བང
་ཀན་གྱི་གནས་སྣ་ལ་སོགས་པ་སྟོངས་ཤིང་བསྐམས་པ་དང་། སྙིང་འདར་ཞིང་གཡོ་ལ་འཛག་པ་དང་། ཚོགས་ཀྱི་ཚོགས་རྣམས་ལྷོད་ཅིང་ཤིག་ཤིག་པོར་འགྱུར་བ་ཡིན་ནོ།། བཅུང་ཟད་རྩུབ་དལ་སྐམ་པ་དང་།། ན་ཞིང་སྒྲ་ཆེར་མི་བཟོད་འགྱུར་ཞེས་བྱ
་བ་ལ། བཅུད་དིམ་དངས་མ་ཟད་པའི་མཚན་མ་ནཾ། ལུས་རྩུབ་པ་ཉིད་དང་། ངལ་ཞིང་དུབ་པ་དང་། ཁ་སྐམས་པ་དང་། ནཱ་ཞིང་ཉམ་ཆུང་བ་དང་། སྒྲ་ཆེར་གྲགས་པ་མི་བཟོད་ཅིང་། ཚིགས་སྨྲས་པ་བརྣགས་དཀའ་བར་འགྱུར་རོ།། ཁྲག་ཟང་སྐྱུར་དང
་བསིལ་བ་དགའ།། རྩེ་ལྷོང་པགས་པ་རྩུབ་པར་འགྱུར།། ཞེས་བྱ་བ་ལ། ཁྲག་ཟད་པའི་མཚན་མ་ནི་སྒྱུར་བ་དང་། རེག་པ་བསིལ་བ་ལ་མངོན་པར་དགའ་ཞིང་འདོད་པ་དང་། རྩ་ལྷོད་ཅིང་རྙི་བ་དང་། ལུས་ཀྱི་པགས་པ་རྩུབ་པར་འགྱུར་བ.རོ།།
་ཟང་དབང་ཉམས་མིག་མཁུར་བའི།། ལུས་སྐམས་ལྷ་ཚོགས་ནི་བར་འགྱུར་ཞེས་བྱ་བ་ལ། ཤ་ཟད་པའིའི་མཚན་མ་ནི་དབང་པོ་ཉམས་ཤིང་རང་གི་ཡུལ་འཛིན་པར་མི་ནུས་པ་དང་། མིག་དང་མཁུར་བུའི་རུས་པ་སྐམས་ཤིང་ཤ་ཟད་པ་དང་།
་ཚིགས་རྣམས་ན་ཞིང་བཅག་པ་སྙམ་སེམས་པར་འགྱུར་རོ།། ཚིལ་ཟད་གཉིད་ཆེ་དཔྱི་རྐང་མངོན།། མཆེར་པ་ཆེ་དང་ལུས་སྐེམས་འགྱུར་ཞེས་བྱ་བ་ལ། ཚོལ་ཟད་པའི་མཚན་མ་ནི་དབྱི་དང་རྐེད་པ་མངོན་ཞིང་ཚོར་བ་ཆུང་བ་དང་། མཆེར་པ་ཆེ་ཞིང་འཕེམ
་བ་དང་། ལུས་བསྐམས་ཤིང་རིང་བར་འགྱུར་རོ།། རུས་ཟད་རུས་ཟུག་སོ་དང་ནི།། སེན་མོ་སྐྲ་ལ་སོགས་པ་འབྱུང་ཞེས་བྱ་བ་ལ། རུས་ཟད་པའི་མཚན་མ་ནི། རུས་པ་ཉིད་ཟུག་ཅིང་ན་བ་དང་། དེ་བཞིན་དུ
་སོ་དང་སེན་མོ་དང་། སྒྲ་ལ་སོགས་པ་འབྱུང་ཞིང་འབྱི་བར་འགྱུར་རོ།། རྐང་ཟད་རྐང་སྦུབས་སྟོང་པ་དང་།། མགོ་འཁོར་རབ་རིབ་ཅན་དུ་འགྱུར།། ཞེས་བྱ་བ་ལ། རྐང་ཟད་པའི་མཚན་མ་ནི། རྐང་གི་རུས་པའི་སྦུབས་ཁོང་སྟོང་དུ་འདུག་པ་དང་དེ
་བཞིན་དུ་མགོ་འཁོར་བ་དང་། རབ་རིབ་ཅན་དུ་འགྱུར་ཞིང་མུན་པར་མཐོང་བར་འགྱུར་རོ།། ཁུ་བ་ཟད་པས་རིང་ནས་འབྱུང་།། ཡང་ན་ཁུ་བ་ཁྲག་ཉིད་འབྱུང་།། རླིག་པ་ཤིན་ཏུ་ན་པ་དང་།། ཕོ་མཚན་ཚིག་པ་སྙམ་དུ་སེམས། ཞེས་བྱ་བ་ལ། ཁུ་བ
་ཟད་པའི་མཚན་མ་ནི། ཁུ་བ་རིང་ཞིག་འགོར་ནས་འབྱུང་བ་དང་། ཡང་ན་ཁུ་བ་ཁྲག་ཉིང་དུ་འབྱུང་བར་འགྱུར་པ་དང་། རླིག་པ་དེ་འབྲས་བུ་སྦུབས་ཅན་ཤིན་ཏུ་ན་ཞིང་ཟུག་པ་དང་། ཕོ་མཚན་ཚིག་ཅིང་ངུ་བ་འཐུལ་བ་སྙམ་དུ་སེམས་པར་འགྱུར
་རོ། བཤང་ཟད་རླུང་ནི་རྒྱུ་མའི་ནང་།། སྒྲ་བཅས་འཁྱིལ་བ་ལྟ་བུར་བྱེད།། ལྟོ་བར་རྒྱུ་ཞིང་གྱེན་དུ་འགྲོ། སྙིང་ག་རྩིབ་ལོགས་མི་བཟད་ན།། ཞེས་བྱ་བ་ལ། བཤང་བ་ཟད་པའི་མཚན་ནི་རླུང་རྒྱུ་མའི་ནང་ན་རྒྱུ་བ་སྒྲ་དང་བཅས་ཤིང་འཁྱིལ་བ་ལྟ
་བུར་ཡན་མན་དུ་རྒྱུ་བ་དང་དེ་བཞིན་ལྟོ་བར་གྱེན་དུ་རྒྱུ་ཞིང་འགྲོ་བས་ན་བར་བྱེད་པ་དང་། སྙིང་ག་དང་རྩིབ་ལོགས་གཉིས་སུ་མི་བཟད་པར་ན་ཞིང་གཟེར་བར་བྱེད་པ་ཡིན་ནོ།། གཅིན་ཟང་གཅིན་ནི་ཉུང་སྲི་དང་།། མདོག་འགྱུར་བ་འམ
་ཁྲག་བཅས་ཉིད།། ཅེས་བྱ་བ་ལ། གཅིན་ཟད་པའི་མཚན་མ་ནི། གཅིན་ཉུང་ཞིང་ཅུང་ཟད་འབྱུང་བ་དང་། སྲི་ཞིང་ན་བར་འབྱུང་བ་དང་། མདོག་འགྱུར་བ་འམ། ཁྲག་དང་བཅས་པ་ཉིད་དུ་འགྱུར་རོ།། རྡུལ་ཟད་སྤུ་འབྱི་སྤུ་འགྲེང་ལ།། པགས་པ་རྣམས
་ནིནི་འགས་པར་འགྱུར་ཞེས་བྱ་བ་ལ། རྡུལ་ཟད་པའི་མཚན་མ་ནི་སྤུ་འབྱི་ཞིང་ལྷུང་བ་དང་། བ་སྤུའི་བུ་ག་འཛུམ་ཞིང་སྤུ་འགྲེང་བ་དང་། པགས་པ་རྣམས་འགས་ཤིང་འགྱེས་པར་འགྱུར་བ་ཡིན་ནོ།། དྲི་མ་ཤིན་ཏུ་ཕྲ་བ་རྣམས།། ཟད་པས་བརྟག་དཀའ
་དྲི་མ་ཡི།། རང་གནས་སྐབས་དང་ན་བ་དང་། སྟོང་དང་ཡང་བ་ལས་ཤེས་བྱ་ཞེས་བྱ་བ་ལ། མིག་རྡུ་ལ་སོགས་པའི་དྲི་མ་ཤིན་ཏུ་ཕྲ་བ་རྣམས་ཟད་པའི་མཚན་མ་ནི། བརྟག་པར་དཀའ་སྟེ། དེ་བས་ན་དྲི་མ་རྣམས་ཀྱི་རང་གི་གནས་བསྐམས་པ་ལ
་སོགས་པ་ལས་ཤེས་ཤིང་རྟོག་པར་བྱའོ།། དྲི་མ་རྣམས་ཀྱི་རང་གི་གནས་ཡིན་པས་ན་དྲི་མའི་རང་གནས་ཏེ། མིག་ལ་སོགས་པ་དེ་རྣམས་བསྐམས་པ་དང་། ན་བ་དང་། སྟོངས་པ་དང་། ཡང་བ་ལས་ཟད་པ་བརྟག་པར་དཀའ་བའི་དྲི་མ་དེ
་རྣམས་ཀྱི་ཟད་པ་ཤེས་པར་བྱའོ།། དེ་ལྟར་ནང་དང་ལུས་ཟུངས་དང་། དྲི་མ་རྣམས་ཀྱི་ཟང་པ་དང་འཕེལ་བ་རྒྱ་ཆེར་བཤད་ནས། མདོར་བསྡུས་ཏེ་སྨྲས་པ་ནི། ནང་སོགས་རང་ཉིད་ཇི་ལྟ་བའི།། ཡོན་ཏན་འདི་ནི་བཟློག་པ་དག། ཟང་པ་དང་ནི་འཕེལ
་འགྱུར་ལས།། འཕེལ་འབྲི་སྨིན་པས་ཤེས་པར་བྱ། ཞེས་བྱ་བ་ལ། ནང་སོགས་ཞེས་བྱ་བ་ནང་དང་ལུས་ཟུངས་དང་དྲི་མ་རྣམས་ཀྱི་འཕེལ་བ་དང་འབྲི་བ་སྨན་པས་ཤེས་པར་བྱའོ།། ཇི་ལྟར་ཤེས་པར་བྱ་ཞེ་ན། རང་ཉིད་ཀྱི་མཚན་ཉིད་ཇི་ལྟ་བའི
་གོ་བཟློག་པ་ཟད་པ་ལས་ནི་འཕེལ་བར་ཤེས་པར་བྱ་ལ། རང་ཉིད་ཀྱི་ཡོན་ཏན་གོ་བཟློག་པ་འཕེལ་བར་འགྱུར་བ་ལས་ནི་འབྲི་བར་ཤེས་པར་བྱ་སྟེ། ནད་ལ་སོགས་པའི་ཡོན་ཏན་ནམ་མཚན་ཉིད་ལས་གང་གོ
་བཟློག་པར་འགྱུར་བའི་མཚན་ཉིད་དོ།། དེ་ཇི་ལྟར་རླུང་གི་ནད་ཀྱི་ཡོན་ཏན་ལས་གོ་བཟློག་པ་ནི་སྣུམ་པ་ལ་སོགས་པའོ།། མཁྲིས་པའི་ནི་བསིལ་བ་ལ་སོགས་པའོ།། བད་ཀན་གྱི་ནི་རྩུབ་པ་ལ་སོགས་པའོ།། དེ་རྣམས་ལས་གོ་བཟློག་པ་ཟད་ཅིང་། བྲི
་བ་ལས་ནི་ནད་འཕེལ་བར་ཤེས་པར་བྱ་བ་ལ་དེ་རྣམས་ཀྱི་ལས་ཀྱང་གོ་བཟློག་པའི་མཚན་ཉིད་འཕེལ་ཞིང་ལྷག་པར་འགྱུར་བ་ལས་ནི། འབྲི་ཞིང་ཟད་པར་འགྱུར་བར་ཤེས་པར་བྱའོ།། དྲི་མ་ཐོགས་པས་འཕེལ་བ་སྟེ། ཤིན་ཏུ་འབྱུང་བ་ལས་ཟད་ཤྲེ
་བྱ་ཞེས་བྱ་བ་ལ། བཤང་བ་དང་གོཅི་བ་ལ་སོགས་པའི་དྲི་མ་རྣམས་ཐོགས་ཤིང་འབྱུང་བར་མི་བྱེད་པ་ལས་ནི་འཕེལ་བར་ཤེས་པར་བྱ་ལ། ཤིན་ཏུ་འབྱུང་ཞིང་ལྷག་པར་ཕྱིར་འབྱུང་བ་ལས་ནི་ཟད་པར་ཤེས་པར་བྱ་སྟེ། སྔར་བཤད་པ་འབའ་ཞིག
་ཏུ་མ་བཟོད་ཀྱི། ཚུལ་འདིས་ཀྱང་ཤེས་པར་བྱའོ།། དྲི་མ་རྣམས་འཕེལ་བ་དང་། ཟད་པ་གཉི་ག་ཡང་ནད་སྐྱེད་པར་བྱེད་པ་ཡིན་ལ། དེ་ལ་ཡང་གང་ཞིག་ཟང་བར་འགྱུར་བ་དེ་ནི་འཕེལ་བ་ཆེས་ལྷག་པར་འཕེལ་ཏེ་གནད་པའི་རྒྱུར་འགྱུར་བ་ཡིན་ཏེ། དེ
་བས་ན་ལུས་ནི་དྲི་མས་བསྟེན་པས་ན། འཕེལ་བ་ཟད་པ་གནོད་པ་ཡིན་ཞེས་བྱ་བ་ལ། ལུས་ཏེ་ཕུང་པོ་འདི་ནི་དྲི་མས་བརྟེན་ཅིང་གྲོགས་སུ་བྱས་པ་ཡིན་པས། དྲི་མ་རྣམས་འཕེལ་ཞིང་ལྷག་པར་གྱུར་པས། ཟད་ཅིང་འགྲིབས་པས་གྱུར་པས
་ཆེས་ལྷག་པར་གནོད་པར་བྱེད་པ་ཡིན་ནོ།། ནད་ལ་སོགས་པའི་དངོས་པོ་དེ་རྣམས་ལས་ནད་གང་ཞིག་གཞི་གང་ལ་བརྟེན་ཞེ་ན། དེའི་ཕྱིར་སྨྲས་པ་ནི། དེ་ལ་རླུང་ནི་རུས་པར་གནས།། མཁྲིས་པ་རྡུལ་དང་ཁྲག་ལ་གནས།། བད་ཀན་ལྷག་མ་གནས་ཞེས
་བྱ་བ་ལ། དེ་ལ་རླུང་ལ་སོགས་པ་དེ་རྣམས་ཀྱི་ནང་ནས་རླུང་ནི་རུས་པ་ལ་བརྟེན་ཞིང་གནས་ལ། མཁྲིས་པ་ནི་རྡུལ་དང་ཁྲག་ལ་གནས་སོ།། བད་ཀན་ནི་ལྷག་མ་ལ་གནས་པ་སྟེ། རུས་པ་དང་། རྡུལ་དང་། ཁྲག་ནི་གནས་པ་པོ་དང་ལྡན་པས
་དོམ་གཏོགས་པ་ལྷག་མ་དངས་མ་དང་། ཤ་དང་ཚིལ་དང་། རྐང་དང་ཁུ་ཆུ་དང་། བཤང་བ་དང་གཅི་བ་ལ་སོགས་པ་གཞན་དག་ལ་གནས་ཏེ། དེ་དག་ལ་གནས་པ་པོ་མེད་པས་ལྷག་མ་ཞེས་བྱ་བ་ལ། དངས་མ་ལ་སོགས་པ་ལྷག་མ་དེ་རྣམས
་བད་ཀན་བརྟེན་ཞིང་གནས་པ་ཡིན་ནོ།། དེས་འདི་ཕན་ཚུན་བརྟེན་དང་བརྟེན་པོ་ཡིན། འཕེལ་དང་ཟད་པར་བྱེད་པའི་སྨན།། གཅིག་གི་གང་ཡིན་གཞན་གྱིའང་དེ་ཞེས་བྱ་བ་ལ། གང་ཚུལ་དེ་ལྟ་བུ་དེས་ན་ནད་དྲི་མ་རྣམས་དང་གནས་དང་གནས་པ
་པོའི་ཚུལ་གྱིས་གནས་པའི་རྒྱུ་དེས་ན་འདི་རྣམས་ནི་ཕན་ཚུན་གཅིག་ལ་གཅིག་རྟེན་དང་བརྟེན་པ་པོའི་ཚུལ་དུ་གནས་པ་ཡིན་པས་ན་གང་གཅིག་གི་འཕེལ་བ་དེ་ནི་གཞན་ངག་གིས་ཀྱང་ཟད་པར་བྱེད་པའི་སྨན་ཡིན་ཏེ་གང་རྟེན་ནམ་གནས་ཀྱིས
་འཕེལ་བར་བྱེད་པ་ནི་བརྟེན་པ་བོ་འཕེལ་བར་བྱེད་པ་ནི་ཡིན་ལ། གང་རྟེན་ཅིང་ཟད་པར་བྱེད་པ་ན་བརྟེན་པ་པོའི་ཡང་ཟད་པར་བྱེད་པ་ཡིན་པས་ན་གཅིག་གི་སྨན་གང་ཡིན་པ་གཞན་གྱི་ཡང་དེ་ཉིད་ཡིན་ནོ།། དེ་ལྟར་ན་ནི་གང་རླུང་གི་གནས་རུས་པ
་འཕེལ་བའི་སྨན་དེས་ནི། དང་པོ་རླུང་ཡང་འཕེལ་བར་བྱེད་ལ། རུས་པ་ཟད་པར་བྱེད་པའི་སྨན་དེས་ནི་རླུང་ཡང་ཟད་པར་བྱེད་པར་འགྱུར་རོ་ཞེ་ན། རུས་པ་རླུང་གཉིས་ལ་འདི་མིན་ཞེས་བྱ་བ་ཡིན་ཏེ། རུས་པ་དང
་རླུང་གཉིས་ལ་འཕེལ་བ་དང་། ཟད་པར་བྱེད་པའི་སྨན་འདི་ལྟར་མི་སྦྱོར་རོ།། ཞེས་ཤུགས་ཀྱིས་སྦྱར་བར་བྱའོ།། ཕལ་ཚོར་བརྟས་པར་འཕེལ་བར་འགྱུར། བད་ཀན་རྗེས་མཐུན་དེ་ཡི་ཕྱིར།། དེ་ལས་བཟློག་པས་ཟོད་པ་ཡིན། རླུང་དང་རྗེས
་མཐུན་ཞེས་བྱ་བ་ལ། གང་གི་ཕྱིར་ནད་དང་ལུས་ཟུངས་འདི་རྣམས་ནི། ཕལ་ཆེར་བརྟས་པར་བྱས་ཤིང་ཚིམ་པར་བྱས་པས་འཕེལ་ཞིང་སྐྱེ་བར་འགྱུར་ལ། འཕེལ་བ་དེ་ཡང་བང་ཀན་དང་རྗེས་སུ་མཐུན་པ་ཡིན་ནོ།། ཕལ་ཆེར་ཞེས་སྨོས་པ་ནི
་གཞན་དག་ཏུ་ནི་ཁ་ཅིག་འདི་ལྟར་མ་ཡིན་པ་ཡང་ཡོད་དོ་ཞེས་སྟོན་པ་ཡིན་ནོ།། ད་ལྟར་བརྟས་པ་ལོས་འཕེལ་བར་འགྱུར་བའི་རྒྱུ་དེའི་ཕྱིར་བརྟེན་པ་པོའི་ཚུལ་ཅན་དང་ནང་དང་ལུས་ཟུངས་འདི་དག་ཟད་པར་བྱ་བ་ནི་དེ་ལས་བཟློག་པ་སྟེ། ཉི་མ་དམང
་པ་མིང་གི་རྣམས་སུ་སྤང་བར་བྱ་བ་ཞེས་བྱ་བས་ཟད་པར་འགྱུར་བ་ཡིན་ནོ།། དེ་ལྟར་ན་གང་རུས་པ་འཕེལ་བར་བྱེད་པ་དེ་སྨན་སྣུམ་པ་དང་མངར་བ་ལ་སོགས་པ་དེ་ནི་རླུང་ཟད་པར་བྱེད་པ་ཡིན་ནོ།། གང་རླུང་འཕེལ་བར་འགྱུར་བའི་སྨན་རྩུབ་པ
་དང་། ཁ་པ་ལ་སོགས་པ་དེ་ནི་ཉམས་དམང་བར་བྱེད་པ། སྨྱུང་བའི་རྗེས་སུ་མཐུན་པས་ནི་རུས་བཟོད་པར་བྱེད་པ་ཡིན་ནོ།། དེ་བས་ན་རུས་པ་རླུང་གཉིས་ལ་འདི་ཡིན་ཞེས་སྨོས་པ་ཡིན་ཏེ། བསྟན་བཅོས་བྱེད་པས་ཕལ་མོ
་ཚེའི་དབང་དུ་མཛད་ནས་སྨྲས་པ་ནི། འཕེལ་དང་ཟད་པ་འབྱུང་བར་འགྱུར་བའི།། སྦྱང་དང་བརྟ་བར་བྱ་བ་ཡིས།། ནང་ནི་རིམ་གྱི་གསོ་བ་བྱ།། རླུང་མ་གཏོགས་ཏེ་ཞེས་བྱ་བ་ཡིན་ཏེ། གང་གི་ཕྱིར་དེ་ལྟར་བརྟ་བའི་ཚུལ་ལས་ནི་འཕེལ་བར་འགྱུར་ལ།
་ཉམས་དམད་པའི་ཚུལ་ལས་ནི་ཟད་པར་འགྱུར་བ་དེས་ན། ནད་ཀྱི་འཕེལ་བ་དང་ཟད་པ་འབྱུང་བར་འགྱུར་བའི་སྤང་བ་བརྟ་བར་བྱ་བ་དག་གིས། ནད་ཀྱི་རྣམ་པ་རིམ་གྱིས་གསོ་བར་བྱ་ཞིང་བསྒྲུབ་པར་བྱའོ།། དེ་ཡང་འཕེལ་བ་ལས་གྱུར་པའི
་ནང་ལ་ནི། སྦྱང་བ་དང་ཉམས་ངམང་པས་གསོ་བར་བྱ་ལ། ཟད་པ་ལས་གྱུར་པའི་ནང་ལ་ནི་བརྡ་ཞིང་ཚིམ་པར་བྱབས་བསྒྲུབ་པར་བྱའོ།། དེ་ལྟ་ན་ནི་རླུང་གསོ་བར་བྱ་བ་དག་ལ། རླུང་འཕྲོ་ལ་བ་ལས་གྱུར་པའི་ནང་ལ་ནི་སྦྱང་བར་བྱ་བ
་གསོ་དང། ས་ལ། རླུང་ཟད་པ་ལས་བྱུང་བའི་ན་ལ་བརྟ་བར་བྱ་དགོས་པར་འགྱུར་རོ་ཞེས་རྟོག་པར་གྱུར་པས། དེའི་ཕྱིར་སྨྲས་པ་ནི། རླུང་མ་གཏོགས་པ་ཞེས་བྱ་བ་ཡིན་ཏེ། གསོ་བའི་རིམ་པ་དེ་ལ་རླུང་ནི་མ་གཏོག་ཙས་ཏེ། འདི
་ལས་གཞན་དུ་བྱ་བ་ཡིན་ནོ།། དེ་སྐྱེས་ལ། དེ་ཉིད་བཟློག་ཐབས་སྦྱར་བར་བྱ་ཞེས་བྱ་བ་ལ། རླུང་དེ་ལས་སྐྱེས་པའི་ནང་རྣམ་ལ་ནི་དེ་ཉིད་ཅེས་བྱ་བ་སྨྱུང་བ་དང་། བརྟ་བོར་བྱ་བ་དགུ་གིས་བཟློག་པའི་ཐབས་ཀྱིས་གསོ་བར་བྱ་བ་སྟེ། འཕེལ་བ
་ནི་བརྟ་བར་བྱ་བ་དང་། ཟད་པ་ལ་ནི་སྨྱུང་བར་བྱ་བས་གསོ་བར་བྱའོ།། ཁྱོད་པར་དུ་ནི་ཁྲག་སྐྱེས་ནང་།། གཏར་ག་ལ་ཁྲུ་སྨན་དབང་གིས་སོ།། ། ཞེས་བྱ་བ་ལ། ནང་ཀྱི་གསོ་བ་ལས་ཡང་ཁྱད་པར་དུ་བྱ་བ་ནི་ཁྲག་སྐྱེས་ཤིང་འཕེལ་བ
་ལས་ནང་དུ་གྱུར་པ་ལས། གཏར་ག་བྱ་ཞིང་ཁྲག་དབྱུང་བ་དང་། བཀྲུ་སྨན་གཏང་བ་དག་གིས་གསོ་ཞིང་བསྒྲུབ་པར་བྱའོ།། ཤཱ་ཆེར་སྐྱེས་ལས་བྱུང་བའི་ནད།། གཏར་ག་མེ་བཅའ་ཐུལ་སྨན་སྦྱར་ཞེས་བྱ་བ་ལ།
་ཆེར་སྐྱེས་ཤིང་སྡོམ་པ་ལས་བྱུང་བའི་ནད་ལ་ནི་གཏར་ག་བྱ་བ་དང་། མོ་བཙའ་གདབ་པ་དང་། ཐལ་སྨོན་རྣོན་པོ་སྦྱར་བ་ལ་སོགས་པས་ག་སོ་བར་བྱའོ།། ཚིལ་ཚོར་སྦོམ་སྐེམས་གསོ་བས་བྱ་ཞེས་བྱ་བ་ལ། ཚིལ་ཚེ་ཞིང་འཕེལ་བ་ལས
་བྱུང་པོའི་ནད་ལ་ནི། སྦོམ་པ་གསོ་བའི་ཆོ་ག་རྣམ་པ་གཉིས་བཤད་པའི་ཚུལ་གྱིས་གསོ་བར་བྲ་ལ། ཚིལ་ཟ་ད་པ་ལས་བྱུང་བའི་ནད་ལ་ནི་སྐེམ་པོ་གསོ་བའི་ཆོས་རྣམ་པ་གཉིས་ཀྱིས་གསོ་བོར་བྱའོ།། རུས་པ་ཟད་པ་ལས་བྱུང་ལ།
་མར་དང་འོ་མ་ཁ་རར་སྦྱར།། དེ་བཞིན་འཇམ་རྩི་གཏང་བས་གསོ་ཞེས་བྱ་བ་ལ། རུས་པ་ཟད་པ་ལོས་བྱུང་བའི་ནད་ལ་ནི། སྨན་རོ་ཁ་བ་དང་སྦྱར་བའི་འོ་མ་ལ་སོགས་པས་གསོ་བ་དང་། དེ་བཞིན་དུ་འཇམ་རྩི་མས་གཏང་བས་གསོ་བར་བྱའོ།། །
་བཤང་བ་འཕེལ་ལ་འཁྲུ་བས་སོ།། ཞེས་བྱ་བ་ལ། བང་བ་འཕེལ་བ་ལས་བྱུང་བའི་ནང་ལ་ནི་དྲག་ཏུ་འཁྲུ་བའི་ཚོ་གས་སོ།། བ་ཤང་པ་ཟད་ལས་བྱུང་བའི་ནད།། ར་ལུག་ནང་གྲོལ་ཟན་དྲོན་དང་།། སྦྱར་ཐུག་མཱ་ཥ་གཉིས་སོགས
་སྦྱིན་ཞེས་བྱ་བ་ལ། བཤང་བ་ཟད་པ་ལས་བྱུང་བའི་ནད་ལ་ནི། ར་ལུག་ལུག་གི་ནང་གྲོལ་རྒྱུ་མ་ལ་སོགས་པ་གཡོས་སུ་བྱས་པ་དང་། ཟན་དྲོན་དང་། སྦྱར་ཐུག་དང་། མཱ་ཥ་གཉིས་པོ་སྟེ་མོན་སྲ་ནི་གྲེའུ་དང་། མོན་སྲན་དཀར
་བོཔོ་གཉིས་སྦྱིན་པ་དང་། སོགས་པའི་སྒྲས་རྒྱ་སྣེའུའི་ཚོད་མ་དང་། ཞོ་ཁ་ཆུ་དང་། རྩབ་མོ་རང་སྐྱུར་ལ་སོགས་པ་སྦྱིན་པ་བསྡུའོ།། གཅིན་འཕེལ་གྱུར་ལ་གཅིན་འབྲི་བ། གཅིན་ཟད་ལས་བྱུང་གཅིན་གཉིས་གསོ་ཞེས་བྱ་བ་ལ། གཅིན
་མང་བ་ལས་བྱུང་བའི་ན་ད་ལ་ནི། གཅིན་སྲི་བའི་གསོ་བའི་ནད་ཀྱིས་གསོ་བར་བྱའོ།། གཅིན་ཟེ་ད་པ་ལས་བྱུང་པོ་ནད་ལ་ནི། གཅིན་སྙི་བ་གསོ་བའི་ཆོ་གས་གསོ་བར་བྱའོ།། རྡུལ་མི་འབྱུང་ལ་རྩོལ་དང་བསྐུ།། རྡུལ་དབྱུང་ཚོ་གས་གས
་བར་བྱ་ཞེས་བྱ་བ་ལ། རྡུལ་ཟད་པ་ལས་བྱུང་བའི་ནད་ལ་ནི། རྩོལ་བ་ལ་སོགས་པས་རྡུལ་དབྱུང་བའི་ཆོ་གོས་གསོ་བར་བྱའོ།། ལུས་ཀྱི་མེ་དྲོད་རང་གནས་འདུག། ཆ་ཤས་ལུས་ཟུངས་རྣམས་ལ་བརྟེན།། དེ་རྣམས་འབྲི་དང་རབ་འབར་བས།།
་ལུས་ཟུངས་འཕེལ་དང་ཟད་པར་འགྱུར་ཞེས་བྱ་བ་ལ། ལུས་ཀྱི་མེ་དྲོད་ཅེས་བྱ་བ། བོ་བོའི་མེ་དྲོད་ཡིན་ལ། རང་གནས་སུ་འདུག་ཅེས་བྱ་བ། རང་གི་གནས་ཞུ་བ་དང་མཐུ་བའི་གནས་ཀྱི་བརྙན་འདུག་པ་དེའི་ཆ་ཤེས་གང་ཡིན་པ་རྣམས
་ས་ཚུངས་ལ་ག། ན་ཅིད་གནས་པོ་ཚང་ནམ་སྨྲ་འབྲི་སྟེང། མས་དམ་ས་པས་དངས་མ་ལ་སོགས་པའི་སས་ཆུངས་རྣམས་འཕེལ་བར་འགྱུར་ལ། ཤེས་དེ་རྣམས་སྟོད་རག་ཏུ་འབོར་ཞིང་ས་ཆེ་བར་བྱུར་བས་ནཱི། ལུས་ཟུངས
་རྣམས་ཟད་པར་འགྱུར་རོ།། ལུས་ཟུངས་དང་པོ་ཕྱེ་མ་ནི། རྒྱས་བྱེད་ཟད་པའང་དེ་བཞིན་ནོ་ཞེས་བྱ་བ་ལ། ལུས་ཟུངས་ཀྱི་དང་པོ་དངས་མ་ཞེས་བྱ་བ་རྒྱས་པར་གྱུར་ན་དེའི་ཕྱི་མ་ཁྲིག་ཅེས་བྱ་བའི་ལུས་ཟུངས་རྒྱས་པར་བྱེད་ལ། ལུས
་ཀྱི་དངས་མ་ཟད་ན་ཕྱི་མ་ཁྲུག་ཀྱང་དེ་བཞིན་དུ་ཟད་པར་འགྱུར་རོ།། ནད་དང་ལུས་ཟུངས་དང་དྲི་མ་དང་། དྲི་མ་རྣམས་ཀྱི་གནས་ལ་གནོད་པའི་རིམ་པ་དང་། ནད་འབྱུང་བའི་རིམ་པ་སྨྲས་པ་ནི།
་ཉེས་ལ་ཁྲུགས་པས་ནི་ལུས་ཟུངས་ཉེན།། གཉི་གས་དྲི་མ་ལ་གནོད་བྱེད།། འོག་ན་གཉིས་ཏེ་མ་གོ་བོར་བདུན།། བུ་ག་དང་ནི་རྡུལ་འབྱུང་བའི།། དྲི་མའི་གནས་ནི་དྲི་མས་ཏེ།། རང་རང་གནས་སུ་ནང་སྙེད་འགྱུར་ཞེས་བྱ་བ་ལ། ཉེས
་པ་ནི་རླུང་ལ་སོགས་པ་སྟེ། དེ་རྣམས་འཁྲུགས་པས་ནི་རང་གི་རྒྱུ་རྣམས་ཀྱིས་ལྡང་ཞིང་གཡོས་སོ།། དེས་ན་ལུས་ཟུངས་བྱ་བ་དང་ས་མ་ལ་སོགས་པ་ལ་ཉེན་ཅིང་གནོད་པར་འགྱུར་རོ།། ཉེས་པ་དང་ལུས་ཟུངས་དེ་གོ་ཉི་ས་ཀཱ་འཁྲུག
་ཅིང་གཡོས་པས་ནི་དྲི་མ་ལ་གནོད་པར་བྱེད་ལ། གནོད་པ་དང་ལྡན་པ་ནི་དྲི་མ་དེས་ནི་དྲི་མའི་གནས་ལ་གནོད་པ་སྐྱེད་པར་གྱུར་ན། དྲི་མའི་གནས་དེ་དག་གང་གང་ཡིན་ཞེ་ན། དེའི་ཕྱིར་སྨྲས་པ་ནི། འོག་ན་གཉིས་ཏེ་བཤང་པའི་ལམོ
་དང་གཅི་བའི་ལམ་མོ།། མགོ་བོར་ནི་དྲི་མའི་གནས་བདུན་ཏེ། མིག་གཉིས་དང་རྣ་བའི་བུ་ག་གཉིས་དང་། སྣའི་བུ་ག་གཉིས་དང་། ལྐོག་མའི་བུ་ག་གཅིག་གོ། བུ་ག་ནི་བུ་གའི་ཁོང་བུ་རྣམ་ས་དང་། དེ་བཞིན་རྡུལ་འབྱུང་བར་བྱེད་པ་སྟེ།
་ལུས་ཐམས་ཅད་དུ་གཏོགས་པའི་བ་སྤུའི་བུ་ག་རྣམས་ཏེ། དེ་ཐམས་ཅད་ཀྱང་དྲི་མའི་གནས་ཡིན་པ་ལ། དེ་རྣམས་ནི་གནོད་པ་ཅན་གྱི་དྲི་མས་གནོད་པ་སྐྱེད་ངོ་།། དེ་བས་ན་ལུས་ཟུངས་དང་། དྲི་མ་དང་དྲི་མའི་གནས
་དེ་རྣམས་སུ་རང་རང་གི་བདག་ཉིད་ཀྱི་རྟེན་གྱི་ཚུལ་དུ་གནས་པ་དེ་རྣམས་སུ་རང་གི་ནང་སྐྱེད་ཅིང་འབྱུང་བར་འགྱུར་རོ།། དེ་ཡང་ལུས་ཟུངས་རྣམས་ལ་ནི་ཉེས་པས་གནོད་པ་སྐྱེད་ལ། དྲི་མའི་གནས་རྣམས་སུ་ནི་དྲི་མས་གནོད་པ་སྐྱེད་ནས།
་རང་རང་ཇི་ལྟ་བའི་ནད་རྣམས་འབྱུང་བར་འགྱུར་རོ།། དེ་ལྟར་ཉེས་པ་དང་། ལུས་ཟུངས་དང་། དྲི་མ་རྣམས་རང་གི་ལས་ཉིད་ལ་སོགས་པའི་ཁྱད་པར་གྱིས་བཤད་ནས་།། ད་ནི་ཉེས་པ་དང་ལུས་ཟུངས་དང་དྲི་མ་རྣམས་ཀྱི་རྩ་བོ་ལུས་འདིའི
་ཉེས་པ་དང་། ལུས་ཟུངས་དང་། དྲི་མ་རྣམས་ཟད་དམ་མ་ཟད་པར་གྱུར་ཀྱང་སྲོག་དང་བཅས་པར་ཟད་པར་འགྱུར་ལ། དེ་འཕེལ་བས་སྲོག་དང་བཅས་པར་འཕེལ་བར་འགྱུར་བའི་ལུས་གནས་པའི་རྒྱུའི་གཙོ་བོ་དེ་སྨྲས་པ་ནི་ལུས
་ཟུངས་ཁུ་བའི་མཐར་ཐུག་པའི་ནང་ན་གཟི་ཅན་མདངས་མཆོག་ཡིན།། སྙིང་ལ་གནས་ཀྱང་ཁྱབ་པ་དང་།། ལུས་ནི་བརྟན་པར་གནས་པ་ཡིན།། གང་ཞིག་འཇིག་ན་དེས་འཇིག་ལ།། གང་ཞིག་གནས་ན་ག་ནས་གྱུར་པ།། གང་ལས་དངོས
་རྣམས་སྣ་ཚོགས་པ།། ལུས་ལ་བརྟེན་པ་འབྱུང་བ་ཡིན་ཞེས་བྱ་བ་ལ། ལུས་ཟུངས་དངས་མ་ནོས་ཁུ་བའི་བར་མཐར་ཐུག་པ་རྣམས་ཀྱི་ནང་ན་གཟི་སྦྱིན་ཅན་གྱི་མདངས་ནི་མཆོག་ཡིན་ཏེ། ཤིན་ཏུ་སྙིང་པོར་གྱུར་པ་ཡིན་ལ། དེ་ནི་མདངས
་ཞེས་བྱ་བར་སློབ་དཔོན་གྱིས་བཤད་དོ།། དེ་བཞིན་དུ་སྙིང་གཽ་ལ་གནས་སུ་ཟིན་ཀྱང་ལུས་མ་ལུས་པར་ཁྱབ་པ་ཡིན་ནོ།། དེ་ཡང་རྣམ་པ་གཉིས་སུ་བཤད་དེ། ཐིག་ལེ་དྲུག་པའི་ཚད་དང་། ཁྱབ་པར་བྱེད་དོ།། དེ་ནི་ལུས་ཐམས་ཅད
་ལ་ཁྱབ་པར་བྱེད་ཅིང་ཐིག་ལེ་དྲུག་པ་ཁ་དོག་དཀར་པོ་དང་། དམར་པོ་ལྟ་བུ་དང་། ཅུང་ཟད་སེར་པོར་སྣང་བ་ཁྱད་པར་དུ་སྙིང་ལ་གནས་པ་ཡིན་ནོ།། དེ་ཡང་ལུས་ནི་བརྟན་པར་གནས་པ་ཡིན་ཞེས་བྱ་བ་སྟེ། དེ་ནི
་ལུས་བརྟན་པར་གནས་པ་དང་། དེ་བསྲུང་ཞིང་གནས་པར་བྱེད་པ་ཡིན་ཏེ། དེའི་ལུས་གནས་ཤིང་འཇོག་པར་བྱེད་པ་ཡིན་ནོ།། གཞན་ཡང་གང་ཞིག་འཇོག་ཅིང་མེད་པར་གྱུར་ན། ངེས་པར་གདོན་མི་ཟ་བར་འཇིག་པར་འགྱུར་ལ། དེ་བཞིན་དུ
་མདངས་གང་ཞིག་གནས་ཤིང་ཡོད་པར་གྱུར་ན། སྐྱེས་བུ་དེ་གནས་ཤིང་འཚོ་བར་འགྱུར་བ་དང་། དེ་བཞིན་དུ་མདངས་གང་ལས་དངོས་པོའི་ངོ་བོ་རྣམས་རྣམ་པ་དུ་མར་འབྱུང་ཞིང་སྣང་བར་འགྱུར་ལ། ལུས་ལ་སོགས་པ་སྣ་ཚོགས་པར
་འབྱུང་བར་འགྱུར་ཞིང་བརྟེན་པ་དེ་ནི་མདངས་ཞེས་བྱས། དེ་ཡང་བསྡུས་པ་ལས། འབྱུང་བ་ཀུན་གྱི་མདངས་གང་ཡིན།། གཟི་ཅན་དེ་ནི་མཆོག་ཏུ་བཤད།། དེ་ནི་ཟླ་བའི་རང་བཞིན་དག། དམར་ཞིང་ཅུང་ཞིག་སེར་དང་བཅས།། དང་པོ་མངལ་གྱི་སྙིང་པོ
་གང་། ཡང་དེ་མངལ་གྱི་དངས་མར་གནས།། སྙིང་མ་ཆགས་པར་གྱུར་པ་ན།། གང་ཞིག་སྔོན་ཆད་བརྟེན་གྱུར་ཅིང་།། ལུས་ཀྱི་དངས་མ་སྣུམ་དག་དང་།། སྲོག་ནི་གང་ལ་བརྟེན་གྱུར་ལ།། གང་ཞིག་འཇིགས་པས་འཇིགས་འགྱུར་ཞིང་།། གང་གིས་ལུས་ཅན
་འཚོ་བྱེད་ལ།། སྙིང་ལ་གནས་ཀྱང་ཁྱབ་གྱུར་གང་།། དེ་ནི་སྲོག་གི་གནས་མཆོག་ཡིན་ཞེས་བཤད་པ་ཡིན་ནོ།། མངངས་ནི་སེམས་འཁྲུགས་བཀྲེས་པ་ལས།། མྱ་ངན་ངལ་ལ་སོགས་པས་ཟད་ཅེས་བྱ་བ་ལ། མདངས་དེ་ནི་སེམས་བྱུང་འཁྲུག་པ་ལ
་སོགས་པས་ཟད་པར་འགྱུར་ཏེ། སེམས་འཁྲུག་པ་ནི་ཁྲོས་པའོ།། བཀྲེས་པ་ནི་ཤིན་ཏུ་མི་ཟད་པར་བྲུ་བ་ཆའོ།། སེམས་ལས་ནི་ཡུལ་རྣམ་པ་དུ་མ་ལ་སྤྱོད་པའོ།། མྱ་ངན་ནི་སེམས་ཀྱི་སྡུག་བསྔལ་ལོ།། ངལ་བ་ནི་ལུས་ཉོན་མོངས་པའོ།། སོགས་པའི་སྒྲས
་ནི་འཇིགས་པ་ལ་སོགས་བསྡུའོ།། དེ་ཟད་སྤངས་ཤིང་ལུས་རིང་ལ།། ཡང་ཡང་སེམས་ཤིང་དབང་པོ་ཉམས།། གཟི་ཉམས་རྩུབ་དང་ཡིད་མི་དགའ།། ཉམས་ཆུང་བར་ནི་གྱུར་པ་ཡིན།། ཞེས་བྱ་བ་ལ། མངངས་དེ་ཟད་ཅིང་ཉམས་པར་གྱུར་ན་མི་སྔངས
་པ་སྟེ། གློ་བུར་དུ་སྐྲག་པ་དང་བཅས་པར་འགྱུར་བ་དང་། དེ་བཞིན་དུ་ལུས་རིད་ཅིང་མི་སྟོབས་ཆུང་བ་དང་ཡང་དང་སེམས་ཤིང་སྤྱོད་པ་ལ་བརྩོན་པར་གྱུར་པ་དང་། དབང་པོ་ཐམས་ཅད་ཉམས་ཤིང་སྡུག་བསྔལ་ལ། མྱོར་མྱོར་པོར་ནུས་པ་ཆུང་བར་འགྱུར
་བ་དང་། གཟི་བྱིན་ཉམས་ཤིང་སྐྱ་བོ་འོད་པོང་པོར་འགྱུར་བ་དང་། རྩུབ་པ་སྟེ་པགས་ལ་སོགས་པར་སྣུམ་མེད་པ་དང་། ཡིད་མི་དགའ་ཞིང་སེམས་ཀྱི་མདུད་པ་ཤས་ཆེ་བར་འགྱུར་བ་དང་། ཉམ་ཆུང་བ་སྟེ་ལུས་ཟུངས་ཅིང་འབྲི་བར་འགྱུར་བ་ཡིན་ནོ།།
་འཚོ་བྱེད་སྨན་དང་འོ་མ་དང་། ཤ་ཁུ་ལ་སོགས་དེའི་སྨན་ཡིན་ཞེས་བྱ་བ་ལ། མདངས་ཟད་པ་དེའི་སྨན་ནི་ཛཱི་བནྟི་དང་། ཉེའུ་ཤིང་ལ་སོགས་པ་འཚོ་བྱེད་ཀྱི་སྨན་རྣམས་དང་། དེ་བཞིན་དུ་འོ་མ་དང་། ཤའི་ཁུ་བ་དང་། སོགས་པའི་སྒྲས་རྟས་པར
་བྱེད་པའི་སྨིན་རྒུན་འབྲུམ་ལ་སོགས་པའི་སྨན་མངར་བའི་སྡེ་ཚན་ལས་བསྟན་པ་རྣམས་བསྡུས་ཏེ། དེ་དག་ཀྱང་དེའི་སྨན་ཡིན་ནོ།། འོ་མ་ཡང་འཚོ་བྱེད་ཡིན་པས། འཚོ་བྱེད་ཀྱི་སྨན་གྱི་སྡེ་ཚན་གྱི་ནང་དུ་གཏོགས་ན། ཅིའི་ཕྱིར་ལོགས་ཤིག་ཏུ་སྨོས་ཞེ་ན།
་འོ་མ་ནི་དེར་སྨན་གྱི་མཆོག་ཡིན་པས་ཁྱད་པར་དུ་སྨོས་པ་ཡིན་ནོ།། ཟད་པ་དང་འཕེལ་བ་དག་ནི་སྨན་མདོར་བསྡུས་ཏེ་སྨྲས་པ་ནི། ཟས་གང་མི་འདོད་གང་ཞིག་སློང་།། དེ་ལ་མི་འཕྲོད་འཕྲོད་པ་ནི།། སྤང་དང་།
་སྦྱིན་པར་བྱ་བ་དང་།། དེ་དང་དེས་འཕེལ་ཟད་པར་འགྱུར།། ཞེས་བྱ་བ་ལ། བཟའ་བར་བྱ་བའི་ཟས་གང་སྐྱེས་བུ་མི་འདོད་ཅིང་འདྲངས་པ་དང་། ཡང་ཟས་གང་ཞིག་སློང་ཞིང་འདོད་པར་བྱེད་པ་དེ་དང་དེ་ལས་ཟས་མི་འདོད་པ་དང་ཞེ་འབྲས་པ་ནི་སྤང་ཞིང་མི་བཅ
་དང་། འཕྲོད་པ་དང་ཡིད་ལ་འདོད་པ་ནི་སྦྱིན་ཞིང་བཟའ་བར་བྱ་བ་གང་ཡིན་པ་དེ་དང་དོ་ནི་ནང་འཕེལ་བ་དང་ནང་ཟད་པར་འགྱུར་རོ།། དེ་ཡང་འདོད་ཅིང་སློང་བའི་ཟས་དེ་མི་འཕྲོད་པ་མེད་པར་གྱུར་ན། བཟའ་བར་བྱའི་གཞན་དུ་ནི་མ་ཡིན་ནོ།། ཉེས་པ་ཕྱིན་ཅི
་ལོག་པ་དང་། མཐུན་པས་སྲེད་པ་སྐྱེད་བྱེད་དེ། ཕལ་ཆེར་འཕེལ་དང་ཟད་པ་དག། མི་མཁས་པ་ཡིས་མི་ཤེས་སོ།། ཞེས་བྱ་བ་ལ། གང་གི་ཕྱིར་རླུང་ལ་སོགས་པའི་ཉེས་པ་དག་ནི། ཕྱིན་ཅི་ལོག་ཏུ་གྱུར་པའི་ཟས་ཀྱིས་ཡུལ་དེ་ལ་སྲེད་ཅིང་དགའ
་བསྐྱེད་པར་བྱེད་དེ་ཅི་ལྟ་བུར་བྱེད་ཅེ་ན་འཕེལ་བ་དང་ཟད་པ་དག་གིས་བྱེད་དེ་དེའང་འཕེལ་བར་གྱུར་པ་ནི་རང་གི་ཡོན་ཏན་དང་མི་མཐུན་ཅིང་ཕྱིན་ཅི་ལོག་ཏུ་གྱུར་པའི་ཟས་ཀྱི་ཡུལ་དེ་ལ་སྲེད་ཅིང་དགོའ་བ་སྐྱེད་པར་བྱེད་ལ་དེ་ཡང་ཕལ་ཆེར་ཏེ་ཐམས་ཅད་དུ་ནི
་མ་ཡིན་ནོ།། ཟད་པ་ནི་ཟས་ཀྱི་རིས་སུ་གཏོགས་པ་དང་ཆ་འདྲ་ཞིང་མཐུན་པའི་ཡོན་ཏན་གྱིས། ཡུལ་དེ་ལ་སྲེད་པ་སྐྱེད་པར་བྱེད་དེ། ཇི་སྲིད་རླུང་འཕེལ་བས་ནི། ཟས་སྣུམ་པ་དང་། སྒྱུར་བ་དང་། མདོར་བ་ལ་དགའ་བ་སྐྱེད་པར་བྱེད་པའོ།། མཁྲིས
་པ་འཕེལ་བས་ནི་གྲང་བ་དང་བསིལ་བའོ།། བད་ཀན་འཕེལ་བ་ནི་ཁ་བ་དང་རྩུབ་པ་ལ་སྲེད་པ་སྐྱེད་པར་བྱེད་དོ།། དེ་ལ་ཟད་པ་ནི་རླུང་ཟད་པས་ནི་སྣུམ་པ་དང་ལན་ཚྭ་ལའོ།། མཁྲིས་པ་ཟད་པས་ནི་སྦྱར་བ་ལ་སོགས་པ་ལའོ།། བད་ཀན་ཟད་པས་ནི་ཟས་སྣུམ་པ
་དང་། མངར་བ་ལ་སོགས་པ་ལ་དགའ་བ་སྐྱེད་པར་བྱེད་པ་ནི། དངོས་པོའི་རང་བཞིན་ནམ་ཆོས་ཉིད་ཡིན་ནོ།། དེ་ལྟ་བུའི་ཉེས་པའི་རང་བཞིན་ནི་སྨན་པ་མི་མཁས་ཤིང་། ཤེས་རབ་ཆུང་བ་ས་མི་ཤེས་ཤིང་ཡུལ་དེའི་རང་བཞིན་ཤེས་པ་དེ་ལ་མི་སྐྱེའོ།
་ཞེས་བྱ་བའི་དོན་ཏོ།། ཡང་མཚན་ཉིད་གཞོན་དག་མདོར་བསྡུས་ཏེ་སྨྲས་པ་ནི། ཅི་བཞིན་སྟོབས་དང་རང་ཇི་བཞིན།། འཕེལ་ན་ཉེས་པ་རྒྱས་པར་འགྱུར།། ཟད་པས་རང་བཞིན་འདོར་བར་འགྱུར།། མཉམ་ན་རང་གི་ལས་རྣམས་བྱེད།། ཅེས་བྱ་བ་ལ། ནད་དང
་ཉེས་པ་རྣམས་ཀྱི་སྟོབས་ཅི་ལྟ་བ་དང་། རང་གི་རང་བཞིན་ཅི་ལྟ་བ་ལས་ཚད་ལས་འཕེལ་བར་འགྱུར་བ་ལས་ནི། ཉེས་པ་རྒྱས་ཤིང་སྐྱེ་བར་འགྱུར་བ་ལ། དེ་བཞིན་དུ་ཟད་པ་སྟེ་རང་གི་སྟོབས་ཇི་ལྟ་བ་དང་། རང་གི་མཚན་ཉིད་ཆེན་པོ་དང་འབྲིང
་དང་ཆུང་ངུ་ནི་ལྟ་བ་དང་། རང་གི་རང་བཞིན་རྩུ་བ་དང་། དྲོ་བ་དང་སྣུམ་པ་ལ་སོགས་པའི་རང་བཞིན་ཇི་ལྟ་བ་ཟད་པ་ལས་ནི་ནད་དེ་རྣམས་རང་གི་མཚན་ཉིད་འདོར་ཞིང་སྤོང་བར་འགྱུར་རོ།། གང་གི་ཚེ་ཉེས་པ་དེ་རྣམས་མཉམ་པ་སྟེ་འཕེལ་བ་ཡང་ཁ་ཟད་པར
་གྱུར་པའང་མེད་པ་དེའི་ཚེ་ནི་རང་ཚང་དང་ལྡན་པར་གནས་པ་ཡིན་ཏེ། དེའི་ཚེ་ན་ནི་མཉམ་ཞིང་མི་འགྱུར་བར་གནས་པ་ཉིད་ཀྱིས་ན། རང་གི་ལས་ནང་ལ་སོགས་པའི་ཚུལ་ཤེས་པར་བྱ་བ་ལས་བཤད་པ། དབུགས་རྔུབ་པ་དང་དབུགས
་དབྱུང་བ་ལ་སོགས་པའི་ལུས་དེ་རྣམས་བྱེད་ཅིང་སྐྱེད་པ་ཡིན་ནོ།། མཚན་ཉིད་དེས་ན་དེ་རྣམས་ཞིང་འགྱུར་བ་མེད་པར་ཤེས་པར་བྱའོ།། ཉེས་པ་ཟད་པ་རྣམས་ནི་ལུས་ལ་ཉེས་པ་ཅི་ཡང་སྐྱེད་པར་མི་བྱུང་།
་མི་ལྡང་བའི་ཕྱིར་དང་། ནུས་པཟང་བའི་ཕྱིར་དང་། ཅི་ཡང་མི་བྱེད་པ་ཡིན་པའི་ཕྱིརཉེས་པ་ཅི་ཡང་སྐྱེད་པར་མི་བྱེད་དོ་སྙམ་དུ་སེམས་ནས། སྨན་པ་དག་ཉེས་པོ་ཟད་པ་འཕེལ་བར་བྱ་བའི་ཕྱིར། བཟའ་བ་དག་སྟེར་བར་བྱེད་པ་ལ་སྦྱོར་བ
་བྱེད་པ་ནི་ནམི་ཡང་མ་གྱུར་ཅིག་སྙམ་ནས་སྨྲས་པ་ནི། གང་ཞིག་མཉམ་པས་ལུས་འདི་འཕེལ་བར་བྱེདདོ།། ཉེས་པོ་དེ་ཉིད་མི་མཉམ་གསོད་པར་བྱེད།། དེ་བས་ཟད་པའང་འཕེལ་བ་ལྟོ་བུར་ནི།། ཕན་པའི་སྤྱོད་པ་ཉིད་ཀྱིས་བསྲུང་བ.རབྱ།
་ཞེས་བྱ་བ་ན། ཉེས་པ་གང་ཞིག་མཉམ་ཞིང་སྙོམས་པར་གྱུར་པས། ལུས་འཕེལ་བར་བྱེད་པའི་དོན་དུ་འགྱུར་ཏེ། རང་གི་ཚད་དང་ལྡན་པར་གནས་པ་ནི་ལུས་མཉམ་པའི་རྒྱུར་འགྱུརརོ།། ཉེས་པ་དེ་ཉིད་མིམ་ཉིཞི་འོ།། རང་གི་ཆད་ལྔ་ལྷག་པའམ། ཆད་པར་གྱུར
་ན་ལུས་གསོད་ཅིང་འཇིག་པར་འགྱུར་རོ།། གང་གི་ཕྱིར་ཉེས་པ་མཉམ་པར་ནི་ལུས་འཕེལ་བའི་རྒྱུ་ཡིན་ལ། མི་མཉམ་པ་ནི་ལུས་གསོད་པའི་རྒྱུ་ཡིན་པ་དེ་བས་ན། ཉེས་པ་རྣམས་ཟད་པའང་འཕེལ་བ་བཞིན་དུ་ཕན་པའི་སྤྱོད་པས་བསྲུང
་བར་བྱ་སྟེ། ཇི་ལྟར་འདི་རྣམས་འཕེལ་ནས་ནད་ལྡང་ཞིང་གནོད་པར་འགྱུར་བས་ནི། ཁྱད་པར་དུ་མི་འཕེལ་བའི་ཕྱིར་སྲུང་བར་བྱེད་པ་བཞིན་དུ་ཟ་རིད་པ་ལས་ཀྱང་རྗེས་སུ་མཐུན་ཞིང་ཕན་པའི་སྤྱོད་པ་ཉིད་ཀྱིས་བསྐྱང་བར་བྱའོ།། ཡན་ལག
་བརྒྱུད་པའི་སྙིང་པོའི་རྣམ་པར་འགྲེལ་པའི་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས། ལེའུ་བཅུ་གཅིག་པའི་འཕྲུལ་པའོ།། ། དེ་ནས་ནད་ཀྱི་དབྱེ་བ་ཤེས་པར་དུ
་བའི་ལེའུ་བཤད་པར་བྱའོ་ཞེས་བྱ་བ་ལ། སྔར་ནད་ལ་སོགས་པའི་ཚུལ་ཤེས་པར་བྱ་བ་བཤད་མོད་ཀྱི། ནང་རྣམས་ནི་ཐ་དད་པར་འབྱུང་བ་ཡིན་པས། དེའི་ཕྱིར་ནད་ཀྱི་དབྱེ་བ་ཤེས་པར་བྱ་བ་མེད་པར་ནད་མ་ལུས་པའི་ཆུ་ལོ་ཤེས་པར་འགྱུར
་བ་བཤད་པ་མ་ཡིན་པོས་དེའི་ཕྱིར་ནད་ལ་སོགས་པའི་ཚུལ་ཤེས་པར་བྱ་བའི་འོག་ཏུ། ནད་ཀྱི་དབྱེ་བ་ཤེས་པར་བྱ་བའི་ལེའུ་བརྩམས་པ་ཡིན་ནོ།། དེ་ལ་ནད་རྣམས་ཀྱི་དབྱེ་བ་ནི་ནཱད་ཀྱི་དབྱེ་བོ་སྟེ། གནས་དང་མིང་དང་། དབྱེ་བ་ལ་སོགས་པའི
་བར་དུ་དབྱེ་བས་ཤེས་པར་བྱ་ཞིང་རྟོགས་པར་བྱ་བ་སྟེ། དེ་ལ་ཕན་པོའོ་གཞུང་ནི་ནད་ཀྱི་དབྱེ་བ་ཤེས་པར་བྱ་སྟེ། དེའི་ལེའུ་བཤད་ཅིང་བསྟན་པར་བྱའོ་ཞེས་པའོ།། དེ་ལ་རེ་ཞིག་རླུང་ལ་སོགས་པ་ལུས་ལ་གནས་པའི་དབྱེ་བས་ངེས་པར
་བརྟག་པོ་སྨྲས་པ་ནི། ཞུ་བོའི་གནས་དང་རྐེད་པ་དཔྱི།། རྣ་བ་རུས་པ་རེག་དབང་པོ།། རླུང་གནོས་ཡིན་ཏེ་དེ་ལས་ཀྱང་།། ཞུ་བའི་གནས་སུ་ཁྱད་པར་གནོས་ཞེས་བྱ་བ་ལ། རླུང་གི་གནས་ནི་ཞུ་བའི་གནས་ལ་སོགས་པ་ཡིན་ཏེ། དེ་ལ་ཞུ་བའི
་གནས་ཏེ། ལྟེ་བའི་འོག་དང་རྐེད་པ་དང་། དཔྱི་།། རྣ་བ་དང་། རུས་པ་དང་། རེག་པའི་དབང་པོ་སྟེ། པགས་པ་རྣམས་ཡིན་ལ།། དེ་རྣམས་ཀྱི་ནང་ནས་ཀྱང་ཞུ་བའི་གནས་ནི་རླུང་གི་ཁྱད་པར་གྱི་གནས་ཡིན་ཏེ། ཟས་ཞུ་བ་རྣམས་གང
་ན་གནས་ཤིང་བརྟེན་པ་དེ་ནི་ལྷག་པར་རླུང་གི་གནས་ཡིན་ནོ།། མཁྲིས་གནས་ལྟེ་བ་ཕོ་བ་རྡུལ།། ཆུ་སེར་དྲངས་མ་ཁྲག་དང་ནི།། མིག་དང་པགས་པ་དག་ཡིན་ཏེ།། དེ་ལས་ལྟེ་བ་ཁྱད་པར་གནས་ཞེས་བྱ་བ་ལ། མཁྲིས
་པའི་གནས་ནི་ལྟེ་བ་ལ་སོགས་པ་ཡིན་ཏེ། ཕོ་བ་ནི་ལྟེ་བ་ཡན་ཆད་ཀྱི་མ་ཞུ་བའི་གནས་སྤྱི་ལ་བྱའོ།། ཆུ་སེར་ནི་པགས་པའི་མདངས་ན་ཆུར་གནས་ཏེ་འདུག་པ་ལ་བྱ་སྟེ། པགས་པ་ཕྲུགས་པ་ལས་ཆུའི་རྣམ་པར་བྱུང་སྣང་བའོ།། དངས་མ་དང་ཁྲག་ནི་ལུས
་ཟུངས་དང་པོ་དང་གཉིས་པའོ།། མིག་ནི་མིག་གི་དབང་པོའོ།། པགས་པ་ནི་རེག་བྱའི་དང་ངོ་པོ་སྟེ། དེ་ནི་རླུང་གི་གནས་ཡིན་པར་བསྟན་མོད་ཀྱི། མཁྲིས་པའི་ཡོད་དེ་ཉིད་ཡིན་ཏེ། རླུང་གི་གྲོགས་ཡིན་པའི་ཕྱིར་རོ།། འདིར་གནས་དེ་དག་ལས་ཀྱང་ལྟེ
་བ་ནི་ཁྱད་པར་གྱི་གནས་ཡིན་ནོ།། བད་ཀན་བྲང་དང་མགུ་བ་མགོ། གློ་བ་རུས་ཚིགས་མ་ཞུའི་གནས། དངས་མཆིལ་དང་སྣ་ལྕེར་གནས། བྲང་གི་ཁྱད་པར་དག་གི་གནས་ཞེས་བྱ་བ་ལ། བད་ཀན་གྱི་གནས་ནི་བྲང་ལ་སོགས་པ་ཡིན་ནོ།། དེ་ལ་བྲང
་ནི་ཐོང་ཁའི་གནས་སོ།། མགུལ་པ་ནི་ལྐོག་མའོ།། མགོ་བོ་ནི་སྤྱི་བོའོ།། གློ་བ་ནི་ཁོང་པའི་ནང་ཆ་སྟེ། ལུས་ཀྱི་ཡན་ལག་གི་དབྱེ་བ་ལས་འོག་ནས་བཤད་དོ།། རུས་ཚིགས་ནི་ཚོགས་ཀྱི་མདུད་པའོ།། པོ་བའི་གནས་ནི་ལྟེ་བ་ཡན་ཆད་དོ།། དངས་མ
་ལ་སོགས་པ་ནི་གོ་བར་ཟད་དོ།། འདིར་གནས་འདི་རྣམས་ཀྱི་ནང་ན་བྲང་ནི་བད་ཀན་གྱི་ཁྱད་པར་གྱི་གནས་ཡིན་ནོ།། རླུང་ནི་སྲོག་སོགས་དབྱེ་བ་ཡིས།། ལྔ་ཡི་དབང་ཉིད་ཅེས་བྱ་བ་ལ། རླུང་གཅིག་པུ་གཡོ་བའི་བདག་ཉིད་ཅན།། གཅིག་པུ་ནི
་སྲོག་དང་སྟོང་དུ་རྒྱུ་བ་དང་། ཁྱབ་བྱེད་དང་། མེ་དང་མཉམ་དུ་གནས་པ་དང་། ཐུར་དུ་སེལ་བ་ཞེས་བྱ་བའི་རྣམ་པ་ལྔའི་བདག་ཉིད་ཅན་དུ་གནས་པ་ལ་སོགས་པའི་དབྱེ་བས་འགྱུར་རོ།། འདིར་སྲོག་ནི་སྤྱིར་གནས་བྲང་དང་གྲེ་བར་རྒྱུ།། བློ་དང་དབང་པོ་སེམས
་འཛིན་བྱེད།། མཆི་ལ་འདོར་སྦྲིད་འབྱུང་སྒྲེགས་པ་གཏོང་དབུགས་རྔུབ་ཟས་ནི་མིད་པར་བྱེད་ཅེས་བྱ་བ་ལ། འདིར་ལྔ་པོ་དེ་དག་གི་ནང་ནས་སྲོག་ཅེས་བྱ་བའི་རླུང་ནི། སྤྱི་བོར་གནས་ཤིང་མགོ་ལ་བ་རྟེན་པ་དང་། བྲང་དང་གྲེ་བར་རྒྱུ་ཞིང་འགྲོ་བ་དང་།
་བློ་དང་དབང་པོ་དང་སེམས་འཛིན་པར་བྱེད་པ་དང་། མཆིལ་མ་ལ་སོགས་པ་འདོར་ཞིང་འབྱོན་པར་བྱེད་དོ།། མཆིལ་མ་ནི་ཁ་ནས་བད་ཀན་འབྱུང་བའོ།། དབུགས་རྔུབ་པ་ནི་དབུགས་ནང་དུ་སྡུད་པའོ།། གྱེན་རྒྱུའི་གནས་ནི་པྲ་ང་ཡིན་ཏེ།། སྣ་དང
་ལྕེ་དང་ལྐོག་མར་རྒྱུ།། ཚིག་འབྱིན་འབད་རྩོལ་མདངས་དང་ནི།། སྟོབས་དང་ཁ་དོག་དྲན་ལས་བྱེད། ཅེས་བྱ་བ་ལ། རླུང་གྱེན་དུ་རྒྱུ་བའི་གནས་ནི་བྱུང་ཡིན་ཏེ། དེར་བརྟེན་ནས་སྣ་ལ་སོགས་པ་གསུམ་དུ་རྒྱུ་བར་བྱེད་དོ།། དེའི་དབྱེ་བ་ནི་ཚིག
་འབྱིན་པ་ལ་སོགས་ཡིན་ཏེ། འབད་རྩོལ་ནི་བྱ་བ་ལ་བརྩོན་པའོ།། མ་དང་ནི་གཟི་མདངས་དང་ལྡན་པའོ།། སྟོབས་ནི་ནུས་པའོ།། ཁེ་དོག་ནི་དཀར་པོ་ལ་སོགས་པའི་དབྱེ་བས་ཕྱེ་བའོ།། དྲན་པ་ནི་འདས་པའི་དོན་མཽ་བརྗེད་པའོ།། ཁྱབ་བྱེད་སྙིང
་གནས་ལུས་ཀུན་ལ།། མ་ལུས་ཁྱབ་ཅིང་རབ་ཏུ་མགྱོགས།། འགྲོ་དང་འདེགས་དང་འཇོག་པ་དང་།། མིག་འབྱེད་འཛུམ་པ་ལ་སོགས་པ།། ལུས་ཅན་བྱ་བ་ཕལ་ཆེར་ནི།། དེ་ལ་རིག་ནི་ལུས་པ་ཡིན་ཞེས་བྱ་བ་ལ། རླུང་ཁྱབ་བྱེད་ཅེས་བྱ་བ་ནི་སྙིང་ལ
་གནས་ཏེ། ལུས་ཀུན་མ་ལུས་པར་ཁྱབ་ཅིང་རྒྱུ་བ་ཡིན་ལ། རབ་ཏུ་མགྱོགས་པ་སྟེ་མྱུར་དུ་འགྲོ་ཞིང་ཤས་ཆེར་མགྱོགས་པ་ཡིན་ནོ།། དེའི་ལས་ནི་འགྲོ་བ་ལ་སོགས་པའི་ལུས་ཅན་ཏེ། སེམས་ཅན་གྱི་བྱ་བ་ཐམས
་ཅད་ལས་ཕལ་ཆེར་ཏེ། མང་དུ་རླུང་དེ་ལས་རག་ལས་ཤིང་བལྟོས་པ་ཡིན་ནོ།། དེ་ཡང་འགྲོ་བ་ནི་ཡུལ་ནས་ཡུལ་གཞིན་དུ་འགྲོ་བ་ལ་སོགས་པའོ།། འདེགས་པ་ནི་གྱེན་དུ་འདྲེན་པའོ།། འཇོག་པ་ནི་ཡན་ལག་དམད་དེ་བྱེད་པའོ།། མིག་འབྱེད་པ
་ནི་མིག་གི་རྫི་མ་གཉིས་འབྱེད་པའོ།། འཛུམ་པ་ནི་དེ་ཉིད་འདུཛུམ་པའོ།། མཉམ་གནས་མེ་དྲོད་ཉེ་བར་གནས།། ནང་གྲོལ་ཀུན་ཏུ་རྒྱུ་བ་ཡིན།། བྱ་བ་ཟས་ལེན་འཇུ་བ་དང་།། དངས་སྙིགས་འབྱེད་ཅིང་འདོར་བར་བྱེད།། ཅེས་བྱ་བ་ལ། རླུང་མེ་དང་མཉམ
་དུ་གནས་པ་ཞེས་བྱ་བ་ནི། ཕོ་བའི་མེ་དྲོད་དང་ཉེ་བར་གནས་ཏེ། ནང་གྲོལ་གྱི་ནང་ན་མ་ཞུ་བའི་གནས་ཞེས་བྱ་བ་དེར། བརྟེན་ནས་ནང་གྲོལ་དུ་རྒྱུ་ཞིང་སྤྱོད་པ་ཡིན་ལ། དེའི་ལས་ཀྱི་བྱེ་བྲག་ནི་ཟས་ལེན་ཅིང་འཛིན་པ་དང་།། དེ་བཞིན
་དུ་འཇུ་ཞིང་སྨིན་པོར་བྱེད་པ་དང་དངས་སྙིགས་འབྱེད་ཅིང་བྱེ་བྲག་འབྱེད་པ་དང་ཕྱི་རོལ་ཏུ་འདོར་ཞིང་འབྱིན་པར་བྱེད་པ་ཡིན་ནོ།། ཐུར་སེལ་གཞང་ན་ས་འ་དོང་མོ་དང་།། ལྒང་པ་ཕོ་མཚོན་བརླ་ནང་རྒྱུ། བྱ་བ་ཞུ་བ་ཟླ་མཚན་དང་།།
་བཤང་གཙོ་མངལ་ནས་འབྱིན་པར་བྱེད།། ཅེས་བྱ་བ་ལ། རླུང་ཐུར་དུ་སེལ་པོ་ཞེས་བྱ་བ་ནི་གཞང་ནོ་གནས་པ་སྟེ། རྐེད་པའི་འོག་ན་འདུག་པ་དང་། དེ་བཞིན་དུ་འདོང་མོ་ཞེས་བྱ་བ་མཇུག་ཏེའི་ནང་ལ་སོགས་པའི་གནས་ན་རྒྱུ་བ་དང
་ལྒང་བ་དང་ཕོ་མཚན་དང་བརླའི་ནང་ན་རྒྱུ་བ་ཡིན་ནོ།། བྱ་བའི་ལས་ནི་ཁུ་བ་དང་། ཟླ་མཚན་འབྱིན་པ་ལ་སོགས་པ་ཡིན་ནོ།། མཁྲིས་པའི་རང་བཞིན་ལྔ་ཞེས་བྱ་བ་ལ། མཁྲིས་པའི་རང་བཞིན་ནི་རྣམ་པ་ལྔ་སྟེ། འཇུ་བྱེད་དང་། དམར་སྒྱུར་དང་། སྒྲུབ
་བྱེད་དང་། མཐོང་བྱེད་དང་། མདོག་ག་སེལ་ལོ།། དེ་ལ་ཞུ་དང་མ་ཞུའི་བར་ན་གནས།། འབྱུང་ལྔའི་བདག་ཉིད་ཅན་གྱིས་ནི།། གང་མོའི་ཡོན་ཏན་ཤས་ཆེ་བ།། གཽ་ཤེར་ཉིད་སྐེམས་བྱེད་འཇུལ་སོགས།། ལས་ཀྱིས་མེ་ཡིས་སྒྲས་བཤད་དོ།། ཟས་ནི
་འཇུ་དང་དེ་བཞིན་དུ།། དངས་མ་སྙིགས་མ་འབྱེད་པར་བྱེད།། དེར་གནས་བཞིན་དུ་མཁྲིས་པ་ནི།། ལྷག་མ་རྣམས་ཀྱི་གྲོགས་བྱེད་པ།། སྟོབས་སྐྱེད་པ་ཡིས་འབྱེད་འགྱུར་ལ།། དེ་ནི་འཇུ་བྱེད་ཅེས་བཤད་དོ་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ལྔ་པོ་དེ་རྣམ
་ཀྱི་ནང་ནས། མཁྲིས་པ་འདུ་བྱེད་ཅེས་བྱ་བ་ནི་ཞུ་བའི་གནས་དང་མ་ཞུ་བའི་གནས་ཀྱི་བར་ན་གནས་ཤིང་བརྟེན་ལ། དེ་ཡང་འབྱུང་བ་ཆེན་པོ་ལྔའི་བདག་ཉིད་ཅན་དུ་གྱུར་པ་ཡིན་གྱིས་ཀྱང་གང་གི་ཕྱིར་མེའི་ཡོན་ཏན་གྱི་ཤས་ཆེ་ཞིང་བརྡོ་པས་གཤེར
་བ་ཉིད་སྐེམས་པར་བྱེད་པ་ཡིན་ཞིང་། ཟླ་བའི་ཡོན་ཏན་ཟད་པར་བྱས་པས་གཤེར་བ་ཉིད་སྐེམས་པར་བྱེད་པ་ཡིན་ཏེ། དེས་ན་འཇུ་བ་ལ་སོགས་པའི་ལས་ཀྱིས་ཏེ། འཇུག་དང་སྲེག་པ་ལ་སོགས་པའི་བྱ་བའི་ལས་ཀྱི་མེའི་སྒྲར་བཤད་ཅིང་། མི
་འཐོབ་པ་ཡིན་ནོ།། དེ་བཞིན་དུ་ཟས་རྣམ་པ་བཞི་འཇུ་བར་བྱེད་པ་དང་། ཟས་ཞུ་བར་གྱུར་པ་རྣམས་ཀྱི་དངས་མ་དང་ཚིགས་མ་འབྱེད་པར་བྱེད་ཅིང་། བྱེ་བྲག་ཏུ་ཐ་དད་པར་བྱེད་པ་དང་། ཞུ་བ་དང་མ་ཞུ་བའི་བར་དེར་གནས་བཞིན་དུ་མཁྲིས
་བ་དམར་སྒྱུར་ལ་སོགས་པ་བཞི་པོ་གྲོགས་བྱེད་ཅིང་སྟོབས་བྱེད་ལ། སྟོབས་བསྐྱེད་པ་སྟེ། ནུས་པ་སྐྱེད་པར་བྱེད་པར་འགྱུར་ཏེ། མཁྲིས་པ་དེ་ནི་འཇུ་བྱེད་ཅེས་བཤད་དོ།། མཁྲིས་པ་མ་ཞུ་བའི་གརྦྷ
་ལ་བརྟེན། དངས་མདོག་བསྒྱུར་བས་དམར་སྦྱར་ཡིན་ཞེས་བྱ་བ་ལ། དམར་བསྒྱུར་ཞེས་བྱ་བའི་མཁྲིས་པ་ནི་མ་ཞུ་བའི་གནས་ལ་བརྟེན་ཅིང་གནས་ནས། ལུས་ཟུངས་དངས་མ་ཞེས་བྱ་བ་ཁྲག་གི་རང་བཞིན་དུ་མདོག་བསྒྱུར་བར་བྱེད་པས།།
་དམར་པོར་བྱེད་པའི་ཕྱིར་དམར་སྒྱུར་ཞེས་བྱ་བ་སོའི་སྒྲར་བཤད་པོ་ཡིན་ནོ།། མཁྲིས་པ་སྒྲུབ་བྱིང་སྙིང་ལ་གནས།། བློ་དང་ཡིད་གཞུངས་ང་རྒྱལ་སོགས།། མངོན་འདོད་དོན་ནི་སྒྲུབ་བྱེད་པས།། ཞེས་བྱ་བ་ལ། མཁྲིས་པ་སྒྲུབ་བྱེད་ཅེ་ཅེས་བྱ་བ་སྙིང་ལ
་གནས་ཤིང་བརྟེན་པོ་གང་ཡིན་པ་དེ་ནི་བློ་ལ་སོགས་པའི་སྒྲར་གྱུར་པས་མངོན་པར་འདོད་པའི་དོན་རྫོགས་པར་བྱེད་ཅིང་། ཕྱིའི་དོན་རྣམས་འཛིན་ཅིང་དྲན་པར་བྱ་ད་པོ་ལ་སོགས་པ་འི་ཚུལ་གྱིས་སྒྲུབ་པོར་བྱེད་པ་སོ་ན། དེ་ནི
་སྒྲུབ་བྱེད་ཅེས་བྱའོ།། བློ་དང་ཡིད་གཞུངས་པ་ནི་ཕན་ཚུན་ཁྱད་པ་བར་ཡོད་པར་ཤེས་པར་བྱ་སྟེ། ད་ལྟར་བྱུང་བའི་དུས་སུ་དོན་གང་ལ་ཡིད་ཐེ་ཚོམ་དུ་གྱུར་པའི་དོན་དེ་ལ་ཚིག་འདིའི་དོན་ནི་འདི་ཡིན་ནོ།། ཞེས་གང་ངེས་པ་སྐྱེད་པ་དེ་ནི་བློ་ཞེས་བྱ་བ་ལ།
་ཡིད་གཞུངས་པ་ནི་བློའི་ཁྱད་པར་ཡིན་ནོ།། མིག་ལ་གནས་ཏེ་གཟུགས་མཐོང་བྱེད།། མཐོང་བྱེད་ཅེས་བཤད་ཅེས་བྱ་བ་ལ། མིག་གི་དབང་པོ་ལ་གནས་པའི་མཁྲིས་པ་ནི། མིག་འབྲས་ཀྱི་ནང་ན་གནས་ནས་གཟུགས་མཐོང་བར་བྱེད་པོས་ན
་མཐོང་བྱེད་ཅེས་བཤད་དེ། གཟུགས་འཛིན་པ་དེ་ནི་དེ་ལ་རག་ལས་པ་ཡིན་པའི་ཕྱིར་རོ།། མདོག་གསལ་ནི་པགས་མདོག་གསལ་བྱེད་པགས་པར་གནས་ཞེས་བྱ་བ་ལ། མཁྲིས་པ་མདོག་གསལ་བ་ནི་པགས་པ་མདོག་གསལ་ཞིང་དང་བར་བྱེད་པས
་ན་མདོག་གསལ་ཞེས་བྱ་ལ། དེའི་གནས་ནི་པགས་པར་གནས་སོ།། ངེས་བསྐུ་བོ་ལ་སོགས་པ་འཇུ་ཞིང་སྨན་པར་བྱེད་དོ།། འཇུ་བར་མ་གྱུར་པའི་སྨན་གྱིས་ནི་རང་གི་བྱ་བ་མི་བྱེད་དོ།། བད་ཀན་རྣམ་ལྔ་ཞེས་བྱ་བ་ནི། རྟེན་བྱེད་དང་། མྱགས་བྱེད་དང་། མྱོང
་བྱེད་དང་། རྟས་བྱེད་དང་། འབྱོར་བྱེད་དང་། དབྱེ་བ་རྣམ་པ་ལྔའོ།། བད་ཀན་རྣ་མ་ལྔ་བྲང་གནས་པ།། རིང་གི་ག་སྟོབས་ཀྱི་སུམ་མདོ་དང་།། སྙིང་དང་ཟས་ཀྱི་མཐུ་དོང་ནི།། དེ་ཉིད་ལ་གནས་ཆུའི་ལས་བྱེད་།། བད་ཀུན་ལྐོག་མའི་གནས་གྱུར་བའི།། རྣོན་ནི།
་ཕྱིར་བྱེད་གྱུར་པ།། དཱི་ཕྱིར་རྟེན་བྱེད་ཅེས་བཤོད། བྱག་ཡང་བད་ཀན་དེ་ལས། བྲང་ལ་གནས་པ་དེ་རང་གི་སྟོབས་སམ། ནུས་པ་སུམ་མདོ་ཞེས་བྱ་བ་དཔུང་པ་གཉིས་དང་། མཉའ་བ་འདུས་པའི་མདོ་རང་གི་ནུས་པསོ་རྟེན་པར་བྱེད་ཅིང་། རང་གི་བྱ་བའི་ནུས་པ་སྐྱེད
་པོར་བྱེད་པས་ནི་རྟེན་བྱེད་ཅེས་བྱའོ།། དེ་བཞིན་དུ་སྙིང་གར་ཟས་ཟོས་པའི་མཐུ་དངས་མའི་ཚུལ་གྱིས་རྟེན་པར་བྱེད་པ་རང་གི་སྟོབས་ཀྱིས་གནས་པ་དང་། དེ་བཞིན་དུ་བླུད་དེ་ཉིད་ལ་གནས་ནས། ཚུའི་ལས་བྱེད་ཅིང་ཆུའི་བྱ་བ་ངོ་མོས་པ་དང་། འགངས
་པ་ནས་བྱང་བས། བདཀ་ནོ་ལྔ་མ་རྣམ་ཀྱི་ཟི་ཞོའི་གནས་སུ་གྱུར་ཅིང་རྟེན་བྱེད་དེ། གང་གི་ཕྱིར་རྒྱུ་དེ་ལྟར་བྱེད་པར་གྱུར་པས། དེར་ཕྱིར་བདཀན་རྟེན་བྱེད་ཅེས་མིང་དུ་བཤད་དོ།། གང་ཞིག་མོ་ནུའི་གནསོ་ལ་གནས།། དེ་ནི་ཟས
་ཚོགས་འབྲུལ་བྱེད་པས།། མྱགས་བྱེད་ཅེས་ནི་བྱ་བ་ཡིན་ཞེས་བྱ་བ་ལ། བད་ཀན་དེ་ཉིད་གང་མ་ཞུ་བའི་གནས་ལ་གནས་ཤིང་། བརྟེན་ནས་ངེས་ཟས་ཀྱི་ཚོགས་ཏེ། ཟས་ཀྱི་ཕུང་པོ་འདྲུལ་བར་བྱེད་ཅིང་། མངག་མངག་པོར
་བྱེད་པས་ན། མིང་མྱགས་བྱེད་ཅེས་བྱ་བ་ཡིན་ནོ།། མྱོང་བྱེད་ལྕེ་གནས་རོ་ཚེར་བྱེད་ཅེས་བྱ་བ་ལ། བད་ཀན་མྱོང་བྱེད་ནི་ལྕེར་གནས་ནས་རོ་ལེགས་པར་ཚོར་བར་བྱེད་ཅིང་། ཤེས་པར་བྱེད་པས་མྱོང་བྱེད་ཅེས་བྱའོ།། རྟས་བྱེད་མགོར་གནས་དབང་པོ་ནི། ཚིམ
་པཔར་བྱེད་དོ་ཞེས་བྱ་བ་ལ། བོད་ཀན་རྟས་བྱེད་ནི་མགོ་བོར་གནས་ན། ས། མིག་ལ་སོགས་པའི་དབང་པོ་རྣམས་ཚིམ་པར་བྱེད་ཅིང་རྟས་པར་བྱེད་པས་ན། མིང་རྟས་བྱེད་ཅེས་བྱའོ།། འབྱོར་བྱེད་ནི། ཚིགས་ལ་གནས་ནས་འབྱོར་པར་བྱེད་ཅེས་བྱ་བ་ལ།
་བབད་ཀན་འབྱོར་བྱེད་ཅེས་བྱ་བ་ཡན་ལག་གི་ཚིགས་ལ་གནས་ནས་ཚིགས་རྣམས་འབྱོར་པར་བྱེད་པས་ན། འབྱོར་ཅེས་བྱ་བའོ།། དེ་ལྟར་ནི་ནང་རྣམས་ཀྱི་གནས་དང་ལས་རྣམས་རྣམ་པར་ཕྱེ་སྟེ་བཤད་ནས་ཉེ་བར་བསྔོ་བའི་ཕྱིར་སྨྲས་པ་ནི། དེ
་ཝཱལྟར་ནད་ནི་ཕལ་མོ་ཆེ།། མི་འགྱུར་བདག་ཉིད་ཅན་ཁྱབ་ཀྱང་།། གནས་ཡིན་པར་ནི་ཤེས་པར་བྱ་སྟེ། ལསོ་རྣམས་ཀྱང་ནི་ཐ་དད་ཡིན་ཞེས་བྱ་བ་ཡིན་ཏེ། བཤང་མ་ཐག་པའི་ཚུལ་དེ་ལྟར་རླུང་ལ་སོགས་པའི་ནད་ཕལ་མོ་ཚོ་མང་པོར་མི་འགྱུར
་བའི་བདག་ཉིད་ཅན་ཏེ། བསྟན་བཅོས་ལས་ཇི་སྐད་བཤད་པའི་རིང་གི་ཚད་དང་ལྡན་པར་གནས་ཤིང་། མི་མཉམ་པ་མེད་པར་གྱུར་པ་དག་ནི་ལུས་ཀུན་ཏུ་མ་ལུས་པར་ཁྱབ་ཅིང་རྒྱུ་བ་ཡིན་ཡང་། རང་རང་གི་གནས་དེ་དག་ཡིན་པར
་ཤེས་པར་བྱ་ཞིང་ཁོང་དུ་ཆུད་པར་བྱའོ།། གནས་འབའ་ཞིག་ཏུ་མ་ཟད་ཀྱི། དེ་རྣམས་ཀྱི་ལས་རྣམས་ཀྱང་སོ་སོ་ཐ་དད་པ་ཡིན་པར་ཤེས་པར་བྱའོ།། རླུང་ལ་སོགས་པ་དེ་དག་རེ་རེ་ཞིང་། རྣམ་པ་ལྔར་ཕྱེ་བ་ཡིན་མོད་ཀྱི། འོན་ཀྱང་རྩུབ་པ
་དང་། སྣོམ་པ་ཉིད་ཀྱི་རང་གི་མཚན་ཉིད་འདོར་བར་བྱེད་པ་ཡིན་པས་ན། དེར་ཕྱིར་རྫས་ལ་བརྟེན་པའི་ཡོན་ཏན་མཉམ་པས་ནི། ནད་དེ་རྣམས་ཀྱི་གསོག་པ་དང་འཕེལ་བར་འགྱུར་བ་ཡིན། དེ་རྣམས་ཀྱི་རང་གི་མཚན་ཉིད་དང་མི་མཐུན
་བའི་ཡོན་ཏན་རྫས་ལ་བརྟེན་པས་ནི་ཞི་བར་གྱུར་པ་ཡིན་པས་ན། འདིར་གཞན་དག་ལ་བལྟོས་ཤིང་རག་ལས་པ་ནི་ཅུང་ཟད་ཀྱང་མེད་དེ། ཐམས་ཅད་ཀྱང་ཡོན་ཏན་མཉམ་པས་ནི་འཕེལ་བར་འགྱུར་ལ། མི་མཐུན་པས་ནི་ཞི་བར
་བྱེད་པ་ཡིན་ནོ་སྙམ་དུ་སེམས་པ་ལ། དེའི་ཕྱིར་གཞུང་རྩོམ་པར་བྱེད་པས་འདི་སྐད་ཅེས་སྨྲས་པ་ནི། རྩུབ་སོགས་དྲོ་བར་ལྡན་པ་ནི།། རླུང་ནི་སོགས་པར་འགྱུར་བ་ཡིན།། གྲང་བ་ལྡང་བྱེད་སྣུམ་ལ་སོགས།། ཡོན་ཏན་དྲོ་ལྡན་མཉམ་པས
་ཞི་བྱེད་འགྱུར་ཞེས་བྱ་བ་ཡིན་ཏེ། རྩུབ་པ་ལ་སོགས་པའི་ཡོན་ཏན་ནི་རྩུབ་པ་དང་། བསིལ་བར་བྱེད་པ་དང་། ཕྲ་བ་དང་གཡོ་བ་དག་ནི་ཡོན་ཏེ་ན་དྲོ་བ་དང་ལྡན་ཞིང་། རླུང་གི་གཉེན་པོར་གྱུར་ཅིང་དེ་དང་མི་མཐུན་པའི་ཡོན་ཏན་དང་ལྡན་ན
་རླུང་ན་དག་སོག་ཅིང་འཕེལ་བར་འགྱུར་བ་ཡིན་ཏེ། རླུང་གི་ཡོན་ཏན་གྱི་སྤྱིའི་མཚན་ཉིད་ཙམ་དང་ལྡན་པའི་རྩུབ་པ་ལ་སོགས་པ་དག་ནི། རླུང་གསོག་ཅིང་འཕེལ་བའི་རྒྱུར་གྱུར་པ་ཡིན་མོད་ཀྱི། འོན་ཀྱང་དེ་གཅིག་པུར་མ
་ཟད་དེ། ཡོན་ཏན་དྲོ་བ་རླུང་གི་སྙེན་པོར་འགྱུར་བ་ལྡན་པའི་རྩུབ་པ་ལ་སོགས་པ་དེ་དག་ཀྱང་རླུང་གསོག་པར་བྱེད་དོ།། ཡང་རྩུབ་པ་ལ་སོགས་པའི་རླུང་གི་ཡོན་ཏན་དེ་དག་རླུང་དག་དང་ལྡན་པར་གྲང་བའི་ཡོན་ཏན་དང
་ལྡན་པ་ནི་རང་གི་རྗེས་སུ་མཐུན་པ་ཡིན་པས་ན། རླུང་ལྡང་བར་བྱེད་པ་ཡིན་ནོ།། སྣུམ་པ་ལ་སོགས་པའི་ཡོན་ཏན་དེ། སྣུམ་པ་དང་ལྕི་བ་དང་ཕྲ་བོ་དང་སྒོམ་པ་དང་། བརྟན་པ་དག་དྲོ་བའི་ཡོན་ཏན་དང་ལྡན་ན་རླུང་རབ་ཏུ་ཞི་བར་བྱེད་དོ།། རྣོ་སོགས་བསིལ
་བ་དང་ལྡན་པས།། མཁྲིས་པ་གསོག་པར་བྱེད་འགྱུར་ལ།། དྲོ་བས་ལྡང་སྟེ་རོ་བརྟུལ་སོགས།། བསིལ་བར་ལྡན་པས་ཞི་བར་འགྱུར།། ཞེས་བྱ་བ་ལ། རྣོ་བ་ལ་སོགས་པའི་ཡོན་ཏན་ནི་རྣོ་བ་དང་།། ཡང་བ་དང་། དྲི་ང་བ་དང་། འཁྲུ་བ་དང་། སླ་བ
་སྟེ། མེ་ཁྲིས་པའི་ཡོན་ཏན་ཆ་མཉམ་པ་དག་ནི་བསིལ་བའི་ཡོན་ཏན་མཁྲིས་པའི་མི་མཐུན་པའི་ཕྱོགས་དང་ལྡན་པས། མཁྲིས་པའི་ནང་གསོག་ཅིང་འཕེལ་བར་འགྱུར་ལ། རྣོ་བ་ལ་སོགས་པའི་ཡོན་ཏན་མཁྲིས་པའི་ཡོན་ཏན་གྱི་ཆ་དང་མཉམ་པ་དེ
་ཉིད་མཁྲིས་པའི་ཡོན་ཏན་དང་མཐུན་པ་དྲོ་བའི་ཡོནྱ་ཏན་དང་ལྡན་པས་ལྡང་ཞིང་འཁྲུག་པར་བྱེད་དོ།། དེ་རོ་རྟུལ་བ་ལ་སོགས་པའི་ཡོན་ཏན་ཏེ། རོ་རྟུལ་བ་དང་། ལྕི་བ་དང་། རྩུབ་པ་དང་། བརྟན་པ་དང་། བསྐ་བ་དང་། དང་བའི་མཚན་ཉིད་མརྒྷ
་བའི་ཡོན་ཏན་གྱི་མི་མཐུན་པའི་ཕྱོགས་སུ་གྱུར་པ་བསིལ་བ་ཞེས་པ་ཡང་མཁྲིས་པའི་གཉེན་བོར་གྱུར་པ་དང་ལྡན་པས་ཞི་བར་བྱེད་པར་འགྱུར་རོ།། སྣུམ་སོགས་གྲང་བ་དང་ལྡན་པའི།། བད་ཀན་སོགས་པར་བྱེད་འགྱུར་ལ།། དྲོ་བས་ལྡང་འགྱུར
་དེ་ཉིད་ནི།། རྩུབ་སོགས་ཡོན་ཏན་གྱིས་ཞི་འགྱུར་ཞེས་བྱ་བ་ལ། སྣུམ་པ་ལ་སོགས་པའི་ཡོན་ཏན་ནི་ལྕི་བ་དང་། རྟུལ་བ་དང་། འཇམ་པ་དང་། བརྟན་པ་དེ། བད་ཀན་གྱི་ཡོན་ཏན་དང་ཆ་མཉམ་པ་དག། གྲང་དང་ལྡན་པ་ཡིན་ཞེས་བྱ་བ་བ་ཀུན་གྱི་ཡོན
་ཏན་གྲང་བ་དང་ལྡན་པར་གྱུར་ན། བད་ཀན་སོགས་པར་བྱེད་པར་འགྱུར་ཏེ། བད་ཀན་ནི་སྣུམ་པ་ལ་སོགས་པའི་ཡོན་ཏན་ངག་ནི་དེའི་ཡོན་ཏན་དང་ཆ་མཐུན་པ་ཡིན་པས་དེ་ཙམ་གྱིས་གང་ལ་ཡང་མི་བལྟོས་པར་སོགས་པར་བྱེད་པ་མ་ཡིན་གྱི། གཞན
་དུ་ན་གྲང་བའི་ཡོན་ཏན་ལྷག་པར་གྱུར་པ་ལ་བལྟོས་ནས། གྲང་བ་ལྷག་པར་ཤས་ཚོ་བའི་ཡོན་ཏན་དེ་དང་ལྡན་ན། སྣུམ་པ་ལ་སོགས་པ་བང་ཀན་འཕེལ་ཞིང་གསོག་པར་བྱེད་དོ།། དེ་ཡང་འདིར་སྣུམ་པ་ལ་སོགས་པའི་བད་ཀན་གྱི་ཡོན
་ཏན་རྣམས་གྲང་ཞིང་བསིལ་བས་བསྡུས་པར་བཤད་པ་ནི་གྲང་བས་བསྒོངས་ཤིང་འཁྲུགས་པར་བྱས་པས་སོགས་པ་ཉིད་དུ་འགྱུར་བ་ཡིན་ལ་དྲོ་བ་ལ་སོགས་པ་བང་ཀན་གྱི་ཡོན་ཏན་དང་ཆ་མཐུན་པ་འི་དི་དག་ཉིད་དྲོ་བའི་ཡོན་ཏན་གྱི་གཉེན
་པོར་གྱུར་པ་དང་ལྡན་པས། བད་ཀན་ཞུ་བར་བྱས་པའི་སྒོ་ནས་ལྡང་བར་འགྱུར་བ་ཡིན་ནོ།། དེ་ཉིད་ནི་ཞེས་པ་དྲོ་བའི་ཡོན་ཏཱ་ན་བ་ཀན་གྱི་གཉེན་པོར་གྱུར་པ་དེ་ཉིད། རྩུབ་སོགས་ཡོན་ཏན་གྱིས་ཤེས་པ། རྩུབ་པ་དང་། ཡང་བ་དང་། རྣོ་བ་དང་།
་མཁྲང་བ་དང་། གཡོ་བ་སྟེ། བད་ཀན་གྱི་ཡོན་ཏན་གྱི་གཉེན་པོར་གྱུར་པ་དང་ལྡན་པས་ཞི་བར་བྱེད་པར་འགྱུར་རོ།། དེ་ལ་དངོས་པོ་རྣམས་ཀྱི་ཆོས་ཉིད་དང་། རང་བཞིན་ནི་འདི་ཡིན་ཏེ། གལ་ཏེ་རྩུབ་པ་ལ་སོགས་པ་འབའ་ཞིག་ཉིད་རླུང་གི
་ཡོན་ཏན་དང་ཆ་མཐུན་པ་ཙམ་གྱིས། རླུང་ལྷག་པར་འབྲེལ་བར་གྱུར་ན་ནི། དེའི་ཚེ་དེ་རྣམས་ནི་ལ་རླུང་གི་ཡོན་ཏན་གྱི་གཉེན་པོར་འགྱུར་བ། དྲོ་བ་ཞེས་བྱ་བ་མེད་པས་རྩུབ་པ་ལ་སོགས་པ་རྣམས་རླུང
་ལྗང་འཁྲུག་པའི་གནས་སྐབས་སྐྱེད་ཀྱི། ས་པར་ནི་མི་བྱེད་ལ། ཡང་གང་གི་ཚེ་ཡོན་ཏན་དྲོ་བའི་ནུས་པ་དང་འབྲེལ་པས་རྩུབ་པ་ལ་སོགས་པོ་དེ་རྣམས་དུས་པ་ཞན་པར་གྱུར་པའི་ཕྱིར་སོགས་པའི་གནས་སྐབས་སྐྱེད་ཀྱི། ལྡང་བའི་གནས
་སྐབས་ནི་མི་བྱེད་དེ། ནུས་པ་ཞིན་པོ་ཡིན་པའི་ཕྱིར་རོ།། མཁྲིས་པ་ལ་རྣོ་བ་ལ་སོགས་པ་འབའ་ཞིག་གི་གཉེན་པོ་བསིལ་བའི་ཡོན་ཏན་མེད་པར་ནི་ལྡང་བའི་གནས་སྐབས་སྐྱེད་ཀྱི། གསོག་པའི་གནས་སྐབས་སུ་མི་བྱེད་དེ། རིགས་པ
་སྔ་མའི་ཚུལ་གྱིས་སོ།། བང་ཀན་ལ་ཡང་སྣུམ་པ་ལ་སོགས་པའི་ཡོན་ཏན་རྣམས་དེར་ཡོན་ཏན་དང་ཆ་མཐུན་པར་གྱུར་པ་ཡིན་དུ་ཟིན་ཀྱང་། གྲང་བའི་ཡོན་ཏན་གྱི་ཤས་ལྡོག་པར་ཆེ་བ་དང་ལྡན་པའི་སྣུམ་པ་ལ་སོགས་པས་པང་ཀན་འཁྱུག
་ཤིང་བསྒོང་བའི་ཚུལ་སྐྱེད་པར་བྱེད་པས་སོ།། གསོག་པའི་གནས་སྐབས་ཉིད་བྱེད་ཀྱི།། འདིའི་ལྡང་བའི་གནས་སྐབས་ནི་མི་བྱེད་དོ།། དེ་ལ་ཡང་དེའི་གཉེན་པོར་གྱུར་པ་གླང་བའི་ཡོན་ཏན་དང་ལྡན་པའི་སྣུམ་པ་ལ་སོགས་པས་བང་ཀུན་འདིའི
་གཟུགས་རྐུ་བར་བྱས་ནས། ལྡོང་བའི་གནས་སྐབས་སྐྱེད་པར་བྱེད་ནུས་ཀྱི། ནུ་བར་བྱེད་པའི་རང་བ་ཞིན་ཅན་ཡིན་པའི་ཕྱིར་གོ་སོག་པར་བྱེད་པའི་གནས་སྐབས་ནི་བྱེད་མི་ནུས་སོ།། དེ་ལྟར་གླུ་ལེ་སོགས་པ་དང་ལྡན་པ་ཅི་ལྔ་བ་ཉིད་ཡོམ
་ཏན་ཅི་ལྟ་བ་ལས་བྱུང་བ་དེ་ལྟར་བསྟན་ནས། ད་ནི་གསོག་པ་དང་འཕེལ་བ་ཚུལ་ཇི་ལྟ་བ་ཉིད་དུ་འཁྲུལ་པ་དག་བསལ་བའི་ཕྱིར་གཞུང་རྩོམ་པར་བྱེད་པས། རང་གི་མཚན་ཉིད་བཤད་པའི་འོག་ཏུ་སྨྲས་པ་ནི། རང་གནས་ཉིད་དུ་འཕེལ་སོགས
་ཡིན།། དཀྱིལ་གྱུར་རྒྱུ་ལས་འཁྲུག་པ་དང་།། མི་མཐུན་པ་ཡི་ཡོན་ཏན་འདོད་ཅེས་བྱ་བ་ཡིན་ཏེ། གང་ཉེས་པ་རྣམས་རང་རང་གི་གནས་སུ་འཕེལ་བར་འགྱུར་བ་ཡིན་ཞེས་བྱ་བ་འདིས་ནི་སོགས་པ་བཤད་ཅིང་བསྟན་པ་ཡིན་ནོ།། དཀྱིལ་གྱུར་རྒྱུ་ལས
་འཁྲུགས་པ་དང་ཞེས་བྱ་བ་ལ། དེ་བཞིན་དུ་ཕྱིན་ཅི་ལོག་པའི་ཡོན་ཏན་འདོད་ཅེས་བྱ་བས་ནི་རྒྱུ་བསྟན་པ་ཡིན་ནོ།། དེ་ལྟར་ན་གང་གི་ཚེ་རླུང་ལ་སོགས་པར་འགྱུར་བ་དེའི་ཚེ། རྩུབ་པ་ལ་སོགས་པ་དེའི་ཡོན་ཏན་དང་ཆ་མཐུན་པ་རྣམས། དེ་དཀྱིལ
་དུ་གྱུར་པའི་རྒྱུ་ལས་འཁྲུག་པར་འགྱུར་ལ། དེ་དང་མི་མཐུན་པའི་ཡོན་ཏན་སྣུམ་པོ་ལ་སོགས་པ་འདོད་ཅིང་། པར་འགྱུར་རོ།། ལྡང་བ་ལག་པའི་ལམ་ཞུགས་ཉིང་།། རང་གི་རྟགས་ན་སྙན་པ་དང་།། བུད་མེད་ནང་ན་འབྱུང་འགྱུར་བའི།། ཞེས
་མངོན་པར་དགའ་བ་ལས་འདིའི་རྗེས་སུ་དཔག་པར་བྱའོ།། དེས་ན་འདི་སྐད་སྟོན་པར་འགྱུར་ཏེ། རང་གི་གནས་ཏེ་ནང་རང་ཉིད་ཀྱི་གནས་སུ་གང་འཕེལ་བར་གྱུར་པ་དེ་ནི་གསོག་པ་ཡིན་ལ། ནང་རྣམས་བསོག་པར་གྱུར་ནས་དསྣརེལ་དུ་གྱུར
་པའི་རྒྱུ་ལས་ནི་འཁྲུག་ཅིང་གཡོས་པར་གྱུར་པ་དང་། དེ་དང་མི་མཐུན་པའི་ཡོན་ཏན་སྣུམ་པ་ལ་སོགས་པ་ལ་འདོད་པ་སྐྱེས་པར་འགྱུར་རོ།། ལྡང་བ་ལོག་པའི་ལམ་ཞུགས་ཉིད།། རང་གི་རྟགས་ནི་སྟོན་པ་དང་།། བདེ་མེད་ནང་ནི་འབྱུང
་འགྱུར་བའོ།། ཞེས་བྱ་བ་ལ། ཡང་ལྡང་བ་ནི་འཕེལ་ཞིང་ལྷག་པར་གྱུར་པ་ལས། ནད་རྣམས་རང་གི་གནས་ལས་གཞན་དུ་འགྲོ་བ་སྟེ། རང་གི་གནས་སྤངས་ནས། ལོག་པའི་ལམ་གཞན་དུ
་ཞུགས་པར་འགྱུར་ཏེ། ལྡང་བ་ལོག་པའི་ལམ་ཞུགས་ཉིད།། ཅེས་བྱ་བ་འདིས་ནི་ནང་ལྡང་བ་སྟོན་པ་ཡིན་ནོ།། གཞན་དུ་ན་འཕེལ་བ་ཙམ་གྱི་རང་བཞིན་དུ་མཐུན་པས་ན་ཚུལ་གཅིག་པ་ཉིད་དུ་འགྱུར་རོ།། དེས་ནཱཾ་སོགས་པ་ནི་རང་གི་གནས་ཉིད་དུ།
་ནང་གང་འཕེལ་བར་མ་གྱུར་པ་ལ་བྱ་ལ། ལྡང་བའི་ཁྱད་པར་ནི་སོགས་པའི་རྒྱུའི་ཚོགས་པ་གཞན་དུ་གྱུར་པ་སྟེ། རང་གི་གནས་ཡོངས་སུ་སྤངས་ནས། ནང་རྣམས་ལམ་གཞན་དུ་ཞུགས་པ་གང་ཡིན་པ་དེ་ལ་ལྡང་བ་ཞེས་བྱའོ།།
་བས་ན་རྩུབ་སོགས་དྲོ་བར་ལྡན་པ་སྣ་ནི་ཞེས་བྱ་བ་ལ་སོགས་པས་སྔར་བསྟོན་པ་ཉིད་ཀྱིས་བསོག་པའི་རྒྱུ་ནི་གཞན་ཡིན་ལ། སྡང་བའི་རྒྱུ་ཡང་གཉེན་ཡིན་པར་བཤད་པ་འདི་ནི་ངེས་པ་ཡིན་ནོ།། དེ་བཞིན་དུ་རང་གི་རྟགས་ནི་སྔོན་པོ་དང་།
་བྱ་བསྟྭཾ། ནད་ཀྱི་མཚན་ཉིད་དེ་། ཇི་ལྟ་བར་སྦྱོང་བ་དེ་ལྟ་དེ་ལྟར་ནཱ་རྣམས་འབྱུང་ཞིང་ལྡང་བར་འདོད་ལྀ། སྤྱིར་ལུས་དང་སེམས་ཟིལ་གྱིས་གནོན་པར་བྱེད་པ་ཉིད་ལ། བདེ་བ་མེད་པ་ཞེས་བྱའོ།། དེ་བཞིན་དུ་ནང་ནཱི་བབྱུང་འགྱུར
་པོའོ་ཞེས་བྱ་བ་འདིས་ནི་དེ་རྗེས་སུ་དཔོག་པར་བྱེད་པའི་རྒྱུ་སྟོན་པ་ཡིན་ནོ།། དེ་ལྟར་ན་རྒྱ་ལ་སོགས་པ་རེ་རེ་འའཛིན་ག་ལས་ནང་རྣམས་ལྡང་བར་རྗེས་སུ་དཔོག་པར་ནུས་པ་མ་ཡིན་ཏེ། མི་མཐུམོ་ཞིང་ཆ་མི་འདྲ་བ་ཉིད་ཡིན་པའི་བྱོར
་རོ།། ཡང་ཉེས་པ་ཐམས་ཅད་ནི་རང་གི་ཆང་ལས་ལྷག་ཀྱང་ལམ་ད་ཉིད་ནཱ་གནས་ནས་ནང་སྐྱེད་པར་བྱེད་པར་མ་ཟད་པས། ནང་གང་འབྱུང་བས་ལས་རྗེས་སུ་དཔག་པར་བྱའོ།། དེ་ཡང་གང་གི་ཕྱིར་ནང་རང་ག་ཆད་ལས་ཆུང་བར་གྱུར་ཀྱང་། ན
་སྟོབས་ཅན་གཞན་གྱིས་གནོན་པ་དང་། རང་གི་གནས་སྤངས་ཏེ་ལོག་པའི་ལམ་དུ་ཞུགསོ་བར་གྱུར་ནས་རང་གི་ནང་ཇི་ལྟ་བ་ཉིད་ཤས་ཚར་སྐྱེད་པར་བྱེད་དོ།། དེ་བས་ན་མཚན་ཉིད་གསུམ་པོའི་དེ་དག་ནི། ནང་རྣམས་ཡོངས་སུ་ཤེས་པར
་བྱ་བའི་ཕྱིར་སྨྲས་པ་ཡིན་གྱི་ལྷག་པར་སྨྲས་པས་ཅི་ཞིག་བྱ། རང་གནས་གནས་པ་མཉམ་ཉིད་དང་། ནང་རྣམས་མ་བྱུང་ཞི་བ་ཡིན་ཞེས་བྱ་བ་ལ། འདིར་ཚིག་འདི་ནི་བསྡུས་པ་ལས་བྱུང་བ་ཡིན་པར་ཤེས་པར་བྱའོ།། དེ་ལ་ནད་རྣམས་རང་གི
་གནས་ན་གནས་པ་མཉམ་པ་ཉིད་གང་ཡིན་པ་དེ་ནི་ཞི་བ་ཡིན་ནོ།། དེ་བཞིན་དུ་ནད་རྣམས་ཀྱི་རྣམ་པར་གྱུར་པ་མ་བྱུང་ཞིང་མ་སྐྱེས་པའི་མཚན་ཉིད་དེས་ཀྱང་ཞི་བ་ཡིན་པར་རྗེས་སུ་དཔག་པར་བྱའོ།། ནང་རྣམས་གསོག་པ་དང་ལྡང་བ་དང་།
་ཞི་བའི་མཚན་ཉིད་བཤད་ནས། ད་ནི་རླུང་ལ་སོགས་པ་དུས་གང་དང་གང་གི་ཚེ་ན་སོགས་པ་དང་ལྡང་བ་དང་། ཞི་བར་འགྱུར་བ་བསྟན་པའི་ཕྱིར་བ་སྨྲས་པ་ནི། གསོག་དང་ལྡང་དང་རབ་ཞི་བ།། རླུང་ནི་སོ་ག་སོགས་གསུམ་ཚེ།། ཁྲིས
་པ་དབྱར་ལ་སོགས་པར་ཏེ།། བད་ཀན་དགུན་སྨང་སོགས་པར་རོ།། ཞེས་བྱ་བ་ཡིན་ཏེ། གོང་དུ་བསྟན་པའི་ནད་གསོག་པ་དང་། ལྡང་བ་དང་། རབ་ཏུ་ཞི་བར་འགྱུར་བ་དག་རླུང་ལ་སོགས་པ་རེ་རེ་དང་སྦྱར་བ་ལས་རླུང་ནི་སོ་ག་སོགས་གསུམ་ཞེས
་བྱ་བ་ནི། སོ་གའི་དུས་སུ་སོགས་པར་འགྱུར་ལ། དབྱར་གྱི་ཆ་ལྡང་བར་འགྱུར་ཞིང་། སྟོན་ནི་རབ་ཏུ་ཞི་བར་འགྱུར་རོ།། མཁྲིས་པ་ནི་དབྱར་ལ་སོགས་པའི་དུས་གསུམ་དུ། གསོག་པ་དང་ལྡང་བ་དང་ཞི་བར་འགྱུར་ཏེ།
་དབྱར་ནི་གསོག་པར་འགྱུར་རེ།། སྔོན་ནི་ལྡང་ངོ་།། དགུན་ནི་ཞི་བར་འགྱུར་རོ།། བད་ཀན་ནི་དགུན་སྨད་ལ་སོགས་པའི་དུས་གསུམ་དུ་གསོག་པ་དང་ལྡང་བ་དང་། རབ་ཏུ་ཞི་བར་འགྱུར་ཏེ། དེ་ལ་དགུན་སྨད་ནི་གསོག་པར་འགྱུར་རོ།། དཔྱིད་ནི་ལྡང
་འགྱུར་རོ།། སོ་ཀ་ནི་རབ་ཏུ་ཞི་བར་འགྱུར་རོ།། དྲིས་པ་རླུང་འདི་ནི་སོ་ག་གསོག་པར་མི་འཐབ་ཀྱི།། ལྡང་བའི་དུས་ཡིན་ནོ།། དེ་ཡང་ཅིའི་ཕྱིར་ཞེ་ན། དེའི་ཚེ་ཡང་ཞིང་རྩུབ་པའི་དུས་ཡིན་པས་སྨན་ཕལ་ཆེར་ཡང་དེ་དང་རྗེས་སུ་མཐུན་པ་ཡིན་པ
་ཡིན་པའི་ཕྱིར་རོ།། དེ་བཞིན་དུ་དབྱར་ཡང་མཁྲིས་པ་གསོག་པར་མི་འཐད་དེ། ཆུ་རྣམས་སྒྱུར་བ་ཉིད་དུ་ཞུ་བར་བྱེད་པ་དང་། དེ་བཞིན་དུ་སྨོན་རྣམས་ཀྱང་སྒྱུར་བ་སྨིན་པས་མཁྲིས་པ་ལྡང་བའི་དུས་ཡིན་ནོ།། དེ་བཞིན་དུ་བང་ཀུན་ཡང་དགུན
་གསོག་པོར་མི་འཐང་དེ། ཆུ་རྣམས་སྣུམ་པ་དང་། སྨན་རྣམས་ཀྱང་སྣུམ་པ་ཉིད་ལ། དུས་ཀྱང་དྲང་བ་ཉིད་ཀྱིས་ན། དེའི་ཚེ་ལྡང་བར་འགྱུར་གྱི། གསོ་ག་པར་མི་འགྱུར་རོ་ཞེ་ན། དེའི་ཕྱིར་སྨྲས་པ་ནི། ཡང་དང་རྩུབ་ལ་སོགས་པའི། སྨན
་དང་དུས་ཀྱང་དེ་མཚུངས་པས། སོ་གར་རླུང་ནི་གསོག་འགྱུར་ཞིང་།། དྲོ་བའི་དུས་ཀྱིས་ལྡང་མི་འགྱུར་ཞེས་བྱ་བ་ཡིན་ཏེ། གསོག་པ་དེ་སོ་གའི་དུས་སུ་ཡང་བ་དང་། རྩུབ་པ་ལ་སོགས་པའི་སྨན་རྣམས་དང་། ལུས་ཀྱང་དེ་བཞིན་དུ
་ཡང་བ་དང་། རྩུབ་པ་ལ་སོགས་པ་ཡིན་པ་དང་། དུས་ཀྱང་ཡང་བ་དང་རྩུབ་པ་ཡིན་པས། རླུང་ཡང་དུས་ཀྱི་རང་བཞིན་གྱིས་ཡང་བ་དང་རྩུབ་པ་ཉིད་ཡིན་ཏེ། དེ་བས་ན་ཡོན་ཏན་ཆ་མཚུངས་པ་ཉིད་ཀྱིས་རླུང་ལྡང་བར་རིག་མང་ཀྱེ། མ་ག
་ཚེ་རླུང་གསོག་པར་འགྱུར་གྱི། ལྡང་བར་མི་འགྱུར་ཏེ་གང་གིས་ཤེ་ན། དྲོ་བའི་དུས་ཀྱིས་ལྡང་མི་འགྱུར་ཞེས་བྱ་བ་འདིས་བཀག་པར་གྱུར་པ་ཡིན་ཏེ། དྲོ་བ་ཉིད་ཀྱིས་ན་རྒྱུ་སྔ་མ་ཉམ་ཆུང་བར་བྱས་པ་ཡིན་པའི་ཕྱིར་ལྡང་བར་མི་འགྱུར་གྱི
་གོསོ་བྷ་ཉིད་དུ་འགྱུར་རོ།། ཆུ་རྣམས་འཇུ་བ་སྒྱུར་བ་དང་།། སྨན་ཡང་དེ་དང་འདྲ་བ་ཡིན།། མཁྲིས་པ་སོགས་ཀྱི་དུས་ཀྱི་ནི།། གྲང་པོ་ཉིད་ཀྱིས་ལྡང་མི་འགྱུར་ཞེས་བྱ་བེ་ལ། དབྱར་ཆུ་རྣམས་ཀྱིས་འཇུ་བ་སྒྱུར་བར་འགྱུར་བ་དང་། དེ་བཞིན
་སྨྱན་ཡང་དེ་དང་འདྲ་བར་འགྱུར་བའི་རྣམ་མི་ཡིན་པས། མྱིཁྲིས་པ་ཡང་དེ་དང་འདྲུ་བར་གསོག་པར་འགྱུར་གྱི། ལྡང་བར་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། དབྱེར་སྨད་ཀྱི་ཚེ་གྲོང་བ་ཡིན་པས་ན་ལྟུང་བ་ཕྱིར་མི་འགྱུར་ཏེ། གླང་བ་ནི་དྲི
་འི་མི་མཐུན་པའི་ཕྱོགས་ཡིན་པས་གྲང་བ་འདིས་ལྡང་བ་དེའི་གནས་བྱེད་པ་ཡིན་ནོ།། ཆུ་དང་སྨན་ནི་བསིལ་བ་དང་།། སྣུམ་པར་དུས་ནི་མཚུངས་གྱུར་ཀྱང་།། དོགུན་སྤྲིང་བད་ཀུན་གསོག་འགྱུར་གྱི།། བསྒོངས་པས་ལྡང་བར་མི་འགྱུར
་རོ།། ཞེས་བྱ་བ་ལོ། དགུན་སྨད་ནི་ཆུ་དང་སྨན་བསིལ་བ་དང་། སྣུམ་པོ་དང་། དུས་ཀྱང་བསིལ་བ་དང་། སྣུམ་པ་ཡིན་པའི་ཕྱིར། བང་ཀན་དང་དུས་ལ་སོགས་པ་མཚུངས་ཤིང་འདྲ་བ་ཡིན་དུ་ཟིན་ཀྱང་། དུས་ཀྱི་རང་བཞིན་གྱིས་ལྡང་བར
་མི་འགྱུར་གྱི། སོགས་པ་ཁོ་ནར་འགྱུར་རོ།། ཅིའི་ཕྱིར་ཞེ་ན། གྲང་བས་བསྒོངས་ཤིང་མར་འཁྱགས་པ་ལྟར་གྱུར་པས་ལྡང་བར་མི་འགྱུར་ཏེ། བསྒོངས་པ་ཞེས་བྱ་བ་འདི་ཉིད་ཀྱིས་བཀག་པ་ཡིན་ནོ།། དེ་ལྟར་དུས
་ཀྱི་རང་བཞིན་འདི་ཞེས་བྱ་བ་ལ། གང་བསགས་པ་ལ་སོགས་པ་སཾ་ག་ལ་སོགས་པའི་ཚེ་འབྱུང་བར་བཤང་བ་དེ་ནི་དུས་ཀྱི་རང་བཞིན་ལ་བརྟེན་ནས་བཤད་པ་ཡིན་ཏེ། དེ་ཡང་སོ་ག་ལ་སོགས་སྦྱོར་མཚུངས་ཀྱང་། རླུང་ལ་སོགས་པ་གསོག
་པའི་རྒྱུ་བཤད་པ་ཡིན་ནོ།། ཅི་ནང་རྣམས་གསོག་པ་ལ། གསོག་པའི་རྒྱུ་དུས་འབའ་ཞིག་དུ་ཟང་ངམ། གཞན་དག་ཀྱང་ཡོད་ཅེ་ན། དེའི་ཕྱིར་སྨྲས་པ་ནི། ཟས་ལ་སོགས་པའི་དབང་གིས་ན།། དུས་ལ་ཐོབ་པར་མ་གྱུར་ཀྱང་།། འཕྲལ་དུ་གསོག་པ་ལ
་སོགས་འགྱུར་ཞེས་བྱ་བ་ལ། ཟས་ལ་སོགས་པའི་དབང་གིས་ཏེ།། ཟས་སྐོམ་ལ་སོགས་པའི་ནུས་པ་དང་།། སོགས་པ་ཞེས་བྱ་བ་སྨོན་སྨན་དང་། འཁྲུ་སྨན་དང་། འཛུམ་རྩིམས་གཏང་བ་དང་། དུབ་པ་ལ་སོགས་པའི་དབང་གིས་ཀྱང
་རླུང་ལ་སོགས་པའི་ནང་གསོག་པ་དང་། ལྡང་བ་དང་རབ་ཏུ་ཞི་བར་འགྱུར་རོ།། དེ་ཡང་རྒྱུ་དེ་དག་གི་དུས་དེ་དག་ལ་ཕྱིན་ཅིང་སྐབས་ལ་བབ་པར་མ་གྱུར་ཀྱང་། དེ་དག་ལ་བལྟོས་པ་མེད་པར་འཕྲལ་དུ་སྟེ། དེའི་མོད་ལ་གསོག་པ་ལ་སོགས
་པའི་དུས་ལ་སྡོད་པ་མེད་པར་ཟས་ལ་སོགས་པ་དེའི་དབང་གིས་གསོག་པ་ལ་སོགས་པར་འགྱུར་བ་འམ། ཡང་ན་གསོག་པའི་དུས་སུ་ནང་ལ་སོགས་པར་མི་འགྱུར་གྱི་ཟས་ལ་སོགས་པ་ཉིད་ལས་འགྱུར་རོ།། ནང་ནི་ལྡང་གྱུར་འཕྲས
་དུ་ལུས།། མགོ་ནས་རྐང་གི་བར་དུ་ཁྱབ།། ལྡོག་འགྱུར་ཆུ་ཡིས་རྒྱུན་བཞིན་དུ།། ཅུང་ཞིག་ཅུང་ཞིག་ངག་གིས་ཞི།། ཞེས་བྱ་བ་ལ། ནང་ནི་ལུས་ཉོན་མོངས་པར་བྱེད་པ་སྟེ། རླུང་དང་མཁྲིས་པ་དང་། བད་ཀན་ལ་གསོག་པའོ།། དེ་ལྡང་བར་གྱུར་པ་ནི།།
་འཁྲུག་པར་གྱུར་པ་སྟེ། དེའི་ཚེ་ནི་འཕྲལ་དུ་ཞེས་པ་མོད་ལ་ལུས་ཀྱི་མགོ་ནས་རྐང་གི་བར་དུ་མ་ལུས་པར་ཁྱབ་ཅིང་གནོད་པར་འགྱུར་རོ།། ནང་དེ་ཉིད་ལུས་ལས་ལྡོག་པར་གྱུར་ཅིང་། གསོ་བས་ཞི་བར་བྱས་པས་ན། ཅུང་ཞིག་ཅུང་ཞིག
་གིས་ཞི་བར་འགྱུར་ཏེ། དེ་ཡང་དཔེར་ན་ཆུའི་རྒྱུན་བཞིན་དུ་ཞེས་བྱ་བ་སྟེ། དཔེར་ན་ཆུའི་རྒྱུན་སྐྱེ་བ་དང་། དེའི་ཚོགས་ཀྱིས་ཟམ་པ་ཡང་ཁྱེར་ནས། མོད་ལ་ཀུན་ཏུ་ཁྱབ་ཅིང་འགྲོ་བར་བྱེད་ལ། ཆུའི་རྒྱུན་དེ་འབྲི་བ་ན། གནས་དེ་ལས་རིམ
་གྱིས་ཅུང་ཟད་ཅུང་ཟད་ཀྱིས་ལྡོག་ཅིང་འབྲི་བར་འགྱུར་རོ།། དེ་བཞིན་དུ་ནང་རྣམས་ཀྱང་ལྡོང་བར་འགྱུར་ན། ཉེས་པ་ཐམས་ཅད་སྐྱེད་པོར་འགྱུར་གྱི། འབྲི་བའི་ཚེ་ན་ནི་དེ་ལྟ་མ་ཡིན་ནོ།། ནད་ཐམས་ཅད་ལ། རྣམ་པར་འགྱུར་བ་རེ་རེ
་ཞིང་ནང་གཞི་དང་གསོ་བའི་མཚན་ཉིད་མཐའ་ཡས་པར་བརྟན་པར་མ་ནུས་པས་དེའི་ཕྱིར་དེ་བསལ་བ་ལས་སུ་ཡང་འབད་པར་མི་བྱེད་།། སྙམ་དུ་དོགས་པའི་ཕྱིར་འདིར་སྨྲས་པ་ནི། ནད་འཁྲུགས་སྣ་ཚོགས་ཚུལ་ཅན་ནི། གྲངས
་མེད་པར་ནི་གྱུར་པས་ལུས།། ཐམས་ཅད་ཉེ་བར་གཟིར་གྱུར་པ།། དེ་རྒྱུ་ཚུལ་དང་བསྒྲུབ་པ་དག། རེ་རེ་ནས་ནི་བསྟན་མི་ནུས།། དེ་བས་སྤྱིའི་བརྗོད་པ་ཡིན་ཞེས་བྱ་བ་ཡིན་ཏེ། རླུང་ལ་སོགས་པའི་ནད་འཁྲུགས་པར་གྱུར་ཅིང་། རྣམ
་པར་ལྡང་བར་གྱུར་ན་སྣ་ཚོགས་པའི་ཚུལ་ཅན་དུ་འབྱུང་བའི་ནང་རྣམ་པ་ཐ་དད་པའི་མཚན་ཉིད་ཅན་གྲངས་མེད་ཅིང་། བརྩི་བ་ལས་འདས་པས་ལུས་ཐམས་ཅད་ཉེ་བར་གཟིར་ཅིང་གདུང་བར་གྱུར་པ་སྟེ། ལུས་སྡུག
་བསྔལ་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ།། དེ་བས་ན་དེ་རྣམས་ཀྱི་རྒྱུའི་ཚུལ་གྱིས་འབྱིན་པར་བྱེད་པ་ངག་གི་མཚན་ཉིད་དང་། བསྒྲུབ་ཅིང་གསོ་བར་བྱ་བ་དག་གི་རེ་རེ་ནས་ཞེས་པ། ནད་ཀྱི་ཚུལ་སོ་སོ་ནས་མིང་གིས་བསྟན་པར་མི་ནུས་ཏེ། ནང་འདིའི་རྒྱུ་ནི་འདི
་ཡིན་ནོ།། འདིའི་མཚན་ཉིད་ནི་འདི་ཡིན་ནོ།། གསོ་བ་ནི་འདི་ལྟར་བྱའོ།། ཞེས་བསྟན་པར་ཤིན་ཏུ་དཀའ་སྟེ། དེ་བས་ན་སྤྱིའི་བརྗོད་པ་ཡིན་ཏེ། སྤྱིར་ཁྱབ་པའི་ཚིག་གང་ཡིན་པ་དེ་ཉིད་བཤད་ཅིང་བརྗོད་པ་ཡིན་ནོ།། དེ་ཉིད་ཀྱང་གང་ཞེ་ན། ནང་རྣམས་ངག་ནི་ཐམས
་ཅད་ཀྱི།། ཉེས་པའི་རྒྱུ་ནི་གཅིག་པུ་ཉིད།། ཅེས་བྱ་བ་ཡིན་ཏེ། འདི་ལྟར་ནང་ཐམས་ཅད་ཀྱི་རྒྱུ་ནི་ཉེས་པ་ཉིད་གཅིག་པུ་གྱུར་པ་ཡིན་ཏེ། རྒྱུ་ཡང་ཡིན་ལ་གཅིག་པུ་ཉིད་ཀྱང་ཡིན་ཏེ། གཙོ་བོའི་རྒྱུར་གྱུར་པའམ། ཡང་ན་ནད་ཐམས་ཅད་ཀྱི་སྤྱིའི་མཚུངས
་པའི་རྒྱུ་ཡིན་པས་ནི་རྒྱུ་གཅིག་པུ་སྟེ། ཐུན་མོང་གི་རྒྱུ་ཞེས་བྱ་བའི་དོན་ཏོ།། ཉིད་ཅེས་བྱ་བ་ནི་ངེས་པར་གཟུང་བའི་ཕྱིར་སྨོས་པ་ཡིན་ཏེ། ནད་ཀྱི་རྒྱུ་ནི་གཅིག་པུ་ཉིད་ཡིན་གྱི། དངོས་པོའི་རིགས་གཞན་དག་ནི་མ་ཡིན་ཏེ། ཐུན་མོང་མ་ཡིན་པའི་ཕྱིརརོ།། །
་དོན་འདིའི་དཔེ་བསྟན་པར་བྱ་བའི་ཕྱིར་ཚིག་ཏུ་སྨྲས་པ་ནི། དཔེར་ན་བྱ་ནི་ལྡིང་གྱུར་པ།། ཉིན་རངས་ཀུན་ཏུ་འོངས་གྱུར་ཀྱང་།། རང་གི་གྲིབ་མ་དང་མི་འབྲལ།། འགྲོ་ཀུན་དེ་དང་འདྲ་བ་ཡིན།། ཞེས་བྱ་བ་ཡིན་ཏེ། དཔེར་ན་ཁྲ་ལ་སོགས་པའི་བྱ་རྣམས
་སྡོང་བར་གྱུར་པ་ན་ཉིན་རངས་ཏེ། ཉན་ཐོག་ཐག་ཀུན་སོང་ཞིང་ལྡིང་བར་གྱུར་ཀྱང་། རང་གི་གྲིབ་མ་པ་འབྲལ་བར་མི་འགྱུར་ཞིང་། གྲིབ་མ་དེ་དང་བྲལ་བར་སྐད་ཅིག་ཀྱང་མི་སྣང་སྟེ། འགྲོ་བ་ཡི་ནད་ཀྱི་ཚུལ་ཡང་དེ་དང་འདྲའོ།། ཡང་དོན་འདིའི་དཔེ
་བཞིན་དག་བསྟན་པའི་ཕྱིར། སྨྲས་པ་ནི། ཡང་ནི་ཇི་ལྟར་མ་ལུས་པའི།། འགྲོ་བ་མི་འདྲ་སྣ་ཚོགས་འདི།། ཡོན་ཏན་གསུམ་དང་མི་འབྲལ་ལོ།། ཞེས་བྱ་བ་ཡིན་ཏེ། དཔེའི་རྣམ་པ་གཞན་ཡང་མ་ལུས་པའི་འགྲོ་བ་རང་བཞིན་མི་འདྲ་བ། མལ་ནས་སྐྱེས་པ
་ལ་སོགས་པའི་དབྱེ་བསོ་ཐ་དད་པའམ། སྒྲུ་བ་དང་མི་རྒྱུ་བ་ལ་སོགས་པའི་དབུ་བས་བྱེ་བ་སྣ་ཚོགས་ཤིང་རིགས་པ་ཐ་ངང་པ་འདི་དག་ཀྱང་། ཡོན་ཏན་གསུམ་པོ་སྙིང་སྟོབས་དང་།། རྡུལ་དང་མུན་པའི་ཚུལ་པ་མི་འབྲལ་ཞིང་དེ་ལས་མི་འཛིན
་ཡོན་ཏན་གསུམ་པོ་འདི་དག་དང་ནམ་ཡང་འབྲལ་བར་མི་འགྱུར་རོ།། དེ་བཞིན་དུ་རིང་ཁམས་སྙོམས་པའི་རྒྱུ་ཡང་གནས་སྐབས་ཐམས་ཅད་དུ། ནད་རིགས་ཉེས་པ་གསུམ་མི་འབྲལ་ཞེས་བྱ་བ་ལ། དཔེ་དེ་བཞིན་དུ་རང་ཁམས་སྙོམས་པའི
་རྒྱུ་ཡང་དུས་དང་གནས་སྐབས་ཐམས་ཅད་དུ་ནད་ཀྱི་རིགས་སུ་བཤད་པ། ཉེས་པ་གསུམ་པོ་དང་ནམ་ཡང་འབྲེལ་ལོ།། དེ་ཡང་རླུང་ལ་སོགས་པའི་ཁམས་འདི་རྣམས་ནི་ལུས་འཛིན་པར་བྱེད་པ་ཡིན་དུ་ཟིན་ཀྱང་། གལ་ཏེ་ཁམས་མ་སྙོམས་པར
་གྱུར་ན་དེ་ཡང་ནད་ཀྱི་རྒྱུ་ཡིན་པའི་ཕྱིར། ནང་དེང་དྲི་མའི་ཚུལ་གྱིས་མ་སྙོམས་པ་མེད་པར་ཡང་། ནད་ཀྱི་རྒྱུར་འགྱུར་བར་བཤད་པའི་ཕྱིར། འདིར་ཡང་ཞེས་བྱ་བའི་སྒྲ་ཁྱད་པར་དུ་སྨྲས་པ་ཡིན་ནོ།། དེ་རྣམས་ཀྱི་ནི་ལྡང་བའི་རྒྱུ།། དབང་ངོན
་མི་འཚམ་ཕྲང་བ་དང་།། དུས་དང་ཉེས་པའི་ལས་རྣམས་སོ།། ཞེས་བྱ་བ་ལ། རླུང་ལ་སོགས་པ་དེ་རྣམས་ཀྱི་ལྡང་ཞིང་འཁྲུགས་པར་བྱེད་པའི་རྒྱུ་ནི། མིག་ལ་སོགས་པའི་དབང་པོའི་དོན་མི་མཐུན་ཞིང་འཚམ་པ་མ་ཡིན་པ
་དང་། ཕྲད་ཅིང་འབྲེལ་པ་དང་། དུས་མི་འདྲ་བ་སྟེ། གྲང་བ་དང་དྲོ་བ་དང་ཆར་ལ་སོགས་པ་དང་། དེ་བཞིན་དུ་ལས་ཉེས་པར་སྤྱད་པ་ཚེ་སྔ་མ་འམ། འདིར་ལུས་དང་ངག་དང་ཡིད་རྣམ་པ་གསུམ་གྱི་ལས། མི་དགེ་བྱས་པ་དེ་ཐམས་ཅད་ནི་རླུང་ལ་སོགས
་པཔ་འཁྲུག་ཅིང་ལྡང་བའི་རྒྱུ་ཡིན་ནོ།། དེ་ཡང་དམན་ལྷག་ལོག་སྦྱར་བས།། དབྱེ་བ་རྣམ་པ་གསུམ་དུ་འགྱུར་ཞེས་བྱ་བ་ལ་འམ། གོང་རླུང་སོགས་པ་འདི་དག་གི་རྒྱུའི་ཚུལ་སྔར་རྣམ་པར་དབྱེ་བ་བྱས་སུ་ཟིན་ཀྱང་། ཡང་ངོ་དམན་པ་དང་། ལྷག་པ་དང་། ལོག
་པའི་སྦྱོར་བས་དབྱེ་བ་རྣམ་པ་གསུམ་དུ་འགྱུར་ཏེ། སྔ་མ་དེ་ངག་རེ་རེ་ཞིང་ཡང་གསུམ་དུ་འགྱུར་བ་ཡིན་ནོ།། དབང་དོན་རང་ཡུལ་ཆུང་ངུ་འམ།། མི་སྦྱོར་བ་ནི་དམན་པ་སྟེ། ཤས་ཚོར་གཏད་པ་ལྷག་སྦྱོར་བ་ཞེས་བྱ་བ་ལ། གང་མིག་ལ་སོགས་པའི
་དབང་པོ་རྣམས་ལ་གཟུགས་ལ་སོགས་པའི་ཡུལ་རྣམས་ལ་རང་གི་ཡུལ་ཆུང་ངུ་ལ་སྦྱོར་བ་འམ། རང་གི་ཡུལ་ལ་མི་སྦྱོར་ཞིང་མ་ཚང་བ་དེ་ནི་དམན་པའི་སྦྱོར་བ་ཞེས་བྱའོ།། ཡང་རང་གི་ཡུལ་ཤས་ཆེར་གཏད་ཅིང་བསྟེན་དྲགས་པ་ནི་ལྷག་པའི
་སྦྱོར་བ་ཞེས་བྱའོ།། རབ་ཕྲའི་འོད་དང་འཇིགས་པ་དང་། ཤིན་ཏུ་ཉེ་དང་ཤིན་ཏུ་རིང་།། ཡིད་དུ་མི་འོང་མི་སྡུག་པའི།། གཟུགས་ལ་མིག་ནི་ལྷ་བྱེད་པ།། ལོག་སྦྱོར་དེ་ནི་མི་ཟད་ཡིན།། ཞེས་བྱ་བ་ལ། ལོག་པའི་སྦྱོར་བ་ནི་གང་རང་གི་དབང་པོའི་ཡུལ
་རབ་ཏུ་ཕྲ་བའི་འོད་མིག་གི་དབང་པོས་བལྟ་ཞིང་བརྟག་པ་དེ་ནི་རང་གི་ཡུལ་ལ་ལོག་པར་སྦྱོར་བ་ཡིན་ནོ།། དེ་བཞིན་དུ་ཤིན་ཏུ་འཇིགས་པའི་གཟུགས་ལ་བལྟ་བ་ལ་སོགས་པ་རྗེས་སུ་མི་མཐུན་ཞིང་གནོད་པ་སྐྱེད་པར་བྱེད་པ་དག་ཀྱང་ལོག་པའི་སྦྱོར་བ་ཡིན
་ཏེ། དེ་དག་ནི་ཤིན་ཏུ་མི་བཟད་ཅིང་འཇིགས་པ་ཡིན་ནོ།། དེ་བཞིན་རབ་དྲགས་རུལ་ལ་སོགས།། དབང་དོན་ཇི་བཞིན་ཤེས་པར་བྱ་བ་ལ།། ཕྱོགས་འདིར་བསྡུ་བ་ནི་དབང་པོའི་དོན་རབ་ཏུ་མཐོང་བ་དང་། རུལ་བ་ལ་སོགས་པ་ཡང་ལོག་པའི་སྦྱོར་བར་རང
་བཞིན་ཅན་ཡིན་པར་ཇི་ལྟ་བ་བཞིན་དུ་ཤེས་པར་བྱའོ།། དེ་ཡང་ཇི་ལྟར་མྱ་ངན་བསྐྱེད་པ་ལ་སོགས་སྒྲ་མི་སྡུག་པ་དྲག་པོ་རྣ་བའི་དབང་པོས་ཐོས་པ་ནི་ལོག་པའི་སྦྱོར་བར་འགྱུར་རོ།། གང་གི་ཚེ་རུལ་ཅིང་ཞིག་པར་གྱུར་ཅིང་། མི་གཙང་པོ་མྱགས་བྱ་ལ
་སོགས་པའི་དྲི་མི་སྡུག་པ་སྣའི་དབང་པོས་ཚོར་བ་ན། རང་གི་ཡུལ་དྲྀ་ཞེས་བྱ་བ་ལ་དི་སྣའི་དབང་པོའི་ལོག་པའི་སྦྱོར་བ་ཡིན་ནོ།། སོགས་པའི་སྒྲས་ནི། ལྕེའི་ཡུལོ་ལན་ཚྭ་ཤས་ཆེར་བྲོ་བ་ལ་སོགས་པ་དང་། དེ་བཞིན་དུ་རེག་བྱའི་ཡུལ་ཤི་ནི་ཏུ་ཚ་བ་དང་།
་ཤིན་ཏུ་གྲང་བ་ལ་སོགས་པ་ནི་རང་གི་ཡུལ་ལོག་པའི་སྦྱོར་བ་ཡིན་པར་བསྟན་ཏེ། དེ་དག་ནི་ནང་རྣམས་ལྡང་པོའི་རྒྱུ་ཡིན་པར་བཤད་དོ།། དེ་དག་ཐམས་ཅད་ནི་དྲང་སྲོང་ཙ་ར་ཀས་གསལ་བ་ཁོ་ནར་བཤད་དེ། དེ་ཡང་རང་གི་ནུས་པས་ཤས་ཆེར་བལྟ
་བ་ནི་ལྷག་པར་སྦྱོར་བའོ།། ཕྱིས་མི་མཐོང་བར་གྱུར་པ་ནི་དམན་པའི་སྦྱོར་བའོ།། ཕྲ་བ་དང་། ཤིན་ཏུ་ཐག་ཉེ་བ་དང་། ཤིན་ཏུ་ཐག་རིང་བ་དང་། དྲག་ཅིང་མི་བཟང་བ་དང་། འཇིགས་པ་དང་ཞེ་འདྲེས་པ་དང་། འཇིགས་སུ་རུང་བ་དང་། མི་སྡུག
་པ་དང་། སྐྲག་པར་བྱེད་པ་ལ་སོགས་པའི་གཟུགས་མཐོང་བ་ནི་ལོག་པའི་སྦྱོར་བའོ།། དེ་བཞིན་དུ་རྔ་བོ་ཆེ་དྲག་ཏུ་བརྡུངས་པ་ལ་སོགས་པའི་སྒྲ་གསང་བ་ལ་ལྷག་པར་གཏད་དེ་མཉན་པ་ནི་ལྷག་པའི་སྦྱོར་བའོ།། ཐམས་ཅད
་དུ་མི་ཐོས་པ་ནི་དམན་པའི་སྦྱོར་བའོ།། སྒྲ་རྩུབ་པ་དང་། སྡུག་པ་དང་བྲལ་བ་དང་། འདར་བའི་སྒྲ་དང་འཛེགས་པའི་སྒྲ་ཐོས་པ་ནི་ལོག་པའི་སྦྱོར་བའོ།། དེ་བཞིན་དུ་འཛག་ཅིང་རུལ་བའི་དྲི་ཤིན་ཏུ་རྣོ་ཞིང་དྲག་པ་ཤས་ཆེར་བསྡམ་པོ་ནི་ལྷག་པའི་སྦྱོར
་བའོ།། རྣམ་པ་ཐམས་ཅད་དུ་མ་བསྣམས་པ་ནི་དམན་པའི་སྦྱོར་བའོ།། རུལ་བ་ལ་སྣོམ་པ་ལ་སོགས་པ་འདི་ལོག་པའི་སྦྱོར་བའོ།། ཡང་ཁྲུས་ལ་སོགས་པའི་ཆེ་བ་དང་། གྲང་ཆེས་པ་བསྟན་པ་དང་། གོ་རིམ་འཆོལ་པརི་བསྟེན་པ་དང་། གནོད་པ
་ང་མི་གཙང་བ་ལ་སོགས་པ་ནི་ལོག་པའི་སྦྱོར་བའོ།། དུས་ཀྱང་གྲང་དང་ཚ་བ་དང་། ཆར་དུས་དབྱེ་བས་གསུམ་དུ་འ་དོང་།། ཅེས་བྱ་བ་ལ། དེ་བཞིན་དུ་དུས་ཀྱང་གྲང་བ་དང་། ཚ་བ་ལ་སོགས་པའི་དབྱེ་བས་རྣམ་པ་གསུམ་ཡིན་ཏེ། དེ་ལ་གྲང
་བ་ནི་དགུན་སྟོང་དང་། དགུན་སྨད་ཅེས་བྱ་བའོ།། ཚ་བ་ནི་སོ་གའོ།། དབྱར་ནི་ཆར་གྱི་དུས་སོ།། དོར་སྨན་པའི་སྦྱོར་བ་དང་། ལྷག་པའི་སྦྱོར་བ་དང་། ལོག་པོའི་སྦྱོར་བ་བསྟན་པའི་ཕྱིར་རོ།། དེ་དམན་གྲང་སོགས་ཆུང་བ་དང་། ལྷག་སྦྱོར་ཤིན་ཏུ
་ཆེ་མཚན་ཉིད།། རང་གི་མཚན་ཉིད་ཕྱིན་ཅི་ལོག། ལོག་པའི་སྦྱོར་བ་ཡིན་པར་བཤང་།། ཅེས་བྱ་བ་ལ། དེ་བཞིན་དུ་གྲང་བ་དང་། ཚ་བོ་དང་། ཆར་གྱིས་དུས་དོང་། དགུན་དང་། སོ་ག་དང་། དབྱར་ཞེས་བྱ་བའི་མཚན་ཉིད་ཅན།། སྔར་ཇི་ཙམ
་གྱི་ཚད་དུ་བསྟན་པ་དེ་ལས་གང་ཅུང་ཞིག་ཤིན་ཏུ་དམན་པར་སྣང་བ་དེ་ཉིད་ནི་དུས་མི་སྦྱོར་བ་ཡིན་པས་ན། ཆུང་བ་འམ། དམན་པའི་སྦྱོར་བ་ཞེས་བྱའོ།། ལྷག་པའི་སྦྱོར་བ་ནི་གང་གསུམ་པོ་དེ་དག་རང་གི་ཚད་ལས་ཀྱང་ཆེས་ལྷག་པར་སྟོན
་པ། དེ་ནི་ལྷག་པའི་སྦྱོར་བ་ཞེས་བྱའོ།། ལོག་པའི་སྦྱོར་བ་ནི་ཡིད་རང་གི་མཚན་ཉིད་ལས་ཕྱིན་ཅི་ལོག་པ་སྟེ། ཇི་ལྟར་དགུན་གྱི་དུས་སུ་དྲོ་བ་དང་། སོ་གའི་དུས་སུ་གྲང་བ་དང་། དབྱར་གྱི་དུས་སུ་ཆར་མི་འབབ་པའོ།། ལས་ཀྱང་དབྱེ་བ་རྣམ
་གསུམ་དུ་བཤད་དེ། སྨྲས་པ་ནི། ལུས་ངག་ཡིད་ཀྱི་དབྱེ་བ་ཡིས།། ལས་ཀྱང་རྣམ་པ་གསུམ་དུ་བཤད།། ཅེས་བྱ་བ་ལ། ལས་ཞེས་བྱ་བ་ནི། སྦྱོར་བའི་རྒྱུ་ཡང་ལུས་དང་ངག་དང་ཡིད་ཀྱི་དབྱེ་བས་རྣམ་པ་གསུམ་དུ་བཤང་ངོ་།། ལུས་ལ
་སོགས་པའི་ལས་དམན་ལ།། འཇུག་པ་དམན་པའི་མིང་ཅན་ཡིན།། ཞེས་བྱ་བ་ལ། ལུས་ཀྱི་ལས་དང་། ངག་གི་ལས་དང་། དེ་བཞིན་དུ་ཡིད་ཀྱི་ལས་རྣམས་ཀྱང་། རང་གི་ཡུལ་དག་ལ། གང་དམན་པར་འཇུག་པ་ནི་དེའི་དམན་པའི་སྦྱོར་བ
་ཡིན་ནོ།། བརྟུན་ངས་འཇུག་པ་ལྷག་སྦྱོར་བ་ཞེས་བྱ་བ་ནི། ལུས་དང་ངག་དང་ཡིད་ཀྱི་ལས་རྣམས་ལ་གང་རུང་བརྟན་པས་ཤིང་དྲག་ཏུ་སྦྱོར་བ་དེ་ནི་ལྷག་པའི་སྦྱོར་བ་ཡིན་ནོ།། ཤུག་ས་བཀག་པ་དང་བཙིར་བ་དང་།། མི་བཟང་ལུས་ཀྱི་ལས
་རྣམས་དང་།། བཅུས་དང་བརྡོག་འོ་ཆོས་གོམ་འབྱོར་སོགས།། སྔར་བཞིན་སྨྲ་བར་བྱེད་པ་དང་།། འདོད་ཆགས་ཞེ་སྡང་འཇིགས་སོགས་དང་།། སྲོག་གཅོད་ལ་སོགས་ལས་རྣམས་དང་།། རྣམ་བཅུ་དེ་ཡང་དམད་པ་ཡིན།། འདི་དང་གཞན་དུ
་བྱས་པ་རྣམས།། དེ་དག་མ་ལུས་ལོག་སྦྱོར་ཡིན།། ཞེས་བྱ་བ་ལ། ལོག་པའི་སྦྱོར་བ་ནི་ཤུགས་བཀག་པ་ནས་བརྩམས་ཏེ། བརྡེག་འཆོས་ཤིང་གོམས་པར་འབྱོར་པ་ལ་སོགས་པའི་བར་གྱི་ལས་གང་ཡིན་པ་དེ་ལྟ་བུ
་ལ་འཇུག་པ་གང་ཡིན་པ་དོན་ལུས་ཀྱི་ལོག་པའི་སྦྱོར་བའོ།། དེ་ལ་ཤུགས་བཀུག་པོ་ནི་རྒྱུ་བ་སྩགས་པའོ།། ཤུགས་བཙིར་བ་ནི་ཁ་ནང་དུ་ལྟས་པར་གྱུར་པ་ཕྱིར་ཕྱོགས་པར་བྱས་པའོ།། མི་བཟང་ལུས་ཀྱི་ལས་རྣམས་དང་ཞེས་བྱ་བ་ནི། འདིར
་མི་བཟད་པའི་སྒྲ་ནི་ཚིག་ཀུན་ཏུ་སྦྱར་བར་བྱའོ།། སོགས་པའི་སྒྲ་ནི་འགྲོ་བ་ལ་སོགས་པ་བསྡུའོ།། སྡང་བཞིན་སྨྲ་བར་བྱེད་པ་ནི་གང་ཕྱེད་མིང་ཙམ་ན་སྨྲ་བ་སྟེ། འདི་དག་ནི་ངག་གི་ལས་ཏེ། རབ་ཏུ་དྲག་པ་ལ་བྱའི་ངལ་བ་ནི་མ་ཡིན་ནོ།། འདོད་ཆགས
་དང་ཞེ་སྡང་ལ་སོགས་པ་གང་ཡིན་པ་དེ་དག་ནི་ཡིད་ཀྱི་ལས་ཡིན་ཏེ། གང་ཚུལ་དེ་ལྟ་བུ་ལ་འཇུག་པ་དེ་ནི་ཡིད་ཀྱི་ལོག་པར་སྦྱོར་བའོ།། དེ་དག་ཐམས་ཅད་ནི་ཚེ་འདིར་བྱས་ཤིང་སྤྱད་པ་འམ། སྐྱེ་བ་གཞན་དག་ཏུ་བྱས་ཀྱང་རུང་སྟེ། དེ་རྣམས
་ཐམས་ཅད་ནི་ལོག་པའི་སྦྱོར་བ་ཡིན་པར་ཤེས་པར་བྱའོ།། འདི་དག་ནད་ཀྱི་རྒྱུ་ཡིན་ནོ་ཞེས་བྱ་བ་ལ་གསུམ་པོ་འདི་དག་གསུམ་གསུམ་དུ་བརྟགས་པ་ནི་ནད་ཀྱི་རྒྱུའམ་ལྡང་བར་བྱེད་པའི་གཞི་ཡིན་ནོ།། ལྡང་འགྱུར་དེ་ནི་མཐའ་ཡས་ཏེ། སྣ་ཚོགས
་ནང་ནི་བྱེད་པར་འགྱུར།། ཡན་ལག་ནང་གྲོལ་ལྷུ་ཚོགས་བརྟེན།། ཡན་ལག་ཁྲག་སོགས་པགས་པ་ཡིན།། ཞེས་བྱ་བ་ལ། ནད་ཀྱི་གཞི་དེ་དག་ལས་ནད་དེ་རྣམས་ལྡང་ཞིང་འཁྲུག་པར་གྱུར་པ་དེ་ནི་གང་ཞིག་མཐའ་ཡས་པ་ཡིན
་ཏེ། རྣམ་པ་ཐ་དད་པའི་ཚུལ་གྱིས་ནད་ཀྱིས་འདེབས་ཤིང་སྐྱེས་པ་ཡིན་ནོ།། གང་དུ་སྐྱེ་ཞེ་ན། ཡན་ལག་རྣམས་དང་དེ་བཞིན་དུ་ནང་གྲོལ་དང་། ལྷ་ཚོགས་དང་། གནང་རྣམས་སུ་སྐྱེའོ།། ཡན་ལག་ཁྲག་སོགས་པགས་པ་ཡིན་ཞེས
་བྱ་བ་ནི། དེ་ལ་ཡན་ལག་ནི་ཁྲག་ལ་སོགས་པའི་ལུས་ཟུངས་པགས་པའི་མཐར་ཐུག་པོ་ལ་བྱའོ།། དེའི་ཕྱི་རོལ་ན་ནང་གནས་ཏེ། ཞེས་བྱ་བ་ལ། དེ་དག་ནི་ཕྱི་རོལ་གྱི་ནད་རྣམས་ཀྱི་གན་ས་དང་རྟེན་ཡིན་པར་བཤད་དོ།། དེ་ཉིད་མ་ཞུ་ཡན་ལག
་ནི། ལྦ་བ་གེའུ་སྣབས་འབྲུམ་པ་སོགས།། གཞང་འབྲུམ་སྐྲན་དང་འོར་ནད་སོགས།། དེ་དག་ཕྱི་རོལ་ནད་ཅེས་བྱ།། ཞེས་བྱ་བ་ལ། གང་གི་ཕྱི་རོལ་གྱི་ནད་ལག་ཁྲག་ལ་སོགས་པའི་ལུས་ཟུངས་ཀྱི་གནས་སུ་གྱུར་པ་ཡིན་ལ། དེ་བས
་ན་དེ་ལ་བརྟེན་ཏེ་མ་ནུ་བ་དང་། ཡན་ལག་ན་བ་ལ་སོགས་པ་འབྱུང་བར་འགྱུར་བ་དང་།། དེ་བཞིན་དུ་ཕྱི་རོལ་གྱི་ནང་གཞ་འབྲུམ་ལ་སོགས་པའི་ནད་རྣམས་ཀྱང་འབྱུང་བར་འགྱུར་རོ།། ནང་ནད་རྩ་སྦུབས་ཆེན་པོ་དང་།། མ་གུ་ཞུ་བའི་གན
་ལ་བརྟེན།། ཞེས་བྱ་བ་ལ། ཡང་ན་ངག་གི་ནད་ཅེས་བྱ་བ་ནི་ལྟོ་བ་དང་དེ་བཞིན་དུ་རྩ་སྦུབས་ཆེན་པོ་རྣམས་དང་། མ་ཞུ་བ་དང་ཞུ་བའི་གནས་ལ་བརྟེན་པ་རྣམས་སོ།། གནས་དེ་ལས་ནི་སྐྱུག་ཆད་འཁྲུ།། དམུ་རྫིངས་ལུད་པ་དབུགས་མི་བདེ།།
་ནང་གི་ཆའི་གཞོང་འབྲུམ་སྐྲང་།། སྐྲན་དང་མཾ་དཔལོ་ཁོང་འབྲུམ་པ།། ཞེས་བྱ་བ་ལ། ནང་གྲོལ་གྱི་གནས་ནི་སྐྱུག་པ་དང་། ཆད་པར་འཁྲུ་བ་ལ་སོགས་པའི་ནད་རྣམས་འབྱུང་བར་འ་གྱུར་རོ།། དེ་བཞིན་དུ་ནང་གི་ཚེའི་གཞང་འབྲུམ་དང
་སྙུན་ལ་སོགས་པ་འབྱུང་བར་འགྱུར་ཏེ། དྭེཿ་ན་ཀུན་པ་འབྱུག་ལ་སོགས་པནྡྷ་བྱི་དང་ནང་གྀཎྚཱནྡྷེ་དབྱེ་བ་རྣམ་པ་གནས་ཡིན་ན།། མམ་ཐ་སྤྱད་དང་རྒས་ཕྱུགས།། སྒྱུ་པ་ཆགས་ནད་སྤྱན་དུ་ནྡྷན།། ནཱས+འུ་ཪ+W་དྡྷ
་ལ། འདི་དག་ནི་གནད་ཅེས་བྱ་བ་སྟེ། མགོ་བོ་དང་། སྙིང་དང་། ཆུ་སོ་ལ་སོགས་པའི་ནད་དང་། རུས་ཚིགས་ཏོ། འདིར་ཚོགས་ནི་རུས་པའི་ཚིགས་ལ་བྱའོ།། ཤ་དང་རྒྱས་པ་དང་། རྩ་ལ་སོགས་པ་གཉིས་འདུས་པའི་ཚོགས་གཞན་དག་ལྷོ་ནི
་མི་བྱའོ།། དེ་བས་ན་འདིར་རུས་པའི་ཚིགས་ངེས་པར་གཟུང་བ་ཡིན་ནོ།། དེ་འབྲེལ་རྩ་དང་ཆུ་བ་དང་།། ཆུ་བ་ཆེ་སོགས་པར་མ་ཡིན།། དེ་ལ་ནད་ལ་དེར་གནས་ལ།། གཅོང་ཙ་ན་གཞོགས་ཕྱེད་འཆིང་ཁ་ཡོ།། ཀླད་ནད་སོགས་དང་ཚིགས
་དང་།། དཔྱི་ཡི་གཟེར་དང་གདོན་ནད་སོགས།། ཞེས་བྱ་བ་ལ། དེ་རྣམས་དང་འབྲེལ་པ་ཡིན་པས་ན་དེ་འབྲེལ་ཏེ། གནང་དེ་རྣམས་དང་། དེ་བཞིན་དུ་རུས་པའི་ཚིགས་དེ་རྣམས་དང་། འབྲེལ་པའི་ལམ་པར་མ་ཞེས་བྱ་བ་དེ་ལ། ནད
་གཅོང་ཆེན་པོ་ལ་སོགས་པ་གནས་པ་ཡིན་ནོ།། དེ་བཞིན་དུ་ཀློད་ནང་ལ་སོགས་པའི་ནད་དང་། ཚིགས་པ་དང་། རུས་པ་དང་དཔྱིའི་གཟེར་དང་། གདོན་ནད་ལ་སོགས་པ་ཡང་དེར་གནས་སོ།། འབྱིན་ཁྱབ་གཟུགས་དང་སྙོམ་པ་དང་།། ལུས་ཚ་ནང
་གཟེར་བྱེ་བ་དང་། འབྱར་ཞིང་ཆག་སྙམ་རྐང་ལག་འཁུམས།། བསྒོངས་དང་བརྩེ་དང་སྐོམ་བྱེད་དང་།། འདིར་དང་རྩུབ་དང་ཁོང་སྟོང་དང་།། སྐེམ་དང་འགུལ་དང་དཀྲིས་སྙམ་དང་།། རེངས་དང་རོ་བསྐ་བྲི་བའོ།། མདོག་ནི་གནག་གམ་དམར་བ་དགེ། རླུང
་གི་ལས་ཡིན། ཞེས་བྱ་བ་ནི། རླུང་འཁྲུག་པར་གྱུར་པ་ལས་འབྱིན་པ་སྣུམ་བྱེད་པ་ལ་སོགས་པའི་ལས་བྱེད་པར་འགྱུར་རོ།། དེ་ལ་འབྱིན་པ་ནི་མིག་ལ་སོགས་པའི་ཡན་ལག་ཐུར་དུ་ལྷུང་བ་སྙམ་དུ་སེམས་པར་བྱེད་པའོ།། ཁྱབ་པ་ནི་ལུས་ཀུན་ཏུ
་ཁྱབ་ཅིང་འདྲེན་པར་བྱེད་པའོ།། ཟུག་པ་ནི་ཡན་ལག་བརྡེགས་པ་སྙམ་སེམས་པའོ།། སྙོམ་པ་ནི་ལུས་ཀུན་བཀུམ་པ་སྙམ་སེམས་པའོ།། ལུས་ཚ་བ་ནི་ལུས་བསྲེགས་པ་སྙམ་པའོ།། ནི་དེ་ནི་ཚོར་བ་དྲག་པོའོ།། གཟོར་བ་ནི་ཁབ་ཀྱིས་ཕུག་པ་བཞིན་དུ
་བྱིང་བའོ།། བྱེ་བ་འགྱོས་པ་སྙམ་སེམས་པའོ།། འབྱར་བ་ནི་བཤང་བ་ལ་སོགས་པ་གནས་ལས་མི་འགུལ་བར་བྱེད་པའོ།། ཆག་པ་སྙམ་སེམས་པ་ནི་ཡན་ལག་ཆག་པ་ལྟར་ཟུག་ཅིང་ན་བའོ།། ཡན་ལག་འཁུམས་པ་ནི་ཡན་ལུག་འབྱའ་ཞིང
་འཁུམས་པོར་བྱེང་བའོ།། བསློངས་པ་ནི་ཐ་དད་པར་འདུག་པ་གཅིག་ཏུ་བསྡུས་པའོ།། བརྩེ་བ་ནི་ལུས་དང་བ་སྤུའི་ཚིགས་རྣམས་བརྩེ་བའོ།། སྐོམ་པར་བྱེད་པ་ནི་སྐོམ་གྱིས་གདུངས་པའོ།། འདར་བ་ནི་ཡན་ལག་གཡོ་ཞིང་འགུལ་བའོ།། རྩུབ་པ
་ནི་རེག་ན་མི་བདོ་བར་རྩུབ་པའོ།། ཁོང་སྟོང་པ་ནི་ནང་སྟོང་པའོ།། སྐེམས་པ་ནི་ལུས་སྐེམས་བག་ཏུ་གྱུར་པའོ།། འགུལ་བ་ནི་ཅུང་ཟད་གཡོ་བའོ།། དཀྲིས་པ་བླམ་བྱེད་པ་ནི་ཡན་ལག་བཅིངས་པ་སྙམ་སེམས་པའོ།། རེངས་པ་ནི་ལུས་དང་ཡན་ལག
་རྣམས་ཤིང་ལྟར་རེངས་པའོ།། རོ་བསྐ་བ་ནི་རོ་གཞན་དག་ཀྱང་བསྐ་བའི་རོར་ཚོར་བའོ།། མདོག་གནག་པ་ནི་ཕལ་ཆེར་ལུས་དྲི་མ་ཅན་དུ་འདུག་པའམ། དེ་བཞིན་དུ་ཕལ་ཆེར་དམར་བག་སྣང་བ་སྟེ། འདི་དག་ནི་རླུང་གི་ལས་ཡིན་ནོ།། མཁྲིས་པའི
་ལས། ལུས་ཚ་མདོག་དམར་དྲོ་སྨིན་བྱེད།། རྡུལ་དང་རྣག་དང་འཛག་མ་རེར།། འདྲུལ་དང་བརྒྱལ་ཞིང་མྱོས་པ་དང་།། ཁའི་རོ་ཁ་དང་སྐྱུར་བ་དང་།། མདོག་སྐྱ་དམར་ཙམ་ཡིན་པའོ།། ཞེས་བྱ་བ་ནི། མཁྲིས་པ་ལྡང་བར་གྱུར་ན་དེའི་ལས།
་ནི་ལུས་ཚ་བ་ལ་སོགས་པ་བྱེད་པར་འགྱུར་རོ།། དེ་ལ་ལུས་ཚ་བ་ནི་གང་ལུས་ཐམས་ཅད་ལ་ཤིན་ཏུ་མི་བཟད་པའི་ཚ་བ་འབྱུང་བར་འགྱུར་བ་དེ་ལ་ཚ་བ་ནི་སྒྲ་ར་བཤད་དོ།། མདོག་དམར་བ་ནི་ལུས་དང་ཡན་ཤསཽ་ཆེར་དམར་བའོ།། དྲོ་བ་ནི་ལུས་དང་ཡན་ལག
་ཚ་བའོ།། སྦྱིན་པར་བྱེད་པ་ནི་ལུས་ཀྱི་ཡན་ལག་ཚ་བའོ།། སྨིན་པར་བྱེད་པ་ནི་ལུས་ཀྱི་ཡན་ལག་ཕྱོགས་གཅིག་འདུལ་ཞིང་སྨིན་པའོ།། རྡུལ་བ་ནི་རླན་དང་ལྡན་པ་ཉིད་དོ།། བརྣགས་པ་ནི་ལུས་འདྲུལ་ཞིང་མནམ་པའོ།། འཛག་པ་ནི་རྣག་ལ་སོགས
་པ་འཛག་པའོ།། རྨ་རྙེད་པ་ནི་རྨ་ཞིག་ཅིང་མནམ་པའོ།། འདྲུལ་བ་ནི་ལུས་དང་ཡན་ལག་འདུལ་ཞིང་མྱགས་པའོ།། བརྒྱལ་བ་ནི་སེམས་མྱེད་ཅིང་མ་དྲན་པའོ།། མྱོས་པ་ནི་ཆང་གིས་མྱོས་པའི་ནང་ལྟ་བུའོ།། ཁའི་རོ་ནཱི་ཁ་བ་དང་སྒྱུར་བ་དག་ཏུ་ཚོར་བར
་འགྱུར་རོ།། ལུས་ཀྱི་མདོག་ནི་སྐྱ་སྙིང་རྩ་དམར་བ་མ་ཡིན་པོ་སྐྱེ། གཞན་དུ་ན་སྔོ་བ་དང་། སེར་བ་ལ་སོགས་པའི་དབྱེ་བས་ཕྱེ་བར་སྣང་ངོ་།། བད་ཀན་ལས་ནི་མཁྲང་ཞིང་སྣུམ།། གོཡའ་ཞིང་ཁོང་གྲང་ལྕི་བ་དང་།། ཚིག་དམ་ཤ་རྒྱས་རྨོངས་བག
་དང་།། སྤངས་ཞིང་གཉིད་ཆེ་ཟས་མི་འཇུ།། མདོག་དཀར་ཁ་རོ་ལན་ཚྭ་དང་།། ལས་ཀྱི་མཐའ་ལ་འདམ་རིང་བའོ།། ཞེས་བྱ་བ་ལ། བད་ཀན་ལྡང་བར་འགྱུར་བའི་ལས་ནི་མཁྲང་བ་དང་སྣུམ་པ་ལ་སོགས་པ་བྱེད་པར་འགྱུར་རོ།། དེ་ལ་མཁྲང་བ་ནི
་ལུས་ཀྱི་ཡན་ལག་དང་ཉིང་ལག་རྣམས་སྲ་བ་ཉིད་དོ།། སྣུམ་པ་ནི་བགས་པ་ལ་སོགས་པ་སྣུམ་བག་ཏུ་གནས་པའོ།། གཡའ་བ་ནི་ལུས་ཀྱི་པགས་པ་ལ་སོགས་པ་གཡའ་བའོ།། ཁོང་གྲང་བ་ནི་ལུས་ཀྱི་ཡན་ལག་རྣམས་བསིལ་བག་ཏུ་གནས་པན།
་ལྕི་བ་ནི་ལུས་ཟུངས་རྣམས་ལྕི་བ་ཉིད་ངོ་།། ཚིགས་དམ་པ་ནི་རྩ་སྦུབས་རྣམས་འགགས་པའོ།། ཤ་རྒྱས་པ་ནི་ལུས་ཀྱི་ཤ་ཆེ་བ་སྟེ། དང་ཀན་ཅན་དག་གི་ཁ་དང་ལྐོག་མ་ལ་སོགས་པའི་ལུས་ཀྱི་ཤ་རྒྱས་པ་འམ་འགགས་པའོ།། རྨོངས་བག་ནི
་ཡུལ་རྣམས་ལ་དབང་པོ་མི་གསལ་བ་ཉིད་དོ།། གཞན་དག་ནི་ཡུར་བ་ཡིན་ནོ་ཞེས་ཟེར་རོ།། སྐུང་བ་ནི་འོར་བག་ཏུ་འདུག་པའོ།། སྐྲད་པ་ནི་འོར་བག་ཏུ་འདུག་པའོ།། གཉིད་ཆ་བ་ནི་གཉིད་སྟུག་པའོ།། ཟས་མ་འཇུ་བ་ནི་ཕོ་བའི་མེ་དྲོད་མི་སྙོམས
་ཤིང་འཇུ་བར་མི་ནུས་པའོ།། ལུས་ཀྱི་མདོག་ནི་དཀར་ཞིང་སྐྱ་བོ་སྭ་བ་སྦབ་བོར་སྣང་བའོ།། ཁའི་རོ་ནི་ལན་ཚྭ་དང་། མདོར་བག་ཎཱ་བྲི་བར་འགྱུར་རོ།། ལས་ཀྱི་མཐུར་ལ་འདམ་ཞིང་རིང་བ་ནི་ནང་ཡུན་རིང་པོ་ནས་འབྱུང་བ་འམ། ཡུན་རིང་ཐརིག་ནས་འཆི
་བར་བྱེད་པའོ།། དེ་ལྟར་ཇི་སྐད་བཤད་པ་ཡི།། མཚན་ཉིད་ཀྱི་ནི་ལུས་ཀུན་ཁྱབ།། ཅེས་བྱ་བ་ལ། དེ་ལྟར་ཞེས་བྱ་བ་ནི་ཡོངས་སུ་རྫོགས་པའི་ཚིག་གམ། དེ་ལྟ་བུའི་རྣམ་པའི་དོན་ཡིན་ཏེ། རྫོགས་པ་ནི་ནང་རྣམས་ཀྱི་མཚན་ཉིད་གང་གིས། ནད་གང
་ཡིན་པར་ཤེས་པར་འགྱུར་བའོ།། ཇི་ལྟ་བུ་ཞེ་ན། ནད་ཀུན་ཁྱབ་བྱེད་ཅེས་བྱ་བ་སྟེ། ནོད་མ་ལུས་ཁྱབ་པའི་ངངོ་ཚུལ་གང་ཡིན་པ་ནང་ཀུན་ཁྱབ་པའོ།། དེ་ལྟར་ཇི་སྐད་བཤང་བ་ཡི།། མཚན་ཉིད་ཀྱི་ནི་ནང་ཀུན་ཁྱབ།། དེ་ནི་མ་གཡེངས་བལྟ་སོགས
་པས།། ཡང་དག་པར་ནི་ཤེས་པར་བྱ།། ནད་ཀྱི་གནས་སྐབས་དབྱེ་ཤེས་པས།། ནད་པ་སྐད་ཅི་རེ་རེ་བལྟ།། ཞེས་བྱ་བ་ལ། དེ་ལྟར་ནད་ཀྱི་མཚན་ཉིད་ཀུན་ལ་ཁྱབ་པ་ཇི་སྐད་བཤད་པའི་ནད་ཀྱི་མཚན་ཉིད་དེ་ནི་མ་ཡེངས་པ་སྟེ།
་འབད་པ་དང་ལྡན་ཞིང་སེམས་གཞན་དུ་མ་ཡེངས་པའི་སྨན་པ་ལ་བརྩོན་པ་པ་དང་ལྡན་པས། བལྟ་བ་ལ་སོགས་པས་ཞེས་པས་བལྟ་བ་དང་། མྱང་བ་དང་དྲིས་པས་ཡང་དག་པར་ཤེས་པར་བྱ་ཞིང་རྟོགས་པར་བྱའོ།། དེ་ལ་བལྟ་བའི་མདོག་དང་གནས་དང
་ཚཆད་དང་མཆིལ་སྣབས་དང་། བཤང་གཅི་དང་། སྐྱུག་པ་ལ་སོགས་པ་ལ་བལྟ་བ་སྟེ། སོགས་པའི་སྒྲས་ནི་རྣ་བའི་སྒྲ་དང་། སྒྱུ་མ་ཀྲུག་ཀྲུག་ཟེར་བ་དང་། སོར་ཚིགས་ལ་སོགས་པ་གཅོག་པ་ཐོས་པ་ལས་ཤེས་པར་བྱའོ།། བསྣམས་པྲ
་ནི་ལུས་དང་བཤང་བ་དང་རྨ་ལ་སོགས་པའི་དྲི་བརྟིག་པར་བྱའོ།། རེག་པ་ནི་གྲང་བ་དང་། དྲོ་བ་དང་འཇམ་པ་དང་རྩུབ་པ་དང་། འགུལ་བའི་རེག་བྱ་ཤེས་པར་བྱའོ།། ཁའི་རོ་ནི་དྲིས་པ་ལས་ཤེས་པར་བྱའོ།། དེ་བཞིན་དུ་སྐྱུག་སླ་བ་དང་། སྐྱུག
་དཀའ་བ་དང་། ལྟོ་སྲ་བ་དང་། སྙི་བ་དང་། རྨི་ལམ་དུ་ཅི་མཐོང་བ་དང་། གང་ལ་མངོན་པར་དགའ་བ་དང་། ནང་གང་གི་ཚེ་ནས་ཞུགས་པ་དང་། སྐྱེས་པའི་སྐར་མ་དང་། མཛའ་བ་དང་མི་མཛའ་བ་དང་། བདེ་བ་དང་སྡུག་བསྔལ་ལ་སོགས་པ་དྲི་བར
་བྱའོ།། འདི་དག་ནི་ཕྱོགས་གཅིག་ཙམ་བསྟན་པ་ཡིན་པར་ཤེས་པར་བྱའོ།། དེ་བཞིན་དུ་རྗེས་སུ་དཔག་པ་ལས་ཀྱང་ཤེས་པར་བྱ་སྟེ། རེ་ཞིག་ཕྱིར་འབྱུང་ཞིང་རྒྱུ་བ་ལས་ལུས་ཀྱི་བཅུད་དང་། རོ་ཉམས་པ་ཤེས་པར་བྱའོ།། སྦྲང་བུ་འདུ་བ
་ལས་ནི་མངར་བར་རོ།། དེ་བཞིན་དུ་ཕོ་བའི་དྲོད་ནི་འཇུ་བ་ལས་སོ།། སྟོབས་ནི་རྩོལ་བའི་ནུས་པ་ལས་ཤེས་པར་བྱའོ།། ནད་ཀྱི་མཚན་མ་མི་མངོན་པ་དག་ནི་བསམ་པའི་སྦེད་པ་དང་མི་སྲིད་པ་ལས་སོ།། ནད་ཀྱི་ཚད་ནི་སྤྱོད་པའི་ཁྱད་པར་ལས་སོ།། ཚེ
་ཟད་པ་ནི་འཆི་ལྟས་ལས་སོ།། རང་བཞིན་དང་སྙིང་སྟོབས་དང་སྤྲོ་བ་དང་གོམས་པ་ནི་རྟག་ཏུ་འགྲོགས་པ་ལས་ཤེས་པར་བྱའོ།། དེ་ཡང་ཙ་ར་ཀ་ལས་ཤེས་པའི་སྒྲོན་མའི་སྣང་བ་ཡིས།། ནད་པའི་ནང་གི་བདག་ཉིད་ནི།། མ་ཤེས་བར་དུ་སྦྱོར་ཤེས་གང
་དེ་ནི་ནང་རྣམས་གསོ་མི་བྱེད།། ཅེས་བཤད་པ་ཡིན་ནོ།། ཅི་སྨིན་པ་གང་ལ་ལ་ཞིག་ཅི་ལྟར་རུང་བ་ཙམ་ཞིག་དེའི་མཚན་ཉིད་དང་ལྡན་པ་ཡིན་ནམ་ཞེ་ན། དེ་ཐམས་ཅད་མ་ཡིན་ཏེ། གཞན་དུ་ན་ནད་ཀྱི་གནས་སྐབས་ཀྱི་དབྱེ་བ་ཤེས་པ་དང་། དེ་བཞིན
་དུ་ནང་པ་སྐད་ཅིག་རེ་རེ་ཞིང་ལྟ་བ་དག་སྨན་པ་ཡིན་ཏེ། སྐད་ཅིག་སྐད་ཅིག་ཅིང་གནས་སྐབས་ཐམས་ཅད་དུ་ཡང་དང་ཡང་དུ་རྒྱུན་མི་འཆད་པར་ལྟ་ཞིང་། རྟོག་པར་བྱེད་པའི་སྨན་པ་དེ་ལྟ་བུ་དེ་ནི་ནད་ཀྱི་གནས་སྐབས་ཀྱི་དབྱེ་བ་ཤེས་པ་ཡིན་ཏེ།
་དེ་ལྟར་ན་ནད་པ་སྐད་ཅིག་རེར་ཡང་ཡང་བལྟས་པས་དེ་ལས་རྣམས་ལ་སོགས་པ་སྐྱེ་བར་འགྱུར་བ་ཡིན་ནོ།། དེ་བས་དེ་ནི། གོམས་པས་ཉེས་པ་ཐོབ་འགྱུར་ཏེ།། ལོས་རྣམས་འགྲུབ་པར་གསལ་བྱེད་ཡིན།། ཞེས་བཤད་པ་ཡིན་ཏེ། གོམས
་པ་ནི་གསོ་བའི་ལས་ལ་ཡང་དང་ཡང་དུ་འཇུག་པས་ངེས་པ་ཤེས་པ་གསོ་བ་ཤོས་པའི་ངེས་པ་རྙེད་པར་འགྱུར་གྱི། གསོ་བའི་བསྟན་བཅོས་ཁོང་དུ་ཆུད་པ་འབའ་ཞིག་ཙམ་གྱིས་ནི་མ་ཡིན།། ཇི་ལྟ་བུའི་ངེས་པ་ཞེ་ན། ལས་རྣམས་འགྲུབ
་བར་གསལ་བྱེད་ཡིན་ཞེས་བྱ་བ་སྟེ། ལས་ཐམས་ཅད་འགྲུབ་པར་བྱེད་པ་ཡིན་པས་ན་ལས་འགྲུབ་པ་སྟེ། དེ་གསལ་བར་བྱེད་པ་ནི་སྣང་བར་བྱེད་པའོ།། འདི་ཉིད་ཀྱི་དཔེ་བསྟན་པའི་ཕྱིར།། རིན་ཆེན་ལ་སོགས་བཟང་ངན
་ཤེས་བསྟན་བཅོས་འབའ་ཞིག་ལས་མི་འབྱུང་།། ཞེས་བཤད་པ་ཡིན་ཏེ། མརྐང་ལ་སོགས་པ་འདི་དག་གི་བཟང་ངན་ཤེས་པ་གང་ཡིན་པ་ནི་གོམས་པ་ཁོ་ནའི་རྒྱུའི་གཙོ་བོ་ཡིན་ཏེ། དེས་འདི་ནི་བཟང་པོའོ།། འདི་ནི་ངན་པའོ་ཞེ་སྣ་རྟོགས
་པར་འགྱུར་ཏེ། འདིར་ནི་རིན་པོ་ཆེ་བརྟག་པའི་བསྟན་བཅོས་ཡོད་དུ་ཟིན་ཀྱང་། དེ་ཤེས་པར་འགྱུར་བའི་བསྟན་བཅོས་འབའ་ཞིག་ལས་མི་འབྱུང་སྟེ། དེ་ནི་རིན་པོ་ཆེ་མང་པོས་ལན་མང་དུ་མཐོང་བའི་གོམས་པ་ལས་འདི་ནི་རིན་པོ་ཆེ
་བཟང་པོ་ཡིན་ནོ།། འདི་ནི་མ་ཡིན་ནོ་ཞེས་ཤེས་པ་སྐྱེ་བར་འགྱུར་རོ།། དེ་བཞིན་དུ་གང་ཞིག་དམན་དཔྱད་ཀྱི་བསྟན་བཅོས་ཤེས་ཤིང་ཁོང་དུ་ཆུད་པ་དང་། དེ་བཞིན་དུ་ལུས་ལ་གོམས་ཤིང་བྱ་བའི་སྨན་པ་དེས་རབ་ཏུ་ཞི་བའི་ལས་བྱེད་ན།
་སྲོག་ཆགས་རྣམས་ཀྱི་སྲོག་སྟེར་བར་བྱེད་པ་ཡི་ནཱཾ་གྱི། ལས་ལ་གོམས་ཤིང་བྱུང་བར་མུ་བྱས་པར། གས་པའི་བསྟན་བཅོས་ཤེས་པ་འབེའ་ཞིག་གིས་ནི་མ་ཡིན་ལ། ཐོས་པ་མེད་པོར་གོམས་པ་འབའ་ཞིག་གིས་ཀྱང་མི་ཡིན་ནོ།།
་དེབས་ན་འབའ་ཞིག་ཅེས་བྱ་བའི་སྒྲ་སྨོས་པ་ཡིན་ཏེ། འདི་ལ་ནི་གཉི་ག་དགོས་པ་ཡིན་ནོ།། ནང་ནི་འདི་ལྟར་རྣམ་གསུམ་སྟེ།། ལ་ལ་ཚེ་འདིའི་ཉེས་ལས་བྱུང་།། ལ་ལ་སྔོན་གྱི་ཉེས་ལས་འབྱུང་།། གཞན་དག་དེ་གཉིས་འདྲེས
་ལས་འབྱུང་།། ཞེས་བྱ་བ་ལ། ནང་ལ་ལ་ནི་ཚེ་འདིའི་ཉེས་པ་ཞེས་པ་མཐོང་བའི་ཆོས་ཀྱི་ཉེས་པ་སྟེ། ནད་ཀྱི་རྒྱུ་ལ་ཉེས་པ་ཞེས་བྱའོ།། དེ་བཞིན་དུ་ལ་ལ་ནི་སྟོན་གྱི་ཉེས་པ་ལས་བྱུང་སྟེ། བདག་ཉིད་ཀྱིས་སྔོན་ལས་མི་དགེ་བ་བྱས་པའི
་ཉེས་པ་བྱས་པའི་རྣམ་པར་སྨིན་པ་ལས་བྱུང་བ་ཡིན་ནོ།། གཞན་ལ་ལ་དག་ནི་གཉིས་འདྲེས་ཤིང་འདུས་པ་ལས་འབྱུང་སྟེ། དེ་ལྟར་མཐོང་བའི་ཆོས་ཀྱི་ཚེ་འདིའི་ཉེས་པ་དང་། སྔོན་གྱི་ཉེས་པ་དང་། དེ་བཞིན་དུ་འདུས་པ་སྟེ། གསུམ་ཡོད
་པས་ན། དེ་ལྟར་ན་ནད་རྣམ་པ་གསུམ་ཡིན་པར་ཤེས་པར་བྱའོ།། ཡང་འདི་རྣམས་ཀྱི་མཚན་ཉིད་གོ་རི་མ་ཇི་ལྟ་བའི་དབང་དུ་བྱས་ནས་སྨྲས་པ་ནི། ཉེས་འབྱུང་ནད་གཞི་ཇི་བཞིན་པ།། ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། བཤད་པའི་ནད་གཞི
་དེ་དང་དེ་ཉིད་ཡིན་གྱི་ཚེ་འདིའི་ཉེས་པ་ལས་འབྱུང་བ་དེ་ཉིད་ནི་རླུང་དང་མཁྲིས་པ་དང་བད་ཀན་ལས་བྱུང་བ་ཡིན་ལ། དེ་ལ་དེ་ནི་ནང་གཞི་ཇི་ལྟ་བ་བཞིན་དུ་ཤེས་པར་བྱ་ཞིང་། ནད་གཞི་མོ་འཆོལ་བས་ནད་གང་ཡིན་པ་ལྡང་བའི་ནང་གཞི
་གང་དང་གང་ཡིན་པ་བཤད་པའི་ནང་འདི་ནང་གཞི་དེ་དང་དེ་ཉིད་ཡིན་གྱི་ནད་འདི་ནང་གཞི་གཞན་ལས་མི་འབྱུང་གི། རང་གི་ཉེས་པ་ཁོ་ན་ལས་བྱུང་བ་དེ་ནི་ཚེ་འདིའི་ཉེས་པ་ལས་བྱུང་བ་ཡིན་པར་ཤེས་པར་བྱའོ།། ལས་སྐྱེ་རྒྱུ་ནི་མེད་པ་ཡིན།
་ཞེས་བྱ་བ་ནི། ནང་གང་རྒྱུ་ཞེས་པ་ནད་གཞི་མེད་པར་ཉེས་པ་གང་ཡང་རུང་བ་ཞིག་ལས་བྱུང་བ་འདི་ནི་ལས་ལས་བྱུང་བའི་ནང་ཡིན་ནོ།། ཞེས་ངེས་པར་ཤེས་པར་བྱ་སྟེ། ནང་གཞི་ཇི་ལྟ་བའི་ཉེས་པ་ལས་བྱུང་བ་མི་ཡིན་པའི་ཕྱིར
་རོ།། རྒྱུ་ཆུང་པ་ལ་དཀྱིལ་ཚེའི་ནད། ཉེས་དང་ལས་ལས་བྱུང་བ་ཡིན།། ཞེས་བྱ་བ་ལ། ནང་གང་རྒྱུ་ཆུང་ངུ་ཞིག་ལས་དཀྱིལ་ཤིན་ཏུ་ཆེ་བར་སྣང་བ་དེ་ང་ག་ནི་ཇི་ལྟ་བའི་ཉེས་པ་ལས་བྱུང་བ་ཡིན་དུ་ཟིན་ཀྱང་། ནད་དེ་ངེས་པར་ནད
་གཞིའི་ངེས་པ་དང་། ལས་ཀྱི་ཉེས་པ་གཉིས་ཀ་ལས་བྱུང་བ་ཡིན་པར་ངེས་པར་ཤེས་པར་བྱའོ།། དེ་ནི་ནད་རྣམ་པ་གསུམ་པོ་འདི་དག་གི་གསོ་བ་སྨྲས་པ་ནི། དང་པོ་མི་མཐུན་བཟའ་བ་ཡིས།། ལས་སྐྱེས་ལས་ནི་ཟད་པ་སྟེ།། ཞེས་བྱ་བ་ཡིན་ཏེ། དང་པོ
་བཤད་པས་ན་དང་པོ་སྟེ། གང་ནང་གཞིའི་ཉེས་པ་འབའ་ཞིག་ལས་བྱུང་བ་ལ། ཇི་སྐད་དུ་བཤད་པའི་རླུང་ལ་སོགས་པའི་མི་མཐུན་པའི་གཉེན་པོར་གྱུར་པ། ཟོས་པ་ལས་ཟད་ཅིང་དེངས་པོར་འགྱུར་རོ།། ཞེས་ཚིག་སྦྱར་བར་བྱའོ།། ལས་ལས
་སྐྱེས་པ་ནི་མི་དགེ་བའི་ལས་དེ་ཉིད་བྱང་ཞིང་ཟད་པ་ལས་ནད་ཟད་པར་འགྱུར་རོ།། གཉི་ག་ལ་བྱུང་ཉེས་དང་ལས།། ཟད་པས་ཟད་པར་འགྱུར་བ་ཡིན།། ཞེས་བྱ་བ་ཡང་། ཚེ་གཉི་གའི་ཉེས་པ་དང་ལས་ལས་བྱུང་བའི་ནད་ནི་རྒྱུའི་ཉེས་པ་དང་། ནང
་རྒྱུའི་ལས་ཟད་ཅིང་འཇིགས་པས་ནད་དེ་མེད་པར་འགྱུར་བ་ཡིན་ནོ།། དེ་ལྟར་རེ་ཞིག་ནད་རྣམ་པ་གསུམ་དུ་བསྟན་ནས། ཡང་དབྱེ་བ་གཉིས་ཀྱི་དབང་དུ་བྱས་ནས་སྨྲས་པ་ནི། ནད་ནི་རང་རྒྱུད་གཞན་རྒྱུད་ལས། གཉིས་འགྱུར་ཞེས་བྱ་བ་ཡིན
་ཏེ། ནང་ནི་རང་གི་རྒྱུད་དང་གཞན་གྱི་རྒྱུད་ཀྱིས་རྣམ་པ་དག་ལས་གཉིས་སུ་འགྱུར་ཏེ། དེ་ལ་རང་གི་རྒྱུད་ནི་གཙོ་བོ་གེ་སྟེ། གཞན་གྱི་དབང་དུ་མ་གྱུར་པ་ཞེས་བྱ་བ་དང་དོན་གཅིག་གོ།། གཞན་གྱི་རྒྱུ་དེ་ནི་འཁོར་གཞན་ཡོད་པ་དང་། གཙོ་བོ་མ
་ཡིན་པ་དང་། རྗེས་སུ་འབྲང་བ་ཡིན་ཞེས་བྱ་བ་མིང་གི་རྣམ་གྲངས་ཡིན་ཏེ། མཐའ་མའང་གཉིས་ཡིན་ཏེ། སྔར་སྐྱེས་སྔ་མའི་ཚུལ་དུ་བཤད།། ཕྱིས་སྐྱེས་པ་ནི་བླ་གཉན་ཡིན།། མཐའ་ན། གཞན་རྒྱུད་ཅན་ཏེ།། མཐའ་མར་བསྟན་པས་ན་མཐའ་ཏེ།། གཞན
་ལྕེ་རྗེས་སུ་འབྲང་བའོ།། དེ་ཡང་རྣམ་པ་གཉིས་ཡིན་ཏེ།། སྔར་སྐྱེས་པ་ནི་གཅིག་གོ།། གཉིས་པ་ནི་ཕྱིས་ནས་སྐྱེས་པའོ།། དེ་ལས་གང་སྔོན་དུ་སྐྱེས་ཤིང་སྔར་བྱུང་བ་དེ་ནི་ན་རྣམས་ཀྱི་སྔ་བསྲེས་པའི་ནད་ཀྱི་ཚུལ་དུ་བཤད་དོ།། གང་ཕྱིས་འབྱུང་ཞིང་ནད་ཀྱི
་རྗེས་སུ་འབྲང་བ་ནི་ནད་ཀྱི་བླ་མཉེན་ཞེས་བྱ་བ་ཡིན་ནོ།། རང་གནས་ཅི་བཞིན་གནས་པ་ནི།། རང་རྒྱུད་ཅན་དེ་མཚན་ཉིད་གསལ།། ཞེས་བྱ་བ་ལ། གང་ཡང་རྒྱུད་དུ་སྒྲུབ་ཅིང་། རང་ཉིད་གཙོ་པོར་གྱུར་པ་དེ་ནི་མཚན་ཉིད་གསལ་བ་ཡི་ངྐ་ཏི། དེ་ནི་རང་གི་གནས
་ན་གནས་ཤིང་མཚན་ཉིད་གསལ་ལ། ཇི་ལྟ་བ་བཞིན་དུ་མངོན་པ་ཡིན་ཏེ། དེ་ནི་ཤེས་པར་སླ་བ་ཡིན་ནོ།། གཞན་དེ་དག་ལས་གོ་བོ་ཟློག། ཞེས་བྱ་བ་ལ་གང་དེ་ལས་གཞན་པ་སྔ་མའི་ཚུལ་དང་དེ་བཞིན་དུ་ཟླ་གཉེན་ཞེས་བྱ་བའི་ནང་དེ་ནི་རང་རྒྱུད་ཅན
་གྱི་ང་དེ་ལས་གོ་བཟློག་པ་སྟེ། རང་བཞིན་གོ་བཟློག་པ་ཡིན་པས། རང་གི་གནས་ན་ཇི་བཞིན་དུ་གང་བ་ལྷུར་མཚན་ཉིད་གསལ་བ་མ་ཡིན་ལཱ་གཞོན་གྱི་དབང་དུ་གྱུར་པས་ནཱ། གཞན་རྒྱུད་ཅན་ཞེས་བྱ་བའོ།། ཅི་ནང་འབའ་ཞིག་རང་རྒྱུད་དང་གཞན་རྒྱུད
་ཀྱིས་ཕྱེ་བའི་རང་གི་མཚན་ཉིད་ཇི་སྐད་དུ་བསྟན་པ་བཞིན་དུ་ཤེས་པར་བྱ་འམ། འོན་ཏེ་གཞན་དག་ཀྱང་དེ་ལྟར་ཤེས་པར་བྱ་ཞེ་ན། དེའི་ཕྱིར་སྨྲས་པ། དྲི་མའང་དེ་བཞིན་གཤེགས་པར་གྱིས། ཞེས་བྱ་བ་སྟེ
་ནད་འབའ་ཞིག་རང་རྒྱུད་དང་གཞན་རྒྱུད་ཅན་དུ་ཤེས་པར་བྱ་བ་འབའ་ཞིག་ཏུ་མ་ཟད་ཀྱི། དྲི་མའི་བར་ཡང་རླུང་དང་མཁྲིས་པ་དང་བང་ཀན་གྱི་རང་རྒྱུད་དང་གཞན་རྒྱུད་ཅན་དུ་ཤེས་པར་བྱའོ།། དེ་ནི་ནད་རེ་ལྡང་བ་ན།། མ
་ཡེངས་པས་ནི་ཤེས་བྱ་སྟེ། ཞེས་བྱ་བ་ལ། ནང་དེ་རང་གི་གནི་ས་ཇི་ལྟ་བ་བཞིན་དུ་གནས་པས་ཉེ་བར་གནས་པའི་རང་བཞིན་ཤེས་པར་བྱ་སྟེ། ནད་རེ་རེ་ལྡང་ཞིང་རྣམ་པར་གཡོས་པ་ན། སྨན་པས་མ་ཡེངས་ཤིང་དེ་ལ་གནད་པའི་སེམས་བསྡུས
་པས་ལུང་དང་། མངོན་སུམ་དང་རྗེས་སུ་དཔག་པས་ཤེས་པར་བྱའི། གཞན་དུ་ཡེངས་པས་ནི་མ་ཡིན་ནོ།། དེ་ལ་ནང་རང་རྒྱུད་ཅན་གྱི་རང་གི་སྐྱེ་བའི་མཚན་ཉིད་དང་། རྗེས་སུ་མཐུན་པའི་སྨན་ལ་སོགས་པས་བདེ་བར་གསོ་བ་ནི། དེའི་མཚན་ཉིད་ཀྱི
་དོན་བཤད་པ་ཡིན་ཏེ། དེ་བས་ན་དེ་ཉིད་དེའི་ཉེ་བར་ཞི་བའི་ཐབས་ཡིན་ནོ།། གཞན་རྒྱུད་ཅན་གྱི་ནང་རྣམ་ཞི་བར་བྱེད་པའི་ཐབས་གང་ཞིག་ཡིན་ཞེ་ན། དེའི་ཕྱིར་སྨྲས་པ། དེ་རྣམས་གཙོ་བོ་ཞི་བྱས་པས། ཞི་འགྱུར་ཞེས་བྱ་བ་སྟེ། གཞན་རྒྱུད་ཅན་གྱི
་ནད་དེ་རྣམས་ནི་གཙོ་བོ་མ་ཡིན་པས། གཙོ་བོ་རང་རྒྱུད་ཅན་ཞི་ཞིང་གསོ་བར་བྱས་པས། དེ་ཉེ་བར་འགྱུར་གྱི། ལོགས་ཤིན་ཏུ་གསོ་བས་གསོ་དགོས་པ་ནི་མ་ཡིན་ནོ།། ཞི་བར་མ་གྱུར་ན། དེ་བཞིན་ཕྱི་ནས་གསོ་བར་བྱ།། ཞེས་བྱ་བ་ལ། གལ་ཏེ
་གཙོ་བོའི་ནད་གསོས་ཀྱང་། གཙོ་བོ་མ་ཡིན་པའི་བློ་གཉེན་རང་རྒྱུད་ཅན་མ་ཡིན་པ་ཞི་བར་མ་གྱུར་ན། དེའི་ཚེ་ནང་བླ་གཉེན་དེ་ཡང་སྔ་མ་གསོས་པའི་རྗེས་ལ་གསོ་བར་བྱའོ།། དེ་བཏང་སྙོམས་སུ་མི་བཞག་སྟེ། དེ་ནི་གསོར་མི་རུང་བ་མ་ཡིན
་པའི་ཕྱིར་རོ།། འོན་ཏེ་བླ་གཉན་ཆབ་ཆེ་ན།། མྱུར་གསོ་ཞེས་བྱ་བ་ལ། གལ་ཏེ་ནད་གཞན་དབང་ཅན་བླ་གཉན་ཞེས་བྱ་བ་ཚབས་ཆེ་ཞིང་སྟོབས་དང་ལྡན་ན། དེའི་ཚེ་བླ་གཉན་ལས་བྱུང་བའི་ནད་ཚབས་པོ་ཆེ་དེ་མྱུར་པ་ཁོ་ནར་དང་པོར་གསོ་བར་བྱའི།། ཕྱིས་ནི་མ
་ཡིན་ནོ།། ཞེས་བྱ་བའི་དོན་ཏོ།། དེ་ནད་ཀྱིས་གཟིར་བའི། ལུས་ལ་ཤས་ཆེར་གནོད་བྱེད་ཡིན་ཞེས་བྱ་བ་ལ། གང་གི་ཕྱིར་ནང་བླ་གཉེན་དེ་ནི་སྔར་ནད་ཀྱིས་གཟིར་བའི་སྐྱེས་བུའི་ལུས་ལ་བླ་གཉེན་དེ་ཤས་ཆེར་གནོད་པར་བྱེད་པ་ཡིན་ཏོ། བླ་གཉེན་ཕྱིས
་འབྱུང་བ་ཡིན་དུ་ཟིན་ཀྱང་། ནད་ཀྱིས་ཉོན་མོངས་པའི་ལུས་ལ་འབྱུང་བས། ཤིན་ཏུ་གནོད་པར་བྱེད་པ་ཡིན་ཏེ། དཔེར་ན་གཅིན་འགགས་པས་འཐོར་བུ་འབྱུང་བ་ལ་སོགས་པ་ལྟ་བུའོ།། དེ་ལྟར་ན་གཞན་དབང་ཅན་གྱི་ནང་གཙོ་བོ་མ་ཡིན་པ་སྟོབས
་ཞན་པ་ནི་རང་དབང་ཅན་གྱི་ནང་གསོས་པས་ཞི་བར་འགྱུར་ལ། གཞན་དབང་ཅན་སྟོབས་ཆེ་ཞིང་ནང་ཚོབས་ཆེ་བ་ནི་ཕྱིས་འབྱུང་བ་ཡིན་ཡང་བླ་གཉེན་དེ་སྔ་མ་བ་སོས་བུ་འབྱུང་བ་ལ་སོགས་པ་ལྟ་བུའོ།། དེ་ལྟར་ན་གཞན་དབང་ཅན་གྱི་གཙོ་བོ་མ
་བས་ཞི་བར་འགྱུར་ཏེ། དེ་མ་བསོས་ན་ཚབས་ཆེ་བ་ཉིད་པའི་ཕྱིར་རོ།། དེ་ལྟར་ན་ནད་ཀྱི་མཚན་ཉིད་ཤེས་པར་བྱས་ནས། གང་ནད་མ་ལུས་པའི་རྣམ་པར་འགྱུར་བ་ཐམས་ཅད་ཀྱི་མིང་ནས་བཟུང་བའི་ཚུལ་དུ་བསྡུས་ཏེ་བསྟན་མོད་ཀྱི། མིང་མེད་པའི
་ནང་དག་ཀྱང་སྣང་བས་དེ་དག་ཀྱང་གསོ་བར་བྱ་སྟེ། གང་གི་ཕྱིར་ནད་གཞི་མེད་པར་ནད་ཀྱི་རྣམ་པར་འགྱུར་བ་ཡོད་མི་སྲིད་དོ།། དེ་བས་ན་འདིར་སྨྲས་པ་ནང་ལ་རྣམ་པར་མི་མཁས་ཞེས། ངོ་ཚ་ནམ་ཡང་མ་བྱེད་ཅིག། ནད་ཀྱི་འགྱུར་བ་ཐམས
་ཅད་ཀྱི།། མིང་གི་ངེས་བསྟན་ཡོད་མ་ཡིན།། ཞེས་བྱ་བ་ལ། ནད་ལ་རྣམ་པར་མི་མཁས་པ་ནི་སྨན་པས་ནད་ཀྱི་མིང་མ་ཤེས་པ་སྟེ། དེས་ངོ་ཚ་བར་མི་བྱ་སྟེ། བདག་ནི་ནད་རྣམས་ཀྱི་མིང་མི་ཤེས་པའོ།། ཞེས་ངོ་ཚ་ཉིད་དུ་མ་བྱེད་ཅིག་པའོ།།
་ཅིའི་ཕྱིར་ཞེ་ན། ནད་ཀྱི་འགྱུར་བ་ཐམས་ཅད་སྟེ། ནང་མ་ལུས་པ་རྣམས་ཀྱི་མིང་གི་ངེས་པ་འདི་དང་འདི་ཡིན་ཞེས་བསྟེན་པར་གནས་པར་གནས་པ་ཡོད་པ་མ་ཡིན་ནོ།། ཉེས་པ་དེ་ཉིད་འཁྲུགས་ནས་ནི། ཁྱད་པར་དུ་ནི་ལྡང་གྱུར་ནས།། གནས་གཞན་དག
་ཏུ་སོང་ནས་ནི། ནད་ནི་མང་པོར་བྱེད་པར་འགྱུར།། ཞེས་བྱ་བ་ལ། གང་གི་ཕྱིར་རླུང་ལ་སོགས་པའི་ཉེས་གང་ཡང་རུང་བ་ཅིག་པོ་དེ་ཉིད་འཁྲུགས་ཤིང་རྣམ་པར་ལྡང་བའི་ཁྱད་པར་གྱིས་གནས་གཞན་དང་གཞན་ད། ཏུ་སོང་ཞིང་ཕྱིན་ནད་རང་གི་གན
་སྤངས་ཏེ། གཞན་གྱི་གནས་དེ་དོང་དེར་སོང་བ་དང་། ནད་ཀྱི་རྣམ་པར་འགྱུར་བ་མང་པོ་གྲངས་མེད་པ་བསྐྱེད་ཅིང་འབྱིན་པར་བྱེད་དོ་དེ་བས་ནད་ཀྱི་རང་བཞིན་ནི། རང་གནས་གཞན་དུ་འཕོས་པ་དང་།། རྒྱུ་ཡི་ཁྱད་པར་ཤེས་བྱ་ལ།། སྨན་དཔྱད་ཀྱིས་གསོ
་མྱུར་ཏུ་བྱ།། ཞེས་བྱ་བ་ལ་གང་གི་ཕྱིར་དེ་ལྟར་ནད་གྲངས་མེད་པ་ཉིད་ཀྱིས་ན་ནད་ཀྱི་རྣམ་པར་འགྱུར་བ་འི་རྒྱུ་རླུང་ལ་སོགས་པ་ཡིན་པར་ཤེས་པར་བྱ་བ་ནི་ནད་དེ་རྣམས་གསོ་བར་མི་བྱའོ།། དེ་བཞིན་དུ་གཞན་དག་ཀྱང་ཤེས་ནས་རླུང་ལ་སོགས་པ
་དེ་རྣམས་འཁྲུགས་པའི་རྒྱུའི་ནད་གཞིའི་ཁྱད་པར་ཤེས་པར་བྱས་ལ། ནད་རྣམས་སྨན་དཔྱད་ཀྱིས་གསོ་ཞིང་ཞི་བ་མྱུར་ཞིང་རིངས་པ་ཉིད་དུ་བྱིའི་ནང་རྣམས་མི་ཤེས་པར་ནི་ནད་དེ་གོསོ་བར་མི་བྱའོ།། གལ་ཏེ་རྒྱུད་དང་རང་བཞིན་དག་ཐ་དད་པ་མ
་ཡིན་མོད་ཀྱི། འོན་ཀྱང་འདི་དག་གི་རང་གི་མཚན་ཉིད་ཀྱི་འཇུག་པ་ནི། ངེས་པར་ཁྱད་པར་ཡོད་པ་ཤྭེ་བ་བྱ་སྟེ། གང་གིས་རླུང་ལ་སོགས་པ་ཁྱད་པར་དུ་བྱེད་པ་དེ་ནི། དེའི་རང་བཞིན་ཡིན་ལ། རྩུབ་པ་ལ་སོགས་པས་ལྡང་བར་བྱེད་པ་དེ་ནི་རྒྱུ་ཞེས་བྱའི། རྩུབ་པ་ལ
་སོགས་པ་ལ་རང་བཞིན་ཞེས་མི་བྱ་སྟེ། རིང་བའི་རྒྱུ་ཡིན་པའི་ཕྱིར་རོ།། ཅི་དེ་ཙམ་ཞིག་ལས་སུ་བྱ་བ་ཉམས་སུ་བླངས་ནས། སྨན་པ་དོག་གསོ་བར་བྱེད་པ་ན། ཉེས་པ་མེད་པར་འགྱུར་བ་ཡིན་ནམ། འོན་ཏེ་གཞན་འགའ་ཞིག་ལ་ཡང་བལྟོས་པར་བྱེད
་དགོས་ཞེ་ན། དེའི་ཕྱིར་སྨྲས་པ་ནི། གནོད་བ་ཡུལ་དང་ཉམས་སྟོབས་དུས།། མེ་དྲོད་རང་བཞིན་ན་ཚོད་དང་།། སྙིང་སྟོབས་གོམས་དང་ཟད་རྣམས་ཀྱི།། གནས་སྐབས་རྣམ་པ་ཐ་དད་པ།། འདི་དག་ཕྲ་མོ་ཡན་ཆད་བརྟག། ནད་དང་སྨན་གྱི་ཚུལ་བརྟགས
་པས། གང་ཞིག་གོསོ་བ་ལ་འཇུག་ལ།། དེ་ནི་ནམ་ཡང་འཁྲུལ་མི་འགྱུར།། ཞེས་བྱ་བ་ཡིན་ཏེ། འདི་དག་གི་མཚམས་སྦྱོར་མ་བྱས་པས་གནོད་བྱ་ལ་སོགས་པ་རེ་རེ་ཞིང་རང་རྒྱུད་དུ་སོ་སོར་མ་ལུས་པར་བརྟགས་ལ། ཇི་ལྟ་བ་བཞིན་དུ་ཤེས་པར་བྱ་བ
་དང་། དེ་བཞིན་དུ་ནད་ཀྱང་ཤེས་པར་བྱ་བ་དང་། གནོད་བྱ་ལ་སོགས་པ་དང་དེ་རྣམས་ཕྲ་བ་དང་། ཕྲ་བའི་ཡང་ཕྲ་བ་དང་། ཤིན་ཏུ་ཕྲ་ཞིང་ཤེས་པར་དཀའ་བ་ཡན་ཆད་ཀྱི་གནས་སྐབས་ལེགས་པར་བརྟག་པའི་ཚུལ་སྣ་ཚོགས་པ་དང་། ནད་དང་སྨྱོན
་གྱི་ཚུལ་བརྟགས་ཤིང་ཡོངས་སུ་ཤེས་པར་བྱ་བས་ངེས་པོར་བྱས་ནས། སྨན་པ་གང་ཞིག་གསོ་ཞིང་ནད་གསལ་བ་ལ་འཇུག་པ་དེ་ནི། དུས་ནམ་ཡང་གསོ་བ་དང་སྨན་གྱི་སྦྱོར་བ་དེ་ལ་འཁྲུལ་ཞིང་ཉེས་པ་དང་ལྡན་པར་མི་འགྱུར་ཏེ། འདོད་པའི་དོན
་རྫོགས་པར་བྱེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏེ། ཡུ་ལ་དེ་ལ་ལོག་པར་སྒྲུབ་མི་འགྱུར་བའོ།། དེ་ལ་གནོད་བྱ་ནི་ལུས་ཟུངས་དང་དྲི་མ་རྣམས་སྷོ།། སུལ་ནི་ས་ཕྱོགས་ཀྱི་ཡུལ་དང་ལུས་ཀྱི་སུལ་ལོ།། དེ་ཡང་སྒྱུམས་དང་། རྦན།
་ཅན་དང་། གཉིས་ཀ་འདྲེས་པའི་དབྱེ་བོས་ཕྱེ་བའོ།། ཉམས་སྟོབས་ནི་རྣམ་པ་གསུམ་སྟེ། ལྷན་ཅིག་སྐྱེས་པ་དང་། དུས་ཀྱིས་སྐྱེད་པ་དང་། སྦྱོར་བས་སྐྱེད་པའོ།། དུས་ནི་རྣམ་པ་གསུམ་སྟེ། གྲང་བ་དང་ཚ་བ་དང་ཆར་གྱི་དུས་སོ།། མེ་དྲོད་ནི་རྣམ་པ
་བཞི་སྟེ། སྙོམས་པ་དང་མ་སྙོམས་པ་དང་དྲག་པ་དང་ཞན་པའོ།། རང་བཞིན་ནི་བདུན་ཏེ། ནང་གཞི་རེ་རེ་དང་། གཉིས་གཉིས་དང་། ཆ་མཉམ་པའོ།། ན་ཚོད་ནི་གསུམ་སྟེ། བྱིས་པ་དང་དར་ལ་བབ་པ་དང་། རྒན་པོའོ།། སྙིང་སྟོབས་ནི་རྣམ
་པ་གསུམ་སྟེ། སྙིང་སྟོབས་དང་རྡུལ་དང་། མུན་པའི་དབྱེ་བས་སོ།། གོམས་པ་ནི་གསུམ་སྟེ། མཆོག་དང་། བར་མ་དང་། ཐ་མའི་དབྱེ་བས་སོ།། ཟས་ནི་རྣམ་པ་གཉིས་ཏེ། ཕན་པ་དང་གནོད་པ་ཉིད་ཀྱིས་སོ།། དེ་ལྟ་བུའི་གནས་སྐབས་བཅུ་སོ་སོར
་བརྟགས་པས། བརྟག་པ་དང་། དེ་བཞིན་དུ་བཅུ་པོ་འདི་དག་ཉིད་ཀྱི་ཕྲ་མོ་སྟེ། ཤིན་ཏུ་ཤེས་པར་དཀའ་བའི་གནས་སྐབས་ཡན་ཆད་བརྟགས་པས་ཤེས་པར་བྱས་ན། དེ་གསོ་བ་ལ་ནམ་ཡང་འཁྲུལ་པར་མི་འགྱུར་གྱི་གལ་ཏེ་གནས་སྐབས
་དེ་དག་སྨན་བས་མ་བརྟགས་པར་བྱེད་ན་ནི་ནོད་པ་གསོད་པར་འགྱུར་བ་ཡིན་ནོ།། ནད་དཀྱིལ་ཆེ་འམ་ཆུང་བ་དག། ཕོག་སྟ་ལུས་ཉམས་ཆེ་ཆུང་ལས།། གནོད་པར་བྱེད་པར་སྣང་གྱུར་པས།། དེ་ལའང་མ་ཡེངས་ཉིད་དུ་བྱ།། ཞེས་བྱ་བ་ལ། ཕོག
་སྙ་ཆེ་བ་དང་། ལུས་ཀྱི་ཉམ་ཆེ་བ་ལ། དང་པོར་ནད་དཀྱིལ་ཆེ་ཞིང་སྟོབས་དང་ལྡན་པ་བྱུང་དུ་ཟིན་ཀྱང་། སྟོབས་ཆུང་བ་ལྟ་བུར་ཤེས་པར་བྱ་སྟེ། ཅིའི་ཕྱིར་ཞེ་ན། སྙིང་སྟོབས་དང་། ལུས་ཀྱི་ཉམ་གཉིས་ཤིན་ཏུ་ཆེ་བ་ཡིན་པའི་ཕྱིར་རོ།། དེ་བཞིན་དུ་ཕོག་སྙ
་ཆུང་བ་དང་། ལུས་ཀྱི་ཉམ་ཤིན་ཏུ་ཆུང་བ་ལ། ནད་ཡང་བ་ཞིག་བྱུང་དུ་ཟིན་ཀྱང་། ཆེ་བ་ལྟ་བུར་ཤེས་པར་བྱ་སྟེ། སྙིང་སྟོབས་དང་ལུས་ཀྱི་ཉམ་ཆུང་བ་ཉིད་ཡིན་པའི་ཕྱིར་རོ།། དེ་ལྟར་ཕོག་སྐུ་དང་། ལུས་ཀྱི་ཉམ་ཆེ་བ་དང་། ཆུང་བ་ལས་ནད་ཀྱི
་དཀྱིལ་ཆེ་བ་འམ་ཆུང་བ་གནོད་པར་བྱེད་པ་གཞན་དང་གཞན་དུ་སྣང་བར་འགྱུར་གྱི། ནད་ཀྱི་མཚན་ཉིད་ཇི་ལྟ་བ་བཞིན་དུ་མ་ཡིན་ནོ།། འང་ཞེས་བྱ་བའི་སྒྲས་ནི་ནད་ཀྱི་དཀྱིལ་ཆེ་ཆུང་ཅིག་ཁོ་ནར་སྣང་བ་ནི་མ་ཡིན་ནོ།། དེ་བས་ན་ནད་ཀྱི་གནས་སྐབས
་འདིར་དང་པོར་ནད་གཞི་ནས་བཟུང་སྟེ། གནས་སྐབས་ཀུན་ལ་སྨན་པས་མ་ཡེངས་པ་ཉིད་དུ་བྱ་དགོས་སོ་ཞེས་བྱ་བའི་དོན་ཏོ།། སྨན་པ་ངན་པས་ནོད་རྣམས་ནི།། ལྕི་བ་ཡང་བར་ཡོངས་རྟོགས་ཅིང་།། ནང་ཉུང་དག་ཏུ་བརྟགས་པ་ཡིས།། གསོ་བའི
་ལོག་པ་དག་ཏུ་འགྱུར།། ཞེས་བྱ་བ་ལ་གང་སྨན་པ་ངན་ཅིང་མི་ཤེས་པ་དེ་ནི་ནད་ཀྱི་དབྱིབས་ཙམ་མཐོང་བ་ལོས། ནང་ལྕི་བ་ཡང་བ་ལྟ་བུར་རྟོག་ཅིང་ངེས་པར་བྱེད་དེ། ནད་ཉུང་བར་བརྟགས་པས་ནད་ཀྱི་ཚད་ཆུང་བར་ངེས་པར་བྱས་པའི་ཕྱིར།
་གསོ་བ་ལོག་པར་བྱེད་པ་འགྱུར་ལ། ནད་ཆུང་ངུ་དག་ནད་ཆེ་བ། ནད་ཚབས་ལྕི་བ་ཉེས་པ་ལྟོར་བྱེད་དེ། དེ་ལྟར་ན་ནད་ཡང་བ་ནི་ལྕི་བ་ལྟ་བུར་ཉེས་པ་མང་བར་རྟོག་ལ། ལྕི་བ་ནི་ཡང་བ་ལྟ་བུར་རྟོག་པས། ནད་ཆུང་ངུ་ལ་ནད་ལྕི་བ་ལས་འོས་པོའི་སྨན་སྟོར
་བར་བྱེད་ལ། ནད་ལྕི་བ་ལ་ནི་ནད་ཡང་བ་ལ་འོས་པའི་སྨན་སྟེར་བས་གསོ་བ་ལོག་པ་དག་ཏུ་འགྱུར་རོ།། དེ་བས་ཆུང་བ་འམ་སྟོབས་ཆུང་བ། དཀྱིལ་ཆེན་ནད་ལ་རབ་ཏུ་སྦྱོར།། སྨྱུང་བ་ཆུང་ངུ་སྦྱར་བ་ཡིས།། ནད་ནི་ཤིན་ཏུ
་སློང་བ་ཡིན།། ཞེས་བྱ་བ་ལ་གང་གི་ཕྱིར་དེ་ལྟར་བྱེད་པ་དེ་བས་ན། ཚད་ཆུང་བས་ཆུང་བ་འམ། སྟོབས་ཆུང་བ་འམ། ནད་ཀྱི་དཀྱིལ་ཆུང་བར་བརྟགས་པས་ནད་དཀྱིལ་ཆེན་པོ་སྟོབས་དང་ལྡན་པ་ལོ།། སྨྱན་དེ་རབ་ཏུ་སྦྱོར་ཞིང་སྟེར་བར་བྱེད་པས་སྦྱར
་བ་ཆུང་ངུར་སྦྱར་ཞིང་བཏང་བས། མད་དོ་ཤིན་ཏུ་སློངས་ཤིང་དཀྲུགས་པས་སྐུར་ཐུ་བར་བྱེད་པར་འགྱུར་རོ།། སྦྱར་བའང་ལྷག་པར་སྦྱོར་བ་དང་།། ལོག་པར་སྦྱོར་བས་ཕྱིན་ཅི་ལོག། དྲི་མ་འབྱུང་བ.རརེ་མ་ཟད་ཀྱི།། ལུས་ཀྱང་ཤིན་ཏུ་མ་རུངས་འགྱུར།། ཞོས
་བྱ་བ་ལ། སྦྱང་བར་བྱེད་པ་ན་ནད་ཤས་ཆེ་བར་བརྟགས་པས་ཤས་ཆེ་བའི་སྦྱོར་བ་བྱེད་པ་དང་། ལོག་པར་སྦྱོར་བ་སྟེ། ནད་ཆུང་ངུ་ལ་ཕྱིན་ཅི་ལོག་ཏུ་སྦྱོ་ང་བ་ལ་སྦྱོར་བར་བྱེད་པའོ།། ཅིའི་ཕྱིར་ཕྱིན་ཅི་ལོག་ཡིན་ཞེ་ན། རང་བཞིན་ཆུང་ཞིང་སྟོབས
་ཆུང་བ་ལས་ཚད་ཆེ་བོ་སྟོབས་ཆེ་བའི་སྦྱོང་བ་ལ་སྦྱོར་བ་ནི། ལྷག་པར་སྦྱོང་བ་ཡིན་པས། དེས་དྲི་མ་འདའ་ཞིག་འབྱུང་ཞིང་ཟད་པར་འགྱུར་བར་མ་ཟོད་ཀྱི། ལུས་ཀྱང་ཤིན་ཏུ་འཇིག་ཅིང་མ་རུངས་པོ་ཉིད་དུ་འགྱུར་རོ།། དེ་བས་བརྟག་ཏུ་བརྩོན་པ་དང་།
་ཐམས་ཅད་ཀུན་ཏུ་ལེགས་བརྟགས་ནས།། ཅི་ན་སོ་ནད་མེད་བརྟན་གྱུར་པོ།། དེ་ལྟར་སྨན་དཔྱད་སྦྱར་བར་གྱིས།། ཞེས་བྱ་བ་ལ། གང་གི་ཕྱིར་ཚུལ་དེ་ལྟར་ནད་རྣམས་ཀྱི་མཚན་ཉིད་རྟོགས་པ་ཤེས་པར་དཀའ་བ་ཡིན་པའི་རྒྱུད་དེ་བས་ན་སྨན་པ
་ཤེས་རབ་དང་ལྡན་པས་བརྩོན་ཞིང་འབད་པ་དང་ལྡན་པས་དངོས་པོ་ཐམས་ཅད་དུས་ཀུན་ཏུ་གནོད་བྱ་ལ་སོགས་པའི་དངོས་རྣམས་ལ། ལེགས་པར་དཔྱད་ཅིང་བརྟགས་ནས་རྣམ་པ་ཐམས་ཅད་དུ་ཅི་ནད་ཀྱང་ཚེའི་རིག་བྱེད་ཀྱི་རྗེས་སུ་འབྲང་བ་འམ་དེའི
་བསྟན་བཅོས་ལས་བཤད་པ་བཞིན་དུ་བྱས་ལ། ནད་མེད་པ་བསྟན་པར་བྱ་བའི་ཕྱིར་སྨན་དཔྱིད་དག་མཁས་ཤིང་གསལ་བས་སྦྱར་བར་བྱ་སྟེ། རྣམ་པ་དེ་ལྟ་བུས་ནང་དང་ལུས་ཟུངས་ལ་སོགས་པ་དང་། རྗེས་སུ་མཐུན་པོའི་རྣམ་པ་གང་གིས་སྨན་དེ་བྱིན་པ་ན
་ནད་མེད་པ་ཉིད་དུ་འགྱུར་བ་དེ་ལྟར་བྱའོ།། སྔར་ཉེས་པ་དང་དེ་ཉིད་ནད་ཐམས་ཅད་ཀྱི་རྒྱུ་ཡིན་པར་བཤད་ནས། དེའི་འོག་ཏུ་ནད་དེ་རྣམས་གནོད་པར་བྱ་བ་ལ་སོགས་པའི་རྣམ་པར་བརྟགས་ནས་བཤད་པ་ཡིན་ནོ།། དེ་བས་ན་འདིར་སྨྲས་པ་ནི།
་དེ་ནས་གཞན་ཡང་ནད་རྣམས་ནི།། འོ་ཕེལ་ཟད་དབྱེ་བས་བཤད་བྱ་སྟེ།། ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དེ་ནས་དེའི་རྗེས་ཐོགས་ལ། ནད་དེ་རྣམས་ཀྱི་དབྱེ་བོ་བཤད་ཅིང་བསྟན་པར་བྱའོ།། ཅི་ལྟར་དབྱེ་བས་ཅི་བྱེ་ཞེ་ན། འཕེལ་ཟང་དབྱེ་བས་ཞེས་བྱ་བ
་སྟེ། འཕེལ་བ་དང་ཟད་པ་ནི་འཕེལ་ཟད་དེ། དེ་གཽཉིས་ཀྱི་དབྱེ་བོའི་ཁྱད་པཔོ་དེ་ལས་བཤད་ཅིང་བསྟན་པར་བྱའོ།། ཐ་དད་པ་ལ་གསུམ་ཞེས་བྱ།། ལྡན་གསུམ་དེར་ཡང་དེ་དགུ་ཡིན།། མཉམ་པར་འཕེལ་བས་གསུམ་ཉིད་དེ།། གཅིག་རབ་ལྷག་ལོས
་དྲུག་ཏུ་འགྱུར།། མ་ལུས་པ་ལས་བཅུ་གསུམ་ཡིན།། གཉིས་གཅིག་ལྷག་པ་ལས་དྲུག་སྟེ།། མཚུངས་ལས་གཅིག་ཡིན་རབ་དང་ནི།། རབ་མཆོག་བརྟགས་པ་ལས་དྲུག་ཡིན།། དེ་ལྟར་ཉི་ཤུ་རྩ་ལྔ་ནི།། འཕེལ་བའོ་ཟད་པའང་དེ་སྙེད་ཡིན།། དེ
་དག་རེ་རེ་འཕེལ་མཉམ་ཟད།། དྲུག་སྟེ་སླར་ཡང་དེ་དག་ནི།། གཅིག་ཟད་གཉིས་གཉིས་འཕེལ་བ་ནི།། གོ་བཟློག་བཅས་ལས་དྲུག་ཏུ་འགྱུར།། དབྱེ་བ་དྲུག་ཅུ་གཉིས་སུ་བསྟན།། དྲུག་ཅུ་གསུམ་པ་བདེར་གནས་རྒྱུ།། ཞེས་བྱ་བ
་ལ། རླུང་ལ་སོགས་པ་གསུམ་པོ་དེ་དག་སོ་སོ་ཐ་དད་པ་ལས་གསུམ་ཡིན་ལ། རང་གི་ཚད་ལས་ལྷག་པས་ན་གསུམ་གསུམ་དུ་འགྱུར་བས་དགུར་ཤེས་པར་བྱའོ།། དེ་ཡང་རླུང་འཕེལ་བ་དང་། མཁྲིས་པ་འཕེལ་བ་དང་བད་ཀན་འཕེལ་བ་སྟེ། དེ་ལྟ་ར་ནད་ཀྱི་དབྱེ
་བབ་རྣམ་པ་གསུམ་དུ་ཤེས་པར་བྱ་བ་དང་ལྡན་པ་དང་འདུས་པའོ།། དེ་གཉིས་དང་གསུམ་ཟད་པ་ལས་འཁྲུག་པ་ལས་འགྱུར་ཏེ། འདུས་པ་ནི་ཉེས་པ་འདུས་པ་ལས་འགྱུར་རོ།། དེ་ལ་རེ་ཞིག་ལྡན་པ་ནི་གསུམ་སྟེ། རླུང་དང་མཁྲིས་པ་དང་རླུང་དང་བད་ཀན
་དང་མཁྲིས་པ་དང་། བད་ཀན་ནཽ།། ལྡན་པ་དེར་རྣམ་པ་གསུམ་དུ་བཞག་པའི་ནད་ཀྱི་དབྱེ་བ་རང་གི་ཚང་ལས་ལྷག་པར་གྱུར་པ་དེ་ལ་ཤེས་པར་བྱའོ།། ཞེས་འདི་ཐམས་ཅད་ལ་སྦྱར་བར་བྱའོ།། ཇི་ལྟར་ཞེ་ན། དེ་ལ་རེ་ཞིག་ལྡན་པའི་ནད་ཀྱི་དབྱེ་བ་གསུམ
་པོ་ཉིད་འཕེལ་བ་ལས། གཅིག་ནི་རླུང་དང་མཁྲིས་པར་ལྡན་པ། ལྷག་པར་གྱུར་པས་ཕྱེ་བའོ།། གཉིས་པ་ནི་བད་ཀན་གྱི་ལྡན་པ་ལྷག་པར་གྱུར་པས་ཕྱེ་བའོ།། གཉིས་པ་ནི་བད་ཀོན་གྱི་ལྡན་པ་ལྷག་པར་གྱུར་པས་ཕྱེ་བའོ།། གསུམ་པ་ནི་མཁྲིས་པ་དང
་བད་ཀན་གྱིས་ལྡན་པ་ལྷག་པར་གྱུར་པས་ཕྱེ་བ་སྟེ། དེ་ལྟར་ན་ལྡན་པའི་དབྱེ་བ་གསུམ་དུ་ཤེས་པར་བྱའོ།། ཤིན་ཏུ་ལྷག་པས་གཅིག་དྲུག་འགྱུར་ཞེས་བྱ་བ་ལ་ནི་ལྡན་པ་གནས་པའི་ནད་འདི་དག་ལྔ་ནད་ཤིན་ཏུ་ལྷོག་ཅིང་ཁྱད་པར་དུ་འཕེལ་བས
་ལྡན་པའི་དབྱེ་བ་དྲུག་ཏུ་འགྱུར་བར་ཤེས་པར་བྱ་སྟེ། རླུང་འཕེལ་བ་དང་། མཁྲིས་པ་མཆོག་ཏུ་འཕེལ་བ་དང་། མཁྲིས་པ་འཕེལ་བ་དང་། རླུང་མཆོག་ཏུ་འཕེལ་བ་དང་། རླུང་འཕེལ་བ་དང་། བད་ཀན་མཆོག་ཏུ་འཕེལ་བ་དང་། བད་ཀན་འཕེལ་བ་དང་།
་རླུང་མཆོག་ཏུ་འཕེལ་བ་དང་། བད་ཀན་འཕེལ་བ་དང་། མཁྲིས་པ་མཆོག་ཏུ་འཕེལ་བ་དང་། མཁྲིས་པ་འཕེལ་བ་དང་། བད་ཀན་མཆོག་ཏུ་འཕེལ་བ་དང་། དེ་ལྟར་ན་འཕེལ་བ་ཤྭས་ཆུ་ཆུང་འདྲེས་པ་ལས་ལྡན་པ་དྲུག་ཏུ་འགྱུར་རོ།། མ་ལུས་པ་ལ་བཅུ
་གསུམ་ཡིན་ཞེས་བྱ་བ་ནི། ནད་གསུམ་པོ་དེ་དག་མ་ལུས་པ་འདུས་པ་ལས་འདུས་པའི་ནད་བཅུ་གསུམ་དུ་འགྱུར་བར་ཤེས་པར་བྱ་སྟེ། ཅི་ལྟར་ཞེ་ན། ལྷག་པ་ཡིས་ཀྱང་དྲུག་གཉིས་གཅིག་ཅེས་བྱ་བ་སྟེ། གཉིས་དང་གཅིག་ནི་གཉིས་གཅིག་སྟེ།
་དེ་རྣམས་ཀྱི་ལྷག་པ་ཡིན་པས་ན། ལྷག་པ་ཡིས་གཉིས་གཅིག་སྟེ། གཉིས་དང་གཅིག་གིས་ལྷག་པ་དེ་འཕེལ་བར་གྱུར་པས། ནད་གཉིས་ལྷག་པ་དང་གཅིག་ལྷག་པ་ལས་འདི་དག་ཏུ་འགྱུར་ཏེ། དེ་ཡང་རླུང་འཕེལ་བ་དང་། མཁྲིས་པ་དང
་བད་ཀན་གཉིས་མཆོག་ཏུ་འཕེལ་བ་དང་། མཁྲིས་པ་འཕེལ་བ་དང་། རླུང་དང་བད་ཀན་མཆོག་ཏུ་འཕེལ་བ་དང་། བད་ཀན་འཕེལ་བ་དང་། མཁྲིས་པ་དང་རླུང་མཆོག་ཏུ་འཕེལ་བ་དང་། རླུང་དང་མཁྲིས་པ་འཕེལ་བ་དང་། བད་ཀན་མཆོག་ཏུ
་འཕེལ་བ་དང་། མཁྲིས་པ་དང་བད་ཀན་འཕེལ་བ་དང་། རླུང་མཆོག་ཏུ་འཕེལ་བ་དང་། རླུང་དང་བད་ཀན་འཕེལ་བ་དང་། མཁྲིས་པ་མཆོག་ཏུ་འཕེལ་བ་སྟེ། དེ་ལྟར་འདུས་པ་དྲུག་གི་རྣམ་པར་དབྱེ་བས་གཉིས་དང་གཅིག་ལྷག་པ་ཡིན་པར
་ཤེས་པར་བྱའོ།། ལྷག་པ་མཚུངས་པས་གཅིག་ཡིན་ལ། འདུས་པའི་ནད་གཅིག་པུའི་དབྱེ་བས་མཚུངས་པའི་ལྷག་པའི་ཉེས་པས་ཤེས་པར་བྱའོ།། དེ་ཡང་གང་ལྷག་པའི་ཉེས་པ་མཚུངས་ཤིང་མཉམ་པར་བྱས་ནས། དེ
་འདུས་པའི་ནད་ཀྱི་དབྱེ་བ་གཅིག་ཡིན་པོར་ཤེས་པར་བྱའོ།། རབ་དང་རབ་མཆོག་བརྟག་པས་དྲུག། དེ་ཡང་རབ་མ་ཆོག་གི་དབྱེ་བས་འདུས་པའི་ནད་དེ་རྣམ་པར་བརྟག་པའི་དབྱེ་བས་འཕེལ་བའི་ཚུལ་ལས་འདུས་པའི་དབྱེ་བ་དྲུག་ཏུ་ཤེས་པར་བྱ་སྟེ།
་རླུང་འཕེལ་བ་དང་། མཁྲིས་པ་རབ་ཏུ་འཕེལ་བ་དང་། བིད་ཀན་རབ་མཆོག་ཏུ་འཕེལ་བ་འདུས་པ་དང་། མཁྲིས་པ་འཕེལ་བ་དང་། བད་ཀན་རབ་ཏུ་འཕེལ་བ་དང་། རླུང་རབ་མཆོག་ཏུ་འཕེལ་བ་འདུས་པ་དང་། བད་ཀན་འཕེལ་བ་དང་། མཁྲིས
་པ་རབ་ཏུ་འཕེལ་བ་དང་། རླུང་རབ་མཆོག་ཏུ་འཕེལ་བ་འདུས་པ་དང་། རླུང་འཕེལ་བ་དང་། བད་ཀན་རབ་ཏུ་འཕེལ་བ་དང་། མཁྲིས་པ་རབ་མཆོག་ཏུ་འཕེལ་བ་འདུས་པ་དང་། མཁྲིས་པ་འཕེལ་བ་དང་། བཱད་ཀན་རབ་ཏུ་འཕེལ་བ་དང་། རླུང
་རབ་མཆོག་ཏུ་འཕེལ་བ་འདུས་པ་དང་། བད་ཀན་འཕེལ་བ་དང་། མཱ་ཁྲིས་རླུང་རབ་ཏུ་འཕེལ་བ་དང་། མཁྲིས་པ་རབ་མཆོག་ཏུ་འཕྲུལ་བ་འདུས་པ་སྟེ། དེ་ལྟར་དྲུག་གོ།། དེ་ལྟར་ཉི་ཤུ་རྩ་ལྔ་ནི་འཕེལ་བའོ་ཞེས་བྱ་བ་ནི། ནད་འདི་དག་ནི་ནད་ཀྱི་དབྱེ་བ
་ཤེས་པར་བྱ་སྟེ། དེ་ལྟར་ཇི་སྐད་དུ་བཤད་པའི་རྣམ་པ་དེ་དག་གིས་ནད་ཀྱི་གྲངས་ཉི་ཤུ་རྩ་ལྔར་ངེས་པ་ཉིད་དུ་ཤེས་པར་བྱའོ།། ཟད་པའང་དེ་སྙེད་ཡིན་ཞེས་བྱ་བ་ལ། ནད་དེ་རྣམས་ཟད་ཅིང་འབྲི་བར་བྱེད་པའི་གནས་སྐབས་སུ་ཡང་གྲངས
་དེ་སྙེད་ཁོ་ན་ཡིན་ཏེ། ནད་ཀྱི་དབྱེ་བའང་ཉི་ཤུ་རྩ་ལྟར་འགྱུར་བར་ཤེས་པར་བྱའོ།། དེ་ཡང་ནང་གཞི་གསུམ་པོ་སོ་སོ་བད་པ་ལས་གསུམ་དུ་འགྱུར་ཏེ། རླུང་ཟད་པ་དང་། མཁྲིས་པ་ཟད་པ་དང་། བད་ཀནཱ་ཟད་པ་སྟེ། དེ་ལྟར་ནད་ཀྱི་དབྱེ་བ་གསུམ
་དུ་ཤེས་པར་བྱའོ།། ནད་ཟད་པ་གང་ཡིན་པ་དེ་དག་གི་ལྡན་པ་ནི་དགུར་ཤེས་པར་བྱ་སྟེ། ཇི་ལྟར་ཞེ་ན། གསུམ་པོ་དེ་ཉིད་ཟད་པར་མཉམ་པ་ལས་ལྡན་པའི་དབྱེ་བར་འགྱུར་བའི་རླུང་དང་། མཁྲིས་པ་ཟད་པའི་ལྡན་པ་དང་། རླུང་དང་བད་ཀན་ཟད་པའི
་ལྡན་པ་དང་། མཁྲིས་པ་དང་བད་ཀུནྡ་ཟད་པའི་ལྡན་པ་སྟེ་དེ་ལྟར་ན་ལྡན་པའི་དབྱེ་བ་གསུམ་དང་རི་རེ་ལྷག་པར་ཤེས་ཆེ་བ་དྲུག་སྟེ་ཤིན་ཏུ་ཤས་ཆི་བ་ནི་ནད་གཞན་དག་ལས་བལྟོས་པའི་ཟད་པ་ལྷག་པར་ཤེས་ཆེ་བ་སྟེ། རླུང་ཟད་པ་དང་། མཁྲིས
་བ་རབ་ཏུ་ཟད་པའི་ལྡན་པ་དང་། མཁྲིས་པ་ཟད་པ་དང་། རླུང་རབ་ཏུ་ཟད་པའི་ལྡན་པ་དང་། རླུང་ཟད་པ་དང་། བད་ཀན་རབ་ཏུ་ཟད་པའི་ལྡན་པ་དང་། བད་ཀན་ཟད་པ་དང་། རླུང་རབ་ཏུ་ཟད་པའི་ལྡན་པ་དང་། བད་ཀན་ཟད་པ་དང་། མཁྲིས་པ་རབ
་ཏུ་ཟད་པའི་ལྡན་པ་དང་། མཁྲིས་པ་ཟད་པ་དང་། བད་ཀན་རབ་ཏུ་ཟད་པའི་ལྡན་པ་སྟེ། དེ་ལྟར་ནད་ཟད་པའི་ལྡན་པ་ལས་བྱུང་བའི་དབྱེ་བ་དྲུག་ཏུ་ཤེས་པར་བྱའོ།། ན་དུ་གཞི་ཟད་པའི་འདུས་པ་ལས་ནད་ཀྱི་དབྱེ་བ་བཅུ་གསུམ་དུ་འགྱུར་བར་ཤེས
་པར་བྱ་སྟེ། ཇི་ལྟར་ཞེ་ན། གཉིས་དང་གཅིག་ལྷག་པར་ཤས་ཆེ་བ་དྲུག་སྟེ། ནང་གཞི་གཉིས་ལྷག་པར་ཤས་ཆེ་བར་ཤིན་ཏུ་ཟད་པོ་དང་། དེ་བཞིན་དུ་ནད་གཞི་གཅིག་ལྷག་པར་ཤས་ཆེ་བར་ཤིན་ཏུ་ཟད་པོའི་རྣམ་གྲངས་ལས་འདུས་པའི
་ནད་དྲུག་ཏུ་འགྱུར་བར་ཤེས་པར་བྱའོ།། དེ་ཡང་འདི་ལྟར་རླུང་ཟད་པ་དང་། མཁྲིས་པ་དང་བཱད་ཀན་རབ་ཏུ་ཟད་པའི་འདུས་པ་དང་། མཁྲིས་པ་ཟད་པ་དང་། རླུང་དང་བུད་ཀན་རབ་ཏུ་ཟད་པའི་འདུས་པ་དང་། བད་ཀན
་ཟད་པ་དང་། མཁྲིས་པ་དང་རླུང་རབ་ཏུ་ཟད་པོའི་འདུས་པ་དང་། རླུང་དང་མཁྲིས་པ་ཟད་པ་དང་། བདེ་ཀན་རབ་ཏུ་ཟད་པའི་འདུས་པ་དང་། མཁྲིས་པ་དང་བད་ཀན་ཟད་པ་དང་། རླུང་རབ་ཏུ་ཟད་པའི་འདུས་པ་དང་། རླུང་དང་བད་ཀན་ཟད་པ་དང་།
་མཁྲིས་པ་རབ་ཏུ་ཟད་པའི་འདུས་པ་སྟེ། དྲུག་དང་། རླུང་དང་མཁྲིས་པ་དང་། བད་ཀན་ཟད་པའི་འདུས་པ་གཅིག་གོ།། དེ་དག་རབ་མཆོག་ཏུ་བརྟགས་པའི་དབྱེ་བས་ནད་ཀྱི་དབྱེ་བ་དྲུག་ཏུ་འགྱུར་ཏེ། རླུང་ཟད་པ་དང་། མཁྲིས་པ་རབ་ཏུ་ཟད་པ་དང་།
་བད་ཀན་རབ་མཆོག་ཏུ་ཟད་པའི་འདུས་པ་དང་། མཁྲིས་པ་ཟད་པ་དང་། རླུང་རབ་ཏུ་ཟད་པ་དང་། བད་ཀན་རབ་མཆོག་ཏུ་ཟད་པའི་འདུས་པ་དང་། མཁྲིས་པ་རབ་ཏུ་ཟད་པ་དང་། རླུང་རབ་མཆོག་ཏུ་ཟད་པའི་འདུས་པ་དང་། རླུང་ཟད་པ་དང་། བད་ཀན
་རབ་ཏུ་ཟད་པ་དང་། མཁྲིས་པ་ར་བཾ་མཆོག་ཏུ་ཟད་པའི་འདུས་པ་དང་། མཁྲིས་པ་ཟད་པ་དང་། བད་ཀན་རབ་ཏུ་ཟད་པ་དང་། རླུང་རབ་མཆོག་ཏུ་ཟད་པའི་འདུས་པ་དང་། བད་ཀན་ཟད་པ་དང་། རླུང་རབ་ཏུ་ཟད་པ་དང་། མཁྲིས་པ་རབ་ཏུ་ཟད
་པའི་འདུས་པ་དང་སྟེ་དྲུག་གོ། དེ་ལྟར་ན་སྤྱིར་ནད་གཞི་ཟད་པ་ལས་གྱུར་པའི་ནད་ཀྱང་ཉི་ཤུ་རྩ་ལྔ་ཡོད་པར་ཤེས་པར་བྱའོ།། དེ་དག་རེ་རེ་འཕེལ་མཉམ་ཟད་།། དྲུག་སྟེ་ཞེས་བྱ་བ་ལ་ནད་ཀྱི་དབྱེ་བ་དེ་རྣམས་འོག་ནས་བཤད་པའི་ནད་ཀྱི་དབྱེ
་བའི་མིང་འདིས་ནད་དྲུག་ཏུ་འགྱུར་ཏེ། དེ་ཡང་འཕེལ་བ་དང་། མཉམ་པ་དང་ཟད་པ་དག་ནི་འཕེལ་མཉམ་ཟད་ཅེས་བྱ་སྟེ། རླུང་ལ་སོགས་པ་གང་ཡང་རུང་བ་རེ་རེ་ཞིང་འཕེལ་བ་དང་མཉམ་པ་དང་ཟད་པ་ལ་ས་དྲུག་ཏུ་འགྱུར་ཏེ། འདི་ལྟར་རླུང་འཕེལ་བ
་དང་། མཁྲིས་པ་མཉམ་པ་དང་། བད་ཀན་ཟད་པའི་ནད་དང་། མཁྲིས་པ་འཕེལ་བ་དང་། རླུང་མཉམ་པ་དང་། བད་ཀན་ཟད་པའི་ནད་དང་། བཱད་ཀན་འཕེལ་བ་དང་། མཁྲིས་པ་མཉམ་པ་དང་། རླུང་ཟད་པའི་ནད་དང་། རླུང་འཕེལ་བ་དང་། བད
་ཀན་མཉམ་པ་དང་། མཁྲིས་པ་ཟད་པའི་ནད་དང་། མཁྲིས་པ་འཕེལ་བ་དང་། བད་ཀན་མཉམ་པ་དང་། རླུང་ཟད་པའི་ནད་དང་། བད་ཀ་ན་འཕེལ་བ་དང་། རླུང་མཉམ་པ་དང་། མཁྲིས་པ་ཟད་པའི་ནང་སྟེ། དེ་ལྟར་ན་རེ་རེ་ཞིང་འཕེལ་བ་དང་། མཉ
་པ་དང་ཟད་པ་ལས་དྲུག་གོ།། སླར་ཡང་དེ་དག་ནི་གཅིག་ཟང་གཉིས་གཉིས་འཕེལ་བ་ནི། གོ་བཟློག་བཅས་ལས་དྲུག་ཏུ་འགྱུར་ཞེས་བྱ་བ་ལ། ཡང་ནད་ཀྱི་དབྱེ་བ་དྲུག་པོ་དེ་རྣམས་ལས། གཅིག་གིས་ཟད་པ་ནི་གཅིག་ཟད་ཅེས་བྱ་བ་ལ། གཉིས
་གཉིས་ཀྱིས་འཕེལ་བ་ཡོད་པ་ལས་ནི་གཉིས་གཉིས་འཕེལ་ཞེས་བྱ་བ་ལ། དེ་གོ་བཟློག་དང་བཅས་པ་ནི་གང་ལ་གོ་བཟློག་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། གཅིག་ཟད་པ་དང་གཉིས་འཕེལ་བ་དེས་བསྣུན་ན་དྲུག་གོ། དེ་ཡོང་འདི་ལྟར
་རླུང་ཟད་པ་དང་མཁྲིས་པ་དང་། བད་ཀན་འཕེལ་བའི་ནད་དང་། མ་ཁྲིས་པ་ཟང་པ་རླུང་དང་པད་ཀན་འཕེལ་བའི་ནད་དང་། བད་ཀན་ཟད་པ་དང་། རླུང་དང་མཁྲིས་པ་འཕེལ་བའི་ནད་དང་། དེ་བཞིན་དུ་གཉི་ག་འཕེལ་བའི་ནང་ཚུལ་གྱིས་ནོད
་ཀྱི་དབྱེ་བ་དྲུག་སྟེ། དེ་ཡང་གཉིས་གཉིས་ཟད་ཅིང་རེ་རེ་ལ་འཕེལ་བ་དང་བཅས་པར་འགྱུར་བ་ནི། འདི་ལྟར་རླུང་དང་མཁྲིས་པ་ཟད་པ་དང་། བད་ཀན་འཕེལ་བའི་ནད་དང་། རླུང་དང་བད་ཀན་ཟད་པ་དང་། མཁྲིས་པ
་འཕེལ་བའི་ནད་དང་། མཁྲིས་པོ་དང་བད་ཀན་ཟད་པ་དང་། རླུང་འཕེལ་བའི་ནད་དེ། དེ་ལྟར་ཚུལ་གཉིས་འཕེལ་བའི་རྣམ་པས་ནད་ཀྱི་དབྱེ་བ་རྣམ་པ་དྲུག་ཡིན་ལ། དེ་རྣམས་ཀྱི་རབ་དང་མཆོག་རབ་ཀྱི་དབྱེ་བོས་བརྩི་བ་ཕྲ་མོ་ནི་མཐའ་ཡས་པ་ཡིན
་པར་ཤེས་པར་བྱའོ།། དབྱེ་བ་དྲུག་ཅུ་གཉིས་སུ་བསྟན།། དྲུག་ཅུ་གསུམ་པ་བདེར་གནས་རྒྱུ།། ཞེས་བྱ་བ་ལ། དེ་ལྟར་རླུང་ལ་སོགས་པ་ནད་གཞིའི་དབྱེ་བ་ཡིས། སྤྱིར་དྲུག་ཅུ་རྩ་གཉིས་སུ་བསྟན་ཅིང་བཤད་པ་འམ། དྲུག་ཅུ་རྩ་གསུམ་དུ་བསྟན་ཏོ།། དེ་ཅིའི
་ཕྱིར་ཞེ་ན། བདེར་གནས་རྒྱུ་ཞེས་བྱ་བ་སྟེ། བདེ་བའི་རྒྱུར་གྱུར་པ་ཉིད་ཀྱི་ཕྱིར་རོ།། དེ་བཞིན་འདི་དག་དངས་མ་ཁྲག་སོགས་འདྲེས་པ་ལས། ནད་ནི་ཟད་དང་མཉམ་དང་། འཕེལ་བའི་དབྱེ་བ་ཡིས།། རབ་དང་རབ་མཆོག་དག་ལས་མཐའ་ཡས་ཉིད
་འགྱུར་བར།། རང་བཞིན་ཅི་འདྲོ་མ་ཡོངས་ཉིད་ཀྱིས་ཤེས་པར་གྱིས། ཤེས་བྱ་བ་ལ། ནུད་ཀྱི་དབྱེ་བ་འདི་དག་དང་། དངས་མ་ལ་སོགས་པ་འདྲེས་ཤིང་འདུད་པ་དང་། དེ་བཞིན་དུ་ཟད་པ་དང་། མཉམ་པ་དང་། རྣམ་པར་འཕེལ་བའི་དབྱེ་བས་རབ
་དང་རབ་མཆོག་ཏུ་སྦྱར་བ་ལས། མཐའ་ཡས་པ་ཉིད་དུ་འགྱུར་བ་ཉིད་ལ། རོང་བཞིན་ཅི་འདྲ་བ་ཡིན་པ་སྨན་པས་མ་ཡེངས་ཤིང་གཞན་དུ་གཡེང་བ་མེད་པར། སེམས་དེར་གཏོད་པས་ཤེས་པས་ཤིང་རྟོགས་པར་གྱིས་ཤིག་པའོ།། དེ་ལ་དངས
་མ་ལ་རླུང་དང་མཁྲིས་པ་བད་ཀན་རེ་རེ་ཞིང་འཁྲུགས་པ་ལས་དབྱེ་བ་གསུམ་དུ་འགྱུར་ཏེ། ཐ་དད་པ་ལས་གསུམ་ཤེས་བྱ།། ཞེས་བྱ་བའི་ཚུལ་གྱིས་སོ།། དྭངས་མ་ལ་ལྡན་པ་བྱུང་ན། རླུང་ལ་སོགས་པ་འཕེལ་བ་ལས།། དེར་ཆ་མཉམ་པ་འམ།
་ལྷག་མི་ལས་སྔ་མ་བཞིན་དུ་དགུར་ཤེས་པ་བྱ་སྟེ། དེ་ལྟར་ཐམས་ཅད་སྔ་མ་ཝནསུ་དཔག་པར་བྱའོ།། འདིར་འདི་ལྟར་རླུང་དང་མཁྲིས་པ་དང་བཱད་ཀན་གྱི་ནུས་པ་མི་མཐོན་པ་ཡོད་དུ་ཟིན་ཀྱང་སེམས་ཅན་གྱི་ནང་གི་མི་དགེ་བ་ལ་སོགས་པ
་དབང་གིས་གནོད་པ་སྐྱེད་ཅིང་འ་དུས་པའི་ནད་བྱེད་ཅིང་། གཅིག་ལ་གཅིག་ཉེ་བར་ཞི་བ་ཅིའི་ཕྱིར་མི་བྱེད་ཅེས་བརྟག་པར་མི་བྱ་སྟེ། འདི་དག་གི་རང་བཞིན་འདི་ཉིད་ཡིན་པའི་ཕྱིར་དང་། འབྱུང་བ་ཆེན་པོ་ལྟར་གཅིག་གིས་གཅིག་ཟིལ་གྱིས
་གནོན་པ་ཡིན་ཡང་། རྗེས་དང་རོ་ལ་སོགས་པའི་བྱེ་བ་ལྷག་ཅིང་རྩོམ་པ་དང་འདྲའོ།། དེ་བས་ནི་འདི་དག་གི་རང་བཞིན་མི་འགྱུར་བ་ཉིད་ཡིན་ནོ།། ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ལས་ཚིག་གི་དོན་གྱིས་ཟླ་ཟེར་ཞེས་བྱ
་བ་སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས། ལེའུ་བཅུ་གཉིས་པའི་རྣམ་པར་འགྲེལ་པའོ།། །། དེ་ནས་ནད་གསོ་བའི་ཐབས་ཀྱི་ལེའུ་འདི་བཤད་པར་བྱའོ།། ཞེས་བྱ་བ་ལ། དེ་ལ་རེ་ཞིག་དབྱེ་བ་དེ་དག་ཤེས
་པའི་འབྲས་བུ་ནི་གང་སྨན་རྣམ་དང་ནད་རྣམས་གསོ་བ་དེ་ཤེས་པས་ནད་བསལ་བར་ཡང་དག་པར་ནུས་པ་འདི་ཉིད་ཡིན་པས། དེའི་འོག་ཏུ་ནད་གསོ་བའི་ཐབས་ཀྱི་ལེའུའི་དབང་དུ་བྱས་ནས། དེ་དྲན་པོར་བྱ་བའི་ཕྱིར། འདིར་ནད་གསོ་བའི
་ཐབས་ལ་དགོས་པའི་སྣུམ་ལ་སོགས་པའི་མིང་གང་ཡིན་པ་དེ་སྟོན་པ་དེ་བཤད་པར་བྱའོ།། དེ་ལ་རླུང་ནི་ཐམས་ཅད་ཀྱི་གཙོ་བོ་ཡིན་པས། རླུང་ནང་གསོ་བའི་སྣུམ་དང་ནི་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ
་གྱིས། རླུང་ནད་གསོ་བའི་ཐབས་སྨྲས་པ་ཡིན་ཏོ།། རླུང་འཁྲུགས་ཤིང་ལྡང་བར་གྱུར་ན། སྣུམ་ནས་འཇམ་རྩི་བཏང་བའི་བར་གསོ་བའི་ཐབས་ཡིན་ཏེ། རླུང་དེ་ལ་ནི་གསོ་བ་ཐམས་ཅད་ཀྱི་ནང་ན་གསོ་བའི་མཆོག་ནི་སྣུམ་ཡིན་ལ། དེ་ཡང་རྣམ་པ་དུ་མ
་ཡོད་དོ།། དེའི་འོག་ཏུ་དུགས་བྱའོ།། དེ་ཡང་གང་གི་ཕྱིར་རླུང་ནི་ཟད་དང་སྐོམ་དང་སྨན་རྩུབ་པོ་དང་། གྲང་བས་ཅི་ལྟར་མྱུར་དུ་འཁྲུགས་པར་འགྱུར་བ་དེ་ལྟར་ཡང་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པའམ། ཡོན་ཏན་མཉམ་པས་འཁྲུགས་པར་མི
་འགྱུར་རོ།། དེ་བས་ན་རླུང་འཁྲུགས་པར་གྱུར་པ་ལ་ནི་གསོ་བའི་ཐབས་གཞན་དག་ལས་དང་པོར་སྣུམ་པ་དང་། དུགས་ཀྱི་རྣམ་པ་དུ་མས་དེ་ཞི་བར་བྱ་བའི་དོན་དུ་བྱའི། གསོ་བ་གཞན་དག་ནི་དེ་ལྟ་མ་ཡིན་ནོ།། རླུང་ནང་གསོ་བ་སྣུམ་དང་ནི།། དུགས
་དང་སྦྱང་བ་འཇམ་པ་དང་།། མངར་སྒྱུར་ལན་ཚྭ་བྲོ་བ་ཡི།། ཟས་དང་བསྐུ་ཞིང་མཉེ་བ་དང་།། དཀྲི་སྣུམ་སྣ་མི་ཆུ་བླུགས་པ་དང་།། གྲོ་ཆང་འབྲས་ཆང་བུ་རམ་ཚང་།། ཞེས་བྱ་བ་ལ། དེ་ལ་རླུང་ནད་གསོ་བ་ནི་སྣུམ་ཆོས་དང་། དུགས་བྱས་ནས་སྦྱང་བར་བྱ་ལ། དེ
་ཡང་འཇམ་པས་བྱའི།། རྣོ་ཞིང་དྲག་པས་ནི་མི་བྱ་སྟེ། རྣོ་བ་ནི་རླུང་སྐྱེད་པར་བྱེད་པ་ཡིན་པས་བཀག་པ་ཡིན་ནོ།། དེ་བཞིན་དུ་བཟའ་བར་བྱ་བའི་ཟས་ཀྱང་མངར་བ་དོང་། སྐྱུར་བ་དང་། ལན་ཚྭ་དང་། དྲོ་བས་བྱའི། རོ་གཞན་བཟའ་བོར་མི་བྱའོ།། བསྐུ
་ཞིང་མཉེ་བ་ཞེས་བྱ་བ་ནི་བསྐུ་བ་སྔོན་དུ་བྱས་པའི་མཉེ་བར་བྱ་དགོས་པས་ན་བསྐུ་ཞིང་མཉེ་བའོ།། བཀྲི་བ་ནི་ཡན་ལག་རས་ལ་སོགས་པས་དཀྲི་བའོ།། སྣུན་འཇོམས་པའི་རྩ་ལ་སོགས་པ་བརྡེག་པ་སྟེ། གསོ་བའི་ཐབས་འདི་ནི་རླུང་ནད་ཅན
་ཁ་ཡོ་བ་ལ་སོགས་པ་ལ་བྱའོ།། གཞོགས་བྱེད་ན་པ་ལ་སོགས་པའི་རླུང་ན་དེ་ལ་ནི་མི་བྱའོ།། སྨན་ཆུ་བླུགས་པ་ནི་རླུང་སེལ་བའི་སྨན་བསྐོལ་བ་དང་། སྣུམ་དང་འོ་མ་ལ་སོགས་པའི་ཆུས་བླུགས་པའོ།། གྲོ་དང་འབྲས་ལས་བྱས་པའི་ཆང་ནི
་གྲོ་དང་འབྲས་ཆང་ངོ་།། བུ་རོམ་ཆང་ནི་བུ་རམ་ཚོང་ལས་བྱས་པ་སྟེ་སྦྱར་བའི་ཆང་ངོ་།། སྣུམཽ་དྲོ་འཇམ་རྩི་བཏང་བ་ནི། འཇམ་རྩི་ངེས་པ་དེ་དག་དང་། ཞེས་སྨོས་པ་ལས་ནི། རྩུབ་པ་དང་གྲང་པ་བཀག་པ་ཡིན་ནོ།། འཇམ་རྩི་སྨོས་པ་ནི་ངེས་པ
་འཇམ་རྩི་བྱ་དགོས་པའོ།། འཇམ་རྩི་ངེས་པ་ཞེས་བྱ་བ་ནི། ལས་དང་དུས་དང་སྦྱོར་བ་ལས་འཇམ་རྩི་ལྔ་བཅུ་རྩ་གསུམ་བྱ་བ་ནི་འཇམ་རྩི་ངེས་པའོ།། བདེ་དགའ་ནི་མྱ་ངན་ལ་སོགས་པ་བློ་འཁྲུག་པར་བྱེད་པའི་དངོས་པོ་སྤངས་ལ་ཡིད་དུ་འོང
་བའི་ཡུལ་བསྟེན་པའི་བདེ་བས་གནས་པའོ།། སྐྱེ་གནས་དུ་མའི་སྣམ་དག་ནི། ཞེ་ས་བྱ་བ་ནི། སེམས་མེད་པ་དང་སེམས་ཡོད་པའི་དབྱེ་བས་ཕྱེ་བའོ།། དེ་ཡང་དྲོད་ཆེ་འཇོ་བར་བྱེད་གཡོས་སྦྱར།། ཁྱད་པར་དུ་ནི་ཤ་ཚོན་དང་།། ཏིལ་མར་དང་སྦྱར
་འཇམ་རྩི་བྱ།། ཞེས་བྱ་བ་ལ། སྨན་དྲོད་ཆེ་ཞིང་འཛུ་བར་བྱེད་པ་དང་། ལྷན་ཅིག་བཙོས་ཤིང་གཡོས་སུ་སྦྱར་བའོ།། ཡང་རླུང་དེ་འཁྲུགས་པར་གྱུར་པ་ལ་གསོ་བ་ཐམས་ཅད་ཀྱི་ནང་ན། ཁྱད་པར་དུ་མཆོག་ཏུ་གྱུར་པ་ནི། ཤ་ཚོན་པོའི་ཁུ
་པ་སྟོབས་སྐྱེད་པར་བྱེད་པར་ནུས་པ་དེ་ཤ་ཁུ་དང་། དེ་བཞིན་དུ་ཏིལ་མར་དང་སྦྱར་བའི་འཇམ་རྩི་དེ་ཉིད་ཀྱིས་འཇམ་རྩི་བཏང་བའི་གསོ་བའི་ཐབས་ནི་མཆོག་ཡིན་ནོ།། མཁྲིས་པ་མར་སར་བླུང་པ་དང་།། མངར་ཞིང་བསིལ་བའི
་འཁྲུ་སྨན་དང་།། མངར་དང་ཁ་དང་བསྐ་བ་ཡི།། ཟས་དང་སྨན་ནི་སྦྱིན་པ་དང་།། དྲི་བཟང་བསིལ་ཞིང་ཡིད་འོང་བའི།། དྲི་ནི་ཉེ་བར་བསྟེན་པ་དང་།། མགུལ་དུ་དོ་ཤལ་སེ་མོ་དོ།། ནོར་བུ་བྲང་དུ་གདགས་པར་བྱ།། ག་པུ་རེ་ཙན་དན་ཨུ་ཤི་རིའི།། བྱུག་པས
་སྐད་ཅིག་རེ་རེ་བསྐུ།། སྲོང་ལ་རྡོ་ཐལ་ཅན་ཟླ་ཟེར།། ཡིད་འོང་གླུ་དང་བསེར་བསིལ་བསྟེན།། བག་བེབས་མཛའ་བོ་བདེ་བ་དང་།། ཞེས་བྱ་བ་ལ། སོགས་པའི་སྒྲས་ཚོགས་སུ་བཅད་པ་དྲུག་གིས་ནི་མཁྲིས་པ་འཁྲུགས་པར་གྱུར་པ་ན་མར་སར་བླང་བ
་ལ་སོགས་པས་གསོ་བར་བྱ་བ་དང་། དེ་བཞིན་དུ་མངར་བ་དང་། བསིལ་བ་དང་སྒྱུར་བའི་ནུས་པ་དང་ལྡན་པའི་སྨན་གྱི་བཀྲུ་སྨན་བཏང་པོས་ནད་ཐུར་དུ་དབྱུང་བ་ནི་གསོ་བའི་ཐབས་ཡིན་ནོ།། དེ་བཞིན་དུ་ཁ་ཟས་ཀྱང་མངར་བ་དང་ཁ་བ་དང་བསྐ་བའི་བས
་བཟའ་བ་དང་། སྨན་ཡང་མངར་བ་དང་ཁ་བ་དང་བསྐུ་བ་ཉིད་ཀྱིས་སྦྱིན་པས་ག་སོ་བར་བྱའོ།། དེ་བཞིན་དུ་དྲི་ཡང་བཟང་ཞིང་བསིལ་བ་དང་། ཡིད་དུ་འོང་བའི་ཙན་དན་ལ་སོགས་པའི་དྲི་ཉེ་བར་བསྟེན་པས་གསོ་བ་དང་། དེ་བཞིན་དུ་མགུལ་དུ་རྒྱན
་ཀྱི་རྣམ་པ་གསོར་ལ་སོགས་པ་ལས་བྱས་པའི་རྡོ་ཤལ་དང་སེ་མོ་དེ་གདགས་པ་དང་། དེ་བཞིན་དུ་མུ་ཏིག་གི་ཤལ་བྲང་དུ་འབྲང་བར་གདགས་པར་བྱ་བ་དང་། དེ་བཞིན་དུ་ནོར་བུ་སྟ་བཻ་ཌཱུརྱ་དང་། པདྨ་རཱ་ག་དང་། ཆུ་ཤལ་དང་།
་ཚོན་ཤེལ་ལ་སོགས་པའི་ཆུན་འབྱུང་བྱུང་དུ་གདགས་པ་ནི་མཁྲིས་པ་གསོ་བའི་ཐབས་ཡིན་ནོ།། དེ་བཞིན་དུ་ག་པུར་དང་ཙན་ངན་དང་། ཨུ་ཤི་རིའི་བྱུག་པས། སྐད་ཅིག་སྐད་ཅིག་མ་རེ་རེ་ཞིང་བསྐུ་བ་ནི་མཁྲིས་པ་གསོ་བའི་ཐབས་ཡིན་ནོ།། དེ
་བཞིན་དུ་སྲོད་ལ་ཏེ། མཚན་མོའི་དང་པོའི་ཆ་ལ་རྡོ་ཐལ་ཅན་ཏེ། རྡོ་ཐལ་ཙ་དཀར་པོས་བྱུགས་པའི་ཁྱིམ་དུ་འདུག་སྟེ། ཟླ་བའི་འོད་ཟེར་བསྟན་ཅིང་ཡིད་དུ་འོང་ཞིང་རྣ་བར་སྙན་པའི་གླུ་དང་། བསེར་བུ་བསིལ་བ་བསྟེན་པ་ཡང་མཁྲིས་པ་གསོ
་བའི་ཐབས་ཡིན་ནོ།། དེ་བཞིན་དུ་བག་ཕེབས་ཤིང་ཉམ་རངས་སུ་གནས་པའི་མཛའ་བོའི་བདེ་བ་ཆ་ལུགས་དང་སྤྱོད་པ་མཐུན་པ་ཡིད་ཚིམ་པར་བྱེད་པ་དང་དེ་བཞིན་དུ་བུ་ལ་གཞོན་སྐད་ཉམས་རེངས་སྨྲ།། ཆུང་མ་ཡིད་མཐུན་ལས་བྱེད
་ཅིང་།། སྡུག་ཅིང་ཡོན་ཏན་རྣམས་ཀྱིས་བརྒྱན།། ཁང་པ་ཉིས་རིམ་ཆུ་བསིལ་བླུགས།། སྐྱེད་མོས་ཚལ་རྫིང་བཟང་བོ་ནི།། རྒྱ་ཆེ་དངས་ཞིང་སྟེགས་བཅས་པ།། ཆུ་བརླན་བྱེ་མ་བསིལ་བ་དང་།། སྤྱིལ་བུ་ལུས་ཚང་ཤིང་ཁེབས་དང་།། ཆུ་འགྲོ
་པདྨར་བཅས་པ་ནི།། བདེར་གནས་ཁྱད་པར་འོ་མ་དང་།། མར་སར་བཟའ་དང་བཀྲུ་སྤྱན་བྱོ།། ཞེས་པ་གང་བུ་ཆུང་བ་དང་།། མི་གསལ་ཞིང་གསངས་དམའ་བར་སྨྲ་ཞིང་དགོའ་བས་གནས་པ་དང་། དེ་བཞིན་དུ་ཆུང་མ་ཡིད་མཐུན་པའི་ལས
་བྱེད་པ་དང་། སྡུག་ཅིང་ཡིད་དུ་འོང་བ་དང་། ཡོན་ཏན་གྱི་ངང་ཚུལ་བཟང་པོའི་སྤྱོད་པས་བརྒྱན་པ་དང་། འགྲོགས་པ་ནི་མཁྲིས་པ་གསོ་བའི་ཐབས་ཡིན་ནོ།། ཁང་པ་ཡང་ཉི་རིམ་དུ་བྱས་ཤིང་བསིལ་བ་དང་། ཆུ་རྒྱུན་བསིལ་བའི་རྒྱུན
་འབབ་པ་བླུགས་པ་དང་། སྐྱེད་མོས་ཚལ་རྫིང་བུ་བཟང་པོ་དང་ལྡན་པར་གནས་པ་ཡང་། མཁྲིས་པ་ལ་ཕན་ནོ།། དེ་བཞིན་དུ་རྒྱ་ཆེ་ཞིང་ཡངས་པའི་སྟེགས་དང་བཅས་པ་ཆུ་དང་བས་བརླན་ཞིང་གཤེར་བའི་བྱེ་མ་བསིལ
་བར་གནས་པར་བྱེད་པ་ཡང་མཁྲིས་པ་ལ་ཕན་ནོ།། ཡང་ཆུ་འགྲམ་དེར་སྤྱིལ་བུ་ལུས་ཀྱི་ཚད་ཙམ་འོ་མ་ལ་སོགས་པ་ལ་བྱས་པ་དང་། ཤིང་བཟང་པོ་སྐྱེ་བ་དང་། ཆུའི་འགྲམ་ན་པདྨ་དང་བཅས་པའི་གང་ཡིན་པ་དེ་ལྟ་བུར་གནས་པོ་དང་། དེ་བཞིན
་དུ་བདེ་བར་གནས་པ་སྟེ། ལུས་དང་སེམས་དགའ་བར་བྱེད་པ་དེ་དག་ནི་མ་ཁྲིས་པ་གསོ་བའི་ཐབས་ཡིན་ནོ།། ཁྱད་པར་དུ་ནི་འོ་མ་དང་མར་གསར་བཟའ་བ་དང་། བཀྲུ་སྨན་བཏང་བ་ནི་མཆོག་ཐམས་ཅད་ཀྱི་ནང་ནས་གསོ་བའི་མཆོག་ཡིན་ནོ།།
་བངད་ཀན་ཆོ་གར་ལྡན་པ་ནི།། བཀྲུ་སྨན་སྐྱུགས་སྨན་རྣོན་པོ་དང་།། ཟས་ནི་རྩུབ་ཆུང་རྣོ་ཞིང་དྲོ།། ཚ་ཞིང་ཁ་དང་བསྐ་བ་བཟའ།། ཆང་ནི་ཡུན་རིང་ལོན་པ་བཏུང་།། རྩེ་དགའ་དང་ནི་གཉིད་མ་ལོག། རྩོལ་བའི་ཆུ་ལ་ནི་སྣ་ཚོགས་དང་། སེམས་ལས
་རྩུབ་པས་མཉེ་བ་དང་། ཁྱད་པར་སྨན་ཁུ་སྐྱུགས་སྨན་བཏང་།། སྦྲང་རྩི་ཚིལ་འཇོམས་སྨེན་བསྟེན་བྱ།། སྨྱུང་བ་དུད་བདུག་མཁུར་བཀང་དབོ།། བདེ་བ་མེད་གཉིད་བདེ་ཕྱིར་བྱ།། ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གསུམ་གྱི་བད་ཀན་གྱི་རྒྱུ
་སོགས་པ་དང་། དེ་བཞིན་དུ་འཕེལ་བ་ས་ནང་སྐྱེད་པར་ནུས་པ་དག་ལ་སྐྱུགས་སྨན་ལ་སོགས་པས་གསོ་བར་བྱའོ།། དེ་ལ་སྐྱུགས་སྨན་ནི་ནད་གྱེན་དུ་དྲང་བའོ།། དེ་ཡང་ཆོ་ག་དང་ལྡན་པར་བྱ་བ་སྟེ། གསོ་དཔྱད་ཀྱི་བསྟན་བཅོས
་ལས་ཇི་སྐད་བཤད་པའི་ཆོ་གས་བཏང་བར་བྱ་ཞིང་སྦྱར་བར་བྱ་ལ། དེ་ཡང་རྣོ་བས་བྱ་དགོས་ཏེ། སྨན་རྣོ་བ་ལས་སྦྱར་བ་བཏང་ངོ་།། དེ་བཞིན་དུ་བཀྲུ་སྨན་ཡང་རྣོན་པོས་བཀྲུ་བ་ནི་བད་ཀན་གསོ་བའི་ཐབས་ཡིན་ནོ།། དེ་བཞིན་དུ་ཟས་ཏེ་འབྲས
་ཆན་ལ་སོགས་པ་རྩུབ་པ་དང་། ཆུང་བ་དང་། རྣོ་བ་དང་། དྲོ་བ་དང་། རོ་ཚ་བ་དང་ཁ་བ་དང་། བསྐ་བ་བཟའ་བར་བྱའོ།། དེ་བཞིན་དུ་ཆང་དུས་ཡུན་རིང་པོ་ལོན་པ་བཏུང་བ་ཡང་བད་ཀན་ལ་ཕན་ནོ།། དེ་བཞིན་དུ་རྩེ་བ་དང་དགའ་བ་སྟེ་ཡིད་ལ
་འདོད་པའི་དགའ་བ་ལ་བརྟེན་ཅིང་བུད་མེད་ལ་བརྟེན་པ་དང་། གཉིད་མི་ལོག་པ་སྟེ། མེལ་ཚེའི་ཚུལ་དུ་གནས་པ་ཡང་བོད་ཀུན་གསོ་བའི་ཐབས་ཡིན་ནོ།། དེ་བཞིན་དུ་རྩོལ་བའི་ཚུལ་སྣ་ཚོགས་ཤིང་རྣམ་པ་ཐ་དད་དུ་ལུས་དུབ་པར་བྱེད་པ་ལག་སྟོབས
་འགྱེད་པ་དང་། རྟ་འདུལ་བ་ལ་སོགས་པ་ཡང་བད་ཀན་གསོ་བའི་ཐབས་ཡིན་ནོ།། དེ་བཞིན་དུ་སེམས་ལས་ཏེ་དངོས་པོ་རྗེས་སུ་དྲན་ཞིང་དཔྱོད་པ་དང་། དེ་བཞིན་དུ་རྩུབ་པ་དང་། ཕལ་ཆེར་རྫས་རྩུབ་པས་མཉེ་བ་ཡང་བ་ཀནཱ་གསོ་བའི
་ཐབས་ཡིན་ནོ།། དེ་ལ་བད་ཀན་གྱི་གསོ་བ་ཐམས་ཅད་ལས་ཁྱད་པར་དུ་ཕན་པའི་ཐབས་ནི་སྨན་ཁུ་དང་སྐྱུགས་སྨན་བཏང་བ་ཡིན་ནོ།། སྨན་ཁུ་ནི་འབྲུའི་ཁུ་བ་ལོ་ས་བྱས་པའོ།། སྤྱན་ཁུ་ནི་འབྲུའི་ཁུ་བ་ལས་བྱས་པའོ།། ཚིལ་འཇོམས
་བའི་སྨན་ནི་གུ་གུལ་ལ་སོགས་པའོ།། སྦྱང་བ་ནི་ཟས་བཅད་པའོ།། དུད་པ་ནི་འོག་ནས་བཤད་པའི་མཚན་ཉིད་ཅན་ནོ།། མཁུར་བ་དགང་ཞིང་དབོ་བ་ནི་སྨན་ཁུས་ཁ་བཀང་ཞིང་དབོ་བའོ།། བདེ་བ་མེད་པ་ནི་བངོ་བ་ཉིད་འགེགས་པ
་སྟེ། བདེ་བ་དང་མི་ལྡན་པའམ། སྡུག་བསྔལ་བའི་ཚུལ་ཅན་གྱི་ལུས་དང་སེམས་ཀྱི་ལས་ཤིན་ཏུ་བསྟེན་པས་གང་སྡུག་བསྔལ་སྐྱེ་བར་འགྱུར་བ་དེ་ནི་བདེ་བ་མེད་པ་སྟེ། དེ་ནི་བད་ཀན་གྱི་བདེ་བ་སྐྱེད་པར་བྱེད་པའི་ཕྱིར་བདེ་བའི་དོན
་རྫོགས་པར་འགྱུར་རོ།། ནང་རྣམས་སོ་སོར་གསོ་བ་དག། ནད་ལས་དཔགས་ཏེ་བཤད་པ་ཡིན།། ལྡན་པ་དང་ནི་འདུས་པ་དག། དེ་ནི་སོ་སོའི་ཚུལ་གྱིས་བརྟག། ཅེས་བྱ་བ་ལ། གང་གིས་གསོ་བ་གང་ཡིན་པ་ནང་རྣམས་སོ་སོའི་མཚན་ཉིད་ལས་དཔགས་ཏེ
་བཤད་པ་དེ་ཉིད་ནི་རིམ་པ་ཇི་ལྟ་བ་བཞིན་དུ་བྱ་ལ། ལྡན་པ་དང་འདུས་པའི་ནད་དག་ལ་ནི་སོ་སོའི་ཚུལ་ཇི་ལྟ་བ་ལས་བརྟག་པར་བྱ་སྟེ། དཔེར་ན་རླུང་དང་མཁྲིས་པའི་ནད་ལྡན་པ་ལ། རླུང་དང་མཁྲིས་པ་གསོ་བའི་ཐབས་འདྲེན་མ་བརྟག་པར་བྱ་ལ། དེ
་བཞིན་དུ་རླུང་དང་བད་ཀན་གྱི་ལྡན་པ་ཡང་རླུང་དང་བད་ཀན་འདྲེན་མིའི་གསོ་བའི་ཐབས་བརྟག་པར་བྱའོ།། མཁྲིས་པ་དང་བད་ཀན་གྱི་ལྡན་པ་ཡང་མཁྲིས་པ་དང་བཱད་ཀན་གྱིས་གསོ་བའི་འདྲེན་མ་བརྟོག་པར་བྱའོ།། དེ་བ་ཞིན་དུ་འདུས་པ་ལ་ཡང
་གསོ་བ་གསུམ་ཅི་རིགས་པར་ངས་གཅིག་ཏུ་བརྟག་པར་བྱའོ།། ཡང་ལྡན་པ་གསུམ་པོ་འདི་དག་ལ་སྒོ་གཞན་དག་ནས་གསོ་བའི་ཐབས་བསྒྲེ་བ་གསལ་བར་བྱ་བའི་ཕྱིར་སྨྲས་པ་ནི། རླུང་ནི་ཟུང་དུ་འཇུག་པས་ན། རླུང་མཁྲིས་ཕལ་ཆེར་པོ་གའི་བྱ། བང
་ཀནྟ་རཱུ་ཡང་དཔྱིད་ཀྱི་བྱ།། བད་ཀན་མཁྲིས་ལ་སྟོན་གྱི་བྱོ།། ཞེས་བྱ་བ་ལ། རླུང་དང་མཁྲིས་པའི་ཚུལ་ལ་ནི་ཕལ་ཆེར་སོ་གའི་ཆོ་ག་བྱ་སྟེ། སོ་གའི་དུས་ཀྱི་སྤྱོད་པ་དུས་སུ་སྤྱད་པའི་ལེའུ་ལས་བཤད་པའི་སྣུམ་པ་དང་། བསིལ་བའི་ཆོ་ག་སྦྱར
་བར་བྱའོ།། དེ་བཞིན་དུ་བད་ཀན་དང་། རླུང་གི་ལྡན་པ་ལ་ནི་དཔྱིད་ཀྱི་ཞེས་བྱ་བ། དཔྱིད་ཀྱི་སྤྱོད་པའི་ཆོ་ག་དྲོ་བ་དང་། རྩུབ་པ་ཞེས་བྱ་བའི་ཆོ་ག་སྦྱར་བར་བྱའོ།། དྲིས་པ་སོ་གའི་ཚེ་ནི་བལ་ཆེར་བསིལ་བའི་ཆོ་ག་བཤང་ལ། དཔྱིད་ཀྱི་དུས་ནི་ཕལ་ཆེར་རྩུབ་པའི་ཚེ
་ག་བཤད་ན་རླུང་སྐྱེ་བ་ཚེས་མཐུན་པ་སྟེ། གསོ་བར་ཇི་ལྟར་རིགས་ཏེ། རླུང་གི་རོང་གི་མཚན་ཉིད་ནི་གྲང་བ་དང་རྩུབ་པ་ཡིན་པོའི་ཕྱིར་རོ་ཞེ་ན། རླུང་ནི་ཟུང་དུ་འཇུག་པས་ན་ཞེས་སྨྲ་བ་ཡིན་ཏེ། གང་གི་རླུང་ཕྱིར་རླུང་ནི་ཟུང་དུ་འཇུག་པ་ཡིན་པས། གང་གིས
་འདྲེས་ཤིང་ལྡན་པོར་གྱུར་པ་ཉིད་ཀྱིས་སྦྱོར་བའི་འཇུག་པ་གཅིག་པ་ཉིད་ཀྱིས་ན། བད་ཀན་དང་མཁྲིས་པ་ཆ་འདྲེས་པས་དེའི་གསོ་བ་དེ་ལ་ཕན་པ་ཡིན་ནོ།། ཞེས་བྱ་བའི་དོན་ཏོ།། དེ་ཡང་གཞུང་ལས་ཟུང་དུ་འཇུག་པ་རླུང་གི་མཆོག། ཡང་དག་འདྲེས་པས
་གཉིས་བདག་ཅན།། མེ་དང་ལྡན་པས་སྲོག་པར་བྱེད།། ཟླ་བ་ལྡན་བསྟེན་པས་བསིལ་བར་བྱེད།། ཅེས་བཤང་བ་ཡིན་ནོ།། དེ་ལྟར་ན་རང་གི་མཚན་ཉིད་ཀྱི་གནསོ་སྐབས་ན་ཟུང་དུ་འཇུག་པར་སྣང་བས་གས་བའང་ཟུང་དུ་འཇུག་པ་ཉིད་དུ་བྱ་བར་རིགས
་སོ།། དེ་བས་ན་རླུང་མཁྲིས་པ་དང་ལྷན་ཅིག་གནས་སུ་ཟིན་ཀྱང་། མཱཁྲིས་པའི་གསོ་བ་བྱར་རུང་སྟེ། དེ་གཉིས་ཟུང་དུ་འཇུག་པ་ཡིན་པའི་ཕྱིར་རོ།། དེ་བཞིན་དུ་བད་ཀན་དང་ལྷན་ཅིག་གནས་པ་ཡང་བད་ཀན་གྱིས་གསོ་བས་གསོ་བར་བྱར་རུང་ངོ་།། ས
་དང་མཁྲིས་པའི་ལྡན་པ་ལ་ནི་སྟོན་གྱི་ཞེས་བྱ་བ་སྟོན་གྱི་དུས་སུ་བྱ་བའི་སྤྱོད་པ་བཤང་བ་དོག་གིས་གསོ་བར་བྱའོ།། དེ་ནི་གསོ་བའི་ཐབས་ཀྱི་དུས་སྨྲས་པ་ནི། ནད་ནི་དཀྱིལ་སོགས་དུས་སུ་བསལ།། ལྡང་ན་གཞན་གནོད་མེད་པར་གསོ།། ཐམས
་ཅད་ལྡང་ན་ཚབས་ཆེ་བ།། ནང་གཞན་གནོད་པ་མེད་པར་གསོ།། ཞེས་བྱ་བ་ལ། རླུང་དང་མཁྲིས་པ་དང་བད་ཀན་ཞེས་བྱ་བའི་ནད་ནི་དཀྱིལ་སོགས་པའི་དུས་ཉིད་ཀྱི་གནས་སྐབས་ན་གསལ་ཞིང་གསོ་བར་བྱའི། ལྡང་བར་གྱུར་པའི
་དུས་ཀྱི་བར་དུ་བསྡང་བར་མི་བྱའོ།། གང་གི་ཚེ་སོགས་པའི་དུས་སུ་བཏང་སྙོམསུ་བྱས་པས་ལྡང་བར་གྱུར་པ་དེའི་ཚེ་ནད་དེ་ལྡང་བས་ན་ནད་གཞན་ལ་གནོད་ཅིང་ལྡང་བར་འགྱུར་བ་མེད་པའི་ཚུལ་གྱིས་གསོ་བར་བྱའོ།། དེ་ནི་འདི་སྐོད་སྟོན་པ་སྟེ། ནད་དེ་ལྡང
་བ་ན་དེ་དང་མི་མཐུན་པའི་ཁ་ཟས་ལ་སོགས་པ་ཆ་འདྲ་བས་ནང་གཞན་དག་ཅི་ནས་སློང་བར་མི་འགྱུར་བ་དེ་ལྟ་བུར་གསོ་བར་བྱའོ།། ཡང་གང་གི་ཚེ་ནང་ཐམས་ཅད་དུས་གཅིག་ཏུ་ལངས་ན་དེའི་ཚེ་ཚ་བས་ཆེ་བའི་ནད་སྟོབས་དང་ལྡན་པ་ལྡང་བར་འགྱུར་པ་དེ
་དང་པོར་གསོ་བར་བྱ་ལ། དེ་ཡང་ནད་གཞན་ལ་གནོད་པ་མེད་པར་གསོ་བ་སྟེ། ཅུང་ཟད་ལྡང་བའི་ནད་དག་ལ་གནོད་ཅིང་མི་མཐུན་པ་མེད་པའི་ཚུལ་གྱིས་གསོ་བར་བྱ་ལ། གལ་ཏེ་ཆ་མཉམ་པར་འཁྲུགས་ན། རླུང་སྟོབས་དང་ལྡན་པ་མ་ཡིན་ལ་ཡང་ཆ་མཉམ
་པར་གྱུར་པ་ལས་གྲོང་གང་ཞིག་ལས་རང་བཞིན་གྱིས་འཕེལ་བར་འགྱུར་བ་དེ། ཚབས་ཆེ་བ་ཡིན་པས། ནད་གཞན་དག་ལ་གནོད་པ་མེད་པའི་ཚུལ་ཉིད་ཀྱིས་གསོ་བར་བྱའོ།། ནད་ནི་སྦྱོར་བས་ཞི་བྱ་བ། གང་གཞན་ལྟུང་བར་བྱེད་པ་དག། དེ་ནི་ངག་མིན་གཞན
་དག་ནི།། ལྡང་བར་མི་འགྱུར་རྣམ་དག་ཡིན།། ཞེས་བྱ་བ་ལ། ནད་ཞི་བར་བྱ་བའི་སྦྱོར་བ་སྨན་དང་ཁ་ཟས་ལ་སོགས་པའི་སྦྱོར་བའི་ཚུལ་གང་གིས་ནད་གཅིག་ཞི་བར་བྱས་ནས་གཞན་གཉིས་པ་ལྡང་བར་བྱེད་པའི་སྦྱོར་བ་དེ་ནི་རྣམ་པར་དག་པ་མ་ཡིན་ཏེ།
་བཟང་པོ་མ་ཡིན་ལ། གང་གཅིག་ཞི་བར་བྱས་ནས་གཞན་དག་ལྡང་བར་མི་བྱེད་པ་དེ་ནི་དག་པ་དམ་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། གནོད་པ་མེད་པའི་བྱ་བ་བཟང་པོ་བྱེད་པའི་ཕྱིར་རོ།། རྩོལ་དྲགས་ཚ་བ་རྣོ་བ་དང་། གནོད་པར་གྱུར་པ་སྤྱད་པས་ཀྱང་། ཁོང་པ་ཡན
་ལག་རུས་པ་དང་།། གནང་དུ་རླུང་ནི་འཇུག་པར་འགྱུར།། དེ་བཞིན་དེ་ལས་རྩ་སྒོ་ནི།། རྣམ་པར་སྦྱངས་ལས་འབྱུང་བར་འགྱུར།། སྨན་བྱས་རླུང་ནི་ཚོར་བཅད་པས།། ཁོང་པའི་ནང་དུ་འབྱུང་བར་འགྱུར།། ཞེས་བྱ་བ་ལ། རྩོལ་བ་དྲོགས་པ་ནི་ལུས་ལ་སོགས
་པ་ལ་གནོད་པར་འགྱུར་བའི་ལས་དྲགས་པ་དང་།། ཚ་བ་རྣོ་བའི་མེ་ཆེན་པོ་ལ་བརྟེན་པ་དང་། གནོད་པར་འགྱུར་ཞིང་ལོག་པའི་ལས་སྤྱད་པ་ལས་ཀྱང་། ཁོང་པ་སྟེ་ཟས་ཞུ་བ་དང་མ་ཞུ་བོའི་གནས་ཞེས་བྱ་བ་ལ། ཡན་ལག་དང་རུས་པ་དང་གནང་དུ་རླུང་ལ
་སོགས་པའི་ནད་མྱུར་དུ་འཇུག་པར་འགྱུར་རོ།། དེ་ལ་ཡན་ལག་ནི་ཁྲག་ལ་སོགས་པའི་ལུས་ཟུངས་རྣམས་དང་པགས་པའོ།། རུས་པ་ནི་རུས་པའི་ཚིགས་རྣམས་སོ།། གནད་ནི་སྙིང་དང་མགོ་བོ་ལ་སོགས་པ་སྟེ། དེ་དག་ཏུ་རླུང་མྱུར་བའི་བདག་ཉིད་ཅན
་ཡིན་པས་ན་ནང་འཇུག་ཅིང་ལྡང་བར་བྱེད་དོ།། དེ་བཞིན་དུ་ཡན་ལག་དང་རུས་པ་དང་། གནང་རྣམས་ལ་ཡང་ཁོང་པའི་ནང་དུའང་ནང་ཞུགས་པར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། རྩ་རྣམས་ཀྱི་སྒོ་གང་ཡིན་པ་དེ་རྣམ་པར་སྦྱངས་པས་རྣམ་པར་དག་པའི
་ཕྱིར། དེ་ཁོང་པར་འབྱུང་བར་འགྱུར་བ་དང་། དཀྱིལ་གསོགས་ཤིང་འཕེལ་བས་འབྱུང་བར་འགྱུར་བ་དང་། དེ་བཞིན་དུ་འཇིགས་ཤིང་ཞུ་བ་སྟེ། ལེན་ཚྭ་དང་འོ་མོ་ལ་སོགས་པ་འཛག་པར་འགྱུར་བའི་ཟས་ཟོས་པ་ས་འབྱུང་བར་འགྱུར་བ་དང་།
་དེ་བཞིན་དུ་སྨིན་པ་སྟེ། སྨིན་པར་བྱ་བ་ལ་སོགས་པ་སྟེ། མ་ཞུ་བ་མེད་པར་བྱས་པས་ཁོང་པའི་ནང་དུ་ཞུགས་པར་འགྱུར་རོ།། ཞེས་བྱ་བར་སྦྱར་བ་དང་། དེ་བཞིན་དུ་རླུང་འཐོར་བ་དང་སྡུད་པར་བྱེད་པ་ཚར་བཅད་ཅིང་ཞུ་བར་བྱེད་པ
་ཁོང་པའི་ནང་དུ་ནད་ངེ་འདུ་ཞིང་འབྱུང་བར་འགྱུར་བ་ཡིན་ནོ།། དེར་གནས་ནས་ཀྱང་རྒྱུ་དག་ལས།། སྡོད་ཅིང་རིང་དུ་ཐོགས་པ་ཡིན།། དེ་ནི་དུས་སོགས་སྟོབས་ཐོབ་ནས།། གཞན་ལ་བརྟེན་ཀྱང་ལྡང་བར་བྱེད།། ཅེས་བྱ་བ་ལ། ཁོང་པའི་ནང་དེར་གནས་ནས་དེ་ལྷན
་བྱེད་པའི་རྒྱུ་དག་དང་མ་ཕྲད་ན་སྡོད་ཅིང་རིང་དུ་ཐོགས་ཏེ། རང་གི་ཤུགས་འབྱིན་པར་མི་བྱེད་དེ། དེ་ལྡང་པའི་རྒྱུ་གང་ཡིན་ཚེ་མ་ཚང་བས་ནད་སྐྱེད་པའི་ནུས་པ་དང་མི་ལྡན་པ་ཚེ་འགྱུར་བའི་རྒྱུ་གཞན་དག་ལ་སྡོད་ཅིང་རྒྱུ་མང་པོ་ལ་གཞེས་པས་ན་དེ་ལྡང
་བས་ན་འགོར་བ་ཡིན་ནོ།། དེ་ནས་དེ་དུས་དང་གནོད་བྱ་དང་། ཡུལ་དང་རང་བཞིན་གྱི་སྟོབས་ཀྱི་ནུས་པ་ཐོབ་ཅིང་རྙེད་ནས་ལྡང་བར་བྱེད་དོ།། དེའི་ཚེ་གཞན་དག་ལ་བརྟེན་ཀྱང་ཞེས་བྱ་བ་ལ། ཕ་རོལ་པོ་དག་ལ་ཡང་བརྟེན་ཅིང་གནས་ཀྱང་རྒྱུའི་ཚོགས
་བ་རྙེད་ན་ལྡང་བར་འགྱུར་རོ།། དེ་ལ་གནས་གཞན་གནས་པ་ནི།། དེ་ཉིད་སྟོབས་ནི་མེད་ཉིད་ལ།། ག་སོ་པར་བྱ་བ་རང་གི་ནི།། སྟོབས་ཀྱིས་གཞན་ཟིལ་གནོན་བྱེད་ནའོ།། ཞེས་བྱ་བ་ལ། དེ་ལ་ནད་དེ་རྣམས་ལྡང་ནས་གནས་གཞན་ན་གནས་པ་འི་ཚེ་དེ
་ཉིད་གསོ་བར་བྱའོ།། ཞེས་བྱ་བར་སྦྱར་རོ།། དེ་ལ་ཞེས་བྱ་བ་ནི། ངེས་པར་གཟུང་བ་སྟེ། ནད་དེ་རྣམས་ཀྱི་ནང་ནས་གནས་གཞན་ན་གནས་པ་དེ་ཉིད་ཅེས་པ་དེ་དང་འབྲེལ་པའི་བླ་ཐབས་སུ་ཞུགས་པ་དང་། འབྲེལ་པ་དེ་ནི་གཞན་གྱི་གནས་ན་གནས་པའོ།།
་ད་ཡང་ཇི་ལྟ་བུ་ན་ན། སྟོབས་ནི་མེད་ཅེས་བྱ་བ་སྟེ། སྟ་ན་ཡོད་པའི་ནང་སྟོབས་ཆུང་བ་གཞན་དག་ལ་གནས་པའི་བླ་གཉན་ལ་གསོ་པ་བྱའི། ནང་སྔ་མ་སྟོབས་དང་ལྡན་པ་ལ། བྲ་ཐབས་སུ་བྱུང་བ་ལ་བླ་གཉེན་དང་པོ་གསོ་བ་ནི་མ་ཡིན་ན་ཉིད་ལ་ཞེས་བྱ་བ་ན
་ངེས་པར་གཟུང་བ་སྟེ། གནས་གཞན་དང་འབྲེལ་པ་ཉིད་བླ་གཉེན་དུ་གྱུར་པ་ཡིན་ནོ།། ཡང་ན་སྔ་མ་སྟོབས་དང་ལྡན་པ་ལ་གནས་ན་ཅི་ཞིག་བྱ་ཞེ་ན། རང་གི་ནི་སྟོབས་ཀྱིས་གཞན་ཟིལ་བྱེད་ནའོ་ཞེས་བྱ་བ་ཡིན་ཏེ། རང་ཉིད་གཞན་གྱི་གནས་ན་གནས་པ་ན
་གསོ་བ་བྱའི། གཞན་གྱི་གནས་དང་འབྲེལ་བའི་ནི་མ་ཡིན་ཏེ། ཇི་ལྟ་བུ་ཞེ་ན། སྟོབས་ཀྱི་རང་གི་ནུས་པས་ནང་གཞན་ཟིལ་གྱིས་གནོན་ཅིང་རྒྱལ་བར་ནུས་པ་དེ་གསོ་བར་བྱ་སྟེ། གང་སྟོབས་དང་ལྡན་པ་གསོ་བའི་དོན་ནོ།། ཅི་གསོ་བའི་ངེས་པ་འདིར་ཟང་དམ
་རྣམ་པ་གཞན་དག་ཀྱང་འདི་ལ་ཡོད་ཅེ་ན། དེའི་ཕྱིར་སྨྲས་པ་ནི། བླ་གཉེན་ནང་ནི་ཞི་བྱས་ན།། རང་གནས་གནས་པས་གསོ་མི་དགོས།། ཞེས་བྱ་བ་སྟེ། ནད་བསལ་བའི་ཆོ་ག་ཇི་སྐད་བཤད་པས་བློ་གཉེན་ནད་སྟོབས་ཆུང་བ་ཡིན་ཀྱང་། ཞི་བར་བྱ་ཞིང་རྣམ
་བར་བསལ་རང་གི་གནས་ན་གནས་པ་ཡང་གསོ་མི་དགོས་ཏེ། བླ་གཉེན་སྟོབས་ཅན་ལ་ནི་རང་གསོ་བའི་དང་འདྲ་བར་གསོ་དགོས་སོ།། དེ་ནས་གཞན་གྱི་གནས་སུ་སོང་བའི་ནད་ནི་སྟོབས་ཆུང་བ་ཡིན་ཡང་དེ་ཉིད་གསོ་བར་བྱའོ།། ཡང་ནི་རང་གི
་གནས་ན་གནས་པའི་ནད་གསོས་ནས། དེའི་འོག་ཏུ་བླ་གཉེན་གསོར་ཡང་རུང་ངོ་།། སྟོབས་དང་ལྡན་པའི་ནད་གཞན་གྱི་གནས་ན་གནས་པ་ལ་ནི་རང་གི་དང་འདྲ་བར་གསོ་བར་བྱའོ།། ད་ནི་རྩིབ་ལོགས་སུ་འགྲོ་བའི་ནད་རྣམས་ལ་མཆོག་ཏུ་གསོ་བ་བྱ
་བ་བསྟན་པའི་ཕྱིར་སྨྲས་པ་ནི། ཕལ་ཆེར་རྩིབ་ལོག་འགྲོ་བའི་ནད།། ནད་པ་ཡུན་རིང་ཉོན་མོངས་བྱེད།། ལུས་མའི་སྟོབས་ནི་ཤེས་པ་ཡིས།། དེ་ལ་རིངས་ཐབས་དག་མི་བྱ།། དེ་ནི་སྦྱོར་བས་ཞི་བ་འམ།། ཁོང་དུ་བདེ་བར་བསྡུ་བར་བྱ།། ཁོང་དུ་འདུས་པར
་ཤེས་ན་ནི།། ཇི་ལྟ་ཉེ་བ་བཞིན་དུ་བསལོ།། ཞེས་བྱ་བ་ཡིན་ནོ།། ཕལ་ཆེར་ཞེས་པ་མང་དུ་རྩིབ་ལོགས་སུ་འགྲོ་ཞིང་རྩི་བ་ལོགས་གཡས་གཡོན་ན་རྒྱུ་བའི་ནང་རླུང་ལ་སོགས་པ་ནི་ནད་པ་སྡུག་བསྔལ་བ་དང་ལྡན་པ་ཡུན་རིང་ཞིང་དུས་རིང་དུ་ཉོན་མོངས་ཤིང་སྡུག་པར
་བྱེད་དོ།། ནད་རྩིབ་ལོགས་སུ་འགྲོ་བ་དེ་རྣམས་ལ་དེ་ནི་ལུས་ཀྱི་མེ་སྟོབས་ཤེས་ཤིང་རྟོགས་པའི་སྨན་པས་ནད་དེ་ལས་མྱུར་བར་རིངས་ཐབས་སུ་དེའི་གསོ་བ་དག་མི་བྱའོ།། འོ་ན་ཅི་ཞིག་བྱ་ཞེ་ན། ནད་སྦྱོར་བར་ཤེས་པ་རིག་པ་དང་ལྡན་པས་ཞི་བར་བྱ་བ
་འམ། ཁོང་པའི་ནང་དུ་བདེ་བར་བསྡུ་ཞིང་ནང་དུ་ཆུད་པར་བྱས་ལ།། དེའི་འོག་ཏུ་གཟོད་གསོའོ།། དེ་ཡང་ནད་དེ་ཁོང་དུ་ཡུ་ནི་ལུས་ཤེས་ནས་རྩིབ་ལོགས་སུ་འགྲོ་བའི་ནཱདང་དེ་ནང་དུ་བསྡུས་ནས། སྣ་འམ་ཁོ་འམ་བཤད་སྒོ་ལ་སོགས་པ་ནད་གང་དང་ཉེ་བའི
་ལམ་དེ་ནས་སྐྱུགས་སྨན་ལ་སོགས་པས་བསལ་བར་བྱ་ཞིང་ཕྱིར་གདོན་པར་བྱའོ།། རླུང་ལ་སོགས་པའི་དྲི་མ་རྩེ་མ་ཞིལ་ཞིང་མ་ཞུ་བ་ནི་བུ་ག་འགགས་པ་ལ་སོགས་པའི་སྤྱིའི་མཚོན་ཉིད་བསྟན་པའི་ཕྱིར་སྨྲས་པ་ནི། བུ་ག་འབྱུང་འགགས་སྟོབས་ཉམས
་བ་ནིང་དྲུང་ནི་ཁོང་དུ་འཁྲུལ།། ཁོང་སྙོམོས་མི་འདུ་མཆིལ་མ་མོང་།། བོ་ཤང་གཅི་སྲི་དུབ་ཟས་མི་ལན།། ནད་རྩི་མེ་ནི་ལ་སྤྱི་ཡི་རྟགས།། རྩེ་ནི་ལ་དེ་ལས་བཛྲ་གཾ་བ་ཡིན།། ནས་བྱེ་བ་ལ། བུ་གི་འབྱུང་བ་འགེགས་པ་ནི། ནད་ཆེན་དུ་མི་འབྱུང
་བའོ།། སྟོབས་ཉམས་པ་ནི་སྟོབས་བཅོམ་པའོ།། ལྕི་བ་ནི་ལུས་དང་ཡན་ལག་ལྕི་བའོ།། རླུང་ཁོང་དུ་འཁྲུལ་པ་ནི་རླུང་གསལ་བར་མི་རྒྱུ་བའོ།། ཁོང་སྙོམ་པ་ནི་སྤྲོ་བ་ཆུང་བའོ།། མི་འཇུ་བ་ནི་ཟས་འཇུ་བར་མི་བྱེད་པའོ།། མཆིལ་མ་མང་བ་ནི་མཆིལ་སྣརུབས
་འཛག་པའི།། བཤད་གཅི་སྲི་བ་ནི་བཤང་པ་ལ་སོགས་པ་འགགས་པའོ།། དུབ་པ་ནི་ཉམས་བྲི་བའོ།། ཟས་འབྲི་བ་ནི་ཟས་ལ་སྲིད་པ་མེད་པའོ།། དེ་ལྟ་བུའི་རྟགས་རྣམས་ནི།། ནད་རྩེ་མ་ཞིལ་ཞིང་དང་གཏིང་མས་ཕྱིན་པའི་སྤྱིའི་རྟགས་ཡིན་ནོ།། རྩེ་ཞིལ་དེ
་ལས་བཟློག་པ་ཡིན་ཞེས་བྱ་བ་ནི། རྩེ་བཅིལ་ཞིང་ནད་ཞི་བའི་རྟགས་ནི་བཤད་མ་ཐག་པའི་ལས་གོ་བཟློག་པ་སྟེ། དེ་ཡང་རྩ་སྦུབས་དག་པ་དང་སྟོབས་སྐྱེ་བ་དང་། ཡང་བ་ཉིད་དང་། རླུང་ལུགས་སུ་འབྱུང་བ་དང་། ཁོང་སྙོམ་པ་མེད་པ་དང་། ཟས་འཇུ་བ
་དང་མཆིལ་མ་ཉུང་བ་དང་། དྲི་མ་རྣམས་བདེ་བར་འབྱུང་བ་དང་། ཟས་ཡི་གར་འོང་བ་དང་། སྤྲོ་བ་དང་ལྡན་པ་སྟེ། འདི་དག་ནི་ནད་མེད་པའི་མཚན་ཉིད་ཡིན་ནོ།། ཡང་མ་ཞུ་བའི་མཚན་ཉིད་ཅི་ཞིག་དང་ལྡན་ན། རླུང་ལ་སོགས་པ་ལ་མ་ཞུ་བ་འམ།
་ནད་ཀྱི་ལྷག་མ་དང་བཅས་པ་ཞེས་བྱ་ཞེ་ན། དེའི་ཕྱིར་སྨྲས་པ་ནི། ཁོང་བའི་དྲོད་སྟོབས་ཆུང་ཉིད་ཀྱིས།། ལུས་ཟུངས་དང་པོ་མི་འཇུ་བ།། ནད་ནི་ཕོ་བར་ཞུགས་པ་དག། དངས་མ་མ་ཞུ་ཡིན་པར་བཤད།། ཅེས་བྱ་བ་ལ་སོགས་པ་ཡིན་ཏེ། ལུས
་ཟུངས་ཀྱི་དང་པོ་དང་། དངས་མཆི་ན་པོ་ཞེས་བྱ་བ་སྟེ་ཁོང་པའི་དྲོད་ཆུང་བ་ཉིད་ཀྱིས་འཇུ་ཞིང་སྨིན་པར་མ་གྱུར་པ་རླུང་ལ་སོགས་པའི་ནད་འདྲེས་པ་རང་གི་གནས་ཕོ་བར་ཞུགས་པ་གནོད་འགྱུར་པ་ད་ནི་དངོས་མ་མ་སྦྱིན་ཅིང་མ་ཞུ་བ་ཡིན་ནོ།།
་ཞེས་ལ་ལ་དག་འདོད་དོ།། གཞན་དག་ནད་ཉིད་བར་འཁྲུགས་པ།། རབ་གདུག་ཕན་ཚུན་འདོམ་ལས་བྱུང་།། ཀོ་ཏྲ་བ་ཡི་དུག་བཞིན་དུ།། ནང་ཚབས་ཆེན་པོ་འབྱུང་བར་བཤད།། ཅེས་བྱ་བ་ལ། སློབ་དཔོན་གཞན་དག་ནི་མ
་ཞུ་བའི་འབྱུང་བའི་ཚུལ་དུ་འདོད་དེ། རླུང་ལ་སོགས་པའི་ནད་ཉིད་རབ་ཏུ་འཁྲུགས་ཤིང་ཤིན་ཏུ་གསོག་པ་ལས་དུས་ཕྱིས་ཞིག་ན་ཁ་ཟས་མ་ཞུ་བ་རབ་ཏུ་འདུག་པ་ཕན་ཚུན་གཅིག་ལ་འདོམ་ཞིང་འདྲེས་པར་གྱུར་པ་ཉིད་ལས་མ་ཞུ་བ་འབྱུང་བར་འདོད་དོ།། དེ་ཡང
་དཔེར་ན་ཀོ་ཏྲ་བ་ཞེས་བྱ་བའི་འབྲུ་ལས་དུས་དང་ཡུལ་གྱི་རྒྱུ་ལ་བལྟོས་ནས་དུག་ཏུ་འགྱུར་བར་བཤད་དོ།། དེས་ན་འདི་འདི་སྐད་དུ་སྟོན་པར་འགྱུར་ཏེ། དཔེར་ན་ཀོ་ཏྲ་བ་ཉིད་དུག་ཏུ་འགྱུར་བ་བཞིན་དུ་ནད་རྣམས་ཀྱང་ཚབས་ཆེན་པོར་འཁྲུགས་པ་ལས
་རང་ཉིད་ཀྱི་ཆ་ལས་མ་ཞུ་བ་འབྱུང་བར་འགྱུར་རོ།། དེ་བས་ན་རླུང་ལ་སོགས་པ་ལས་མ་ཞུ་བའི་དོན་གཞན་དག་ཡིན་པར་ཤེས་པར་བྱ་བའི་ཕྱིར་སྨྲས་པ་ནི་ནད་ཚབས་དེ་དང་འདྲེས་པ་དང་། གནོད་པ་གནོད་བྱ་གནོད་འགྱུར་དང་། ནད་གཞན་གང་དག
་དེ་ལས་འབྱུང་།། མ་ཞུ་བ་དང་བཅས་པཱ་བ་ག། ཅེས་བྱབ་ལ། ཇི་སྐད་དུ་བཤད་པའི་མ་ཞུ་བ་དེ་དང་། རླུང་ལ་སོགས་པའི་ནད་འདྲེས་ཤིང་། གཅིག་ཏུ་གྱུར་པ་ལ་མ་ཞུ་བ་དང་བཅས་པ་ཞེས་བཤད་དོ།། དེ་བཞིན་གནོད་བྱ་སྟེ་དངས་མ་ལ་སོགས་པའི་ལུས་ཟུངས
་རྣམས་དང་བཤང་བ་ལ་སོགས་པའི་དྲི་མ་དེ་རྣམས་ཀྱང་མ་ཞུ་བ་དེ་ཉིད་ཀྱིས་གནོད་པར་གྱུར་པ་ལ་མ་ཞུ་བ་དང་བཅས་པ་ཞེས་བྱའོ།། དེ་བཞིན་དུ་ནད་གཞན་གང་དག་རླུང་ཁོང་དུ་འཁྱིལ་བ་ལ་སོགས་པ་དེ་ལས་བྱུང་བ་དེ་རྣམས་ནི་ནད་མ་ཞུ་བ་དང
་བཅས་པ་དང་དེ་བཞིན་དུ་གནོད་བྱ་ལུས་ཟུངས་རྣམས་དང་དྲི་མ་རྣམས་ལས་འབྱུང་བ་ལ་ཡང་མ་ཞུ་བ་དང་བཅས་པ་ཞེས་བཤད་དོ།། ཅི་དེ་དག་བཀྲུ་སྨན་དང་སྐྱུགས་སྨན་ལ་སོགས་པས་མོད་ལྔ་དབྱུང་བ་རཱུ་བ་འམ། འོན་ཏེ་བསལ་བར་མི་བྱ་ཞེ་ན
་ངོའི་ཕྱིར་སྨྲས་པ་ནི། དེའི་ལུས་ཀུན་ཞུགས་གྱུར་པ།། ནང་ན་བཞུགས་ཏེ་རྩེམ་བ་ཙི་ལ།། མ་སྨིན་འབྱུང་བར་མི་བྱ་སྟེ། མ་སྨིན་ཤིང་ཏོག་ཁུ་བར་མཛུ། ས་བྱཱ་བི་ལ། མ་ཞུ་བ་དང་འདྲེས་ཤིང་ལྷན་ཅིག་གནས་པའི་ནད་དེ། ལུས་ཀུན་ཏུ་ཁྱབ
་ཅིང་མགོ་ནས་རྐང་པའི་བར་དུ་ཞུགས་པས་ཁྱབ་པར་བྱས་པ། ནང་ནང་དུ་ཞུགས་པས་རྩ་དང་རྒྱུས་པ་ཕྲ་མོ་ཡན་ཚོད་ཀྱི་ཚིགས་ལ་ཁྱབ་ཅིང་ཞུགས་པ་དངས་མ་ལ་སོགས་པའི་ལུས་ཟུངས་ལ་ཞེན་ཅིང་འབྱུང་བ། གནས་ལས་མ་འགུལ་བ་དེ། སྨོན་ཅིང
་སྙི་བར་མ་བྱས་པར་སྨོན་སྨན་ལ་སོགས་པོས་དབྱུང་བར་མི་བྱ་སྟེ། དེ་ནི་སྨིན་པའི་ཆོ་ག་ས་བྱིས་པར་ཕྱུང་ན་གནོད་པ་ཆེན་པོ་ཉིད་དུ་འགྱུར་རོ།། འདི་ཉིད་དཔེས་བསྟན་པར་བྱ་བའི་ཕྱིར། མ་སྨིན་ཤིང་ཏོག་ཁུ་བར་མཚུངས་ཞེས་བྱ་བ་སྨོས་པ་ཡིན་ཏེ།།
་མཚུངས་ཤེས་བྱ་བའི་སྒྲ་ནི་འདྲ་བའི་དོན་ཏེ། དཔེར་ནམ་དུ་ལུང་ཀ་དང་། སྐྱུ་རུ་ར་དང་། རྒུན་འབྲུ་ལ་སོགས་པའི་ཤིང་ཏོག་མ་སྨིན་ཅིང་མ་ཚོས་པ་ལས། ཁུ་བ་བཙིར་བ་ནོ་ཁུ་བ་ཐམས་ཅད་འབྱུང་བར་མི་ནུས་ཀྱི། འབྲས་བུ་ཉིད་བརླིག་པར་འགྱུར་ཏེ།
་དུས་ལ་མ་བབ་པའི་ཕྱིར་རོ།། དེ་ཉིད་ཀྱིས་ན་དཔེ་བསྟན་པའི་དོན་གསལ་པོ་བཤད་པའི་ཕྱིར་སྨྲས་པ་ནི། དེ་ནི་འབྱུང་བར་དཀའ་བས་ན།། རྟེན་ནི་འཇིགས་པར་བྱེད་པར་འགྱུར།། ཞེས་བྱ་བ་ཡིན་ཏེ། གང་གི་ཕྱིར་ནད་མ་སྨིན་པ་དེ་གནོད་པར་བྱེད
་ཅིང་། ལུས་ཀུན་ལ་ཁྱབ་པ་ལུས་ཟུངས་ལ་ཞེན་ཞིང་འདྲེས་པས་སྨིན་པའི་ཆོ་ག་མ་བྱས་པར་དབྱུང་དཀའ་བ་ཡིན་ཏེ། དེས་ན་རྟེན་ཞེས་བྱ་བ་ལུས་ཉིད་འཇིག་ཅིང་ཉམས་པར་བྱེད་པར་འགྱུར་ཏེ། ཤིན་ཏུ་དཀའ་བས་ཀྱང་ཅུང
་ཟཐང་ཙམ་ཡང་དབྱུང་བར་མི་ནུས་པ་ཡིན་ནོ།། དེ་དག་གི་སྨན་ཅི་ཞིག་ཡིན་པ་བསྟན་པའི་ཕྱིར་སྨྲས་པ་ནི། དི་ནི་སྨན་དང་དྲིང་བསྐྱེང་སྣུམ།། དུགས་བྱས་རྩེ་བ་ཅི་ལ་དེ་བསལ་བ།། ཇི་ལྟར་ཉེ་དང་སྟོབས་ཇི་བཞིན།། སྦྱང་བའི་དུས་སུ་བསྔལ་བར་བྱ།། ཞེས་བྱ
་བྱལ་ཉེས་པ་དེ་སྨོན་པ་ལ་སོགས་པ་བྱ་སྟེ། ནད་རྣམས་སྨིན་ཅིང་ནུ་བར་བྱེད་པས་ན་སྨིན་པས་ཏེ། དྲོར་ཕྱིར་སྨྲས་པ་མ་སྨིན་པ་ལུང་ཟུངས་ལ་ཞོན་པ་འབྱུང་བར་དཀའ་བ་སྟེ། སྨིན་པ་ལ་སོགས་པའི་རིམ་གྷི་གནས་པར་བྱོ་ལ། དེའི་འོག་ཇི་ལྟར་ཉེ་བ་དོང་།
་སྟོབས་ཇི་ལྟ་བ་བཞིན་དུ་སྦྱང་བའི་དུས་ལ་བབ་པ་དང་། སྦྱང་པའི་སྨན་གྱི་བསལ་བར་བྱའོ།། དེ་ལ་ཇི་ལྟར་ཉེ་བ་ནི་ནད་གང་ལམ་གང་དང་ཉེ་བར་ནང་དུ་ལམ་དེ་ཉིད་ནུས་བསལ་བར་བྱའོ།། དེའང་མ་ཞུ་བའི་གནས་ལ་གནས་པ་ནི་སྐྱུག་སྨན་གྱིས
་གསལ་བར་བྱའོ།། ཞུ་བོའི་གནས་ལ་གནས་པ་ནི་མ་བཏང་བས་བསལ་བར་བྱའོ།། མགོ་བོ་ལ་གནས་པ་ནི་སྣ་ནས་བཏང་བས་སོ།། སྟོབས་ཇི་བཞིན་ཞེས་བྱ་བ་སྟོབས་དང་ནད་ཚོབས་ཤིན་ཏུ་ཆེ་བ་ནི། སྨན་རྣོ་བ་དང་ཆང་ཆེ་བས་བསལ་བར་བྱའོ།།
་སྟོབས་འབྲིང་ཙམ་གྱིས་སོ།། སྟོབས་ཆུང་བ་ནི་འཇམ་བོས་སོ།། དེ་དག་ཉིད་བསལ་བར་བྱ་བའི་སྨྲས་པ་ནི།། བ་ནས་རིགས་པས་སྤྱན་བཏང་བས།། མ་ཞུའི་གནས་ལས་ནང་མྱུ་བསལ།། ནི་མཆོད་ཡནི་ཆང་སྣ་སྨན་གྱིས།། ཞུ་བའི་གནས་ཡོད
་མ་བཏང་བསལ།། ཞེས་བྱ་བ་ཡིན་ཏེ། ཁ་ནས་ཅི་རིགས་པར་སྨན་བཏང་བས་མ་ཞུ་བའི་གནས་ལས་ནང་མྱུར་དུ་བསལ་ཞིང་གདོན་པར་བྱའོ།། ནམ་ཚོང་ཡན་ཆད་ཀྱི་ནད་ནི་སྣ་སྨན་བཏང་བས་བསལ་བར་བྱའོ།། ཞུ་བའི་གནས་ལྟེ་བ་མན་ཆད་ན་གནས
་པ་ངག་རིམས་བཏང་བ་སྟེ། བཤང་སྒོ་ནས་སྨན་བཏང་བས་ནད་མྱུར་དུ་བསལ་བར་བྱའོ།། ནད་འབྱུང་བར་རྩོམ་པའི་མ་སྨིན་པར་ནི་རང་ཉིད་འབྱུང་ཡང་དགག་པར་མི་བྱ་སྟེ། ཁྲག་མཁྲིས་དང་ཚད་པར་འཁྲུ་བ་དང་པོར་འབྱུང་བ་ན། དགག་པར
་མི་བྱ་སྟེ། དེ་ནི་ནང་དུ་མིའི་རྒྱུར་འགྱུར་རོ།། ཞེས་བསྟན་པའི་ཕྱིར། སྟེང་མ་འོག་ཏུ་འབྱུང་བར་རྩོམ།། ནད་ནི་རང་ཉིད་འབྱུང་བ་ན།། སྨན་གྱི་ནད་ནི་མི་དགག་སྟེ།། བཀག་ན་དེ་ཉིད་ནང་སྐྱེད་འགྱུར།། ཞེས་བྱ་བ་ལ། སྟེང་གི་ལམ་ཁ་དང་སྣ་ཞེས་བྱ
་པ་དང་། རོག་གི་ལམ་བཤང་སྒོ་དང་གཅི་སྒོ་ལས་ནད་རྣམས་འབྱུང་བར་རྩོམ་ཞིང་ཕྱིར་ཕྱོགས་པར་སྨྲས་ནས་འཐགས་པ་མི་སྨན་པར་གྱུར་པ་དེ། རང་ཉིད་འབད་མི་དགོས་པར་འབྱུང་ཞིང་འབབ་པ་ནི། སྨན་གྱི་བཅད་པའི་ཚུལ་གྱི་ནང་དེ
་མི་གཞབ་ཅིང་དགག་པར་མི་བྱའོ།། དེ་ཡང་གང་གི་ཕྱིར་མ་སྨིན་པའི་ནཱད་རང་ཉིད་འབྱུང་བར་རྩོམ་པ་སྟེ། ནན་གྱིས་བཀག་ན་དེ་ཉིད་ནང་སྐྱེ་བའི་རྒྱུར་འགྱུར་རོ།། དེ་བས་དང་པོར་ནད་འབྱུང་ལ།། བསྡད་དེ་ཕན་པ་བཟའ་བར་བྱ།། ཞེས་བྱ་བ
་ལ། དེ་བས་རྒྱུ་དེའི་ཕྱིར་དང་པོར་ནད་འབྱུང་བ་ལ་ནན་གྱིས་བཀག་པ་ནི་ཤུགས་དགག་པའི་རྒྱུར་འགྱུར་བས་སྨན་གྱིས་མི་བཟློག་པར་བཏང་སྙོམས་སུ་བྱ་ཞིང་བསྡད་པར་བྱའོ།། གང་གིས་ཤེ་ནི། ཕན་པ་བཟའ་ཞེས་བྱ་བ་སྟེ། ནང
་བས་ཟས་སུ་མཐུན་པའི་ཁ་ཟས་ཕན་ཞིང་བསོད་པ་བཟའ་ཞིང་ལོངས་སྤྱོད་པར་བྱའི། དེར་ནི་དགག་པར་ཡང་མི་བྱ་ལ། སྦྱང་བར་ཡང་མི་བྱ་སྟེ། རང་ཉིད་འབྱུང་བ་ཡིན་པའི་ཕྱིར། བཏང་སྙོམས་སུ་བསྲུང་བ་ཉིད་འདིར་སྨན
་ཡིན་ནོ།། འཁྱིལ་ལ་སྨིན་པ་དེ་དང་དེས།། སྨིན་བྱས་དེ་བཞིན་བསལ་བར་བྱ།། ཞེས་བྱ་བ་ལ། མ་སྨིན་པོའི་ནད་དེ་འཁྱིལ་ཞིང་འགགས་ནི། སྨིན་པར་བྱེད་པའི་སྨོན་དེ་དང་དེས་སྨིན་པར་བྱས་ཤིང་དྲུ་བྱུང་དུ་རུང་བར་བྱས་ནས། དེ་བཞིན་དུ་སྔར་ཇི་སྐད
་བསྟན་པའི་ལོ་མ་ནས་འབྱུང་ཞིང་བསལ་བར་བྱའོ།། སྔར་ནད་ཀྱི་དཀྱིལ་སོགས་དུས་སུ་བསྔལ་ཞེས་སྨོས་ན། དེ་ཅི་ལྟར་བསལ་བར་བྱ་ཞེ་ན། དེའི་ཕྱིར་སྨྲས་པ་ནི། དབྱར་སྟོན་ཐ་ཆུང་དཔྱིད་ཟླ་འབྲིང་།། ཐུན་མོང་དུས་སུ་རིམ་བཞིན་དུ།། སོ་ག་དབྱར
་དང་དགུན་བསགས་པའི།། རླུང་སོགས་ནད་ནི་མྱུར་དུ་བསལ།། ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། སོ་ག་ལ་སོགས་པ་དུས་གསུམ་ནི་གསོ་བར་བྱ་བ་བསགས་པར་འགྱུར་བའི་ནད་ནི་དབྱར་ཟླ་ཐ་ཆུང་དང་། སྟོན་ཟླ་ཐ་ཆུང་དང་། དཔྱིད་ཟླ་འོ་བྲིང
་པོ་དག་ཐུན་མོང་གི་དུས་ཡིན་པས། རིམ་བཞིན་དུ་བསལ་བར་བྱ་སྟེ། སོ་གའི་དུས་སུ་བསགས་པའི་རླུང་དབྱར་ཟླ་ཐ་ཆུང་ལ་བསལ་བར་བྱའོ།། དབྱེར་བསགས་པའི་མཁྲིས་པ་སྟོན་ཟླ་ཐ་ཆུང་ལ་བསལ་བར་བྱའོ།། དགུན་བསགས་པའི་བད
་ཀན་དཔྱིད་ཟླ་འབྲིང་པོ་ལ་བསལ་བར་བྱའོ།། སོ་ག་དབྱར་དང་དགུན་གྱི་ཚེ།། རབ་ཚ་ཚར་དང་གྲང་བའི་དུས།། ཞེས་བྱ་བ་ལ། གང་གི་ཕྱིར་སོ་ག་དང་དབྱར་དང་དགུན་གྱི་ཚེ་ནི་རིམ་པ་བཞིན་དུ་རབ་ཏུ་ཚ་བ་དང་།། ཆར་འབབ་པ་དང་གྲང་བའི་དུས
་ཡོན་ནོ།། དེ་ལ་རབ་ཏུ་ཆ་བ་ནི་སོ་གའི་དུས་སོ།། རབ་ཏུ་ཆར་པ་འབབ་པ་ནི་དབྱར་གྱི་དུས་སོ།། རབ་ཏུ་གྲང་བ་ནི་དགུན་སྟོང་དང་བཀུན་སྐད་ཀྱི་དུས་སོ།། དེ་རྣམས་དུས་མཚུངས་ཐུན་མོང་སྟེ། དྲི་ཚེ་ནང་ནི་མི་བཟང་བསལ།། ཞེས་བྱ་བ་ལ་རབ་ཏུ་ཚབ
་དང་། ཆར་འབབ་པ་དང་། གྲང་བའི་དུས་སོ་ག་དང་དབྱུད་དང་དགུན་ཞེས་བྱ་བ། དེ་རྣམས་ཀྱི་དུས་མཚམས་ཐུན་མོང་གྲང་བ་དང་དཱི་བ་དང་ཚེར་འབབ་པ་ཆ་མཉམ་པའི་དུས་ངོའི་ཚེ། རླུང་ལ་སོགས་པའི་ནང་མི་ཟད་ཅིང་གནོད་པོ་བསལ་ཞིང་སྦྱང་བར
་བྱའོ།། ཐ་མལ་བདེར་གནས་དབང་བྱས་ཀྱི།། ནད་པ་ནོད་ཀྱི་དབང་ངོ་ནི།། གྲང་ཚ་ཆར་གྱི་དུས་ངག་གི། གཉེན་པོ་ཇི་བཞིན་བྱས་ནས་ནི།། སྦྱོར་བའི་དུས་སུ་འབབ་པ་ན།། བྱེ་བ་དུས་ལ་མི་བསྡད་དོ།། ཞེས་བྱ་བ་ལ། ངས་དེ་ལྟར་བཤད་པ་ནི། ཐ་མལ
་པོ་བདེ་བར་གནས་པའི་དབང་དུ་བྱས་ཤིང་། དེ་ལ་དམིགས་ནས་ཐུན་མོང་གི་ཉིན་ཞག་རྣམས་ལ། ན་སྤྱན་ལ་སོགས་པོ་བཏང་བབྲི་ཤད་པ་ཡིན་གྱི། ནང་པའི་དབང་དུ་བྱས་ནས་སྨྲས་པ་ནི་མ་ཡིན་ཏོ།། དེའི་ནང་ནི་གནོད་པར་བྱེད་དྲགས་པ་ཡིན
་བས་བཏང་སྙོམས་སུ་བཞག་སྟེ། གསོར་རུང་བ་ཡང་གསོར་མི་རུང་བར་འགྱུར་རོ།། དེ་ལ་ནད་པ་ལ་ནི་ནིད་སྐྱེད་པར་གྱུར་པའི་ནད་ཀྱི་དབང་དུ་བྱས་ནས། ནད་དང་རྗེས་སུ་མཐུན་པར་གྲང་བ་དང་ཚ་བ་དང་། ཆར་གྱི་དུས་ངག་གི་གཉེན་པོ་ཇི་ལྟ་བ
་བཞིན་དུ་གཉེན་པོ་བཅོས་མ་མ་ཡིན་པ་ལེགས་པར་བྱ་ཞིང་དུས་ཀྱི་ཡོན་ཏན་ཐི་བྷཱ་བ་ལས་གོ་བཟློག་པ་དང་། སྦྱོར་བ་དང་ལས་བྱ་བ་དང་། ཚོང་བརྟག་པས་སྨན་གྱི་ལས་ཉེ་བར་སྦྱར་ཞིང་། མ་ཡེངས་པ་ཁོ་ནར་ཉེ་བར་སྤྱད་པར་བྱའོ།། དེ་ཡང་གཉེན
་པོ་ཇི་བཞིན་དུ་བྱ་བ་སྟེ། གྲང་བ་དང་དྲོ་བ་དང་། དྲོ་བ་གྲང་བར་བྱ་བ་དང་། སྦྱོར་བའི་དུས་ཏེ། ནད་ཀྱི་དབང་གིས་གས་པར་བྱ་བའི་དུས་སུ་བབ་པ་ན། བྱ་བའི་དུས་དེ་ལ་མི་བསྡད་ཀྱི། དུས་ལས་འདའ་བར་བྱའོ།། སྨན་ནི་ཟས་མ་ཟོས
་སྔོན་དང་།། དབུས་དང་མཐའ་དང་ཁམ་གྱི་བར།། ཟད་པར་ཙག་པུ་ཟས་བཅས་དང་།། ཟོས་མནན་མཚན་མོ་བཏུང་བའོ།། ཞེས་བྱ་བ་ལ། སྨན་དུས་སྐབས་བཅུར་སྦྱར་ཞིང་བཏང་བར་བྱའོ།། དེ་ལ་ཟས་མ་ཟོས་པ་ནི་གང་དུ་སྨན་གཅིག་པུ་དགོས་པ
་དེ་དེ་ལ་ནི་ཐམ་ས་ཟོས་པ་ཞེས་བྱའོ།། སྔོན་དང་ཞེས་པ་ནི་ཟས་ཟ་བའི་སྔོན་དུ་སྨན་ཟོས་ན་དེའི་རྗེས་ཐོགས་ཉིད་ལའོ།། དབུས་ནི་གང་ཟོས་ཀྱི་བར་དུའོ།། ཐ་མ་ནི་ཟས་ཟོས་པོའི་རྗེས་ཐོགས་ལའོ།། ཁམ་གྱི་བར་ཞེས་བྱ་བ་ནི་སྨན་ཁམ་གྱི་བར་དུ་ཟས་དང་འདྲེས
་བཟའ་བའོ།། ཟས་པར་དུ་ཞེས་བྱ་བ་ནི་གང་ཟས་ཀྱི་བར་བར་དུ་བཟའ་བའོ།། ཙེག་བུ་ནི་ཡང་ཡང་སྐད་ཅིག་མ་རེ་ཞིང་ཟས་ཟོས་པ་རམ། མ་ཟོས་པའི་སྐབས་སུ་ཟ་བའོ།། ཟས་བཅས་ནི་ཟ་ས་དང་ལྷན་ཅིགཽ་བཙས་པ་འམ། ཕྱིས་བསྲེས་ཏེ་བཟའ
་བའོ།། ཟས་མནན་ནི་ཁ་སྦྱར་གྱི་ཚུལ་དུ་སྔར་སྨན་ཟོས་ནས་བར་དུ་ཟན་ཟ་བ་སྟེ། ཕྱིས་ཀྱང་སྨན་གྱིས་མནན་པའོ།། བད་ཀན་བདོ་འདས་ནད་པ་ནི།། ཉམས་སྟོབས་ལྡན་ལ་མ་ཟོས་བཏང་།། ཞེས་བྱ་བ་ལ། བང་ཀན་གྱི་ཤོས་ཆེ་ཞིང་བདོ་བའི
་དུས་འདས་ཤིང་བད་ཀན་ལྡོང་བའི་དུས་ཚོང་ཡོལ་བ་ནང་དང་། ནང་པོ་ཉམས་སྟོབས་དང་ལྡན་པ་ལ། ཟས་མ་ཟོས་པའི་སྔར་ཟས་མེད་པར་བཏང་བར་བྱའོ།། ཐུངས་ལེ་རླུང་ལ་ཟས་སྔར་བཏང་།། མཉམ་གནས་སྡང་ལ་བར་དུ་ཡིན།། ཞེས་བྱ་བ
་ཐུང་དུ་སེལ་བ་ཞེས་བྱ་བའི་རླུང་གི་ནང་ལྡང་བར་འགྱུར་ན། ཟས་ཀྱི་དང་པོ་ཉིད་དུ་སྨན་བཏང་ལ་དེའི་རྗེས་ཐོགས་ཁོ་ན་ལ་ཟས་བཟའ་བར་བྱའོ།། རླུང་མེ་དང་མཉམ་དུ་གནས་པ་ཞེས་བྱ་བ་ལྡང་བར་གྱུར་པ་ལ། བས་ཀྱི་བར་དུ་སྨན་བཟའ་བར་བྱ་སྟེ། ཟས
་ཀྱི་ཕྱེད་ཟོས་པ་དང་། བར་དུ་སྨན་ཟོས་པ་དང་། ངོར་འོག་ཏུ་ཟས་ལྷག་མ་རྣམས་བཟའ་བར་བྱའོ།། ཁྱབ་བྱེད་ནང་པར་ཟས་ཟའི་མཐའ།། གྱེན་རྒྱུའི་རླུང་ལ་དགོངས་ཀའོ།། ཞེས་བྱ་བ་ལ། རླུང་ཁྱབ་རྗེས་བྱ་བ་ལྡང་བར་གྱུར་པ་ནི། ནང་པར་ཏེ་སྔོ་དྲོ་ཟས
་ཟ་བོའི་ཐ་མ་རྫོགས་ཀར་སྨོན་བཏང་བར་བྱའོ།། གྱེན་རྒྱུ་ཞེས་བྱ་བ་ལ། དགོངས་ཀའི་ཟས་བཟའ་བོའི་མཐའ་མར་སྨན་བཟའ་བར་བྱའོ།། སྲོག་ཅེས་བྱ་བའི་ལྡང་ལ། ཁམ་གྱི་བར་དང་ཟས་བར་པོཟིར།། ཞེས་བྱ་བ་ལ་སྒྲོག་ཅེས་བྱ་བའི་རླུང་སྡུང་ཞིང་། དང
་འཁྲུག་པ་ལ་ཁམ་གྱི་བར་དང་། དེ་བཞིན་དུ་ཟས་ཀྱི་བར་ཏེ། དབུས་སུ་སྨན་བཟའ་བར་བྱ་སྟེ། དེ་ཡང་ཁམ་ལ་སྤག་ཅིང་བཟའ་བ་དང་། ཟས་བཟོའ་བའི་བར་བར་དུ་བཟའ་བའོ།། དུག་དང་སྐྱུག་ལུག་དབུགས་མི་བདེ།། སྐོམ་དང་སྐྱེལ་ཅོག
་བུའོ།། ཞེས་བྱ་བ་ལ། དུག་འཐུངས་པ་དང་སྐྱུགས་པ་དང་། ལྟུང་བ་དབུགས་མི་བདེ་བ་དང་།། སྐོམ་དང་སྐྱེ་བ་ལ་ཅིག་པུར་ཡང་དང་ཡང་བཟའ་བ་ཟས་ཟོས་སམ། མ་ཟོས་པའི་སྐབས་སུ་བྱའོ།། ཡི་གེ་འཆུས་ལ་སྣ་ཚོགས་ཟསོ།། སྨན་དང
་ཟས་བཅས་སྦྱོར་བར་བྱ།། ཞེས་བྱ་བ་ལ། ཡིག་འཆུས་ཤིང་ཟས་མི་འདོད་པ་ལ། སྨན་སྦྱིན་པར་བྱ་བ་ནི། སྣ་ཚོགས་པའི་ཟས་དུ་མ་དག་དང་། ལྷན་ཅིག་སྨན་སྦྱིན་པར་བྱ་བ་ཡིན་པསོ་ན་ཟས་དང་བཅས་པར་སྦྱར་བྱའོ།། སྐྱིགས་བུ
་ལུས་འདར་ལག་འདར་དང་།། ཟས་ཉུང་ཟ་ལ་མནན་པ་བཏང་།། ཞེས་བྱ་བ་ལ། སྐྱིགས་བུ་ལ་སོགས་པའི་ནང་རྣམས་དང་། ཟས་ཉུང་ངུ་ཟ་བ་ལ་སྨན་གྱིས་མནན་པ་བཏང་བར་བྱ་སྟེ། སྨན་གྱིས་མནན་པ་ཞེས་བྱ་བ་ནི་གང་ཟས་ཀྱི
་སྔོན་དང་ཕྱི་ནས་སྨན་བཏང་ལ། གང་གིས་ཟས་ཏེ་ཟ་མ་ཏོག་གི་ནང་དུ་བཅུག་པ་ལྟར་སྨན་གྱིས་སྟེང་འོག་ནས་བཀག་སྟེ། མནན་པ་དེ་ལ་མནན་པ་ཞེས་བྱའོ།། ནམ་ཚང་ཡན་ཆད་ནང་ལ་ནི།། མཚན་མོའི་དུས་སུ་བཏང་བ་བསྔགས།། ཞེས་བྱ་བ་ལ། ནམ་ཚོང་ཡན་ཆད
་ཀྱི་ནང་མོག་དང་གདོད་འགྱུར་བ་ལ་སོགས་པའི་ནད་ལ་མཚན་མོ་ཉལ་ཁར་སྨན་བཏང་བ་རབ་ཏུ་བསྔགས་ཤིང་མཆོག་ཏུ་འདོད་པར་བྱ་བ་ཡིན་ནོ།། ། ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ་སློབ་དཔོན
་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས་ལེའུ་བཅུ་གསུམ་པའི་རྣམ་པར་འགྲོལ་བའོ།། ། དེ་ནས་གསོ་བོའི་ཐབས་རྣམ་པ་གཉིས་བསྟན་པའི་ལེའུ་བཤད་པར་བྱའོ།། ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནང་རྣམས་ཀྱི་གསོ་བའི
་ཐབས་སྣུམ་འཆོས་བྱ་བ་ལ་སོ་གས་པ་རྣམ་པ་དུ་མེ་ན་ཞིག་བཤད་པ་ཡིན་ཏེ། རྣམ་པ་དུ་མ་ཞིག་ཡོད་དུ་ཟིན་ཀྱང་ཉམ་བརྟ་བ་དང་། ཉམ་སྨད་པའི་ཚུལ་རྣམ་པ་གཉིས་ལས་མི་འདོའ་བ་ཡིན་ནོ།། དེ་བས་ངོའི་འོག་ཏུ་གསོ་བ་རྣམ་པ་གཉིས་ཀྱི
་ལེའུ་བོ་རྩམས་པ་ཡིན་ལ། གསོ་བ་རྣམ་པ་གཉིས་པོ་དེ་སྟོན་ཅིང་གང་དུ་གསོ་བ་གཉིས་པ་དེའི་ངེས་པ་བསྟན་པའི་ལེའུ་ལ་ནི་གསོ་བའི་ཐབས་གཉིས་བསྟན་པའི་ལེའུ་ཞེས་བྱ་སྟེ། དེ་བཤད་པར་བྱའོ་ཞེས་པའོ།། གསོ་བ་གཉིས་པའི་རིགས་པ་བསྟན
་བར་བྱ་བའི་ཕྱིར། གསོ་བ་རྣམ་པ་གཉིས་ཡིན་ཕྱིར།། གསོ་ཐབས་རྣམ་པ་གཉིས་སུ་འདོད།། ཅེས་བྱ་བ་ཡིན་ཏེ། གསོ་བ་རྣམ་པ་གཉིས་ཁོ་ན་སྟེ། གཅིག་ནི་ཉམ་བདྷཱུ་བའི་ཚུལ་གྱིས་གསོ་བའོ།། གཉིས་པ་ནི་ཉམ་འཚག་སྨྱུང་པའི་རྡུལ་གསོ་བར་བྱ་བ
་ཡིན་ཏེ། གོང་གི་ཕྱིར་གསོ་བར་བྱ་བའི་ནང་ངམཽ། ཡང་ན་དེ་ལྡན་པའི་སྐྱེས་བུ་ནི་ཉམ་བདྷཱུ་བས་པ། སོ་བར་བྱ་བ་འམ། ཉམ་འཆག་དམང་བས་གསོ་བར་བྱ་བ་ཡིན་གྱིས། དེ་ལས་གཞན་པའི་ཕྱོགས་གསུམ་པ་ཡོད་པ་མ་ཡིན་ནོ།། དེ་བྱས་ནཱ་གས
་བའི་ཐབས་ནི་རྣམ་པ་གཉིས་ཁོ་ན་ཡིན་ལ། གསོ་བ་དང་ནང་གསོ་བའི་ཐབས་དང་བྱ་བའི་རིམ་པ་ཞེས་བྱ་བ་ནི་དོན་གཅིག་ཡིན་ནོ།། དྲང་སྲོང་ཙ་ར་ཀཱའི་གཞུང་ལ་བརྟེན་པ་གཞན་དགུ་ནི་གསོ་བོའི་ཐབས་སྦྱོང་བ་ལ་སོགས་པ་བཞིར་འདིད་མེད་ཀྱི།
་སྨྱུང་བ་ལ་སོགས་པ་འདི་ཉིད་ཀྱི་ནང་དུ་འདུས་པ་ཡིན་ནོ།། ཁོ་ན་ཞེས་བྱ་བ་ནི་ངེས་པར་གཟུང་སྟེ། དེ་ཉིད་ཀྱི་ཕྱིར་སྨྲས་པ་ནི། དེ་ཅིག་བརྟ་བར་བྱས་པ་ཡིན།། གཉིས་པཉམ་པ་ནི་མེད་པའོ།། ཞེས་བྱ་བ་ཡིན་ཏེ། གསོ་བ་དེ་གཉིས་ལས་གསོ་བ་གཅིག་ནི
་ཉམ་བརྟ་བའི་ཚུལ་ཡིན་ལ། གཉིས་པ་ནི་ཉམ་པ་འཚག་དམང་བ་ཡིན་ནོ།། དེ་དག་རྒྱས་ཀྱི་སྦྱང་བ་ཞེསྟེ།། རྣམ་གྲངས་དག་ཏུ་བཤད་པ་ཡིན།། ཞེས་བྱ་བ་ལ་ཉམ་བརྟ་བ་དང་། ཉམ་དམང་པ་དེ་དག་ནི་རིམ་བཞིན་དུ་རྒྱས་པར་བྱ་བ་དང་། སྦྱང་བ་ཞེས
་བྱ་བའི་སྒྲས་མིང་གི་རྣམ་གྲངས་དག་ཏུ་བཤད་ཅིང་བསྟན་པ་དག་ལུང་ཤེས་པ་དག་གིས་སྤྱི་ཐོས་པ་ཡིན་ཏེ། དེ་དག་ཉིད་ཀྱི་མིང་གི་རྣམ་གྲངས་བསྟོན་པ་ཙམ་དུ་ཟད་དེ། ཞེས་བྱ་བའི་དོན་ནོ།། ལུས་ཤས་རྒྱས་ཕྱིར་རྒྱས་བྱས་ཏེ། ཡང་བཉིད
་ཕྱིར་སྦྱང་བར་བྱ།། ཞེས་བྱ་བ་ནི། དེ་ལ་རྒྱས་པར་བྱ་བ་ཞེས་བྱ་བ་ནི་ལུས་ཀྱི་ཤ་འཕེལ་ཞིང་རྒྱས་པར་བྱ་བའི་དོན་བྱེད་པ་སྟེ། དཔེར་ན་ཤང་དང་འོ་མ་ལ་སོགས་པ་ལྟ་བའོ།། གང་ལྷས་ཀྱི་ཡང་ཞིང་སྲབ་པ་ཉིད་དུ་གང་གིས་བྱེད་པ་དེ
་ནི་སྨྱུང་བར་བྱ་བ་ཞེས་བྱ་བའོ།། དེ་དག་ཀྱང་ཅི་ལྟ་བུའི་བདག་ཉིད་ཅན་ཡིན་ཞེ་ནོ། དེ་ནི་ཕལ་ཆེར་ས་ཆུ་དང་།། ཙོག་ཤོས་ལས་ནི་འགྱུར་བ་ཡིན།། ཞེས་བྱ་བ་སྨིན་ཏེ། རྒྱུས་པར་བྱ་བ་དང་སྨྱུང་བ་དེ་གཉིས་ནི། ས་དང་ཆུ་དང་ཅིག་ཤོས་ལས་འགྱུར་པོ་ཡིན་ཏེ།
་དེ་ཡང་ས་དང་བཙོས་པའི་ཆུ་ཡིན་ནས་ཆུའོ།། དེས་ནི་འདི་སྐད་སྟོན་ཏེ། ས་དང་ཚུའི་རང་བཞིན་ཅན་གྱི་རྫས་ནི་རྒྱས་པར་བྱེད་པ་ཡིན་ཏེ། དེ་གཉིས་ཀྱི་ངོ་བོ་ཉིད་དེ་ཡིན་པའི་ཕྱིར་རོ།། སྨྱུང་བ་ནི་དེ་ལས་གཞན་པ་ཅིག་ཤོས་ཏེ། གང་གི་ཅིག་ཤོས
་ཤེ་ན། འདིར་དེའི་སྐབས་ཡིན་པས། ས་དང་ཆུ་ལས་གཞན་པའི་ཅིག་ཤོས་མེ་དང་རླུང་དང་ན་མཁའི་བདག་ཉིད་དུ་ཅན་ཡིན་ནོ།། ཕལ་ཆེར་ཞེས་སྨོས་པས་ནི་ཤིན་ཏུ་རྒྱས་པར་བྱེད་པ་ནི་ས་དང་པོ་ཆུ་ཡིན་ལ། ཤིན་ཏུ་སྨྱུང་བར་བྱེང་བ་ནི་ཅོག་ཤོས་མེ་དང་རླུང
་དང་ན་མཁའ་ཡིན་པས་ན་དེ་སྐད་ཅེས་བྱའི། མེ་དང་རླུང་དང་ན་མཁའ་ལ་རྒྱུརྒྱས་ཤིང་འཕེལ་བར་འགྱུར་བ་ཡེ་མེད་པ་མ་ཡིན་ལ། སྭ་ངང་ཚུལ་ཡང་སྦྱང་བ་ཡི་མེད་པ་མ་ཡིན་ཏེ། སྨན་རྣམས་ནི་འབྱུང་བ་ལྔའི་བླང་གཉིད་ཅན་ཡིན་པའི་ཕྱིར་རོ།། སྣརེལ
་གཞིར་གནས་པ་ཡང་སྲིང་ངོ་།། ལས་གང་སྣུམ་དང་དགག་པ་དང་།། དུག་སོ་དང་ཁོང་རྩུབ་བྱ་བ་སྟེ། འབྱུང་བའི་ང་ཡང་གཉིས་ཡིན་ཕྱིར།། གཉིས་ཙ~ཾ་ལས་འདའ་བར་མི་བྱེད་།། ཞེས་བྱ་བ་ལ་སོགས་པའི་ཐབས་མང་དུ་སྨྲས་པ་དག་ཡོད
་ཕྱིར། འདིར་སྨྲས་པ་ཡིན་ཏེ། འདི་ཉིད་ཀྱིས་ལས་སྣུམ་བག་ལ་སོགས་པ་བཞི་པོ་བཤད་པ་གང་ཡིན་པ་འདི་ནི་འདིའི་ལས་ཡིན་གྱི། བཏ་བར་བྱ་བ་དང་ཉམ་དམང་བར་བྱ་བ་ལྟར་སྣུམ་ལ་སོགས་པ་བཞི་པོ་འདི་དག་དོན་ཐ་དད་པ་མ་ཡིན་ནོ།། འབྱུང་བའི་ལས
་བཞི་པོ་དེ་དག་ཀྱང་བརྟ་བ་དང་ཉམ་དམང་བ་གཉིས་ཀྱི་ཚུལ་ཅན་ཡིན་པའི་ཕྱིར་གཉིས་པོ་དེ་ལས་འདའ་བར་མི་བྱེད་དེ། འབྱུང་བ་རྣམས་བརྟབ་དང་ཉམ་དམང་པཱ་གཱ་ཞིན་གཉིས་ཀྱིས་རྣམ་པ་གཉིས་ཡིན་པའི་ཕྱིར་དང་། དེ་བཞིན་དུ་མ་དང་ཟླ་བའི་རླུང
་བཞིན་རྣམ་པ་གཉིས་དང་ལྡན་པ་ཡིན་པས། དེ་དག་རྒྱུས་ལ་སྦྱང་བ་གཉིས་ལས་འདར་བར་མི་བྱེད་དོ།། དེ་ཡང་སྣུམ་དང་བསྡམ་པར་བྱ་བ་ནི་ཟླ་བྱའི་རང་བཞིན་པས་བལྟ་བའི་སྡེ་ཆོམས་སུ་གཏོགས་ལོ། རྩུབས་པ་དང་དུགས་བྱེ་བ་ནི་མེའི་རང
་བཞིན་ཅན་ཡིན་པས་སྨྱུང་བར་གཏོགས་ཏེ། དེ་ནས་ལ་སོགས་པའི་འཛི་བྱུང་བ་རྣམས་བརྟུ་བ་དང་ཉམ་སྨོད་པའི་ཚུལ་ཅནི་ཡིན་ནོ།། དེ་ནི་དེ་གཉིས་ཀྱི་སོ་སོའི་དབྱེ་བ་སྨྲས་པ་ནི། དེ་ལའང་སྦྱང་དང་ནི་བྱ་བ།། རྣམ་པ་གཉིས་པོ་སྦྱང་བ་ཡིན།། ཞེས་བྱ་བ
་ལ། དེ་ལ་ཞེས་བྱ་བི་བ་ངེས་པར་གཟུང་བ་སྟེ། ཉམ་བཏ་བ་དང་ཉམ་དམེད་པ་ཞེས་བྱ་བ་ཡིན་ནོ།། ཡང་ནི་རྣམ་པ་གཞན་དུ་ན། རྒྱས་པར་བྱ་བ་དང་། སྨྱུང་བ་ཞེས་བྱ་བ་ལ་གང་འདི་སྦྱང་བ་འམ། ཉམ་དམད་པ་ཞེས་བྱ་བ་དེ་ནི་ཚེ་རྣམ་པ་གཉིས
་སྦྱང་བ་དང་ཞི་བ་ཞེས་བྱ་བ་ཡིན་ཏེ། དེ་ལས་ལྷག་པའི་སྨྱུང་བ་ཡོད་པ་མ་ཡིན་ནོ།། ཡང་ན་རྣམ་པ་འདི་ལྟ་བུའི་ཚུལ་གྱིས་རྣམ་པ་གཉིས་པ་ནི་སྦྱོང་བ་ཡིན་ཏེ། གཞོན་དུ་ན་འོག་ནས་སོ་བཤད་པའི་ཚུལ་གྱིས་རྣམ་པོ་བཅུ་གཉི་སུ་འགྱུར་རོ།། དེ་ལས
་རང་གི་མཚན་ཉིད་དང་དེ་བཞིན་དུ་དེའི་དབྱེ་བ་བསྟན་པར་བྱ་བའི་ཕྱིར་སྨྲས་པ་ནི། གང་ཞིག་ནད་ནི་ཕྱིར་འབྱིན་པ།། སྦྱང་ཡིན་དེ་ནི་རྣམ་ལྷ་སྟེ།། མས་བཏང་སྐྱུག་སྨན་ལུས་ནད་དཀྲུ།། མགོ་ཡི་ནང་བཀྲུ་གཏར་གས་དབྱུང་།། ཞེས་བྱ་བ
་ཡིན་ཏེ། སྨན་གང་ནང་ན་ཡོད་པའི་ནད་ཕྱིར་འབྱིན་པར་བྱེད་པ་དེ་ནི་སྦྱང་བ་ཞེས་བྱ་བ་ལ། སྒྱིང་པ་དེ་ཡང་མས་བཏང་བ་ལ་སོགས་པའི་དབྱེ་བ་རྣམ་པ་ལྔ་ཡིན་ནོ།། དེ་ལ་མས་བཏང་བ་ནི་བཤང་བའི་སྒོ་ནས། སྨན་དང་མར་ལ་སོགས་པ་བསྐོལ་ཏེ་བཏིང
་བའོ།། སྐྱུག་སྨན་ནི་ནང་རྣམས་གྱེན་དུ་དྲང་བའོ།། ལུས་ཀྱི་ནང་བཀྲུ་བ་ནི་ནང་ཐུར་དུ་དྲོ་བྱུང་བའོ།། མག་བོའི་ནང་བཀྲུ་བ་ནི་ལུས་ཀྱི་ཕྱོགས་གཅིག་མགོ་བོ་ཞེས་བྱ་བ་གཅིག་པུའི་ནང་ལ་སྨན་སྣ་ནས་བཏང་བས་གྱེན་དུ་དྲང་བ་ནི་མགོ་བོའི་ནད་བཀྲུ་བ་ར
་གཏར་གས་དབྱུང་བ་ནི་ཁྲག་རྩའི་སྒོ་ལ་སོགས་པ་ལས་ཕྱིར་གདོན་པའོ།། ད་ནི་ཞི་བའི་མཚན་ཉིད་དང་། དེ་བཞིན་དུ་དབྱེ་བ་བཤང་པའི་ཕྱིར་འདི་སྨྲས་པ་ཡིན་ཏེ། གང་ཞིག་ནང་ནི་མི་སྦྱོང་དང་།། སྙོམས་གནས་གློངས་པ་མ་ཡིན་དང་།། མ་སྙོམས
་སྙོམས་པར་བྱེད་པ་དག། ཞི་བ་ཡིན་ཏེ་དེ་རྣམས་བདུན།། སྤྲིན་དང་དྲོད་སྐྱོང་བཀྲེས་སྐོམ་དང་།། རྩོལ་བཅག་ཉི་མཚན་བསེར་བུ་བསིལ།། ཞེས་བྱ་བ་ལཾ། སྤྱན་གང་ཞིག་གིས་རླུང་ལ་སོགསྭ་པའི་ནང་མི་སྐྱོང་ཞིང་།། ནང་ན་གནས་པ་ཕྱི་རོལ་ཏུ་མ་བཏོན
་བ་དང་། དེ་བཞིན་དུ་སྙོམས་པར་གནས་ཤིང་ཆ་མཉམ་པར། རང་གི་ཚོང་དུ་གནས་ལ་གློངས་པ་མ་ཡིན་ཞིང་རང་གི་གནས་ནས་མི་འགུལ་པོ་དང་། དེ་བོ་རིན་དུ་མ་སྙོམས་པ་སྟེ། རང་གི་ཚང་ལས་ལྡོག་པ་འམ། མ་ཚང་བའི་ཚུལ་དུ་གནས་པ
་དན་སྙོམས་པར་བྱེད་ཅིང་། རང་གི་ཆང་དང་ལྡན་པར་བྱེད་པའི་སྨན་དེ་ནི་ཞི་བ་ཞེས་བྱ་བ་ཡིན་ལ། ཞི་བ་དེ་ནི་སྨིན་པ་ཉིད་ལ་སོགས་པའི་དབྱེ་བས་རྣམ་པ་བདུན་ཡིན་ནོ།། དེ་ལ་སྨིན་པ་ནི་སྨིན་པར་བྱེད་པས་ན་སྨིན་པ་སྟེ། བོ་བའི་མེ་དྲོད་ཀྱི་འཇུ
་བའི་བྱ་བ་རྫོགས་པར་བྱེད་ཅིང་། དེ་སྨིན་ཅིང་འཇུ་བའི་ནུས་པ་ལྷག་པར་སྐྱེད་པར་བྱེད་པའི་སྨན་གང་ཡིན་པ་འམ། བྱ་བ་གང་ཡིན་པ་ལ་སྦྱིན་པ་ཞེས་བྱ་བ་སྟེ། དཔེར་ན་ཏཱིཀྟ་ལ་སོ་གས་པ་ལྟ་བུ་འམ། སྨྱུང་བ་བྱའོ།། དྲོད་བསྐྱེད་པ་ཞེས་བྱ་བ
་ནི་འིདིས་དྲོད་སྐྱེད་པར་བྱེད་པ་སྟེ། དཔེར་ན་ཚ་བ་གསུམ་དང་། ཚ་བ་ལྔ་ལ་སྔོགསཽ་པཱའི་སྨན་གང་དག་གིས་མེའི་དྲོད་ཤིན་ཏུ་འཕེལ་བར་བྱེད་པས། ཟོས་འཇུ་བར་བྱེད་པ་དེའི་ནུས་པ་ལྷག་པར་ཉེ་བར་བྱེད་པ་དེ་ལ་དྲོད་སྐྱེད་པ་ཞེས་བྱའོ།།
་དེ་ཡང་ལེག་མོ་ཐོས་ཀྱིས། མ་སྦྱིན་པ་ནི་སྨིན་བྱེད་ཅིང་།། མཉམ་གནས་དེ་ནི་ཞི་བ་ཡིན།། དྲོད་སྐྱེད་མེ་དྲོད་ཤིན་ཏུ་སྐྱེད།། ཚོང་འགའ་སྨིན་བྱེད་ཡང་ན་མིན།། ཞེས་བཤད་པ་ཡིན་ནོ།། གཞན་དག་ནི་གོ་བར་ཟད་དོ།། ད་ནྟེ་རྒྱས་པ་འམ་བལྟ་བ་བྱ་བ
་བཤད་དེ། བལྟ་བ་དག་ནི་རླུང་དག་ནི།། རླུང་བཅས་མཁྲིས་པ་ཞི་བྱེད་ཡིན།། ཞེས་བྱ་བ་ལ། ནི་ཞེ་ས་བྱ་བ་ནི་ཁྱད་པ་རོ་དུ་དབྱེ་བའི་དོན་ཏེ། བལྟ་བ་ནི་སྨྱུང་བ་ལས་ཚུལ་འདིས་ཁྱད་པར་བྱ་བ་ཡིན་ཏེ། བལྟ་བར་བྱེད་པ་འོ་མོ་ལ་སོགས་པ་ཡང
་སྦྱོང་ཞིང་འཁྲུ་བར་བྱེད་མོད་ཀྱི།། སྦྱོར་བ་ནི་ཉམ་དམང་བའི་བདག་ཉིད་ཅན་ཡིན་པས་དེ་ལས་ཀྱང་རླུང་འབའ་ཞིག་གམ། མཁྲིས་པ་དང་བཅས་པ་ལྡང་བར་བྱེད་དེ། དཔེར་ན་སྐྱོང་བ་ལས་ཨ་རུ་རཾ་ལ་སོགས་པའི་སྦྱོར་བར་བྱེད་པ་ནི
་སྨན་གྱིས་ལྡང་བྱེད་པ་ཡིན་པས། དེའི་ཕྱིར་བལྟ་བའི་ཁྱད་པར་སྟོན་ཏེ། བལྟ་བའི་རྫས་འོ་མ་ལ་སོགས་པའི་སྦྱོར་བ་འམ་ཞི་བ་ནི། རླུང་འབའ་ཞིག་གམ་མཁྲིས་པ་དང་བཅས་པ་ཞི་བར་བྱེད་ཀྱི། སྨྱུད་བའི་སྦྱོར་བ་ལྷུར
་ནད་སྐྱེད་པར་ནི་མི་བྱེད་དོ།། དེ་ལྟར་ན་སྨྱུང་བ་ལས་བལྟ་བ་འམ། རྒྱས་པར་བྱ་བ་ཁྱད་པར་དུ་འཕགས་པ་ཡིན་ནོ།། དེས་ན་བལྟ་བ་དག་ནི་རླུང་ངམ། མཁྲིས་པ་བཅས་པ་ཞི་བར་བྱེད་པ་ཡིན་གྱི། ལྡང་བར་བྱེད་པོ་ཉིད་མ་ཡིན།། ཉིད་ཅེས
་བྱ་བ་ནི་ངེས་པའི་དོན་ཏེ། རླུང་འབའ་ཞིག་དང་། དེ་བཞིན་དུ་དེ་ཉིད་མཁྲིས་པ་དང་བཅས་པ་དག་གི་ཡིན་གྱི། མཁྲིས་པ་འབའ་ཞིག་གམ། བད་ཀན་འབའ་ཞིག་གམ། བད་ཀོན་མཁྲིས་པ་དང་བཅས་པ་འམ། འདུས་པའི་ནང་དག་ལ་བརྟ་བ་དེ
་ཞི་བར་བྱེད་པ་མ་ཡིན་ནོ།། དེ་ལྟར་ན་བལྟ་བའི་ཉེས་པའི་ཡུལ་དེ་སྒོ་འདིས་ཞི་བ་ཡིན་པར་ངེས་པ་ཡིན་ནོ།། ད་ནི་བལྟ་བར་བྱ་བའི་དངོས་པོ་གང་དང་གང་ཡིན་པ་བསྟན་པར་བྱ་བའི་ཕྱིར་འདི་སྨྲས་པ་སྟེ། བརྟ་བྱ་ནང་དང་སྨན་དང་ཆང་།། བུད་མོད་མྱ་ངན
་གྱིས་ཉམ་ཆུང་།། ཁུར་དང་ལམ་དང་གློ་བརྡོལ་དང་།། ལུས་རྩུབ་ཉམས་དམའ་རླུང་ཤས་ཆེ།། སྦྲུམ་མ་བུ་བཙས་བྱིས་པ་རྒན།། སོ་གའི་དུས་དང་གཞན་ཡང་བལྟ།། ཞེས་བྱ་བ་ལ། འདི་དག་ལ་ཉམ་ཆུང་བ་ཞེས་བྱ་བའི་སྒྲ་ཀུན་ལ་སྦྱར་བར་བྱ་སྟེ།
་དེས་ན་ནད་ཀྱི་ཉམ་ཆུང་བ་དང་། སྨན་འཐུངས་པས་ཉམ་ཆུང་བ་དང་། ཆང་འཐུངས་པས་ཉམ་ཆུང་བ་དང་། བུད་མེད་བསྟེན་པས་ཉམ་ཆུང་བ་དང་། མྱ་ངན་གྱིས་ཉམ་ཆུང་བ་སྟེ། དེ་དག་བལྟ་བར་བྱའོ།། དེ་བཞིན་དུ་རྟོག་ཏུ་ཁུར་གྱིས་དུབ་པ
་བདང་། རྟག་ཏུ་ལམ་གྱིས་དུབ་པ་དང་། གློ་བརྡལ་བ་དང་། གཙོ་ཆེན་པོ་དང་། ལུས་ནུབ་པ་དང་། ཉམས་དམའ་བ་དང་། རླུང་ཀཱི་ཤས་ཆེ་བ་དང་། སྦྲུམ་མ་དང་། བུ་བཅས་པ་དང་། བྱིས་པ་དང་། རྒན་པོ་དག་ཀྱང་རྟག་ཏུ་བརྟ་བའི་ཆོ་ག་དག
་ཀྱང་བྱའོ།། དེ་བཞིན་དུ་སོ་གའི་དུས་དང་། གཞན་ཡང་ཞེས་པ་འདིར་མ་བསྟན་པའི་གསོ་བར་འོས་པ་ནད་པ་འམ། ཐ་མལ་པའི་གནས་སྐབས་ཐམས་ཅད་བརྟ་བར་བྱ་བ་དང་། ཡང་དེ་བཞིན་དུ་སོ་གའི་དུས་དེའི་ཚེ། ནད་ཀྱིས་ཉམ་ཆུང་བ་ལ
་སོགས་པ་ལྷག་པར་ཡང་གསོ་བར་བྱའོ།། དེ་ལ་གང་གིས་བརྟ་ཞེ་ན། དེའི་ཕྱིར་སྨྲས་པ་ནི། ཤ་དང་འོ་མ་ཁ་ར་དཀར།། མར་སར་མངར་བག་མས་བཏང་དང་།། གཉིད་ལོག་ཉལ་བདེ་བསྐུ་བྱུག་དང་།། ཁྲུས་དང་བདེར་གནས་ཉམས་དགས
་བརྟ།། ཞེས་བྱ་བ་སྨྲས་པ་ཡིན་ཏེ། དེ་ལ་ཤ་ནཱཾ་སྔར་བཤད་པ་རྣམ་པ་བརྒྱད་དོ།། འོ་མ་ཡང་དེ་བཞིན་ནོ།། ཁ་ར་དཀར་པོ་ནི་ཤ་ཁ་ར་དག་གོ།། མར་སར་ནི་མར་རོ།། མངར་བག་ཀྱང་ཡིན་ལ། མིས་བཏང་བ་ཡང་ཡིན་པས་ན། མངར་བག་མུས
་བཏང་སྟེ་ངོས་བརྗེ་བའོ།། གཉིད་ལོག་པའི་བདེ་བྷ་ནི་ཉལ་བའི་བདེ་བ་སྟེ། གཎྜཱི་ག་ལ་ཡང་བྱེདདེ་བྱའི་སྒྲ་སྦྱར་བ་སྐུ་བྱུག་ནི་ལུས་ཏི་ལཱ་མར་ལ་སོགས་པས་བསླུ་བའོ།། ཁྲུས་ནི་ཆུ་དྲོན་པོས་བསྐུ་བའོ།། བདེ་བར་གནས་པ་ནི་སེམས་དགའ་བའོ།།
་ཉམས་དགའ་བ་ནིམ་གུ་བ་ནས་དགའ་བ་སྟེ་མོང་དགའ་བའོ།། ངནི་སྨྱུང་བསྟན་ཏེ། གཅིན་སྙོམ་དུ་ཧཱུ~ཾ་མི་བ་ཟོས།། རིམས་བཏབ་བརླ་རེངས་མཛིན་ཅུ་མོ།། བྲི་འི་ཁོང་ཁྲི་ས་མཚར་རིར།། གླིང་ནང་ཞིག་ནང་དགི་དང་ནི། ཛྫ
་པོ་དགུན་དང་གཞན་དག་ཀྱང་།། རྟག་ཏུ་སྨྱུང་བ་བྱ་བ་ཡིན།། ཞེས་བྱ་བ་ང། གཅིན་སྙི་བ་དང་། མ་ཞུ་བ་ལ་སོགས་པའི་ནང་ཡོད་པ་ལ་རྟག་ཏུ་སྤང་བ་བྱའོ།། དེ་བཞིན་དུ་དགུན་དང་། གཞན་མ་བསྟན་པ་ནད་ཀྱི་འགྱུར་བ
་གཞན་དག་ལ་ཡང་བྱ་སྟེ། སྟོབས་རྫོགས་པ་ཡིན་པ་དང་། བད་ཀན་སོགས་པའི་འཇིགས་པས་སྦྱང་བ་བྱ་སྟེ། གཞན་དག་ཀྱང་ཞེས་བྱ་བ་འདིས་ནད་པ་ལ་བྱ་བ་ཡིན་གྱི། གཞན་དུ་ན་བདེ་བར་གནས་པའི་ཚེ་ནི་དགུན་སྟོང་དང་། དགུན་སྨད
་བརྟ་པའི་ཆོ་ག་ཁྱད་པར་དང་བཅས་པ་སྨྲས་པ་ཡི་ན་ནོ།། ང་ནི་སྦྱང་བའི་ཡུལ་ལས་པ་རྣམས་ཏེཙོ་སྨྲས་པ་ནི། དེ་ལ་སྦྱང་བྱ་ཤས་ཚེ་སྒྲོམ།། སྟོབས་ལྡན་མཁྲིས་པ་བང་ཀན་རྒྱས།། ཞེས་བྱ་བ་ཡིན་ཏེ། དེ་ལ་སྦྱང་བར་བྱ་བ་ནི་ཤས་ཆེ་ཞིང
་བློམ་པ་དང་། སྟོབས་དང་ལྡན་པ་ད་ང་། མཁྲིས་པ་དང་། བ་དཀན་རྒྱས་པ་སྟེ། ཉམ་དམད་པར་བྱ་བ་དེ་རྣམས་ཀྱི་ནང་ནས། མཚན་ཉིད་གསུམ་པོ་འདི་དག་དང་ལྡན་པའི་མི། སྦྱང་བ་རྣམ་པ་ལྔ་པོ་སྐྱུག་སྨན་ལོ་སོགསོ་བས་ཅི་རིགས་པར
་སྦྱང་ཞིང་ཉམ་དམད་བར་བྱའོ།། མ་ཞུའི་ནང་དང་རིམས་དང་སྐྱུག། ཚང་པར་འཁྲུ་དང་སྙིང་ནད་ཅན།། ལུས་ལྕི་སྒྲེགས་མང་བཤང་གཅི་འགག། ཡི་ག་འཆུས་སོགས་ཀྱིས་ན་བ།། འབྲིང་ཙམ་སྦོམ་སོགས་ཕལ་ཆེར་ནི།། དང་པོར་སྨིན་དང་དྲོང
་མྱོ་ང་བྱ།། ཞེས་བྱ་བ་ལ། མོ་ནུ་བ་དང་། རིམས་ལ་སོགས་པའི་ནད་ཀྱིས་ཉེན་པའི་ནང་པ་ཤ་འབྲིང་ཙམ་དུ་སྦོམ་པར་གྱུར་པ་དག་ལ་ཕལ་ཆེར་ཞེས་པ་མང་དུ་སྨིན་པ་དང་། དྲོང་སྐྱོང་བའི་སྦྱང་བའི་རྣམ་པས་སྦྱང་བར་བྱའོ།། སོགས་པའི་སྒྲས
་ནའདང་སྟབས་དང་མཁྲིས་པ་དང་བད་ཀུན་དག་བསྡུའོ།། དང་པོར་ནི་ཐོག་མར་ཏེ། སྒུར་སྦྱིན་པ་དང་། དྲོད་སྐྱེང་བས་སྦྱང་བ་བྱས་ལ། དེའི་འོག་ཏུ་ཚེ་རིགས་པའི་སྦྱང་བ་བྱའོ།། ཕལ་ཆེར་ཞེས་སྐྱེས་པ་ནི། ནད་དང་ལུས་ཀྱི་ཉམ་སྟོབས་ལ་སོགས
་རྣམས་ལས་སྐུ་རྣམས་ཅད་དུ་འདི་འ་ལྟ་བྱ་བ་མ་ཡིན་ནོ་ནས་སྟེན། ནཱ་ནཱི་འདིང་གི་གིས་མ་ཐགྶས། ཟླུམ་པོ་དང་སྟོབས་སོགས་རུང་བ་ལ།། 9ཆོས་དོང་སྙམ་པས་ཆུང་བཅང་ངོ་།། ཞེས་བྱ་བ་ནྟི། བཤང་མཐག་པའི་ནང་རིས
་ལ་སོགས་པ་འདི་དག་ཉིད་ཀྱིས་ཉ་མ་ཐག་ཅིང་གནོད་པར་འགྱུར་བའི་མི་ཤའི་སྦོམ་ཚད་དང་། སྟོབས་ལ་སོགས་པ་ཆུང་བ་སྟེ། ཤ་ཆེ་བའི་ཤས་ཆུང་ཞིང་སྟོབས་ཞན་པ་བང་ཀན་མཁྲིས་པ་དང་ལྡན་པ་དག་ལ་ནི། བཀྲེས་པ་དང་སྐོམ་པས་ཆུར
་བཅད་པ་སྟེ། ལྟོགས་པ་དང་སྒོམ་པས་ཉིན་པར་བྱཱ་གྷུའི་ཤུགས་ཀྱི་སྒྱུང་བའི་རྣམ་པས་ཉམ་དམང་བར་བྱའོ།། ནས་བྱ་བའི་དོན་ནོ།། ནད་ཀྱིས་ཉམ་ཐག་སྟོབས་འབྲིང་བསྟན།། བསེར་བུ་ཆ་རྩོལ་གྱིས་དམང་ན།། ཉམ་ཆུང་མི་ལྟ་སྨོས་ཅི་དགོས།།
་ནས་བྱ་བ་ལ། ནད་ཀྱིས་གཟིར་ཅིང་ཉམ་ཐག་པ་རོམ་སྟོབས་ཆེ་ཆུང་གཉིག་མ་ཡིན་པ། རན་པའོ་བྲིང་ཙམ་ཡོད་པནྡྷས། བྱཱ་བརྟན་སཱིངྒ་རྨཱ་བའི་མཱི་ལ་ནི་བཱསེར་བུ་བསིལ་བ་དང་། ཉི་ཆན་དང་། རྩོལ་བ་དེ་དག་ཤེས་ཆེར་བསྟེན་པས
་ཉམས་དམད་པར་བྱ་ཞིང་སྦྱང་བ་བྱའོ།། ཞེས་བྱ་བར་ངེས་པར་གནས་ནས། ཉམ་སྟོབས་ཆུང་ཞིང་ནང་ཅུང་ཟད་ཀྱིས་ཁྱབ་པའི་མི་ལྟ་སྨོས་ཀྱང་ཅི་དགོས་ཤེས་པའི་དོན་ཏོ།། བལྟ་བར་བྱས་པ་གང་ཡིན་པ་འདི་དག་དང་ཉམ་དམང་ཅིང་སྦྱང་བར་བྱ
་བ་གང་ཡིན་པ་འདི་དག་ལས་གང་ཡང་བརྡ་བར་བྱ་བ་ལྔ། དེ་ལ་ནི་སྨྱུང་བས་མི་གསོལ། ཉམ་ངམང་བར་བྱ་བ་ལ་ནི་བརྡབས་མི་གསོ་ཞེས་བསྟན་ལ། དེ་ལྟར་ན་རིམས་ལ་སོགས་པ་སྦྱང་བ་གསོ་བའི་ནང་ནི། བལྟ་བར་བྱ་བར་གྱུ
་བས་ཐེ་ཚོམ་དུ་འགྱུར་ཏེ། ཅི་བལྟ་བར་བྱ་བར་འོས་པའི་མི་སྨྱུང་བས་གསོ་བོའི་ནད་ཀྱིས་ཉམ་ཐ་ག་ནཱ། སྨྱུང་བས་གསོ་བ་ལ་འཇུག་པར་བྱ་བ་འམ། འོན་ཏེ་བལྟ་བར་བྱ་བ་ཡིན་པ་སྦྱང་བའི་ནང་ཡོད་ཀྱང་། ས་བུ་དེ་བལྟ་བར་བྱ་ཞེས་ཐེ་ཚོམ་དུ་གྱུར
་པ་འདི་ལ། དེ་བསལ་བའི་ཕྱིར་འདིར་སྨྲས་པ་ཡིན་ཏེ། ཉསིམ་དམང་བྱ་བ་བལྟ་མི་བྱ། ཞེས་བྱ་བ་ཡིན་ཏེ་། སྐྱེས་བུ་ཉམ་དམད་ཅིང་སྨྱུང་བ་བྱ་བ་ནམ་ཡང་བསྟེན་པར་མི་བྱ་སྟེ། ཙི་ཅིའི་ཕྱིར་ཞེ་ན། བརྟ་པོར་བྱ་བས་གསོ་བའི་ནོད་ཀྱིས་ཉམ་ཐག་པའི
་མི་ལ་སླར་ནད་སྐྱེད་པའི་འཇིགས་པ་ཡོད་པའི་ཕྱིར་རོ།། བརྟ་བྱ་འམོ་ཉམ་དམདོ་འཇམ་པོས་བྱ། ཞེས་བྱ་བ་ནི། གང་ཡང་བརྟ་བར་བྱ་བའི་སྐྱེས་བུ་དེ། སྨྱུང་བར་བྱ་བའི་ནད་ཀྱིས་ཉ་མ་ཐག་ན། ཉམ་དམང་པ་འཇམ་པོས་བྱ་ཞིང་། སྨྱུང་བའི་རྣམ
་པ་འཇམ་པོས་བྱོས་ན། ཉམ་དམང་པ་དེ་ལ་ནང་ལྡོང་བར་མི་འགྱུར་རོ།། དེ་དག་ནི་བརྟ་པར་བྱ་བ་དག་ཚང་ཚོ་བ་དང་བར་མ་དང་། ཆུང་བའི་ཟས་སྐོམ་གྱི་ཚད་དེ་ང་ག་གི་དོན་ཤེས་པར་བྱ་བའི་ཕྱིར། དེ་སྐད་བཤང་པ་ཡིན་ནོ།། ཡང་ན་ཡུལ་དང
་སྤོསློབས་སོགས་ལོས། རིགས་པས་དེ་ནི་ཉེ་བར་སྤྱད་། ཅེས་བྱ་བ་ནི། སྨྱུང་བར་བྱ་བ་བརྟ་བ་རོ་མི་བྱ་བ་དང་། བརྟ་བར་བྱ་བ་ཉམ་དམད་པར་འཇམ་པོས་བྱ་བ་ནི་ཐམས་ཅད་དུ་ངེས་པ་ཡིན་མོད་ཀྱི། འོན་ཀྱང་གཞན་དུ་ནི་ཡང་ན་ཡུལ་དང་སྟོབས་ལ
་སོགས་པ་ལས་རིགས་པའི་སྦྱོར་བས་བརྟ་བར་བྱ་བ་སྨྱུང་བའི་ནད་ཀྱིས་ཉམ་ཟག་པ་དེའི་གསོ་བ་ཉེ་བར་སྤྱད་པར་བྱའོ།། སོགས་པའི་སྒྲས་ནི་ལུས་ཟུངས་ལ་སོགས་པའི་སྟོབས་ལས་ཀྱང་ཉེ་བར་བྱེད་ལ། དེ་བཞིན་དུ་བརྟ་བར་བྱ་བ་ཡང་ཉམ
་དམད་པ་འཇམ་པོས་བྱ་བ་ཡིན་པས། ཆེད་འགོའཉམ་བརྟ་བ་དང་ཉམ་སྨད་པ་འདྲེན་མའི་མཚན་ཉིད་ཀྱི་གསོ་བས་ནད་གསོ་བ་ལ་ཉེ་བར་སྤད་པར་བྱ་སྟེ། འདིར་བརྟ་བར་བྱ་བ་ལ་ཉམ་དམོད་པ་འཇམ་པོས་གསོ་དགོས་པར་ངེས
་པ་ཁོ་ན་ནི་མ་ཡིན་ཏེ། གཞན་དུ་ན་ཡུལ་དང་དུས་ཀྱི་དབང་དང་རིགས་པའི་སྦྱོར་བའི་དབང་གིས་གསོ་བས་ཀྱང་དེ་ལ་ཉེ་བར་སྦྱང་བར་བྱར་རུང་བ་ཡིན་ནོ།། བརྟ་བར་བྱ་བ་ལས་ཅི་ཞིག་འབྱུང་བར་འགྱུར་ཞེ་ན། དེའི་ཕྱིར་སྨྲས་པ་ནི། བརྟ་བས
་སྟོབས་ནི་འབྲེལ་པ་དང་། དེ་ཡིས་བསྒྲུབ་བྱའི་ནང་ཟད་འགྱུར། ཞེས་བྱ་བ་ཡིན་ཏེ། སྐྱེས་བུ་བརྟ་བར་བྱས་པར་གྱུར་ན། སྟོབས་དང་ནུས་པ་སྐྱེ་བར་འགྱུར་བ་དང་། དེ་བཞིན་དུ་ལུས་ཟུངས་ལ་སོགས་པ་འཕེལ་ཞིང་རྒྱས་པར་འགྱུར་བ་དང་། དེ
་བཞིན་དུ་དེ་ཡིས་བསྒྲུབ་ཅིང་གསོ་བར་བྱ་བའི་ནང་ཟད་པར་འགྱུར་རོ།། དེ་ཡིས་ཞེས་བྱ་བ་ནི་བལྟ་བར་བྱ་བ་ལ་སྙོགས་ཏེ། བརྟ་བར་བྱ་བས་ག་སོ་ཞིང་བསྒྲུབ་པར་བྱ་བའི་ནད་ཀྱིས་ཉམ་ཐག་པ་ལ་སོགས་པ་གང་ཡིན་པ་དེ་རྣམས་འཇིག་ཅིང
་མེད་པར་འགྱུར་རོ།། སྐྱེས་བུ་སྨྱུང་བར་བྱས་པ་ངག་ལ་མཚན་ཉིད་ཅི་ཞིག་འབྱུང་བར་འགྱུར་ཞེ་ན། དེའི་ཕྱིར་སྨྲས་པ་ནི། སྦྱང་བས་དབང་གསལ་དྲི་མ་རྣམས།། མི་བསྲི་ཁོང་ཡང་ཡི་ག་འབྱེ།། བཀྲེས་དང་སྐོམ་པ་ལྷན་ཅིག་འབྱུང་།། དང
་ག་སྙིང་དང་སྒེག་པ་དང་།། ནད་ཀྱི་རྩེ་ཞིལ་སྤྲོ་བ་ཆེ།། སྙོམ་བག་མེད་པ་དག་ཏུ་འགྱུར།། ཞེས་བྱ་བ་ཡིན་ཏེ། སྐྱེས་བུ་སྨྱུང་བ་བྱས་ཤིང་ཉམ་དམད་པར་གྱུར་ན་དབང་པོ་གསལ་བ་སྟེ། དབང་པོའི་ཚོགས་དག་ཅིང་གསལ་བར་འགྱུར
་བ་དང་དེ་བཞིན་དུ་བཤད་པ་དང་གཅི་བ་ལ་སོགས་པའི་དྲི་མ་རྣམས་ནི་མི་སྲི་ཞིང་བདེ་བར་འབྱུང་བར་འགྱུར་བ་དང་། དེ་བཞིན་དུ་ཁོང་ཡང་ལུས་བསྐྱོད་པ་ཡང་བ་ཉིད་དང་། ཡི་གེ་འབྱེ་བ་སྟེ་ཟས་ལེན་ཅིང་འདོད་པ་དང་། དེ་བཞིན་དུ་བཀྲེས་པ་དང
་སྐོམ་པ་ལྷན་ཅིག་ཏུ་དུས་གཅིག་གི་ཚེ་འབྱུང་ནང་སྐྱེ་བར་འགྱུར་བ་དང་། དེ་བཞིན་དུ་དང་ཀ་འམ། ལྐོག་མ་དག་པར་འགྱུར་བ་དང་། སྙིང་དག་པར་འགྱུར་བ་དང་། སྒེག་པ་དག་ཅིང་མིནམ་པ་མེད་པར་འགྱུར་པ་དང་། དེ་བཞིན་དུ་སྨྱུང་བར་བྱ་བས
་གསོ་དགོས་པའི་ནད་རྩི་ཞིལ་ཞིང་སྙི་བར་འགྱུར་བ་དང་། དེ་བཞིན་དུ་སྤྲོ་བ་ཆེ་སྟེ་བྱ་བ་རྣམས་ལ་བརྩོན་ཞིང་འབད་ནུས་པར་འགྱུར་བ་དང་། དེ་བཞིན་དུ་སྙོམ་བག་དང་། སྒྱིད་གཞན་པ་མེད་པ་དག་སྐྱེ་བར་འགྱུར་རོ།། དེ་དག་ཉིད་ཧ་ཅི་བོང་ཐལ་ཆེས
་བར་ཚད་ལས་ལྷག་པར་བྱས་པའི་ཉེས་པ་སྨྲས་པ་ནི། དེ་དག་ཚང་ལ་སོགས་པ་དང་། མི་ལྡན་སྟེན་པར་བྱེད་པ་དག། རབ་སྦོམ་རབ་ཏུ་སྐེམ་སོགས་འགྱུར།། དེ་ཡང་སྨན་བཅས་བཤད་པ་ཡིན།། ཚུལ་ནི་ཤིན་ཏུ་བརྟ་པ་དང་།། ཉམ་དུམད་དེ
་ཉིད་ལས་ཤེས་བྱ།། ཞེས་བྱ་བ་ཡིན་ཏེ། བརྟ་པ་དང་ཉམ་དམེད་པ་དེ་དག་ཚད་ལ་སོགས་པ་དང་མི་ལྡན་པར་བསྟན་པ་སྟེ། ཚད་ལས་ལྷག་པར་སྟེན་ཅིང་སྤྱོད་པ་དག་ནི་གོ་རིམ་བཞིན་དུ་རབ་ཏུ་སྒོམ་པ་ལ་སོགས་པ་དང་། རབ་ཏུ་སྐེམ་པ་ལ་སོགས
་བ་བྱེད་པར་འགྱུར་ཏེ། དེ་ཡང་ཡུལ་དང་དུས་ལ་སོགས་པ་ལམ་བལྟོས་པར་བརྟ་བ་ཧ་ཅང་ཤས་ཆེ་བར་བསྟེན་པས་ནི་ཤིན་ཏུ་སྦོམ་ཞིང་ཚེ་དྲགས་པ་ལ་སོགས་པ་སྐྱེད་པར་བྱེད་པར་འགྱུར་རོ།། སྨྱུང་བ་ཡང་དེ་བཞིན་དུ་བྱས་ན་ཤིན་ཏུ་སྐེམ་པ་ལ་སོགས
་པ་སྤྱོད་པར་བྱེད་པར་འགྱུར་རོ།། དེ་ཡང་ཞེས་པ་ཤིན་ཏུ་ཚོ་བ་དང་། ཤིན་ཏུ་སྐེམ་པ་ལ་སོགས་པ་དེ་རྣམས་དང་དེ་གཉིས་ཀྱིས་སྨན་གང་དང་གང་ཡིན་པ་དེ་དག་ཀྱང་ལེའུ་འདིར་བཤད་པ་ཡིནོ།། དེ་བཞིན་དུ་ཆུ་ལ་དེའི་མཚན་ཉིད་ཤིན་ཏུ་བརྟ་བ་དང་ཉམ
་དམྱད་པ་དེ་གཉིས་གོ་རིམ་བཞིན་དུ་ཤེས་ཤིང་རྟོགས་པར་བྱའོ།། དེ་ལས་ཤིན་ཏུ་བརྟ་དྲགས་པ་སྨན་དང་བཅས་པ་སྨྲས་པ་ནི། ཤིན་ཏུ་ཆོ་ཆེས་འབྲུམ་གཅིན་སྐྱེ།། རིམས་དང་དགུ་རྫིངས་མཚན་པར་རྡོལ།། ལྕང་རྨོང་གཅིན་སྲི་བེའུ་སྣབས་ཆགས།། མཛེལ
་སོགས་པ་མི་བཟང་འབྱུང་།། ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། བརྟ་བ་ཧ་ཅང་དྲེགས་པར་བསྟེན་ནས་ཤིན་ཏུ་ཚོ་ཆེས་པ་ནས། མཛེ་ལ་སོགས་པའི་བར་དུ་སྐྱེད་པར་བྱེད་དོ།། ཤིན་ཏུ་ཆེ་ཆེས་པའི་མཚན་ཉིད།། དྲང་སྲོང་ཙ་ར་ཀས་བཤད་པ།། ཤ་དང
་ཚིལ་རབ་འཕེལ་བ་ཡི།། ནུ་མ་བསྲོས་པ་མཇུག་མ་འཕྱང་།། དགོས་མེད་འཕེལ་བར་རྩོམ་པ་ཡི།། མཾ་ནི་ཤིན་ཏུ་ཚོ་ཞེས་བྱ་ཞེས་བྱ་བ་ཡིན་ནོ།། འབྲུམ་བུ་ནི་འབྲས་ཀྱི་འཕྲེང་བའོ།། གཅིན་སྙི་བ་ལ་སོགས་པ་ནི་འོག་ནས་བཤད་པའོ།། དེ་རྣམས
་ཀྱི་སྨན་སྨྲས་པ་ནི། དེ་ལ་ཚིལ་དང་རླུང་བང་ཀན།། སེལ་བར་བྱེད་པ་ཐམས་ཅད་ཕན།། ཛུན་ཁྲེ་རྒོད་ཀུ་ལཏྐྲྀ།། ནས་དང་སྲན་ཆུང་མོན་སྲན་རྡེའུ།། དར་བ་དེར་རྙིང་ནོ་ཁ་ནུ།། སེམས་ལས་བྱ་དང་མི་ཉམ་བྱ།། ཞེས་བྱ་བ་ལ་སོགས་པ་ཡིན་ཏེ།
་ལ་ཞེས་པ་ཚེ་ཆེས་པ་ལ་སོགས་པ་དེ་རྣམས་ལ། ཚིལ་དང་རླུང་བང་ཀན་སེལ་བར་བྱེད་པའི་ཟས་དང་སྨན་དང་སྤྱོད་ལམ་ཐམས་ཅད་ཕན་པ་ཡིན་ཏེ། ཛུ་ན་དང་། ཁྲེ་རྒོད་དང་། རྒྱ་སྲན་ཀུ་ལཏྶཱ་དང་། ནས་ནི་བཟའ་བའི་ཕྱིར་བསྟུནྡ
་ཏེ། མོན་སྲན་སྡེའུ་ནི་ཚོང་མའི་དོན་དུ་བྱའོ།། སྲན་ཆུང་དང་དར་བ་དང་དར་རྙིང་དང་། ཞོ་ག་ཆུ་ནི་བཏུང་པོའི་དོན་ཏུ་བྱའོ།། སེམས་ལས་དང་མི་ཉལ་བ་ནི་སྤྱོད་ལམ་གྱི་དོན་དུའོ།། སྦྱང་བ་ནི་ཚིལ་དང་བདེ་ཀན་ལ་སོགས་པ་དག་པར་བྱ་བའི་ཕྱིར་རོ།།
་སྦྲང་རྩི་འབྲས་བུ་གསུམ་བཅས་པ་འམ། པྲེ་ཏྲེས་གླ་སྒང་ཨ་རུ་ར་ཞེས་བྱ་བ་ནི། ཤིན་ཏུ་ཚོ་བ་ལ་སོགས་པ་དེ་རྣམས་ལ་སྐྱེས་བུས་འབྲས་བུ་གསུམ་གྱི་བྱེ་མ་སྦྲང་རྩི་དང་སྦྱར་བ་བཟའ་བ་འམ། ཡང་ན་སླེ་ཏྲེས་དང་སྦྲང་རྩིར་སྦྱར་བ་བཟའ་བ་འམ།
་ཡང་ན་གླ་སྒང་དང་སྦྲང་རྩིར་སྦྱར་བ་བཟའ་བར་བྱའོ།། སྐྱེར་ཁཎྜ་དང་རྩ་བ་ནི།། ཆེན་པོ་ལྔ་དང་གུ་གུལ་དང་། བྲག་ཞུན་གྱི་ནི་སྦྱོར་བ་དང་།། ཨགྣི་མནྟྲའི་ཁུ་བཅས་ཅན།། ཞེས་བྱ་བ་ནི། ཤིན་ཏུ་ཚོ་ཆེས་པ་དེ་ལ་སྠིར་ཁཎྜའི་སྦྱོར་བ་ཕན་ནོ།། དེ་བཞིན
་དུ་བིལ་བའི་རྩ་བ་ལ་སོགས་པ། རྩ་བ་ཆེན་པོ་ལྔའི་སྦྱོར་བ་ཕན་ནོ།། དེ་བཞིན་དུ་གུ་གུལ་གྱི་སྦྱོར་བ་དང་། བྲག་ཞུན་གྱི་སྦྱོར་བ་ཨགྣི་མནྟྲ་ཞེས་བྱ་བ། ཏརྐ་རིའི་ཁུ་བ་དང་བཅས་པ་ཡང་ཕན་པ་ཡིན་ནོ།། ནས་ཚིགསོ་འཁུས་ཐལ་པོ
་ཌཱཀ། བཅལ་ལྷ་ལྕགས་ཕྱེ་སྦྲང་རྩི་དང་།། ནས་དང་སྒྱུ་རིའི་ཕྱེ་མའི།། སྦྱོར་བས་ཤིན་ཏུ་ཚེ་ནང་སེལ།། ཞེས་བྱ་བ་ནི་ནས་ཚིགས་འཁུས་པོའི་ཐལ་བ་ལ་སོགས་པའི་སྦྱོར་བ་འདི་སྦྲང་རྩི་དང་སྦྱར་ཏེ་བསྔགས་ན་ཤིན་ཏུ་སྒོམ་ནིང
་ཙྪིཆེས་པའི་ནད་སེལ་བར་བྱེད་དོ།། ནས་ཚིགས་འཁྲུས་པའི་རྡུལ་བྱ་ནི་ས་བཀུརརོ།། ལྕགས་ཕྱེ་ནི་ལྕགས་ནག་པོའི་བྱེ་མའོ།། གཞན་དག་ནི་དྲུགས་པར་བང་ངོ་།། རྒྱ་གསུམ་འབྲས་གསྣམ་བུ་རྩེ་ཤེས།། ཤཀྲུ་བི་དང་པོསྒྱུར།། ཤྲཱིང་ཀུན་ན
་སཱང་ཁ་རུ་ཆ།། ལ་ལ་ཕུ་དང་ཝུ་སུ་དང་།། ཀླུ་ཏྲུག་རྗེས་དང་སེར་པོ་གཉིས།། བྲེ་ཧ་གཉིས་དང་ཝུ་ཎྜི་མཱ~ཾ།། ཧ་པུ་ཤ་དང་པོ་ཐཱ་དང་།། ཀྵེ་པུཀྐ་ཡི་རྩུ་བ་སྟེ།། འདི་རྣམས་བྱེ་མ་མྱུར་སྣང་ཊཱི།། ཏཱིལ་མར་དག་ནཱི་ཆ་བསྣམས་པ།། ནས་བྱེའི་ཚནི་བཅུ་དྲུག
་སྐྱེད།། སྦྱར་བྱ་འཐུངས་ན་དེ་འཇོམས་སོ།། ཤིནརྀ་ཏྱཱ་ཤེས་ཚོར་བདག་ཉིད་ཀུན།། གཞན་ཡང་དི་འདྲིའི་ནང་རྣམས་དང་།། སྙིང་ནང་མིག་སེར་ཤ་བཀྲ་དང་།། སུས་དབུགས་མི་བརྡ་ལྐོག་ནང་སེལ།། བློ་དང་ཡིད་གཞུངས་སེམས་དྲན་བྱེད།། ཟས
་དྲོད་ཀྱང་བསྐྱེད་།། ཅེས་བྱ་བ་ནི། འདིར་ཚ་བ་གསུམ་དང་འབྲས་བུ་གསུམ་ལ་སོགས་པའི་སྨན་ཉི་ཤུ་རྩ་བཞི་བཤད་པ་འདི་རྣམས་མ་ལུས་པའི་ཕྱེ་མ་དང་། བྷྱ་རྩི་མཱ་ཏི་ལཱ་མར་ཆ་མཉམ་པར་བྱའོ།། དེ་ནས་ཕྱེ་མ་ཆ་གཅིག། ཆ་གཉིས
་བ་སྦྲང་རྩི། ཆ་གསུམ་པ་མོར།། ཆ་བཞི་པ་ཏིལ་མར། ནས་བྱཾ། བྱེ་མཱུ་ལ་བལྟོས་པའི་བཅུ་དྲུག་འགྱུར་རོ།། དེ་ལ་འདི་སྐད་སྟོན་པ་ཡིན་ཏེ། ཚ་བ་གསུམ་ལ་སོགས་པའི་ཕྱེ་མ་སྐུད་ཕྱེད།། སྦྲང་རྩི་དང་མར་དང་ཏིལ་མར་སྲུང་རེ་རེ། ནུས
་ཀྱི་ཕྱི་མ་སྲང་བཅུ་དྲུག་འགྱུར་དུ་བྱ་བའི་དོན་ནོ།། དེ་ལ་ཚ་བ་གསུམ་ནི་པོ་པི་ལིང་དང་ན་ལེ་ཤམ་དང་བཅའ་ལྒ་ཞེས་བྱའོ།། འབྲས་བུ་གསུམ་ནི་ཨ་རུ་ར་དང་། སྐྱུ་རུ་ར་དང་། བཻ་རུ་རའོ།། བུ་ཙེ་ཤེལ་ནི་ཀ་ཏུ་ཀའོ།། ཤི་ཀྲུ་ནི་སོ་བེ་ཛ་ནའོ།།
་སྤྲྀ་ར་ནི་སཱ་ལ་བཱརྡྷིའོ།། ཁ་རུ་ཚཱ་ནཱི་སོ་བར་ཚ་ལའོ།། གོ་སློང་ནི་ཛི་ར་ཀའོ།། ཊ་སུ་ནིའུ་སུའི་འབྲས་བུའོ།། སེར་པོ་གཉིས་ནི་ལུང་པ་དང་སྐྱེར་བའོ།། བྲྀ་ཧ་ཏཱི་གཉིས་ནི་ཀཎྜ་ཀཱ་རི་དང་། བྲྀ་ཧཱ་ཏཱིའོ།། ཧ་པུ་ཤ་ནི་བྲ་དྡྷོ་ཤ་ཞེས་བྱ་བ་འདབ
་མ་སྔོ་བ་ཞིག་གོ། ཀེ་པུ་ཀའི་རྩ་བ་ནི་ཚུའེ་བི་པི་ལིང་གི་རྩ་བ་སྟེ། དེ་དག་ཐམས་ཅད་ཀྱི་ཕྱེ་མ་རྫས་གཤེར་བ་དང་བསྲེས་ཏེ་འཐུངས་ན་ཤིན་ཏུ་ཚེ་ཚས་པ་ལ་སོགས་པའི་ནད་ཐམས་ཅད་སེལ་བར་བྱེད་ཅིང་། དེ་བཞིན་དུ་བརྟས་པ་ལས་བྱུང་བའི་ན་དེ་དང
་ཚུལ་མཐུན་པ་སེལ་བར་བྱེད་པ་དང་། དེ་བཞིན་དུ་སྙིང་ནང་ལ་སོགས་པ་སེལ་བར་བྱེད་པ་དང་། དེ་བཞིན་དུ་དེ་བློ་དང་ཡིད་གཞུངས་པ་དྲན་པ་གསལ་བར་བྱེད་པ་དང་། དེ་བཞིན་དུ་ཕོ་བའི་དྲོད་བསྐྱེད་ཅིང་། མེ་དྲོད་ཉམས་པ་འཕེལ་བར་བྱེད་པ་ཡིན་ནོ།། ཤིན
་ཏུ་ཉམ་སྨད་ཅིང་སྨྱུང་བ་ཧ་ཅང་དྲེགས་པ་ལས་ནད་དུ་འགྱུར་བ་བཤད་པ་ནི། སྨྱུང་དྲགས་རབ་སྐེམ་མགོ་འཁོར་ལུང་།། སྐོམ་དང་ཆི་ཞིང་ཡི་ག་འཆུས།། སྣུམ་དྲོད་གཉིད་མིག་རྣ་བ་ཉམས།། ཁུ་བ་གཟི་མངང་སཱ་སྐད་གསང་ཟད།། ཆུ་སོ་གཉིས་ཀླང་བྱིན་པ་བརླ།།
་སྐུ་དོ་རྩིབ་ལོགས་ན་རིམས་འདེབས། རིགས་མང་སྟོང་དུ་རླུང་ནད་འཛུག། རྨྱ་ཞིང་སྐྱུག་བྲོ་རུས་ཚིགས་ན།། བཤང་གཅི་སྲི་བ་ལ་སོགས་པ།། སྒྱུར་བ་དྲགས་ལས་འབྱུང་བར་འགྱུར།། ཞེས་བྱ་བ་ཡིན་ཏེ། ཤིན་ཏུ་སྦྱང་བ་དྲགས་ཤིང་། ཉམ་དམང
་པ་དྲགས་ཆེས་པ་ལས། སྐེམ་པ་ལ་སོགས་པ་འབྱུང་བར་འགྱུར་རོ།། དེ་ལ་རབ་ཏུ་སྐེ་མས་པ་ནི་ཤིན་ཏུ་སྒོ་ཞིང་ལུས་ཟུངས་ཟད་པ་ཉིད་དོ།། མ་ལྀ་གོ་འཁོར་པ་ནི་འཁོར་ལོ་ལ་སྦྱིན་པ་ལྟར་འཁོར་བས་ན་མ་གོ་འཁོར་བའོ།། ལུང་པ་ནི
་ལུང་བ་མང་པོའོ།། སྐོམ་དང་ཆེ་བ་ནི་སྐོམ་དང་ཀྱིས་གདུངས་པའོ།། ཡི་གེ་འདུས་པ་ནི་ཟས་ལ་མངོན་པར་མི་དགའ་བའོ།། སྣུམ་ལ་སོགས་པ་བརྒྱད་ནི་ཟད་པ་ཞེས་བྱ་བ་སྦྱར་ཏེ། དེས་ན་སྣུམ་ཟད་པ་དང་། མེ་རློང་ཟད་པ་ནས་སྐད་གདངས་ཀྱི་གསང
་ཟད་པའི་བར་དུའོ།། ཆུ་སོ་ལ་སོགས་པ་མདུན་ནི་ན་བ་ཞེས་བྱ་བའི་སྒྲ་དང་སྦྱར་ཏེ་དེ་བས་ན་ཆུ་སོན་པ་དང་སྙིང་ནུ་བ་ནས་རྩེ་བ་ལོགས་ན་བའི་བར་དུའོ།། རིམས་གྱིས་འ་དེབས་པ་ནི་རིམས་ནང་འབྱུང་བའོ།། ཚིག་མང་བ་ནི་འབྲེལ་བ་མེད་པའི་ཚིག
་མང་དུ་སྨྲ་བའོ།། སྟོང་དུ་རླུང་འཇུག་པ་ནི་སྟོང་དུ་རླུང་ཞུགས་པོའོ།། རྒྱུ་བ་ནི་ལུས་ཀྱི་ཉམ་སྟོབས་ཆུང་བའོ།། སྒྱུག་ཁྲོ་བ་ནི་ཟས་ལ་སོགས་པ་མི་འདོད་པའོ།། རུསྣ་ཚོགས་ན་བ་ནཱི་རུས་པ་རྣམས་དང་དེ་བཞིན་དུ་ཚིགས་རྣམས་བཅག་ཅིང་དཀུམ་པ་སྙམ
་དུ་སེམས་ཤིང་ན་བའོ།། བཤང་གཱཅི་སྲི་བ་ལ་སོགས་པ་ནི་ཞེས་བྱ་བའི་སོགས་པའི་སྒྲས་ནི་རླུང་ལས་བྱུང་བ་འི་ནང་སྣ་ཚོགས་པ་བསྡུའོ།། རབ་ཏུ་ཚོ་བས་སྐེམ་ཉིད་མཆོག། ཤིན་ཏུ་ཚོ་དྲག་པ་ནི་སྨན།། ཤིན་ཏུ་ཚིལ་ཆེས་མེ་རླུང་ལ།། བརྟ་དང་ཉམ
་དམང་ཡོད་མ་ཡིན།། ཞེས་བྱ་བ་ནི། སྐེམ་པ་ཞེས་བྱ་བ་འདི་ནང་ཆེན་པོ་ཡིན་མོང་གྱི་འོན་ཀྱང་རབ་ཏུ་ཆེ་ཞིང་སྒོམ་པས་སྐེམ་པ་མ་ཚིག་ཡིན་ཏེ། འདིར་ཤིན་ཏུ་ཚོ་བ་བས་སྐེམ་པ་མཆོག་ཡིན་ནོ།། ཞེས་བྱ་བ་འདི་ལ་ཤིན་ཏུ་ཚོ་བ་བས་ཤིན་ཏུ
་སྐེམ་པ་མཆོག་ཡིན་པ་ལ་བྱོའི། ཅུང་ཟད་སྦོམ་པོ་ལས་ཅུང་ཟད་སྐེམ་པ་མཆོག་མ་ཡིན་ནོ།། དེ་ཡང་གང་གི་ཕྱིར་ཤིན་ཏུ་ཆོ་ཞིང་སྦོམ་ཆེས་པ་དང་། ཤིན་ཏུ་སྐེམ་པ་ཉིད་དུ་མྱུར་བ་དང་། བརྟ་བསོ་གསོ་བར་བྱ་བ་བསྟེན་གྱི། སྦོམ་པ་དང
་སྐེམ་པོ་ཐ་མལ་པ་ཙམ་ནི་མ་ཡིན་ནོ།། ཅིའི་ཕྱིར་སྦོམ་པོ་པས་སྐེམ་པོ་མཆོག་ཡིན་པའི་རིགས་པ་འདིར་སྐས་པ་ནི། ཤིན་ཏུ་ཚེ་དྲགས་པའི་སྨན་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཚུལ་ཆེས་པ་དང་ཤིན་ཏུ་མེ
་དྲོད་ཆེས་པ་དང་། རླུང་འཕེལ་བ་གང་ཡིན་པ་དེ་ལྟ་བུ་ལེགས་པ་ཡིན་ན་ཤིན་ཏུ་ཚིལ་ཆེས་པ་དང་མེ་དྲོད་དང་རླུང་སེལ་བའི་སྨན་དེ་ལྟ་བུ་ཤིན་ཏུ་ཚལ་ཆུས་པའི་བརྟ་བའམ་ཉམ་དམད་པོར་ནུས་པ་མ་ཡིན་ནོ།། དེའང་སྦོམ་པོའི་བརྟ་བའི་སྨན
་གྱིས་སྦོམ་པོ་བཟློག་པའམ། ཉམ་དམང་པར་ནུས་པ་མ་ཡིན་ཏེ། གང་གི་ཕྱིར་བརྟ་ཞིང་འཕེལ་བར་བྱིང་བ་ནི་ཤ་ལ་སོགས་པས་བྱེད་ལ། དེས་ནི་ཚིལ་འཕེལ་བར་བྱེད་དེ། བརྟ་བའི་རང་བཞིན་ཡིན་པའི་ཕྱིར་ཚིལ་ཁོ་ན་གསོག་པར་བྱེང་ངོ་།།
་ཉམ་དམེད་པའི་སྤྲིན་ཁྲི་རྒོད་ལ་སོགས་པ་དང་ཡིན་པ་འདི་ནི་ཉམ་དམད་པའི་རང་བཞིན་ཅན་ཡིན་པའི་ཕྱིར་རླུང་འཕེལ་བར་བྱེད་།། དོ་ནི་འདི་སྐད་སྟོན་ཏེ། གལ་ཏེ་ཤིན་ཏོ་སྒོམ་ཆེས་པ་ལ་བརྟ་བའི་སྨན་བྱིན་ནོ་ནི། དེས་ཚལ་དང་མེ་དྲོད་འགྲོ
་བར་བྱེད་ཅིང་རྩཝ་\ུ0f89\ུ0f4ས་པར་བྱེད་དོ།། ནཱ་མ་ངྱས་འི་སྤྱང་བ་རྒྱསན་དུས་ཚལ་རིང་བ་དབྱེང་ཀྱི། རླུང་ད་མ་རྗོད་ལ་གོནི་མེ་མི་བྱེད་།། དེ་བས་ཏུ་མས་ལ་བརྟ་བར་ཡང་བྱུ་ཀིའ་ལ། ཉམ་དམང་པར་ཡང་ནུས་བྱམ
་ཡིན་ནོ།། ཞེས་བྱ་བ་ནི་རིགས་པོ་ཡིན་ཏེ། ཤིན་ཏུ་ཚོ་ཆེས་ཨོཾ་བ་ལོ་གང་ཚིལ་ཟང་བར་བྱ་བོ་དང་། མཽ་དྲོངས་ལ་བ་དང་། རླུང་སལ་པོ་དང་ལ་ཕན་པ་ཡིན་ན། དེ་ལྟ་བུ་སོང་བ་མ་ཡིན་ནོ།། གང་ཞིག་མངར་དང་སྣམ་བག་བཟའ།། བསོད
་བདེ་དག་གིས་སྐེམ་པ་སེལ།། དེ་ལས་ཤིན་ཏུ་བཟློག་པ་དག། ངེས་པར་བསྟེན་པས་སྦོམ་ཉིད་སེལ།། ཞེས་པ་འདི་ནི་སྐེམ་པ་མཆོག་ཡིན་པའི་གཏན་ཚིགས་གཞན་དག་བསྟན་པ་ཡིན་ཏེ། སྐེམ་པ་ཉིད་ནི་གང་གི་ཕྱིར་ཟས་མངར་བག་ལ་སོགས་པས་བང
་ཞིང་བདགའ་བ་མེད་པས་ཞི་བར་འགྱུར་བས། དེའི་ཕྱིར་སྦོམ་པོ་བས་སྐེམ་པོ་ཉིད་མཆོག་ཡིན་གྱི་སྦོམ་པོ་ནི་དེ་ལྟ་མ་ཡིན་ཏེ། གང་གི་ཕྱིར་སྦོམ་པོ་ཉིད་སྐེམ་པར་བྱས་པའི་གསོ་བའི་ཐབས་ལས་ཤིན་ཏུ་གོ་བཟློག་པའི་ཚུལ་བརྟེན་པས་ཟློག་པར
་བྱེད་དེ། ཤིན་ཏུ་གོ་བཟློག་པ་ནི་ཕལ་ཆེར་ཁ་པཱ་དང་ཚྭ་བ་དང་། བསྐུ་བ་དང་ཟས་དང་སྒྲོམ་དང་སྤྱན་ནུབ་མོ་བསྟེན་ན། གདོང་ཤིན་ཏུ་ཚེ་ཆེས་པའི་སྦོམ་པོ་སེལ་ཏེ། ཚོལ་ཟད་པའི་རྒྱུ་རྣམས་ཀྱིས་དེ་འབྱུང་གི་ཟས་དང་ལ་སོགས་པ་མངར་ཞིང་སྣུམ
་བོག་ཟློས་ཏེ། བསོད་ཅིང་ཚིམ་པར་བྱེད་པས་ནི་མ་ཡིན་ནོ།། དེ་ལྟར་ན་སྦོམ་པ་དང་སྐོམ་པ་འདི་གཉིས་ནང་དུ་མཉམ་པ་ཡིན་དུ་ཟིན་ཀྱང་། སྦོམ་པོར་གྱུར་པ་ནི་གསོ་དཀའ་བ་ཡིན་པས་ན་ཡུན་རིང་འགོར་བའི་ཕྱིར་འདིར་སྐེམ་པོ་ཉིད་མ་ཆོག
་ཡིན་ནོ།། སྐྱེམ་པོ་དེའི་སྤྱན་ཅི་ལྟ་བུ་ཡིན་ཞེ་ན། དྲིའི་ཕྱིར་སྒྲུ་ནི། དེ་ལ་བཟའ་བཏུང་སྤྱན་རྣམས་ནི།། བརྟྟ་བྷཱ་བྱེད་པ་ཐམས་ཅིང་སྦྱར།། བྱ་བ་ལ་སོགས་པ་ཡིན་ཏེ། སྐྱེས་བུ་སྐེམ་པོ་དེ་ལ་བཟེའ་བ་དང་བཏུང་བ་དོང་སྨན་དུ་འབྲས་དྲུག་ཅུའི་ཆན
་དང་ཤ་དང་འོ་མ་དང་། བུ་ར་མོ་ཤིང་གི་ཁུ་བ་ལ་སོགས་པ་དང་། ཚོ་བར་བྱེད་པ་དང་། བིརྟ་བར་བྱེད་པའི་སྨན་གྱི་རིགས་ཐམས་ཅད་བ་རྟ་བའི་དོན་དུ་སྦྱར་བར་བྱའོ།། སེམས་ལས་མང་དང་དགའ་བ་དང་།། ངེས་པར་བརྟ་བར་བྱ་བ་དང་།། གཉིང
་ཆེར་ལོག་ལས་སྐེམ་པ་ཡང་།། ཕག་དང་འདྲ་བར་ལུས་རྒྱས་འགྱུར།། ཞེས་བྱ་བ་ལ། སེམས་ལས་མེད་པ་ནི་མྱ་ངན་གྱིས་གདུངས་པ་མེད་པ་འམ། བྱ་བའི་རིགས་གང་ལ་ཡང་ཡིད་ལ་དཔྱོད་པ་མེད་པའོ།། དགའ་བ་ནི
་ཉམས་བག་ཏུ་གནས་པའོ།། ངེས་པར་བརྟ་བར་བྱ་བ་ནི་ཤིན་ཏུ་ཚིམ་པར་བྱ་བ་དང་།། དེ་བཞིན་དུ་ལེགས་པར་གཉིད་ལོག་ཅིང་ཉལ་བས། སྐེམ་པོ་དག་རྣམ་པ་ཐམས་ཅད་དུ་རྒྱས་པར་འགྱུར་རོ།། དེ་ཡང་དཔེར་ན་ཕག་དང་འདྲ་བ་སྟེ། སྐེམ
་པོ་གནས་སྐབས་སུ་ཤ་རྒྱས་པའི་རྒྱུ་གཞན་པས་གཉིད་ཚར་ལོག་པ་རྒྱུའི་གཙོ་བོ་ཡིན་པར་བསྟན་པར་བྱ་བའི་ཕྱིར་དཔེ་ཕག་པ་དང་སྦྱར་པ་ཡིན་ནོ།། དེ་ལྟར་ན་སེམས་ལས་མེད་པ་དང་། དགའ་བ་དང་ཤིན་ཏུ་བརྟ་བ་དང་། ལེགས་པར
་གཉིད་ལོག་པས་ལུས་ཟུངས་ཐམས་ཅད་འཕེལ་ཞིང་རྒྱས་པར་འགྱུར་རོ།། ལུས་ནི་བརྟས་ཤིང་འཚོ་བྱེད་པ།། ཤ་དང་འདྲ་བ་གང་ཡོང་མེད།། ཤ་མི་ཟ་ལ་ཤ་ཟའི་ཤས།། ལུས་ན་མཆོག་ཏུ་བརྟས་བྱེད་ཡིན་ཞེས་བྱ་བ་ལ། གང་གི
་ལུས་བརྟས་ཤིང་ཚོ་བར་བྱེད་པ་ཡིན་ལ་ཟས་གང་ཞིག་ཟོས་ཤིང་ལོངས་སྤྱད་པ་ན། ཤ་དང་འདྲ་བར་ལུས་བརྟས་ཤིང་ཚོ་བར་བྱེད་པའི་ཁ་ཟས་ཀྱི་རིམ་པ་ག། ཡང་ཡོད་པ་མ་ཡིན་ནོ།། དཱི་ལས་ཀྱང་ཁྱད་པར་དུ་ནི་ཤ་ཟ་རྣམས་ཀྱི
་ཤ་ནི་ཤས་བསྐྱེད་ཅིང་འཕེལ་བར་བྱེད་པ་ཡིན་པས། ཤིན་ཏུ་ཡང་ལུས་བརྟས་ཤིང་འཕེལ་བར་བྱེད་པ་ཡིན་ནོ།། སྦོམ་པོ་དང་སྐེམ་པོ་དེ་གཉིས་ཀྱི་གསོ་བའི་ཐབས་མདོར་བསྟན་པའི་ཕྱིར་སྨྲས་པ་ནི། སྦོམ་ལ་ཉམ་དམང
་ལྕི་བས་བྱ།། དེ་ལས་བཟློག་པ་སྐེམ་ལ་ཕན།། ཞེས་བྱ་བ་ཡིན་ཏེ། མི་སྦོམ་པོ་ལ་ནི་ཉམ་དམང་པའི་ལྕི་བས་བྱ་སྟེ། དཔེར་ན་སྦྲང་རྩི་དང་སྲི་ག་ཏ་ཞེས་བྱ་བའི་འབྲས་བུ་དང་། པདྨའི་རྩ་བ་དང་སྡོང་བུ་ལ་སོགས་པ་སྟེ། དེ་དག་ནི
་པ་ཡིན་པའི་ཕྱིར་ཚོལ་ཟད་པར་བྱེད་པ་དང་། ལྕི་བས་མྱུར་དུ་མི་འཇུ་བའི་ཕྱིར་རོ།། སྦོམ་པོ་ལ་ནི་ཡང་བའི་ཉམ་དམད་པ་ཡང་སྦོམ་པོར་ཕན་ཏཽ། དཔེར་ན་རྒྱ་སྲན་ཀུ་ལཏྠ་དང་། ཁྲེ་རྒོ་དེ་ལ་སོགས་པ་ཕན་པ་ལྟ་བུའོ།། དེ་ལས
་བཟློག་པ་སྐེམ་ལ་ཕན།། ཞེས་བྱ་བ་ནི། གང་སྔ་མ་དེ་ལས་བཟློག་པའི་ཡང་བ་དང་། དེ་བཞིན་དུ་བརྟ་པ་དེ་ནི་སྐེམ་པོ་ལ་ཕན་ཏེ། དཔེར་ན་འབྲས་དྲུག་ཅུ་པའི་ཆ་དང་། རི་དྭགས་ཤ་བཀྲ་དང་། རི་བོང་ལ་སོགས་པའི་ཤ
་ལྟ་བུ་སྟེ། དེ་ཡང་གང་གི་ཕྱིར་ཤིན་ཏུ་སྐོམ་པ་ལ་ནི་ཟས་དང་སྐོམ་དང་སྨན་གཅི་བ་དག་གིས་མེ་དྲོད་འབྲི་བར་བྱེད་པས་དེ་བརྟས་པར་བྱེད་པའི་རྫས་ཡིན་དུ་ཟིན་ཀྱང་དྲི་མི་འཇུ་བས་སླར་ཉམ་དམད་ཅིང་སྐེམ་པོ་ཉིད་དུ་བྱེད་པར་འགྱུར་རོ།།
་ནས་དང་གྲོ་ནི་གཉི་ག་ལ།། དེ་ལ་འོས་པར་བྱེད་པས་བརྟག། ཅེས་བྱ་བཱ་ལཱ། སྒྲོམ་པོ་དང་སྐེམ་པོ་དེ་གཉིས་ཀུ་ལཱ་འོས་ཤིང་འཚམ་པར་བྱ་ཞིང་སྦྱར་བ་དང་། ཡོངས་སུ་བྱས་པའི་ཉེ་བར་བརྟག་པས་བྱས་པ་གང་ཡིན་པ་དེ་ནི། དེ
་ལ་འོས་པས་བརྟག་ཅེས་བྱའོ།། དེ་ནི་འདི་སྐད་སྟོན་པ་ཡིན་ཏེ། གང་གི་ཕྱིར་སྦོམ་པོ་ལ་ནཱ་དང་གྲོ་སྟེར་བ་ན། དེའི་ཚེ་སྦོམ་པོ་ལ་འོས་ཤིང་འཚམོ་པའི་ཉམ་སྨད་པའི་བྱ་བས་བྱ་ལ། གང་གི་ཚེ་ནས་ངང་གྲོ་དེ་ཉིད་སྐེམ་པོ་ལ་འོས་ཤིང
་འཚམ་པའི་བརྟབ་བྱ་བའི་ཚུལ་གྱིས་བརྟག་པར་བྱ་བའོ།། འདིར་ནི་འདི་ལྟ་དོགས་པ་སྐྱེང་བར་མི་བྱའོ།། ཇི་ལྟར་ཉེས་པ་རྣམས་ཀྱི་ནང་ཀྱི་རྒྱུ་མཐའ་ཡས་པ་ལྡནད་ཀྱང་མཐའ་མྦྷ་པ་ཇི་ལྟ་བ་བཞིན་དུ་གསོབ་ཡཱམཊྚ་མྲ་ཉ་མ་བརྟ་བ་དང་ཉམ
་དམད་པའི་གསོ་བའི་ཐབས་ཀྱང་སྦྱོར་བ་ར་པོ་དང་ར་བ་མཆོག་གི་དབྱེ་བས་མཐའ་ཡས་པར་རིགས་ན། ཅིའི་ཕྱིར་གསོ་བའི་ཐབས་གཉིས་ཁོ་ནར་ཟད་ཅེས་ཕྱི་ར་རྒོལ་དག་ཡོད་པས། དེའི་ཕྱིར་གཞུང་རྩོམ་པར་བྱེད་པས་འདིར་སྨྲས་པ་ནི། ནང
་ཀྱི་དབྱེ་བ་ཐ་དད་ཀྱི།། བཅོད་འཁྲུ་ལ་སོགས་བྱེད་པ་ཡིན།། ནད་སྟོར་བ་དང་གྱུར་ཀྱང་ནི།། གསོ་བ་གཉིས་ལས་ཡོང་མ་ཡིན།། ཞེས་བྱ་བ་ཡིན་ཏེ། ནད་རྣམས་ཟད་པ་དང་། གནས་པ་དང་། སྟོང་དང་འོག་དང་རྩིབ་ལེགས་ལ་སོགས་པར་ཐང
་ཀར་འགྲོ་བ་ལ་སོགས་པའི་མཚན་ཉིད་ཀྱི་རྣམ་པར་དབྱེ་ན། མཐའ་ཡས་པ་ཡོད་དུ་ཟིན་ཀྱང་།། གསོ་བ་ནི་རྣམ་པ་གཉིས་ལྷག་པར་དབྱེ་བ་མེད་དོ།། དེ་བཞིན་དུ་བཅང་བར་བྱ་བ་ལ་སོགས་པའི་དབྱེ་བས་ཕྱེ་བ་ལས་ཀྱང་ཐ་དད་པར་འགྱུར
་ཏེ། འདི་ནི་བཅད་པའི་གསོ་བའོ།། འདི་ནི་འཁྲུ་བའི་གསོ་བའོ།། འདི་ནི་རབ་ཏུ་བཅང་བའོ།། འདི་ནི་རབ་མཆོག་ཏུ་བཅད་པའོ།། འདི་ནི་རབ་ཏུ་འཁྲུ་བའོ།། འདི་ནི་རབ་མཆོག་ཏུ་འཁྲུ་བའོ།། སོགས་པས་ནི་སྣུམ་པོ་དང་རྩུབ་པ་ལ་སོགས་པ་ཡིན་ན།
་ཇི་ལྟར་ན་དེ་མཐའ་ཡས་པ་ཡིན་དུ་ཟིན་ཀྱང་། དེ་རྣམས་དབྱེ་བ་མེད་པ་ཡིན་ཞེ་ན། ནད་ལྟར་ཐ་དད་གྱུར་ཀྱང་ནི་ཞེས་བྱ་བ་སྟེ། དཔེར་ན་ནིད་གཞི་ལ་སོགས་པའི་དབང་གིས་ཀྱང་། རིམས་ལ་སོགས་པའི་ནད་རྣམས་ཐ་དད་པར་གྱུར་པ་ཡིན
་ཀྱང་གསོ་བ་ནི། བརྟ་བ་དང་ཉམ་དམང་བའི་ཚུལ་གཉིས་ཀྱིས་བསྒྲུབ་པར་བྱ་བ་ཡིན་པས་ན། མཚན་ཉིད་དེ་གཉིས་ལས་དབྱེ་བ་ཡོད་པ་མ་ཡིན་ཏེ། ལན་འགའ་དེ་རྣམས་བརྟ་བར་བྱ་བས་གསོ་དགོས་པར་འགྱུར་རོ།། ལ་ལ་ནི་ཉམ་དབྲི་བས་གསོ
་བར་བྱ་དགོས་ཀྱི་དམ་གཏོགས་པ་གསོ་བོའི་ཕུང་པོ་གསུམ་པོ་ནི་ཡོད་པ་མ་ཡིན་ནོ།། ། ཡན་ལགོ་བརྒྱུད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགུའ་བས་རྣམ
་བར་སྦྱོར་བ་ལས་ལེའུ་བཅུ་བཞི་པའི་རྣམ་པར་འགྲེལ་པའོ།། །། དེ་ནས་སྦྱང་བ་ལ་སོགས་པའི་སྤྱན་གྱི་སྡེ་མཚན་སྣ་ཚོགས་འདུས་པའི་ལེའུ་བཤད་པར་བྱའོ།། ཞེས་བྱ་བ་ལ། ཇི་ལྟར་འདིར་གསོ་བ་སྣ་ཚོགས་ཡོད་དུ་ཟིན་ཀྱ
་གཉིས་ལས་ལྷག་པར་མེད་པ་དེ་བཞིན་དུ། སྤྱན་རྣམས་ཚུལ་ཐ་དད་པ་ཡོད་དུ་ཟིན་ཀྱང་། སྨྱུང་བ་དང་ཞི་བའི་ཚུལེ་གཉིས་ལས་འདའ་བར་མི་བྱེད་དོ།། དེ་བས་ན་གོསོ་པའི་ཚུ་ལ་རྣམ་པ་གཉིས་ཀྱི་འོག་ཏུ་སྦྱང་བ་ལ་སོགས་པ་ནི་སྨན
་གྱི་སྡེ་ཚན་གྱི་ལེའུ་བརྩམས་པ་ཡིན་ནོ།། སྦྱང་བ་ལ་སོགས་པའི་ཚུལ་ཅན་གྱི་སྨནྡ་གྱི་སྡེ་ཚན་ལ་སོགས་པའི་སྡེ་ཚན་གང་ཡིནྡྲ་པ་དེ་ནི་སྦྱང་བ་ལ་སོགས་པའི་སྨན་གྱི་སྡེ་ཚན་ནོ།། སྡེ་ཆེན་སྣ་ཚོགས་པ་འདུས་པ་ནི་དངོས་པོ་ཕན་ཚུན་འཐོར་བ
་ཕྱོགས་གཅིག་ཏུ་བསྡུས་པ་ངོ་རྗེ་མོ་རུས་རིགང་པར་བྱའོ།། ཞེས་པའོ།། སྐྱོང་བའི་སྐྱུག་སྨན་ལ་སོགས་པའི་དབྱེ་བས་ཕྱི་མ་ཕྱི་མ་མི་ཆོག་ཏུ་གྱུར་པའི་ལས་རྣམ་པ་ལྔ་ཡོད་པ་ལས། དང་པོར་རེ་ཞིག་སྐྱུག་སྨན་གྱི་རྫས་ཀྱི་སྡེ་ཆེན་གྱི
་གཙོ་བོ་བཤང་བར་བྱ་བའི་ཕྱིར་འདི་སྨྲས་པ་ཡིན་ཏེ། བོ་སོན་ཆ་དང་ཤིང་མངར་དང་།། ཀུ་བ་ཁ་བོ་ནི་ནཱིམྦྷ་དང་།། བམྦྷི་ག་གོནྡི་ཤ་ལ།། དུག་མོ་ཉུང་དང་མུརྦ་དང་།། དེ་བ་དཱ་ལི་བི་ཊཾ་ཀ། ལྷྭམ་པཱ་ཙི་ཏྲ་ཀྲུ་ཏྲུག་ཏྲེས།། ཀོ་ཤ་བ་ཏཱི
་ཀ་རཉྫ།། པྲི་བི་ལིང་དང་རྒྱ་མ་ཚྭ་དང་།། ཤྲྀ་དག་སྲོགྶ་སྨེལ་ཡུངས་ཀར་ཏེ།། འདི་དགྲ་སྐྱུག་པའི་སྨན་གྱི་སྡེ།། ཞེས་བྱ་བ་ནི་པོ་སོན་ཆ་ལ་སོགས་པའི་སྨན་ནི་སྨོན་ཞིང་སྐྱུག་པ་ལ་དགོས་པ་ཡིན་ནོ།། དེ་ལ་པོ་སོན་ཚྭ་ནི་མ་ད་དང་ཕ་ལའོ།། ཤིང་མངར་ནི
་མ་དུ་ཡང་ཤིའོ།། ཀུ་ག་ཁ་བོ་ནི་ཀ་ཏུ་ཀ་ཨ་པ་བུའོ།། ནིམྨ་ནཱི་ཨ་རི་སྟག་ཀའོ།། བིམྦ་ནི་ཛ་མུཏྐའོ།། བི་ཊཱ་ཀེ་ནཱི་མིང་རྣམ་གྲངས་གཞན་ཡང་འབྲས་བུ་དམར་པོ་ཞེས་བྱ་འོ།། གཱ་གོནྟི་ཏྲ་པུ་ས་ཁའོ།། བི་ལ་ཤྭ་ནི་ག་བ་ཨཱཀྵ་སྟེ། བ་ལང་གྲི་མཱིག
་ལྟ་བུའོ།། དུག་མོ་ཉུང་ནི་བད་ཙཱ་ཀའོ།། མུརྦ་ནི་མ་དུ་ར་ས་ཏེ།། ཁུ་བཾ་མངར་བ་ཞིག་གོ།། དེ་ལ་ད་ལཽ་ནི་ཛཾ་མུརྐའོ།། བཾ་ཌཱ་ཀ་ནི་སྲིན་བུ་གསོད་པའོ།། ལྕམ་པ་ནི་བི་ཏང་སོའོ།། ཙི་ཏྲ་ནི་ཏྲ་བནྟིའོ།། ཀྲུ་ཏྲུག་ཏྲེས་ནི་ཙི་ཏྲ་ཀའོ།། ཀཱ་ཤྲ་བ་ནི་གཉིས་ཏེ། གཅིག་ནི་ར
་ཙི་ཀོ་ཤ་བ་ཏིའོ།། གཉིས་པ་ནི་ཀཱ་དུ་ཀ་ཏྭེ་ཀ་ཀོ་ཤཱ་ཏ་ཀིའོ།། ཀཱ་རཉྫ་ནི་པུ་ཏི་ཀ་རཉྫའོ།། པི་པི་ལིང་ནི་ཀརྞའོ།། སུངས་ཀར་ནི་ཡུངས་ཀཱར་དཀར་པོའོ།། དཾ་ཏྲི་དང་ནི་ཏྲཱི་བཱིདྡྷ། འབྲས་བུ་གསུམ་དང་བཱི་ཤ་ལ།། ཤཾ་ཀི་ནཱི་དང་སཱུ་ཧཱ་དང་།། གསེང་བྲོམ
་དོང་ག་ནི་ལི་ནི།། ཁྲོན་བུ་དང་ནི་ཀམྦི་ལྱཾ།། འོམ་པ་གཅིན་འཁྲུ་བར་བྱེད།། ཅེས་བྱ་བ་དནྟི་ལ་སོགས་པའི་སྨན་རྣམས་ནི་འཁྲུ་བའི་སྡེ་ཚན་ཡིན་ནོ།། དེ་ལ་དནྟི་ཀུམྦའོ།། ཏྲཾ་བི་ཏྟ་ནི་ཀུམ་པའོ།། ཐི་ཤ་ལ་ནི་ག་བཀྵིའོ།། ནི་དཱི་ནི་ཥི་ཤིངྒི་བུ་ལླའོ།། སཱུ་ཧ་ནི
་བུ་ཏ་\ུ0f7f། ནཱ་མ་ནི་ནཱི་ལ་པུཥྤ་སྟེ། མེ་ཏོག་སྔོན་པོ་ཅན་ནོ།། གསེང་ཕྲོ་མ་ནི་དྲོ་ཏྲའོ།། དོང་ག་ནི་ཤཾ་མྱ་ཀའོ།། ཁྲོན་བུ་ནི་སུ་བརྞ་ཀྵི་རའོ།། ཀམྦྷི་ཀྵྱ་ནི་ར་ཛ་ན་གཱ་སྟཱཾ། ཚོན་ཤིང་ངོ་།། འོ་མ་ནི་འོ་མ་རྣམས་སོ།། བ་གཅིན་ནི་དངོས་སུ་ཟད་དོ།། པོ་སོནྟ
་ཆུ་དང་དུག་མོ་ཉུང་།། རུ་རྟ་དེ་བ་ད་ལི་དང་།། ཤིང་མདཱར་ཤུ་དག་རྩབ་བཅུ།། ཐང་ཤིང་ར་སྣ་ལ་ལ་ཕུང་།། ཤ་ཏ་པུཥྤ་པ་ཏ་ལ།། རྒྱ་སྲན་ནོག་པོ་སྦྲང་རྩི་དང་། རྒྱ་མ་ཚ་ཙེ་ཚ་ཤིང་ཉེ་རོ།། འདི་དག་མས་བཏང་བཀྲུ་སྨན་ཏེ། ཞེས་བྱ་བ་ལ། པོ
་སོན་ཆ་ལ་སོགས་པ་ནི་མས་བཏང་བའི་བཀྲུ་སྨན་གྱི་སྡེ་ཚན་ཡིན་ཏེ། དེ་བང་ལི་ནཱི་ཛི་མུཏྐའོ།། གཞན་ནི་གོ་བར་ཟད་དོ།། རྩུ་བ་བཅུ་ནི་རྩ་བ་ལྔ་པ་ཆེ་ཆུང་གཉིས་སོ།། ཤ་ཏ་པུཥྤ་ནི་མི་བིའོ།། ཨ་པ་མག་བི་ཊྭཱཾ་ཀཾ། ཚ་བ་གསུམ་དང་སྐྱེར་བའི
་རྩ། སུ་ར་ལ་དང་ཤཱི་རཱི་ཤ། བྲཱྀ་ཧ་ཤི་ཀླུའི་སཽ་བོན་དང་། སེང་ལྡེང་མ་ཀ་སྙིང་པོའོ།། རྒྱུ་མ་ཚ་དངུལ་ཛྙེ་ཕཱ་བོད་དྲེག། སུག་སྦྲེལ་གཉིས་དང་གོ་སྟོང་སྦོམ།། མ་གོ་བོའི་ནང་སྦྱོང་བྱེད་པ་ཡིན། ཞེས་བྱ་བ་ལ། ཨ་པ་མརྒ་ལ་སོགས་པའི
་རྫས་ཀྱི་སྡེ་ཚེན་ནཱཾ་མགོ་བོའི་ནང་སྦྱོང་བར་བྱེད་པ་ཡིན་ནོ།། ཨ་པ་མརྒ་ནཾ་བྱཱ་དག་པུ་བྷའོ།། ཚ་བ་གསུམ་ནཾ་བྲི་པི་ལིང་དང་། ནཱ་མཽ་ཤཱཾ་དང་། བཅཝའ་རྒྱུ་དང་གསུམ་བསྲེས་པའོ།། སྦྱོར་བའི་རྩ་བ་ནྱཻ་དྱ་དུ་ཧོ་རིད་ཏའོ།། སུ་ལ་ནི་སུ་ལཀྵ་ནའོ།།
་ཤི་རི་ཤིའི་ས་བོན་བྲྀ་ཧའི་ས་བོན་དང་།། ཤི་ཀྲུའི་ས་བོན་ནོ།། ས་བོན་གྱི་སྒྲ་གསུམ་ལ་སྦྱར་རོ།། མ་དུ་ཀའི་སྙིང་པོ་ནི་མ་དུ་ཀའི་མེ་ཏོག་མཆོག་ཏུ་གྱུར་པ་ལ་བྱའོ།། དངུལ་རྡོ་ནི་ཀུ་ཤ་ར་ས་ཨཉྫ་ནའོ།། སུག་སྨོལ་ཕྲ
་མོ་དང་སྦོམ་པོའོ།། གོ་སྟོང་སྦོམ་པོ་ནི་ཕྲ་ཐི་ཀའོ།། ཐང་ཤིང་རྒྱ་སྤོས་རུ་རྟ་དང་།། རྩ་བ་བཅུ་དང་བཱ་ལ་གཉིས།། བི་ར་ཏ་རིའི་སྨན་སྡེར་གཏོགས་བི་ད་ལ་སོགས་རླུང་ནད་སེལ།། ཞེས་བྱ་བ་ལ། ཐང་ཤིང་ལ་སོགས་པའི
་སྨན་རྣམས་ནི་རླུང་འཇོམས་པར་བྱེད་པ་ཡིན་ནོ།། རྒྱ་སྤོས་ནི་ན་ཐའོ།། རུ་རྟ་ནི་ཀུཥྚའོ།། བཱ་ལ་གཉིས་ནི་བཱ་ལ་དང་ཨ་ཏི་བཱ་ལའོ།། བི་ར་ཏ་ལ་སོགས་པའི་སྡེ་ཚན་དང་བི་དར་ལ་སོགས་པའི་སྡེ་ཚ་ནི་ནི་བཤད་།། ཡེ་ཚན་དེ་གཉིས
་རླུང་སྲེལ་བར་བྱེད་པ་ཡིན་ནོ།། དྲྀརྦ་དང་ནི་བྱི་ཆེར་བཽ།། ནིམྤྲ་བཱུ་ཤ་ཀུའི་ལོ་མ། ཁ་སྲལ་ཕྲིའུ་འོལ་མཱ་སེ།། ཉེའུ་ཤིང་ལ་ཞེས་བྱ་དང་། ཤིང་ཏ་པ་ཀི་པྲི་ཡཾ་ཀུ། ནྱ་གྲོ་དྷཱ་སོགས་ཤུག་པ་སོགས།། སྠིར་རྣམ་གཉིས་པ་མེའི་ཟེ།། པནྡྷ་ཐལ
་ཏྲེ་ས་སོགས་མཽ་ཁྲིས་སེལ། ཝེ་བྱ་བ་ལ། དུར་བ་ལྀ་སོཌ་པའི་སྡེ་ཚན་ནི་མཁྲིས་པ་འཇོམས་ཤྲིང་སེལ་བར་བྱེད་དོ།། དེ་ལ་དུན?་ནི་ཤ་དྷཽ་ལའོ།། བྱི་ཚེར་བ་ནི་ཡ་བ་ཤ་ཀའོ།། ནིམྦ་ནཱི་ནིམྦའོ།། ལོ་མ་ནི་བཱ་ཤ་ཀལའོ།། བ་སྲལ་ནི་ཨཏྨ་ཀུཔྟའོ།། འོལ
་མ་སེལ་ནཱི་གུནྡིའོ།། ཉེའུ་ཤིང་ནི་ཤཏ་བརྞིའོ།། ཤིང་ཏ་པེ་ཀི་ནི་ཤིང་ཁནྡིའོ།། པྲི་ཡཾ་ཀུ་ནི་གནྡྷ་པྲི་ཡཾ་ཀྲྀའོ།། ནྱ་གྲོ་དྷ་ལ་སོགས་པ་དང་། ཤུག་པ་ལ་སོགས་པ་དང་། ཐལ་ཏྲེ་ས་ལ་སོགས་པའི་སྡེ་ཚན་ནི་འོག་ནས་སྟོན་ཏེ་ཐཾ་ར་རྣམ་གཉིས
་ས་ལ་པརྞི་དང་། པྲྀ་སྣ་བར་ནིའོ།། པད་པ་ནི་ཀ་མ་ལའོ།། བཾ་ནྱ་ནི་ཀུ་ཏེ་ནྣ་ཏའོ།། དོང་ག་སོགས་དང་ཨརྐ་སོགས།། མ་སྐ་ཀ་སོགས་ཨོ་སྫ་སོགས།། བྱེའུ་རུག་པ་གླ་སྒང་སོགས།། དུག་མོ་ཉང་སོགས་བད་ཀན་སེལ།། ཞེས
་བྱ་བ་ལ། དོང་ག་ལ་སོགས་པའི་སྡེ་ཚན་བདུན་པོ་ནི་བད་ཀན་སེལ་ཅིང་འཇོམས་པར་བྱེད་པ་ཡིན་ནོ།། ཛཱཾ་བནྟི་དང་མར་ཉེ་བ།། མེ་ད་མ་ཧ་མེ་དཱ་དང་།། མུཏྐ་མྦུ་ཥ་པརྞི་དང་།། ལྡུམ་བུ་ཟད་རྩི་པ་དང་ནི།། ཛཱི་བ་ཀ་དང་ཤིང་མངར་ཏེ།། སྡེ་འདི
་འཚེ་བྱེད་ཅེས་བྱཱ་ཡིན།། ཞེས་བྱ་བ་ལེ། ཛཱི་བིན་ཛཱི་བྱའོ།། རམ?་ཉེ་བ་ནི་གཉིས་ཏེ། ཀ་ཀོ་ལི་དང་། ཀྵི་ར་ཀ་ཀཽ་ལིའོ།། མེ་ད་དང་མ་ཧཱ་མོ་ད་ནི་མཻ་ད་གཉིས་སོ།། མུངྒ་དང་མཱ་ཥཾ་པཪྵི་ནི་མུཏྐ་པརྞི་དང་། མུ་ཥ་པཎྜིའོ།། ཟངས་རྩི་བ་ནཱི་རཱི་ཤ་པའོ།།
་ཛཱི་པ་ཀི་ནཱི་སྨན་འཚོ་བྱེད་དེ་ཀུ་ཤྲི་ཤའོ་ཞེས་བྱའོ།། བི་ད་རི་དང་ཨཻ་རཏྣ། པྲཤྩི་ཀ་ལ་པུརྡྷ་ན།། དེ་བ་ཧ་ས་དེ་བ་དང་། པསྣི་གཉིས་དང་ཁ་སྲལ་དང་།། འཚོ་བྱེད་ལྔ་དང་རྩཝ་ཆུང་ལྔ།། ཐལ་ཏྲེས་དང་ནི་ལྕང་མ་དང་། ཧ་ན་ས་པ་ཏི་ཞེས་བྱ
་རྣམས།། བི་དི་ར་སོགས་འདིར་སྙིང་ཕན།། ཉ་མཽ་ཆུང་རླུང་དང་མཁྲིས་པ་སེལ།། ལུས་སྐེམ་སྐྲན་ཚིགས་ཡན་ལག་ན།། དབུགས་མཾ་བདེ་དང་ལུད་པ་ལུ།། སེལ་བར་བྱེད་པའི་སྡེ་ཚེན་ཡིན།། ཞེས་བྱ་བ་ལ། བི་ད་ནི་ལ་སོགས་པའི་སྡེ་ཆེན
་འདི་ནི་སྙིང་གི་ནང་ལ་ཕན་ཞིང་ཡིད་དུ་འོང་བ་དང་། ཉམ་བརྟ་ཞིང་ཤྭ་སྐྱེད་པ་དང་། དེ་བཞིན་དུ་རླུང་དང་མཁྲིས་པ་ལ་སོགས་པ་སེལ་བར་བྱེད་པ་དང་། ལུས་སྐེམ་ཞིང་ཟད་བྱེད་ལ་སོགས་བ་སེལ་བར་བྱེད་པ་ཡིན་ནོ།། དེ་ལ་བྱི
་དང་རི་ནི་ཀྵི་ར་བི་ད་རའོ།། ཨེ་རཎྜ་ནི་སོར་ལྔ་པ་ཞེས་བྱའོ།། བི་རཱ་ག་ནི་ཨོཥྚ་མ་རུ་ཀ་འོ།། པུརྣ་རྣ་བ་ནི་པྲཤྩི་བའོ།། པརྞི་གཉིས་ནི་མཱ་ཤ་པརྞི་དང་། མུདྒ་པརྞིའོ།། འཚོ་བྱེད་སྣ་ལྔ་དང་། རྩ་བོ་ཆུང་ངུ་ལྔ་ལ། འཚོ་བྱེད
་ཅེས་བྱ་བའི་རྩ་བ་ལྔ་ལ་ནི་ཉེའུ་ཤིང་དང་། རམ་ཉེ་བ་དང་། ཛཱི་བཱནྟི་དང་། ཛི་བ་ཀ་དང་། ཟངས་རྩི་བའོ།། རྩ་བ་ཆུང་ངུ་ལྔ་ནི་སཔྟ་པརྞི་དང་། པྲྀསྣ་པརྞི་དང་། བ~ཾ་ཧ་ཏཱི་དང་། ཀཎྜ་ཀཱ་རི་དང་། གཟེ་མའོ།། ཐལ་ཏྲེས་ནི་ཤ་རི་བའོ།།
་ཧཱཧན་ས་པ་ཏི་ནི་ཏྲི་བ་ཏི་སྟེ་རྐང་གསུམ་པའོ།། ཐལ་ཏྲེས་དང་པུ་ཤེལ་ཙེ།། ཏཾ་པ་ལ་དད་ནི་མ་དུ་ཀ། ཙན་དན་དཀར་དང་དམར་བ་དང་།། ཤྲྀང་མངར་པ་རུ་ཤ་ཀ་རྣམས།། ཚད་པ་མཁྲིས་པ་ཁྲག་རྒྱས་དང་། སྐོམ་དང་རིམས་ཀྱིས་བཏབ་པཱ་སེལ
་ཞེས་བྱ་བ་ལ། ཐལ་ཏྲེ་ས་ལ་སོགས་པའི་སྡེ་ཚན་འདིས་ནི་ཚང་པ་ལ་སོགས་པ་སེལ་ཅིང་འཇོམས་པར་བྱེད་པ་ཡིན་ནོ།། ཏཾ་པ་ལ་ནི་ཀསྨཱ་རེའོ།། མ་དུ་ཀ་ནི་མ་དུ་ཀ་པུཥྨའོ།། པ་རུ་ཤ་ཀ་ནི་མྲྀ་དུ་པ་བ་སྟེ། འབྲས་བུ་ཆུང་ངུ་འཇོམས་པ་ཞིགོ།
་ཤུག་པ་པཱུཎྜ་རཱི་ཀ་དང་། བྲྀདྡྷེ་རིདྡེ་ནུ་གང་དང་། སྲིངྒི་སྨཻ་ཏྲེས་འཚོ་བྱེད་བཅུ། ནུ་ཞོ་སྐྱེད་བྱེད་རླུང་མཁྲིས་སེལ།། ཉམ་ཆུང་ཚིགས་བྱེད་རྟས་བྱེད་ལ།། ལ་ཚེ་བྱེད་རོ་ཙ་ཉིད་དུ་བྱེད།། ཅེས་བྱ་བ་ལ། ཤུགྲཱྀ་པ་ལ་སོགས་པའི་སྨན་གྱི་སྡེ་ཚན
་ནོ།། ནུ་ཞོ་སྐྱོད་པ་ལ་སོགས་པ་བྱེད་དེ། ནུ་ཞོ་ནི་བུད་མེད་ནུ་ཞོ་འཕེལ་བར་བྱེད་པའོ།། དེ་བཞིན་དུ་རླུང་དང་མཁྲིས་པའི་ནད་སེལ་བ་དང་། 1མི་ཆུང་བ་རྣམས་ཚིམ་པར་བྱེད་པོས་ན་ཚིམ་བྱེད་དེ། མདངས་སྐྱེད་པའོ།། འཕེལ་ཞིང་རྒྱས་པར
་བྱེད་པས་ནོ་བརྟས་པར་བྱེད་པ་སྟེ། ཉམ་སྟོབས་བསྐྱེད་པའོ།། འཚེ་བ་རྀ་བྱེད་པས་ན་འཚོ་བྱེད་དོ།། རོ་ཙ་བར་བྱེད་པས་ནི་ཁུ་བ་འཕེལ་བར་བྱེད་པའོ།། ཤུག་པ་ནི་པདྨ་ཀ་སྟེ། མིང་གི་རྣམ་གྲ་ངས་གཞན་དུ་ན་ཧེ་མ་པདྨ་ཞེས་བྱ
་བའོ། བུཎྜ་རཱི་ཀ་ནི་པྲ་པུཎྜ་རཱི་ཀའོ།། བྲྀདྡྷི་ནཾ་ཤྲ་བ་ནུ་ཤི་ར་རོ།། རིདྷི་ནི་ཏུ་ཤིའོ།། ཅུ་གང་ནི་བཾ་ཤ་རོ་ཙ་ནའོ།། ཤཾ་གི་ནི་ཀརྐ་སྱཱཾ་གིའོ།། སླེ་ཏྲེ་ས་ནཱི་གུ་རུ་ཙིའོ།། འཚོ་བྱེད་བཅུ་ནི་ཛཱི་བནྟི། རཱམ་ཉེ་བ་ལ་སོགས་པ་སྔར་བཤད་པ་རྣམ་སོ།།
་པ་རུ་ཤ་དང་འབྲས་བུ་གསུམ། རྒུན་འབྲུ་དང་ནི་ཀཏྶ་ལ།། ཀ་ཏ་ཀ་འབྲས་ར་ཛཱ་དཾ།། སེའུ་འབྲུ་པ་ར་དཱ་རུ་རྣམས།། སྐྱོམ་དང་ཆེ་བ་དང་གཅི་ནེ་སྲྀ་དང་། རླུང་གི་ནད་རྣམས་སེལ་བྱེད་ཡིན།། ཞེས་བྱ་བ་ལ། པེ་རུ་ཤ་ལ་སོགས་པའི
་སྡེ་ཚན་ནི་སྐོམ་དད་ཆེ་བ་དང་། གཅིན་སྲི་བའི་ནད་དང་། རླུང་ནང་རྣམས་སེལ་ཅིང་འཇོམས་པ་ཡིན་ནོ།། རྒུན་འབྲུ་ནི་གོརྟ་ནའི་རྒུན་འབྲུའོ།། ཀཏྶ་ལ་ནི་སོ་མ་བ་ལ་ཀའོ།། ཀ་ཏ་ཀིའི་འབྲས་བུ་ནི་ཤིང་ཀ་ཏ་ཀའི་འབྲས་བུའོ།། ར་ཛ
་དེ་ན་ནི་རཱ་ཛ་ད་ནའོ།། སེ་འབྲུ་ནི་ནེ་ཅོད་གའོ།། བ་ར་ད་རུ་ནི་ཁཱ་ར་པ་ཏྲ་སྟེ། ལོ་མ་རྩུབ་པའི་ཤིང་ལོ་ཞིག་གོ། ཨཉྫ་ན་དང་པ་ལི་ནཱི། སྤང་སྤོས་པདྨ་ཨུཏྤ་ལ།། སྐྱེར་ཁརྞྞ་དང་སུག་སྨེལ་དང་། ཤིང་མངར་ནཱ་ག་གྲེ་སཱ་ར་བཱཅས།། དུག
་དང་ནང་གི་ཚ་བ་དང་། མཁྲིས་པ་རྒྱུས་པ་སེལ་བར་བྱེད། ཅེས་བྱ་བ་ལ། ཨཉྫ་ན་ལ་སོགས་པའི་སྡེ་ཚན་ནི། དུག་དང་ནང་གི་ཚ་བ་དང་མཁྲིས་པ་རྒྱས་བུ་སེལ་བྱེད་པའོ།། དེ་ལ་ཨཉྫ་ན་ནི་རྣམ་པ་གཉིས་ཏེ། ལིག་པུ
་མིག་དང་། དངུལ་རྡོའོ།། བ་ལི་ནི་ནཽ་གནྡྷ་པྲི་ཡི་ཀུའོ།། སྤང་སྤོས་ནི་ན་ལ་ངའོ།། ཨུཏྤ་ལ་ནི་རྣམ་པ་གཉིས་ཏེ། སྔོན་པོ་དང་དམར་པོའོ།། པ་ཏོ་ལ་དོང་པུ་ཙེ་ཤེལ།། ཙན་དན་དཀར་པོ་མུརྦེ་དང་། སླེ་ཏྲེས་སྒྲ་ལོར་བཅས་པ
་དག། བད་ཀན་མཁྲིས་པ་མཛེ་དང་རིམས།། དུག་དང་སྐྱུག་བྲོ་ཡི་ག་འཆུས།། མིག་སེར་གྱི་ནི་ནང་རྣམས་འཇོམས།། ཞེས་བྱ་བ་ལ། པ་ཏོ་ལ་ལ་སོགས་པའི་སྡེ་ཚན་འདིས་ནི། བད་ཀན་དང་མཁྲིས་པ་ལ་སོགས
་པ་འཇོམས་པར་བྱེད་དོ།། པུ་ཙེ་ཤེལ་ནི་ཀ་ཏུ་ཀ་རོ་ཧི་ནའོ།། མུརྠ་ནི་མ་དུ་སྲ་བའོ།། སླེ་ཏྲེས་དང་ནི་ཤུག་པ་དང་།། ནི་བ་འུ་སུའི་འབྲས་བུ་དང་། ཙན་དན་དམར་པོ་ཞེས་བྱ་རྣམས།། མཁྲིས་པ་དང་ནི་བད་ཀན་དང་།། རིམས་ནད་སྐྱུག་བྲོ་ལུས
་ཚ་དང་། སྐོམ་དད་ཆེ་སེལ་མེ་དྲོད་བསྐྱེད། ཅེས་བྱ་བ་ལ། སླེ་ཏྲེས་ལ་སོགས་པའི་སྡེ་ཚན་འདི་ནི་མཁྲིས་པ་དང་བང་ཀན་ལ་སོགས་པ་རྣམས་སེལ་བར་བྱེད་ལ། མོའི་དྲིད་སྐྱེད་པར་བྱེད་དོ།། དོང་གཱ་ལ་སོགས་པའི་སྡེ་ཚན་འདི་ནི། སྨོན་ཕྲ
་བལ་སོགས་པ་ནས་གཅིན་ནད་སྒྲ་རིང་པ་བ་ར་དུ་སྦྱོང་ཞིང་སེལ་བར་བྱེད་དོ།། དོང་ཁ་དྲང་ནི་དུག་མོ་ཉུང་།། ཀ་ཀཱ་ཏཱིགྷྣ་པ་ཏཱ་ལཾ།། ནཾ་པ་སླེ་ཏྲེས་དུརྦ་དང་།། མུ་ཪྴ་པེ་ཏཾ་ཀ་ཏ་དང་།། བཽ་ཐ་གཅིག་བསྒྲིབས་ཤེཪྻ་ཀ། ཀཱི་རནྡྷ་གཉིས་པ་ཏོ་ལྀ།། ལོ
་མ་བདུན་པ་ཀྲུ་ཏྲུག་ཏྲེས།། སུ་ཤཾ་བི་དང་པོ་སོན་ཆ། ས་ཧ་ཙ་ར་ཞེས་བྱོ་དང་། རྒྱ་ཤུག་གི་ནི་འབྲས་བུ་རྣམས།། དེ་ནི་སློན་བྲི་མཛེ་ནད་དང་།། དུག་དང་རིམས་དང་བད་ཀན་དང་།། གཡན་པ་དང་ནི་གཅིན་སྙི་དང་།། རྨ་རེད་པ་རྣམས་སྦྱོང་བར་བྱེད།།
་ཅེས་བྱ་བ་ལ། དོང་ག་ལ་སོགས་པའི་སྡེ་ཚན་འདི་ནི་སློན་བྲོ་བ་ལ་སོགས་པ་ནས། གཅིན་དང་རྨ་རེད་བའི་བར་དུ་སྦྱོང་ཞིང་སེལ་བར་བྱེད་དོ།། དེང་ག་ནི་ཤ་མྱ་ཀའོ།། ཀ་ཀ་ཏིཀྟ་ནི་ཤ་རེ་གཥྚའོ།། ཕཊ་ལི་ནི་ཀྲྀཥྚ་བྲྀ་ཏའོ།། མུཪྻཱ་ནི་མ་དུས
་རའོ། བེ་ཏདྦཱ་ཏ་ནི་སྲུང་བ་བི་ཤི་སྟེ། ཤིང་ལོ་མ་ཅན་ཞིག་གོ། ཙི་ཀྲིགས་ནི་ཀཱི་ར་ཏིཀྟ་སྟེ། བུནི་པའོ།། ཤེཪྻ་ཀ་ནི་ས་ཧ་ཙ་རའོ།། ཀ་རཉྫ་གཉིས་ལས་གཅིག་ནི་པུ་ཏི་ན་ཀ་རཉྫ་སྟེ། མིང་གི་རྣམ་གྲངས་གཞན་ཡང་ཙི་རི་བིལྐ་ཞེས་བྱ་བའོ།། ཀ་རཉྫ
་གཉིས་པ་ནི་མིང་གི་རྣམ་གྲངས་སུ་ནཀྟ་མ་ལ་ཞེས་བྱའོ།། ལོ་མ་བདུན་པ་ནི་སཔྟཾ་པནྡྷའོ།། ཀྲུ་ཏྲུག་ཏྲེས་ནི་ཙི་ཏ་ཀྲའོ།། སུ་ཤ་བི་ནི་ཏ་ཡ་བཱ་ལཱི་ཞེས་བྱའོ།། པོ་སོན་ཆ་ནི་མ་དང་ན་ལ་ལའོ།། ས་ཧ་ཙ་རི་ནི་ནཱི་ལ་པུཥྤ་སྟེ། མེ་ཏོག་སྔོན་པོ་ཅན
་ཞིག་གོ།། རྒྱུ་ཤུག་པའི་འབྲས་བུ་ན་གུནྟ་ཞེས་བྱའོ།། ཨ་ས་ན་དང་ཏི་ནི་ཤཱ། སྟག་བི་ཤེ་ཏ་ཧཱ་དང་།། ཀ་ར་ང་དང་སེང་ལྡེང་དང་།། བཎྜ་དང་ནི་ཤཾ་ཤ་བཽ།། ཨཱ་ཛ་སྲིད་ག་ཙུནྡ་དན་གསུམ།། དཱ་ལ་ཨ་དཀར་པ་ལཱ་ཤ། སཱ་ལ་ཁ་ར་བ་ཏྲ་དང་།། ད་བ
་ག་ལིངྒ་སྥུ་ཏོགཻ། ཚ་བ་ཀརྞ་བནྣ་ཀ། ཐ་རམ་སཽ་ཞེས་ནི་བྱ་བ་ཏེ། ཨ་ས་ན་སོགས་དེ་རྣམས་ཀྱིས།། ཤྲ་བཀྲ་མཛེ་བཱ་ད་ཀེན་དང་།། སྲིན་ནང་སྐྱ་ཙཱབ་གཅིན་སྟི་དང་། འཚོ་ཆེས་ནད་ནི་སེལ་བར་བྱེད།། ཅེས་བྱ་བ་ལ། ཨ་ས་ན་ལ་སོགས
་པའི་སྡེ་ཚན་འདི་ནི་ཤ་བཀྲེ་ལ་སྲོགས་པ་ནས་ཚིལ་ཚོས་པའི་བར་གྱི་ནད་སེལ་རྙིང་འཇོམས་པར་བྱེད་པ་ཡིན་ནོ།། དེ་ལ་ཨ་ས་ན་ནི[:]པི་ཏ་པ་ལའོ།། ཏི་ནི་ཤ་ནི་ཤིང་སྤནྡུ་ནའོ།། ཤེ་ཏཱ་བཽ་ཧ་ནི་ཨརྫུ་ནརྀའོ།། ཀ་དར་ནི་སེང་ལྡེང་དང་འདྲ
་བ་ལ་ཁུ་བ་སྔོན་པོ་ཅན་ནོ།། བིནྡ་ནི་ཤི་རི་ཤའོ།། ཤི་ཤ་པ་ནི་ཀྲྀཥྚ་ས་རའོ།། ཨ་ཛ་སྲྀ་གི་ནི་མེ་ཤ་སྲྀ་གི་སྟེ། ར་ཐུག་གི་རཱ་འདྲ་བའོ།། ཙན་དན་གསུམ་ནི་དཀར་པོ་དང་དམར་པོ་དང་སེར་པོའོ།། ཏ་ལ་ནི་ཤིང་གི་ཁྱད་པར་ཏི་དྷཱ་ཛ་ཞེས་བྱ
་བའོ།། ཨཱ་ཀརུ་ནི་ཛྙོ་དྷཱ་ཀྲའོ།། པཱ་ལཱ་ཤ་ནི་ཀི་ཤུ་ཀའོ།། སཱ་ལ་ནི་ཤཱིང་མཐོན་པོ་ཞིག་གོ།། ཁཱ་ར་བ་དྲ་ནཱི་ཤཱ་ཀ་ཞེས་བྱ་བའི་ཤིང་གི་ཁྱད་པར་ཞིག་གོ། བྷ་བ་ན་བྲྀ་ཧཱ་རྟ་རུ་ཞེས་བྱ་བའི་ཤིང་ཆེན་པོ་ཞིག་གོ། ཀ་ལངྒ
་ནི་ཨིནྡྲ་ཡ་བའོ།། སྠ་ཏོག་ནི་བུ་ཀཱའོ།། ཚ་ག་ཀརྞ་ནཻ་རི་སྐྱེས་ཀྱི་རྣ་བ་འདྲ་བ་ཞིག་གོ། ཐ་རམས་ནི་ལ་ཤྭ་ཀརྞའོ་ཀ་རཉྫ་ནི་པྲ་གི་ཎྱའོ།། བ་ར་ན[:]ཤཻརྱ་ཀཱ་གཉིས། ཉེ་ཤིང་ཙི་དྲ་མ་ར་ཊ། བལླི་ཨ་ཛ་སྲྀ[:]གི་དང་། བྲྀ་ཧ་ཏཱི་ནི་རྣམ་གཉིས་དང་།
་ཀ་རནྡྲ་གཉིས་ཛ་ཡ་གཉིས། ཤིག་ཀྲུ་ཀུ་ཤ་དུ་རྟའོ།། བ་ར་ན་སོགས་བད་ཀན་ཚིལ།། མོ་དྲོད་ཆུང་དང་རླུང་ནད་འཁྱིམས།། ཀླད་པ་ན་བའི་ནང་སེལ་ཅིང་།། སྐྲན་དང་ཁོང་འབྲས་འཇོམས་པ་ཡིན།། ཞེས་བྱ་བ་ལཱ་བཱར་ནུ་ལ་སོགས་པའི་སྡེ་ཚན
་འདི་ནི། བདཱ་ཀན་ལ་སོགས་པའི་ནས་ཁོང་ས་ཀྱི་བར་དུ་འཇོམས་ཤིང་སེལ་བར་བྱེད་པ་ཡིན་ནོ།། རླུང་ནད་འཁྱིམས་པ་ནི་ཚིལ་གྱིས་གཡོགས་པའི་རླུང་ངོ་།། བ་ར་ན་ནི་ཤིང་ཏ་མ་ལའོ།། ཤཪྵ་ཀ་གཽཉིས་ནཱི་སེར་པོ་དང་དམར་པོའི་མ་དོག
་གིས་ཕྱི་བའི་ས་ཧ་ཙ་ར་གཉིས་སོ།། མོ་ར་ཌཱ་ནི་ཀླི་རཱ་མོ་ར་དཱའོ།། བལྤི་ནི་ཤྲི་བ་ལཱའོ།། བྲྀ་ཧ་ཏཱི་རྣམ་གཉིས་ནི་བྲྀ་ཧ་ཏཱི་དང་ཀཎྜ་ཀརཱིའོ།། ཀརཱནྡྷ་གཱཉྫིས་ནི་སུ་ཏི་ཀ་རཉྫ་དང་། ནཀྟ་མ་ལའོ།། ཛ་ལ་གཉིས་ནི་ཨགྣི། མནྟ་གཉིས་སོ།།
་ཤི་ཀུ་ནི་སོ་སོ་བྷཉྫ་ནའོ།། ཀུ་ཤ་ནི་དེ་རྦའོ།། རུ་རྟ་ནི་རུ་ཛ་ཀཻ་རའོ།། རུ་ཤ་ཀ་ཤིང་ཀུན་སྤངས་མེ།། རྒྱམ་ཚ་བྲག་ཞུནི་ནག་ཚུར་གཉིས།། གཅིན་སྲི་རྡེའུས་འགགས་པ་དང་།། སྐྲན་དང་ཚིལ་ཆོས་བད་ཀན་སེ་ལི།། ཞེས་བྱ་བ་ལ་རུ་ཤ
་ཀ་ལེ་སོགས་པའི་སྡེ་ཚན་འདི་ནི། གཅིན་སྲི་བ་དང་རྡེའུས་འགགས་པ་ལ་སོགས་སེལ་བར་བྱེད་པ་ཡིན་ནོ།། རུ་ཤ་ཀ་ནི་བྲི་ཤ་ཀའོ།། སྤངས་ཪྻ་ནཱི་རྣམ་གཉིས་ཏེ། ཀཪ+W་དཱཾ་དང་། རྨ་བྱའི་མགྲིན་པ་འདྲ་བ། མ་ཡཱུ་ར་གྲཱི་བ་ཞེས་བྱ་བའོ།། རྒྱམ་ཚ་ནི
་ཚ་མཆོག་གོ། བྲག་ཞུན་ནོ་ཤི་ལ་ཛ་ཏུའོ།། ནག་ཚུར་གཉིས་ལས་གཅིག་ནི། བཾ་སུཀྐི་བ་ས་ཞེས་བྱ་བ་ས་རུལ་འདྲ་བའོ།། གཉིས་པ་ནི་པུཥྤ་ཀ་སི་པ་ཞེས་བྱ་བའོ།། པཾ་ལནྨ་ར་ཨཱ་རོ་ནི།། སྠ་ཏོག་བྲི་ཤ་སྲུ་སྲུའི་རྩེ།། ཨི་ཀ་ཏ་དང་ཟེ་མ་དང་།། ས་ཧ
་ཙ་ར་བཱ་ན་དང་། ཀཱ་ཤ་བྲཱྀཀྵ་ད་ནི་དང་། འདམ་བུ་ཀུ་ཤ་རྣམས་གཉིས་དང་། ཀུནྡྷ་དང་ནི་ཁ་སྲལ་དྲྀང་། བལྒུ་ཀཱ་དང་མོ་ར་ཏ།། ཀུ་རུ་དྲ་དང་ཀ་ཏམྨ།། ལྕམ་པཽ་ཞེས་བྱའི་སྨན་སྡེ་འདི།། བེ་ལནྟ་རཱ་ལ་སོགས་པ།། རླུང་ལས་གྱུར་པའི་ན་འཇོམས་ཤིང་།།
་རྡེའུ་རྔེའུ་ཕྲེའུ་ཡོད།། གཅིན་སྲི་བ་ཡི་ནད་རྣམས་སེལ།། ཞེས་བྱ་བ་ལ་བེ་ལོནྡྷ་ར་ལ་སོགས་པའི་སྡེ་ཚན་འདི་ནི་རླུང་ལས་གྱུར་ཅིང་རླུང་ལས་སྐྱེས་པའི་ནད་རྣམས་འཇོམས་པ་དང་། ཆུ་སོའི་རྡེའུ་ལ་སོགས་པ་སེལ་ཅིང་འཇོམས་སོ།། དེ་ལ
་རྡེའུའི་ཕྲེའུ་ནི་རླུང་གིས་ཁྲག་སྐེམས་ལས་དུམ་བུར་བྱས་པ་ལ་རྡེའུའི་ཕྲེའུ་ཞེས་བྱའོ།། གཅིན་སྲི་བ་ནི་གཅིན་ནད་ཀྱི་ནང་གཞི་ལས་བཤང་པའོ།། བེ་ལནྨ་ཏ་ར་ནི་བི་ར་ཏ་རའོ།། ཨ་ར་ནི་ནི་ཨགྣི་མནྠའོ།། སྨ་ཏོག་ནི་ཨི་ཤྭ་རཱ་མལླི་ཀ་འམ།
་བུ་ཀ་ཞེས་བྱ་བ་མེ་ཏོག་སྦོམ་པོ་ཅན་ནོ།། བྲྀ་ཤ་ནི་བཱ་ཤི་ཀའོ།། སྲུ་སྲུའི་རྩ་བ་ནི་ཨསྨ་བེ་དའོ།། ཨི་ཀ་ཊ་ནི་སུ་གྲ་པ་དྲའོ།། ས་ཧ་ཙ་ར་ནི་ས་ཧ་ཙ་ར་སེར་པོའོ།། བཱ་ན་ནི་ས་ཧ་ཙ་ར་ཙ་རཾ་གཉིས་པ་སྟེ་དམར་བོའོ།། ཀཱ་ཤྭ་ནི་ཤེ་ཏ་ཙ་མར
་སཏྐཱཀྐུ་དྷཱ་བ་སྨྲ་མང་བའི་འདུག་ལན་ན་གསས།། ཟླན་དུན་ནྜ་ཀཱནས་ན་ལ་ས་སྤྱ་རྒྱུ་གན་སྨྲསྨྲ་བ།། མྦྷ་དྷཱ་རླུ་ཧཱ།། ནྡྷམྦྷ་ལྡན།
་མ་མ་པོ་དང་ཕྲ་མོའི་དབྱེ་བྱས་ཕྱེ་བའོ།། སྨནྡ་ནི་རྩབ་བཅའ་སྒྲ་འདྲུ་བ་ཡོང་བའོ།། ཁ་སྲེ་ལི་ནི་གྲཱནྡྷེ་སྟྲཻ་ཀ་བཀོ་ཆུའོ།། བྷ་ལུ་ཀ་ནི་བོན་ཀར།། མོརནི་མུ་དྲཱ་ཛྙ།། ཀཱ་རཱུ་དྲྀཛྫི་ཤི་ཧཱུ~ཾ་བ་ར་ཀའོ།། ཀ་ཏཱ་སྠཱ་ནཾ་ཨམྦྷ་མནྟྲའི་མཆོག
་ལྕམ་པ་ནི་པནྡའོ།། སེང་བྲོམ་ཤཽ་པཱ་ར་ར་དྲོ།། པཱ་ལ་ཤ་དང་ཛྙཱརྟྟི་ནི། ཐང་ཤིང་ཀང་པ་ལ་རསྟྭཾ། ཀེ་དསྠཱ་དང་ཚྭ་ཤཱིང་དང་།། ཨེ་ལ་བ་སུ་ཨ་ཤོ་ཀ། པ་རི་སེ་ལ་མི་ཙེ་ཀཾ། འདི་ནི་སྲིང་ཕྲོམ་སོགས་ཞེས་བྱ། རྨིལ་ཆེས་བྲྀང་ཀིན་སེལ་བའི
་ཏྲཾ། མཱུངྒེ་ནང་འརྣམས་ཤིང་ལ་གྱུབ་བཅད།། མངག་པའི་ད་ན་དུ་སེལ་བྱེང་ས་མུ།། ས་པོ་ལ་སར་སྡེ་ཆེན་འདུན་ལ་ས་དང་། ཀུན་ཎྜིན་དུ་སེལ་བ་དང་། ན་འརློམ་གླེང་དྷཱ་ཁྲུ
་བཙོད་པའི་ངང་ཚུལ་ཅན་དང་། མདོག་བཟང་ཞིང་བཟང་བར་བྱེད་པ་དང་། དེ་བཞིན་དུ་དུག་སེལ་བར་བྱེད་པ་ཡིན་ནོ།། དེ་ལ་སེང་ཕྲོ་མ་ཞེས་བྱ་བ་རོ་རྡ་ལ་རྣམ་པ་གཉིས་ཡོད་དེ། གཅིག་ནི་བཊྭཱ~ཾ་ཀཱ་རོ་དྲའོ།། གཉིས་པ་ནི་ཤ་བ
་གིན་ནི་ན་སུས་པ་ནི
་ཨེ་བ་བཱ་ལུ་ཀ་ནི་ཧ་རི་བྱཱ་ལུ་ཀ་སྣེ་མིང་གཞན་མང་ཨེ་ལེ་ཡའོ།། ཨ་ཤྲོ་ཀ་ནི་ཤྲིང་མྱ་ངན་མེད་དོ།། པ་རི་ས་ལ་ནི་ཀུ་ཌནྡུ་ཊའོ།། མོ་ཙ་ནི་ས་ལའི་ཀའོ།། ཨརྒ་དང་ནི་ཨ་ལརྐ། ནཱ་ག་དཱནྟི་བི་ཤ་ལྱ།། ག་པྲ་རསྟྲ་བྲི་ཤི་ཀཱ་ལ།། ཨ་བ་མརྒ་ཀ་རཉྫ
་ཀ་ཀཱ་ད་ནི་ཀ་རཉྫ།། གིརྞི་གར་གཉིས་ཨིངྒུ་དང་།། ཨརྐ་ལ་སོགས་སྡེ་ཚན་འདི།། བད་ཀན་ཚིལ་ཆེས་དུག་རྣམས་སཽ་ལི།། སྲིན་ནད་དང་ནི་མཛེ་ནད་སེལ།། ཁྱད་པར་དུ་ནི་རྨ་ལ་ཕན།། ཞེས་བྱ་བ་ལཽ་ཀརྐ་ལ་སོགས་པའི་སྡེ་ཚན་འདི་ནི་བད་ཀན
་དང་ཚིལ་ཆེས་པ་དང་། དུག་རྣམས་སེལ་བར་བྱེད་པ་དང་། དེ་བཞིན་དུ་སྲིན་བུ་དང་མཛེ་ནད་འཇོམས་པར་བྱེད་པ་དང་། ཁྱད་པར་རབ་མཆོག་ཏུ་རྨལ་ཕོན་ཞིང་སྦྱོང་བར་བྱེད་པ་ཡིན་ནོ།། ཨརྒྷ་ནི་རྟག་ཏུ་མྱེ་ཏོག་འབྱུང་བ་མིག་གཱི་རྣམ་གྲངས
་སུ་རུ་སེ་ཀ་ཞེས་བྱ་བའོ།། ཨ་ལརྐ་ནི་ཤྭེ་ཏཀྲྀ་སུ་མ་སྟེ། མེ་ཏོག་དཀར་པོ་ཡོད་པའོ།། ནཱ་ག་དནྟི་ནཱི་ཤ་རཱ་གནྡྷ་སྟེ། མེ་ཏོག་དཀར་པོ་དྲིལ་བུ་ལྟེ་བུ་ཡོད་པའོ།། བཽ་ཤ་ལྱཾ་ནོ་ལུམ?་ག་ལཱ་སྟེ་གཤོལ་ལྟ་བུའོ།། ག་བྲྀན་བརྒིའོ།། བྲྀ་ཤཱི་ཀ་ལིནྡཾ
་ཨཽཿ་དུ་མའོ།། མིང་གཞན་ནཱི་སྱཱཪྻཱ་དཥྚིཀྵཱི་ཙླིས་བྱའོ།། ཨ་པཱ་མཱརྒ་ནི་པྲཱ་ཏྱེཀྵུཏྶཱཝཱཾ། ཀཪྵཱསྠཱ་ནཱི་པྲ་ཀིཪྵ་ལཽ། ཀཀྵཱ་ད་ནཾ་ནེ་པི་ཏཱ་ཏྟི་ལ་ལཽ། ཀཱ་རཉྫ་པ་ནཾ་ཀ་རནྡྷ་དཀར་བྷོ་སྟེ། མཱིང་གི་རྣམ་གྲངས་གཞན་ཡང་ནེཀྟ་མ་ལ་ཞེས་བྱའོ།། གི
་གཏམ་ལས་གཅིག་ནི་ག་ནི་ནི་ཛོ་ཎྜི་ཞེས་བྱ་བའོ།། གཉིས་མི་ནི་ག་ཐ་ཞེས་རྒྱ་བ་ཆེག་རྀཀཎིཀ་དཀར་པོ་ཆེ་བའོ།། སྲུབ་ཛིབ་ནི་གནན་ཛི་ན་ནི་ནེ+ེ་རི་ཀཎྜི་ཀ་། བློབ་བན་གནན་དོག་ནི་གཽར
་ཀརྟྟི་གཉིས་པ་ཀུ་མ་རི་ཞེས་བྱ་བ་ཡིན་ནོ།། ཞེས་ཟེར་རོ།། ཨ~ཾ་གུ་ཏ་ནཾ་དཀའ་ཐུབ་པའི་ཤིང་ངོ་།། བྱེའུ་རུག་ནཱམ་གཉིས་ཀུ་ཐེ་ར།། ཀ་ལ་མཱ་ལ་བི་ཊྭཱཾ་ག། ཁ་ར་བ་དྲ་ཀངྒ་ལ། བྲི་ཥཱ་ཀརྞྞ་ཀ་ཤུརྟྟི། སྐེ་ཚེ་ཀ་བི་དྷཱའིརི་ལོ་མ།
་ག་བྲ་མོན་སྣེའུ་ཀ་མུ་ཀ། རྐང་དམར་བི་ཤ་ལུ་ཥྞཱི་དང་།། བྷུ་སྲྀ་ན་དང་འབབ་མ་པོའོ།། བྱིའུ་རུག་པ་ལ་སོགས་པའི་སྡེ།། བད་ཀན་ཚིལ་ཆེས་སྲིན་ནང་སེལ།། ཆ་མ་པ་ཡི་ག་མཆུས་ལུང་པ།། དབུགས་མི་བདེ་འཇོམས་རྨ་རིང་སྦྱོང་།། ཞེས་བྱ
་བ་ལ་བྱེའུ་རུག་ལ་སོགས་པའི་སྡེ་ཚུན་འདི་ནི་བད་ཀནྡ་དང་ཚིལ་ཆེས་པ་དང་སྲིན་ན་སེལ་ཅིང་འཇོམས་པར་བྱེད་པ་དང་། དེ་བཞིན་དུ་ཆམ་པ་ལ་སོགས་པ་འཇོམས་པ་དང་། རྨ་རེང་བ་སྦྱོང་ཞིང་དག་པར་བྱེད་པ་ཡིན་ནོ།། བྱེ་འུ་རུག་པ་རློམ
་པ་གཉིས་པོ་ནི་སེར་པོ་དང་ནག་པོའི་དབྱེ་བས་ཕྱེ་བའོ།། ཀུ་ཐེ་ར་ནཱཾ་པ་ན་ཛའོ།། ཀཱ་ལ་མ་ལ་ནི་ཀུ་ཐེ་ར་ནག་པོའོ།། བི་ཌྷཾ་ག་ནཱི་འབུ་འཇོམས་པར་བྱེད་པའོ།། ཁ་ར་པ་དྲ་ནི་ཁ་ར་སུ་རའོ།། བྷི་ཥཱ་ཀརྟྟི་ནི་མུ་བ་ཀརྞི་སྟེ་བྱི་བའི་རྣ་བ་འདྲ་བའོ།།
་ཀ་ཤུནྟི་ཀཱ་བ་མཛྲ་སྟེ། མིང་གི་རྣམ་གླེངས་རཱ་ཛཾཀྵཱ་བ་ཞེས་བྱཱ་བ་མེ་ཏོག་སེར་པོ་ཡོད་པ་ཞིག་གོ། ཀ་འདཱི་ཐཱ་ལོ་མུ་ནཱི་ཛཾ་རི་པྲའོ།། མོན་སྣེཊ་ད་མོ་རུ་ནི་ཀ་ཀཱ་མུ་ཙེའོ།། ཀ་མུ་ཀ་ནི་ན་ཐི་ཀནྣ་སྟེ། མིང་གི་རྣམ་གྲངས་པར་གཞན་ཨ
་མུཀྟ་ཀེ་ཞེས་བྱའོ།། རྐང་དམར་ནི་ཨ་ལི་བུ་བའི་ཁི་ན་མུཙྪིན་ཀི་ཤ་མུཥྚིའོ།། བྷུ་བྲིན་ནི་གུ་ཧྱ་བི་ཙ་ཀ་སྟེ་ས་བོན་མི་མངོན་པའོ།། འབམ་པོ་ནི་འབུ་ཏ་ཀ་ཤིའོ།། ལུསྐ་ཀ་དང་སཱུ་ཧ་དང་།། འབྲས་བུ་གསུམ་དང་ཙི་ཏྲ་ཀ། པ་ལ་ཤ་དང་དྷཱ
་བ་དང་། ཤི་ཤ་པ་ཞེས་བྱ་བ་རྣམས།། སྐྲན་དང་གཅིན་ནད་རྡེའུ་ཆགས།། སྐྱ་རྦབ་དང་ནི་ཚིལ་ཆེས་ནད།། བད་ཀན་རྒྱབ་དང་ཁུ་བ་ཡིད།། ནད་རྣམས་སེལ་བར་བྱེད་ཡིན།། ཞེས་བྱ་བ་ལ་མུ་སྐ་ཀ་ལ་སོགས་པའི་སྡེ་ཚན་འདི་ནི་སྨན
་ལ་སོགས་པ་ནས་ཁུ་བོའི་ནད་ཀྱི་བར་དུ་སེལ་ཅིང་འཇོམས་པར་བྱེད་པ་ཡིན་ནོ།། དེ་ལ་མུ་སྐ་ཀཱ་ནི་ཤིང་མོ་སྐ་ཀ་ཞེས་བྱའོ།། སྣ་ཧ་ནི་སུ་ད་སྟེ་ཤྲི་ཁཎྜའི་ཤིང་ངོ་།། པ་ལ་ཤཽ་ནི་བྲ་མརྟ་རུའོ།། དྷཱ་བ་ནི་ཤི་པྲ་བ་ཞིག་གོ།། ཤི་ཤཾ་པ
་ནི་མིང་གི་རྣམ་པ་མནྟ་ལོ་པི་ཏྲ་ཞེས་བྱ་བ་ལོ་མཱ་ཟླུ་པ་ཞིག་གོ།། དུགོ་མོ་ཉུང་དང་མུརྦ་དང་།། བཪྻཱ་དང་ནི་པུ་ཙེ་ཤེལ། ན་ལེ་ཤ་མཽ་དང་བོང་ང་དཀར།། ཆུ་སྒོག་སུག་སྦྲེལ་པ་ཐ་དང་།། ཡུངས་ཀར་ཟི་ར་ཨ་ར་ལུང་།། ཨ་པ་མོ་ད་པོ་སོན་ཆ།།
་ཤུ་དག་ཟི་ར་ནག་ཉཾ་བོ་དང་།། ཤིང་ཀུན་དང་ནི་བྲྀ་ཊྭཱཾ་ག། པ་ཤུ་གནྡྷ་ཚ་བ་ལྔ།། རླུང་དང་བད་ཀན་ཚིལ་ཆོས་དང་།། ཆམ་པ་སྐྲན་དང་རིམས་དང་གཟེར།། གཞུང་འབྲུམ་གྱི་ནི་ནད་རྣམས་སེལ།། ཞེས་བྱ་བ་ལ་དུག་མོ་ཉུང་ལ་སོགས་པའི
་སྡེ་ཚན་དུ་གཏོགས་པ་འདི་ནི་རླུང་ནད་དང་པདྨ་ཀན་ལ་སོགས་པ་ནས། གཞུང་འབྲུམ་གྱི་ནད་འཇོམས་ཤིང་སེལ་བར་བྱེད་པ་ཡིན་ནོ།། དུག་མོ་ཉུང་ནི་མིང་གི་རྣམ་གྲངས་པཏྶ་ཀ་ཞེས་བྱ་བའོ།། ཆུ་སྒོག་ནི་ག་ང་དི་རའོ།། ཨ་རུ་ཀ་ལ་ཀ
་ནཻནི་ཀ་ཏྲང་ཀ་སྟེ་མ་ཧ་རྣམ་པའོ།། ཤུ་དག་ནི་ཚོགས་དྲུག་གོ།། བ་ཤུ་གནྡྷ་ནི་པྲ་ཏི་མ་ཡུ་རའོ།། ཚ་བ་ལྔ་ནི་བི་པི་ལིང་དང་པི་པི་ལིང་གི་རྩ་བ་དང་། དབྱེ་མོང་དང་། ཙི་ཏྲ་ཀ་དང་། བཅའ་སའོ།། ཤུ་དག་གླ་སྒང་ཐང་ཤིང་དང་། དོང་གྲ་བོང
་ང་ཨཱ་རུ་ར།། སེར་པོ་གཉི་སུ་དང་ཤིང་མངར་དང་།། བྲིསྟྲ་བཎྜི་དྲུག་སུ་ཉུང་།། ཤུ་དག་ལུང་བ་ལ་སོགས་ཏེ།། བེའུ་སྦུབས་ཆད་པས་ལ་ཁུ་སྦྱིན་གཅོད།། ཚིལ་ཆེས་བད་ཀནྡ་རྒྷས་རླུང་འཁྱིལ།། ནུ་མའི་ནང་རྣམས་སེལ་བར་བྱེད།།
་ཅེས་བྱ་བ་ལ། ཤུ་དག་ལ་སོགས་པ་སྡེ་ཚན་འདི་ནི། བེའུ་སྣབས་དང་། ཆུང་པས་འཁྲུ་བ་སྨིན་པར་བྱེད་པ་དང་། ཚིལ་ཆེས་པ་དང་། བད་ཀན་རྒྱས་པ་ལ་སོགས་པ་སེལ་བར་བྱེད་དོ།། སྨན་རྣམས་ནི་གོ་བར་ཟད་དོ།། པྲི་ཡ་ཀུ་དང་ར
་གན་དྲོད།། ལིག་བུ་མིག་དང་སྟང་ཟིལ་དང་།། ལྡུམ་རྩེ་པདྨ་གེ་སེར་དང་།། བཙོང་དང་ཡ་བ་ཤ་ཀ་དང་། ཤཽལླ་ལི་ད་དེའི་ཁུ་བ། ས་ལངྒ་དང་ལུ་ན་མ།། ཙན་དན་ད་ཏ་ཀིའི་མེ་ཏོག། ཨམྦ་ཤྣཱ་དང་ཤཱིང་མངར་དང་།། ན་མསྐཱ་ར་ཏུ་ནི་ཤིང་རྒྱ་སྐྱེགས
་ཤཱིང་དང་ཁ་ཙུ་ར།། གོས་ཁྲོལ་བིལ་རྐང་ར་ཏི་ཀི། པདྨའི་གེ་སར་ཀ་ཏྲད་ག། པྲི་ཡཾ་ཨ་མཥྚ་སྟེ་གཉིས།། ཞུ་བའི་ཆད་པར་འཁྲུ་བ་སེལ།། འབྱོར་བྱེད་མཁྲིས་པ་དག་ལ་ཕན།། རྨ་ཡང་འཚོ་བར་བྱེད་པ་ཡིན།། ཞེས་བྱ་བ་ལ། པྲི་ཡཾ་ཀུ་དང་ཨོཾ་བཛྫིའི་སྡེ་ཚམ
་འདི་གཉིས་ནི། ཞུ་བའི་ཚད་པར་འཁྲུ་བ་སོལ་བ་སྟེ། མ་ཞུ་བའི་བེ་སྣབས་མེད་པའི་འཁྲུ་བ་འཇོམས་པར་བྱེད་པ་དང་། དེ་བཞིན་དུ་འབྱོར་པར་བྱེད་པ་སྟེ། རྣ་འབྱོར་པ་ཚད་པས་འཁྲུ་བ་གཅོད་པ་དང་། མཁྲིས་པ་ལ་ཕན་ཞིང་བདེ་བར་བྱེད་པ་དང་།
་དེ་བཞིན་དུ་རྨ་ལང་འཚོ་བ་ཅིང་འབྱང་བ་ལ་ཕན་པར་བྱེད་པ་ཡིན་ནོ།། དེ་ལ་པྲི་ལེ་ཀུ་ནི་གིརྠི་པྲཾ་ཡ་ག་སྟེ། ངོ་ངོ་མེ་ཏོག་ལྡེམ་རྩེ་ནི་པནྡྷ་རོའོ།། བོངྒ་གེ་སཾར་ནི་སོང་མ་ཀཎྜི་སྐེ་ཀའོ།། བ་ཅོད་ནི་མེ་ཛིརྗེའོ།། མ་བ་ཤ་ཀ་ནི་ཨ་ནནྟ་མ~ཾ།། ཀྵོ་མེ་ནི་རྨ
་དྲུ་མའོ།། དེའི་ཁུ་བ་ནི་ཤལླཱ་ལིའི་ཁུ་བ་སྟེ། དེ་ལ་མོ་ཙ་ར་ས་ཞེས་ཀྱང་བྱའོ།། ས་མཾ་ག་ནི་ན་མ་སྐ་ར་ར་དང་། རཀྟ་ཏ་མུ་ལ་ཞེས་བྱ་བ་རྩ་བ་དང་ར་བའོ།། སུནྡ་མ་ནིང་རགྣ་གེ་སར་རོ།། ཏ་ཏ་ཀི་ནི་མ་ང་ཧེ་ཏུ་སྟེ་ཆང་རྩིའོ།། ཨཾ་བཥྚ་ནི་བ་ཧུ་ལུ་ལི་ཀ་སྟེ་རྩ་བ་མང་བའོ།། ན་མསྐ
་རི་ནི་ས་མ་གའོ།། ཏུ་ནི་ཤིང་གི་ནནྟི་བྲྀཀྵརཾ། ཀཙྪུ་ར་ནི་པ་ནི་ཧ་རི་ཞེས་བྱ་བ་འདབ་མ་པྲ་བ་ཞིག་གོ། ཀ་ཏཱཾ་ག་ནི་ཨ་རུ་ལ་ཀོའོ།། གླུ་སྐྲི་ཤུ་དག་ཀྲུ་ཏྲུག་དྲེས། སེ་ར་བོ་གཉིས་དང་ཁ་བ་གཉིས།། གོ་བྱེ་བ་ཐ་འབྲས་བུ་གསུམ།། བོང་དེ་དཀར་ནག་རུ་རྟ་དང
་སུག་སྦྲེལ་དང་ནི་ཤུ་དག་རྣམས།། ནུ་ཞོ་མངལ་ནད་དྲི་མ་སེལ།། ཞེས་བྱ་བ་ལ། བླ་སྒང་ལ་སོགས་པའི་སྡེ་ཚན་དུ་བྱས་པ་ནི་ནུ་ཞོའི་ནང་དེ་བུད་མེད་ཀྱི་ནུ་ཞོའི་སྐྱོན་དང་། དེ་བཞིན་དུ་མངལ་གྱི་ནད་རྣམས་དང་དྲི་མ་སྟེ་ཕྱེན་དང་། བཤང་གཅི་ལ་སོགས
་པའི་ནད་སྨིན་ཅིང་སེལ་བར་བྱེད་པ་ཡིན་ནོ།། ཁ་བ་གཉིས་ལས། གཅིག་ནི་པུ་ཙེ་ཤེལ་ལོ།། གཉིས་པ་ན་ཀེ་ཀ་ཏིཀྵཱའོ།། གཞན་ནི་གོ་བར་ཟད་དོ།། ནྱ་གྲོ་དྷ་དང་ཨཽ་ཤྭཏྠ། ཨུ་དུམ་བ་ར་སེང་ཕྲོམ་གཉིས།། ཛམ་བུ་གཉིས་དང་ཨརྫྫ་ན། ཀ་པི་ཏ་ན་ཀཏྶ་ལ།
་པླ་ཀྵ་ཨ་མྲ་ལྕང་མ་དང་། ས~ཾ་ལ་ཤ་དང་པ་ལཱ་ཤ། ནནྣི་རྒྱུ་ཤུག་ཀཱ་དམ་པ།། བི་དང་ཤིང་མངར་མཎྜ་ཀ། ནྱ་གྲོ་དྷ་སོགས་སྡེ་ཚན་ནཱི།། རྨ་འཚོ་འཁྲུ་གཅོང་ཆག་གྲུགས་འབྱོར།། ཚིལ་ཆེས་ཁྲག་མཁྲིས་སྐོམ་དང་ཆེ།། མངལ་གྱི་ནང་རྣམས་སེལ་བ་ཡིན།།
་ཞེས་བྱ་བ་ལ། ནྱ་གྲོ་དྷ་ལ་སོགས་པའི་སྡེ་ཚན་འདི་ནི་རྨ་འཚོ་ཞིང་འབྱོར་པར་བྱེད་པ་དང་། འཁྲུ་བ་གཅོད་པ་དང་། རྐང་ལག་གི་ཆག་གྲུགས་འབྱོར་པར་བྱེད་པ་དང་། ཚིལ་ཆེས་པ་དང་། ཁྲག་མཁྲིས་ལ་སོགས་པའི་ནད་རྣམས་སེལ་བ་ཡིན།།
་ནྱ་གྲོ་དྷ་ནི་ཤི་བརྟའོ།། ཨ་ཤྭཏྠ་ནཱི་ཡི་པ་ལའོ།། ཨུ་དུམྦཱ་ར་ནི་ས་དང་པ་ལའོ།། འཛམ་བུ་གཉིས་ལ། གཅིག་ནི་ར་ཙ་ཛམ་བུ་སྟེ། འབྲས་བུ་ཆེ་བ་ཞིག་གོ། གཉིས་པ་ནི་ཀ་ཀཱ་ཛམ་བུ་སྟེ། འབྲས་བུ་ཆུང་བའོ།། ཨརྫུ་ན་ནི་ཀ་ཀུ་བའོ།། ཀ་པི་ན་ནི
་བ་ན་རའོ།། ཀཏྶཱ་ལ་ནི་སོ་མ་བལྐའོ།། པླཀྵ་ནི་གརྦ་ཁརྦྦེའོ།། ཨ་མཱ་ནི་ཙུ་ཏའོ།། ལྕང་མ་ནི་བཉྫ་ལའོ།། སི་ཡ་ལ་ནི་ཁ་ར་སྐནྡའོ།། ས་ལ་ཤ་ནི་སྐེམ་ཤུ་ཀའོ།། ཤིང་ནནྟི་ནི་ཏུ་ནི་ཤིང་ངོ་།། རྒྱ་ཤུག་ནི་བ་ད་རའོ།། པི་ར་ལ་ནཻ་ཏིན་དུ་ཁིའོ།། གཞན་དག་ན་རེ་དིར་དག
་ན་ཁི་ཡིན་ནོ་ཞེས་ཟེར་རོ།། མ་དུ་ཀ་ནི་མ་དུ་པུཥྤ་2།། ཨོ་ལ་གཉིས་དང་དུ་རུ་སྐ།། རུ་རྟ་གནྡྷ་པྲི་ཡཾ་ཀུ།། སྤང་སྤོས་པ་ལ་བྱ་མ་ཀ། སྠི་ཀ་ཙེ་ར་ཙོ་ཙ་དང་།། ཤིང་ཚ་གནྡྷ་པ་ཏྲ་དང་།། རྒྱ་སྤོས་པོ་ལ་སྒྲོ་ནི་ཡང་།། རྒྱ་མཚོའི་ལྦུ་བ་ཆུ་སྲིན་སེན།། ཐང་ཤིང་དང་ནི་ཨ
་ག་རུ། གུར་གུམ་སྲི་པ་ས་ག་དང་།། ཙན་དན་གུ་གུ་ལ་ཧེ་སོགས་དཀར།། སུ་ན་མ་དང་ཀུནྡྷ་རུ།། ན་ག་གེ་སར་ཞེས་བྱའོ།། མེ་ལ་སོགས་ཏེ་རླུང་བ་ད་ཀན།། དུག་རྣམས་སེལ་ཅིང་མདོག་གསལ་བྱེད།། གཡན་པ་ཐོར་བུ་འི་ནད་རྣམས་དང་།། ཤ་བཀྲ
་བས་ལྗགས་སེལ་བར་བྱེད།། ཅེས་བྱ་བ་ལ། ཨེ་ལ་ལ་སོགས་པའི་སྡེ་ཚན་འདི་ནི་རླུང་དང་བད་ཀན་དང་དུག་རྣམས་སེལ་བར་བྱེད་པ་དང་། དེ་བཞིན་དུ་མདོག་གསལ་ཞིང་དང་བར་བྱེད་པ་དང་། གཡན་པ་ལ་སོགས་པ་སེལ་བར་བྱེད་པ་ཡིན་ནོ།། ཨེ
་ལ་གཉིས་ནི་སུག་སྤེལ་ཞེས་བྱ་བ་ཨཽ་ལ་ཕྲ་མོ་དང་། ཨེ་ལ་སྦོམ་པོའོ།། ཏུ་རུཥྐ་ནི་བི་ལྟ་རས་པའོ།། གནྡྷ་པྲི་ཡཾ་ཀུ་ནི་ཕ་ལི་ནིའོ།། བ་ལ་ཀ་ནི་ཛ་ལའོ།། བྱཾ་མ་ཀ་ནི་ད་པ་དཀྟའོ།། སྤྲིང་ཀ་ནི་དེ་བི་ལ་ཏ་སྟེ་འབུ་སུག་ཧྲང་ངོ་།། ཙོ་ར་ཀ་ནི་ཀནྶ་ཝ་ན་སྟྭ
་རོང་ངོ་།། ཙ་ཙ་ནརྀ་ཏཱ་ཙའོ།། རྨྱ་སྤྲོས་ནི་ཏག་ཏུ་སྟེ། མིང་གི་རྣམ་གྲངས་ན་ཏ་ཞེས་བྱའོ།། བོ་ལ་ནི་ཛ་ཏི་ར་སའོ།། སྠོ་ནཱི་ཡ་ན་ཏྭེ་ལ་མ་ཏི་ཀའོ།། རྒྱ་མཚོའི་ལྦུ་བ་ནི་བྱི་ན་བྱེ་ག་ན་ཁ་སྟེ། ས་མུདྷྭ་ཛ་ཞེས་ཀྱང་བྱའོ།། ཤི་རི་བཱ་ས་ནི་ཤི་རི་བེ་ཏཱ་ཀ་སྟེ་ཐང་ཤིང
་རིང་པོའི་ཐང་ཆུའོ།། ཙན་དན་ནཻ་བི་ཤུ་ནཱའོ།། གུ་གུལ་ནི་མ་ཧི་ཤཀྐའོ།། པོག་དཀོར་པོ་ནཱི་སརྫ་ར་ས་སྟེ་ལྷའི་སྤོས་ཞེས་ཀྱང་བྱའོ།། སུ་ན་མ་ནཽ་རཀྟ། ཀེ་པ་རའོ།། ཀུནྡ་ཏུ་རུ་ནི་ཁ་སུ་རརོ།། ཤཱ་མ་དནྟི་དྲ་བནྟི་ཀུ་ཏ་ར་ན་ཀྲ་མུ་ཀ། ཤེ་ཁི་ནི་དང་ས་ཐ་ལ།
་ཁྲོན་བུ་དང་ནི་ཨཻ་བཱཀྵ། སུ་ད་ཁྱི་ར་ཀམྦི་ལྱ།། སླེ་ཏྲེས་དོང་ཀ་ཀ་རཉྫ།། བཤྩ་ཨནྡྲ་ཤཾ་ཀྲུ་དང་།། ཨ་མྲ་ཤི་བོར་ཚའི་འབྲོས་བུ།། དུར་བྱིང་ལ་སོགས་སྡེ་ཚན་འདི།། སྐྲན་དང་དུག་དང་ཡི་ག་མཆུས།། བང་ཀན་དང་ནི་སྙིང་ནད་དང་།། གཅི་ན་སྲི་བ
་ཡི་ནད་དེ་རྣམས་འཇོམས།། ཞེས་བྱ་བ་ལོ། ཤྲཱི་མ་ལ་སོགས་པའི་སྡེ་ཚན་འདི་ནཱི། སྨན་ལ་སོགས་པའི་ནད་རྣམས་འཇོམས་ཤིང་སེལ་བར་བྱེད་པ་ཡིན་ནོ།། དེ་ལ་ཤལྱ་ནི་དུར་བྱིད་ཀྱི་བྱེ་བྲག་སྟེ། བ་ལིནྡྲ་ཞེས་བྱའོ།། དནྟི་ནི་མུ་ལའོ།། དྲཝ་བནྡྷ
་ནི་མུ་ཤ་ཀརྟཱའོ།། ཀུ་ཏ་ར་ན་ནི་ཏི་བི་ཏི་སྟེ། དུརྦིད་ཅིག་ཤོས་སོ།། ཀྲ་མུ་ཀ་ནི་གླ་གོར་ཞོ་ཤའོ།། ཤདྠ་ནི་ཡ་བ་ཏིཀྟའོ།། སཱུ་ཏ་ལ་ནི་ཙརྨ་ས་དང་ཞེས་བྱའོ།། ཁྲོན་བུ་ནི་ཏིཀྟ་དུགྣི་ཀ་སྟེ། འོ་མ་ཁ་བྲྀ་བ་ཡོད་པའོ།། ག་བཀྵི་ནི་བཽ་ཤ་ལའོ།། སུ་དཀྵི་ར་ནི་སུ
་དའོ།། ཀཾ་པི་ལྱ་ནི་ར་ཛ་ནཱ་གའོ།། ཀ་རཉྫ་ནི་པུ་ཏི་ཀ་རཉྫའོ།། བ་ཤ་ཨནྟ་ནི་བི་ཤ་གནྡྷིའོ།། ཤི་ཀུ་ནི་བ་ཧ་ལའོ།། ཤི་རོ་ཚ་བ་ནི་པི་ལུ་སྟེ་དེའི་འབྲས་བུའོ།། དེ་ལྟར་སུམཽ་ཅུ་རྩ་གསུམ་བཤད།། སྡེ་ཚན་དེ་དག་མ་རྙེད་ན།། དེ་དང་ཆ་མཚུངས་གཞ
་ཡང་སྦྱར།། མི་འདྲའི་སྦྱོར་བ་སྤང་བར་བྱ།། དེ་ལྟར་ཞེས་བྱ་བའི་སྒྲ་ནི་རྫོགས་པའི་དོན་ནམ་རྣམ་པའི་དོན་ནོ།། དེ་ལ་རྫོགས་པ་ནི་སྡེ་ཚན་སུམ་ཅུ་རྩ་གསུམ་རྫོགས་པའོ།། རྣམ་པའི་དོན་ནི་རྣམ་པ་འདིས་སྡེ་ཚན་སུམ་ཅུ་རྩ་གསུམ
་ཡིན་གྱི། ཡང་རྣམ་པ་གཞན་དུ་ན་སྨན་གྱི་དབྱེ་བ་ལས་བལྟོས་ན། སྡེ་ཚན་མཐའ་ཡས་པ་ཡིན་ནོ།། དེ་དག་ལས་སྦྱོར་བ་དང་རྗེས་སུ་མཐུན་པ་གང་དེང་གང་ཡིན་པ་གཞན་དེ་དང་དེ་དག་མ་སྨོ་སུ་མི་ང་གཞུག་པ་ཕྱག་གཞན་སྤྱོ་བ་མ་ན་དོ་ནི་རྫ་མུ་ཡིན་པ་གདོནས་སྩལ
་དེ་བཞིན་རྗེ་ཚན་ཡང་གཞན་ག་དང་གཅིག་ཏུ་ཚུམ་མཐུན་པར་ཕན་དྲོན་འགྲེས་ལ་སྦྱར་བར་བྱ།། དེ་རྫུན་རྗེལྡན་མ་ཐའམས་པ་མིན། དེ་ལྟར་སྡེ་ཆེན་སུམ་དུ་ཅགསུམ་དུ་ནད་པོ་ལྡཅན་དེ་དགམས་པང་དེ་ཉིད་དེ་དང་དྲ་བ་གཞན་དག་རྙད་ད་སྦྱང་བར་བྱལ། དེས་རྙེད་ན་ངས་གཞན་དང། ། དེ་དང་འསུས་པསྒྱུར་བ་མུ་པ་དང་འདུ་ཅུ་བདེགས་ཉམ་པའི་སྨན་དགན་དག་སྦྱོར་ཤིང་བས་བར་བྱའོ།། ཅི་འདིར་བྱ་བ་བསྟན་པ
་ནི་འདི་ཙམ་ཁོ་ནར་ཟད་དམ། འོན་ཏེ་དེར་པ་པ་གཞན་འགའ་ཞིག་ཀྱང་ཡོད་ཅེ་ན། དེའི་ཕྱིར་སྨྲས་པ་ནི། མི་འདྲའི་སྦྱོར་བ་སྤང་བར་བྱ་བ་ཡིན་ཏེ། རྫས་གང་སྦྱོར་བ་དང་མི་མཐུན་ཞིང་ཆ་མ་འདྲ་བ་སྟེ། སྤངས་ཤིང་དོར་བར་བྱའོ།། སྡེ་ཚན་དེ་དག
་གནོད་དང་གནོད་བྱ་སོགས་བལྟོས་ཏེ། ཆོ་ག་བསྐོལ་དང་སྣུམ་དང་བསྡམས་པ་ལ་སོགས་ལྡན།། བཏུད་དང་སྣ་གཏོང་མས་གཏོང་ཡང་ན་ཕྱི་རོལ་ཏུ། བསྒོ་ཞིང་བྱུགས་པས་ཤིན་ཏུ་གསོ་དཀའི་ནད་ཀུན་འཇོམས།། ཞེས་བྱ་བ་ལ། དོན་གྱི་ཤུ
་ཀྱིས་ནད་ལ་སོགས་པ་ལ་བལྟོས་པ་སྟེ། སྦྱོར་བ་དང་རྗེས་སུ་མཐུན་ཞིང་ཆ་འདྲ་བ་ནི་གཞུག་པར་བྱའོ།། ཞེས་སྟོན་པ་ཡིན་ནོ།། དེ་བས་ན་ནད་ལ་སོགས་པ་ལ་བལྟོས་པས་སྡེ་ཚན་མ་ལུས་པ་གསོ་བར་རྟོག་པའི་ནད་རབ་ཏུ་ཞི་བར་བྱ་བའི
་ཕྱིར་སྨན་སྦྱིན་པར་བྱ་ལ། གལ་ཏེ་སྡེ་ཆེན་གྱི་རྒྱུན་མ་ལུས་པ་རྙེད་ན་ཀུན་སྦྱིན་པར་བྱའོ།། གལ་ཏེ་མ་རྙེད་ན་དེ་ལས་སྨན་གཅིག་གམ་གཉིས་སམ་གསུམ་མམ་བཞི་འམ་ལྔ་འམ་མང་པོ་འམ། ཇི་ཙམ་འབྱོར་པ་སྦྱིན་པར་བྱའི་འདིར་སྡེ་ཆེན་ལས་སྨོས
་པོའི་སྨན་མོ་ལུས་པོ་མེད་དུ་མི་རུང་བེ་ནཱི་མ་ཡིན་ནོ།། དེ་ཡང་སྨན་དཔྱད་ཀྱི་གཞུང་གཞན་ལས་ནད་ཀྱི་དབྱེ་བ་ལ་བལྟས་ཏེ། ཕན་པའི་སྡེ་ཚན་སྦྱར་བྱ་བ། རེ་རེ་འམ་བསྲེས་པ་མ་ལུས་པ།། སྡེ་ཚན་སོ་སོར་བསྡུ་བོར་བྱ་ཞེས་སྨོས་པ་ཡིན་ནོ།། །
་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པོ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱོར་བ་ལས་ལེའུ་བཅོ་ལྔ་པའི་རྣམ་པར་འགྲེལ་པའོ།། །། དེ་ནས་སྣུམ་གྱི་ཆོ་ག་དཔྱད་པར
་བྱ་བའི་ལེའུ་བཤད་པར་བྱའོ།། ཞེས་བྱ་བ་ལ། སྦྱང་བ་ལ་སོགས་པའི་སྨན་གྱི་སྡེ་ཚན་གྱི་རྗེས་ལ། སྣུམ་གྱི་ཆོ་ག་བྱ་བའི་ལེའུ་བརྩམས་པ་ནི་གང་གི་ཕྱིར་སྐྱུག་སྨན་ལ་སོགས་པར་སྦྱོར་བ་ན། སྣུམ་དང་དུགས་མ་བྱས་ན་སླར་གནོད
་བར་འགྱུར་བས། དེའི་འོག་ཏུ་འདི་བཤོད་པ་ཡིན།། དེ་ལ་སྣུམ་ནི་ཞུན་མ་རཱི་དང་། ཏིལ་མར་དང་། ཚིལ་དང་རྐང་ལ་སོགས་པའོ།། དེའི་ཆོ་ག་ནི་བྱ་བའི་ལས་ཆེ་ག་སྟེ། དེ་ལེའུ་གང་དུ་བཤད་པ་དེའི་སྨན་གྱི་ཆོ་ག་རུ་བ་བའི་ལེའུ་སྟེ། དེ
་ལ་བཤད་པར་བྱའོ་ཞེས་པའོ།། སྣུམ་བྱེད་སྨན་རྣམས་པ་ལ་ཆེར་ནི།། ལྕི་ཞིང་བསིལ་ལ་ཁོང་འཁྲུ་སྣུམ།། རྟུལ་དང་ཕྲ་ལ་མཉེན་ཞིང་རླན།། དེ་ལས་བཟློག་པ་རྩུབ་བྱེད་ཡིན།། ཞེས་བྱེ་བའི་ཕྱིར་བསྟན་པ་འདི་ནི་གཞུང་རྩོམ་པར་བྱེད་པས།
་རྩུབ་པར་བྱེད་པའི་སྨན་རྣམས་ཀྱི་མཚན་ཉིད་མདོར་བསྡུས་ནས་བཤད་པ་ཡིན་ནོ།། སྨན་གང་ཅི་ཡང་རུང་བ་ལྕི་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དེ་དག་ནི་སྣུམ་པར་བྱེད་པ་དང་ལྡན་པ་དེ་ནི་ཡིན་ལ་ཡོན་དེ་ལས་གོ་བཟློག
་བ་ཡང་བ་དང་དྲོ་བ་དང་། བཤང་པ་སྲི་བ་དང་རྩུབ་པ་དང་། རྣོ་བ་དང་སྦོམ་པ་དང་སྲ་བ་དང་། སྐམ་པའི་ཡོན་ཏན་དང་ལྡན་པ་དེ་ནི་རྩུབ་པར་བྱེད་པ་ཡིན་ནོ།། ཕལ་ཆེར་ཞེས་སྨོས་པ་ནི་སྣུམ་པར་བྱེད་པ་དང་། རྩུབ་པར་བྱེད་པ་གཉིས་ཀ་ལ་ཡང
་སྦྱར་བར་བྱ་སྟེ། དེ་ལ་གོ་རིམ་འཆོལ་བ་དག་ཀྱང་ཡོད་པར་བསྟན་པའི་ཕྱིར་རོ།། དེ་ཡང་དཔེར་ན་རའི་འོ་མ་ནི་ཡང་ནས་ཡང་དུ་སྣུམ་པར་བྱེད་པ་ཡིན་ནོ།། དེ་བཞིན་དུ་ཏིལ་མ་རི་ནི་སྟམ་པར་བྱེད་པ་ཡིན་ནོ།། དེ་བཞིན་དུ་མོན་སྲན་དཀར་པོ་ནི། ལྲི
་འི་ཡོན་ཏན་དང་ལྡན་ཡང་རྩུབ་པར་བྱེད་པ་ཡིན་ནོ།། ཞུན་མར་རྐང་དང་ཚིལ་ཏིལ་མར། སྣུམ་རྣམས་ཀྱི་ནི་མཆོག་རབ་འདོད། ཅེས་བྱ་བ་ལ། ཞུན་མར་ལ་སོགས་པ་བཞི་པོ་ནི། སྣུམ་ཐམས་ཅད་ཀྱི་ནང་ནས་མཆོག་རབ་བམ། གཙོ་བོ
་ཡིན་པར་སྨན་པ་མཁས་པ་རྣམས་འདོད་དེ། རང་གི་ལས་མྱུར་དུ་སྒྲུབ་པར་བྱེད་པ་ཡིན་པོའི་ཕྱིར་རོ།། དེ་དག་ལས་ཀྱང་ཞུན་མར་ནི། སྦྱོར་རྗེས་འཇུག་པས་མཆོག་ཡིན་ནོ།། ཞེས་བྱ་བ་ལ། བཞི་པོ་དེ་དག་གི་ནང་ནས་ཀྱང་ཞུན་མར
་ནི་མཆོག་ཡིན་ཏེ། ཅིའི་ཕྱིར་ཞེ་ན། སྦྱོར་རྗེས་འཇུག་པ་ཞེས་བྱ་བ་སྟེ། སྨན་དག་དང་སྦྱར་བ་དེའི་རྗེས་སུ་འཇུག་ཅིང་མཐུན་པས་དེའི་ཕྱིར་ཞུན་མཱ་ནི་སྣ་ཐད་ཀྱི་མཆོག་ཡིན་གྱི་ཏིལ་མོར་ནི་མ་ཡིན་ནོ།། དེ་ཡང་རྒྱུ་མཉམ་དུ་ཟིན་ཀྱང
་ཞུན་མར་ནི་བུ་རམ་ལ་སོགས་པ་རྫས་ཀྱི་ཡོན་ཏན་དྲོ་བ་ཡོད་པ་དང་སྦྱར་དུ་ཟིན་ཀྱང་། རང་གི་མཚན་ཉིད་ཀྱི་བསིལ་བ་མདོར་བསྟན་པས་སྦྱོར་བའི་སྨན་གྱི་རྗེས་སུ་མཐུན་པར་འཇུག་གི། ཏིལ་མར་ནི་དེ་ལྟ་མ་ཡིན་ཏེ། དེ་ནི་ཙན་དན་ལ་སོགས
་པབ་སྨན་གྱི་ནུས་མཐུ་བསིལ་བ་དང་ལྡན་པར་སྦྱར་ན་ཡང་། རང་གི་ཡོན་ཏན་དྲོ་བ་དེ་རྣམས་པ་ཐམས་ཅད་དུ་མདོར་བར་མི་འགྱུར་ལ། དེ་མི་འདིར་བས་ན་ཁྲག་དང་མཁྲིས་པ་དང་། མེ་དཔལ་ལ་སོགས་པ་ལ་ཡང་གནོད་པར་བྱེད་པ
་ཡིན་ནོ།། དེ་དག་སྔོན་བཞིན་མཁྲིས་པ་སེལོ།། ཕྱི་མ་བཞིན་དུ་ཅིག་ཤོས་སེལ།། ཞེས་བྱ་བ་ལ། སྣུམ་སྔ་མ་གང་ཡིན་པ་ནི། སྔོན་བཞིན་ཞེས་བྱ་བ་ལ། གང་ཞིག་ལ་གང་ལས་འོག་མར་གྱུར་པ་ནི་ཕྱི་མ་བཞིན་ཞེས་བྱ་སྟེ། ཕྱི་མ་ལ
་བལྟོས་པ་ནི་སྔ་མ་ཡིན་ལ། སྔ་མ་ལ་ལྟོས་པ་ནི་ཕྱི་མ་ཡིན་ནོ།། དེ་བས་ན་འདི་སྐད་དུ། བསྟན་པའི་ཞུན་མར་ལ་སོགས་པའི་སྣམ་བཞི་པོ་དེ་དག་ལོས། ཚིལ་དང་རྐང་མར་ཞུན་མར་ཞེས་བྱ་བ་ནི། སྔོན་བཞིན་ཞེས་བྱ་པོའི་ཏི་ལྀ་མར་ཞེས
་བྱ་བའི་སྣུམ་ནི་མ་ཡིན་ཏེ། དེ་ལ་གོང་མར་གྱུར་པོ་མེད་པའི་ཕྱིར་དང་། འདི་ལ་གང་ཞིག་ལ་བལྟོས་ནས་སྔ་མས་བདག་ཉིད་སྒྲུབ་པའི་ཕྱིར་ཕྱི་མ་ཡང་ཡོད་པ་མ་ཡིན་པའི་ཕྱིར་རོ།། དེ་བཞིན་དུ་སྣུམ་བཞི་པོ་དེ་དྲག་ལས་རྐང་དང
་ཚལ་དང་ཏིལ་མར་ཞེས་བྱ་བ་ལ་སྣུམ་གསུམ་པོ་ཁོ་ན་ཕྱི་མཽ་བཞི་དང་སྦྱར་ཏེ། ཞུན་མར་ཞེས་བྱ་བའི་སྣུམ་ལ་ཕྱི་མ་ཡོད་པ་མ་ཡིན་ཏེ། འདི་ལ་བདག་ཉིད་ཕྱི་མར་བསྒྲུབ་པའི་སྔ་མའང་ཡོད་པ་མ་ཡིན་པའི་ཕྱིར་རོ།། དེ་བས
་ན་སྔ་མ་བཞིན་དུ་མཁྲིས་པ་སེལ་བ་ཡིན་པས་ཚིལ་དང་རྐང་དང་ཞུན་མར་མཁྲིས་པ་སེལ་བར་བྱེད་པ་ཡིན་ནོ།། དེ་ལས་ཀྱང་ཚིལ་ནི་མཁྲིས་པ་སེལ་བར་བྱེད་པའོ།། རྐང་ནི་རབ་ཏུ་མཁྲིས་པ་སེལ་བ.རུ་བྱེད་པའོ།།
་ཞུན་མར་ནི་རབ་མཆོག་མཁྲིས་པ་སེལ་བར་བྱེད་པའོ།། ཕྱི་མ་བཞིན་དུ་ཅིག་ཤོས་སེལ་ཅེས་བྱ་བ་ནས། ཅིག་ཤོས་ནི་རླུང་དང་བད་ཀན་གཉིས་ཏེ། དེ་དག་སྣུམ་གསུམ་པོ་རྐང་དང་ཚིལ་དང་ཏིལ་མར་གྱིས་རིམ་བཞིན་སྤེལ་བར་བྱེད་པ་ཡིན
་ཏེ། རྐང་ནི་རླུང་དང་བད་ཀན་སེལ་བར་བྱེད་པ་ཡིན་ནོ།། ཚིལ་ནི་རླུང་དང་བད་ཀན་རབ་ཏུ་སེལ་བའོ།། ཏིལ་མར་ནི་རླུང་དང་བང་ཀན་རབ་མཆོག་ཏུ་སེལ་བར་བྱེད་པ་ཡིན་ནོ།། མར་བས་ཏིལ་མར་ལྕི་དེ་བས།། ཚིལ་དེ་ཚོལ་བས་རྒོང་ལྕིའོ།།
་བྱ་བ་ནི། འདི་དག་གི་འཇུ་དཀའ་བའི་རིམ་པ་ཡིན་ཏེ། དེ་ཡང་མཐོ་བཙུན་དཔལ་འཕེལ་གྱིས་བྱས་པའི་གཅེས་པ་བཏུས་པ་ལས། ཞུན་མར་བས་ནཽ་ཏིལ་མར་ལྕི་བ་ཡིན་ལ། ཏིལ་བས་ནི་ཚིལ་ལྕི་ཞིང་འཇུ་དཀའ་བ་ཡིན་ནོ།། ཚིལ་བས་ནི་རྐང་འཇུ་བ
་དཀའ་བ་ཡིན་ནོ་ཞེས་བཤད་དོ།། སྣུམ་རྣམས་ཀྱི་མིང་དང་མིང་ཅན་གྱི་འབྲེལ་པ་བ་སྟན་པར་བྱ་བའི་སྨྲས་པ་ནི། དེ་ལས་གཉིས་དང་གསུམ་དང་བཞི། ཟུང་དང་གསུམ་པ་ཞེས་བྱའོ་ཞེས་བྱ་བ་ཡིན་ཏེ། སྣུམ་གཉིས་པོ་མར་དང་ཏིལ་མར
་ནིཟུང་ཞེས་བྱ་བའི་སྣ་མ་ཡིན་ནོ།། ཞུན་མར་དང་ཏིལ་མར་དང་། ཚིལ་གསུམ་ནི་གསུམ་པ་ཞེས་བྱའོ།། དེ་གསུམ་རྐང་དང་བཅས་པ་བཞི་ནི་ཆེན་པོ་ཞེས་བྱའོ།། དུགས་བྱ་སྦྱང་དང་ཆང་བུད་མེད།། རྩོལ་ཆགས་སེམས་ལས་ཆེ་བ་དང་།། རྒན་པོ
་བྱིས་པ་སྟོབས་ཆུང་སྦེག། རྩུབ་དང་ཁྲག་དང་ཁུ་བ་ཟད།། རླུང་ནད་ཀྱིས་ཉེན་རབ་རིབ་དང་།། ཤིན་ཏུ་དབྱེ་དཀའ་ལ་སྣུམ་བྱ།། ཞེ་ས་བྱ་བ་ལ། དུགས་བྱ་བར་འོས་པ་ནི་དུགས་བྱ་བའོ།། ལེགས་པར་སྦྱང་བར་འོས་པ་ནི་སྦྱང་བར་བྱའོ།། ཆང
་དང་བུད་མེད་དང་རྩོལ་བ་རྣམས་ལ་ཆགས་པ་དང་།། དེ་བཞིན་དུ་སེམས་ལས་ཆེ་བ་དང་། རྒན་པོ་དང་བྱིས་པ་དང་། སྟོབས་ཆུང་བ་དང་། སྒེག་པ་དང་། རྩུབ་པ་དང་། གང་ཁྲག་དང་ཁུ་བ་ཟད་པ་དང་། དེ་བཞིན་དུ་རླུང་ནད་ཀྱི་ས་རབ་ཏུ་ཉེན་ཞིང
་དུས་པ་དང་། དེ་བཞིན་དུ་སྤྱང་རླུང་ལ་སྐུ་རབ་རིབ་དང་། ན་དེ་ཤིན་ཏུ་དབྱེ་ད།། འཞིང་།། མྀག་ད།། འ་བས་དབྱེ་དགོས་པ་ག་ཡིན་པ་སྟེ། དེ་དག་བྷྲྀམ་གྷི་ལས་ཕྱིར།། ཤིན་ཏུ་དྲུང་ནུང་རབ་རྗོད་ཆེ།། ནན་ཧཱུ~ཾ་མ་དང་རིང་བ་དང་།། རྨྨ
་རེངས་ཚད་འཁྲུ་མ་ཞུ་དང་།། ལྐོག་ནད་དབྱིག་དུག་དམུ་རྫིངས་དང་།། བརྒྱ་ལ་ལྐུགས་པད་ཀན་ཡི་གེ་འཆུས།། སྐོམ་དང་ཆང་ནད་ཀྱིས་ཉིན་དང་།། དུས་མི་ནི་བུ་སྐྱེས་སྣ་སྨྱན་དང་།། མས་བཏང་བཀྲུས་སྨན་བྱས་ལ་མིན།། ཞེས་བྱ་བ་ནི། ཤིན།།
་དྲོད་ཆུང་བ་ལ་སོགས་པ་ལ་སྣུམ་གྱི་ཆོ་ག་མི་བྱའོ།། ཞེས་བྱ་བར་སྦྱར་རོ།། དེ་ལ་དྲོང་ཤིན་ཏུ་ཆེ་བ་ལ་སྣུམ་གྱི་ཆོ་ག་བྱས་ན་མེ་དྲོད་ཤིན་ཏུ་འཕེལ་དྲགས་པར་འགྱུར་རོ།། ཤིན་ཏུ་སྒོམ་པ་ལ་ཡང་མོ་དྲོད་དང་ཚིལ་ཆེར་འཕེལ་བར་འགྱུར་རོ།།
་རིང་པོས་ནི་འཇུ་མི་ནུས་པར་འགྱུར་རོ།། པདྨོ་རེངས་ལ་སོགས་པས་ནི་ཉེན་པ་ཞེས་བྱ་བར་སྦྱར་ཏེ། དེས་ན་བདྨོ་རེངས་པས་ཉེན་པ་དང་ཚད་པར་འཁྲུ་བས་ཉེན་པ་དང་ཆང་ནད་ཀྱིས་ཉེན་པའི་བར་དུའོ་དེས་ན་འདིར་སྦྱོར་བའི་སྐབས་ཡིན་དུ
་ཟིན་ཀྱང་། སྣུམ་གྱི་ཆོ་ག་མ་བྱས་པར་སྦྱང་བའི་ཆོ་ག་བྱའོ།། ཞེས་སྟོན་པ་ཡིན་ནོ།། དུས་མ་ཡིན་པར་བུ་སྐྱེས་པ་ཡང་སྣུམ་གྱི་ཆོ་ག་མི་བྱ་སྟེ། ཟླ་བ་མ་ཚང་བར་དུ་སྐྱེས་པ་ལ་ཡང་སྣུམ་གྱི་ཆོ་ག་མི་བྱའོ།། དེ་བཞིན
་དུ་སྣ་སྨན་ལ་སོགས་པ་ལས་གསུམ་པོ་བྱས་པའི་སྐབས་སུ་ཡང་སྣུམ་བཅོས་ཀྱི་ཆོ་གོ་མི་བྱའོ།། དེ་ལ་བློ་དྲན་ཡིད་གཞུངས་སོགས། འདོད་པ་རྣམ་ས་ལ་ཞུན་མར་བསྔགས། ཤེས་བྱ་བ་ནི། དེ་ལ་སྣུམ་རྣམས་ཀྱི་ནང་ནས་བློ་གྲོས་ལ་སོགས
་པ་འདོད་ཅིང་དོན་དུ་གཉེར་བའི་སྐྱེས་བུས་སྣུམ་བསྟེན་པའི་སྐབས་ཡི་བབ་པས་ན། ཞུན་མོར་བཏུང་བ་བསྔགས་ཤིང་འདོད་པར་བྱ་བ་ཡིན་ཏེ། དེའི་ནུས་པ་དེ་ལྟ་བུ་ཡིན་པའི་ཕྱིར་རོ།། དེ་ལ་བློ་ནི་བློ་གྲོས་སོ།། དྲན་པ་ནི་སྔོན་ཉམས་སུ་མྱོང
་བ་དྲན་བའོ།། ཡིད་གཞུངས་པ་ནི་ཤཾ་ས་པ་སྟེ། གཞུང་འཛིན་པར་ནུས་པ་དང་ལྡན་པའོ།། སོགས་པའི་སྒྲས་ནི་སྐད་གདངོས་དང་ཚེ་དང་མདོག་ལ་སོགས་པ་བསྡུའོ།། རྨེན་བུ་བན་ཀན་སྲིན་བུ་དང་། ཚིལ་ཆེས་རླུང་ནད་ཡོད་པ་དང་།། ལུས
་ཡང་མཁྲ་ང་འདོད་ལྟོས་སུ་བའི།། ལུས་ཅན་རྣམས་ལ་ཏིལ་མར་ཕན།། ཞེས་བྱ་བ་ལ། རྩ་ནད་ལ་སོགས་པའི་ནད་རྣམས་དང་། དེ་བཞིན་དུ་བད་ཀན་དང་། ཚིལ་ཆེས་པ་དང་། རླུང་ནད་ཅན་གྱི་སྐྱེས་བུ་དང་། དེ་བཞིན་དུ་ལུས་ཡང་བར་འདོད་པ
་དང་། མཁྲང་བར་འདོད་པ་དང་། དེ་བཞིན་དུ་ལྟོ་བ་སྲབ་པའི་ལུས་ཅན་རྣམས་ལ་ཏིལ་མར་ཕན་ནོ།། ཞེས་བྱ་བར་སྦྱར་རོ།། རླུང་དང་ཉིན་མཚན་ལམ་བུད་མེད།། ཁུར་དང་རྩོལ་བས་ལུས་ཟུངས་ཟད།། རྩུབ་ཉོན་མོངས་བཟོད་མེ་དྲོད
་རྣོ། རྩ་སྒྲོ་རླུང་འགགས་ལྷག་མ་པ་ན།། ཞེས་བྱ་བ་ལ། རླུང་དང་ཉི་ཚན་ལ་སོགས་པས་ལུས་ཟུངས་ཟད་པར་འགྱུར་བའི་སྐྱེས་བུ་གང་ཡིན་པ་དང་། དེ་བཞིན་དུ་ལུས་རྩུབ་པ་ལ་སོགས་པ་ལ། སྣུམ་ལྷག་མ་རྐང་དང་ཚེ་ལྟ་བུ་གཉིས་ཕན་ཞིང་བསྔགས
་པ་ཡིན་ནོ།། ཉོན་མོངས་སོད་ཅེས་བྱ་བའི་སྒྲས། ཉོན་མོངས་ཤིང་དཀའ་བ་བསྟེན་མི་ཟོད་པས་ནི་ཞུན་མར་དང་ཏིལ་མར་བསྟེན་པར་བྱའོ།། ཞེས་དགར་པོ་ཡིན་ནོ།། མེ་དྲོད་ནི་རྣོ་བའི་སྣུམ་སྔ་མ་དག་གིས། རྐང་དང་ཚིལ་སྦྱིན་པ་དང་། དགར་པོའི
་ཚིགཡིན་ནོ།། རླུང་གི་རྩེ་སྒོ་འགགས་པ་ནི་ལུས་ཚགས་ཀྱི་རྩ་སྦུབས་ཀྱི་རྒྱུན་རྣམས་རླུང་གིས་བཀག་པར་གྱུར་པའོ།། ཚིགས་དང་རུས་པ་གནད་རྣམས་དང་། ལྟོ་ན་མེས་ཚིག་རྨ་བྱུའི་སྐུ།། མངལ་དང་ན་བཀླད་ནད་ལ།། ཚིལ་ཡང་མཆོག
་ཏུ་ཕན་པ་ཡིན།། ཞེས་བྱ་བ་ལའང་ཚིལ་ནི་ཚིགས་ལ་སོགས་པའི་ནད་རྣམས་ལ་ཡང་ཕྲ་ཚོལ་ཕན་ནོ།། ཞེས་བྱ་བར་སྦྱར་ལ་ཡང་ཚིལ་མཆོག་ཏུ་ཡང་ཕན་པ་ཡིན་ནོ།། དུ་ནི་དུས་གང་གི་ཚེ་སྣུམ་གང་ཞིག་བཏང་བ་བསྔགས་པ་བསྟན་པའི་ཕྱིར
་སྨྲས་པ་ནི། ཏིལ་མར་དབྱར་ཕན་ཞུན་མཱརརྱ་ནཱི།། དབྱར་མཐའོ་དེ་གཞན་དཔྱིད་དག་བསྔགས།། ཞེས་བྱ་བ་ལ། འདིར་དབྱར་ཞེས་སྨོས་ཀྱང་དུ་བྱར་སྨོས་པའི་དུས་ཚིགས་ཐོག་མ་ལ་བྱ་སྟེ། དེས་ནཱ་དབྱར་ཟླ་འབྲིང་པོའི་ཞེས་བྱ་བའི་སྐབས་སུ
་སྦྱང་བ་བྱེད་ན། ཏིལ་མར་བསྔགས་པོ་ཡིན་ནོ།། དབྱོར་གྱི་མཐའ་ཞེས་སྨོས་ཀྱང་། ཆར་འབབ་པའི་མཐའ་རྫོགས་པ་སྟོན་ཟླ་ཐ་ཆུང་ལ་བྱ་ལ། དེའི་ཚེན་སྣུམ་བྱ་བའི་དོན་དུ་ཐུན་མོར་བསྔགས་པ་ཡིན་ནོ།། གཞན་ཞེས་བྱ་བོ་རྐང་དང་ཚིལ
་ཞེས་བྱ་བའི་སྣུམ་ནི་དཔྱིད་ཟླ་འབྲིང་པོའི་སྐབས་སུ་སྦྱོང་བར་བྱེད་པ་ན་སྣུམ་གྱི་སྦྱོར་བ་ལ་བསྔགས་པ་ཡིན་ནོ།། འདི་དག་ནི་ནད་མེད་པའམ། ནད་པ་གང་ཡང་རུང་བ་སྦྱོང་བ་བྱེད་པའི་གནས་སྐབས་བྱ་བའི་ཕྱིར་གཞུང
་འདི་བརྩམས་པ་ཡིན་ཏེ། ནད་མེད་ཅིང་ཐལ་མོལ་པར་གནས་པ་དག་གི་ས་ཇི་སྐད་བཤ་ང་བའི་དུས་ཚོགས་ཀྱིས་ཆོ་ག་རྗེས་སུ་དཔྱད་ཟིན་ཀྱང་དུས་ལས་བྱུང་བའི་ནད་བསགས་པ་དག་ཡོད་སྲིད་པས་དེའི་འོག་ཏུ་དེ་ལ་ས་ནང་གཞི
་འཁྲུ། གས་པར་འགྱུར་ལ། ནད་འཁྲུགས་པས་ནད་འབྱུང་བར་འགྱུར་བ་ཡིན་ཏེ། དེ་བས་ན་ཆེའི་རིག་བྱེད་ཀྱི་དེ་ཁོ་ན་ཤེས་པའི་དྲང་སྲོང་རྣམས་ཀྱིས་རང་རང་གིས་བྱས་པའི་རྒྱུད་སོ་སོར་བདེ་བར་གནས་པ་དག་གིས་བྱིས་པའི་རྒྱུད་སོ་སོར
་བདེ་བར་གནས་པ་ད་ག་གིས་སྦྱང་བ་དག་བྱ་བ་ཉིད་དུ་བསྟན་པ་ཡིན་ནོ།། དེ་བཞིན་དུ་གྲང་བ་ལས་བྱུང་བའི་ནད་བསགས་པ་ནི་དཔྱིད་ཀྱི་ཚེ་སྦྱང་བར་བྱ་བ་བཤད་པ་འདིས་ཆོ་ག་ལྐོ་ག་མ་ཡོད་པའི་གཞུང་གིས་སྦྱར་བ་ཡིན་ནོ།། བཀྲུ་སྨན་ལ
་སོགས་པའི་སྤྱོད་པ་རྣམས་ཀྱང་སྣུམ་དང་དུགས་ཀྱི་ཆོ་ག་བྱ་བ་སྔོན་དུ་འགྲོ་བས་བྱ་བ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ།། དེའི་ཕྱིར་གྲང་བ་ལས་བྱུང་བའི་ནད་བསགས་པ་ནི་དཔྱིད་ཀྱི་ཚེ་སྦྱང་བར་བྱ་བ་བཤད་པ་འདིས་ཆོ་ག་ལྷག་མ་ཡོད་པའི་གཞུང
་གིས་སྦྱོར་བ་ཡིན་ནོ།། བཀྲུ་སྨན་ལེ་སོགས་པའི་སྦྱོང་བི། དུས་སུ་གཽ་དོན་ཅིང་། གྲང་བ་ན་སྣམ་དང་དུགས་པ་བཽ་དང་། དེའི་ཚེ་ཏིལ་མར་བཀག་པ་ཡི་ནོ།། དེ་བཞིན་དུ་དབྱར་འདས་པ་ན། དབྱར་བསགས་པའི་ནད་འབྱིན་པ་ན་དང
་པོར་སྣུམ་དང་དུགས་ངེས་པར་བྱ་དགོས་ལ། དེར་ཡང་སྣུམ་ཐམས་ཅད་ཀྱིས་སྣུམ་གྱི་ཆོ་ག་བྱེད་དེ། སྣུམ་སྤྱི་ཡིན་པའི་ཕྱིར་ཀུན་གྱིས་བྱེད་པ་དགེ་སྲིད་མོད་ཀྱི། དེར་གཞན་གྱིས་མི་བྱའི། ཀུན་མར་གྱི་སྣུམ་གྱི་ཆོ་ག་བླ་སྟེ། འདི་ནི་ནང་མེད་པའི
་ཡུལ་ལ་བྱས་པའི་ངེས་པ་ཡིན་ནོ།། ནད་པའི་གནས་སྐབས་སྦྱང་བར་བྱས་པ་གསོ་བའི་ནད་ཀྱིས་ཉེན་པོ་ལ་དེ་ཏིལ་མཽར་གྱིས་གསོ་དགོས་པའི་ནད་ཡིན་ན། དེ་དང་མི་འཚམ་དུ་ཟིན་ཀྱང་། དབྱར་སྦྱང་བའི་ལས་བྱེད་པ་ན། ཏིལ་མར་ཉིད
་ཀྱིས་སྣུམ་གྱི་ཆོ་ག་བྱའོ།། སྣུམ་གཞན་གྱིས་ནི་མཱ་ཡིན་ནོ།། དེ་བོཞིན་དུ་གཽཞན་དག་ཀྱང་ནད་ཀྱི་ཚུལ་དང་སྦྱར་ཏེ། རང་ཉིད་ཀྱི་རྗེས་སུ་དཔག་པར་བྱའོ།། འདིར་འདི་ལྟར་དབྱར་ནི་ཏིལ་མར་བཏང་ངོ་།། དབྱར་གྱི་མཐའ་ནི་ཀུན་མར་བཏང་ངོ་།།
་དཔྱིད་ནི་ཞག་དང་ཚིལ་བུ་བ་ཏང་ངོ་།། ཞེས་བྱ་བའི་ཚུལ་གྱི་ངེས་པ་བཞག་པ་ནི་གཞན་ལ་ཡང་ཅུང་ཟད་པ་ལྟོས་པ་ཡིན་པས་ན་དེའི་ཕྱིར་སྨྲས་པ་ནི། ཐུན་མོང་དུས་ལ་སྣུམ་རྣམས་ནི།། ཉིན་མོ་ཉི་མ་གསལ་ཚེ་བསྔགས།། ཞེས་བྱ་བ་ཡིན་ཏེ།
་ཐུན་མོང་གི་དུས་ཤིན་ཏུ་ཚ་བ་དང་གྲང་བ་མ་ཡིན་པའི་གནས་སྐབས་བར་མར་སྣུམ་གྱི་ཆོ་ག་བྱེད་པ་ན། དེའི་ཚེ་སྦྱང་བའི་སྔོན་དུ་ཏི་ལོ་མར་ལ་སོགས་པ་སྣུམ་གྱི་ཆོ་ག་འདིའི་དོན་དུ་སྦྱོང་བ་དེ་ཡང་ཉིན་པར་བྱའི། མཚན་མོ་ནི་མ་ཡིན་ནོ།། །
་དེ་བཞིན་དུ་ཉི་མ་གསལ་བ་སྟེ། ན་མཁའ་དྲི་མ་མེད་ཅིང་སྤྲིན་གྱིས་ཉི་མའི་ཟེར་མི་བསྒྲིབས་པའི་ཚེ་ན་བྱ་བ་ཡིན་ནོ།། དེ་ལྟར་ནི་དུས་དེ་རྣམས་སུ་ནད་བསགས་པ་ངེས་པར་འཇོམས་བྲི་འི་ཆོ་ག་བཤད་པ་ཡིན་ནོ།། དབྱར་ལ་སོགས་པ་མ
་གཏོགས་པ་དུས་གཞན་དག་ཏུ་ནད་ཀྱི་དབང་གིས་བསྐུར་ཏེ་བྱ་དགོས་པའི་སྦྱང་བས་བྱ་བ་ཡིན་དུ་ཟིན་ཀྱང་བྱ་བ་མ་ཡིན་པ་ཉིད་དུ་འགྱུར་ཏེ་དེ་ན་མཁའ་ལྟར་གང་གི་ཕྱིར་དེ་སྦྱོང་བའི་གོང་སྣུམ་གྱི་ཆོ་ག་བྱ་དགོས་ལ། དེ་ལ
་ཡང་སྣུམ་གྱི་ངེས་པར་བཤད་པས་ན། སྣུམ་གཞན་གྱིས་དགོས་པ་བྱེད་པར་མི་ནུས་པ་དེ་ལ་ཇི་ལྟར་བྱ་བ་དེ་བསྟོན་པར་བྱ་བ་སྨྲས་པ་ནི། རིངས་ལ་དགུན་ཡང་ཏིལ་མར་གཏོང་།། ཚ་བའི་དུས་སུ་འང་མུར་ཚན་བཏང་། ཞེས་བྱ་བ~ཾ་ལ། ནད་ཀྱི་གསོ
་པབརིང་ཐབས་སུ་བྱ་དགོས་ཤིང་སྦྱང་བས་གསོ་དགོས་པའི་ནད་ལ་དོགུན་སྟོང་དགུན་སྐད་ཀྱི་ཚེ་ཡང་སྤྱད་པའི་དོན་དུ་ཏིལ་མར་བཏང་བར་བྱའོ།། ཡང་ཞེས་བྱ་བའི་སྒྲས་ནི་ཏིལ་མར་དབར་འབའ་ཞིག་གི་ཚེ་བཏང་བར་མ་ཟད་དོ།། ཞེས་ངེས་པར་བཞག
་པ་ཡིན་ནོ།། དེ་བཞིན་དུ་རིངས་པར་གསོ་དགོས་པ་ཡིན་ན། གང་གི་ཚེ་སོ་གའི་ཚེ་སྦྱང་བ་བྱེད་པ་དེའི་ཚེ་སྦྱང་བའི་སྔོན་དུ་སྣུམ་གྱི་ཆོ་ག་བཏང་ངོ་།། ཡང་ཞེས་བྱ་བའི། སྒྲས་ནི་དབྱར་གྱི་མཐའ་འབའ་ཞིག་ཏུ་ཞུན་མར་བཏང་བར་མ་ཟད་ཀྱི་དུས
་འདིའི་ཚེ་ན་ཡང་བཏང་བ་ཡིན་ནོ།། སྣུམ་ཐམས་ཅད་ཉིན་མོ་བཏང་བ་ཡིན་མོད་ཀྱི། མཆུ་ན་མོ་ཡང་རིངས་ཐ་བོས་ལ་བཏིང་ཏུ་རུང་ངོ་།། མཁྲིས་པ་རླུང་དང་མཁྲིས་པོར་བཅས།། ལྡན་པོ་ལ་ཡང་མཚན་མོ་ཉིད།། ཅེས་བྱ་བ་ལ། ཚ་བའི་དུས་སུ་མར
་སྣུམ་གྱི་ཆོ་ག་སྤྱོད་པའི་སྔར་མཚན་མོ་བཏང་དུ་རུང་བར་ངེས་པ་འབའ་ཞིག་ཏུ་མ་ཟད་ཀྱི་འདི་ཡང་ངེས་པ་ཡིན་ཏེ། མཁྲིས་པ་འཁྲུགས་པའི་ནད་དང་། དེ་ལས་བྱུང་བའི་ནད་དང་། དེ་བཞིན་དུ་རླུང་འཁྲུགས་པའི་ནོད་དང་། དེ་ལས་བྱུང་བའི
་ནང་སྣུམ་གྱིས་གསོ་བར་བྱ་བ་ལ། དེ་ཞི་བར་བྱ་བའི་ཕྱིར་ཚ་བའི་དུས་སུ་སྨན་དང་སྦྱར་བ་འམ་མ་སྦྱར་བའི་ཞུན་མར་སྦྱིན་པར་བྱའོ།། ཉིན་མོ་མ་ཡིན་པ་ལ་ཏིལ་མར་དང་། རྐང་དང་ཚིལ་སྦྱིན་པར་མི་བྱའོ།། དེ་བཞིན་དུ་མཁྲིས་པ་དང་བཅས་པའི
་ལྡན་པ་ལའང་མཚན་མོ་སྦྱིན་པར་བྱ་སྟེ། དེ་ཡང་ལྗོན་པ་གཉིས་པོ་མཁྲིས་པ་ཤས་ཆེ་བའི་རླུངོ་མཁྲིས་ཀྱི་ལྡན་པ་དང་། མཁྲིས་པ་དང་བད་ཀན་དུ་ལྡན་པའི་ནད་ལྡན་པ་འམ། དེ་ལས་བྱུང་བའི་ནད་སྣུམ་གྱིས་གསོ་བར་བྱ་ལ།
་དེ་ཞི་བར་བྱ་བའི་ཕྱིར་ཞུན་མར་ཁོ་ན་མཚན་མོ་བཏང་བར་བྱའི་ཏིལ་མར་ལ་སོགས་པའི་སྣུམ་པ་གཞིན་མི་བཏང་ལ། ཉིན་མོ་ཡང་བཏང་བར་མི་བྱའོ།། མེ་ཁྲིས་པ་དང་རླུང་ཞེས་སྨོས་པ་འདིས་ནི་ནད་ཀྱི་མཚན་ཉིད་ཉེ་བར་མཚོན་པོའི
་དོན་ཡིན་པར་ཤེས་པར་བྱའོ།། མཚན་མོ་ལས་གཞན་རླུང་བད་ཀན།། ཉིན་པར་སྦྱར་བས་མཁྲིས་ནད་འགྱུར།། ཞེས་བྱ་བ་ལ། འདིའི་དོན་ནི་འདི་ཡིན་ཏེ། ཤུན་མར་དང་ཏིལ་མར་གཉིས་ཀྱིས་བཏང་བའི་དུས་ཇི་སྐད་ངེས་པར་བཤད་པ་ལླ
་དུས་ཅིག་ཤོས་སུ་སྦྱིན་པོ་དེ་གཉིས་རིངས་པའི་ལས་ལ་གཞན་དུ་སྟེར་ན་སྐྱོན་དུ་འགྱུར་རོ།། ཞེས་བྱ་བའི་དོན་ཏོ།། དཽའང་གང་ཏིལ་མར་ཉིན་པར་བཏང་བ་དེ་བཞིན་དུ་གང་བའི་དུས་སུ་ཞུན་མར་བཏང་ན་རླུང་དང་པད་ཀན་གྱི་ནང་དུ་འགྱུར་རོ།།
་དེ་བཞིན་ཚ་བའི་དུས་སུ་ཏིལ་མར་ཉིན་མོ་བཏང་ན་མཁྲིས་པའི་ནང་དུ་འགྱུར་རོ།། རྐང་དང་ཚིལ་ནི་གྲང་བའི་དུས་དང་དྲོ་བའི་དུས་གཉི་གར་རིངས་པ་ལས་བྱུང་བ་དག་ལ་སྦྱང་བའི་སྔོན་དུ་སྣུམ་གྱི་ཆོ་ག་བྱ་བར་གཞུང་རྩོམ་པས་མ
་བཤད་དེ། དེ་གཉིས་ནི་ཚ་བ་དང་བསིལ་བའི་ནུས་པ་གཉི་ག་ཡོད་པས། དེ་ལ་བསིལ་བའི་ཡོན་ཏན་འབའ་ཞིག་མེད་དེ། གཞན་ལ་རག་ལས་པ་ཡིན་པའི་ཕྱིར་དང་དེ་བཞིན་དུ་ཤ་དང་རྗེས་སུ་མཐུན་པ་ཡིན་ནོ།། ཞེས་བཤད་དོ།།
་དེ་ཡང་སྨན་དཔྱད་ཀྱི་ལུང་ལས། སེམས་ཅན་ཚ་གྲང་ཅི་འདྲ་བ།། རྐང་ཚིལ་དེ་དང་འདྲ་བར་བཤད།། ཅེས་འབྱུང་བ་ཡིན་ནོ།། དེ་ལྟར་སྣུམ་གྱིས་བཏང་བའི་དུས་གང་དང་གང་ཡིན་པ་ངེས་པར་བཤད་ནས། ད་ནི་སྣམ་དེ་ཇི་ལྟར་བཏང་བ་དེ་བསྟེན་པར་བྱ་བའི
་ཕྱིར་སྐྱེས་པ་ནི་བཟའ་སོགས་ཟས་དང་མ་བཏང་དང་། སྣ་ནས་བཏང་བསྐུ་མཁུར་བཀང་དཔོ།། མགོ་བསྐུ་ན་མིག་དགང་པོ་ཡི།། སྣུམ་ནི་རིགས་པས་དཔྱད་པར་བྱ།། ཞེས་བྱ་བ་ལ། སྣུམ་རིགས་པར་བྱ་སྟེ། གང་དང་དེ་ལྟར་དཔྱད་པར་བྱ་ཞེ་ན།
་བཟའ་སོགས་ཟས་དང་ཞེས་བྱ་བ་ལ་སོགས་པ་སྟེ། འབྲས་ཁུར་ལ་སོགས་པ་ཚོང་མ་ལ་སོགས་པ་རླན་བག་མེད་པ་དང་ལྷན་ཅིག་བཟའ་བ་དང་། དེ་བཞིན་དུ་མས་བཏང་གསུམ་པོ་བཀྲུ་སྨན་དྲག་པོ་མས་བཏང་བ་ནི་རུ་ཧ་དང་། བཀྲུ
་སྨན་འཇམ་པོ་མས་བཏང་བ་དང་། འཇམ་རྩི་མས་བཏང་བ་སྟེ། གསུམ་དང་སྣ་ནས་བཏང་བ་དང་། ལུས་ལ་བསྐུ་བ་དང་། མཁུར་བ་དགང་ཞིང་དབོ་བ་དང་། རྣ་བ་དགང་བ་དང་། མིག་དགང་བ་སྟེ། འདི་དག་འོག་ནས་བཤད་པའི་མཚན་ཉིད་ཅན
་ལ་རིག་པ་ཞེས་བྱ་བ་སྦྱོར་བའི་ཐབས་ཚད་ལ་སོགས་པའི་མཚན་ཉིད་དང་ལྡན་པར་དུས་ཀྱིས་བྱ་བས་ས་ཕྱོགས་དང་། ལུས་ཀྱི་ཚད་དང་། ནད་ཀྱི་ཚུལ་ལ་དཔགས་ནས། རན་ཅིང་འཚམ་པར་ཉེ་བར་དཔྱད་པར་བྱའོ།། དེ་བཞིན་དུ། རོ་ཡི་དབྱེ
་བས་རཱ་རོ་ཡི།། དྲུག་ཅུ་རྩ་བཞིར་རྣམ་པར་བརྟག། ཅེས་བྱ་བ་སྟེ། རོའི་དབྱེ་བ་རེ་རེ་དབྲི་བ་ལ་སོགས་པའི་བཞུང་བསྟན་པས། དྲུག་ཅུ་རྩ་གསུམ་གྱི་གྲངས་སུ་ཆད་པ་དང་། ལྷན་ཅིག་སྣུམ་སྦྱར་བ་དང་། དེ་བཞིན་རེ་རེ་བཏང་ཞིང་ཕྲད་མེད་པར་སྣུམ
་འབའ་ཞིག་བཏང་བ་ལས། དྲུག་ཅུ་རྩ་བཞི་རྣམ་པར་བརྟག་ཅིང་དཔྱད་པར་བྱའོ།། དེ་ལྟར་རོའི་དབྱེ་བ་རེ་རེ་ལས་སྣུམ་རྣམ་པར་དཔྱད་ན་དྲུག་ཅུ་རྩ་བཞིར་འགྱུར་པར་བཤད་ན། དགོས་པ་ཅི་ཞིག་གི་ཕྱིར་དཔྱད་པ་འདི་བཤད་ཅེ་ན། དེའི་ཕྱིར
་རིགས་པ་གཉིས་སྨྲས་པ་ནི། སྣུམ་ནི་གཞན་གྱིས་ཟིལ་གནོན་ཏེ།། ཆུང་དུ་དགོས་པས་རིམ་པ་བཤད།། ཅེས་བྱ་བ་ལ། སྣུམ་ནི་ཉུང་ཞིང་ཆུང་ངུ་དགོས་པའི་ཕྱིར་དང་། དེ་བཞིན་དུ་གཞན་གྱིས་ཟིལ་གྱིས་གནོན་ཅིང་ཟས་ལ་སོགས
་པ་མང་པོས་ཟིལ་གྱི་ས་མནན་པོ་དང་། དེ་བཞིན་དུ་རོའི་དབྱེ་བས་ཀྱང་ཟིལ་གྱིས་གནོན་ཏེ། དེ་ལྟར་དགོས་པའི་སྣུམ་དེ་དང་དེ། ཟིལ་གྱིས་གནོན་པས་ན། དེའི་ཕྱིར་དེ་རྣམས་ནི་དེའི་རྣམ་པར་བརྟག་པ་ཞེས་བྱའོ།། དེ་བས་ན་ཞུན་མར
་འབའ་ཞིག་བཏུང་བ་ལ་ནི་རྣམ་པར་དཔྱད་མི་དགོས་པར་བཤད་དེ། དེའི་ཕྱིར་སྨྲས་པ་ནི། ཇི་སྐད་བཤད་པའི་རྒྱུ་མེད་པས།། དངས་མ་རུང་ལ་དཔྱད་མི་དགོས། སྣུམ་གྱི་ལས་ནི་མྱུར་འགྲུབ་པས།། སྣུམ་དེའི་ཆོ་ག་མཆོག་ཡིན་ནོ།། ཞེས་བྱ
་བ་ལ། ཇི་སྐད་དུ་བཤད་པའི་རྒྱུས་མེད་པ་ནི་སྡེར་ཇི་སྐད་བསྟན་པའི་རྒྱུ་མེད་པའི་ཕྱིར་དང་། མང་དུ་དགོས་པའི་ཕྱིར་འདི་ལ་དཔྱད་མི་དགོས་ལ། དེ་བས་ན་སྣུམ་གྱི་ཆོ་ག་དངས་མ་བཏུང་བ་དེ་ལྟ་བུ་དེ་ནི་མཆོག་ཡིན་ཏེ། རྣམ་པར
་དཔྱད་དགོས་པ་ལས་ཁྱད་པར་ཡོད་པའི་ཕྱིར་རོ།། ཅིའི་ཕྱིར་ཞེ་ན། སྣུམ་གྱི་ལས་ནི་མྱུར་འགྲུབ་པ།། ཞེས་བྱ་བ་ཡིན་ཏེ། སྣུམ་གྱི་བྱ་བ་མྱུར་ཞིང་རིངས་པར་རྫོགས་པར་བྱེད་ཅིང་སྣུམ་གྱི་གསོ་བའི་ནད་བཞི་པར་བྱེད་པ
་ཡིན་པས་ན་མཆོག་ཡིན་ནོ།། དངས་མ་བཏུང་བ་དེ་སྣུམ་གྱི་ཆོ་གར་གཏོང་བའི་ཚད་དུ་ཆུང་ངུ་དང་། བར་མ་དང་ཆེན་པོར་བཤད་པ་ནི་ཕོ་བའི་མེ་དྲོད་ཀྱི་འཇུ་བ་ལོས་རྗེས་སུ་དཔག་པ་ལས་ཤེས་པར་བྱ་དགོས་པའི་ཕྱིར། འདིར་སྨྲས་པ་ཡིན་ཏེ། གང
་ཞིག་ཐུན་ནི་གཉིས་དང་བཞི།། བརྒྱད་ཀྱིས་རིམ་བཞིན་འཇུ་འགྱུར་བ།། ཆུང་ཚད་འབྲིང་དང་ཆེ་བ་སྟེ།། དེ་ལས་ཆུང་ངུ་བཟའ་བ་མཆོག། ཅེས་བྱ་བ་ལ། སྣུམ་དེ་བཟའ་བའི་ཚད་ནི་ཆུང་ངུ་དང་འབྲིང་དང་ཆེན་པོ་གསུམ་དུ་འགྱུར་ཏེ། ཚད་གང་ཞིག་གིས
་ཐུན་གཉིས་ཀྱིས་འཇུ་བར་འགྱུར་བ་དེ་ནི་ཆུང་ངུ་ཡིན་ལ་གང་ཐུན་བཞིས་རྗེས་སུ་འཇུ་བར་གྱུར་པ་དེ་ནི་བར་མ་ཞེས་བྱའོ།། གང་ཞིག་ཐུན་བརྒྱད་ཀྱིས་འཇུ་བ་དེ་ནི་ཆེན་པོ་ཞེས་བྱའོ།། དེ་ལྟར་ཚད་ཆུང་ངུ་དང་འབྲིང་དང་ཆེན་པོ་དེ་རྣམས་ལས་གང
་ཞིག་ཚད་ཆུང་ངུ་དེ་ནི་མི་ཆོ་ག་ཡིན་ཏེ། སྦྱོར་བ་ཐམས་ཅད་དང་འཚམ་པ་ཡིན་པའི་ཕྱིར་རོ།། དེ་ཡང་ཚད་ཆུང་ངུ་དེ་ནི་ཚད་ཆུང་བ་བཏང་དགོས་པ་ལ་ཉེ་བར་སྦྱར་བ་ན་སྐྱོན་མོད་པ་ཡིན་ལ། དེ་བཞིན་དུ་ཚད་འབྲིང་དང་ཆེན་པོ་བཏང་དགོས་པ
་ལ་བཏང་དུ་ཟིན་ཀྱང་སྐྱོན་མེད་པ་ཉིད་ཡིན་ནོ།། དེ་ཉིད་ཀྱིས་ན་གཞུང་རྩོམ་པར་བྱེད་པས། ནང་ལ་སོགས་པ་བརྟགས་ནས་ནི། ཐོག་མར་ཤིན་ཏུ་ཆུང་ངུ་བཟའ།། ཞེས་སྨྲས་པ་ཡིན་ཏེ། ནད་པའི་ཚུལ་དང་ཡུལ་དང་། དུས་ལ་སོགས་པ
་བརྟགས་ཤིང་དཔྱད་ནས་ཐོག་མར་ཏེ། དང་པོ་ཁོ་ནར་ཐམས་ཅད་དུ་ཚད་ནི་ཤིན་ཏུ་ཆུང་ངུ་བཟའ་བར་བྱ་ཞིང་ལོངས་སྤྱད་པར་བྱའོ།། དེས་ན་འདི་འདི་སྐད་སྟོན་ཏེ། ནད་དང་ཡུལ་ལ་སོགས་པ་ལས་བརྟགས་ན་ཚད་ཤིན་ཏུ་ཆུང་བ་ནི་ཚད་བཞི་པར་བརྟག་པར
་བྱ་སྟེ། གང་གི་ཕྱིར་སྐྱེས་བུའི་ཕོ་བའི་མེའི་ཚད་མ་ཤེས་པར་སྣུམ་མང་དུ་བྱིན་ནོ་དེ་མི་འཇུ་ཞིང་སྲོག་ཀྱང་འདོར་བར་འགྱུར་བ་སྲིད་པ་ཡིན་ནོ།། དེ་ནི་སྣུམ་གྱི་ཚད་གསུམ་པོ་དེ་དག་བཏང་བའི་དུས་དང་། བཏང་བའི་གནས་བསྟན་པར་བྱ་བའི་ཕྱིར་སྨྲས
་བོ་ནི། སྔ་དེའི་ཟོས་ནི་ཞུ་ཉིད་དང་།། སྦྱང་ཕྱིར་དངས་མ་མང་དུ་བཏུང་།། ཞེས་བྱ་བ་ཡིན་ཏེ། སྔ་དེ་ཞག་གི་ཟླས་ཞུ་བ་ཉིད་དེ།། ནུ་བ་རྩམ་ཉིད་ཀྱིས་དུས་ཉིད་དེ། ཟས་ནི་ཞུ་བཀྲེས་པས་ནི་མཉེན་པའི་སྐབས་སུ་སྦྱར་བར་བྱ་བའི་ཕྱིར། སྣོམ་མིང
་དུ་བཏུང་བ་ཉིད་ལ་ཞུན་མར་དངས་མ་བོ་བའོ་ཞིག་བཏུང་བར་བསྔགས་པས་ན། དེའི་ཕྱིར་འདི་ཉིད་ཅེས་བྱ་བའི་སྒྲ་ངེས་པར་བཟུང་བའི་དོན་དུ་སྨྲས་པ་ཡིན་ནོ།། སྔ་དེ་ནག་གི་ཟན་ཞུ་བ་ཉིད་ན་ཞེས་པས་ཚད་ཀྱི་མེ་ཆོག་མོ་ལྟོགས་པ་དང་བཏུང
་བར་བྱ་བ་ཡིན་ཏེ། དེ་ནི་གང་གི་ཕྱིར་མྱུར་བ་ཉིད་དུ་འཇུ་བར་བྱེད་དེ། སྨྱུད་བ་མྱ་བྱས་པར་མེའི་དྲོད་ཤིན་ཏུ་ཤས་ཆེ་བ་ཡིན་པའི་ཕྱིར་རོ།། དེ་ཡང་དྲང་སྲོང་ཙ་ར་ཀྲས། སྟོ་སྲ་རླུང་གི་ཤས་ཆེ་ཞིང་།། རྩོལ་བ་ཆེ་བའི་ངང་ཚུལ་ཅན།། མེའི་དྲོད་ཆེ
་པའི་སྨན་རྣམས་ནི།། མི་འཁྲུ་ཉིད་ན་མྱུར་དུ་འཇུ།། ཞེ་སོ་བཤེད་པོ་ཡིན་ནོ།། ད་ནི་ཞི་བར་བྱ་བའི་སྣུམ་གྱི་ཆོ་ག་སྨྲས་པ་ནི། ཞི་བྱ་ལྟོགས་བཅས་ཟས་མེད་པར།། འབྲིང་ཚད་ཙམ་ནི་བསྔགས་པ་ཡིན།། ཞེས་བྱ་བ་ཡིན་ཏེ། ཞི་བར་བྱ
་བ་ལ་ནི་སྣུམ་ཟས་མ་ཟོས་པར་ལྟོགས་པ་དང་བཅས་པའི་སྐབས་སུ་བཏང་བ་བསྔགས་པ་ཡིན་ལ། དེ་ཡང་འབྲིང་ཚད་ཙམ་སྟེ། ཐུན་བཞིས་འཇུ་བ་བསྔགས་ཤིང་ཕན་པ་ཡིན་ལ། དེ་ཡང་ཟས་མེད་པ་སྟེ། ཟས་གང་དང་ཡང་མ
་བསྲེས་པར་ཡང་གཅིག་པུ་བཏིང་བ་བསྔགས་པ་ཡིན་ནོ།། བལྟ་བའི་སྣུམ་གྱི་ཆོ་ག་སྨྲས་པ་ནི། བརྟ་བ་ཤ་དང་ཞུ་བ་སོགས།། དེ་ཡང་འབྲས་ཆན་ཉུང་བཅས་པ།། བྱིས་པ་རྒན་པོ་སྐོམ་གྱིས་གདུངས། སྣུམ་འབྲས་ཆང་དངད་ཆེ་བ་དང་།། བུད་མེད
་སྣུམ་ནི་རྟག་བསྟེན་དང་།། དྲོད་ཆུང་དེ་དང་དགའ་མི་བཟོད།། ལྟོ་སྟི་ནོད་དཀྱིལ་ཆུང་ཚད་དུས། ཉམ་ཆུང་བ་ལ་བསྔགས་པ་ཡིན།། ཅེས་བྱ་བ་ལ། བརྟ་བའི་སྣུམ་གྱི་ཆོ་ག་ནི་ཞུ་ལ་སོགས་པ་དང་། ལྷན་ཅིག་བཏང་བ་བསྔགས་སོ།། ཤ་ཁུ
་ལི་སོགས་པའི་སྒྲས་ནི་བཟའ་བ་དང་སྣུམ་ཁུར་ལ་སོགས་པ་བསྡུའོ།། དེ་ཡང་འབྲས་ཚོན་དང་བཅས་པ་སྟེ། བཟའ་བ་དང་བཅས་པར་བྱའི། གང་སྦྱང་བཞི་བི་ཞེས་བྱ་བའི་སྣུམ་གྱི་ཆོ་ག་གཉིས་སོ།། སྔར་བཤད་བཞིན་པ་དག་ནི་ཟས་དང
་བཅས་པར་མི་སྟེ། གཉིས་ཀ་ཡིང་ཟས་ཀྱི་དུས་སུ་བཟའ་བ་བཀག་པ་ཡིན་ནོ།། དེ་ཡང་ཉུང་ངུ་སྟེ་ཆུང་ངུ་ཡིན་པ་ལ་ཡང་དེ་ནི་བྱིས་པ་དང་རྒན་པོ་ལ་སོགས་པོ་ལ་ཡང་ཕན་པ་ཡིན་ནོ།། དེ་བཞིན་དུ་སྐོམ་གྱིས་གདུངས་ཤིང་སྐོམ
་ད་ཆེ་བ་དང་ཀང་སྣུམ་དང་འགྲས་ཤིང་སྣུམ་པ་ལ་མི་དགའ་བ་དང་། ཆང་དད་ཆེ་བ་ཞིང་རྟག་ཏུ་ཆང་འཐུངས་པ་དང་། དེ་བཞིན་དུ་རྟག་པར་བུད་མེད་བསྟེན་པ་དང་། རྟག་པར་སྣུམ་བསྟེན་པ་དང་། ཕོ་བའི་མི་དྲོད་ཆུང་བ་དང
་བདེ་ཞིང་སྐྱིང་དེ་བར་གནས་པ་དང་། དཀའ་བ་མཱི་བཟོད་ཅིང་སྡུག་བསྔལ་བསྟེན་པར་མི་ནུས་པ་དང་། ལྟོ་བ་སྙི་བ་དང་། ནད་དཀྱིལ་ཆུང་བ་དང་། ཚ་བའི་དུས་ཏེ་སོ་གའི་དུས་དང་། ཉམ་ཆུང་བ་སྟེ། ལུས་ཟུངས་ཟད་པ་རྣམས་ཏེ། དེ་ཐམས
་ཅད་ལ་བརྟ་བའི་སྣུམ་བསྔགས་ཤིང་ཕན་པ་ཡིན་ནོ།། དང་པོ་བར་དང་ཟས་རྗེས་ཟོས།། ལུས་ཀྱི་སྨད་པར་སྟོང་ལས་བྱུང་།། ནད་རྣམས་སེལ་ཞིང་ལུས་ཀྱི་སྟོབས།། སྐྱོད་པ་རིམ་གྱིས་བྱེད་པ་ཡིན།། ཅེས་བྱ་བ་ལ། བརྟ་པ་ཞེས་བྱ་བའི
་སྣུམ་ཆུང་ངུའི་འདི་ནི་ཟས་ཀྱི་དང་པོར་བཏང་ན་ལུས་ཀྱི་རོ་སྨད་ལས་བྱུང་བའི་ནད་རྣམས་སེལ་བར་འགྱུར་རོ།། ཟས་ཀྱི་བར་དུ་བཏང་ན་ལུས་ཀྱི་བར་གྱི་ནད་སོལ་ཏོ།། ཟས་ཀྱི་རྗེས་ལ་བཏང་ན་རོ་སྟོང་ལས་བྱུང་བའི་ནད་རྣམས་སེལ་བར
་བྱེད་ངོ་།། དེས་ན་རིམ་པ་བཞིན་ཏེ། གོ་རིམ་མ་འཆོལ་ལུས་ཞེས་བྱ་བར་རོ་སྟོད་དང་རོ་སྨད་ཀྱི་སྟོབས་བསྐྱེད་པར་བྱེད་པ་ཡིན་ནོ།། དེས་ན་ཟས་ཀྱི་དང་པོར་བཏང་ནས་རོ་སླད་དུ་གཏོགས་ལ། རྐང་པ་ལ་སོགས་པའི་ལུས་ཀྱི་སྟོབས
་སྐྱེད་པར་བྱེད་པ་ཡིན་ནོ།། ཟས་ཀྱི་བར་དུ་བཏང་ན་ལུས་ཀྱི་བར་མ་ལྟོ་བ་དང་སྙིང་ག་ལ་སོགས་པའི་སྟོབས་སྐྱེད་པར་བྱེད་པ་ཡིན་ནོ།། ཟས་ཀྱི་རྗེས་ལ་བཏང་ན་ནཱ་མཱ་ཚོང་ཡན་ཆད་ཀྱི་ལུས་མགོ་བོ་ལ་སོགས་པའི་སྟོབས་བསྐྱེད་པར་བྱེད
་པོ་ཡིན་ནོ།། ད་ནི་སྣུམ་འཐུངས་པའི་རྗེས་ལ་བཏུང་བའི་ཆོ་ག་བསྟན་པར་བྱ་བའི་ཕྱིར་སྨྲས་པ་ནི། དེ་ནི་ལེགས་པར་སྨིན་ཕྱིར་དང་། ཁར་ཆགས་པ་ནི་ཕྱི་བའི་ཕྱིར།། སྣུམ་དད་འཐུངས་རྗེས་ཆུ་ཚན་བཏུང་།། ཨེ་རན་བ་ལླ་ཏ་ཀར
་མིན།། ཞེས་བྱ་བ་ལ། སྣུམ་དང་དངས་མ་འཐུངས་པའི་རྗེས་ལ། བདེ་བར་འཇུ་བར་བྱ་བའི་ཕྱིར་སྨྲ་བ་ནི། དེ་བཞིན་དུ། དེའི་ཚེ་ཁར་ཆགས་པ་ངག་མ་གོས་ཤིང་དག་པར་བྱ་བའི་ཕྱིར་ཆུ་ཚན་བཏུང་བར་བྱའོ།། ཅི་སྣུམ
་དངས་མ་བཏུང་བ་ཐམས་ཅད་ལ་ཆུ་ཆན་བཏུང་བར་བྱ་བ་འམ། འོན་ཏེ་འགའ་ཞིག་ལ་བཏུང་བར་མི་བྱ་ཞེ་ན། ཨོཾ་རན་བྷལློ་ཏ་ཀར་མིན་ཞེས་སྨྲས་པ་ཡིན་ཏེ། ཨེ་རནྡྲ་བྷལླ་ཏ་ཀའི་སྣུམ་འཐུངས་པའི་སྐྱབས་སུ་ནི། ཆུ་ཆེན་བཏུང་བར་མི་བྱ་སྟེ། འོད
་གཉིས་ནི་ནུས་པ་ཤིན་ཏུ་ཚ་བ་དང་ལྡན་པའི་ཕྱིར། དེ་དག་གིས་གནོད་པ་སྐྱེད་པ་ཡིན་ནོ།། ཞུ་དང་མ་ཞུ་དོགས་སྐྱེ་ན། སླར་ཡང་ཆུ་ཚན་བཏུང་བར་བྱ།། དེས་ནི་སྒྲེགས་པ་ངག་འགྱུར་ཞིང་།། དེ་ལས་ཁོང་ཡང་ཡི་གར་འོང་།། ཞེས་བྱ་བོ་ལ། སྣུམ
་དངས་མ་འཐུངས་པའི་ཚེ། ཞུ་འམ་མ་ཞུ་བོའི་དོགས་པ་སྐྱེས་ཤིང་ཡིད་གཉིས་སུ་གྱུར་ན། སླར་ཞིང་ཡང་ཆུ་ཆེན་བཏུང་བར་བྱ་སྟེ། ཆུ་ཚན་དེས་དེའི་སྒྲེགས་པ་དག་ཅིང་མནམ་པ་མེད་པར་འགྱུར་བ་དང་། དེ་ཡང་དེ་ལས་ལུས་ཁོང་ཡང་བར
་གྱུར་པ་དང་། དེ་བཞིན་དུ་ཡི་གར་འོང་བ་སྟེ། ཟས་ལ་འདོད་པ་སྐྱེ་བར་འགྱུར་རོ།། ནང་པར་འཐུངས་སམ་བཐུང་བ་འམ། འཐུངས་པར་གྱུར་ཆེ་ཁ་ཟས་རན།། གཤེར་དྲོད་བད་ཀཱན་མི་སྐྱེད་དང་།། ཤིན་ཏུ་སྣུམ་མིན་འདྲེས་མིན་བཟའ།། ཞེས
་བྱ་བ་ལ། སྣུམ་འཐུངས་པའི་སྐྱེས་བུ་དེས་ཁ་ཟས་བཟའ་བར་བྱ་ལོ། དེ་ཡང་ཇི་ལྟ་བུ་ཞེ་ན། ཕལ་ཆེར་གཤེར་ཞིང་རླན་བག་ཡོད་པ་དང་། དྲོ་བའི་བད་ཀན་མི་སྐྱེ་བ་དང་། ཤིན་ཏུ་སྣུམ་པ་མ་ཡིན་པ་སྟེ། ཅུང་ཟད་སྣུམ་པ་དང་འདྲེས་པ
་མ་ཡིན་སྟེ། ཟས་གནོད་པ་དང་འདྲེན་མར་མ་ཡིན་པ་བཟའ་བར་བྱའོ།། དེ་ཡང་ཅི་ཞིག་བྱེད་པའི་ཚེ་ཞེ་ན་ནང་པར་སྟེ། ཕྱི་དེ་ཉིན་འཐུང་བར་ལྡོག་པ་འམ། ཡང་དེ་བཞིན་དུ་ཉིན་ཞག་དེ་ཉིད་ཀྱི་འཐུང་བ་དང་། དེ་བཞིན་དུ་དང་པོར་གང་གིས་སྣུམ
་འཐུང་བ་དེའི་ཚེ། ཁ་ཟས་འདི་ལྟར་བཟའ་བའོ།། ཁ་ལག་ཆུ་ཆུན་གྱིས་བཀྲུ་ཞིང་།། བུད་མཽད་མི་བསྟེན་མཚུན་མོ་ཉ་ལཾ། ཤུགས་དགག་དྲག་ཤུལ་ལས་རྣམས་དང་། ཁྲོ་དང་མྱ་ངན་ཉི་ཚན་གྲང་།། བསེར་བུའི་ཁར་འདུག་རྟེ་ཞོན་འགྲོ།། མང་སྨེ་རབ
་མཐོ་སྟན་ལ་འདུག། སྔས་ནི་རབ་མཐོ་རབ་དམའ་དང་།། ཉིན་ཉལ་དུང་རྡུལ་གནས་པ་སྤང་།། གང་གི་ཉིན་མོ་འཐུངས་གྱུར་པ།། དེ་ལྟར་གཞན་ལ་སྤང་བར་བྱ།། ཞེས་བྱ་བ་ལ། སྣུམ་འཐུངས་པའི་སྐྱེས་བུས་ཁ་ལག་བཀྲུ་བ་ལ་སོགས་པ
་ཆུའི་བྱ་བ་ཆུ་དྲོན་པོས་བྱ་བ་དང་། བུད་མེད་ལ་མི་བསྟན་ཅིང་ཉལ་པོ་སྤང་བར་བྱ་བ་དང་། དེ་བཞིན་དུ་མཚན་མོ་ཉལ་ཞིང་བདེ་བར་གཉིད་ལོག་པར་བྱ་བ་དང་། དེ་བཞིན་དུ་བཤང་གཅི་ལ་སོགས་པ་ཤུགས་མི་དགའ་བ་དང་། དེ་བཞིན
་དྲག་ཤུལ་གྱི་ལས་རྣམས་དང་ཁྲོ་བ་ནས་དུང་པ་དང་རྡུལ་གྱིས་ནང་དུ་འདུག་པའི་བར་དུ་སྤང་བར་བྱའོ།། དེ་ལ་དྲག་ཤུལ་གྱི་ལས་ནི་ལུས་དུབ་པར་བྱེད་པའི་ལས་དུ་མའོ།། རབ་མཐོའི་སྟན་ཅིག་མཐོན་པོ་ལོ་གཅིག་པུ་ཡུན་རིང་དུ་མ་འདུག
་པའོ།། མལ་དང་མགོ་བོའི་རྟེན་དུ་གྱུར་པ་ནི་སྔས་ཤེས་བྱ་སྟེ། དེ་ཡང་རབ་ཏུ་མཐོ་བ་དང་རབ་ཏུ་དམའ་བ་སྤང་བར་བྱའོ།། ཉིན་པར་ཉལ་བ་ནི་ཉིན་མོ་གཉིད་ལོག་པ་སྟེ་དེ་ཡང་སྤང་བར་བྱའོ།། དུད་པ་མི་དྲགས་པར་ཟད་ངོ་།། རྡུལ་ནི་རྡུལ
་ཁྲོད་དེ། དེར་གནས་པར་མི་བྱའོ།། དེ་བས་ན་སྣུམ་གྱི་ཆོ་ག་བྱེད་པས་ན། དེ་ཐམས་ཅད་སྤང་བར་བྱའོ།། དེ་ཡང་གང་གི་ཉིན་མོ་སྟེ། ཉིན་ཞག་གང་ལ་སྐྱེས་བུས་སྣུམ་འཐུངས་པར་གྱུར་པ་དེས། དེ་སྲིད་ཀྱི་ཉིན་ཞག་གཞན་ལ
་འང་གོང་དུ་སྨོས་པའི་ཐམས་ཅད་སྤང་བར་བྱའོ།། རིམ་འདི་ལས་རྣམ་པ་ཐམས་ཅད་དང་། ནང་ཟད་པ་ལ་སྤྱང་པར་བྱ། ཞེས་བྱ་བ་ལ། བཤད་མ་ཐག་པའི་ཆུ་ཚན་བཏུང་བ་ལ་སོགས་པའི་ལས་ཀྱི་རིམ་པ་བཞིན་འདི་ནི་སྣུམ་གྱི་ཆོ་ག་དང་། དུགས
་དང་སློན་སྨན་ལ་སོགས་པ་ནས་མེ་བཅའ་དང་། ཐལ་སྨན་རྣོན་པོ་བཏང་བའི་བར་དང་དེ་བཞིན་དུ་ནད་ཀྱི་ཉམ་ཆུང་བར་གྱུར་པ་ལ་ཡང་བྱ་སྟེ། སྣུམ་གྱི་ཆོ་ག་འབའ་ཞིག་ལ་འདི་བྱ་བར་མ་ཟང་ངོ་།། ཞི་བའི་སྣུམ་གྱི་ཉེར་སྤྱད་ནི། བཀྲུ་སྨན་བཏང
་བ་ལྟ་བུར་བྱ།། ཞེས་བྱ་བ་ལ། ཞི་བར་བྱ་བའི་སྣུམ་གཏོང་བའི་ཉེ་བར་སྤྱད་པ་ཟས་ལ་སོགས་པའི་རིམ་ནི་བཀྲུ་སྨན་བཏང་བ་ལྟ་བུ་སྟོ་བཀྲུ་སྤྲིན་བཏང་བ་ན་ཐུག་པ་ལ་སོགས་པ་བྱ་བ་གང་དགྲ་ཡོད་པ་དེ་དག་ཐམས་ཅང་ཞི་བར་བྱ་བའི
་སྣུམ་དེ་ཞུ་བོའི་སྐྱེས་བུ་ལ་ཡང་བྱའོ།། ལྟོ་སྟི་ཧཱུ~ཾན་མར་ཞག་གསུམ་བཏུང་།། ལྟོ་སྲ་བ་ཡིས་ཞག་བདུན་བཏུང་།། ཡང་ན་ཛ་སྲྀད་སྣུམ་པར་བཏང་།། དེ་ཕན་ཆད་ནི་གོམས་པར་འགྱུར།། ཞེས་བྱ་བ་ལ། སྐྱེས་བུ་ལྟོ་སྙི་བས་ཞུ་ནི་མར
་དངས་མ་ཞག་གསུམ་བཏུང་བར་བྱ་ལ། མི་ལྟོ་བ་སྲ་བས་ནི་ཞག་བདུན་གྱི་བར་དུ་བཏུང་ངོ་།། ཡང་ན་གཉིས་པོ་འདི་དག་ཁོ་ནར་ངེས་པ་མེད་དེ། སྐྱེས་བུ་ཁོང་སྣུམ་པར་གྱུར་པ་ཅི་སྲིད་གྱུར་པ་དེ་སྲིད་ཀྱི་བར་དུ
་བཏུང་བར་བྱ་སྟེ། ལེགས་པར་ཁོང་སྣུམ་པར་གྱུར་པ་ཉིད་འདིའི་ཚད་ངེས་པ་ཡིན་ནོ།། དེས་ན་དུས་ཇི་སྲིད་ཀྱི་ལེགས་པར་ཁོང་སྣུམ་པའི་མཚན་ཉིད་སྐྱེས་པར་གྱུར་པ་དེ་སྲིད་བར་དུ་བཏུང་བར་བྱའོ།། ཞེས་བྱ་བའི་དོན་ནོ།། དེ་ལྟར་ལེགས་པའི་སྣུམ
་པའི་མཚན་ཉིད་དུ་གྱུར་ཕན་ཆད་སྣུམ་དངས་མ་བཏང་བའི་ནི་གོམས་པར་འགྱུར་གྱི། སྦྱོར་བའི་བྱ་བ་མི་བྱེད་དོ།། ཞེས་བྱ་བའི་དོན་ནོ།། རླུང་ནི་བདེ་རྒྱུ་མེ་དྲོང་འབར།། བཤང་བ་སྣུམ་ཞིང་མི་སྲ་ལ།། སྣམོ་འདི་འདོད་ཅིང་སྙོམས་འགྱུར་ལ།། སྣུམ
་ལེགས་ཡིན་ཏེ་རྩུབ་གོ་བཟློག། ཞེས་བྱ་བ་ལ། སྐྱེས་བུ་ལེགས་པར་སྣུམ་གྱིས་ཞེན་པར་གྱུར་པ་ནི་རླུང་རྒྱུ་ཞིང་ལུགས་བཞིན་འབྱུང་བ་དང་། ཕོ་བའི་མེ་དྲོད་འབར་ཞིང་བངོ་བ་དང་། བཤང་བ་སྣུམ་བར་འགྱུར་གྱི་རྩུབ་པ་མ་ཡིན་པ་དང་། དེ
་བཞིན་དུ་མི་སྲི་བ་སྟེ། ཕལ་ཆེར་རྙེ་ཞིང་བརླན་པར་གྱུར་པ་དང་། དེ་བཞིན་དུ་སྣུམ་སྟེན་པར་བྱེད་པའི་སྐྱེས་བུ་སྣུམ་མི་འདོད་ཅིང་སྣུམ་ལ་ཞེ་དགའ་བར་འགྱུར་བ་དང་། དེ་བཞིན་དུ་ལུས་སྙོམ་ཞིང་རྨྱ་བག་ཏུ་གྱུར་པ་སྟེ། དེ་དག་ཐམས་ཅད་ནི་སྣུམ་གྱིས
་ལེགས་པོར་སྐུ་ནུམ་པའི་མཚན་ཉིད་ཡིན་ནོ།། སྐྱེས་བུ་སྣུམ་མེད་ཅིང་རྩུབ་པར་གྱུར་པ་ནི་དེ་ལས་གོ་བཟློག་པ་སྟེ། ཇི་སྐད་བ་ཤད་པའི་མཚན་ཉིད་ལས་བཟློག་པར་འགྱུར་རོ།། དེ་ཡང་རླུང་བདེ་བར་མི་རྒྱུ་བ་དང་། མེ་དྲོད་ཆུང་བ་དང་། བཤད
་བ་རྩུབ་པ་དང་། བསྒོངས་པ་དང་། སྣུམ་ལ་འདོད་པ་སྐྱེ་བར་འགྱུར་ཞིང་། སྙོམས་པར་མི་འགྱུར་རོ།། སྣུམ་དྲགས་པ་ཡི་སྐྱེ་བ་དང་། སྣ་དང་ཁ་རྐུ་བ་ལས་འཛག་འགྱུར།། ཞེས་བྱ་བ་ལ། སྐྱེས་བུ་སྣུ་མ་ཧ་ཅང་དྲགས་པར་གྱུར་པ་ནི། སྐྱ
་པོ་བསེང་བསེང་པོར་འགྱུར་བ་དང་། ཨཱནྟྲ་འཛག་པ་དང་། ཁན་འཛག་པ་དང་། རྐུབ་ནས་འཛག་པར་འགྱུར་རོ།། ཚད་དང་མི་ལྡན་དུས་མིན་གནོད།། ཟས་དང་སྤྱོད་ལམ་ལོག་པ་ཡིས།། སྣུམ་འཆོས་བྱེད་སྐད་གཞང
་2་བྲུམ་དང་།། ཁོང་རྨང་རེངས་ཤིང་སེམས་མྱོས་དང་།། གཡས་པ་མཛེ་དང་རིམས་སྐྱུག་གཟེར།། ལྟོ་སྤོས་མགོ་འཁོར་ལ་སོགས་འགྱུར།། ཞེས་བྱ་བ་ལ་སྣུམ་ཐམས་ཅད་ཚད་དང་མི་ལྡན་པར་ཟོས་པ་དང་། དེ་བཞིན་དུ་དུས
་མ་ཡིན་པར་ཟོས་པ་དང་། གནོད་པ་སྟེ་གང་ཞིག་ལྀ་གནོད་པར་འགྱུར་བ་དེ་ཟོས་པ་དང་། དེ་པོ་བཞིན་དུ་ཟས་དང་སྤྱོད་ལམ་ལོག་པ་དང་ལྡན་པས་སྤྱད་ན་སྐྲངས་པ་ལ་སོགས་པའི་ནང་སྐྱེ་བར་འགྱུར་རོ།། དེ་ཡང་ཚད་ནི་ཆུང་ངུ་དང་འབྲིང
་པོ་དང་ཆེན་པོ་སྟེ། གསུམ་པོ་དག་ནད་ལུས་ཟུངས་ལ་སོགས་པ་ལ་བལྟོས་ཏེ་གཏོང་བར་མི་བྱེད་པ་དེ་ནི་ཚང་དང་མི་ལྡན་པའོ།། དུ་ས་མ་ཡིན་པར་གཏོང་བ་དེ་ནི་དབྱེར་ན་དགུན་གྱི་ཚེ་མར་གཏོང་བ་དང་། ཆེན་མོ་གཏོང
་བ་དང་། སོ་ག་ཏིལ་མར་གཏོང་བ་དང་། ཉིན་པར་གཏོང་བ་ལྟ་བུའོ།། གནོད་པ་ནི་དཔེར་ན་བང་ཀན་གྱི་ནད་ལ་མར་གཏོང་བ་དང་། མཁྲིས་པའི་ནད་ལ་ཏིལ་མར་གཏོང་བ་ལྟ་བུའོ།། ཟས་ནི་ཁ་ཟས་ཚད་དང་མི་ལྡན་པར
་གང་བཤད་པ་དེ་ལོག་པ་ར་བ་གྱུར་ཞིང་། ཕྱི་ན་ཅི་ལོག་གིས་གང་གི་ཚེ་སྤྱོད་པར་བྱེད་པ་དེའི་ཚེ་སྐྱོན་དུ་འགྱུར་རོ།། སྤྱོད་ལམ་ནི་ཆུའི་བྱ་བ་ཆུ་ཚན་གྱིས་བྱ་བ་ལ་སོགས་པ་བཤད་པ་ལ་སོགས་ཏེ། དེ་ལོག
་པར་སྤྱོད་པ་དེ་ནི་དེ་དང་མི་མཐུན་པར་སྤྱོད་པ་སྟེ། དེ་དག་གིས་སྦྱངས་པ་ལ་སྩོགས་པའི་ནད་སྐྱེད་པར་འགྱུར་རོ།། དེ་ལ་བཀྲེས་སྐོམ་སྐྱུགས་སྨན་དྲུགས།། ཟས་སྐོམ་སྨན་ནི་རྩུབ་པ་དང་།། དར་བ་ཆང་རྙིངས་ཚོད་མ་དང་།། འབྲུ་རྒོད་ཅི་ཚེ་ཁྲེ་རྒོད་དང་།།
་སྦྲུསྦྲང་རྩི་འབྲས་གསུམ་བི་པི་ལིང་།། བ་གཅིན་གུ་གུལ་ཨ་རུ་ར།། ནང་དམིགས་སོ་སོ་ཇི་བཞིན་དུ།། སྣུམྲ་ལས་ནད་གྱུར་བཅོཾས་ཐབས་ཡིན།། ཞེས་བྱ་བ་ལ། སྣུམ་གྱི་ཆོ་ག་ལས་ནང་དུ་གྱུར་ཅིང་། སྣུམ་གྱི་ཆོ་ག་ལས་ཉམས་པས་ནང་དུ
་གྱུར་པ་དེ་ལ། དབྱུང་དུ་བྱ་བ་ནི་བཀྲེས་སྐོམ་ལ་སོགས་པས་གསོ་ཞིང་བཅོས་པར་བྱའོ།། དེ་ལ་བཀྲེས་པ་ནི་ལྟོགས་པར་བྱ་བ་སྟེ། ཟས་ཟ་བ་ལས་བཟློག་པའོ།། སྐོམ་པ་ནི་སྐོམ་གྱིས་གདུངས་པས་ཚར་བཅད་པའོ།། སྐྱུགས་སྨན་ནི་སློན་བཏང
་བའོ།། དུགས་ནི་འོག་ནས་བཤད་པའོ།། དེ་བཞིན་དུ་ཁ་ཟས་རྩུབ་མོ་ཟ་བ་དང་། སྐོམ་རྩུབ་པ་བཏུང་བ་དང་། སྨན་རྩུབ་པ་བསྟོན་པ་དང་། དང་བ་སར་པ་སྐ་བ་དང་། དར་བ་རྙིང་པ་དང་། ཆང་རྙིང་པ་དང་། ཚོད་མ་སྟེ། རྩ་བ་དང་འབྲས་བུ་ལས་བྱས
་པའི་ཚོད་མའི་རྣམ་པ་དང་། འབྲུ་རྒོད་དང་། འབྲས་ཀྱི་བྱེ་བྲག་ཨུ་ཏྟཱ་ལ་ཞེས་བྱ་བ་དང་། ཅི་ཙི་སྟེ། རྩཝ་འབྲུའི་བྱེ་བྲག་དང་། ཁྲེ་རྒོང་སྟེ་ཀོ་ཏྲ་པ་ཞེས་བྱ་བ་དང་། དེ་བཞིན་དུ་སྒྲེང་ལ་སོགས་པའི་སྨན་རྣམས་ནང་དམིགས་ལ་སོ་སོ་ཇི་ལྟར་བཞིན
་ནང་གང་གིས་སྨན་གང་ཡིན་པ་དེ་དེ་ལ་སྦྱིན་པར་བྱའོ།། རྩུབ་པ་དག་སྦྱང་བྱས་དང་། ཤིན་ཏུ་བྱས་དང་འདྲ་བ་ཡོན།། ཞེས་བྱ་བ་ལ། ལེགས་པར་རྩུབ་པར་གྱུར་པ་དང་། ལྷག་པར་རྩུབ་པར་དག་ནི་སྨྱུང་བ་དྲགས་པོའི་མཚན་ཉིད་དང་། འདྲ
་པར་ཤེས་པར་བྱ་བ་སྟེ། ཇི་ལྟར་ལེགས་པར་སྨྱུང་བར་བྱས་པའི་མཚན་ཉིད་གང་ཡིན་པ་དེ་ནི་ལེགས་པར་རྩུབ་ཆོས་བྱས་པའི་མཚན་ཉིད་དང་འདྲ་བར་ཤེས་པར་བྱ་ལ། དེ་བཞིན་དུ་ཤིན་ཏུ་སྦྱང་བར་བྱས་པའི་མཚན་ཉིད
་དང་ཤིན་ཏུ་རྩུབ་ཆོས་བྱས་པའི་མཚན་ཉིད་འདྲ་བར་ཤེས་པར་བྱའོ།། རློན་དྲྀ་སྐམ་ས་ལས་བྱུང་སྣུམ། ཤ་ཁུ་བཏུང་ཞིང་དུགས་དཔྱང་བྱ།། ཁྲུས་བྱེད་པའམ་སྐྲག་སྨན་བཏོང་ངོ་།། སྣུམ་བྱས་ཞག་གསུམ་གནས་པར་བྱ།། ཉིན་ཞག་གཞན་པ
་གཅིག་ཅིག་ན།། དེ་སྐྱིད་པ་ཡིས་བད་ཀན་སྐྱེད།། ཅེས་བྱ་བ་ལ། རློན་འི་དྲྀ་ཡང་སྐམ་ས་ལས་བྱུང་བ་ཡང་ཡིན། སྣུམ་པ་ཡང་ཡིན་པས། རློན་དྲོ་སྐོམ་ས་ལས་བྱུང་སྱཱམྦྷ་ཞེས་བྱ་བ་སྟེ། རློནཱི་ཞིང་དྲོ་བ་དང་། སྐམ་སའི་སྲོག་ཆགས་ཀྱི་ཤ་ལས
་གཡོས་པའི་ཤ་ཁུ་བཏུང་བ་དང་། དུགས་ཀྱི་བྱ་བ་ཀུན་ཏུ་སྤྱད་ཅིང་གནས་པར་བྱེད་པ་དང་། སྣུམ་གྱི་ཆོ་ག་བྱས་པས་ཞག་གསུམ་གནས་པར་བྱས་ནས། དེའི་འོག་ཏུ་ཉི་མ་བཞི་པ་ལ་ཁྲུས་བྱའོ།། སྐྲག་སྨན་ཡང་འདི་བཞིན་དུ་བྱ་སྟེ།
་དང་པོར་སྣུམ་གྱི་ཆོ་ག་བྱས་ལ། དེའི་འོག་ཏུ་སྒོམ་སའི་ཤ་རློན་ཞིང་དྲོ་བ་ལས་བྱུང་བའི་སྣུམ་གྱི་ཤ་ཁུ་འཐུངས་ན། དུགས་བྱེད་ཅིང་ཞག་གཅིག་གནས་པར་བྱས་ལ། ཉིན་ཞག་དེ་ལས་གཞན་པ་ཉིན་ཞག་གཉིས་པ་ལས་བོད
་ཀན་སྐྱེད་ཅིང་འཕེལ་བར་བྱ་བའོ།། གང་གིས་ཤེ་ན། དེ་སྐྱེས་པ་ཡིས་ཞེས་བྱ་བ་སྟེ། བད་ཀན་དེ་སྐྱེད་པར་བྱའོ།། འོ་མོ་དང་ཉ་ལ་སོགས་པས་བད་ཀན་སྐྱེང་ལ། དེའི་འོག་ཏུ་སྐྱུག་སྨན་བཏང་ངོ་།། ཤ་ཆེ་ཚིལ་ཆེ་བད་ཀན་མང་།།
་མེ་ཡིས་འཇུ་དྲོད་མི་སྙོམས་དང་།། སྣུམ་ལ་སོགས་པའི་སྣུམ་བྱ་རྣམས།། དེ་ནི་སྔོན་དུ་རྩུབ་ཆོས་བྱ།། དེ་ནས་སྣུམ་བྱས་སྦྱང་གྱུར་ན།། དེ་ལ་སྣུ་མ་ནི་མི་འབྱུང་ངོ་།། སྣུམ་ལ་གོམས་པར་གྱུར་པ་ན།། དྲི་མ་འཐོན་པར་འགྱུར་བ་ཡིན།། ཞེས
་བྱ་བ་ལ། ཤ་ཆེ་བ་ནི་མི་ཤ་རྒྱས་ཤྲིང་སྡོམ་པའོ།། ཚིལ་ཆེ་བོ་ནི་ཚིལ་གྱིས་རྒྱས་ཤིང་འཚོ་བའོ།། བདེ་ཀན་ཆེ་བ་ནི་པོ་ད་ཀོན་མང་བའོ།། མིའི་འཇུ་དྲོད་མི་སྙོམས་པ་ནི་ཕོ་བའི་མེ་དྲོད་ཀྱིས་འཇུ་བ་མི་མཉམ་པའོ།། སྣུམ་ལ་སོགས་པ
་ནི་རྟག་ཏུ་སྣུམ་ཟ་བ་སྟེ། དེ་ལྟ་བུའི་སྣམ་ཆོས་བཏང་བར་བྱ་བ་གང་ཡིན་པ་དེ་ནི་སྔོན་དུ་སྟེ། ཐོག་མར་རྩུབ་པ་ནི་ཟས་དང་སྨན་གྱིས་རྩུབ་ཚེས་བྱ་ལ། དེ་ནས་དེ་ལྟར་རྩུབ་འཆོས་བྱས་པའི་འོག་ཏུ། སྣུམ་པཆོས་བྱིསི་ལ་སྦྱངས་པར
་གྱུར་ན། ཤ་ཆེ་བ་ལ་སོགས་པ་དེ་ལ་སྣུམ་ནད་མི་འབྱུང་ངོ་།། དེ་བཞིན་དུ་ཤ་ཆེ་བ་ལ་སོགས་པ་རྩུབ་འཆོས་བྱས་ལ། ངོའི་འོག་ཏུ་སྣུམ་བཏང་ན། སྣུམ་ལ་སོགས་པར་གྱུར་པས་ན། དྲི་མའི་ཐོན་ཞིང་སྦྱོང་བིར་ནུས་པ་ཡིན་ནོ།།
་བྱིས་པ་རྒན་པོ་ལ་སོགས་པ། སྣུམ་འཚམི་སྤྱོད་བྱར་མི་ནཱིས་ལ། སྐྱེ་བར་མི་བྱེད་སྦྱོར་བ་འདིས།། འབྲེལ་དུ་སྣུམ་ནི་སྦྱང་བར་བྱེ།། ཞེས་བྱ་བ་ལ། སྣུ་མི་འཆོས་བྱས་པའི་བྱིས་པ་དང་། རྒན་པོ་ལ་སོགས་པ་སྔར་སྣུམ་གྱི་ཚོགས
་བརྟ་བར་བྱ་བར་བཤང་བ་རྣམ་མི་སྣུམ་འཆོས་སྤོང་བར་མི་ནུ་དེ་ལྟ་བུའོ་སྐྱེས་རྒྱས་ཆོ་ག་བྱ་བའི་ཕྱི་། ངསྐྱེ་ཞིང་བསྟོན་པར་མི་འགྱུར་སྦྱོར་བཛི། འཕྲོལ་དུ་དེ་འི་སྣུམ་གྱི་ཆོ་ག་སྦྱར་བར་བྱའོ།། དེ་ལིང་གང་མིན
་ཞེ་ན། དེ་ལ་མར་བརྔོས་ཤྭ་ནུ་དང་།། མར་བརྡོས་པ་ཡི་ཐུག་པ་འམ།། ཏིལ་ཕྱེ་སྣུམ་བཅས་བུ་རམ་ཆུང་།། བཅས་དང་ཀྲྀ་ས་ར་དང་ནི།། འོ་ཐུག་མར་མང་དྲོ་བ་འམ།། བུ་རམ་ཞོ་དང་བཅས་པ་འམ།། ཐུག་པ་སྣུམ་ནི་བཞི
་པ་ལ། ལྔ་པ་འབྲས་དང་ལྡན་པས་བྱ།། བདུན་པ་དེ་དག་འཕྲལ་སྣུམ་བྱ།། ཞེས་བྱ་བ་ལ། བྱིས་པ་དང་རྒན་པོ་ལ་སོགས་པའི་རྣམས་ལ་མར་བརྔོས་པའི་ཤ་ཁུ་ལ་སོགས་པའི་སྦྱོར་བ་བདུན་པོ་འདི་དག་ནི་འཕྲལ་གྱི་སྣུམ་གྱི་ཆོ་གེར་འགྱུརརོ།།
་དེ་ལ་ཤ་མང་པོ་མར་དང་བརྔོས་པ་དེའི་ཁུ་བ་ནི་སྦྱོར་བ་གཅིག་ཡིན་ནོ།། ཡང་མར་མིང་པོ་དང་བརྔོས་ཤིང་བཙོས་པའི་ཐུག་པ་བྱས་པ་ནི་སྦྱོར་བ་གཉིས་པ་ཡིན་ནོ།། དེ་བཞིན་དུ་ཏིལྀ་གྱི་ཕྱེ་མ་སྣུམ་དང་བཅས་པ་དང་། བུ་རམ་ཆུང་ངུ་དང
་བཅས་པར་སྦྱར་བ་ནི་གསུམ་པ་ཡིན་ནོ།། འདི་ར་སྣུམ་ནི་མར་ལ་སོགས་པའོ།། བུ་རམ་ཆུང་ངུ་ནི་བུ་རམ་ཕྲ་མོའོ།། དེ་བཞིན་དུ་ཀྲྀ་ས་རོ་ཞེས་བྱ་བ་ནི་ཏིལ་དང་འབྲས་ལ་སོགས་པ་ལོས་བྱིས་པའི་ཐུག་པ་གར་ཐུག་འདྲ་བ་ལ་སྣུམ་དང་བུ
་རམ་ཆུང་ངུ་བཏབ་པ་ནི་བཞི་པའོ།། ཡང་ན་འོ་མ་ནི་ཐུག་པ་སྟེ། འོ་མ་དང་བཙེས་པའི་ཐུག་པ་ཞུན་མར་མང་པོ་བཅུག་པ་དྲོ་བ་སྟེ་ལྔ་པའོ།། ཡོང་བུ་རམ་དང་འ་ཞོ་དང་བཅས་པའི་སྟེང་རིམ་ནི་དྲུག་པའོ།། ཡང་ན་ཐུག་པ་སྣ་ལྔ་པ་ཞེས
་བྱ་བ་སྣུ་མ་བཞི་པོ་ཞུན་མར་དང་ཏིལ་མར་དང་རྐང་དང་ཚིལ་སྲང་གཉིས་གཉིས་དང་ལྔ་པ་འབྲས་ཀྱང་སྲང་གཉིས་དང་ལྡན་པ་ཡིན་པས་ནི་དེའི་ཐུག་པ་ནི་བདུན་པའོ།། སྦྱོར་བ་འདི་དག་ནི་འཕྲལ་དུ་སྣུམ་གྱི་བྱ་བ་བྱེད་ཅིང་སྐྱོ་བ་དང་སུན་པར་མི
་བྱེད་པ་ཡིན་ནོ།། སྣུམ་རྣམས་ལན་ཚྭ་ཆེར་བཏབ་པ། དེ་ནི་བད་ཀན་སྐྱེད་རྩུབ་ཡིན།། ཕྲ་ཞིང་དྲོ་ལ་ལུས་ཁྱབ་བྱེད།། ཅེས་བྱ་བ་ལ། དེ་བཞིན་དུ་སྣུམ་བཞི་པོ་ཞུན་མར་དང་ཏིལ་མར་དང་རྐང་དང་ཚིལ་ཞེས་བྱ་བ་ལན་ཚྭ་ཆེར་བཏབ་པ་ནི།
་འཕྲལ་དུ་སྣུམ་པར་བྱེད་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ལན་ཚྭ་བཏབ་པ་དེ་ནི་བད་ཀན་སྐྱེ་ཞིང་འཛག་པའི་རང་བཞིན་ཙོན་ཡིན་པ་དང་། དེ་རྩུབ་པ་མ་ཡིན་ཞིང་སྣུམ་པ་དང་ཕྲ་བ་སྟེ། ཕྲ་མོ་རྣམས་ལ་འཇོག་ཅིང་ཁྱབ་པར་བྱེད་པ་དང་། དྲོ
་ཞིང་ཚ་བའི་ནུས་པ་དང་ལྡན་པ་དང་། ལུས་ཁྱབ་པར་བྱེད་པ་སྟེ། ལུས་མ་ལུས་པར་ཁྱབ་ནས་སྨིན་ཅིང་འཇུ་བའི་དོན་བྱེད་པ་ཡིན་པས། ལན་ཚྭ་ཆེར་བཏབ་པའི་སྣ་མི་ནི་འཕྲལ་དུ་སྣམ་འཆོས་སུ་འགྱུར་རོ།། མཛེ་དང་སྐྲངས་ནད་གཅིན་ནང
་ལ། བུ་རམ་བཅས་བཟེའ་འོ་མ་ཤ། ཏི་ལྀ་དང་མཱ་ཥཽ་ཆང་དང་ནོ།། སྣུམ་བྱའི་དོན་དུ་མི་བྱའོ།། ཞེས་བྱ་བ་ལ། མཛེ་ནང་ལ་སོགས་པ་ཡོད་པ་ལ་སྣུམ་གྱི་ཆོ་གར་བཟའ་བོ་བུ་རམ་དང་བཅས་པ་ལ་སོགས་པ་འདི་དག་བཏང་ཞིང་སྦྱིན
་པར་མི་བྱའོ།། དེ་ལྟར་སྣུམ་གྱི་ཆོ་གས་ཅི་ཞིག་བྱ་ཞེ་ན། འབྲས་གསུམཱ་པཽ་པི་ལིང་གུ་གུལ། ཨ་རུ་རྀ་ལ་སོགས་པ་བསྐོལ་ལ།། དེ་དག་སྣུམ་ལ་ཇི་བཞིན་དུ། གནོད་པ་མེད་པར་སྦྱར་བར་བྱ།། ཞེས་བྱ་བ་ལ། གོང་དུ་སྨོས་པའི
་མཛེ་ན་ལ་སོགས་པ་དེ་དག་ལ་སྣུམ་འབྲས་བུ་གསུམ་དང་། པི་པི་ལིང་དང་། གུ་གུལ་དང་། ཨ་རུ་ར་ལ་སོགས་པ་ན་དང་ཇི་ལྟར་འཚམ་པ་བཞིན་དུ་གནོད་པ་མེད་ཅིང་མི་འཕྲོད་པ་མེད་པར་ལེགས་པར་སྦྱར་ཞིང
་བཏང་བར་བྱའོ།། ནད་ཀྱི་ཉམ་ཆུང་གྱུར་པ་ལ།། ལུས་དྲོད་སྟོབས་སྐྱེད་ནུས་པ་བཏང་།། ཞེས་བྱ་བ་ལ། ནད་ཀྱིས་ཉམ་ཆུང་ཞིང་སྒེག་པའི་མི་ལ། སྣུམ་གྱི་ཆོ་ག་ལུས་ཀྱི་མེ་དྲོང་སྐྱེད་པར་ནུས་པའི་སྣམ་བཏང་བར་བྱའོ།། དེ
་ཡང་ལུས་དང་དྲོད་ནི་ལུས་དྲོ་དེ།། དེ་གཉིས་སྐྱེད་པར་ནུས་པོའི་སྣུམ་དེ་བཏང་བ་སྟེ། ལུས་ཀྱི་སྟོབས་སྐྱེད་པར་ནུས་པ་ནི་རྒྱས་ཤིང་འཕེལ་བར་འགྱུར་བའོ་དྲོད་ཀྱི་སྟོབས་སྐྱེད་པར་ནུས་པ་ནི་ཕོ་བའི་མེ་དྲོང་སྐྲད་པར་བྱེད་པའོ།། སྐྱེས་བུ་སྣམ
་ལ་བསྟེན་པར་བྱེད་པ་རྣམས།། ནང་གི་དྲོད་འབར་ཁོང་པ་དགེ་པ་དང་།། ལུས་ཟུངས་ཕྲལ་བརྟ་སྟོབས་དང་མདོག་བཟང་ལྡན།། དབང་ལྡན་རྒས་སྲ་ལོ་བརྒྱ་ཐུབ་པར་བཤད།། ཅེས་བྱ་བ་ལ་སྐྱེས་བུ་གང་ཞིག་དུས་སུ་སྣུམ་ལྀ་བརྟེན་ཅིང
་གནས་པར་བྱེད་པ་ནི་ནང་གི་དྲོད་ཅེས་བྱ་བ་ཕོ་བའི་མེ་དྲོང་བདོ་བར་འགྱུར་པ་དང་ཁོང་པ་དག་ཅིང་ནད་མེད་པར་འགྱུར་བ་དག་དང་ལུས་ཟུངས་བདུན་པོ་འཕྲོལ་བརྟ་ཞིང་སྐྱེ་བར་འགྱུར་བ་དང་སྟོབས་དང་མདོག་བཟང་ཞིང་ཡིད་དུ་འོང་བར
་འགྱུར་བ་དང་། དབང་པོ་བརྟན་པ་སྟེ། མཽག་ལ་སོགས་པའི་དབང་པོ་རང་གི་བྱ་བ་བྱེད་པར་ནུས་ཤིང་། གསལ་བར་འགྱུར་བ་དང་། རྒས་སྲ་ཞིང་སྐྲ་དཀར་མེད་པར་འགྱུར་བ་དང་། ལོ་བརྒྱ་འཚོ་ཞིང་གནས་པས་ན། ལོ་བརྒྱ་ཐུབ་པ་སྟེ། སྣུམ་ལ་བརྟེན་པའི
་སྐྱེས་བུ་ལ་ཡོན་ཏན་འདི་དག་འབྱུང་བར། དྲང་སྲོང་རྣམས་ཀྱིས་བཤད་ཅིང་བསྟན་པ་ཡིན་ནོ།། །། ཡན་ལག་བརྒྱད་པའི་སྙིང་བོ་བསྡུས་པའི་རྣམ་པར་འགྲེལ་པ། ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས
་རྣམ་པར་སྦྱང་བ་ལས། ལེའུ་བཅུ་དྲུག་པའི་རྣམ་པར་འགྲེལ་པའོ།། ། དེ་ནས་དུགས་ཀྱི་ཆོ་གའི་ལེའུ་བཤད་པར་བྱའོ།། ཞེས་བྱ་བ་ལ། དུགས་ནི་ཕལ་ཆེར་དང་པོར་སྣུམ་འཆོས་བྱས་ནས་འདིར་བྱ་དགོས་པས་ནི། དེའི་ཕྱིར་སྣུམ་གྱི་ཆོ
་གའི་འོག་ཏུ་དུགས་ཀྱི་ཆོ་གའི་ལེའུ་བཤད་ཅིང་བསྟན་པ་ཡིན་ནོ།། དེ་ཡང་དྲང་སྲོང་ཙ་ར་ཀས།། དུགས་ཀྱིས་གསོ་བར་བྱ་བའི་ནད།། རླུང་དང་བདྨ་ཀན་བདག་ཉིད་ཅན།། སྣུམ་གྱི་དངོས་སུ་འགྲོ་བ་ཡི།། དུགས་ཀྱིས་རབ་ཏུ་ཞི་བར་འགྱུར།། ཞེས
་བཤད་པ་ཡིན་ནོ།། དུགས་ཀྱི་ཆོ་ག་ནི་ལས་སུ་བྱ་བ་ཉིད་དེ། དེའི་ཚུལ་གྱིས་ལེའུ་ཡིན་པྲ་ན་དུགས་ཀྱི་ཆོ་གའི་ལེའུའོ།། དེ་ལ་དུགས་ཀྱི་ཆོ་ག་ནི་དབྱེ་བའི་དབང་དུ་བྱས་ནས་སྨྲས་པ་ནི། དུགས་བསྲོ་བཅིང་དང་ཐ་མལ་པ།། ཆུ་དུགས་དབྱེ་བས་རྣམ
་པ་བཞི།། ཞེས་བྱ་བ་ཡིན་ཏེ། བསྲོ་བ་དང་། བཅིང་བ་དང་། ཐ་མལ་པ་སྟེ། ཆུ་དུགས་ཞེས་མཚམས་སྦྱར་བར་བྱའོ།། དེས་ན་དུགས་ནི་བསྲོ་བ་ལ་སོགས་པའི་དབྱེ་བས་མེའི་ལུམས་སཾ་རྣམ་པ་བཞིར་འགྱུར་རོ།། བསྲོ་བ་གོས་དང་ལྕགས་དང་ནི།། ལག
་མཐིལ་ལ་སོགས་མེས་བསྲོའོ།། ཞེས་བྱ་བ་ལ། བསྲོ་བའི་དུགས་ནི་གོས་ལ་སོགས་པ་མེ་ལ་བསྲོ་ས་པས་བསྲོ་བར་བྱ་སྟེ། གོས་ནི་བགོ་བ་སྟེ་བལ་ལ་སོགས་པ་ལ་བྱའོ།། ལྕགས་ནི་ལྕགས་ཀྱི་དཔྱད་ཐོང་ལྕགས་ལྟ་བུ་ལ་སོགས་པའོ།། ལག
་མཐིལ་ནི་ལག་པའི་མཐིལ་ལོ།། སོགས་པའི་སྒྲས་ནི་བུམ་པ་དང་། འཁར་བའི་སྣོད་ལ་སོགས་པ་བསྡུའོ།། བཅིང་བ་ཤྲྀ་དག་སྦྲང་མ་དང་།། ཐང་ཤིང་ཤ་ཏ་པུཥྤ་དང་།། འབྲུ་ཀུན་དྲི་རྣམས་རསྣ་དང་།། ཨེ་རཎྜའི་རྩེ་ཤུ་དག་དང་།། སྣུམ་བག
་ཚྭ་དང་དར་བ་དང་།། འོ་མཱས་སཱུ་ས་ཤིང་ཚྭ་ཆེར་བཏབ།། རླུང་ལས་གྱུར་པ་འབའ་ཞིག་སེལཱ།། བད་ཀན་འདྲེས་ལ་བྱེ་རུག་སོགས།། མཁྲིས་པ་འདྲེས་ལ་ཤུག་སོགས་ཀྱིས།། གླན་པ་ཞེས་བྱ་ཡང་ཡང་བྱཱ།། དཀྲི་བ་སྣུམ་ཞིང་ནུས་པ
་དྲོ།། སྤུ་འཇམ་པགས་རྡུལ་མིན་པས་དཀྲི།། མ་རྙིང་རླུང་འཇོམས་ལོ་མ་དང་། དར་དང་སྣམ་བུ་རས་ཀྱིས་དཀྲིས།། མཚན་མོ་དཀྲིས་པའི་ཉིན་མོ་དགྲོལ།། ཉིན་པར་བྱས་པ་མཚན་མོ་དགྲོལ།། ཞེས་བྱ་བ་ལ་བཅིང་པོའི་དུགས་ནི་ཤུ་དག་དང་།། སྤང
་མ་ལ་སོགས་པ་སྣུམ་ལ་སོགས་པ་དང་སྦྲུས་ཤིང་བསྲེས་པ་དང་། དེ་བཞིན་དུ་ལན་ཚྭ་ཆེར་བཏབ་ཅིང་ལན་ཚྭ་ལྷག་པར་མང་དུ་བཏབ་པ་དག་རླུང་ལས་བྱུང་བའི་ནད་འབའ་ཞིག་སྟེ། ནད་གཞན་དང་མ་འདྲེས་པའི་རླུང་ནང་སེལ་ལོ།། བད་ཀན
་དང་འདྲེས་པའི་རླུང་ལ་ནི་བྱེ་རུག་པ་ལ་སོགས་པ་པུ་རས་རྣམ་གཉིས་དང་། ཀུ་ཐེ་ར་ལ་སོགས་པའི་སྡེ་ཚན་དུ་བཤད་པ་དག་གིས་བྱའོ།། དེ་བཞིན་དུ་མཁྲིས་པ་དང་འདྲེས་པའི་རླུང་ལ་ནི་ཤུག་སོགས་ཀྱིས་ཞེས་བྱ་བ་ལ། པདྨ་དང་པྲ
་པུ་རྨ་རི་ཀ་ལ་སོགས་པའི་སྡེ་ཚན་དུ་བཤད་པས་སོ།། སྣུམ་བག་ཚྭ་དང་། དར་བ་དང་། འོ་མས་སྦྲུས་ཤིང་ཆེ་ཆེས་བཏབ། ཅེས་བྱ་བ་ནི་གསུམ་ཆར་དང་སྦྱར་བར་བྱ་སྟེ། དཀྲི་བ་གསུམ་པོ་དེ་དག་རིམ་པ་བཞིན་དུ་སྦྱར་བར་བྱའོ།། དེ
་ནི་གླན་པོ་ཞེས་ཀྱང་བྱ་སྟེ། དེས་ཡང་དང་ཡང་དུ་དུགས་བྱའོ།། གཞན་དག་ལས་ཀྱང་། ར་ཉེ་བ་སོ་གས་རླུངས་འཇོམས་བཅས།། སྐུར་བའི་གཤེར་རྫས་ཀུན་དང་ལྡན།། རླན་ཅན་ཤ་དང་ལེགས་པར་བཙོས།། སྣམ་ཀུན་དང་ནི་ཡང
་དག་ལྡན།། དྲོ་འཇམ་ལནྣ་ཚྭ་ཤས་ཆེར་དྲོ།། གླན་པ་ཞེས་ནི་བཤང་བ་ཡིན།། ཞེས་བྱ་བ་འབྱུང་བ་ཡིན་ནོ།། དཀྲི་བ་ནི་དཀྲིས་ཤིང་བཅིངས་པ་ན་དཀྲིས་པ་ཞེས་བྱ་སྟེ། བཅིངས་པ་ལ་ཞེས་བྱ་བའི་དོན་ཏོ།། དེ་བས་ན་མང་དུ་བྱུགས་ལ་སྣུམ་པ་དང་ནུས་པ
་དྲོ་བ་དང་། སྤུ་འཇམ་པའི་པགས་པ་དུལ་བ་མ་ཡིན་པས་དཀྲི་བར་བྱའོ།། དེ་མ་རྙེད་ཅིང་མེད་པར་གྱུར་ན། རླུང་འཇོམས་ཤིང་ནུས་པ་དང་ལྡན་པའི་རྩཝ་ཤིང་གསོ་མ་ལ་སོགས་པའི་ལོ་མས་བཅིངས་ཤིང་ཡན་ལག་དཀྲིས་པ་སྟེ། མཚན་མོ་དཀྲིས
་ནས་ཉིན་པར་དགྲོལ་བར་བྱ་སྟེ། དེ་ནི་ཚ་བ་མེད་པའི་ཕྱིར་བྱའོ།། ཉིན་མོ་དཀྲི་ཞིང་བཅིང་བ་བྱས་པ་ནི་མཚན་མོ་དཀྲོལ་བར་བྱའོ།། ལ་ལར་ནི་ཡུལ་ནད་ཀྱིས་དབང་གིས།། ཡན་ལག་ཆག་པ་ལ་སོགས་པ། ཉིན་ཞག་གཉིས་སམ་གསུམ་བཞག
་པར་བྱ་བ་ཡང་ཡོད་དོ།། སྡོང་མ་ཡང་ནི་ཆང་གི་སྙིགས་མའོ།། འབྲུ་ཀུན་ནི་གྲ་མ་དང་། གོང་བུ་ཅན་གྱི་སྡེ་ཚན་ལས་བཤད་པའོ།། དྲི་རྣམས་ནི་སྤང་སྤོས་དང་།། རུ་རྟ་དང་། ཨ་ག་རུ་ལ་སོགས་པའོ།། ཨེ་རཎྜ་རྩ་ནི་ཤིང་ཨེ་རཎྜའི་རྩ་བའོ།།
་ཤ་ནཽ་རླན་ཅན་གྱི་ཤ་ལས་ཚོ་གུ་ཞིབ་མོར་གཏུབས་པའོ།། སྣུམ་བག་ནི་ཏིལ་མར་ལ་སོགས་པའོ།། གཞན་དག་ནི་གོ་བར་ཟད་དོ།། ཐ་མལ་པ་ནི་ཁུར་བ་དང་། བོང་བ་གྱོ་མོ་རྡོ་ས་ཕྱེ།། གསོ་མའི་ལོ་མ་འབྲུ་རྣམས་དང་།། ལྕི་རིལ་བྱེ་མ་ཕུབ་མ
་རྣམས།། ཐབས་རྣམས་དུས་མས་ལེགས་བསྲེས་པ།། ཡུལ་དང་དུས་ལས་དཔགས་ཏེ་སྦྱར།། ཞེས་བྱ་བ་ལ། ཐ་མལ་པ་ཞེས་བྱ་བའི་དུགས་ནི། བལ་དང་ཁུར་བ་ལ་སོགས་པས་བྱ་སྟེ། དེ་ཡང་ནས་དང་མོན་སྲན་གྲེའུ་དང་། ཏིལ་ལ
་སོགས་པ་བཏགས་ནས། སྦྲུས་ཏེ་བཙོས་པ་ཁུར་བ་ལྟ་བུར་བྱས་ནས། དུགས་སུ་བྱ་བའི་ཐབས་ལ་སྦྱར་བ་གང་ཡིན་པ་དེ་ནི་ཁུར་བའི་དུགས་ཞེས་བྱའོ།། བོང་བ་དང་གྱོ་མོ་དང་། རྡོ་བ་ནི་མེར་བསྲེགས་ལ་མེའི
་མདོག་ཅན་དུ་བྱས་ལ། ཆུའམ་རློན་པའི་ནང་དུ་ནུབ་པར་བྱས་ལ་རློན་པ་དེ་གོས་རིམ་གཅིག་གིས་དཀྲིས་པས་དུགས་བྱའོ།། སཾ་བྱེ་དང་གསོ་མའི་ལོ་མ་ན་དང་འབྲུ་རྣམས་དང་། བ་ལ་སོགས་པའི་ལྕི་བ་དང་། རིལ་མ་དང་ཕྱེ་མ་དང་ཕུབ་མ
་མ་རྣམས་ཆུ་སྐྱར་མོ་དང་བསྐོལ་ལ། གོས་ཀྱི་ནང་དུ་བཅུག་པོས་དུགས་བྱའོ།། ཐབས་མང་དུ་མས་ལེགས་བསྲོས་པ་ཞེས་བྱ་བ་ནི། རྫ་མ་དང་སྦུ་གུ་དང་རྫ་སྐྱོགས་དང་། སླ་ང་ལ་སོགས་པའི་ཐབས་ཀྱི་ལེགས་པར་བསྲོས་པའི་ཁུ་བ་ལ་སོགས
་པའི་དུགས་པོ་རྣམས་ཡུལ་དང་དུས་ལ་དཔགས་ནས་སྦྱར་བར་བྱ་སྟེ། ཡུལ་ནི་སཱི་ཡུའ་ཕྱོགས་དང་། ལུས་ཀྱི་ཡན་ལག་གི་ཕྱོགས་སོ།། དུས་ནི་སྐད་ཅིག་མུ་ལ་སོགས་པའི་མཚན་ཉིད་དང་། ནང་པའི་གནས་སྐབས་ཀྱི་མཚན་ཉིད་དོ།། དེ་ལ
་དཔགས་པ་ནི་དེའི་དབང་དུ་བྱས་ཏེ། དུགས་ཀྱི་སྦྱོར་བ་འདི་བྱའོ།། དེ་ཡང་ལུས་ཀྱི་ཡུལ་ནི་དཔེར་ན། རླུང་ནི་མ་ཞུ་བའི་གནས་ཞུགས་དང་། ཞེས་བྱ་བ་ལ་སོགས་པའོ།། སའི་ཡུལ་ལས་དཔགས་པ་ནི། ཡུལ་རླན་ཅན་དུགས་བྱ་དགོས
་པ་དེ་ལྟར་སྐམ་སར་མ་ཡིན་ནོ།། དུས་ལས་ནི་དཔེར་ན་དགུན་ནི་དུགས་གཞན་དག་བྱ་དགོས་ལ། སོ་གར་གཞན་དག་བྱའོ།། ནང་པ་ལས་ནི་དཔེར་ན་དུགས་ལ་ལ་ནི་མཁྲིས་པ་དང་འདྲེས་པའི་རླུང་ལ་དགོས་ལ། ལ་ལ་ནི་བང་ཀན
་དང་འདྲེས་པའི་རླུང་ལ་དགོས་ལ། ལ་ལ་ནཱི་རླུང་འབའ་ཞིག་ལ་དགོས་པའོ།། འབྲུ་རྣམས་ནི་འབྲུའི་རིགས་ལོ་མ་ད་ཀྲུགས་ཤིང་བཅོམ་པའོ།། ཆུ་དུགས་ཤི་ཀྲུ་བ་ར་ནཱ། ཨ་རཏྣ་དང་ཀ་རཉྫ།། བྱེའུ་རུགས་པ་ཨ་རྫག། ཤི་རི་ཤ་དང་བའངན
་ཀེ། འོ་མ་ཨ་རྒི་མ་ལ་ཏེ།། ཡ་བ་ཤ་གའི་ལོ་མས་བཀྲྀ།། ཤུ་དག་ལ་སོགས་སྨན་རྣམས་དང་།། གཤེག། ས་ས་ཆུར་གནས་ཤ་རྣམས་དང་།། རྩ་བཅུ་ནང་འཇིགས་ཇི་བཞིན་དུ།། སོ་སོ་འོམ་ལྡན་ཅིག་སྦྱར་ནས་ནི།། སྣུམ་ལྡན་ཆད་དང
་ཚྭ་དང་ནི།། འོ་མ་ཆུ་སོགས་ཀྱིས་བཙོས་ལ།། བུམ་པ་འམ་སྦུ་གུ་རིང་པོ་ནི།། བཀང་ལ་ནད་ཀྱིས་ཉམ་ཐག་པའི།། ལུས་ནི་གོས་ཀྱིས་དཀྲིས་ནས་སུ།། ཅི་བདེ་བར་ནི་སྣུམ་ཆུ་བླུག། ལུས་ལ་རླུང་ནད་ཞུགས་གྱུར་པ།། དེ་ཉིད་ཀྱིས་འདིར་བཀང
་སྣོད་དུ།། ནད་པ་ཞུགས་ཏེ་གནས་ནས་ནི།། གཅིན་སྲི་གཞང་འབྲུམ་སོགས་ནད་སེལ།། ཞེས་བྱ་བ་ལ། ཤི་ཀྲུ་ནས་བརྩམས་ཏེ། ཡ་བ་ཤ་ཀྲའི་བར་གྱི་སྡེ་ཚིན་དེ་རྣམས་ལས་ལོ་མ་རྣམས་བཀྲྀ་ཞིང་མཉེས་ལ། དེ་རྣམས་དང
་དྲི་བཞིན་དུ་ཤུ་དག་ལ་སོགས་པའི་སྨན་སྔར་བཤང་བ་རྣམས་དང་། དེ་བཞིན་དུ་གཤོར་ས་དང་ཆུན་གནས་པའི་རོ་ཧི་ཏ་པ་ཐཱི་ན་ལ་སོགས་པའི་ཉ་དང་། དེ་བཞིན་དུ་རྩ་བ་བཅུ་པ་ཞེས་ནད་ཀྱི་དམིགས་ཇི་ལྟ་བ་བཞིན་དུ་སོ་སོ་འམ་ལྡན
་ཅིག་བཏང་བ་སྟེ། སོ་སོ་རེ་རེ་ནས་བཏང་བའིམ། མ་ལུས་པ་ལྷན་ཅིག་སྦྱར་ཞིང་བསྲེས་ནས། ནད་དོམི་གས་ཇི་ལྟ་བ་བཞིན་དུ། དེ་དང་རྗེས་སུ་མཐུན་པར་སྦྱར་བར་བྱའོ།། ཞེས་བྱ་བའི་བར་དུའོ།། དེ་བཞིན་དུ་སྣུམ་དང་ལྡན་པ
་སྟེ་སྣུམ་ཡོད་པའོ།། འདིར་ཡང་། ནད་ལས་དཔགས་པ་དང་སྦྱར་བར་བྱ་སྟེ། མར་ལ་སོགས་པ་ནང་གང་དང་གང་ལ་ཕན་པའི་སྣུམ་དེ་དང་དེ་དག་དང་ལྡན་པར་བྱ་བ་དང་། དེ་བཞིན་དུ་དེ་དང་མཉམ་པའི་ཆང་ལ་སོགས་པ
་དང་བཙོས་པ་ནད་དམིགས་ཇི་ལྟ་བུ་ལས་དཔགས་ཏེ། བླུགས་པའི་ཆུ་དེ་བུམ་པ་ཆུ་སྣོད་ཀྱི་རྣམ་པར་བྱས་པ་མཆུ་ཕྲ་མོ་བཏོང་བའི་ཆུ་བླུགས་པའམ། སྦུ་གུ་ནི་རིང་པོ་ཁ་གྱེན་དུ་བལྟས་པའི་ནང་དུ་བཅུག་སྟེ། བཀང་ལ་ནད་ཀྱིས་ཉམ་ཐག་པ་སྟེ།
་གཟེར་ལ་སོགས་པས་ཉོན་མོངས་པར་གྱུར་པའི་ལས་གོས་ཀྱིས་དཀྲིས་ལ། སྣུམ་ཞིང་རླུང་འཇོམས་པའི་སྨན་དང་བསྐོལ་བ་བླུག་པར་བྱ་སྟེ། དེ་ཡང་ཅི་བདེ་བ་སྟེ། ཅི་ནས་བདེ་བ་ལ་རེག་པར་གྱུར་པའི་ཚུལ་དུ་བྱ་སྟེ། འདིར་ལན་འགའ་ནི་ཅུང་ཟད
་དྲོ་བས་བྱའོ།། ལན་འགའ་ནི་དྲོ་བས་བྱའོ།། ལན་འགའ་ནི་ཤིན་ཏུ་དྲོ་བས་བྱའོ།། དེ་བྱུག་པས་ན་ཆུའི་རྒྱུན་གྱི་ཁྱད་པར་གང་ཞིག་གིས་རྒྱུན་མི་འཆད་པར་བླུགས་ཤིང་ཆུ་ལ་སོགས་པའི་གཤེར་རྗེས་འཛག་པར་འགྱུར་བས་ནི་བླུགས
་པ་ཞེས་བྱའོ།། ཆུའི་དུགས་ནི་རྣམ་པ་གཉིས་ཏེ། རྒྱུན་བླུགས་པ་དང་། ཆུ་ལ་པོ་ཅིང་བཅིངས་པའོ་དེ་ལྟར་བླུགས་པ་བོ་ཤེད་ཟིན་ནས། ད་ནི་ཆུ་ལ་བཅིང་བ་བཤད་པའི་ཕྱིར་ལུས་ལ་ཞེས་བྱ་བ་ལ་སོགས་པ་བཤད་པ་ཡིན་ཏེ། ནད་པ་ལུས་ཀྱི
་ཡན་ལག་ཐམས་ཅད་ལ་རླུང་ནང་ཞུགས་ཤིང་རླུང་གིས་ཉེན་པ་དག་དེ་ཉིད་ཀྱིས་ཞེས་བྱ་བ་སྔར་བཤད་པའི་སྨན་ཆུས་སྣོད་ཆེན་པོ་བཀང་ལ། བཀང་བའི་སྣོད་དེར་ནད་པ་བཅུག་སྟེ། སྙིང་ག་ལ་སོགས་པ་བསྲུང་ཞིང་གནས་པར་བྱའོ།། སྣོད
་ཚེ་སྨོས་པ་ནི་སྤྱི་མིང་ཙམ་དུ་ཉེ་བར་མཚོན་པ་ཙམ་སྟེ། ཟངས་ཆེན་པོ་འམ། གཞོང་པ་རིང་པོ་ཆེན་པོ་སྨན་ཆུས་བཀང་བའི་ནང་དུ་འཇུག་ཅིང་བཅིངས་ཏེ། གནས་པར་བྱའོ།། དེ་བཞིན་དུ་གཞང་འབྲུམ་དང་། གཅིན་སྲི་བ་ལ་སོགས་པ་ལུས་ཀྱི་ཕྱོགས
་གཅིག་ན་བར་གྱུར་པ་ལ་ནི་ནད་ལ་སྩོགས་པའི་ཚུལ་ལས་དཔགས་ཏེ། སྦྱར་བར་བྱའོ།། རླུང་མེད་ཕྱི་ནང་སྣོམ་བཅས་ཤིང་།། \ུ0f7fསོ་འཇུའི་དུས་སུ་དུགས་དཔྱད་བྱ།། ནོད་དང་ནད་པ་ཡུལ་དུས་ཀྱིས།། དབང་ལས་ཆུང་འབྲིང་ཆེན་པོར་བྱ།། ཞེས་བྱ་བ་ལ།
་རླུང་མེད་པའི་སོ་ཕྱོགས་སུ་སྐྱེས་བུའི་ལུས་ཕྱི་དང་ནང་སྣུམ་དང་བཅས་པར་བྱསོ་ལ། ཁ་ཟས་སྣརོན་དང་ཞུ་ཟིན་པར་གྱུར་པའི་དུས་སུ་དུགས་དཔྱོད་པར་བྱ་འོ། དུགུས་དེ་ཡང་ནད་ལ་སོགས་པའི་དབང་གིས་ཆུང་ངུ་ལ་སོགས་པའི་ཚད་གསུམ
་དུ་འགྱུར་རོ།། དེ་ཡང་ཆུང་ངུ་དང་འབྲིང་དང་ཆེན་པོ་གསུམ་དུ་འགྱུར་ལ། དེ་བཞིན་དུ་ནད་པ་ཡང་སྟོབས་ལ་སོགས་པ་ལ་ཆུང་ངུ་དང་འབྲིང་དང་ཆེན་པོར་འགྱུར་བ་ཡོད་དོ།། ཡུལ་ཡང་རླན་ཅན་དང་། སྐམ་ས་དང་འདྲེན་མ་སྟེགས་གསུམ
་ཡོད་དོ།། ལུས་ཀྱི་གནས་ཀྱང་མགོ་བོ་དང་ཕྲག་པ་དང་། སྟོ་བ་དང་། བྱིན་པ་ལ་སོགས་པའི་དབྱེ་བས་ཕྱེ་བ་ཡིན་ནོ།། དུས་ཀྱང་དྲོ་བ་དང་། གྲང་བ་དང་། འདྲེས་པའི་དབྱེ་བས་ཕྱེ་བ་ཡིན་ནོ།། དབང་ལས་ཞེས་བྱ་བ་ནི་དེ་དག་གཙོ་བོར་བྱས་པ
་ལས་སོ།། བངད་ཀན་གྱིས་ཉེན་ལས་རྩུབ་བྱེ།། བད་ཀན་གྱིང་ཆུབ་སྡུ་མོ་བྱ་ཞེས་བྱ་བ་ལ། བདཀོན་གྱི་སོ་ཉེན་ཅིང་བདཀན་གྱོ་ཤས་ཆེ་བའི་སྐྱེས་བུས་དྲེགས་རྔུབ་མོ་བྱའོ།། སྣུམ་བཻ་མི་བྱའོ།། དེ་བཞིན་དུ་སྐྱེས་བུ་ནུབ་པར་གྱུར་ཅིང་བད་ཀན
་ཡོད་པ་དག་གིས་དུགས་གཞན་ལྟར་དང་པོར་སྣུམ་འཆོས་མི་བྱའོ།། བད་ཀན་དང་རླུང་ཡོད་པས་རྩུབ་པ་དང་། སྣུམ་པ་འདྲེན་མའི་དུགས་སྦྱར་བར་བྱའོ།། རླུང་ནི་མ་འུའི་གནས་ཞུགས་དང་།། བད་ཀནྡ་ཞུ་བའི
་གནས་རྟེན་ལ།། གནས་ཀྱི་དབང་གིས་རྩུབ་དུགས་དང་།། དེ་བཞིན་སྣུམ་སྦྱར་འགྲོ་དུགས་བྱ། ཞེས་བྱ་བ་ལ། རླུང་མ་ཞུ་བའི་གནས་སུ་ཞུགས་ཤིང་གནས་པའི་ནཱད་ལ་ནི། རྩུབ་པ་སྔོན་དུ་བྱ་བའི་དུགས་ལ་སྤྱད་པར་བྱའོ།། དེ
་བཞིན་དུ་བད་ཀནྣ་ཞུ་བའི་གནས་ལ་གནས་ཤིང་བརྟེན་པ་ལ་ནི་སྣ་མ་སྔོན་དུ་བྱ་བའི་དུགས་བྱ་སྟེ། དེ་དག་ནི་གནས་ཀྱི་དབང་གིས་ཚུལ་དྲི་ལྟར་བྱ་དྭགས་པ་ཡིན་ནོ།། སྟེ་ཟུར་དག་དང་མིག་དང་སྐྱེང་།། རླིག་པར
་ཉུང་ངུའང་བྱ་བ་མིན།། ཞེས་བྱ་བ་ལ། སྟ་ཟུར་ཞེས་བྱ་བ་ལུས་ཀྱི་ཕྱོགས་གཅིག་པ་ཪྻ་དང་། དཔྱི་ལ་བརྟེན་པའི་ནང་། ལ་ནི་དུགས་ཉུང་ངུ་བྱའོ།། དེ་བཞིན་དུ་མིག་དང་སྙིང་ག་དང་རླིག་པར་ནི་ཤིན་ཏུ་ཆུད་པའི་དུགས་བྱའོ།། ཡང་ན་བྱ་བ
་མིན་བྱ་བོ་སྟེ། གནས་དེ་དོག་ཏུ་དུགས་ཀྱི་ལས་ཡོ་མི་བྱའོ།། དུགས་ཀྱིས་གྲང་དང་ཟུག་ཟེར་བྲལ།། ཡན་ལག་མཉན་པར་འགྱུར་བ་དང་། དལ་གྱིས་མཉེས་ལ་ཁྲུས་བྱས་ལས།། དེ་ནས་སྣུམ་གྱི་ཆོ་ག་བརྟེན། ཞེས་བྱ་བ་ལ། དུགས
་ཀྱིས་སྐྱེས་བུའི་གྲང་བ་དང་། ཟུག་གཟེར་འབྲལ་བས་སྐྱེས་བུའི་ལུས་ལེགས་པར་བརླན་མཉེན་པར་འགྱུར་བ་དང་། དེ་བཞིན་དུ་ཡན་ལག་མཉེན་པོར་མཉེས་ལ་དེའི་འོག་ཏུ་ཁྲུས་བྱ་བ་དེ་དང་པོ་ལག་པས་ངལ་ཞིང་མཉེན་པས
་ཡན་ལག་མནས་ལ་ཆུ་དྲོན་པོས་ཁྲུས་བྱས་ནས། དེ་ནས་ངོར་འོག་ཏུ་རྫུམ་འཆས་ཀྱི་སྐབས་ན་བཤད་པའི་ཆོ་ག་བསྟེན་ཅིང་པར་བྱ་བ་དང་། སྣང་བར་བྱ་བ་རྣམས་དོར་བར་བྱའོ།། དེ་དག་སྔར་སྣུམ་གྱི་ཆོ་གའི་སྦུབས་སུ་བས་དང་སྤྱོད་ལམ་བསྟན།
་པ་བཞིན་དུ་བྱ་བ་དང་། ཐལ་སྨན་རྣོན་པོ་ལོ། དེ་རྩེ་བཅིལེ་བ་དང་། མེ་བཅིའ་ལ་ཚ་བཞི་བར་བྱ་བ་དང་། ཚད་པར་འཁྲུ་བ་དང་། སྨྱོན་པ་ལ་དེ་བཅད་པོ་དང་། མི་དྲན་ཅིང་མྱོས་པ་ལ་སླར་དྲན་པར་བྱ་བའི་ཆོ་ག་བྱའོ།། དེ་བཞིན་དུ་ཆུ་ཆེན་གྱི་ཉེ་བ
་སྤྱོད་པ་ལ་སོགས་པ་སྤང་བྱའོ།། དུགས་དྲགས་པ་ཡིས་ཁྲག་མཁྲིས་འཁྲུགས་བརྒྱལ་སྐོམ་སྐུད་འགགས་ཡན་ལག་འཛུམས་མགོ་འཁོར་ཚིགས་ན་རིམས་འདེབས་ཤིང་། ཚིག་གུ་དམར་པོ་ཏ་ལ་ཏིལ་སྣང་།། ལུམས་ཀྱིས་སྐྱུག་བྲོ་བར་འགྱུར
་ཞེས་བྱ་བ་ལ། དུགས་དྲགས་ཤིང་ཤས་ཆེར་བསྟེན་པས་ཁྲག་མཁྲིས་འཁྲུགས་པ་ལ་སོགས་པ་འ་བྱུང་བར་འགྱུར་རོ།། བརྒྱལ་བ་ནི་མི་དྲན་པའོ།། སྐད་དང་ཡན་ལག་འཛུམས་པ་ནི།། སྐད་གདངས་དམའ་ཞིང་སྒྱུ་བ་འོ།། མགོ་འཁོར
་བ་ནི་ལ་མ་ནོནི་མི་གནས་པའོ།། ལྷ་ཚིགས་ན་བ་ནི་ལྷ་ཚིགས་ན་པའོ།། ཚོལ་གུ་དམར་པོ་ཏལ་ཏིལ་སྣང་བར་གྱུར་པ་ནི། དེ་ལྟ་བུ་དག་འབྱུང་བར་འགྱུར་བ་སྟེ། དེར་ནི་ཞི་བའི་སྤྱན་གྱིས་གསོ།། དུགས་དང་ཐ་བ་སྨན་མེ་བཙའ་དང་། ཚང
་འཁྲུ་སྐྱུག་བློ་བརྒྱལ་ནད་གསོ།། ཞེས་བྱ་བ་ལ། དུགས་དྲགས་པ་ལས་བྱུང་བའི་ནང་ཁྲག་དང་མཁྲི་ས་པ་འཁྲུགས་པ་ལ་སོགས་པ་ཞི་བར་བྱ་ཞིང་རྩེ་གཞིལ་བའི་སྨན་གྱིས་གསོ་ཞིང་བཙོ་སྦྱར་བར་བྱའོ།། དུགས་ཞེས་བྱ་བ་ལ་སོགས
་པ་འདིའི་སྐབས་སུ་ཞར་ལ་བཤད་པ་ཡིན་ཏེ། དེ་དག་ཀྱང་ཚུལ་འདི་ཉིད་ལ་བརྟེན་ནས་དུགས་གཞིལ་བ་ལ་སོགས་པའི་སྨན་བྱ་བ་སྟེ། དུགས་ལ་དུགས་གཞིལ་བའི་སྨན་བྱ་བ་དང་། ཐལ་སྨན་རྣོན་པོ་བཏང་བ་ལ་དེའི་ཚ་བ་ཞི
་བར་བྱ་བའི་ཕྱིར་སྨན་བཏང་བ་དང་། མེ་བཙའ་ལ་དེའི་ཚ་བ་ཞི་བར་བྱ་བའི་སྨན་བཏང་བ་དང་། ཚད་པར་འཁྲུ་བ་ལ་ཚད་པར་འཁྲུ་བ་གཅོད་ཅིང་། སྨིན་པའི་སྨན་བཏང་བ་དང་། སྐྱུག་བྲོ་བ་ལི་དེ་ཞི་བའི་སྨན་དང་། བརྒྱལ་བ་ལ་འདུ་ཤེས་རྙེད་པར
་བྱ་བོའི་ཐབས་ཀྱིས་གསོ་བའོ།། དུགས་ནི་ཕལ་ཆེར་ལྕི་བྷེ་ནོ།། དེ་ལས་གཞིན་པ་ཞི་བྱེད་ཡིན།། གཤེར་ཞིང་བརྟ་འཁྲུག་སྣུམ་པ་དང་།། རྩུབ་ཅིང་ཕྲ་བ་དུགས་སྨན་ཡིན།། འཇམ་དང་རྩུབ་དང་ཞི་བ་འབྱུར་བག། གཤེར་བྲག་དེ་ནི་སེལ་བྱེད་ཡིན།།
་མདོར་ན་ཕལ་ཆེར་ཁ་བ་དང་།། བསྐུ་དང་མངར་བ་དེ་སྨན་ཡིན།། ཞེས་བྱ་བ་ལ། འདིས་ནི་དུགས་དང་དེ་ཞི་བར་བྱ་བའི་ཆོ་ག་སྤྱིར་བཤད་པ་ཡིན་ཏེ། སྨན་གང་ལྕི་བ་དང་དྲོ་བ་དང་། རྣོ་བ་དེ་ཐམས་ཅད་ནི་དུགས་ཀྱི་སྨན་ཡིན་ལ། ཕལ་ཚོར་ཞེས
་སྨོས་པ་ནི། ལ་ལ་རྣམ་པར་འགྱུར་བ་དག་ཀྱང་ཡོད་པར་བསྟན་པོ་ཡིན་ནོ།། དེ་ལས་གཞན་པ་གོ་བཟློག་པ་དང་། ཡང་བ་དང་། བསིལ་བ་དང་། རྟུལ་བ་ནི་ཞི་ཞིང་རྩེ་འཇིལ་བར་བྱེད་པ་ཡིན་ནོ།། དེ་བཞིན་དུ་གཤེར་བ་ལ་སོགས་པ་དང
་ལྡན་པའི་སྨན་རྣམས་ནི་དུགས་ཀྱི་སྨན་ཡིན་ལ། འཇམ་པ་ལ་སོགས་པ་དང་ལྡན་པའི་སྨན་ནི་དེ་ཞི་བར་བྱེད་པ་ཡིན་ནོ།། དེ་བཞིན་དུ་མདོར་བསྡུ་ན་སྨན་གང་ཅུང་ཟད་ཁ་བ་དང་། བསྐ་བ་དང་། མངར་བ་རྣམས་ནི་དེའི་རྩེ་འཇིལ་བར་བྱེད་ཅིང་ཞི
་བར་བྱེད་པའི་སྨན་ཡིན་ནོ།། འདི་གཉིས་ཀྱི་མཚན་ཉིད། དྲང་སྲོང་ཙ་ར་ཀས་བཤད་པ་དེ་ནི་ཞི་བྱེད་ལྕི་དང་དྲོ་བ་འཇོམས།། ལུམས་བྱེད་རྡུལ་ནི་འབྱིན་བྱེད་ཡིན།། གཡོ་བའི་རྫས་དག་གང་ཡིན་པ།། རྩེ་འཇིལ་ཞི་བར་བྱེད་པ་ཡིན།། ཞེས་འབྱུང་བ
་ཡིན་ནོ།། ཞི་ཞིང་རྩེ་བཅིལ་སྟོབས་ཐོབ་གྱུར།། ཇི་སྐད་བཤད་པའི་ནང་རྣམས་ཟས།། ཅེས་བྱ་བ་སྟེ། སྐྱེས་བུ་ནཱང་ཞི་ཞིང་རྩེ་བ་ཙི་ལི་བས།། སྟོབས་ཐོབ་པར་གྱུར་ན། ནང་དེ་རྩེ་ཞིལ་ཞིང་དུགས་དྲགས་པའི་སྐྱོན་མེད་པར་འགྱུར་བ་ཡིན་ལ།
་དེ་བཞིན་དུ་དུགས་དྲགས་པ་ལས་བྱུང་བའི་ནང་ཁྲག་དང་མཁྲིས་པ་འཁྲུགས་པ་ལ་སོགས་པ་ཇི་སྐད་བཤད་པའི་ནད་རྣམས་ཟང་ན། ནད་ཞི་བ་བཅོས་པ་ལེགས་པ་ཡིན་པར་ཤེས་པར་བྱའོ།། བཅིལ་དྲེགས་པགས་པ་རྩ་འཁུམས་ཤིང་།
་འཇར་ཞིང་ཁ་འགྲམ་ནང་དུ་འགྱུར། རྐང་མཆུ་ལག་པ་པགས་ནང་འགྱུར། བ་ཅི་ལ་དྲགས་པ་ཡི་ནང་དུ་བཤད།། ཅེས་བྱ་བ་ཡིན་ཏེ། དུགས་དྲུགས་པའི་ནད་ཧ་ཅང་བཅོས་དྲགས་ཏེ། ཐལ་ཆེས་པ་ལས་ནད་དུ་འགྱུར་བ་ནི་བགྲས་པ་དང
་རྩ་འཁུམས་པ་ལ་སོགས་པ་ཡིན་པར་བཤད་དོ།། ད་ཡང་བཅིལ་ཞིང་བཅོ་ས་དྲག་ས་བས་པགས་པ་དང་རྩ་འཁུམས་ཤིང་། ལུས་པོ་ཉིད་འདར་ཞིང་གཡོ་བ་དང་། སྙིང་ག་དང་། ཁ་དང་འགྲམ་པ་རྣམས་འགགས་ཤིང་རེངས་པའི
་ནང་དུ་འགྱུར་ཏེ། ཚིག་མི་ཐོན་པ་དང་། རྐང་པ་དང་མཆུ་དང་ལག་པ་དང་པགས་པའི་མདོག་ནག་པོར་འགྱུར་བ་སྟེ། མཚན་མ་འདི་དག་གིས་ནི་ཤིན་ཏུ་རྩེ་བ་ཅིལ་ཞིང་བཅོས་དྲགས་པའི་ནད་ཡིན་པར་ཤེས་པར་བྱའོ།། ཤིན་ཏུ་སྦོམ་དང
་རྩུབ་པ་དང་།། ཉམ་ཆུང་བརྒྱལ་བར་གྱུར་པ་དང་།། དུགས་དྲུགས་བཅོས་དགོས་གློ་རྡོལ་དང་།། སྐེམ་དང་ཆང་ནུད་ཀྱིས་བཏབ་དང་།། རབ་རིབ་དམུ་རྫི་པཱ་ཤུ་བ་མཆེད།། མཛེ་ནད་འོར་ནང་རླུང་མཁྲིས་དང
་འོ་མ་ཞོ་དང་མར་སྦྲང་རྩི།། འཐུངས་དང་བཀྲུ་སྨན་བཏིང་བ་དང་།། ལུས་གནང་ཚིག་དང་གཞང་ནང་ཡོད།། ཁྲོ་དང་མྱ་ངན་འཛེགས་པས་ཉེན།། བཀྲེས་སྐོམ་མིག་སེར་སྐྱ་རྦབ་དང་།། གཅིན་མཁྲིས་ནད་ཅན་ཟླ་མཚན་འཛག། སྣུམ་དང
་བུ་སྐྱེས་དུགས་མི་བྱ།། ནད་ཚབས་ཆེ་ན་འཇམ་པོར་བྱ།། ཞེས་བྱ་བ་ལ། ཤིན་ཏུ་སྦོམ་པ་དང་། རྩུབ་པ་དང་། བུ་བཽཙས་པའི་བར་དུ་དུགས་བྱ་བར་མི་རུང་ངོ་།། དེ་ལ་ཉམ་ཆུང་བ་ནི་སྟོབས་ཆུང་བའོ།། དུགས་དྲགས་ཏེ་བཅོས་ད་གོས་པ
་ནི་རྩེ་བཅིལ་བར་འོས་པའོ།། ཆང་ནད་ཀྱིས་བཏབ་པ་ནི་ཆང་དྲེགས་པའི་ནང་ན་བའོ།། རླུང་མཁྲིས་ནི་རླུང་དང་མཁྲིས་པའི་ལྡན་པ་སྟེ། དེ་དོག་ལ་དུགས་མི་བྱའོ།། དེ་བཞིན་དུ་འོ་མ་ལ་སོགས་པ་འཐུངས་པ་ལ་ཡང་དུགས་མི་བྱའོ།། དེ
་བཞིན་དུ་བཀྲུ་སྨན་འཐུངས་པ་ལ་ཡང་དུགས་མི་བྱའོ།། གཞང་ནད་ཡོད་པའི་ནི་གཞང་སྣག་པ་ལ་སོགས་པ་ལ་ཡང་མི་བྱའོ།། དེ་བཞིན་དུ་ཁྲོ་བས་ཉེན་པ་དང་། མྱ་ངན་གྱིས་ཉེན་པ་དང་། འཇིགས་པས་ཉེན་པ་དེ་དག་ལྀ་ཡང
་དུགས་བྱེར་མི་རུང་ངོ་།། དེ་བཞིན་དུ་གཅིན་ནད་དང་མཁྲིས་པའི་ནད་དང་། བླ་མཚན་འཛག་པ་དང་། སྦྲུམ་མ་དང་། བུ་སྐྱེས་པ་ལ་སོགས་པ་ལ་ཡང་དུགས་བྱར་མི་རུང་ངོ་།། གལ་ཏེ་དེ་གལ་གསུང་བ་ལ་སོགས་པའི་ནང་ཚབས་ཆེ
་བབྱུང་སྟེ། མི་བྱར་མི་རུང་ན། འཇམ་པོར་སྦྱར་བའི་དུགས་དང་ལུམས་མི་དྲགས་པ་འཇམ་པོ་བྱའོ།། ལུང་པ་ཆམ་པ་དབུགས་མི་བདེ།། སྐྱེགས་བུ་ལྟོ་སྤོས་བཤང་འགགས་དང་།། སྐད་འགགས་རླུང་གི་ནད་རྣམས་དང་།། བད་ཀན་པོ
་སྣབས་འཁྱིལ་ཞིང་ལྕི།། ལུས་རེངས་རྐེང་པོ་རྩིབས་ལོགས་དང་།། སྒུར་དང་ལྟོ་ནད་འགྲམས་ནད་དང་།། རླིག་པ་སྐངསཱ་དང་དྲ་རྒལ་དང་།། རྩོལ་དང་རླུང་ནད་ཀྱིས་ཟུག་དང་།། གཅིན་འགྲགས་ཐོར་བུ་རྨེན་བུ་དང་།། ཁུ་བ་བཀག་དང་རླུང
་ལེ་བྱིམས་ལ།། དེ་ཡི་སྨན་གྱི་དབྱེ་བ་ཡི།། དུགས་ནི་སོ་སོ་ཇི་བཞིན་བྱ།། ཞེས་བྱ་བ་ལ། ལུང་པ་དང་། ཆམ་པ་ནས་རླུང་འཁྱིམས་པའི་བར་ལ། དེའི་སྨན་ཇི་ལྟ་བས་ལེགས་པར་དུགས་བྱ་སྟེ། ལུ་ལར་ནི་བསྲོ་བས་སོ།། ལ་ལར་ནི་བཅིངས
་བས་སོ།། ལ་ལར་ནི་ཐ་མིལ་ཞེས་བྱ་བས་སོ།། ལ་ལར་ནི་ཆུའི་དུགསཽ་བྱ་བ་དང་། དེ་བཞིན་དུ་དེ་ལ་ཕན་པའི་རང་གི་སྨན་གྱི་དབྱེ་བའི་ཆ་སོ་སོ་གང་ལ་ཕན་པའི་དབྱེ་བ་འོག་ནས་རང་རང་གི་ནད་ཀྱི་གནས་སྐབས་སུ་བཤད་པའི་སྨན་གྱི
་དུགས་སོ་སོར་བྱའོ།། དེ་ནི་འདི་སྐད་སྟོན་པ་ཡིན་ཏེ། གང་གི་ཚེ་ལུང་པོ་ལ་དུགས་བྱ། དགོས་པ་དེའི་ཚེ། ལུང་བའི་སྨན་དུ་བཤད་པས་དུགས་བྱའོ།། དེ་བཞིན་དུ་ཚམས་པ་དང་། དབུགས་མི་བདེ་བ་ལ་སོགས་པ་ལ་ཡང་རིང་རང
་གིས་སྨན་གྱིས་དུགས་བྱའོ།། ཞེས་བྱ་བར་སྦྱར་རོ།། དརྒན་དང་། རྩོལ་བ་དང་། རླུང་ནད་ཀྱིས་ཟུག་པ་ནི་འོག་ནས་བཤད་པའི་རླུང་ནང་ཀྱི་ནང་གཞི་ལས་མཚན་ཉིད་སྟོན་ཏོ།། ཁུ་བ་འགགས་པ་ནི་ཁུ་ཆུ་བཀག་པའོ།།
་རླུང་འཁྱིམས་པ་ནི་ཚིགས་ཀྱིས་བཀག་པའོ།། དུགས་ཕན་མེ་ཡིས་བསྲོ་མིན་པ།། རླུང་ནད་ཚིལ་དང་བད་ཀན་ཅན།། རླུང་མེད་ཁང་པར་རྡོལ་བ་དང་།། གོས་ལྕི་བ་དག་འཇིགས་པ་དང་།། དཀྲི་དང་སྟོབས་འགྱེད་ཁྲོ་བ་དང་།
་ཆང་མང་བཀྲེས་དང་ཉི་ཚན་བཞག་ཅེས་བྱ་བ་ལ། ཚིལ་དང་པདྨ་ཀན་གྱིས་ཡོགས་པའི་རླུང་ལ་ནི་མེས་མི་བསྲོ་བར་བྱ་བ་ཕན་པ་ཡིན་ཏེ། དེའི་ཐབས་ནི་རླུང་མེད་པའི་ཁང་པར་འདུག་ལ། རྩོལ་བ་དེ་ལུས་དུབ་པར་བྱ་བ་དང་། གོས་ལྕི་བ་ཁུར
་དུ་ལོངས་པ་བགོ་བ་དང་། དེ་བཞིན་དུ་འཇིགས་པ་དང་། དེ་བཞིན་དུ་སྔར་བཤད་པའི་དཀྲི་བ་དང་། སྟོབས་འགྱེད་པོ་སྟེ་ལག་སྟོབས་འགྱེད་པ་ལ་སོགས་པ་དང་། ཁྲོས་འཁྲུགས་པ་དང་། ཆང་མང་པོ་བཏུང་པོ་དང་། བཀྲེས་ཤིང་ལྟོགས
་པས་ཉེན་པ་དང་། དེ་བཞིན་དུ་ཉི་མ་ཆེ་བ་ལ་བཞག་པ་སྟེ། འདི་དགེ་བྱའོ།། ནང་གང་ནང་གྲོལ་གནས་དང་ལུས་ཟུངས་གནས།། རྣར་སོང་རྐང་ལག་རུས་པའི་ནར་སོང་བའི།། ནང་དེ་དུགས་ཀྱིས་བསྐུལ་བར་བྱས་ནས་ནི།། ཁོང་དུ་བསྡུས་ལ
་སྦྱང་བས་དབྱིས་དབྱུང་བྱ།། ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནང་གང་ཁོང་པར་གནས་ཤིང་ནད་གྲོལ་ན་འདུག་པ་འམ། ཁྲག་ལ་སོགས་པའི་ལུས་ཟུངས་ལ་གནས་པ་རྣམས་དང་། དེ་བཞིན་དུ་གང་རྩཝ་རྣམས་སུ་ཁྱབ་ཅིང་ཞེན་པ་དང་།
་དེ་བཞིན་དུ་རྐང་ལོགཽ་གི་ནང་དུ་སོང་བ་སྟེ། ལག་པ་ལ་སོགས་པའི་རུས་པ་ལ་ཞེན་པའི་ནང་དེ་དག་ཐམས་ཅད་གནས་དེ་དག་ལས་བཤད་མ་ཐག་པའི་སྣུམ་དང་དུགས་ཀྱིས་བསྐུལ་བར་བྱས་ཤིང་། འཛག་ཏུ་རུང་བ་ལྟ་བུ་བྱས་ལ།
་དེ་ནས་ཇི་སྐད་བཤད་པའི་དུགས་བཞི་པོ་ཇི་ལྟ་ཇི་ལྟ་བ་བཞིན་དུ་བསྲུལ་ཞིང་བཞུས་ནས། རྐང་ལག་ལ་སོགས་པ་ནས་ཁོང་པའི་ནང་དུ་བསྡུས་ལ། དེའི་འོག་ཏུ་འོག་ནས་བཤད་པའི་བཀྲུ་སྨན་དང་སྐྱུག་སྨན་གྱིས་དཔྱིས་དབྱུང་ཞིང་གཏན་ནས། གདོན་པས
་ཕྱིར་དབྱུང་བར་བྱའོ།། རྐང་ལག་གི་ནང་དུ་སོང་བ་ཞེས་བྱ་བ་ནི་དེ་ནི་གནས་པའི་ནད་ནི་ཤིན་ཏུ་དུགས་བྱ་བར་འོས་པ་ཡིན་ནོ།། ཞེས་བསྟོན་པ་ཡིན་ནོ།། ཡང་ན་ལུས་ཟུངས་སུ་གཏོགས་པའི་ནད་གང་འཕེལ་ནས། ཁོང་པ་ནས་ལུས་ཟུངས་སུ་སོང་བ
་དོང་རྐང་ལག་ལ་གནས་ཤིང་ལུས་ཟུངས་ཉིད་ལ་གནས་ན་ལྡང་བར་གྱུར་པ་ཡིན་པས་ན། འདིར་རྐང་ལག་དང་རུས་པར་གནས་པ་ནི་གཙོ་བོར་གཟུང་བའི་དོན་སྨོས་པ་ཡིན་ནོ།། དེ་བས་ན་དུགས་ཀྱིས་ནང་རྣམས་བསྐུལ་བ་བྱས་ལ། ཁོང་པའི་ནང
་དུ་བསྡུ་དགོས་པ་ཡིན་ནོ།། ། ཡན་ལེག་བརྒྱད་པའི་སྙིང་པོའི། རྣམ་པར་འགྲེལ་པ་ཚིག་གི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལྔས་ལེའུ་བཅུ་བདུན་པོའི་རྣམ་པར་འགྲེལ
་བཻའོ།། ། དེ་ནས་སྨན་སྐྱུགས་སྨན་དང་བཀྲུ་སྨན་བཏང་བའི་ཆོ་གའི་ལེའུ་བཤད་པར་བྱའོ།། ཞེས་བྱ་བ་ལ། དུགས་ཀྱི་ཆོ་གེའི་རིག་ཏུ། སྐྱུགས་སྨན་དང་བཀྲུ་སྨན་གྱི་ཆོ་གའི་ལེའུ་བརྩམས་པ་ནི་གང་གི་ཕྱིར། ནད་དེ།
་དུགས་ཀྱིས་བསྐུལ་བར་བྱས་ནས་ནི། ཁོང་དུ་བསྡུས་ལ་སྦྱང་བས་དབྱིས་དབྱུང་བྱ་ཞེས་འདས་མ་ཐག་པར་བཤད་པ་གང་ཡིན་པ་དེ། སྦྱང་བའི་རང་བཞིན་ཇི་ལྟ་བུ་ཡིན་པས་བསྟན་པར་བྱ་བའི་ཕྱིར་བཤད་པ་ཡིན་ཏེ། སྐྱུགས
་སྨན་ནི་སྟོད་ཀྱི་ནད་གསལ་བའི་ཐབས་ཡིན་ལ། བཀྲུ་སྨན་ནི་སྨད་ཀྱི་ནད་བསལ་ལ་ཡིན་ཏེ། དེ་གཉིས་ཀྱི་ཆོ་ག་ནི་དེ་དག་གི་ནང་ལས་སུ་རུང་བར་བྱ་བ་ཡིན་ཏེ། དེ་ཚངས་པ་ལ་སོགས་པས་གང་དུ་དྲན་པའི་ཆོ་ག་ནི། སྐྱུགས་སྤྱན
་དང་བཀྲུ་སྨན་བཏང་བའི་ཚི་ག་ཞེས་བྱ་སྟེ། དེ་དག་བཤད་ཅིང་བསྟན་པར་བྱའོ།། ཞེས་པའོ།། བད་ཀན་ནད་དམ་འདྲེས་པ་ཡི།། བད་ཀན་རྒྱས་ལ་སྐྱུགས་སྨན་བཏང་།། དེ་བཞིན་མཁྲིས་པ་བཀྲུ་སྨན་བྱ།། ཞེས་བྱ་བ་ལ། བད་ཀན་འབའ་ཞིགགི་ནད་ལ།
་སྐྱུགས་སྨན་བཏང་བར་བྱའོ།། ཡང་ནི་ལྡན་པ་སྟེ། འདྲེས་པར་གྱུར་པའི་བད་ཀན་ལ་རྒྱས་པར་ཞེས་བྱ་བ་བད་ཀན་གྱི་ཤས་ཆེ་བའི་ནད་དང་མཁྲིས་པ་འདྲེས་པའི་ནད་ལྡན་པ་འམ། བད་ཀན་དང་རླུང་འདྲེས་པའི་ལྡན་པ་བད་ཀན་ཤས་ཆེ་བ་སྐྱུགས་སྨན་བཏང
་བིར་བྱའོ།། དེ་བཞིན་མཁྲིས་ལ་སྐྱུགས་སྙན་བཏང་།། ཞེས་བྱ་བ་ལ། དེ་དང་འདྲ་བས་ན་དེ་བཞིན་ཏོ། བད་ཀན་དེ་དང་ཚུལ་མཐུན་པར་བྱའོ།། དེ་ཡང་ཇི་ལྟར་བད་ཀན་འབའ་ཞིག་ལ་སྐྱུགས་སྨན་བྱ་བ་ཡིན་པའིམ། བད་ཀན་ཤས་ཆེ་བཱིའི་ལྡན་པའི་ནད
་ལུ། སྐྱུགས་སྨན་བྱ་བ་དེ་བནི་ཚོན་དུ་མ་ཁྲིས་པ་འབའ་ཞིག་ལ། བཀྲུ་སྨན་བཏང་བ་འམ། འདྲེས་པའི་ནད་མཁྲིས་ནད་ཤས་ཆེ་བོ། མཁྲིས་པ་དང་བད་ཀན་འདྲེས་པའི་ནད་དམ། མཁྲིས་པོ་དང་རླུང་འདྲེས་པའི་ནད་བཀྲུ་སྨན་བྱའོ།། རྒྱས་ལ་ཞེས
་སྨོས་བསི་ནི་དབབའ་ཞིག་བདེ་བའམ། རང་གི་གནས་སམ་གནས་གཞན་དུ་ཞུགས་པའི་བད་ཀན་གྱི་སྐྱུག་སྨན་བྱ་ལ། མཁྲིས་པ་ལ་ནི་བཀྲུ་སྨན་ཞེས་བྱའོ།། རིམས་སར་ཚང་འཁྲུ་ཐུང་དུ་ནི།། མཁྲིས་པ་ཁྲིག་འཁྲུ་གྲོ་གཅོང་དང་།
་མཛེ་དང་གཅིན་ནད་འབྲུམ་ཐོར་བུ།། རྐང་བམ་མི་དྲན་ལུང་བ་ཅན། དབུགས་མི་བདེ་སྙིང་འབར་འབྲས་མཆེད།། ནུ་མའི་ནད་དང་རོ་སྟོང་ནད་།། ཁྱད་པར་དུ་ནི་སྐྲག་སྨྱན་བྱ།། ཞེས་བྱ་བ་ལ། རིམས་སྦྱར་བ་དང་ཆུད་པར་འཁྲུ་བ་ལ་སོགས་པ་ནས་རོ་སྟོད་ཀྱི
་ནད་ཀྱི་བར་དག་ལ་ཁྱད་པར་རམ་མཆོག་ཏུ་སྐྱུག་སྨན་བཏང་བར་བྱ་སྟེ། དེས་ནང་འདི་རྣམས་ཆུ་དང་བྲལ་བའི་འབྲས་ལྟར་མཆོག་ཏུ་ཟད་ཅིང་དངོས་པརའགྱུར་རོ།། དེ་ལ་རི་མོས་སྐུར་པ་ནི་དང་པོ་བྱུང་བའི་རིམས་སོ།། ཐུར་དུ་ཁྲག་དང་མཁྲིས་པ་འཁྲུ
་བ་ནི། ཁྲག་མཁྲིས་ཀྱི་འཁྲུ་བ་འབྱུང་བའོ།། ཐོར་བུ་ནི་འབྲས་ཀྱི་ཕྲེང་བའོ།། རྐང་བམ་ནི་རྐང་པའི་ནད།། སྐྱུགས་སྨན་མི་བཏང་སྦྲམ་ཁོང་རྩུབ། བཀྲེས་དང་རྟག་ཏུ་སྡུག་བསྔལ་བ།། བྱིས་པ་རྒན་སྐེམ་སྦོམ་སྙིང་ན།། གློ་སྐུམ་སྨྲས་དང་ཉམ་ཆུང་དང་། རྟག
་ཏུ་སྨོན་དང་མཆེར་བ་ན།། རབ་རིབ་ལྟོ་ན་སྲིན་བུ་ཡོད།། རླུང་ཁྲག་འདྲེས་མར་གྱེན་དུ་འབྱུང་།། སོ་ན་སྨན་པ་ཏང་སྐད་འཛེར་དང་།། གཅིན་སྲི་རྒྱུ་རྫིངས་སྐྲན་ནང་ཅན།། སྨོན་དཀའ་དྲོད་ཆེ་གཞང་འབྲུམ་ཅུན། རྟུགཾ་སྐམས་མགོ་འཁོར་རྩིབས་ལོགས་སྲ།། རྩིབ
་ལོགས་ཟུག་དང་རླུང་ཅན་ནོ།། ཞེས་བྱ་བ་ལ། སྦྲུམ་མ་ལ་སོགས་པ་ནས་རླུང་ནང་ཅན་གྱི་བར་དག་ལ་སྐྱུག་སྨན་མི་བཏང་ངོ་།། དེ་ལ་ཁོ་བཱ་རྩུ་བ་པཾ་ལ་སྐྱུག་སྨན་བཏང་ན། རླུང་གིས་ཡན་ལག་ལི་གནོད་པར་འགྱུར་ཏེ། ཕལ་ཆེར་ཁ་ཟས་ལ་སོགས་པ
་རྩུབ་འཆོས་བསྟན་པས་རླུང་གི་ནོད་སྐྱེད་པའི་ཕྱིར་སྟོབས་ཟད་པར་འགྱུར་རོ།། དེ་བཞིན་དུ་བཀྲེས་པི་དག་ལ་སྐྱུག་སྨན་བཏང་ན་མེའི་སྟོབ་ས་ཀྱིས་སྟོབས་ཟད་པར་འགྱུར་རོ།། རྟག་ཏུ་སྡུག་བསྔལ་བ་ནི་ཁུར་དང་ལམ་དང་རྟག་ཏུ་ལས་བྱེད
་པའི་དུབ་པས་སྟོབས་ཟད་པར་འགྱུར་རོ།། དེ་བཞིན་དུ་བཞོན་པས་དུབ་ཅིང་ཉམ་ཆུང་བ་དག་ལ་ཡང་སྟོབས་ཕྲིན་ཤིན་ཏུ་ཁྲག་སྐྱེ་བར་འགྱུར་རོ།། བྱིས་པ་ལ་སོགས་པས་ནི་སྨན་གྱི་སྟོབས་མི་བཟོད་པའི་ཕྱིར། ལུས་ཀྱི་སྟོབས
་ཟད་པས་ནང་གི་ཁོང་པ་སྐེམ་ཞིང་གཅོད་དུ་འགྱུར་བའི་སྐྱོན་ཡོད་པ་ཡིན་ནོ།། སྙིང་ན་ན་བ་ནི་སྙིང་ནད་ཀྱིས་ཉེན་པ་ལ་བྱས་ན་སྙིང་ནིད་ལ་གནོད་པར་འགྱུར་རོ།། རྟག་ཏུ་སྨོན་པ་ནི་སྟོང་དུ་རྒྱུ་བའི་རླུང་གིས་གྱེན་དུ་བཏེག་པས་དེ་དྲགས་ན་སྲོག་ཟད་བར
་འགྱུར་རོ།། ལྟོ་ན་སྲིན་བུ་ཡོད་པ་ནི་སྔར་བཀྲུ་བ་མ་བྱས་ན?། སྲིན་བུ་ཤིན་ཏུ་མང་བའི་ཕྱིར་མ་ལུས་པ་འབྱུང་བས། སྙིང་ཤིན་ཏུ་གཙེས་པས་སྨོན་པ་དྲགས་པར་འབྱུང་བར་འགྱུར་རོ།། རླུང་ལ་སོགས་པ་གྱེན་དུ་འབྱུང་བ་ནི་འོག་ཏུ་གསལ་བར་འོས་པས
་གྱེན་དུ་དྲངས་པས་སྐྱོན་དུ་འགྱུར་རོ།། སྨོན་དཀའ་བ་ནི་ཁོང་པ་འགགས་ཤིང་སློན་དཀའ་བ་ལ་ཤས་ཆེར་དྲངས་ན་ཁོང་པའི་ནང་ཐམས་ཅད་སློངས་ཤིང་དཀྲུགས་པས། མི་དཔལ་དང་རྨོང་བག་དང་། མི་དྲན་པ་ལ་སོགས་པའི་ནད་འབྱུང་བར་འགྱུར་རོ།།
་ཙུག་སྐོམ་ལ་སོགས་པས་ཉིན་པ་རྣམས་དང་། རྩི་བས་ལོགས་ཐུག་པ་ལ་སོགས་པ་ནི་རང་རང་གི་ནང་འཕེལ་བ་དང་། འཆི་བ་དག་ཏུ་རང་འགྱུར་རོ།། ཙཽ་རྣམ་པ་ཐམས་ཅད་དུ་བྷྱཱམ་མཱ་ལ་སོགས་པ་ལ་སྐྱེག་སྨན་བཏང་བར་མི་བྱའོ་མ། འོན་ཏེ་གནས
་སྐབས་ལ་ལར་སྐྱུག་སྨན་བྱ་ཞེ་ན། དེའི་ཕྱིར་སྨྲས་པ་ནི། དེ་དག་དུག་འཐུངས་མ་ཞུ་དང་། མི་འཕྲོད་ཟས་ཟོས་མ་གཏོགས་སོ།། ཞེས་བྱ་བ་ཡིན་ཏེ། སྦྲུམ་མ་ལ་སོགས་པ་དེ་དེ་ཚིག་གིས་གལ་ཏེ་དུག་པོ་དང་སྦྱར་བའི་དུག་འཐུངས་སམ། ཟས་མ་ཞུ་སྟེ
་གསུང་ངམ། མི་འཕྲོད་པའི་ཟས་ཟོས་པར་གྱུར་ན་ནི་མ་གཏོགས་ཏེ། འདི་དག་ནི་མྱུར་དུ་གསོད་པར་བྱེད་པ་ཡིན་པས་ན། དུག་འཐུངས་པ་ལ་སོགས་པའི་གནས་སྐབས་འདི་ལྟ་བུ་མ་གཏོགས་པ་གནས་སྐབས་གཞན་དུ་སྐྱུག་སྨན་མི་བཏང་གི། རྐྱེན་འདི
་ངག་བྱུང་ན་དེར་སྐྱུག་སྨན་འཇམ་པོ་བཏང་བར་བྱའོ།། རྟག་ཏུ་སྨོན་པ་ཡན་ཆད་དང་།། ཕལ་ཆེར་མ་ཞོའི་རིམས་དག་དང་།། མཞུ་བ་ནི་ཐམས་ཅད་ལ།། དུད་པས་བདུག་པར་ལས་ཀུན་སྤང་།། ཞེས་བྱ་བ་ལ། འདིར་རྟག་ཏུ་སྨོན་ཞིང་རྒྱུན་ཏུ་སྐྱུག་པའི་སྐྱེས་བུ
་དང་། གང་སྔོ་ར་སྨྱིག་སྨན་བཏང་དུ་མི་རུང་པོར་བསྟན་པ་སྦྲུམ་མ་ནས། ཉམ་ཆུང་བའི་བར་དེ་ཐམས་ཅད་དུང་པས་བདུག་པའི་ཅར་གྱི་ལས་ཐམས་ཅད་སྤང་ཞིང་དོར་བར་བྱའོ།། འདི་དག་ལ་དུད་པས་བདུག་པའི་བར་གྱིས་ལས་ཀུན་སྤང་བར་བྱ་བ་མ
་ཟད་ཀྱི། མ་ནུ་བ་འི་རིམས་ཀྱི་བར་དག་ལའང་སྦྱང་བར་བྱ་སྟེ། རིམས་སར་པ་ལ་ནི་ནད་འཁྱིམས་པར་གྱུར་པའི་ཉེས་པ་ཡོད་པའི་ཕྱིར་རོ།། དེ་བཞིན་དུ་མ་ཞུ་བ་ཐམས་ཅད་ལ་ཡང་སྐྲག་སྨན་གྱི་རྗེས་ལ་ལས་ཀུན་ཏེ། བཀྲུ་སྨན་དང་། མས་བཏང
་པ་དང་། སྣ་ནས་བཏང་བ་དང་། དུད་པས་བདུག་པ་དང་། མཁུར་བ་བཀང་ཞིང་དབོ་བ་དང་། མཆི་མ་དབྱུང་བ་དང་། མིག་སྨན་དང་། སྨིན་པར་བྱ་བའི་བར་གྱི་ལྷས་སྤང་བར་བྱ་སྟེ། མཐུབའི་བེའུ་སྣརུབས་ཀྱི་འཇིགས་པ་ཉིད་ཀྱིས་སོ།། བཀྲུ་སྨན་གྱིས
་གསོ་སྐྲན་གཞང་འབྲུམ། འབྲུམ་བུ་མིག་སེར་གཞོགས་ཕྱེད་ལྕི།། རིམས་རྙིང་རྨུ་རྫིངས་དབྱིག་དུག་དང་།། སྐྱུག་དང་མཚོར་ནང་སྐྱ་རྦབ་དང་།། ལོང་ནང་རབ་རིབ་སྔོན་པོར་གྱུར།། མཆི་འཇིག་ཞུ་བའི་གནས་ན་ཟུག། མངལ་དང་ཞུ་བའི་གནས་ཀྱི་ནད།།
་ཁོང་ནད་གཏོགས་དང་སྲིན་ནད་རྨ།། དྲེག་ཁྲག་ནམ་ཚོང་ཡན་ཆད་ན། གཅིན་སྲི་བཤད་པ་འགགས་པ་དང་།། སྨོན་བྱ་མཛྲེ་གཅིན་ནང་སོགས་ཡིན།། ཞེས་བྱ་བ་ལ། སྐྲན་ལ་སོགས་པ་ནས་རྟག་པ་འགགས་པའི་བར་གྱི་ནང
་རྣམས་དང་། དེ་བཞིན་དུ་སྨོན་པར་བྱ་བའི་ནད་ལས། མཛེ་ནད་དང་གཅིན་ནད་ནས་རོ་སྟོད་ཀྱི་ནད་རྣམས་ཀྱི་བར་བཀྲུ་སྨན་གྱིས་གསོ་ཞིང་སྦྱང་བར་བྱ་བ་ཡིན་ཏེ། འདི་དག་ལ་བཀྲུ་སྨན་བྱོས་པས་མཆོག་ཏུ་འབྱུང་ཞིང་འཇིགས་པར་འགྱུར་རོ།། ཁྲུས་མི་བྱ་བའི
་རིམས་སར་དང་། དྲོད་ཆུང་ཁྲག་མཁྲིས་ཐུར་དུ་འབྱུང་།། རྨས་དང་གཞང་ནང་ཚད་པར་འཁྲུ།། ཁོང་དུ་མཚོན་ལུས་ལྟོ་སྲ་དང་།། སྣམ་ཆེས་པོ་དང་སྐེམ་ཆེས་པའོ།། ཞེས་བྱ་བ་ལ། རིམས་སར་ནས་སྐེམ་ཆེས་པའི་བར་ལ་ནི་ཁྲུས་བྱར་མི་རུང་ངོ་།། དེ་ལ
་རིམས་སར་པ་ཡིན་དུ་ཟིན་ཀྱང་། ནད་མ་སྨིན་པོ་ལ་ཁྲུས་མི་བྱ་སྟེ། དེས་ནད་སླར་སྐྱེད་པའི་ཕྱིར་རོ།། གཞང་ནད་པ་ནི་བཤང་སྒོ་སྔོ་ག་ལ་གནོད་པའི་ནང་བསྐྱེད་པར་འགྱུར་བའི་ཕྱིར་རོ།། ཚད་པར་འཁྲུ་བ་དང་ཁྲུག་མཁྲིས་ཐུར་དུ་དབྱུང་བ་གཉིས་ལ། ཁྲུས
་བྱས་ན་ཤིན་ཏུ་འཁྲུ་དྲེགས་པས་མ་རུངས་པར་འགྱུར་རོ།། དྲོད་ཆུང་བ་ལ་སོགས་པ་ནི་སྨན་གྱི་ཤུགས་མྱི་བཟོད་ཅིང་བསྟེན་མི་ནུས་པ་ཡིན་ནོ།། ཆང་ནོད་ཀྱིས་ཉེན་པ་ལ་ཁྲིས་མི་བྱ་སྟེ། དེས་རླུང་གིས་སྲོག་ལ་གནོད་པར་བྱེད་པའི་ཕྱིར་རོ།། ལོང་ཁའི
་གནས་སུ་རླུང་བསགས་པས་ཕན་ཚུན་རྒྱུ་བ་ན་ནང་འཕྲལ་དུ་ལྕེ་སྤྲོས་པ་སྐྱེད་པར་བྱེང་ངོ་།། ཁོང་དུ་མཚོན་ལུས་པ་ཡང་དེར་རླུང་བསྟེན་པས་སྲོག་ལ་གནོད་པར་འགྱུར་རོ།། ལྷོ་སྲ་བ་ནི་སྨན་པ་ངོ་བས་ནས་ཕྱིར་ཕྱིན་པར་མ་ནུས་པ་དང་། སྙིང
་གར་གཟེར་བ་དང་། རྩིབ་ལོགས་སུ་ཟུག་པ་དང་། སྤྲོ་བ་དང་། སྨོན་པ་དང་། བརྒྱལ་བ་དང་། རྒྱ་བ་སྐྱེད་དེ། སྲོག་མ་རུངས་པར་བྱེད་དོ།། སྣུམ་ཆེས་པ་ལ་ཁྲུས་བྱས་ན་ཡང་ཧ་ཅང་དྲགས་པར་འགྱུར་རོ།། སྐེམ་ཆེས་པ་ནི་འདིར་ནད་གཅོད་ཆེན་པོ་ལ
་བྱ་སྟེ། གཅོང་ཆེན་པོས་ཉེན་པ་ནི་ལུས་ཟུངས་ཟད་པས་དྲི་མའི་སྟོབས་ཀྱིས་གནས་པ་ཡིན་པ་ལས། དེ་ཕྱུང་ན་ལུས་ཀྱང་འཇོག་པར་འགྱུར་རོ།། སྦྲུམ་མ་ལ་སོགས་པ་ལ་ཁྲུས་བྱས་ན་ཡང་ཧ་ཅང་དྲག་ཉེས་པ་ལྔར་བཤད་པ་ལྟར་འགྱུར་རོ།།
་དེ་ནས་ཐུན་མོང་དུས་སུ་ནི།། ཆོ་ག་བཞིན་དུ་སྣུམ་གྱིས་ཞེན།། ཉ་དང་མ་ཤ་ཏི་ལ་སོགས་ཀྱིས།། ནང་པར་སྨོན་བྱའི་བད་ཀན་སྐྱེང་།། མཚན་མོ་གཉིད་ལོག་ཟས་ལེགས་ཞུ།། སྔོ་དྲོའི་དང་པོར་བཀྲ་ཤིས་བྱས།། ཟས་མ་ཟོས་པ་འམ་ཅུང་ཟད་སྣུ
་ཐུག་པ་ཞུན་མར་ལྡན་པ་བཏུང་།། བྱིས་པ་རྒན་པོ་ཉམས་སྟོབས་ཆུང་།། སྨན་སྟོབས་ཆུང་བ་ནད་དབང་ལས།། ཆང་འོ་བུ་ར་མི་ཤིང་ཤ་ཁུ།། ནང་དམིགས་ཇི་སྐད་བཤད་པ་བཞིན། སྦྲང་རྩི་རྒྱ་མ་ཚ་དང་ལྡན་པ། སྨན་ཚད་ལྟོ་བ་ལ་དཔགས
་ཏེ། སྤྱན་ལ་སྔགས་ནི་མངོན་བཟློས་ལ།། སྒྲོག་མར་ཕྱིན་པའི་བར་དུ་ཐུང་།། ཚངས་པོ་སྐྱེ་དགུའི་བདག་དང་ཐ་སྐར་བུ།། དྲག་པོ་དབང་པོ་ཉི་ཟླ་ས་མྱི་རླུང་།། དྲང་སྲོང་རྣམས་ཀྱི་ཚོགས་དང་བཅས་པ་དང་།། འབྱུང་པོའི་ཚོགས་ཀྱིས་ཁྱོད་ནི་བསྲུང
་བར་ཤོག། དྲང་སྲོང་རྣམས་ཀྱི་བཅུད་ཀྱིས་ལེན་པ་དང་།། ལྷ་རྣམས་ཀྱི་ནཾ་བདུད་རྩི་ལྟེ་བུ་དང་།། ཀླུ་མཆོག་རྣམས་ཀྱི་བདུད་རྩི་ལྟ་བུར་ནི། ཁྱོ་ལ་སྤྱན་འདི་ཉེ་བར་གནས་གྱུར་ཅིག། ཨོཾ་ན་མོ་བྷ་ག་བ་ཏེ། བྷཻ་ཥ་ཛྙེ་གུ་རུ་བཻ་ཌཱུརྱ་པྲྀ་བྷ་རཱ་ཛཱ་ཡཾ།
་ཏཐཱ་ག་ཏཱ་ཡ། ཨརྡྷ་ཏྟེ། སཾ་མྱག་སཾ་བུད་དྷཱ་ཡ། ཏདྱ་ཐཱ། བྷཻ་རཱ་ཛྱེ་བྷཱི་ཥ་དྷྱེ་མ་ཧཱ་བྷེ་ཥ་ཛྱེ། ས་མཱངྒ་ཏྭེ་སྭཱཧཱ། ཤར་དུ་ཁ་བསྟན་འཐུང་ངུ་བཞུག། ཅེས་བྱ་བ་ལ། དེ་ནས་ཞེས་བྱ་བ་ནི་བཀྲ་ཤིས་པའི་དོན་དུ་སྨོས་པ་ཡིན་ནོ།། ཐུན
་མོང་གི་དུས་སུ་ནི་དབྱར་ཟླ་ཐ་ཆུང་དང་། དཔྱིད་འབྲིང་པོའོ།། ཚི་ག་བཞིན་ཞེས་བྱ་བ་ནི། བྱ་བའི་རིམ་པ་དང་། མཐུན་པོར་སྣུམ་གྱིས་ཞེན་ཅིང་བ། རླན་པར་བྱས་ལ། ནང་པར་ཏེ་དེ་ལས་གཞན་པའི་ཉི་མ་ལྀ། སྐྱུག་སྨན་བཏང་བར་བྱ་བོའི་སྐྱེས་བུ་ནུབ་ཅིག།
་སྣུམ་གྱི་ཚི་ག་དཔྱོད་ལ། ཚད་དང་ལྡན་པོའི་སྨན་དེ་བཏུང་བ་ནི་སྨན་པ་ནུ་གཎཱ~ཾ་ཁ་བལྟོས་ལ་ནད་པ་ཤར་དུ་ཁཾ་བསྟ་ན་ཏེ། སྔགས་འདྲི་མངོན་པར་བཟློས་ལ་བཐུང་དུ་གཞུག་གི་ཞེས་བྱ་བར་སྦྱར་རོ།། སྐྱུགས་པར་བྱི་བྷ་ཛ~ཾ་ལྟ་བུ་ལོ་བྲུད་ཅེ་ནོ།། བད་ཀན་གྲོངས་པ
་སྟེ། བད་ཀན་སྐྱོང་བར་དེ་རང་གི་གནས་ནས་གསོ་བར་བྱས་པའོ།། གང་གིས་ཤེ་ནཾ། 1ཤ་དང་སྲན་མ་མཱ་ཥ་སྟེ། མོན་སྲན་གྲེའུ་དང་ཏིལ་ལ་སོགས་པས་སོ།། སོགས་པ་སྨོས་པ་ནི་འོ་མོ་དང་། ཞོ་དང་ཏིལ་གྱི་འབའ་ཆུ་ལ་སོགས་པའི་ཁ་ཟས་ཀྱི
་བྱེ་བྲག་རྣམས་ཀྱིས་སོ།། མཚན་མོ་གཉིད་ལོག་པ་ནི་མཚན་མོ་བདེ་བར་གཉིད་ལོག་པས་གནས་པའོ།། གང་གིས་ཟས་ལེགས་པར་ཞུ་བ་ནི་ཁ་ཟས་བདེ་མོར་ཞུ་བར་གྱུར་པའོ།། སྔ་དྲོ་ནི་ཉི་མའི་ཆ་དང་པོའོ།། བཀྲ་ཤིས་བྱས་པ་ནི་བྱིན་རློབ་ཅིང་དྲུག
་བསྟོན་པར་བྱེད་པའོ།། དེ་བཞིན་དུ་ཐལ་མཐོས་པ་ནི་ཁ་བས་ལོངས་སྤྱད་བ་མ་བྱས་པར།། ཡང་རུང་ཟང་ཟླུམ་པན་སུམ་མོ་བྱབ་ཅུང་ཟེང་བྱས་པའོ།། ཐུག་པ་ནི་ནས་ཐུག་ས། དེ་སྦྱིན་མར་སྲུང་བ་བཏབ་ལ་བཏེང་བ་གྱུར།། དེ་བཞིན་དུ་གྱི
་བ་དང་རྒན་པོ་ལ་སོགས་པ་རྣམས་ནི་ནད་ཀྱི་དབང་ལས་ཆང་ལ་སོགས་པ་ལྐོག་མར་ཕྱིན་གྱི་བར་དུ་འཐུང་དུ་བཅུག་ལ། ནད་དམིགས་ཇི་སྐད་བཤད་ཅིང་གང་ལ་ཇི་ལྟར་འོས་པ་བཞིན་དུ་སྦྲང་རྩི་དང་རྒྱུ་མཚྭ་དག་དང་ལྡན་ཞིང་བསྲེས་ལྔ།། སྨན་གྱི་ཚན
་སྲ་སཱི་རབ་འབྲིང་ཐ་མའི་ཚང་ལས་དཔགས་ཏེ། ལྟོ་སྙི་བ་ལ་སྨན་འཇམ་པོ་འམ་ཚད་ཆུང་བའི་སྨན་སྦྱིན་ནོ།། འབྲིང་ལ་ནི་འབྲིང་ངོ་།། སྲ་བ་ལ་ནི་རྣོ་བ་དང་ཆེ་བར།། སྨན་ལ་སྔགས་ཀྱིས་མངོན་པར་ཟླ་བ་ནི། དགེ་སློང་བྲམ་ཟེ་རྣམས་ཀྱིས་ཤེས་པར་བརྗོད
་པར་བྱ་བའི་ཚིག་རྣམས་དང་། དེ་བཞིན་དུ་ཚངས་པ་སྟེ་སྐྱེ་དགུའི་བདག་དང་ཞེས་བྱ་བ་ལ་སོགས་པ་འི་ཚིགས་སུ་བཅད་པ་དང་། སྔགས་བཟླས་པར་བྱའོ།། དེ་ལ་ཚངས་པ་དང་སྐྱེ་དགུའི་བདག་པོ་མྱུར་བ་ཞེས་བྱ་བ་དང་། ཐ་སྐར་གྱི་བུ་གཉིས་དང་།
་དྲག་པོ་སྟེ་ལྷ་ཆེན་པོ་དང་། དབང་པོ་སྟེ་བཱིཙྪ་བྱིནྡ་དང་། སའི་ལྷ་དང་། ཉི་མ་དང་། ཟླ་བ་དང་། མེ་ལྷ་དང་རླུང་ཝཱ་སྟྭ~ཾ། ཚངས་པ་ལ་སོགས་པ་དེ་དག་གིས་ཁྱེད་ལ་བསྲུང་ཞིང་སྒྱེའུ་བོར་ཤོག་ཅིག་པའོ།། འདི་དག་འབའ་ཞིག་ཏུ་མ་ཟད་ཀྱི་དྲང་སྲོང་ཞེས
་བྱ་བ་རྒྱུན་ཤོས་ཀྱི་བུ་ལ་སོགས་པ་སྨན་གྱི་ཚིགས་དང་བཅས་པ་སྟེ། སྨན་གྱི་གནས་ཀྱི་ཡུལ་ལམ་སྨན་གྱི་ཚོགས་དུ་མ་དང་བཅས་པ་རྣམས་དང་། དེ་བཞིན་དུ་འབྱུང་པོའི་ཚོགས་ཏེ་ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་མིའམ་ཅི་ལ་སོགས
་པཔོ་འབྱུང་པོ་མཐུ་བོ་ཆེ་རྣམས་ཀྱིས་བསྲུང་བར་ཤོག་ཅིག་པའོ།། ཡང་ཁྱེད་ལ་སྨན་འདི་འདི་དག་ལྟ་བུར་ཉེ་བར་གནས་པར་གྱུར་ཅིག་པ་སྟེ། དྲང་སྲོང་རྣམས་ཀྱི་བཅུད་ཀྱི་ལེན་པ་དང་། ཞེས་བྱ་བ་དྲང་སྲོང་འཕོ་བ་ཞེས་བྱ་བ་ལ་སོགས
་བས་བཅུད་ཀྱིས་ལེན་དུ་བྱས་པའི་སྨན་གྱི་མཆོག་ལྟ་བུ་དང་། བརྒྱ་བྱིནཱ་ལ་སོགས་པ་ལྷ་རྣམས་ཀྱི་བདུད་རྩི་ལྟ་བུ་དང་། ཀླུ་ཡང་ཡིན་ལ་མཆོག་ཀྱང་ཡིན་པས་ན། ཀླུ་མཆོག་སྟེ་མཐའ་ཡས་དང་ནོར་རྒྱས་དང
་རིགས་ལྡན་ལ་སོགས་པ་རྣམས་ཀྱི་སྟེ། ཀླུ་རྣམས་ཀྱི་བདུད་རྩི་རྙེད་པར་སླ་བ་མ་ཡིན་པས་ན་ཀླུ་མཆོག་ཅེས་སྨོས་པ་ཡིན་ཏེ། ཀླུ་རྣམས་ཀྱི་བདུད་རྩི་ནི་ལྷ་ཡི་བས་ཅུང་ཟད་དམན་པ་ཡིན་ནོ།། དེ་དག་དང་ཁྱེད་ཀྱི་སྨན་འདི་འདྲ་བར་ཉིད་དུ
་གནས་པར་གྱུར་ཅིག་པའོ།། འཐུངས་ནས་དེ་ལ་སེམས་དམིགས་ཏེ། ཡུད་ཙམ་བསྡད་ལ་དང་ཁ་འཁྱིལ།། མཆིལ་མང་དེ་ནས་སློན་དུ་གཞུག། མ་གནོད་པར་ནི་སོར་མོས་སམ།། ཡང་ན་ཆུ་བ་འཇམ་པོ་ཡིས།། ལྐོག་མ་ལྕེའུ་ཆུང་མ་སྣང
་བྱ། སྐྱུག་མི་བྲོ་བར་མི་དྲང་ངོ་།། འབྱུང་བར་སྡོག་པ་སྨོན་པར་བྱ།། པུས་མོ་དང་མཉམ་སྟན་ལ་གནས།། ཞེས་བྱ་བ་ལ། སྨན་འཐུངས་ཟིན་ནས། དེ་ལ་སེམས་ཤིང་ཞེས་པ་སྨོན་བྲོ་བའི་སེམས་བསྐྱེད་ལ། ཡུད་ཙུམ་ཞེས་པ་ཆུ་ཚོད
་གཽཉི་ས་ཀྱི་བར་དུ་བསྡང་ཅིང་འདུག་ལ་དང་ཁུར་འཁྱིལ་པ་དང་། རྡུལ་འབྱུང་བས་ནད་ཞི་བར་འགྱུར་བ་དང་། བ་སྤུ་ལྡང་བས་གནས་ལས་བསྐྱོད་པར་འགྱུར་བ་དང་། ཁོང་པ་ཅུང་ཟད་སྤྲོ་ཞིང་འཁྲུགས་པས་ལྟོར་རྒྱུ་བ་དང་། རིམ
་གྱིས་སྙིང་གར་ཟུག་ཅིང་ཁ་འཁྱིལ་བ་དང་། སྙིང་འཕོར་བ་དང་། མཆིལ་མ་མང་པོ་ཁར་འབྱུང་བ་དག་གིས་ནད་དེ་གྱེན་དུ་མངོན་པར་ཤེས་པའི་བར་དུ་ཡུད་ཙམ་བསྡད་ནས་སློན་དུ་གཞུག་གོ།། གང་ལ་དང་ག་འཁྱིལ་པ
་དང་། མཆིལ་པ་མང་བ་འབྱུང་བར་འགྱུར་བ་དེ་ནི་དང་གར་འཁྱིལ་བ་དང་། མཆིལ་མ་མང་བ་ཞེས་བྱ་ལ། དེ་ལྟར་གྱུར་ནས་དེ་སློན་དུ་གཞུག་གོ།། ཇི་ལྟར་སྨོན་པར་བྱ་ཞེ་ན། མ་གནོད་པར་སོར་མོ་གཉིས་ཀྱིས་སྨོན་ཞིང་དྲང་བ་སྟེ།། ཤིནཏུ
་རྩོལ་བ་དྲག་པོས་མི་བྱའོ།། ཡང་ན་ཆུ་འཇམ་པོས་བྱ་སྟེ། ཨུཏྤ་ལ་སྔོན་པོ་ལ་སོགས་པའི་ཆུ་སྣོད་ཟླུམ་པ་འཇམ་ཞིང་མཉན་པས་བྱའོ།། ལྐོག་མ་ལྕེའུ་ཆུང་མ་སྣང་པར་ཞེས་བྱ་བ་ནི། དེ་དག་ལ་གནོད་པ་མེད་པར་རོ།། དེ་བཞིན་དུ་སྐྱུག་མི
་ཟློ་ནིང་འབྱུང་བར་མི་ལྡོག་པའི་ཚེ་དྲང་ཞིང་སྨོན་པར་མི་བྱའོ།། སྐྱོག་བྷྱོ་ཞིང་འབྱུང་བར་ལྡོག་པ་ན་སྨོན་ནོ་སྐྱུག་པར་མི་བྱའོ།། སྐྱེས་བུ་སྐྱོག་བྲོ་ཞིང་རློན་པའི་ཚེ། པུས་དང་མཉམ་པའི་སྟོན་མཐོན་པོ་ལ་གནས་པར་གྱུར་པས་སྐྱུག་དུ་གཟུག་ནིདེ་ནི
་བློ་རྩེ་གློ་གཉིས་དང་།། དཔྲལ་བ་དག་ནས་བསྙེན་པར་བྱ།། བཞིན་ལྕི་བ་བཙིར་བེ་དང་།། རྒྱབ་ནས་གྱེན་དུ་མཉེ་བར་བྱ།། ཞེ་ས་བྱེ་བ་ལ། མི་དེ་སྨོན་ཞིང་སྐྱུག་པར་གྱུར་པ་ན། གློ་གཉིས་ཏེ་རྟིབས་ལེགས་གཉིས་དང་། དེ་བཞིན་དུ་དབྱ
་བ་ནས་གཟུང་ཞིང་བསྟེན་པར་བྱའོ།། དེ་བཞིན་དུ་ལྟེ་བ་བཙིར་བར་བྱ་བ་དང་། རྒྱབ་ནས་གྱེན་དུ་བཅིར་ཐབས་ཀྱིས་པུལོ་ཞིང་ལག་པ་གྱེན་དུ་བལྟས་པས་མནྟ་པར་བྱའོ།། དེ་ལྟར་བདྨ་ཀན་རྣོ་དྲུང་ཁ།། མཁྲིས་པ་མར་དང་བསིལ་བས་བློན།
་རླུང་འདྲེས་བད་ཀན་སྣུམ་པ་དང་།། སྐྱུར་དང་ལན་ཚྭ་དག་གིས་སློན། ཇི་སྲིད་བང་ཀན་རྒྱུན་ཆད་པ་འམ། མཁྲིས་པ་སྣང་གི་བར་དུ་སྐྱུག། ཅེས་བྱ་བ་ལ། ཚུལ་དེ་ལྟ་རོ་བང་ཀན་ནི་སྨན་རྣོ་བ་དང་དྲོ་བ་དང་ཁ་བས་སློན་ཞིང་སྐྱུག་དུ་གཞུག་གོ། དེ
་བཞིན་དུ་མཁྲིས་པ་ཞེས་པ་མཁྲིས་པ་དང་བད་ཀུན་རྒྱུས་པ་འདྲེས་པའི་ནད་ལ། སྨན་མངར་བ་དང་བསིལ་བའི་ནུས་པ་དང་ལྡན་པས་སློན་དུ་གཞུག་གོ།། དེ་བཞིན་དུ་རླུང་ནང་འདྲེས་ཤིང་འདུས་པའི་བད་ཀན་རྒྱས་པ་ལ་ནི་སྨན་སྣུམ
་པ་དང་། སྐྱུར་བ་དང་། ལན་ཚྭའི་ཤས་ཆེ་བ་དག་གིས་སློན་དུ་གཞུག་གོ།། དེ་སྨོན་པ་ནི་ཇི་སྲིད་བད་ཀན་ཟད་ཅིང་རྒྱུན་ཆད་པའམ། མཁྲིས་པ་སྣང་གི་བར་དུ་སྐྱུག་ཅིང་དྲང་བར་བྱའོ།། ཤུགས་དལ་པི་པི་ལིང་སྐྱུ་རུ།། ཡུངས་ཀར་རྒྱམ་ཚའི་ཆུ་དག་གིས།།
་ཡང་དང་ཡང་ནི་སློན་དུ་གཞུག་ཅེས་བྱ་བ་ལ། སྐྱེས་བུ་སྨྱོན་པའི་ཤུགས་ངལ་ཞིང་བངས་ཆུང་བར་གྱུར་ན། པི་པི་ལིང་དང་ཀྱུ་རུ་ར་དང་ཡུངས་ཀར་བཏིགས་པའི་ལྡེ་གུ་དང་། རྒྱམཚའི་ཆུ་དག་བླུད་ལ། དེ་ཡང་དང་ཡང་དུ་སློན་ཞིང་སྐྲག་དུ་གཞུག
་གོ་དེར་ནི་སློ་ན་བར་མ་གྱུར་པའམ། སྡོད་པ་དང་བཅས་སྨོན་པའམ།། སྨན་ནི་འབའ་ཞིག་འབྱུང་འགྱུར་ན།། སྦྱོར་ཉེས་དེ་ནི་མཚོལ་མ་མང་།། གཡན་པོ་ཐོར་བུ་རིམས་སོགས་འབྱུང་།། ཞེས་བྱ་བ་ལ། སྐྱུག་པའི་གནས་སྐབས་དེང་སྨོན་པའི
་ཤུགས་ཅིའང་འབྱུང་བར་མ་གྱུར་པ་འམ། ཡང་ན་སྡོང་པའི་གགས་དང་བཅས་པར་སྨོན་པའམ།། སྨན་འབའ་ཞིག་འབྱུང་བར་འགྱུར་ཞིང་ནད་མ་བྱིན་པར་སྨན་ཉི་ཙེ་སྐྲག་པར་གྱུར་ན། འདི་ནི་སྒྱོགས་སྨྲ་ཚོན་གྱི་སྦྱོར་བ་ཉེས་ཤིང་མ་རུངས་པ་ཡིན་ཏེ།
་སྦྱོར་བ་ཉེས་པ་དེས་མཆིལ་མ་མང་བ་ལ་སོགས་པ་འབྱུང་བར་འགྱུར་རོ།། མཆིལ་མ་མང་བ་ནི་བད་ཀན་གྱིས་མཆིལ་སྣབས་མང་དུ་འཛག་པའོ།། སོགས་པ་ཞེས་སྨོས་པ་ནི་ཡི་གར་མི་པོ་འོང་བ་དང་། ལུས་ལྕི་བ་དང་ཚིགས་ན་བ་དང་། རྒྱུ་ཞིང
་སྒོམ་པ་དང་ཐུག་ཅིང་གཟེར་བ་དང་། ཆམ་པ་དང་། སྤུ་ལྡང་བ་ལ་སོགས་པ་འབྱུང་བ་བསྡུའོ།། བདེར་སྐྲག་བད་ཀན་མཁྲིས་པ་དང་།། རླུང་ནི་རིམ་གྱིས་འབྱུང་བར་འགྱུར། སྦྱོར་བ་ལེགས་པ་ཡིན་ཞེས་བྱ་བ་ལ། སྨྱུག་སྨན་གྱི་སྦྱར་བ་ལེགས་པའི
་མཚན་མ་ཡང་བདེ་བར་སྐྱུག་ཅིང་སྡོང་པ་མེད་པ་དང་། བད་ཀན་ལ་སོགས་པ་རིམ་གྱིས་འབྱུང་བར་འགྱུར་ཏེ། བད་ཀུན་སྨོན་པ་མེད་པར་འབྱུང་བ་དང་། དེའི་འོག་ཏུ་མི་ཁྲོས་པ། དེའི་འོག་ཏུ་རླུང་རིམ་བཞིན་དུ་འབྱུང་བ་དང་། དེ་བཞིན་དུ་ཟུག
་གཟེར་ཆེན་པོ་མེད་པ་དེ་ང། ཡིད་དགའ་ཞིང་དང་ག་གསང་བག་ལ་སོགས་པ་འབྱུང་བར་འགྱུར་རོ།། སྐྱུག་སྨན་གྱི་སྦྱོར་བ་ལེགས་པ་ཡིན་ནོ།། སྦྱོར་བ་དྲགས་པས། ལྦུ་བ་ཚེན་ཅན་ཁྲག་འདྲར་སྣང་།། སློན་ནས་ཁོང་ཆུ་ལུས་ཚ་དང་།། ལྐོག
་སྐམས་མགོ་འཁོར་མིག་མི་མཐོང་།། རླུང་ནད་མི་ཟད་ལྡང་འགྱུར་ཞིང་།། སྲོག་གི་ཁྲག་འབྱུང་འཆི་བར་འགྱུར།། ཞེས་བྱ་བ་ལ། སྐྱུག་སྨན་གྱི་སྦྱོར་བ་དྲུག་པར་གྱུར་པ་ཡང་། སྨོན་པའི་སྐྱུགས་པ་ལྦུ་བ་དང་། མདོག་ཚོན་ཅན་རྨ་བྱ
་མཇུག་སྒྲོ་ལྟར་ཁ་དོག་སྣ་ཚོགས་པ་སྣང་བ་དང་། ཁྲག་ལྟེ་བུར་སྐྱུག་པར་འགྱུར་བས་ནི། ལཱུ་འི་ཚོན་ཅན་ཁྲག་འདྲར་སྣང་ཞེས་བྱའོ།། དེ་ས་བཞིན་དུ་སྲིན་ནས་ཁོང་རྨྱ་ཞིང་ཤིན་ཏུ་ཉམ་ཆུང་བ་དང་། དེ་བཞིན་དུ་ཡན་ལག་ཐམས་ཅད་ཚ་བོ་འུར
་འུར་བར་གྱུར་པ་དང་། ལྐོག་མ་སྐ་མཾ་ཞིང་གྲི་བ་ཞུམ་པ་དང་། མགོ་འཁོར་བ་དང་། མིགོ་གིས་མི་མཐོང་ཞིང་མུནི་པ་ལྟ་བུར་སྣང་བ་དང་། རླུང་ནད་མི་བཟང་པོ་སྟེ། ཁེ་ཡི་བ་དང་། རྣ་བ་གཟེར་བ་དང་། ཚིག་ཐོགས་པ་དང་། ལྕེ་འཁུམ
་བ་དང་། མིག་འགྱུར་བ་དང་། འགྲམ་པ་འཐམས་པ་དང་། དྲན་པ་མེད་པ་དང་། གཉིད་ཡར་བ་ལ་སོགས་པའི་ནད་མི་བཟད་པ་དང་ལྡན་པར་འགྱུར་རོ།། ཡང་ན་སྲོག་ཅེས་བྱ་བའི་ཁྲག་འོག་ནས་བཤད་པའི་མཚན་ཉིད་ཅན།
་སྨོན་ཉེས་པའི་ནད་དེ་འབྱུང་བས་འཆི་བར་འགྱུར་རོ།། སྦྱོར་བ་ལེགས་པས་སློན་ནཱ་ནི། ཡུད་ཙམ་ངལ་བསོ་དུད་པ་གསུམ།། གང་ཡང་རུང་བས་བདུགས་པ་དང་།། དེའི་འོག་སྣུམ་གྱི་སྤྱོད་པ་བསྟེན།། ཞེས་བྱ་བ་ལ། སྐྱེས་བུ་སྦྱོར་བ་ལེགས་པས་སྨོན
་པར་གྱུར་ན། རྐང་པ་དང་ལག་པ་དང་གདོང་དང་མིག་ལེགས་པར་དག་པར་བྱས་ཤིང་ཕྱིས་ལ། ཡུད་ཙམ་ཞིག་ལ་ངལ་བསོ་ཞིང་དུབ་པ་བསལ་ལ། རྔ་ཡབ་ལ་སོགས་པས་དབུགས་ཕྱུང་ཞིང་སེམས་བསོ་པ་བས་ནས། དྲོའི་འོག་ཏུ་དུ་བས་བདུག་པ
་གསུམ་པོ་བདུག་པའི་ཆོ་ག་ལས་འོག་བཤང་བ་རྣོན་པོ་དང་བར་མ་དང་། འཇམ་པོའི་དབྱེ་བས་ཕྱེ་བའི་གང་ཡང་རུང་བ་དེའི་ནུས་པ་དང་སྦྱར་ཏེ། ཅི་རིགས་པར་རྣོ་བ་དུང་བར་མ་དང་འཇམ་པ་དང་གསུམ་ལོས་གཅིག་གིས་བདུག་པར་བྱའོ།། དེ་ནས
་དེའི་འོག་ཏུ་སྣུམ་གྱི་ཆོ་ག་རི་སྤྱོད་པའི་ཁ་ལག་ཆུ་དྲོན་གྱིས་བཀྲ་ཞིང་ཞེས་བྱ་བ་ལ་སོགས་པོ་བསྟན་ཅིང་བསླབ་པར་བྱའོ།། དེ་ནས་དགོངས་ཀ་འམ་ནཱང་པར་ནི། དཀྲེས་ཚེ་ཆུ་ཚན་གྱིས་བཀྲུས་ལ། སཱ་ལུ་རྩ་སྣར་འབྲས་ཀྱི་ནི།། ཐུག་པ་མོ་སོགས
་རིམ་བཞིན་བསྟེན།། ནས་བྱི་བ་ལ། དེ་ནས་སྨིན་ཟིན་པ་དང་། དགོང་སོ་ཀ་དེ་ཉི་མ་ནུབ་ནས་སམ། ཡང་ནི་ཕྱི་དེ་ཉོན་ཞག་གི་ནང་པར་ཐ་རངས་ཀྱི་སྨོན་གྱིས་གློངས་པའི་ལུས་ཟུངས་རྣམས་རང་གི་གནས་སུ་ལེགས་པར་གནས་པར་བྱ་བའི་ཕྱིར།
་སྔ་སྨོན་པས་དཀྲིས་ཤིང་བྲུ་བ་ཆ་བར་གྱུར་ན། ཆུ་དྲོན་པོས་ཁྲུས་བྱས་ཤིང་གཙང་སྦྲ་བྱས་ལ། ས་ལུ་རྩ་སྣར་གྱི་འབྲས་ཀྱི་ཐུག་པ་ལ་སོགས་པ་འོག་ནས་བཤད་པའི་རིམ་པ་འདི་བསྟེན་ཅིང་སྤྱད་པར་བྱའོ།། དེ་ལ་ཐུག་པ་ལ་སོགས་པའི་རིམ་པ་མ
་བསྟེན་པ་གཉིས་ཏེ། ཟས་ཀྱི་དུས་གཉིས་གཉིས་ཏེ་བསྟེན་པ་དང་། དེ་བཞིན་དུ་སྦྱོང་བ་ཐམས་ཅད་སྦྱངས་པ་གཅིག་སྟེ། ཟས་ཀྱི་དུས་སུ་ཐུག་པ་ནས་ཤ་ཁུའི་བར་དུ་རེ་རེ་སྤྱད་པས་བསྟོན་པར་བྱའོ།། དེ་ལ་ཉི་མ་དང་པོའི་དགོངས་ཀ་ཐུག་པ
་བཏུང་བར་བྱའོ།། ཉི་མ་གཉིས་པ་ལ་ཟས་ཀྱི་དུས་གཉིས་སུ་ཐུག་པ་ཉིད་བཏུང་བར་བྱ་སྟེ། དེ་ལྟར་ཟོས་ཀྱི་དུས་གསུམ་དུ་ཐུག་པ་སྤྱད་པ་ཡིན་ནོ།། ཉི་མ་གསུམ་པ་ལ་ཟས་ཀྱི་དུས་གཉིས་སུ་ཐུག་པ་གར་པོ་སྤྱད་པར་བྱ་སྟེ། ཉི་མ་བཞི་པའི
་ནང་པར་གྱི་ཟས་ཀྱི་དུས་གཅིག་ཏུ་ཐུག་པ་གར་པོ་སྤྱད་པར་བྱ་སྟེ། དེ་ཡང་སླུ་བ་མ་ཡིན་པ་ཐུར་མ་ལ་བདྨ་བླག་ཏུ་ཆགས་པ་བཟུའ་བར་བྱ་སྟེ། དེ་ལྟར་ན་ཟླས་ཀྱི་དུས་གསུམ་དུ་ཐུག་པ་གར་པོ་ལོངས་སྤྱོད་པ་ཡིན་ནོ།། ཉི་མ་བཞི་པའི་དགོངས
་ཀའི་ཟས་ཀྱི་དུས་གཅིག་ཏུ་གཡོས་སུ་མ་བྱས་ཁུ་བའི་ལོངས་སྤྱོད་པར་བྱའོ།། དེ་ཡང་ཉི་མ་ལྔ་པའི་ཟས་ཀྱི་དུས་གཉིས་སུ་གཡོས་སུ་མོ་བྱས་པའི་ཁུ་བོ་ཉིད་བཏུང་བར་བྱ་སྟེ། དེ་ལྟར་ན་གཁོས་སུ་མ་བྱས་པའི་ཁུ་བ་ཟས་ཀྱི་དུས་གསུམ
་དུ་སྤྱད་པ་ཡིན་ནོ།། ཞག་དྲུག་པ་ལ་ཟས་ཀྱི་དུས་གཉིས་སུ་གཡོས་སུ་བྱས་པའི་ཁུ་བ་བསྟེན་པར་བྱའོ།། ཉི་མ་བདུན་པའི་ནང་པར་གྱི་ཟས་ཀྱི་དུས་གཅིག་ལ་གཡོས་སུ་བྱས་པའི་ཁུ་བ་དང་བཟའ་བོར་བྱ་སྟེ། དེ་ལྟར་ན་གཡོས་སུ་བྱས
་པའི་ཁུ་བ་ཟས་ཀྱི་དུས་གསུམ་དུ་སྤྱད་པར་བྱའོ།། ཞག་བདུན་པའི་དགོངས་ཀ་ཟས་ཀྱི་དུས་གཅིག་ཏུ་ཤཱ་ཁུ་དང་ཉེ་བར་ལོངས་སྤྱད་པར་བྱའོ།། ཞག་བརྒྱད་པའི་ཟས་ཀྱི་བར་དུས་གཉིས་སུ་ཤ་ལུ་དང་བསྟེན་པར་བྱ་སྟེ། དེ་ལྟར་ན
་ཁུ་ཟས་ཀྱི་དུས་གསུམ་དུ་སྤང་པ་ཡིན་ནོ།། འདོ་ནི་སྦྱོང་བ་རབ་ཀྱི་ཐུག་པ་རྒྱང་རྒྱུད་པོ་ནས་ཤ་ཁུའི་བར་སྤྱད་པའི་རིམ་པ་ཡིན་ནོ།། དེ་བཞིན་དུ་སྦྱང་བཚོད་ཆ་བས་སྦྱངས་པར་གྱུར་པས་ཟས་ཀྱི་དུས་གཉིས་སུ་ཐུག་པ་ལ་སོགས་པ་སྤྱང་པར་བྱ
་སྟེ། ཉི་མ་དང་པོའི་དགོངས་ཀ་དང་ཉི་མ་གཉིས་པའི་ནོད་པར་ཐུག་པ་རྐྱང་རྐྱང་པོ་ཉིད་སྤང་བར་བྱའོ།། ཉི་མ་གཉིས་པའི་དགོངས་ཀ་ཐུག་པ་གརི་བོ་འཐུངས་པ་ཉི་མོ་གསུམ་པོའི་ནང་པར་ཐུག་པ་གར་པོ་ཉིད་བཏུང་བར་བྱའོ།། དེའི་དགོང་ས་ཀ་ནི
་གཡོས་སུ་མ་བྱས་པའི་ཁུ་བ་དང་ལོངས་སྤྱད་པར་བྱའོ།། ཉི་མ་བཞི་པའི་ནང་པར་ཡང་གཡོས་སུ་མུ་བྱས་པ་ཉིད་དོ།། དེའི་དགོངས་ཀ་ནི་གཡོས་སུ་བྱས་པའི་ཁུ་བ་སྟེ། ལྔ་པའི་ནད་པར་ཡང་གཡོས་སུ་བྱས་པ་དང་སྦྲང་པོར་བྱའོ།། དེའི་དགོངས་ཀ་ནི།
་ཤ་ཁུ་སྟེ། ཉི་མི་དྲུག་པའི་ནང་པར་ཡང་ཤ་ཁུ་དང་སྤྱད་པར་བྱའོ།། དེའི་དགོངས་ཀ་ཕན་ཆད་ནི་ཟོས་ནར་མ་བཟའ་བར་བྱའོ།། དེ་བཞིན་དུ་སྦྱང་བ་ཐ་མས་སྦྱངས་པས་ཟས་ཀྱི་དུས་གཅིག་ཏུ་ཐུག་པོ་རྐྱང་རྐྱང་པོ་ལ་སོགས་པ་སྤྱད་པར་བྱ
་སྟེ། ཉིན་ཞག་དང་དང་པོའི་དགོངས་ཀ་ཐུག་པ་རྐྱང་རྐྱོང་སྦྱང་པར་བྱའོ།། ཉི་མ་གཉིས་པའི་ནང་པར་ཐུག་པ་གར་པོ་དེ་གོངས་ཀ་གཡོས་སུ་མ་བྱས་པ་འི་ཁུ་བ་ཉི་མ་གསུམ་པའི་ནང་པར་གཡོས་སུ་བྱ་བའི་ཁུ་བ། དགོངས་ཀ་ཤོ་ཁུ
་དེ་ཕན་ཆད་ནི་ཟས་ནར་མ་ཐམས་ཅད་སྦྱང་ལ་རག་གོ།། ཐུག་པ་རྒྱང་རྐྱང་པོ་ལ་སོགས་པའི་རིམ་པས་ཅི་ཞིག་བྱེད་ཅེས་ན། དེའི་ཕྱིར་སྨྲས་པ་ནི། དཔེར་ན་མི་ཆུང་རྩཝ་དང་ལྕི་སོགས་ཀྱིས།། རྣམ་པར་སྦར་ནས་རིམ་གྱིས་མཆེད་པ་ན། ཆེ་ཞིང་བསྟན་ལ
་ཐམས་ཅད་མཆེད་པར་ནུས།། སྦྲང་ས་པའི་ནད་མེད་ཐུག་སོགས་ཀྱིས་དེ་བཞིན། ཞེས་བྱ་བ་ཡིན་ཏེ། དཔེར་ན་མེ་ཤིང་མེད་ཅིང་ཕྲ་བ་ཅུང་ཟད་ཅིག་གནས་པར་གྱུར་པ་ནི། རྩཝ་དང་ལྕི་བ་ལ་སོགས་པ་ཕྲ་ཞིང་ཞིབ་མོར་རྣམ་པར་སྦར་ཞིང་འབུད་པ
་ན། རིམ་གྱིས་མཆེད་པར་གྱུར་བ་ན་ཆེན་པོར་འགྱུར་བ་དང་། དེ་བཞིན་དུ་བསྟན་ཞིང་མི་སོད་པར་འགྱུར་བ་དང་། ཐམས་ཅད་མཆེ་ད་པར་ནུས་པ་སྟེ། དངོས་པོ་སྲ་ཞིང་ལྕི་བའི་ཟས་ཀྱི་རིགས་རྣམས་ཀྱང་སྨིན་དང་ཚོས་པར་ནུས་པར་འགྱུར་རོ།། །
་དེ་བཞིན་དུ་སྦྱངས་པར་གྱུར་པའི་ཕོ་བའི་ནང་གྲི་མེ་སྦྱངས་པས་ཉམ་ཆུང་ཞིང་སྟོབས་ཞན་པ་ཐུག་པ་རྐྱང་རྒྱང་པོ་ལ་སོགས་པས་གསོས་པར་གྱུར་པ་ནི་རིམ་གྱིས་ཆེ་བ་དང་བརྟན་པ་དང་། འཇུ་ཞིང་སྨིན་པར་བྱེད་ནུས་པར་འགྱུར་རོ།། དེ་ལ་སྦྱངས
་བ་གསུམ་པོ་དེ་དག་གང་ཞིག་ཡིན་པ་མི་ཤེས་སོ་ཤེ་ན། དེའི་ཕྱིར་སྨྲས་པ་ནི། སྨོན་ཆད་གུས་དང་འབྲིང་དང་ཆེན་པོ་སྟེ། བཞི་དང་དྲུག་དང་ལན་བརྒྱད་སྨོན་པར་འདོད།། དེ་གཉིས་བཅུ་དང་ཉིས་ལྡོབ་སུམ་ལྡབ་འཁྲུ།། བྲེ་གང་དེ་བཀྲིན
་ཉིས་ལྔབ་བཞི་ལྡན་འགྱུར།། སྐྱུག་སྨན་མཐར་མཁྲིས་བཀྲུ་སྨན་ལས་ཕྱེད་དང་།། བད་ཀན་མཐར་བྱུང་འཁྲུལ་པ་མཆོག་ཏུ་བཤང་།། ཅེས་བྱ་བ་ལ་སྨོན་པའི་ཚང་ཆུང་ངུ་དང་འབྲིང་དང་ཆེན་པོ་གོ་རིམ་ཇི་ལྟ་བ་བཞིན་དུ་སློན་ཤུགས་བཞི
་དང་། དྲུག་དང་བརྒྱད་སྨོན་པ་དག་ཡིན་པར་ཚེའི་རིག་བྱེད་དྲན་པར་བྱེད་པ་དག་མངོན་པར་འདོད་ཅིང་སྟོན་པ་ཡིན་ནོ།། དེ་ལ་སྨོན་པ་ཆུང་ཚད་ནི་ལན་བཞི་སྨོན་པ་ཡིན་པར་འདོད་དོ།། སློན་ཚད་འབྲིང་ནི་ལན་དྲུག་སློན
་བའོ།། སྨོན་པ་ཆེ་ཚད་ན་ལནཱ་བརྒྱད་སྨོན་པའོ།། འབྱུང་བའི་ཤུགས་དེ་ཉིད་བཅུ་དང་ཉིས་ལྔ་པ་དང་། སུམ་ལྔབ་ནི་འཁྲུ་བའི་ཆེད་ཆུང་ངུ་དང་འབྲིང་དང་ཆེན་པོ་ཡིན་པར་དྲང་སྲོང་དེ་དག་ཉིད་འདོད་དོ།། དེ་ལ་འཁྲུ་བ་ཆུང་བའི་ཚད་ནི་ལན་བཅུ་འཁྲུ
་བའོ།། འཁྲུ་བའི་འབྲིང་ཚྭད་ནི། བཅུ་གཉིས་ལྡབས་ཏེ་ལན་ཉི་ཤུ་འཁྲུ་དཱར་ལ་དོད་དོ།། འཁྲུ་བ་ཆེ་ཚད་ནི་བཅུའི་སུམ་ལྟབ་སུམ་ཅུ་ཡིན་པར་འདོད་དོ།། དེ་ལྟར་ན་སྐྱུག་སྨན་དང་བཀྲུ་སྨན་གཉིས་ཀྱི་འབྱུང་བའི་གྲངས་ཀྱི་ཚད་ཆུང་ངུ་དང་འོདི
་དང་ཆེན་པོ་བཤད་པ་ཡིན་ནོ།། བྲེ་ལ་སོགས་པའི་ཚད་ཀྱིས་གཞོལ་བའི་ཚང་ཆུང་ངུ་དང་། འབྲིང་དང་ཆེན་པོ་སྨྲས་པ་ནི་བྲེ་གང་ལ་སོགས་པ་ཡིན་ཏེ། འཁྲུ་བའི་ཚང་ཆུང་ངུ་དང་འབྲིང་དང་འབ་ཆེན་པོ་ནི་རིམཱ་བཞིན་དུ་བྲེ་གང་དང་། དེ་ཉིད་ཀྱིས
་ཉིས་ལྔཔ་དང་། དེ་ཉིད་ཀྱིས་བཞི་ལྔབ་ཡིན་ནོ།། ཞེས་བྱ་བར་སྦྱར་རོ།། དེས་ར་འཁྲུ་བ་ཆུང་ཚད་ནི་བྲེ་གླང་ངོ་།། འབྲིང་ནི་བྲེ་དོའོ།། ཆེན་པོ་ནི་བྲེ་བཞི་ཡིནོ།། སློབ་དཔོན་གཞན་དག་ནི། སྐྱུག་སྨན་གྱི་མཆོག་ནི་མཁྲིས་པ་འབྱུང་བའི་མཱ་ཐར
་ཐུག་པ་ཡིན་པར་འདོད་དོ།། སྐྱུག་སྨན་གང་གི་མཐར་མོ་ཁྲིས་པ་འབྱུང་བ་ད་ནི། སྐྱུག་སྨན་མཐར་ནི་མཁྲིས་པའོ།། ཞེས་བྱ་འོ།། བཀྲུ་སྨན་གྱི་ཚད་བྲེ་གང་དུ་ཡོངས་སུ་ཆེད་པ་ལ་ཆོས་བྱེད་དེ་བྲེ་ཕྱེད་དོ།། དེས་ན་སྨོན་པའི
་ཆུང་ཚད་ན་པྲ་ཕྱེད་དོ།། འབྲིང་ནི་བྲེ་གང་ངོ་།། ཆེ་ཚང་བྲེ་དོའོ།། དེ་བཞིན་དུ་བད་ཀན་མཐའ་མར་བྱུང་བའི་འཁྲུ་བའི་ཚད་ནི་མཆོག་ཡིན་ནོ།། ཞེས་སྲོག་བསྲུང་བའི་སློབ་དཔོན་དག་གིས་བཤད་དོ།། འཁྲུ་བ་གཉིས་གསུམ་བཤད་དང་བཅས་མ
་གཏོགས། འོཁྲུ་བ་གཞལ་ཏེ་སྨོན་པ་འཐུངས་མ་གཏོགས། ཞེས་བྱ་བ་ལ། འབྲིང་ནི་བྲེ་གང་ངོ་།། བྲུ་བའི་ཤུགས་གཉིས་སམ་གསུམ་ལ་ནི་འཁྲུ་བའི་གསུམ་ཞེས་བྱ་ལ། དེ་བཤང་བ་དང་བཅས་པ་འབྱུང་བས་ན། བཤང་བཅས
་ཏེའཁྲུ་བ་དེ་གེ་ཏོགས་ཤིང་ཆེད་དུ་བགྲང་བར་མི་བརྩི་ཞིང་དོར་ལོ་འཁྲུ་བའི་ཡུལ་ལ་གཞལ་ཞིང་བརྩིས་ལ་འཁྲུ་བའི་གྲངས་སུ་བསྟན་པ་གང་ཡིན་པ་ལས་དེ་མི་རྩི་སྟེ། དེའི་འོག་ཏུ་དངོས་པོའི་རིགས་གཞན་དེ་མེད་པར་འཁྲུ་བའི
་ཤུགས་ཀྱི་དབང་གིས་བཤང་བའི་སྒོ་ནས་འབྱུང་བ་དེ་ཉིད་དེའི་འོག་ཏུ་བློ་ལ་སོགས་པའི་ཚད་ཀྱིས་གཞལ་བར་བྱའོ།། དེ་བཞིན་དུ་སྨོན་ཞིང་སྐྱུགས་པའི་ལུས་ལ་སྨོན་པའི་ཕྱིར། སྐྱུགས་སྨན་ཆུ་ལ་སོགས་པ་རྫས་གཤེར་བ་དང་བསྲེས་ཏེ་འཐུངས་པ
་གང་ཡིན་པ་ཁ་ནས་སྨོན་ཏེ་བྱུང་བ་དེ་སྐད་དུ་བཤད་པར་གྲངས་སུ་མི་བརྩིའི། དེའི་འོག་ཏུ་དངོས་པོ་གཞན་དགེ་སྨོན་པའི་ཤུགས་ཀྱིས་ཁོ་མོའི་སྒོ་ནས་བྱུང་བ་དེ་ཉིད་དེ་ཕན་ཆད་གཽ་ཞལ་ཞིང་བརྩི་བར་བྱའོ།། དེ་ནས་སྨོན་པ་དེ་ལ་ནི། སླར་ཡང་སྣུམ
་དང་དུགས་བྱས་ཏེ། བད་ཀོན་དུས་འདས་ལྟོ་ཤེས་ནས། ལེགས་པར་བཀྲུ་སྨན་བཏང་བར་བྱ།། ཞེས་བྱ་བ་ལ། དེ་ནས་ཞེས་བྱ་བ་ནི། བཀྲ་ཤིས་པའི་དོན་ནམ། དེ་མ་ཐག་པའི་དོན་ཏེ། དེ་ནས་དེའི་འོག་ཏུ་སྨོན་པའི་སྐྱེས་བུ་དེ་སླར་ཡང་ཞེས
་བྱ་བ་ཕྱིས་ཡང་སྔམ་དང་དུགས་བྱས་ཤིང་བདེ་བར་གནས་པས་སྔར་བཤད་པའི་ཆོ་གས་བྱས་ལ། བད་ཀན་གྱི་དུས་འདས་པ་དང་ལྟོ་ན་ཁ་ཟས་མེད་པར་ཤེས་ཤིང་རྟོགས་ནས་སྨན་གྱི་ཚད་ཇི་ལྟར་འོས་པ་ལས་ལེགས
་བར་བཀྲུ་སྨན་བཏང་ཞིང་འཐུང་ངུ་བཅུག་ལ། ལཱ་པྲུ་བར་བྱའོ།། མཁྲིས་པ་མང་ཞིང་ལྟོ་སྟི་ལ།། འོ་མེས་ཀྱང་ནི་འཁྲུ་བར་བྱེད།། རླུང་ཤས་ཆེ་ཞིང་ལྷོ་སྲ་ན། དུརུ་བྱིང་སོགས་ཀྱིས་ཀྱང་འཁྲུ་དཀའ། ཞེས་བྱ་བ་ལི། དེ་ལ་མཁྲིས་པ་མང་ཞིང་ལྟོ་སྙི་བ་གང
་ཡིན་པ་དེ་ནི་འོ་མས་ཀྱང་འཁྲུ་བར་བྱེད་དོ།། འདི་རོ་འོ་མ་སྨོས་པ་ནི་ཉེ་བར་མཚོན་པ་ཙམ་དུ་ཟད་དོ།། དེ་ནས་བུར་མི་ཤིང་གི་ཁྲུ་བ་དང་དར་བ་སྐྱུར་པོ་དང་། ཞོ་ག་ཆུ་དང་། བུ་རམ་དང་། ཀྲི་ས་ར་དང་། ཞུན་མོར་དང་ཚང་དང་། ཆུ་ཆན་དང་། བི་ལུ་དང་རྒུན
་འབྲུམ་དང་། སླ་གོར་ཞོ་ཤ་ལ་སོགས་པས་ཀྱང་འཁྲུ་བིར་བྱེད་དོ།། དེ་ལ་རླུང་ཤས་ཆེ་ཞིང་ལྟོ་སྲེ་ལ་འཁྲུ་བར་དཀའ་བ་ནི་དུར་བྱིད་དང་འབྲས་བུ་གསུམ་དང་། ནིམ་པ་དང་། ནི་ལི་ནི་དང་། དནྟིའི་འབྲས་བུལ་པས་ཀྱང་འཁྲུ་བར་དཀའ་ཞིང་རྣོལ་བ་ཚོན
་པོས་གདོང་འཁྲུ་བ་ཡིན་ནོ།། བཀྲུ་སྨན་མཁྲིས་པ་མདོར་དང་བསྐ། བད་ཀན་ལ་ནི་བསྐབས་བྱ།། རླུང་ལ་སྣུམ་དྲོ་ལན་ཚྭ་ཅན།། ཞེས་བྱ་བ་ལ། མཁྲིས་པའི་ནད་ཀྱི་ཡུལ་ལ་ནི་བཀྲུ་སྨན་མངར་བ་དང་། བསྐ་བ་བཏང་ན་བཀྲུ་བ་ལ་བསྔགས་སོ་ཞེས་བྱ་བ
་ནི་ཚིག་གི་ལྷག་མའོ།། དེ་བཞིན་དུ་བིད་ཀན་ཞེས་བྱ་བ་ལ་མཁྲིས་པ་རྒྱས་པ་དང་འདྲེས་པའི་བང་ཀན་ལ་ནི་སྨན་ཁ་བས་བཀྲུ་བ་བསྔགས་པ་ཡིན་ནོ།། རླུང་དང་མཁྲིས་པ་འདྲེས་པ་ལ་ནི་སྨན་སྣུམ་པ་དང་། དྲོ་བ་དང་། ལན་ཚྭ་ཅན་གྱི་བཀྲུ་སྨན་གྱིས
་བཀྲུ་བ་བསྔགས་པ་ཡིན་ནོ།། མི་འཁྲུན་ནི་ཆུ་ཆན་བླུང་།། ལག་པ་བསྲོས་པས་དེ་ཡི་ནི།། ལྟོ་བ་ལེགས་པར་དུ་གུས་བྱའོ།། ཞེས་བྱ་བ་ལ། སྦྱང་བའི་སྨན་གྱིས་འཁྲུ་བར་མ་གྱུར་ན། སྨན་གྱི་ནུས་པསྐྱེད་པར་བྱ་བའི་ཕྱིར། ཆུ་ཚན་བླུང་བ་དང་། དེ་བཞིན་དུ
་སྐྱེས་བུ་དེ་ལེག་པ་བསྲོས་པས་དེའི་ལྟོ་བ་ལེགས་པར་དུགས་བྱ་ཞིང་བསྲོ་བར་བྱའོ།། མ་འཁྲུས་དེ་ནག་ལྗང་ཟས་ཟོསོ།། ཉི་མ་གཉིས་པར་སླར་ཡང་བཏུང་།། ཞེས་བྱ་བ་ལ། སྨན་དེས་ཅུང་ཞིག་འཁྲུ་ཞིང་ནང་པ་བདེ་མོར་མ་ཕྱིན་མལ་ནས་ལངས་ལ་ཕྱི་རོལ
་གྱི་སར་དྲི་མ་གདོན་པའི་ཕྱིར་འགྲོ་བར་བྱ་ལ། དེ་ནས་དེ་ཞག་གཅིག་ཟན་ཐོས་ལ། ཉི་མ་གཉིས་པ་ཞེས་བྱ་བ་ཕྱི་དེ་ཉིན་ཡང་འཁྲུ་བར་བྱ་བའི་ཕྱིར་ཡང་སྨན་བཏུང་བར་བྱའོ།། ལྟོ་བ་རབ་སྐྲ་སྣུམ་དག་ནི།། ཞག་བཅུའི་བར་དུ་ཡང་བཏུང་བས།། སླར
་ཡང་སྣུམ་དང་དུགས་ཀྱིས་ནི།། ལུས་སྦྱངས་ནས་ནི་བཀྲུ་སྨན་གྱི།། སྦྱོར་བ་ལེགས་པར་བརྟག་པ་དང་།། སྔར་གྷི་ཉོས་པ་དྲན་པར་བྱ།། ཞེས་བྱ་བ་ལོ། གང་གི་སྣུམ་གྱིས་ཞེན་པར་མ་གྱུར་ཅིངའི་མ་རླན་པས་རབ་ཏུ་སྲ་བ་ཞིག་ནི། ཞག་བཅུའི་བར་དུ
་སླར་ཡང་སྣུམ་གྱི་ཆོ་ག་བྱས་ལ། ལུས་ཉེ་བར་སྦྱང་ཞིང་སྣུམ་དང་དུགས་ཀྱིས་ལུས་བཙོས་ནས་བཀྲུ་སྨན་གྱི་སྦྱོར་བ་ནང་ལ་སོགས་པའི་ཚུལ་ལ་ལེགས་པར་བརྟགས་ཏེ་བྱ་བ་དང་། དེ་བཞིན་དུ་སྔར་གྱི་ཉེས་བེ་ཙི་ཡང་དྲན་ཞིང་ངོས་ཟིན་པར་བྱས
་ལི། མ་ལོངས་པར་བཀྲུ་སྨན་བཏུང་བར་བྱའོ།། བཀྲ་སྨིན་གྱི་སྦྱོར་བ་ཉེས་པའི་མཚན་ཉིད་ནི། སྙིང་དེང་སྟི་ནི་ཡི་ག་ཆུས།། བད་ཀན་མཁྲིས་པ་གློངས་པ་དང་།། གཡོན་པ་ལུས་མཐོང་བུ་དང་།། ཆམ་པས་འདེབས་ཤིང་བཤང་རླུང་འགོག།
་སྦྱོར་བ་ཉེས་པའི་མཚན་ཉིད་ཡིན།། ཞེས་བྱ་བ་ཡིན་ཏེ། བཀྲུ་སྨན་བཏང་བ་མ་ལེགས་ན། སྙིང་དང་ལྟོ་བ་ན་ཞིང་མི་དགའ་བར་འགྱུར་བ་དང་། ཡི་ག་འཆུས་པ་སྟེ་ཟས་ལ་འདོད་པ་མེད་པ་དང་། དེ་བཞིན་དུ་བད་ཀན་དང་མཁྲིས་པ
་གློངས་ཞིང་བསྐོང་བར་འགྱུར་པ་དང་ལུས་གཡའ་ཞིང་ལུས་ཚ་བ་སྣ་ཚོགས་ཀྱིས་འདེབས་པ་དང་། ཡན་ལག་དང་ཉིང་ལག་ཏུ་ཐོར་བུ་འབྱུང་བ་དང་། ཆམ་པས་འདེབས་པ་དང་། དེ་བཞིན་དུ་བཤང་བ་ཐུར་དུ་འབྱུང་བའི་རླུང་འགགས་པར་འགྱུར
་དེ་ནི་སྦྱོར་བ་ཉེས་པའི་མཚན་ཉིད་ཡིན་པར་བཤད་དོ།། སྦྱོར་ལེགས་ཇི་སྐད་བཤང་གོ་བཟློག། ཅེས་བྱ་བ་ལ། བཀྲུ་སྨན་གྱི་སྦྱོར་བ་ལེགས་ན་ཇི་སྐད་བཤད་པའི་མཚན་ཉིད་སྙིང་དང་ལྟོ་བ་ན་བ་ལ་སོགས་པ་ལས་གོ་བཟློག་པ་སྟེ། སྙིང་དང་ལྟོ་བ་དག
་ཅིང་སང་བག་ཏུ་འགྱུར་པ་དང་། ཟས་ཡི་གར་འོང་བ་ལ་སོགས་པར་འགྱུར་རོ།། བཤང་བ་མཁྲིས་པ་བད་ཀན་རླུང་།། རིམ་གྱིས་འཁྲུ་ཞིང་འབྱུང་བ་ན།། བད་ཀཱན་མཁྲིས་པ་མེད་ཆུ་འཁྲུ།། སྲ་ཞིང་གནག་དང་ཁྲག་དང་བཅས།། ལང་ན་ཤ
་བཀྲུས་ལྟ་བུའམ། ཚིལ་གྱི་དུམ་བུ་འདྲ་ཉིད་དམ།། གཞང་འབྲུམ་སྐོམ་དང་ཆེ་བ་དང་།། མགོ་འཁོར་མིག་ནི་བུགསུ་བྲོས། བཀྲུ་སྨན་དྲགས་ལས་འབྱུང་བ་ཡིན།། དེ་བཞིན་སྐྱུགས་སྨན་དྲགས་ནང་འགྱུར།། ཞེས་བྱ་བ་ལ། སྐྱེས་བུ་ཤིན་ཏུ
་འཁྲུ་དྲགས་ལ། གནོད་པ་འདི་དག་དབྱུང་བར་འགྱུར་ཏེ། བཤང་བ་ལ་སོགས་པ་འབྱུང་བ་ན། བད་ཀན་མཁྲིས་པ་ནི་མེད་པའི་དྲི་མའི་ཆུ་འབའ་ཞིག་འཁྲུ་ཞིང་འབྱུང་བ་དང་། དེ་བཞིན་དུ་སྐྱ་ཞིང་དཀར་བ་དང་། གནག་ཅིང་སྣག་ཚ་དྲག
་པ་དང་། ཁྲག་དང་བཅས་པ་སྟེ། ཡང་ན་ཤ་བཀྲུས་པ་ལྟ་བུ་སྟེ། བཀྲུས་པའི་ཤ་འདྲ་བ་དང་། དེ་བཞིན་དུ་ཚིལ་གྱི་དུམ་བུ་དང་འདྲ་ཞིང་མཚུངས་པ་དང་། དེ་བཞིན་དུ་གཞང་འབྱུང་ཞིང་མཐོན་པ་དང་། དེ་བཞིན་དུ་སྐོམ་དང་ཆེ་ཞིང་སྐོམ་པས་གདུངས་པ་དང་།
་མགོ་འཁོར་བ་དང་། དེ་བཞིན་དུ་མིག་ཕུགས་སུ་བྲོས་ཤིང་རྐངས་སུ་ཞུགས་པ་སྟེ། འདི་དག་ནི་ཤིན་ཏུ་འཁྲུ་དྭགས་པ་ལས་འབྱུང་བར་འགྱུར་རོ།། དེ་བཞིན་དུ་སྐྱུག་སྨན་དྲགས་པའི་ནད་ཀྱི་ཚུལ་སྔར་བཤད་པ་ལྟར་ཀྱང་འབྱུང་བར་འགྱུར་སྟེ་ལུས
་སྐེམ་ཞིང་རྨྱ་བ་དང་། ལུས་ཀྱི་ཁོང་ཚ་བ་དང་། ལྐོག་མ་བསྐམས་པ་དང་། མིག་གིས་མི་མཐོང་བ་ནས་འཆི་བའི་བར་དུ་འབྱུང་བར་འགྱུར་རོ།། ལེགས་པར་འཁྲུ་ས་པ་དེ་ལ་ནི།། རུད་པས་བདུག་པ་མ་གཏོགས་པའི།། ཆོ་ག་སྐྱུགས་སྨན་དང་མཚུངས
་བས།། དེས་ན་སྨོན་དང་འདྲ་བར་བྱ།། ཟས་ལ་རིམས་གྱིས་སྤྱད་པ་ནི། དེ་འོགྲ་ནར་མའི་ཁ་ཟས་བསྟེན།། ཞེས་བྱ་བ་ལི། ལེགས་པར་འཁྲུ་ཞིང་ཁྲུས་ཀྱི་སྦྱོར་བ་ཇི་སྐད་དུ་བཤད་པ་ལྟར་འཁྲུ་བའི་སྐྱེས་བུ་དེ་ལ་དུད་པས་བདེ་ཅིག་པའི་ཆོ་ག་མ
་གཏོགས་པ། ཚིག་གགེ་སྐྱུག་སྨན་གྱི་སྐབས་སུ་བཤད་པདང་མཚུངས་ཤིང་འདྲ་བར་ཉེ་བར་སྦྱར་བར་བྱ་སྟེ། འདིར་ཁྱད་པར་ནི་དུད་པས་བདུག་པ་འབ་འ་ཞིག་མ་གཏོགས་པ་སྔར་པྲ་ཤང་བ་ཐམས་ཅད་བྱའོ།། དེ་ནས་དེའི་འོག་ཏུ་སྨོན་དང་འདྲ
་བར་བྱ་སྟེ། ཇི་ལྟསྨོན་པའི་སྐབས་སུ་བཤད་པ་བཞིན་དུ་རིམ་པ་ཉིད་ཀྱིས་ཁྲུས་བཏང་པོའི་འོག་ཏུ་ཐུག་བརྐྱང་རྒྱང་པོ་ལ་སོགས་པ་སྦྱིན་པའི་ཁ་ཟས་ཀྱི་ཆོ་ག་རིམ་གྱིས་སྤྱད་ཅིང་བསྟེན་ནས། དེའི་འོག་ཏུ་ནང་མའོ་ཁ་ཟས
་མིན་པའི་དབང་དུ་བྱས་ནས་བཤད་པའི་ཟས་ཀྱི་ཆོ་ག་ལ། བསྟེན་ཅིང་སྤྱད་པར་བྱའོ།། སྨན་འཐུངས་མེ་དྲོད་ཆུངས་པ་དང་། མ་དག་ནད་ཀྱི་རྨྱ་བ་དང་། ཞུ་བའི་མཚན་མ་མ་མཐོང་ན།། དེ་ཡི་ཉིན་པར་སྦྱང་བྱས་ལ།། སྣུམ་དང་དུགས་དང
་སྨན་རྣམས་ཀྱིས།། གློངས་པའི་ནད་ཀྱིས་ཉོན་མི་འགྱུར།། ཞེས་བྱ་བ་ལ། སྐྱེས་བུ་སྨན་འཐུངས་ཤིང་དཔྱད་ནས། མོའི་དྲོད་ཆུང་ཞིང་པོ་བའི་མེའི་སྟོབས་ཆུང་བ་དང་། མ་དོག་པ་སྟེ། ནད་མ་ཕྱིན་ལ་ལེགས་པར་སྦྱངས་པའི་མ་ཚོན་ཉིད་མ་སྐྱེས་པ་དང་། ནང
་ཀྱིས་རྨྱ་བ་སྟེ། ནད་ཀྱི་དུགས་ཀྱི་ཉམས་ཆུང་བ་དང་། ཞུ་བའི་མཚན་མ་མ་མཐོང་སྟེ། སྨན་ལེགས་པར་ཞུ་བའི་རྟགས་མི་སྣང་།། དེའི་ཉིན་པར་སྨྱུང་བ་བྱས་ན་སྣམ་དང་དུགས་ལ་སོགས་པས་གློངས་པའི་ནད་ཀྱིས་གནོད་པར་མི་འགྱུར་ཏེ། དེ་ཡང་ནད
་གང་སྣོམ་གྱིས་གློངས་ཤིང་བསྐྱེད་པ་དང་དུགས་ཀྱིས་གློངས་ཤིང་བསྐྱོད་པ་དང་། སྨན་གྱིས་གློངས་པའི་དབང་གིས་ན་བསྐྱོད་པ་དེ་སྦྱང་བ་བྱས་ནས་དེས་ཉེན་ཞིང་གནོད་པར་མི་འགྱུར་རོ།། སྦྱངས་དང་ཁྲག་ནི་དབྱུང་བ་དང་།། སྣུམ་ཆོག་ལ་སྦྱར
་སྨྱུང་བ་ཡིན།། མེ་དྲོད་ཞན་པོ་ཉིད་གྱུར་ཏེ། དེ་བས་ཐུག་སོགས་རིམ་གྱིས་སྤྲིང་།། ཅེས་བྱ་བ་ལ། སྨོན་དང་ཁྲུས་ལ་སོག་ཅེས་པས་སྦྱོངས་པ་ལ་སོགས་པས་ཕོ་བའི་མེ་དྲོང་ཞན་ཞིང་སྟོབས་ཆུང་བར་འགྱུར་བ་ཡིན་ཏེ། དེ་བས་ན་ཐུག
་པ་ལ་སོགས་པ་རིམས་ཀྱིས་སྤྱད་ཅིང་བསྟེན་པར་བྱའོ།། དེ་ལ་སྦྱངས་པའི་ནི་སྐྱུག་སྨན་བཏིང་བ་དང་། བཀྲུ་སྨན་བཏང་བས་ནང་ཕྱིན་པར་བྱིས་པའོ།། ཁྲག་དབྱུང་བའི་ནི་གཏར་ག་ལ་སོགས་པས་ཁྲག་དབྲིའོ།། སྣུམ་གྱི་ཆོ་ག་ལ་སྦྱར་བ་ནི
་སྣུམ་གྱི་ཆོ་ག་བསྟེན་པའོ།། སྨྱུང་བ་ནི་ཟས་བཅད་པའོ།། དེ་ཡང་སྨན་དཔྱད་ཀྱི་ལུང་ལས་སྦྱང་བ་ཁྱད་པར་མེད་བཤད་པར་ཟས་བཅད་པར་ནི་ཡིན་པར་བཤད་ཅེས་འབྱུང་བ་ཡིན་ནོ།། བད་ཀན་མཁྲིས་པ་འབྲི་ཞིང་ཆུང་།། ཆང་འཐུངས་རླུང་དང་མཁྲིས་པ
་དེ་ལ་ཐུག་པ་མི་བྱུང་། ཨཽཾ། བརྟ་བ་ལ་སོགས་རིམ་པས་ཕྲིན།། ཞེས་བྱ་བ་ལ་གང་པོ་དེད་ཀན་དང་མཁྲིས་པ་ཆུང་ཞིང་བྲི་བས་ཆུང་བར་གྱུར་པ་དེ་ནི་བང་ཀན་མཁྲིས་པ་བྷི་ནིང་ཆུང་ཞེས་བྱའོ།། དེ་བཞིན་དུ་གང་ཆད་འཐུངས་པ་ལ་གོམས་པ
་ནི་ཆང་འཐུངས་པའོ།། དེ་བཞིན་དུ་རང་བཞིན་གྱི་རླུང་དང་མཁྲིས་པའི་ཤོས་ཆེ་བ་དེ་ལ་ཐུག་པ་མི་བླུད་ཀྱི། གསུམ་པོ་དེ་དག་ལ་བརྟ་བ་ལ་སོགས་པའི་རིམ་པ་ཕན་ཏེ། ཟས་ཀྱི་དུས་དང་པོར་བིརྟ་བའི་ཆོ་ག་འབྲས་ཡོས་ཀྱི་ཕྱེ་ལས་བྱས་པའི་སྐྱོ་མ
་བྱིན་པར་བྱ་སྟེ། ཐུག་པའི་སྐབས་སུ་བརྟ་བར་བྱེད་པའི་འབྲས་ཀྱི་སྐྱོ་མ་སྦྱར་བར་བྱའོ།། ཞེས་བྱ་བའི་དོན་ཏོ།། སྐྱུག་སྨན་མ་ཞུ་བར་ནང་འབྱིན།། བཀྲུ་སྤུན་ཞུ་ནས་འབྱིན་པ་ཡིན།། དེ་ཡི་ཕྱིར་ན་སྐྱུག་སྨན་དག། ཞུ་བ་ལས་ནི་བསྡད་མི་དོགོས།། ཞེས་བྱ་བ
་ལོ། སྒྲོག་སྨན་བཏང་ན་ནི་མ་ཞུ་བའི་ནང་འབྱིན་པར་བྱེད་དོ།། བཀྲུ་སྨིན་པོ་ཏང་བ་ན་ནི་སྨན་ནུ་ཞིང་སྨིན་ནུས་ནང་འབྱིན་ཅིང་སེལ་པོར་བྱེད་དོ།། དེའི་ཕྱིར་སྒྱུག་སྨན་དག་བཏང་ནས་ཞུ་བ་ལ་བིསྣང་མི་དགོས་ཏེ་གང་ཡུད་ཙམ་བསྟང་ལ་མ་བྱུང་ན
་མྱུར་བ་ཉིད་དུ་སྨོན་ཞིང་དྲང་བར་བྱའོ།། སྟོང་དང་འོག་ཏུའི་བྱུང་རིག་པ།། གོང་ཚེ་ཕྱིན་ཅི་ལོག་གྱུར་ན།། དེ་ཚེ་སྐྱུག་ལ་རྐང་པར་ནི།། ཆུ་དྲོན་དོ་ག་གིས་བྲུག་པར་བྱ།། ལུས་ཀྱི་སྟོང་ནི་ཆུ་གྲང་བླུགས།། འཁྲུ་བ་ལ་ནི་དེ་ལས་བཟློག།
་ཅེས་བྱ་བའི་ཚིགས་སུ་བཅད་པ་འདི་ནི་ཡན་ལག་བརྒྱད་པ་བསྡུས་པ་ལས། ལ་ལ་ཞིག་གིས་འདིར་བཅུག་པ་ཡིན་ནོ།། དེའི་དོན་ནི་འདི་ཡིན་ཏེ། སྐྱུག་སྨན་གྱི་སྟེང་དུ་འབྱུང་བ་དང་། བཀྲུ་སྨན་གྱིས་འོག་ཏུ་དབྱུང་བའི་རིགས་པ
་ལས། གང་གི་ཚེ་རྒྱུ་འགའ་ཞིག་གིས་ཕྱིན་ཅི་ལོག་ཏུ་གྱུར་ཏེ། རྐྱེན་དེས་སྐྲག་སྨན་བཏང་བ་ན། འཁྲུ་བར་གྱུར་པ་དང་། བཀྲུ་སྨན་བཏང་བ་ན། སློན་པར་གྱུར་བ་དེའི་ཚེ། འཁྲུ་བ་ལས་ཕྱིན་ཅི་ལོག་ཏུ་གྱུར། སྨོན་པར་གྱུར་པ་ན། ཆུ་དྲོན་པོ
་རྐང་པར་བླུགས་ལ། ཆུ་གྲང་མོ་རོ་སྟོད་དུ་བླུགས་པར་བྱའོ།། གང་གི་ཆེའིཁྲུ་སྨན་ཕྱིན་ཅི་ལོག་ཏུ་གྱུར་པ་ལས་གོ་བཟློག་པའི་དབྱང་བྱ་སྟེ། རྐང་པར་ཆུ་གྲང་མོ་བླུག་པར་བྱ་ལ། རོ་སྟོང་དུ་ཆུ་དྲོན་མོ་བླུག་པར་བྱའོ།། གང་ཞིག་ཉམ་ཆུང
་ནད་མང་དང་།། ནཱད་སྨིན་པོ་ཡིས་རང་ཉིད་ནི།། འཁྲུ་བར་བྱེད་ལ་འཁྲུ་བ་ཡིས། ཁཱ་ཟས་བྱིན་པས་དེ་འཁྲུར་གཞུག། ཅེས་བྱ་བ་ལཱ། གྲོང་ཞིག་ཉམྦྷ་ཆུང་བ་ལཾ་སོགས་པ་དང་། ནད་སྨིན་དེ་རང་ཉིད་འཁྲུ་བ་དེ་ལ་ནི་འཁྲུ་བའི་ཁ་ཟས་ཀྱིས
་འཁྲུར་གཞུག་གི། འཁྲུ་བ་འི་སྨན་སྦྱིན་པར་མི་བྱའོ།། སྔར་སྦྱངས་པས་ནི་ཉམ་ཆུང་དང་།། ནད་ཀྱི་དཀྱིལ་ཆུང་ལུས་ཟད་ནི།། ལྟོ་ཡི་སྲ་སཱི་མི་ཤོས་ལ། སྨན་ནི་འཇམ་ཞིང་ཆུང་ངུ་བླུད།། དེ་མང་འཐུངས་པ་མ་ཆོ་ག་ཡིན་གྱི།། གཞན
་དུ་དོགས་པར་བཅས་མི་རུང་།། ཞེས་བྱ་བ་ལ། སྔར་སྦྱང་བ་བྱས་པ་ལུས་ཉམས་ཆུང་བར་གྱུར་པ་དང་། དེ་བཞིན་དུ་ནོད་ཀྱི་དཀྱིལ་ཆུང་བ་དང་། ལུས་ཀྱི་ཤ་ཟད་ཅིང་རྡེག་པ་དང་། དེ་བཞིན་དུ་ལྟོ་སྲ་སྟིའི་བྱེ་བྲག་མི་ཤེས་པ་དག་ལ། སྨན་འཇམ
་ཞིང་ཆུང་བ་བླུད་པར་བྱ་སྟེ། གང་གི་ཕྱིར་སྨན་དེ་དགོས་པ་ལ་བལྟོས་ནས་ལན་མང་དུ་འཐུངས་པ་ནི། མཆོག་ཡིན་གྱི་གཞན་དུ་ན་ལན་ཅིག་མང་དུ་བླུད་པ་དོགས་པ་དང་བཅས་པས་ནི་མི་རུང་སྟེ། སྦྱོར་བ་ཉེས་པའི་སྐྱོན་ཡོད་པའི་ཕྱིར་རོ།། ཉམ་ཆུང
་བ་ནི་ནང་མང་པོ། གཡོས་གྱུར་ཅུང་ཟད་ཅུང་ཟང་ཅིག། སྨན་ནི་འཛམ་པོས་ལན་མང་ཞིག། དེ་ནི་ཉུང་འགྱུར་ཞི་བར་བྱ།། མ་བསལ་དེ་ནི་ཡུན་རིང་དུ།། ཉོན་མོངས་པ་འམ་གསོད་པར་འགྱུར།། ཞེས་བྱ་བ་ལ། སྐྱེས་བུ་ཉམ་ཆུང་བའི་ནང་མང་པོ་གཡོས
་པར་གྱུར་པའི་ནི། ཅུང་ཟད་ཅུང་ཟད་ཅིག་སྨན་འཇམ་བོས་ཡང་དང་ཡང་དུ་བསལ་བར་བྱས་ནས། ཉམ་ཆུང་བའི་ནང་གཡོས་པར་གྱུར་པ་དེ་ཉུང་ངུར་གྱུར་པས་མ་བཏོན་པར་ཞི་བར་བྱས་བྱོས་ཞི་བར་བྱ་སྟེ། གང་གི་ཕྱིར་ཞེ་ན། མང་པོ་དེ
་ངག་གི་ཡོས་པ་ཉུང་ངུ་ཉུང་ངུ་ནས་བསལ་ཞིང་ཞི་བར་བྱས་ན། ནང་དེ་ཡུན་རིང་དུ་ཉོན་མོངས་ཤིང་། སྡུག་བསྔལ་བར་འགྱུར་བ་འམ། གསོད་ཅིང་འཇོམས་པ་ཉིད་དུ་བྱེད་པར་འགྱུར་རོ།། མེ་དྲོད་ཆུང་དང་ལྷོ་སྲུ་ལ།། ཐལ་སྙན་རྒྱུ་མཚམ
་བཅས་པས།། མ་ཡི་དྲོད་ནི་སྐྱེང་ནུས་སུ།། རླུང་དང་བད་ཀོན་བསལ་བར་བྱ།། ཞེས་བྱ་བ་ལ། དེ་བཞིན་དུ་སྐྱེས་བུ་མེ་དྲོད་ཆུང་བར་གྱུར་པ་སྦྱང་བའི་སྐབས་ལ་བབ་ན་ཐལ་སྨན་རྣོན་པོ་དང་བཅས་པའི་མར་ཇི་སྐད་བཤད་པས་ཕོ་བའི
་མེ་དྲོད་སྐྱེང་ནས་སྦྱང་དུ་ཕྱི་།། དེ་བཞིན་དུ་ལྟོ་སྲ་བ་ལ་རྒྱམ་ཚྭ་དང་མ་རོ་དང་བཅོས་པས་རླུང་དང་བིད་ཀ་ན་བསིལ་ལོ་སྦྱང་བར་ཕྱིའོ།། རྩུབ་ཅིང་རླུང་མང་ལྟོ་སྲ་དང་།། རྟག་ཏུ་རྩོལ་བའི་ཚུལ་ཅན་དང་།། མེ་དྲོད་རབ་ཏུ་ཆེ་ལ་སྨན།།
་མི་འཁྲུ་བར་ནི་ཞུ་བར་འགྱུར།། དེ་ལ་སྔར་ནི་འཇམ་རྩི་བཏང་།། དེ་ནས་སྣུས་པའི་བཀྲུ་སྨན་བྱ།། སྨན་ནི་རྣོན་པོའི་རེང་བུ་ཡིས།། བཤང་བ་ཅུང་ཟད་དབྱུང་བར་བྱ།། དྲི་མ་ལེགས་པར་འཁྲུས་ནས་ནི།། སྣུམ་འཁྲུ་བདེ་བར
་འབྱུང་བར་འགྱུར།། ཞེས་བྱ་བ་ལ། སྐྱེས་བུ་རྩུབ་པ་ལ་སོགས་པ་དང་ལྡན་པ་དང་། དེ་བཞིན་དུ་མེ་དྲོད་རབ་ཏུ་ཆེ་ཞིང་སྨན་དེ་འཁྲུ་བའི་སྨན་མི་འཁྲུ་ཞིང་འཁྲུ་བའི་བྱ་བ་མི་བྱེད་པ་ཉིད་དུ་ཞུ་ཞིང་དེངས་པར་འགྱུར་རོ།། དེ་བས་ན་མི་དེ་ལྟ་བུ་དག
་སྔར་དང་པོར་འཇམ་རྩི་བཏང་ལ་དེ་ནས་དེའི་འོ་ག་ཏུ་སྣུམ་པའི་བཀྲུ་སྨན་ནི། ནི་ལི་ནའི་མར་ལ་སོགས་པ་ལས་བཏང་བ་སྦྱིན་པར་བྱའོ།། ཡང་ན་མི་དེ་ལྟ་བུ་དེ་ལ་སྨན་རྣོན་པོའི་རེང་བུ་བྱས་ནབས་བཤང་བ་ཅུང་ཟད་ཅེས་པ་ཉུང་ཤས་ཞིག་ཕྱུང་ལ།
་དེའི་འོག་ཏུ་བཀྲུ་སྨན་བཏང་ངོ་།། དེ་ཡང་གང་གི་ཕྱིར་རིང་བུ་མས་བཏང་བས། སྨད་ཀྱི་བཤང་བ་ལ་སོགས་པ་ཕྱུང་བའི་འོག་ཏུ་བཀྲུ་སྨོན་སྣ་མ་པོ་བཏང་ན་འཁྲུ་བ་བདེ་བར་འགྱུར་རོ།། དུག་གིས་པོག་དང་ཐོར་བུ་བྱུང་།། མཛེ་དང་འོར་ནང་མེ
་དཔལ་དང་།། མིག་སེར་སྐྱ་སྦབ་ཟ་གུས་ཉེན།། ཧོཾ་ཅང་སྣུམ་ཆེས་སྦྱང་མི་བྱ།། ཀུན་ལ་བཀྲུ་སྤུན་སྣུམ་བག་བཏང་།། སྣུམ་གྱིས་ཞེན་ལ་རྩུ་པ་བྲག་བཏང་།། ཞེས་བྱ་བ་ལ། དུག་གིས་ཕོག་པ་ནས་གཅིན་ནད་ཟ་གུས་ཉན་པའི་བར་གྱིས་ནད་པ་ལ
་སྣུམ་ཧ་ཅང་ཆེན་པོ་སྦྱིན་པར་མི་བྱའི། ཉམས་ལས་དཔགས་ལོ། སྣོམ་ཅུང་ཟད་བྱིན་ཏེ། གང་ལ་ཇི་ལྟར་འཚིམ་པའི་བཀྲུ་སྨན་ཕལ་ཆེར་རྩུབ་པས་ཁྲུས་བྱའོ།། དུག་གིས་ཕོག་པ་ལ་སོགས་པ་འདིར་སྨོས་པ་ལ་གཏོགས་པ
་གཞན་ཀུན་ཏེ། ཐམས་ཅད་ལ་བཀྲུ་སྨན་སྣུམ་བག་ཅན་ཨེ་རཏྣའི་མར་ལ་སོགས་པའམ། ཡང་ན་བཀྲུ་སྨན་སྣུམ་དང་བསྐོལ་བས་སྦྱང་བར་བྱའོ།། ཇི་ལྟ་བུ་ལ་སྣུམ་གྱིས་ཁྲུས་སྨན་དེས་སྤྱང་ཞེ་ན། འདས་མ་ཐག་པའི་སྣུམ་གྱིས་བསྒོ་བར་བསྟན་པས་རྩུབ
་པས་བསྒོས་ཤིང་ཡུན་རིང་པོར་རྫས་བོས་ལུས་བསྐྱེད་པ་ཞེས་བྱ་བའི་བར་དེ་ལ། སྣུམ་པའི་བཀྲུ་སྨིན་བཏང་ངོ་།། དེ་ལ་ཡང་རྩུབ་པའི་ཁྲུས་སྨན་དུ་དུར་བྱེད་ལ་སོགས་པའོ་སྣུམ་གྱིས་བསྒོས་པའི་སྣུམ་གྱིས་བསྐས་མེ་ཡུན་རིང་དུ་སྣི་མ་གྱིས
་བསྐྱེད་པ་ལ་བཏང་ངོ་།། སྐྱུག་སྨན་ལ་སོགས་པ་ལས་རྣམ་པ་ལ། སླར་ཡང་བར་སྐབས་བར་སྐབས་སུ། སྣུམ་དང་དུགས་ཀྱི་ཆོ་ག་བྱ། སྒྱུམ་རྗེས་ལ་ན་སྟོབས་བསྐྱེད་བྱ།། ལུས་ལས་ནང་རྣམས་བ་ས་ལེ་བ་ནི། གོས་ཀྱི་དྲི་མ་འཁྲུ་དང་མི་ཚུངས།།
་ཤོས་བྱ་བ་ལ། སྐྱུག་སྨན་ལ་སོགས་པའི་ལས་རྣམས་བྱེད་པ་ནི། བར་སྐབས་པར་སྐབས་ཏེ། མདོ་མ་དོར་སྣུམ་དང་དྲུགས་ཀྱི་ཆོ་ག་བྱ་སྟེ། སྐྱུག་སྨན་བཏང་ནས་དེའི་ཞག་ཁ་ཅིག་འདས་པའི་སྒྲུབས་སུ་སྣུམ་དང་དུགས་བྱས་ལ། དེའི་འོག་ཏུ་ཁྲུས
་བྱའོ།། དེ་ལྟར་ཁྲུ་ས་བྱས་ནས་ཡང་འདུས་ཏེ་འདས་པ་དང་། སྣུམ་དང་དུགས་བྱས་ལ། དེའི་འོག་ཏུ་མས་བཏང་བར་བྱའོ།། དེ་ནས་བར་སྐབ་ཀྱིས་སུ་སྣུམ་དང་དུགས་བྱས་ལ། དེའི་འོག་ཏུ་མག་ན་ད་ཀྱི་སྦྱང་བར་བྱའོ།། དེ་ལྟར་མགོའི་ནང
་སྦྱང་བ་སྣ་སྨན་ལ་སོགས་པ་བྱས་ནས། སྣུམ་འབའ་ཞིག་སྟོབས་བསྐྱེད་པའི་ཕྱིར་བཏང་བར་བྱ་སྟེ། སྐྲག་སྨན་ལ་སོགས་པས་སྟོབས་བྲི་བ་གང་ཡིན་པ་དེ་བསྐྱེད་པར་བྱ་བའི་ཕྱིར་དེ་སྦྱིན་པར་བྱ་སྟེ། གང་གི་ཕྱིར་དྲི་མ་དང་བཅས་པའི་ལུས
་ནད་དང་འདྲིས་པར་གྱུར་པ་ལས། ནད་དེ་བསལ་ཞིང་གདོན་པར་བྱ་སྟེ། དེ་ལྟར་ན་ལུས་བསྲུང་བར་འགྱུར་རོ།། ཇི་ལྟར་ནད་ཀྱི་དྲི་མ་དབྱུང་ཞེ་ན། གོས་དང་མཚུངས་པར་ཏེ། དཔེར་ན་དྲི་མ་དང་བཅས་པའི་གོས་ལས་དྲི་མ་དེ
་སྤང་བ་ལ་སོགས་པའི་རྣམ་པས་འཁྲུང་བར་བྱེད་པ་དེ་བཞིན་དུ་སྣམ་དང་དགུལ་སོ་བ་ནད་ཀྱི་དྲི་མ་སློང་བའི་ཐབས་ཀྱིས་ནང་སློངས་ལ། དེའི་རྗེས་ལ་ནང་དབྱུང་བར་བྱའོ།། སྣུམ་དང་དུགས་དག་མ་བྱས་པར།། གང་ཞིག་སྦྱང་བའི་ལས་བྱེད་པ། ཤིང་སྐམས
་འགུགས་པར་བྱེད་པ་ལྟར།། དེ་ཡི་ལུས་ནི་མོ་རུངས་འགྱུར།། ཞེས་བྱ་བ་ལ། གང་སྣུམ་དང་དུགས་དག་མང་པོ་བས་ཤིང་མ་བསྟན་པར་གང་ཞིག་སྦྱོང་བའི་ལས་སྐྱེག་སྨན་དང་། བཀྲུ་སྨོན་ལ་སོགས་པ་བྱེད་པོར་གྱུར་པ་དག་ནི། ནད་དེའི་འཇིག
་ཅིང་མ་རུངས་པོར་འགྱུར་བ་སྟེ། དཔེར་ན་ཤིང་སྐམ་པོ་འགུགས་ཤིང་སྒུར་པོར་བྱེ་པ་ན་ཆག་པ་དང་འདྲའོ།། སྦྱང་བ་ལེགས་པར་ཉེ་བར་བསྟེན་པོས་ནི། བློ་གྲོས་གསལ་ཞིང་དབང་པོ་སྟོབས་དང་ལྡན། ལུས་བཟུངས་བརྟན་ཞིང་ཁོང་པའི་མེ
་དྲོད་འབར། ན་ཚོད་དག་ཀྱང་རིང་དུ་འཇོག་པར་བྱེད། ཅེས་བྱ་བ་ལ། སྦྱང་བ་ཞེས་བྱ་བ་སྐྲག་སྨན་ལ་སོགས་པ་ན་ས་སྣ་ལ་སོགས་པ་མགོ་བོ་སྦྱང་བའི་བར་ལགས་པར་ཆོ་ག་ཇི་ལྟ་བ་བཞིན་དུ་ཡང་དག་པར་བྱས་པས་ཉེ་བར་བསྟན་ཅིང་ཀུན
་སྤྱོད་པས་བློ་གྲོས་ཏེ། ཤེས་རབ་གསལ་ཞིང་རྣོ་བར་འགྱུར་བ་དང་། དེ་བཞིན་དུ་རྨི་ཚིག་ལ་སོགས་པ་དབང་པོ་རྣམས་ཀྱི་སྟོབས་རང་རང་གི་ཡུལ་ལ་ལེགས་པར་འཇུག་ནུས་པ་དང་། དེ་བཞིན་དུ་ལུས་ཟུངས་ཏེ་དངས་མ་ལ་སོགས་པ
་སྤྱན་ནིང་སྲ་བ་དང་། དེ་བཞིན་དུ་ཁོང་པའི་མེ་དྲོད་འབར་བའི་ཤིང་ཉིད་དུ་བྱེད་པ་དང་། དེ་བཞིན་དུ་ན་ཆོད་དེ་ལུས་ཀྱི་ན་ཚོང་གནོན་པ་དག་ཏུའང་ཡུན་རིང་དུ་འཇོག་པར་བྱེད་ཅིང་གནས་པར་བྱེད་དེ། ད་ཅེས་བྱ་བ་ཐམས་ཅད་དང་སྦྱར་བ
་བྱའོ།། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱོར་བ་ལས། ལེའུ་བཙོ་བརྒྱད་པའི་རྣམ་པར་འགྲེལ་པའོ།།
་དེ་ནས་མས་བཏང་བའི་ཆོ་གའི་ལེའུ་བཤད་པར་བྱའོ།། ཞེས་བྱ་བ་ལ། འདི་བརྩམས་པའི་དགོས་པ་ནི་བད་ཀན་བསོལ་བའི་ཕྱིར་སྐྱུག་སྨན་བཤད་པ་ཡིན་ལ། མ་ཁྲིས་པ་བསལ་བའི་ཕྱིར་ནི་བཀྲུ་སྨན་བཤད་པ་ཡིན་པས། གནས་སྐབ
་འདིར་རླུང་གསལ་བར་བྱ་བའི་ཕྱིར། མས་བཏང་བ་བཤད་པའི་སྐབས་ཡིན་ཏྭེ། དེ་བས་ན་ཡོངས་སུ་ཤེས་པར་བྱ་བའི་ཕྱིར། ལེ་འུ་འདི་བརྩམས་པ་ཡིན་ནོ།། བཤང་སྒོ་ནས་གཏོང་བའི་ལས་སུ་བྱ་བ་ཡིན་པས་ན། མས་བཏང་བའི་ཚེ
་གྷསྟྲཆོ་ག་ནི་ཆོ་ག་རོ་བྱ་བ་འདི་ལྟར་བྱའོ།། ཞེས་བྱ་བའི་ཚུལ་གྱི་ལེའུ་སྟེ། དེ་བཤད་པར་བྱའོ་ཞེས་བྱ་བ་ནི་བསྐོན་པ་བྱའོ།། ངེས་པའོ།། རླུང་ཤས་ཆེ་བའི་ནད་རྣམས་སམ།། རླུང་ལ་མས་བཏང་བསྔགས་པ་སྟེ། དེ་ནི་གསོ་བ་ཐམས་ཅད
་ཀྱིམཆོག་སྟེ་དེ་ཡང་རྣམ་པ་གསུམ།། བཀྲུས་དྲག་འཇམ་རྩིམས་བཏིང་ངོ་།། ཞེས་བྱ་བ་ལོ།། ན་ད་ཐམས་ཅད་ཀྱི་ནང་ནོ་རླུང་གི་ཤས་ཆེ་ཞིང་རླུང་ནང་བདོ་བའམ། རླུང་ལ་ཞེས་པ་རླུང་འབའ་ཞིག་ལྡེང་བ་ལ་ཡང་མེས་བཏང་བ་དེ་ཉིད
་ཀྱིས་གསོ་བ་དང་། དེ་བཞིན་དུ་འཇམ་རྩི་ཞེས་བྱ་བ་སྣམ་གྱི་འཇམ་རྩིམས་བཏང་བ་འདོད་ཅིང་བསྔགས་པ་ཡིན་ནོ།། དེ་ནི་གསོ་བ་སྟེ། རླུང་གི་ནང་གསོ་བ་ཐམས་ཅད་ཀྱི་ནང་ན་མཆོག་སྟེ། དམ་པ་ཉིད་དོ།། ཅིའི་ཕྱིར་ཞེ་ན།
་མྱུར་དུ་བདེ་བ་འཕེལ་བ་ལ་སོགས་པའི་རྒྱུར་གྱུར་པའི་ཕྱིར་རོ།། མས་བཏང་བ་དེ་ཡང་རྣམ་པ་གསུམ་སྟེ། མས་བཏང་བ་དྲག་པོ་ནི་རུ་ཧ་ཞེས་བྱ་བ་དང་། མཾས་བཏང་བ་ཨ་ནུ་པ་ས་ཏེ། འཇམ་རྩི་དང་མས་བཏིང་བ་གོང་མ་སྟེ། ཨུ་དྷ་རོ་བསྟི་ཞེས
་བྱི་བའོ།། དེ་ལ་ནི་རུ་ཧ་ནི་ངེས་པར་འདོད་པ་སྟི། ནད་མོ་མ་ལུས་པ་འབྱིན་པར་བྱེད་པའོ།། ཨ་ནུ་བ་ས་ནི་རྗེས་སུ་གནས་པར་བྱེད་པ་སྟེ། བཀྲུ་སྨོན་དྲག་པོས་ནང་རྣམས་རང་གི་གནས་ལས་བསྐྱོད་ཅིང་གློངས་པ་གང་ཡིན་པ་དེ་གང་གིས་རྗེས་སུ
་སྟེདེའི་འོག་ཏུ་རང་གི་གནས་སུ་གནས་ཤིང་བདེ་བར་འཇོག་པར་བྱེད་པོ་དེ་ནི་ཨ་ནུ་བ་ས་ཏེ་འཇམ་རྩིའོ།། མས་བཏང་བ་གོང་མ་ནི་བཤང་བའི་སྒོ་ལས་རིང་མར་གྱུར་པ་ཕོ་བའི་དབང་པོ་ཅེས་བྱ་བོ་དེ་ནས་སམ། དེར་གཏོང་བར་བྱེད་པ་དེ་ནི་ཨུཏྟ་ར་བསྟི
་སྟེ། མས་བཏང་བ་གོང་མ་ཞེས་བྱའོ།། དེ་ཡིས་གསོ་བྱ་སྐྲན་དང་ནི།། ལྟོ་སྤོས་དྲེག་ནད་མཚར་པ་དང་།། འཁྲུ་བ་འབའ་ཞིག་གཟེར་ནད་དང་།། རིམས་རྙིང་བྱིང་དང་ཆམ་པ་དང་།། ཁུ་བ་རླུང་དང་དྲི་མ་འགགས།། རླིག་རླུགས་རྡེའུ་ནང་ཟླ་མཚན་འཇིག
་རླུང་གི་ནད་ནི་མི་བཟང་གསོ།། ཞེས་བྱ་བ་ལ། བཀྲུ་སྨོན་དྲག་པོ་དེ་ཡིས་གསོ་བར་བྱ་བ་ནི། སྨན་ལ་སོགས་པ་ནས་རླུང་གི་ནད་མི་བཟད་པའི་བར་དུ་གསོ་ཞིང་བཙོ་བར་བྱའོ།། དྲེག་ནད་ནི་རླུང་དང་ཁྲག་འདྲེས་པ་ལས་གྱུར་པའི་རྐང་ནང་ངོ་།།
་འཁྲུ་བ་འབའ་ཞིག་ནི་བེའུ་སྣབས་ལ་སོགས་པ་དང་། མ་འདྲེས་པར་འཁྲུ་བའོ།། རིམས་རྙིང་པ་ནི་ཡུན་རིང་དུ་ལོན་པའི་རིམས་བྱིང་བག་ཏུ་འདུག་པའོ།། ཁུ་བ་དང་རླུང་དང་དྲི་མ་འགགས་པ་ནི་དེ་དག་ཐོགས་པའོ།། རླིག་རླུགས་ནི་དེ་འཕེལ་ཆེས་པའོ།།
་ཟླ་མཚན་འཇིག་པ་ནི་ཟླ་མཚན་མེད་པའོ།། རླུང་གི་ནང་མི་བཟད་པ་ནི་གསོ་བར་དཀའ་བའི་རླུང་ནང་དོ།། བཀྲུ་སྡེ་དྲུག་མི་བྱཱ་སྦྲམ་ཕྲོགས་དང་།། གྲི་རྡོལ་ཤིན་ཏུ་སྐེམ་པ་དང་།། བཻནྡྷ་སྣབས་འཁྲུ་དང་སྐོན་བྲེ་དང་།། སྣང་བྱས་སྣ་སྨར་བཏང་བ་དང་།། དབུ
་མི་བདེ་ལུང་ཆང་གནང་འབྲུམ།། སྐྱིགས་བླ་ལྷོ་སྤྲོས་མི་དྲོད་ཆུང།། གནང་སྐྲངས་ཁ་ཟས་ཟོས་ཟིན་དང་།། ལྟོ་འགགོས་བུ་ག་ཆུ་ཡོད་དང་།། མཛེ་ཅན་གྲི་ཅིན་ནད་སྦྲང་རྩི་མདོག་དང་།། སྦྲུམ་མ་ཟླ་བདུན་ཡན་ཚྭ་ངོ་།། ཞེས་བྱ་བ་ལ། བ
་སྨན་དྲག་པོ་བཏུང་དུ་མུ~ཾ་རུང་ནིསྣུམ་ཤིན་ཏུ་དྲེགས་པ་ལ་སོགས་པ་ནས་སྦྲུམ་མ་དང་། ཟླ་བ་བརྒྱུད་པའི་མགོ་ཟུག་པའི་བར་དུའོ།། ཤིན་ཏུ་སྦྲུམ་པ་ནི་ཧ་ཅང་དྷེ་གི་ཆེས་པའོ།། བེའུ་སྐབས་འཁྲུ་བཱ་ནི་མེ་ཞུ་བ་བེའུ་སྣརུབས་དང་བྱོཅས་པར་འ
་བྲིའོ།། སློན་བྲོ་བ་ནི་སྐྱུག་པ་དག་དང་ལྡན་པའོ།། སྦྱང་བ་བྱས་པ་ནི་འཁྲུ་སྨན་དང་སྐྱུག་སྨན་བཏང་བའོ།། སྣ་སྨན་བཏང་བ་ནི་སྡེ་ནས་སྨན་གྱི་སྦྱོར་བ་བྱས་པའོ།། གཞང་སྐྲངས་པ་ནི་བཤང་པོའི་ལམ་སྦྲེངས་པ་དང་ལྡན་པའོ།། ཁ་ཟས་ཟོས
་ཟིན་པ་ནི་ཟས་ལ་ལོང་ས་སྤྱོད་པའོ།། དེ་བཞིན་དུ་ལྟོ་འོགགོས་པ་དང་། ལྟོ་ན་བུ་གཡོ་བོད་པ་དང་། ལྟོན་ཆུ་མང་པོ་ཡོད་པ་དང་གཅིན་ནང་སྦྲང་མདོག་ནི་སྦྲང་རྩིའི་མདོག་ལྟ་བུའི་གཅིན་ནད་ཀྱིས་ཉེན་པའོ།། དེ་ལ་སྣམ་དྲགས་པ་ལ་བཀྲུ
་སྨན་དྲག་པོ་མས་བཏང་ན། བསྡུས་ཤིང་བསྲུལ་བའི་ནད་སློངས་པས་དམུ་རྫིངས་ཆགས་པ་དང་། སྐྲངས་པ་འམ། ང་རྒྱལ་བར་བྱེད་པར་འགྱུར་རོ།། གློ་རྡོལ་བ་དང་ཤིན་ཏུ་སྐེམ་པ་ལ་ནི། དེས་ལུས་ཤིན་ཏུ་དཀྲུགས་ཤིང
་གློངས་པས་ཟུག་ཟེར་དག། བོ་མྱུར་དུ་བསྐྱེད་པར་འགྱུར་རོ།། སྨོན་དང་ཁྲུས་བྱས་པ་ལ་ནི་ལུས་སྟོང་པ་སྟེ། དེ་སྐེམས་པར་མེ་ལྟར་བསྲེགས་པར་འགྱུར་རོ།། སྣ་སྨན་པཏྟཱ་པཱ་ལ་ནི་སྟེང་གི་ཛྷཻཾ་སྒོ་ཤིན་ཏུ་ཕྱེ་བས་གནོད་པ་བྱེད་པར་འགྱུར་རོ།།
་རྟག་ཏུ་སྨོན་པ་ལ་སོགས་པ་ནི་རླུང་གི་བཀྲུ་སྨན་དྲག་པོ་གྱེན་དུ་འདྲེན་པར་འགྱུར་རོ།། གཞང་འབྲུམ་ཡོད་པ་ལ་ནི་རྒྱུ་མའི་ལམ་འགགས་པས་མཐུར་དུ་རྒྱུར་མི་སྟེར་པའི་ཕྱིར་སྲོག་ལ་གནོད་པར་འགྱུར་རོ།། ཟས་ཟོས་ཟིན་པའི་བར་ལ་ནི
་ང་ནང་འཕེལ་ཞིང་མ་ཞུ་བ་ལ་སོགས་པས་འཆི་བར་འགྱུར་རོ།། ལྟོ་སྤྲོས་པ་དང་ལྟོ་འགགས་པ་ལ་སོགས་པ་ལ་ནི་ཤས་ཆེར་འགགས་ཏེ་འཆི་བར་འགྱུར་རོ།། སྦྲུམ་མའི་ཉེས་པ་ནི་སྔར་བཤད་པ་ཡིན་ནོ།། བཀྲུས་དྲག་བྱ་ཉིད་འཇམ་རྩི་བྱ
་ཁྱད་པར་དུ་ནི་མེ་དྲོད་ཆེ། རྩུ་བ་དང་རླུང་ནཱད་གཅིག་པུས་ཉིན།། ཞེས་བྱ་བ་ལ། གང་ལ་བཀྲུ་སྨན་དྲག་པོ་བཏང་བར་བྱ་བ་དེ་ཉིད་ལ། འཇམ་རྩི་བྱ་སྟེ། དེ་དག་ཉིད་ལ་སྣུམ་གྱི་ཆོ་ག་མས་བཏང་བར་བྱའོ།། དེ་ལས་ཀྱང་ཁྱད་པོར་དུ་མེ་དྲོད་ཆེ་ཞིང
་ཁོང་པའི་དྲོད་ཆེ་བ་དང་། དེ་བཞིན་དུ་བོང་རྩུབ་པ་དང་། རླུང་ནད་གཅི་གོ་པུས་ཉན་ཅིང་ནད་གཞིན་དང་མ་འདྲེས་པའི་རླུང་ནད་ཀྱིས་གཟེར་ཅིང་གནོད་པ་ལ་འཇམ་རྩི་དུའོ།། འཇམ་རྩི་མི་བྱ་བ་དེ་ཉིད་དོ།། དེ་བཞིན་དུ་སྐྱ་རྦ་བོ་མིག་སེར་དང་། ཚི
་ཆེ་ཆ་མ་བཏབ་ཟས་མ་ཟོས།། བཤང་བ་འཁྲུ་བར་བྱེད་པ་དང་།། ལྟོ་ལྕི་ལྟོ་ནད་བད་ཀན་ཅན།། མཆིལ་མ་མང་དང་ཤིན་ཏུ་སྒོམ།། ལྟོན་སྲིན་ཡོད་རླུང་འཁྱིམས་དང་།། དུག་དག་འཐུངས་དང་འབྲུམ་བུས་བཏབ།། རྐང་བམ་ལྐོག་མའི་ལྦུ་བ་ཅན།། ཞེས
་བྱ་བཱ་ལ། འཇམ་རྩི་མི་བྱ་བའི་ཡུལ་ཡང་། གང་སྔར་བཀྲུ་སྨན་དྲག་པོ་བྱར་མི་རུང་བར་བཤད་པ་དེ་ཉིད་ཡིན་ནོ།། གཞན་དེ་བཞིན་དུ་འཇམ་རྩི་བྱར་མི་རུང་བ་ནི། སྐྱུ་རྦབ་དང་མིག་སེར་ལ་སོགས་པསྲ་བཏབ་པ་དག་ལ་ཡང་བྱར་མི་རུང་ངོ་།། རླུང
་འཁྱིམས་པ་ནི་ཚིལ་གྱི་ནང་དུ་ཞེན་པའི་རླུང་ངོ་།། འབྲུམ་བུ་ནི་འབྲས་ཀྱི་ཕྲེང་བའོ།། དེ་གཉིས་སྦུ་གུ་གསེར་སོགས་དང་། ཤིང་རུས་འོད་མ་ལུས་བྱས་པ།། བ་ལང་འཇུག་འདྲ་བུག་རྡོལ་མེད།། འཇམ་ཞིང་དྲོང་ལ་ཁ་ཟླུམ་པ།། ཞེས་བྱ་བ་ལ་བཀྲུ
་སྨན་དྲུག་པོས་མས་བཏང་བ་དང་། འཇམ་རྩི་བཏང་རྣཾ་བ་ངོ་གཉིས་ཀྱིས་སྦུ་གུ་ནི་འདི་ལྟར་བྱ་སྟེ། གསྟེར་ལ་སོགས་པ་ཞེས་བྱ་བ་གསེར་དང་དངུལ་དང་ཟངས་དང་ཞྭ་ཉྲ་དང་། རོ་ཉེ་ལས་བྱས་པའོ།། དེ་བཞིན་དབྱིབས་ནི་བ་ལུང་གི་འཇུག་མ
་ལྟར་རིམ་གྱིས་ཕྲ་བའོ།། བུག་རྡོལ་མེད་པ་ནི་སིལ་མེད་པའོ།། འཇམ་པ་ནི་རྩུབ་པ་མེད་པའོ།། དྲང་བ་ནི་མ་ཡོ་བའོ།། ཁ་ཟླུམ་པོ་ནི་རྩེ་མོ་མི་རྣོ་བའོ།། ལོ་གཅིག་མ་ལོན་པ་སོར་ལྟ།། ལོ་ཚིང་ལོ་བདུན་པའི་བར་གྱི།། ཚད་ནི་སོར་དྲུག་ཡིན་པར
་ཤང་། ལོ་བདུན་པ་ཡི་བདུན་ཉིད་དེ།། བཅུ་གཉིས་པ་ལ་སོར་བརྒྱད་བྱི།། བཅུ་དྲུག་ཡན་ཆང་སོར་དགུ་སྟེ། ཉི་ཛ~ཾ་ཤུ་ཕན་ཚོད་སོར་བཅུ་གཉིས།། ལོ་གཞན་དག་ལ་ན་ཚད་དང་།། སྟོབས་དང་ལུས་ཚད་བརྟགས་ནས་ནི།། ཚད་ནི་མདོར
་པར་བསྐྱེད་པར་བྱ། ཞེས་བྱ་བ་ལ། བྱིས་པ་ལོ་གཅིག་མ་ལོན་པ་ལ་གཏོང་བའི་སྦུ་གུ་ནི་སྲིད་སོར་ལྔ་བྱའོ།། ལོ་ཚང་སྟེ་ལོ་གཅིག་ལོན་པའི་བྱིས་པ་ནས་ལོ་བདུན་པའི་བར་གྱི་བྱིས་པའི་གཅེའུ་ཚད་ནི་སོར་དྲུག་པ་བྱ་བ་ཡིན་པ
་བཤད་དོ།། དེ་ནས་བྱིས་པ་ལོ་དྲུག་ལོན་པ་ལ་གཅེའུ་སོར་དྲུག་པ་བྱའོ།། ལོ་བདུན་རྫོགས་པའི་ཚེ་ནི་སོར་བདུན་པ་ཉིད་བྱའོ།། ལོ་བཅུ་གཉིས་ལོན་པ་ལ་ནི་གཅེའུ་སོར་བརྒྱད་པ་བྱའོ།། ལོ་བཅུ་དྲུག་ལོན་པ་ནས་ལོ་བཅུ་དགུ་ལོན་པའི་བར་ལ་ནི་གཅེའུ
་སོར་དགུ་པ་བྱའོ།། མོ་ཉི་ཤུ་ལོན་པ་ཕན་ཆད་ནི་གཅེའུ་སོར་བཅུ་གཉིས་པ་བྱ་ལ། ཉི་ཤུ་ཕན་ཆད་ཀྱི་ལོ་དག་ལའང་གཅེའུ་སོར་བཅུ་གཉིས་པ་ཉིད་བྱ་ལ་ཡང་ལོ་གཞན་དེ་དག་གི་ཚེ་ན་ཚོང་དང་སྟོབས་དང་ལུས་ཀྱི་ཚད་བརྟགས་ནས་གཅེའུའི་ཚད
་མངོན་པར་སྐྱེད་ཅིང་འཕེལ་བར་བྱའོ།། དེ་ཡང་ལོ་གཅིག་མ་ལོན་པ་ལ་གཙོའུའི་ཚད་སོར་ལྔ་བྱ་བར་བཤད་ལ། ལོ་དེ་རྫོགས་ནས་ལོ་དྲུག་ལོན་པའི་བར་ལ་སོར་དྲུག་བྱ་བར་བཤད་པས། དེའི་ལོ་གཞན་དག་ལ་ནི་ཚོང་གང་ཡིན་པ་དང་། དེ་བཞིན
་དུ་སྟོབས་དང་ལུས་ཀྱི་ཚད་དེ་བརྟགས་ཏེ་བར་སྐབས་དེར་ན་ཚོད་ལ་སོགས་པ་སྐྱེ་བ་བཞིན་དུ་གཅེའུ་ཡང་བསྐྱེད་པར་བྱའོ།། དེ་བཞིན་དུ་ལོ་གཞན་དག་ནི་ན་ཚོད་ཀྱི་བར་གྱི་ལོ་ལ་ཡང་བསྒྲེ་བར་བྱའོ།། རྩ་བ་རང་གི་མཐེ་བོང་མཉམ།། རྩེ་མོ་མཐེའུ
་རླུཆུ་ཚད་དུ་བྱེ།། ཞེས་བྱ་བ་ལ། གཅེའུ་རྩ་བའི་གནས་སུ་རང་གི་མཐེ་བོའི་ཚད་ཅེས་པ།། ནང་པོའི་མཐེ་བོ་དང་སྦོམས་ཀྱི་ཚད་མཉམ་པར་བྱའོ།། རྩེ་མོ་སྟེ་གཙེའུ་ཁཾའི་ཕྱོགས་ནང་པའི་མཐེའུ་ཆུང་དང་སྦོམས་མཉམ་པར
་བྱའོ།། ལོ་གཅིག་ལོན་སོར་ནས་བཟུང་སྟེ།། དེ་ཡི་ཕྱེད་ཕྱེད་ཀྱིས་བསྐྱེད་བྱ།། གང་ཞིག་རྩ་བའི་བུ་གའི་ཚད།། སོར་མོ་གསུམ་རྩེ་ཤོང་བ་མཆོག། མུཏྤཏྶ་མཱ། ཥ་སྲན་མ་བཙོས།། རྒྱ་ཤུགས་འབྲས་ཤོང་རིམ་བཞིན་བྱ།། ཞེས་བྱ་བ་ལ། ན་ཚོད་ཇི་སྐད
་བསྟན་པའི་རིམ་པས་གཅེའུ་ཚད་བསྟན་པའི་རིམ་པ་ལས་མ་འཆོལ་བར་བྱས།། བྱིས་པ་ལོ་གཅིག་ལོན་ཞིང་ཚང་བའི་སོར་ཚད་ནས་བཟུང་སྟེ། དེའི་ཕྱེད་ཕྱེད་བསྐྱེད་པར་བྱ་ཞིང་།། ཇི་སྲིད་དུ་བུ་ག་སོར་གསུམ་པར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྐྱེད
་པར་བྱ་སྟེ། དེ་ནི་བུ་གའི་ཚེ་ཚད་སྟེ་མཆོག་ཡིན་པས་ན། དེ་ལས་ཀྱང་ལྷག་པར་མི་བྱ་སྟེ། ལོ་གཅིག་མ་ལོན་པ་ལ་ནི་རྩ་བའི་བུ་ག་སོར་གཅིག་པས་ཆུང་བར་བྱའོ།། རྩེ་མོ་ཡང་སྲན་མུངྒ་ཤོང་བ་བས་ཅུང་ཟད་ཆུང་བར་བྱ།། དེའི་ཕྱེད་ཕྲེད་ཅེས་པ
་བ་ལ། དེ་ཡི་ཞེས་བྱ་བ་ནི་སོར་ཚད་ལ་སྙེགས་ལ། དེས་ན་སོར་གྱི་ཕྱེད་ཕྱེད་ཀྱིས་བསྐྱེད་ཅིང་། འཕེལ་བར་བྱ་བའི་ནི། ཇི་སྲིད་རྩ་བའི་བུ་གར་སོར་གསུམ་ཤོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྐྱེད་པར་བྱའོ།། རྩེ་མོའི་བུ་ག་ནི་ལོ་གཽཅིག་ལོ་ནཽ
་བའི་གཅེའུ་བུ་ག་སྲོན་མུང་ག་སྟེ། མོན་སྟན་སྣེའུ་ཤོང་བ་ནས་རྒྱ་ཤུག། གི་བར་དུ་རིམ་བཞིན་དུ་བསྐྱེད་པོར་བྱའོ།། མཆོག་ཅེས་བྱ་བ་ནི་འདིར་ཡང་སྦྱར་བྱ་སྟྭཾ། གང་རྒྱ་ཤུག་གི་འབྲས་བུ་ཤོང་བའི་ཚོང་དུ་བྱས་པའི་གཅེའུ་རྩེ་མོའི་བུ་ག་དེ
་ནི་ཆེ་ཚད་ཡིན་པས་དེ་ལས་ལྷག་པར་ནི་མི་བྱའོ།། དེ་བས་ན་ལོ་གཅིག་ལོན་པ་ནས་ལོ་དྲུག་པའི་བར་གྱི་གཅེའུའི་རྩེ་མོའི་བུ་གའི་ཚད་ནི་མུངྒ་ཤོང་བཙམ་བྱའོ།། ལོ་བདུན་པའི་ནས་ལོ་བཅུ་གཅིག་པའི་བར་གྱི་གཅེའུ་བུ་ག་ནི་མ་ཤ་ཤོང་བའོ།།
་ལོ་བཅུ་གཉིས་པ་ནས་བཅོ་ལྔའི་བར་གྱི་ནི་སྲན་མ་སྐམ་པོ་ཤོང་བའོ།། ལོ་བཅུ་དྲུག་པ་ནས་བཅུ་དགུ་བྷི་བར་དུ་ནི་སྲན་མ་བཙོས་པ་ཤོང་བའོ།། ཉི་ཤུ་ལོན་པ་ཡན་ཆད་ཀྱི་གཅེའུ་རྩེ་མོའི་བུ་ག་ནི་རྒྱ་ཤུག་གི་འབྲས་བུ་ཆུང་ངུ་ཤོང
་བ་ཙམ་བྱའོ།། རྩ་བའི་བུ་གའི་ཚད་ཀྱི་ནི།། མཐར་ནི་གེག་པ་གདགས་པར་བྱ། ཞེས་བྱ་བ་ལ། མཐར་ཞེས་པ་རྩེ་མོར་རྩ་བའི་བུ་གའི་ཚད་ཇི་ལྟ་བ་ལས་དེའི་གག་པ་འཁོར་ལོ་ལྟ་བུ་གདགས་ཤིང་བསྒྲུབས་པར་བྱའོ།། རྩེ་མོའི་ཁ་བཀག་ཅེས་བྱ་བ
་ནི་གཅེའུ་དེའི་རྩེ་མོའི་ཁ་རས་བལ་ལ་སོགས་པའི་སྡོང་བུ་ལྟ་བུས་ཁ་བཀབ་སྟེ། རླུང་ལ་སོགས་པ་ནང་དུ་ཞུགས་པ་དགག་པའི་ཕྱིར་དེ་ལྟར་བྱའོ།། གཅེའུའི་རྩ་བར་རང་གི་སོར་མོ་གཉིས་ཀྱིས།། ཆོད་པར་གག་པ་གཉིས་པ་བྱ།། ཞེས་བྱ་བ་ལ། དེ
་བཞིན་དུ་གཅེའུ་དེའི་ཕྱོགས་སུ་རང་གི་ཞེས་པ་ནང་པ་བདག་ཉིད་ཀྱིས་སོར་གཉིས་བློ་ཆོད་པར་གག་པ་གཉིས་པ་བྱ་སྟེ། དེ་ལ་རྒྱལ་བུ་གདགོས་ཤིང་བཅིང་དགོས་པའི་ཕྱིར་རོ།། དེར་ནི་རྒྱལ་བུ་གདགས་བྱ་བ།། ར་ལུག་མ་ཧེ་ལ་སོགས་པའི།། སྐང་པ
་ལེགས་ཉེས་སྲུ་བ་དང་།། དམར་བཅྡོཾས་བུ་ག་ཐག་ཐུག་མེད།། དྲིང་རྩ་རིས་མེད་སྲབ་བ།། སྨན་ནི་ལེགས་པར་བླུ་གས་བྱས་ལ།། སྲང་བུས་དམ་པར་བཅིང་བར་བྱ།། ཞེས་བྱ་བ་ལ། གག་པ་གཉིས་ཀྱི་བོར་དུ་ལུག་ལ་སོགས་པའི་ལྒད་པའི་རྒྱལ་བུ
་ལེགས་པར་གཉིས་པ་དང་། དེ་བཞིན་དུ་སྲ་བ་སྟེ་མ་གས་པ་དང་དམར་པོར་བཙོས་ཏེ་ཚོན་གཞན་གྱི་ཁ་དོག་མེད་པོ་ཐག་ཐུག་མེད་ཅིང་མདུད་པ་ཆགས་པོ་མེད་ཅིང་རུལ་བ་ལ་སོགས་པའི་དྲི་ང་བ་མེད་པོ་རྩིའི་རི་མོ་མེད་པ་སྲབ་པ་སྟེ་མཐུག་པ
་མ་ཡིན་པ། དེ་ལྟ་བུར་སྨན་བདེ་བར་བླུགས་ཤིང་བཞག་ལ། སྲད་བུ་སྲ་བས་ལེགས་པར་དམ་དུ་བཅིང་བར་བྱའོ།། ལྒང་མེད་རྒྱལ་བའི་དཔུང་པ་འམ། བྱིན་པའི་པགས་པ་འམ་རས་སྡུག་བཟང་། ཞེས་བྱ་བ་ལ། གོང་དུ་སྨོས་པ་ལྟ་བུའི་ལྒང་པ་མེད་ན
་རྒྱལ་བའི་དཔུང་པ་བཅིང་བ་འམ། བྱིན་པའི་པགས་པ་ལེགས་པར་མཉེས་པ་དེ་ལ་བཅིང་ཞིང་གང་གོས་པར་བྱའོ།། ཡང་ན་རས་སྡུག་ཅིང་བཟོང་ལ་བུ་ག་མེད་པ་སྒྲ་ཚིལ་ལོ་སོགས་པས་བསྐུས་ལ། ཆུ་ཐུབ་པ་ལས་སྨན་བླུགས་པའི་སྣོད
་བྱའོ།། ནཱི་རུ་ཏིའི་ཆེད་དང་པོ་ནི།། ལོ་གཅིག་པ་ལ་སྲང་གཅིག་མཆོག། ཇི་སྲིད་སྲང་ནི་བཅུ་གཉིས་པར།། ལོ་རེ་སྲང་རིས་བསྐྱེད་པར་བྱ།། བཅུ་གཉིས་པ་ནས་བཅོ་བརྒྱད་པར།། དེའང་བདུན་ཅུའི་བར་ཆེད་འདི།། དེ་ཕྲིན་སྲང་ཚད་ཉི་ཤུ་ཉིད།། ཅེས་བྱ་བ
་ནཻནི་རུ་ཧ་སྟེ་བཀྲུ་སྨན་དྲག་པོ་མས་བཏང་བའི་ཚད་ནི་ལོ་གཅིག་ལོན་པ་ལ་སྲང་གཅིག་མཆོག་སྟེ། ཆེ་ཚད་ཡིན་ནོ།། ལོ་གཅིག་མ་ལོན་པ་ནི་སྲེད་གཅིག་ཏུ་ཅུང་ཟད་མ་ལོངས་པ་ཆེ་ཚད་ཡིན་ནོ། དེ་ཕན་ཆད་ལ་རེ་རེ་ཞིང་སྲང་རེ་རེས་བསྐྱེད་དེ། ལོ་བོཙུ
་གཉིས་པའི་བ་ར་ལ་སྲང་བཅུ་གཉིས་བཏང་བའི་བར་དུ་བསྐྱེད་པར་བྱའོ།། ནི་རཱུ་ཏྱཱ་སྲང་བཅུ་གཉིས་བྱས་དེ་ཕན་ཆུད་ཀྱི་ལོ་རེ་བཞིན་སྲང་གཉིས་གཉིས་བསྐྱེད་པར་བྱའོ།། ལོ་བ་ཅུ་གཉིས་ལོན་པ་ནས། བདུན་ཅུ་ལོན་པའི་བར་ལ་བྱའོ།། བ
་བརྒྱད་པའི་ནི་སྲང་ཉི་ཤུ་རྩ་བཞི་ཚེ་ཚད་ཡིན་ཏེ། དེ་ཡི་ནཻ་རུ་ཧ་ཚོང་འདི་ནི་ལོ་བདུན་ཅུ་ལོན་པའི་བར་གྱི་ཚང་ཡིན་ནོ།། ལོ་བདུན་ཅུ་ལོན་པ་ཕན་ཚང་ཀྱི་ནི་སྲང་ཉི་ཤུ་ཉིད་ཆེ་ཚང་ཡིན་ནོ།། ཅེས་བྱ་བ་ནི་འདི་ངེས་པར་བཟུང་བའི་དོན་ནོ།།
་ཚང་སྲང་ཉི་ཤུ་ཁོ་ན་ཡིན་གྱི་དེ་ལས་ལྷག་པ་མི་བྱའོ།། ཞེས་བྱ་བའི་དོན་ནོ།། བཀྲུ་སྤྱན་དྲུག་ཚད་ཇི་ལྟ་བ། དེ་ཡི་བཞིན་འཇམ་རྩིའི་ཚད།། ཅེས་བྱ་བ་ལཱ། བཀྲུ་སྤྱན་དྲག་པོ་ནི་ར་ཏྣའི་ཚད་ན་ཚོད་གང་དང་གྲང་ལས་ཇི་ལྟར་ཡིན་པ
་དེ་དང་དེའི་བཞི་ཆ་འཇམ་རྩི་ཞེས་བྱ་བ། སྣུམ་གྱི་ཆོ་ག་མས་བཏང་བའི་ཚད་ཡིན་ནོ།། དཽ་ཡང་ལོ་དང་པོ་ལ་ནཻ་རུ་ཏིའི་ཚད་སྲུང་གཅིག་ཡིན་ལ། ཚད་དེའི་བཞི་ཆ་ཞོ་གཉིས་ལ་ནི་འཛམ་རྩི་ལོ་གཅིག་པ་ལ་བཏང་བའི་ཚད་ཡིན་ནོ།། དེ་བཞིན་དུ་ལོ་བཅུ་གཉིས་པ་ལ
་སྲང་བཅུ་གཉིས་ནི་རུ་ཧའི་ཚད་ཡིན་པ་ལི། དེའི་བཞི་ཆ་སྲང་གསུམ་འཇམ་རྩིའི་ཚད་དོ།། དེ་བཞིན་དུ་ལོ་བཅོ་བརྒྱད་ལོན་པའི་ཚད་ཉི་ཤུ་རྩ་བཞི་ཡིན་ལ། དེའི་བཞི་ཆ་ནི་སྲང་དྲུག་སྟེ། དེ་བཞིན་དུ་ཐམས་ཅད་ལ་ཡང་སྦྱར་བར་བྱའོ།། བཀྲུ་སྨན་དྲག་བྱ
་སྣུམ་དུ་གུས་བྱ།། སྨྱུད་བྱས་ནས་ཀྱང་སྟོབས་ཐོབ་པ།། འཇམ་རྩི་བཏང་བར་འོས་པ་ནས།། ཐོག་མེ་ཉིད་དུ་འཇམ་རྩི་བཏང་།། ཞེས་བྱ་བ་ལ། ནི་རུ་ཏ་ཞེས་བྱ་བ་བཀྲུ་སྨན་དྲག་པོ་བཏང་བར་བྱ་ཞིང་འོས་པ་སྟེ། སྣུམ་དང་དུགས་བྱ་བ་སྟེ། དང་པོ་སྣུམ
་གྱི་ཆོ་ག་བྱོས་ལོ།། དེའི་འོག་ཏུ་དུགས་བྱའོ།། དེ་བཞིན་དུ་སྦྱང་བ་བྱ་བ་སྟེ། བཀྲུ་སྨན་དང་སྐྱུག་སྨན་བྱིས་ནས་ཀྱང་སླར་སྟོབས་ཐོབ་ཅིང་། ཉམས་སྟོབས་བརྟས་པ་དག་འཇམ་རྩི་བཏང་བར་འོས་ཤིང་རིགས་པར་ཤེས་ནས། དང་པོ་ཐོག་མ་ཁོ་ནར
་བཀྲུ་སྨན་དྲག་པོ་མས་བཏང་འཇམ་རྩི་བཏང་བར་བྱའོ།། དགུན་དོ་པྱི་ཉིན་པར་བཏིང་དེ་ལ་ས། གཞན་དུ་མཚན་བཏང་བར་འདོད།། ཅེས་བྱ་བ་ལ། དགུན་ཞེས་བྱ་གྲང་བའི་དུས་སྤྱིར་གྲང་བ་སྟེ། དགུན་སྟོང་དང་དགུན་སྨད་ཀྱི་དུས་སུ་འཇམ
་རྩི་ཉིན་པར་བཏང་བར་བྱའོ།། དེ་ལས་གཞན་དུ་ཞེས་པ་གོང་མ་ལས་གཞན་པའི་དུས་སོ་ག་དང་། དབྱར་དང་སྟོན་ཀ་མཚན་མོའི་དུས་སུ་འཇམ་རྩི་བཏང་བར་བྱའོ།། ཞེས་སྲོག་འཚེ་བའི་སློབ་དཔོན་ལ་ལ་འདོད་དོ།། བསྐུ་བྱུག་ཁྲུས་བྱས་སྔོན་ཐང
་ལས། གཞི་གསུམ་ཕན་ཞིང་ཡང་བ་དང་། སྣུམ་དང་རྩུབ་ཆེས་མ་ཡིན་བཟའ།། ཁུ་བ་ལ་སོགས་ཟོས་རྗེས་བཏུང་།། བཅགས་ལ་བཤང་གཅི་བསལ་ནས་ནི།། མལ་དུ་བདེ་བར་གནས་བྱས་ལ།། མཐོ་དམན་མེད་པར་མགོ་སྨད་དེ།། གློ་གཡོན་གྱིས་ནི
་ཕབ་ནས་སུ།། རྐང་པ་གཡས་པ་བཀུག་ན་ས་ནི།། རྐང་པ་གཡོན་པ་བརྐྱང་བར་བྱ།། ཞེས་བྱ་བ་ལ། དང་པོ་བསྐུ་བྱུག་བྱས་ལ། དེའི་འོག་ཏུ་ཁྲུས་བྱ་བ་ཡིན་པས་ན། ནད་པ་དེ་བསྒོ་བྱུག་དང་ཁྲུས་བྱའོ།། དེ་ནས་སྔོན་བསྟེན་ཅིང་། གོམས་པའི
་ཐ་མ་ལ་བཞི་ཆ་གསུམ་སྟེ། ནར་མར་བཟའ་བའི་ཐང་ལས་བཞི་ཆ་ཕྲི་ལ། བཟའ་བོ་ནི་ཡང་བཾ་དང་། ཧ་ཅང་རྩུབ་ཚེས་པ་དང་སྣུམ་ཆེས་པ་མ་ཡིན་པ། སྣུམ་རྩུབ་རན་པ་ཕན་ཞིང་གནོད་པ་མེད་པའི་ཟས་བཟའ་བར་བྱའོ།། དེའི་འོག་ཏུ་མཚལ
་ནན་དུ་བཏུང་བ་ནི་མུངྒའི་ཁུ་བ་ལ་སོགས་པ་གནོད་པ་མེད་ཅིང་རྗེས་སུ་མཐུན་པ་བཏུང་བར་བྱའོ།། དེ་བཞིན་དུ་བཅགས་པ་སྟེ། ཅུང་ཟད་ཅིག་ཕན་ཚུན་བཅག་པ་དང་། བཤང་བ་དང་གཅི་བ་ལེགས་པར་བསིལ་ཞིང་དོར་བ་དང་། དེ་བཞིན
་དུ་རླུང་མེད་པའི་ཁང་པའི་ནང་དུ་མལ་བདེ་བ་ཤིན་ཏུ་མཐོ་བ་དང་། ཤིན་ཏུ་དམའ་བ་མ་ཡིན་པར་མགོ་སྨང་བ་སྟེ། རྐང་པའི་ཕྱོགས་ཅུང་མཐེ་བར་གྲོ་གཡོན་པ་ལེགས་པར་ཕབ་ལ། རྐང་པ་གཡས་པ་བཀུག་ནས་རྐང་པ་གཡོན
་པ་ལེགས་པར་བརྐྱང་བའི་ཚུལ་དེ་ལྟར་གནས་པར་བྱས་ལ། དེ་ནས་དེ་ལ་གཅེའུ་བཞུག་པར་བྱའོ།། དེ་ཡང་ཇི་ལྟར་ཞེ་ན། དེ་ནས་དེ་ལ་བཅེའུ་ཁ་དང་། གཞུང་སྒོ་སྣུམ་གྱིས་བསྐུས་ནས་ནི། གཅེའུའི་ལྒང་པའི་སྦུབས་བཏོན
་ལ། ཁ་ཅིག་ལག་པ་མི་འདུང་བར། རྒྱབ་ཀྱི་ཕྱོགས་སུ་འདུག་ནས་ནི།། ཤིན་ཏུ་མྱུར་དང་བུལ་མིན་དང་།། ཧ་ཙང་ཤུགས་དྲག་དལ་མིན་པར།། རན་པར་ལན་ཅིག་ཁོ་ནར་བཙིར།། རླུང་ནི་ལྷག་པར་གནས་པ་ནི།། ལྷག་མ་ཅུང་ཟད་ལུས་པར
་བྱ།། ཞེས་བྱ་བ་ལ། དེ་ནས་དེའི་འོག་ཏུ་སྐྱེས་བུ་དེ་ལ་གཅེའུ་གཞུག་པའི་ཐབས་ནི། གཅེའུའི་ཁ་སྟེ་རྩེ་མོ་སྣུམ་གྱིས་བསྐུ་བ་དང་། གཞང་སྒོ་ཞེས་པ་བཤང་བའི་ལམ་ཡང་སྣུམ་བསྐུས་ཏེ། དབུགས་བཏོན་ཞེས་པ་ལྷུང་བའི་ནང་གི་དབུགས
་བཏོན་ལ། གཅེའུ་ཁ་བཅིངས་ཤིང་བསྡམས་ནས། ལག་པ་མི་འངར་ཞིང་བརྡབས་བག་ཏུ་མ་གྱུར་པས་རྒྱབཱ་ལོགས་ནས་དེ་ལ་མངོན་པར་ཕྱོགས་པར་འདུག་སྟེ་བཏང་བར་བྱའོ།། དེའི་འོག་ཏུ་ཤིན་ཏུ་མྱུར་བ་དང་། ཤིན་ཏུ་བྲལ་བ་འམ། ངལ
་བ་མ་ཡིན་པ་དང་། ཧ་ཅང་ཤུགས་དྲགྱེས་པ་དང་། ཧ་ཅང་དལ་བ་མ་ཡིན་པར་ལན་གཅིག་ཁོ་ནར་བཙིར་བར་བྱའི། ཡང་ནས་ཡང་དུ་ནི་མ་ཡིན་ནོ།། དེ་ཡང་ལྒང་པ་དེའི་ཞབས་ན་སྨན་གྱི་ལྷག་མ་ཅུང་ཟད་ལུས་པར་བྱའོ།། རྣམ་པ་ཐམས
་ཅད་ནས་ཐམས་ཅད་དུ་བཙི་རེ་བར་མི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། སྨན་གྱི་ལྷག་མ་རླུང་ཡོད་པའི་ཕྱིར་རོ།། དེ་ཡང་ངོའི་འོག་ནས་བཅིངས་ཏེ།། རླུང་ནི་མ་ལུས་ཕྱུང་བ་འམ།། མ་ལུས་པར་ནི་བླུགས་པ་ཡིས།། རླུང་ཤུག་སོ་ནས་ནི་རྣམ་འབྲུ
་པས།། གཟེར་དང་ནད་རྣམས་སྐྱེད་པར་འགྱུར།། ཞེས་བཤད་པ་ཡིན་ནོ།། བཏང་ནས་ལུས་ནི་གན་རྐྱལ་བཞག། ནུབ་ཅོས་ལག་པས་བརྡབ་པར་བྱ།། རྟིང་པས་འཇུག་བཅོག་བརྡུང་བྱ་ཞིང་།། རྟིང་པ་བཏེག་ལ་ལན་གསུམ་གསིག། ཅེས་བྱ་བ་ལ།
་འཇམ་རྩི་བཏང་ནས་དེའི་ལུས་གོནྡ་རྒྱལ་དུ་བཞུག་ལ། འཇམ་རྩི་བཏང་བ་དེའི་རྐུབ་བཙོས་ལག་པས་བརྡབ་པར་བྱ་ཞིང་བསྣུམ་པར་བྱའོ།། དེ་བཞིན་དུ་ནད་པའི་རྟིང་པ་གཉིས་ཀྱིས་འཇུག་ཙོས་བརྡུང་ཞིང་བརྡེག་པར་བྱའོ།། དེ་བཞིན་དུ་མལ་ནས་རྟིང་པ
་ནས་ཡར་བཏོག་སྟེ། ལྡན་གསུམ་གྱི་བར་དུ་གསིག་ཅིང་གྱེན་དུ་དྲང་བར་བྱའོ།། དེ་ནས་ལུས་ནི་བརྐྱང་ནས་སུ།། སྔས་བཅས་པའི་རྟོང་པར་ནི།། ཁུ་ཚུར་གྱིས་བརྡུངས་ལུས་ཀྱང་ནི། སྣུམ་གྱིས་བསྐུས་ལ་མཉེ་བར་བྱ།། ཚོར་བས་ཉེན་པས་སྣུམ་དག
་ནི།། མྱུར་དུ་འབྱུང་བར་མི་བྱེད་དོ།། གལ་ཏེ་མྱུར་དུ་ཕྱིར་བྱུང་ན།། ཕན་མི་བྱེད་པས་གཞན་དག་བཏང་།། ཞེས་བྱ་བ་ལ། དེ་ནས་དེའི་འོག་ཏུ་ནད་པའི་ལུས་བརྐྱང་བར་གྱུར་པ་དང་།། དེ་བཞིན་དུ་སྡེས་བཅུག་པ་ལ་རྟིང་པར་ཁུ་ཚུར་གྱིས་བརྡུངས་ལ། ཡན
་ལག་སྣམ་གྱིས་བྱུགས་ནས་མཉེ་བར་བྱ་སྟེ། གང་གི་ཕྱིར་ཚོར་བ་མི་བདེ་བས་ཉེན་པས་སྣུམ་སྟེ། མེས་བཏང་བའི་སྣུམ་སྟེ། མྱུར་བ་ཁོ་ནར་ཕྱིར་འབྱུང་ཞིང་འཛག་པར་མི་བྱེད་དོ།། གལ་ཏེ་མྱུར་དུ་ཕྱིར་འབྱུང་ཞིང་ལྡོག་པར་གྱུར་ན། འཇམ་རྩི།
་གཉིས་པ་སྦྱར་ཞིང་བཏང་བར་བྱ་སྟེ། གང་གི་ཕྱིར་སྣུམ་ནང་དུ་ཆགས་ན། ནད་པའི་རླུང་ལ་སོགས་པའི་ནད་སོ་ལ་བའི་བྱེ་བ་བྱེད་པར་འགྱུར་ན། དེ་མྱུར་དུ་བྱུང་བས་བྱོ་བ་དེ་མི་བྱེད་པའི་བྱོར། གཞན་དག་གིས་བསྣན་དགོས་སོ།། མེ་དྲོང
་ཆེ་ཞིང་སྣུམ་བྱུང་ནས།། རྒོངས་ཀ་ཁ་ཟས་ཡང་བ་སྦྱིན།། ཞེས་བྱ་བ་ལ། མེ་དྲོད་ཤིན་ཏུ་ཆེ་ཞིང་སྣུམ་ཕྱིར་བྱུང་བར་གྱུར་ན། རྒོངས་ཀ་སྟེ་ཉིན་པར་གྱི་མཐར་ཁ་ཟས་ཡང་མོ་དག་སྦྱིན་པར་བྱའོ།། བྱུང་བའི་དུས་ཀྱི་དམ
་པ་ནི།། ཐུན་གསུམ་ཡིན་ཏེ་དེ་ཕན་ཆད།། ཉིན་མཚན་གཅིག་ནི་བསྡད་ནས་སུ།། དེ་ཡི་འོག་ཏུ་རེངས་བུ་ཡིས།། སྐུ་མྦི་དབྱུང་ཕྱིར་ནི་འབད་བྱ་བ།། མས་བཏང་བ་ནི་རྣོན་པོ་བྱ།། ཞེས་བྱ་བ་ལ། འཇམ་རྩི་དབྱུང་བའི་དུས་ཀྱི་དམ་པའམ། མཆོག་ནི
་ཐུན་གསུམ་ཡིན་ཏེ། དེ་ཕན་ཆད་ཅེས་བྱ་བའི་འོག་ཏུ་ཉིན་མཚན་གཅིག་འདས་ཀྱི་བར་དུ་བྱུང་བར་མ་གྱུར་ན། ཉིན་མཚན་གཅིག་གི་བར་དུ་བསྡད་ནས། དེའི་འོག་ཏུ་རེང་བུ་སྦྱར་བས་འཇམ་རྩི་སྣུམ་དབྱུང་བར་བྱ་བའི་ཕྱིར། སྨན་པས
་འདས་པྲཱ་བྱ་བ་འམ། མས་བཏང་བའི་སྨོན་རྣོན་པོ་བྱ་བི་ལ་འབད་པར་བྱའོ།། ཤིན་ཏུ་རྩུབ་པས་མ་བྱུང་ཞིང་།། སྙོམ་བག་ལ་སོགས་ནང་མེད་ན།། བཏང་སྙོམས་སྐུ་ནི་བཞག་པར་བྱ།། ཞེས་བྱ་བ་ལ། ཤིན་ཏུ་ལུས་ཀྱི་ཁོང་རྩུབ་པོའི་ཕྱིར།། སྣུམ
་མ་བྱུང་ཤིང་སླར་འཛག་པར་མ་གྱུར་ལ།། གལ་ཏེ་སྙོམ་བག་གམ། རྨོང་བག་ལྀ་སོགས་པའི་ནད་ཀྱི་ཉེས་པ་ཡང་མེད་ན་བཏང་སྙོམས་སུ་བཞག་པར་བྱའོ།། དེ་བྱུང་བ་ལ་འབད་པར་མི་བྱའོ།། དེ་ནས་མཚན་འདས་ནང་པར་ནི།། བཅོན
་སྒྲའུ་སུ་བསྐོལ་ནུའམ། ཡང་ནི་ཆུ་ཚན་འབའ་ཞིག་བཏུང་།། ཞེས་བྱ་བ་ལ། དེ་ནས་དེའི་འོག་ཏུ་མཚན་མོ་བདེ་བར་གནས་པས་འདའ་བར་བྱས་ལ། ནང་པོར་གྱི་དུས་སུ་བཅའ་སྒ་དང་འུ་སུ་ཧོ་སྐོལ་བའི་ཆུ་ཚན་དྲོ་འཇམ་ཙམ་བཏུང་བ་འམ།
་ཡང་ན་ཆུ་བསྐོལ་བ་ཚ་ན་ཏེ་འབའ་ཞིག་བཏུང་བར་བྱ་སྟེ། དེའི་སྣུམ་གྱི་ལྷག་མ་ཞུ་བ་དང་རླུང་དང་བད་ཀན་ཞི་བའི་ཕྱིར་བྱ་བ་ཡིན་ནོ།། འཛམ་རྩི་བཏང་ནས་ཉིན་གསུམ་འམ།། ཉིན་ལྔ་ལོན་ནས་སླར་བཏང་བའམ།། ཇི་སྲིད་སྣུམ་ནི་འཇུ་འགྱུར་བ་འམ།།
་སང་ནཱ་རླུ་ནི་ཤས་ཆེ་དང་།། རྟག་ཏུ་རྩོལ་བྱེད་མེ་དྲོད་ཚྭ།། ད་རྩུབ་པ་ལ་ཉྩི་ནཱི་རེ་བཏང་།། ཞེས་བྱ་བ་ལི། དེ་ལྟར་འཛོམ་རྩི་བཏང་ནས་མི་དཱིཉྩི་མ་གསུམ་གསུམ་མམྦྷ། ཉི་མེ་ལྔ་ནས་སླར་ཡང་འཇམ་རྩི་བཏང་བ་རི་བྱའོ།། ཡད་ན་དུས་ཇི་སྲིད
་ཅིག་གིས་སྣུམ་དེ་བདེ་བར་འཇུ་བར་འགྱུར་བ་དེའི་རྒྱུད་ཀྱིས་བཏང་ངོ་།། ཡང་ཙྪིནྡ་རེ་ཡང་བཏང་དུ་རུང་སྟེ། དེ་ཉིད་ཀྱིས་ན་རླུང་ཤས་ཆེ་བ་ལ་སོགས་པ་ཡིན་ཏེ། རླུང་གི་ཤས་ཆེ་ཞིང་རླུང་ནད་བདོ་བ་དང་། དེ་བཞིན་དུ་རྟོག་ཏུ་རྩོལ་བ་བྱིང་བ་སྟེ།
་རྒྱུན་མི་འནྡྷ་རྙེད་པར་ལས་སུ་བྱེ་བའི་རྩོལ་བ་དྲག་པོ་བྱེད་པ་དང་། དེ་བཞིན་དུ་མི་དྲོང་ཆེ་བ་དང་། སྐྱེས་བུ་ཁོང་ཤིན་ཏུ་རྩུབ་པ་ལ་ཉིན་རེ་ཏེ་ཞག་རེ་རྒྱུན་མི་འཆད་པར་བཏང་བར་བྱའོ།། དེ་ལྟར་སྣུམ་ནི་གསུམ་མམ་པ་ཞེས།། སྣུམ་གྱུར་རྩཝ་སྒོ
་སྦྱང་བའི་ཕྱིར།། མུས་བཏད་ཁྲུས་ཀྱིས་སྦྱང་བ་དང་།། སྣུམ་མེད་ལུས་ནི་སྣུམ་གྱུར་བཏང་།། ཞེས་བྱ་བ་ལ། དེ་ལྟར་རིམ་པ་འདིས་ནང་ལ་སོགས་པའི་ཚུལ་ལ་དཔགས་ཏེ། འཇམ་རྩིའི་སྣུམ་གསུམ་མམ།། བཞིས་སྐྱེས་བུའི་ལུས་ཀྱི་སྣུམ
་གྱུར་ནསོ།། རྩ་སྒོ་སྦྱང་བའི་ཕྱིར་ཞེས་པ་རྩ་སྦུབས་ཀྱི་རྒྱུ་བ་རྣམ་པར་དག་པར་བྱ་བའི་ཕྱིར་ནི་རུ་ཧ་སྟེ་བཀྲུ་སྨན་དྲག་པོ་དང་། སྦྱང་ཞིང་ཞི་བར་བྱ་བ་དང་། རླུང་ཤས་ཆེ་བས་ལུས་སྣུམ་མེད་པར་གྱུར་པའི་ལུས་ལ་སྣུམ་པར་བྱ་ཞིང
་ཁོད་བརྟ་བར་བྱ་བའི་ཕྱིར།། སྣུམ་གྱི་ཆོ་ག་བཏང་བར་བྱའོ།། ཉི་མ་གསུམ་འམ་ཉིན་ལྡན།། ཆེས་གྲངས་བཟང་ཞིང་དགེ་བ་ལ།། ཉིན་ཕྱེད་ཅུང་ཟད་ཡོལ་བའི་ཚེ།། གཏོར་མ་བཀྲ་ཤིས་ཆོ་ག་བྱ།། སྣུམ་བསྐུ་དུགས་བྱས་བཤད
་གཅི་ནི།། བསལ་ཞིང་ཤིན་ཏུ་བཀྲོས་མིན་ལ།། སྐྱེས་བུའི་ནད་དམིགས་སྨན་ལ་སོགས།། འབད་དེ་ཤེས་པར་བྱས་ནས་ནི།། སྨན་པས་དེ་ལ་མཁས་པ་ནི།། མིང་དང་ལྷན་ཅིག་མས་བཏང་སྦྱར།། ཞེས་བྱ་བ་ལཾ། དེ་ནི་ས་འཇམ་རྩིམས་བཏང་བའི
་འོག་ཏུ་ཉི་མ་གསུམ་མམ་ཉི་མ་ལྡ་ན་བྱ་བ་བསྒྲུབ་ཅིང་བསྔགས་པའི་ཆོས་གྲངས་དང་། བྱེད་པ་དང་། ཐང་ཙོག་དང་། རྒྱུ་སྐར་བཟང་པོ་དང་ཉིན་ཞག་དགེ་བ་ལ་ཉི་མའི་ཕྱེད་ཅུར་ཡོལ་ཞིང་ལོངས་པའི་ཚེ་གཏོར་མ་དང་བཀྲ་ཤིས་ཀྱི་ཆོ་ག་དག་ཇི
་ལྟ་བ་བཞིན་དུ་བྱིས་ཤིང་ཤིས་པོ་བ་རྗོད་པ་དང་། བིདེ་ལེགས་ལ་སོགས་པ་དགེ་སྦྱོང་དང་བྲམ་ཟེས་བྱས་ནས། སྨན་བཅུ་སྲན་དྲག་པོ་མས་བཏང་བ་བརྣམས་པར་བྱ་སྟེ། དེ་ཡང་དེ་ལ་མཁས་ཤིང་མས་གཏོང་བའི་ཆོ་གའི་སྦྱོར་བ་ལ
་མཁས་པའི་སྨན་པ་མང་པོ་དང་ལྷན་ཅིག་གྲོས་བྱ་བ་དང་། སྐྱེས་བུ་ནད་པའི་ནད་ཀྱི་ད་མིགས་ལ་སོགས་པ་ཡང་ཤེས་པར་བས་རས། ལུས་སྣུམ་གྱིས་བསྐུ་བར་བྱ་བ་དང་། དེ་བཞིན་དུ་དུགས་བྱས་པ་དང་། བཤང་བ་དང་གཅི་བ་བསལ
་ཞིང་དོར་བ་དང་། ཤིན་ཏུ་བཀྲེས་པ་མ་ཡིན་ཞིང་ལྟོགས་པས་ཉེན་པ་མ་ཡིན་པ་དང་། དེ་བཞིན་དུ་ནད་དམིགས་དང་སྨན་ལ་སོགས་པ་འབད་ཅིང་བཙ་ལྀ་བསོ་ཤིང་ཤིང་རྟོགས་པར་བྱས་ནས། སྨན་པས་མས་བཏང་བའི་ཆོ་ག་ལ
་སྦྱར་ཞིང་བརྟག་པར་བྱའོ།། སྨན་ནི་སྲད་ནི་ཉི་ཤུ་དང་།། བོ་སན་ཆ་བརྒྱད་ལྷན་ཅིག་བསྐོལ།། ཞེས་བྱ་བ་ལ། རྩ་བ་བཅུ་པ་ལ་སོགས་པའི་སྨན་སྲང་ཉི་ཤུ་འོག་ནས་མས་བཏང་བའི་ཆོ་གའི་སྐབས་ནས་སྨོས་པ་བསྐོལ་བ་དང་། དེ་བཞིན་དུ་པོ་སོན་ཆའི་འབྲས
་བུ་བརྒྱད་ལྷན་ཅིག་བསྐོལ་བར་བྱ་སྟེ། པོ་སོན་ཆ་བརྒྱད་ལ་ནི་སྲང་གཅིག་ཙམ་ཡོད་དོ།། དེ་ལྟར་ན་སྨན་སྲང་ཉི་ཤུ་རྩ་གཅིག་དང་། སྨན་གྱི་བཅུ་དྲུག་འགྱུར་གྱི་ཆུ་དང་སྦྱངས་ལ། དེ་ལེགས་པར་བསྐོལ་བར་བྱའོ།། དེ་ནས་ཆ་ལུགས་དང་བསྐོལ
་བའི་སྨན་ཆུདདེ། བརྒྱད་ཅུ་རྩ་བཞི་འབྱུང་བར་འགྱུར་རོ།། བསྐོལ་བ་དེ་ཡི་བཞི་ཆ་ཡི།། སྨན་མར་རླུང་ལ་རྗེས་སུ་སྦྱར།། མཁྲིས་པ་བདེ་བར་གནས་དྲུག་ཆ། བད་ཀན་ཤས་ཚེ་རོ་བརྒྱད་ཆ་གཅིག། ཞེས་བྱ་བ་ལ། དེ་ལྟར་བསྐོལ་བ་དེ་ལས་སྣུམ་གྱི་སྨིན
་མར་བཞི་ཚེ་གཅིག་རླུང་གི་ནང་ལ་རྗེས་སུ་སྦྱར་ཞིང་བཏང་བར་བྱའོ།། མཁྲིས་པའི་ནད་ལ་ནི་བསྐལ་བ་དེ་ལས་སྔ་མའི་ཚད་ལས་དྲུག་ཆུ་སྟེ། སྲང་བཅུ་བཞི་བཏང་བར་བྱའོ།། དེ་བཞིན་དུ་བདེ་བར་གནས་ཤིང་ཐ་མལ་པར་འདུག་པ་ལ་ཡང་དྲུག
་ཆ་ཉིད་བཏང་བར་བྱའོ།། བད་ཀན་ཤས་རྗེ་ཞིང་རྒྱས་པའི་ནད་ལོ་ནི་དེའི་བརྒྱ་ཆ་སྟེ། སྲང་བཅུ་བཏང་བར་བྱའོ།། ཡིད་ན་ཀུན་ལ་སྨན་གྱི་ནི།། བརྒྱད་ཆ་གཅིག་གམ་ཞེས་བྱ་བ་ལ། སྦྱར་བར་བྱའོ་ཞེས་བྱ་བ་ལ་འདྲིར་ཡང་སྦྱར་བར་བྱ་སྟེ། ཀུན་ལ
་ཞེས་བྱ་བ་རླུང་དོང་མཁྲིས་པ་དང་། དེ་བཞིན་དུ་བད་ཀན་ཏེ་བདེ་བར་གནས་པ་ལ་སྨན་གྱི་བརྒྱད་ཚོ་གཅིག་སྟེ། བསྐོལ་བའི་གང་བརྒྱད་ཚ་གཅིག་ཏུ་གྱུར་པ་སྲོང་བཅུ་ཐམས་ཅད་ལོ་སྦྱིན་པར་བྱའོ།། ཅི་ནས་ཀྱི་ངོམས་བཏང་བསྐ་སླར
་མི་འགྱུར་བྱ། ཞེས་བྱ་བ་ལ། ཡང་ན་ཐམས་ཅད་དུ་སྨན་བསྐོལ་བའི་བརྒྱད་ཆ་གཅིག་སྦྱིན་པ་མ་ཡིན་ནོ།། གཞན་དུ་ན་སྨན་གྱི་ཕྱེ་མ་འམ་ལྡེ་གུའི་ཆ་ལས་མས་བཏང་བའི་སྨན་ཤིན་ཏུ་བསྐ་ཞིང་འབྱར་བ་ཡང་མ
་ཡིན་ལ། ཤིན་ཏུ་སླ་ཞིང་འཛག་ཆེས་པར་ཡང་མི་འགྱུར་བ་དེ་ལྟར་སྦྱར་བར་བྱའོ།། བུ་རམ་དག་ནི་སྲང་གཅིག་ཙམ། ཞེས་བྱ་བ་ལ། རླུང་དང་མཁྲིས་པ་དང་བད་ཀན་དང་། བདེ་བར་གནས་པའི་མས་བ་ཏང་བ་ཐམས་ཅད་ལ། བུ་མར
་སྲུང་གཅིག་གཞུག་པར་བྱ་སྟེ། ཙམ་ཞེས་སྨོས་པ་ནི། དཱི་ལས་ཡིད་ཆེས་པ་འམ། ཆུང་བ་ཡང་རུང་བའི་དོན་ནོ།། རིགས་པས་སྟོང་རྩི་རྒྱམ་ཆུ་སོགས།། ལྷག་མ། ཞེས་བྱ་བ་ལ། རྗེས་སུ་སྦྱར་བ་དང་ཀུན་ལ་ཞེས་བྱ་བ་ལ་འདིར་ཡང་སྦྱར་བར་བྱ
་སྟེ། དེ་ལ་རིགས་པ་ནི་སྦྱོར་བ་སྟེ། བྱ་བའི་ཐབས་ཡིན་ནོ།། དེ་ལྟ་བུའི་རིགས་པ་དང་ལྡན་པས་སྦྲང་རྩི་དང་རྒྱ་མ་ཚྭ་འམ། ལྕེ་མྱང་ཚྭ་ལ་སོགས་པ་ལྷག་མ་གང་ཡིན་པ་བཀྲུ་སྨན་དྲག་པོའི་ཡན་ལག་ཏུ་གྱུར་པ། ཚད་མ་བསྟན་པ་དེ་ཐམས
་ཅད་ལ་སྦྱར་ཞིང་བཏང་བར་བྱའོ།། སོགོས་པའི་སྒྲས་ནི་སྦྲང་རྩི་དང་རྒྱམ་ཚྭ་ལས་གཞན་པ་ཞོ་ག་ཆུ་དང་། ར་སྐྱོར་གྱི་རྩ་བྲ་མོ་དང་། འོ་མ་དང་བ་གཅིན་ལ་སོགས་པ་བཀྲུ་སྨན་དྲག་པོ་མས་བཏང་བའི་སྡེ་ཚན་དུ་གཏོགས་པ་གཞན་དག་ཀྱང་བསྡུའོ།།
་སྣོད་ནི་གཅིག་བླུག། བུམ་པར་ཆུ་བསྐོལ་རླིངས་པ་ཡིས།། བསྲོ་ཞིང་བཟར་བུས་དཀྲུགས་ནས་ནི།། རྒྱོལ་བུའི་ནང་བླུགས་མཇུག་མར་ནི།། གཏོང་ཚེ་ཤིན་ཏུ་ཚ་གྲང་མིན།། ཤིན་ཏུ་སྣུམ་མིན་རྩུབ་པ་མིན།། ཤིན་ཏུ་རྣོ་མིན་འཇམ་པ་མིན།
་ཤིན་ཏུ་སླ་མིན་བསྐ་བ་མིན།། ཤིན་ཏུ་མང་ཉུང་ཚད་མེད་པ་འམ། ཚྭ་ཆེ་སྐྱུར་བའང་དེ་དང་འདྲ།། ཞེས་བྱ་བ་ལ། གོང་དུ་སྨོས་པ་དེ་ཐམས་ཅད་ལ་མ་ལུས་པ་སྣོད་གཅིག་ཏུ་བླུགས་ལ། བུམ་པར་བསྐོལ་བའི་རླངས་པས་བསྲོ་ཞིང་ཚ་བར་བྱ་བ་དང་། དེ་བཞིན
་དུ་བཟར་བུའམ། སྐྱབས་ཀུན་དཀྲུགས་ཤིང་བསྐྱོས་པར་ལུག་དང་མ་ཧེ་ལ་སོགས་པའི་ལྷོང་པ་ལས་བྱས་པོའི་རྒྱལ་བུའི་ནང་དུ་བླུགས་ལ་སྨན་དེ་མས་བཏང་བའི་དོན་དུ་འཇུག་མ་ནས་གཏོང་ཞིང་འཛུད་པར་བྱེད་པའི་ཚེ། ཤིན་ཏུ་ཚ་བ་མ
་ཡིན་པ་དང་། ཤིན་ཏུ་གྲང་བ་མ་ཡིན་པ་དང་། དེ་བཞིན་དུ་ཤིན་ཏུ་རྩུབ་པ་མ་ཡིན་པ་དང་། དེ་བཞིན་དུ་བ་གཙོན་དང་ཡུངས་ཀར་ལ་སོགས་པ་ཤས་ཆེ་བ་ཤིན་ཏུ་རྣོ་བ་མ་ཡིན་པ་དང་། འོ་མ་མང་པོ་གཏོང་བས་ཤིན་ཏུ་འཇམ་པ་མ་ཡིན་པ་དང་། དེ
་བཞིན་དུ་ཤིན་ཏུ་སྐ་བ་མ་ཡིན་པ་དང་། ཤིན་ཏུ་སྨྲ་བ་མ་ཡིན་པ་དང་། དེ་བཞིན་དུ་ཤིན་ཏུ་མང་བ་མ་ཡིན་པ་དང་། ཚད་ལས་ཤིན་ཏུ་ཉུང་བ་མ་ཡིན་པ་དང་། དེ་བཞིན་དུ་ཤིན་ཏུ་ཚྭ་མེད་པའམ། ཆེ་བར་ཡང་མི་བྱ་བ་དང་། དེ་བཞིན་དུ
་རང་སྒྱུར་ལ་སོགས་པ་སྒྱུར་བ་མེད་པའམ། དེ་ཤསྣ་ཆེ་བ་འམ། དེ་དང་འདྲ་སྟེ། མི་བྱའོ་ཞེས་བྱ་བའི་དོན་ནོ།། དེ་ལས་མཁས་པ་གཞན་སྨྲས་པ། སྣུམ་དང་སྦྲང་རྩི་གཉིས་སོ་སོར།། སྲང་ནི་གསུམ་གསུམ་བྱས་ནས་སུ།། རྒྱ་མཚ་དག་ནི་ཞོ་མོ་ཉེས་དང་།།
་ན་མེད་ལ་བཏིང་པོ་སྨན་སྲང་གཉིས།། ཁུ་བའི་སྨན་ནི་ལྷག་མ་ཀུན།། སྲང་བོ་ཅུ་ཡོངས་སུ་སྦྱར་བར་བྱ།། ཞེས་བྱ་བ་ལ། མས་གཏོང་བའི་ཆོ་ག་ལ་མཁས་པའི་སྨན་པ་གཞན་དག་གིས་ནི། མས་བཏང་བའི་ཆོ་ག་གཞན་དག་འཚ
་ཅིང་སྟོན་ཏེ། ཏིལ་མར་ལ་སོགས་པའི་སྣུམ་དང་། དེ་བཞིན་དུ་སྦྲང་རྩི་དག་ནི་ཚད་སྲང་གསུམ་གསུམ་དུ་སོ་སོར་བྱ་བ་སྟེ། སྣུམ་སྲང་གསུམ་དང་དེ་བཞིན་དུ་སྦྲང་རྩི་སྲང་གསུམ་དང་། དེ་བཞིན་དུ་རྒྱུ་མཚྭ་བོད་ཞོ
་གཉིས་སྦྱར་བ་འདི་ནི་ནད་མེད་པ་སྟེ། བདེ་བར་གནས་པ་ལ་བཏང་བ་ཡིན་ནོ།། ཞེས་སྨོས་སོ།། དེ་བཞིན་དུ་སྨན་སྲང་གཉིས་དང་། ཀུ་བ་བསྐོལ་བའི་སྨེནི་ལྷག་མ་ཀུན་སྲང་བཅུར་ཡོངས་སུ་སྦྱར་བྱ་བར་བྱའོ།། དེ་ལྟར་ན་སྤྱིར་སྲེང་བཅོ་བརྒྱད་མས
་བཏང་བའི་ཚད་ཡིན་པར་འདོད་དོ།། སྦྲང་རྩི་རྒྱ་མ་ཚྭ་སྣུམ་རྣམས་དང་། སྨན་ཕྱེ་ཁུ་བའི་རིམ་པ་ནི།། མས་བཏང་རྒྱལ་པར་བཅུག་བྱས་ཏེ།། འདི་ནི་སྦྱར་བའི་ཆོ་གར་བཤད།། ཅེས་བྱ་བ་ལྀ། སྦྲང་རྩི་ལ་སོགས་པའོ་སྨན་གྱི་ཁུ་བ་རིམ་གྱིས
་བཙོས་ཤིང་སྦྱང་སྟེ། དང་པོ་སྦྲང་རྩི་སྦྱར་ཞིང་གཞུག་པར་བྱའོ།། དེ་ནས་ནི་རྒྱ་མཆིའོ།། དེ་ནས་ནི་སྣུམ་མོ།། དེ་ནས་ནི་སྨན་གྱི་ཕྱེ་མའོ།། དེ་ནས་ནི་སྨན་གྱི་ཁུ་བ་གཞུག་པར་བྱ་སྟེ། གོང་གི་ཕྱིར་བཀྲུ་སྨན་དྲག་པོ་མས་བཏིང་བའི་སྦྱོར་བ་འདི་ནི
་སྦྱོར་བའི་ཆོ་གོ་གཅིག་ཏུ་བསྲེས་པ་ཡིན་ནོ་ཞེས་དྲང་སྲོང་དག་གིས་བཤང་།། གན་རྒྱལ་བཞག་ནས་བཏང་མ་ཐག། སྔས་ཀྱིས་བསྟེན་ཏེ་མས་བཏང་ལ། ཡིད་ནི་གཞན་དུ་མཱཾ་ཡེངས་པས། ཞེས་བྱ་བ་ལ། གན་རྐྱལ་དུ་བཞག་ནས་སྔས
་ཀྱིས་བསྟེན་ཏེ། བཀྲ་སྨན་དྲག་པོ་མས་བཏང་མ་ཐག་འདས་པའི་དུས་གཞན་གང་དུ་ཡང་མ་ཡངས་པར་མས་བཏིང་བ་དྲག་པོའི་ནུས་པས་ལུས་ལ་ཁྱབ་པར་བྱ་བའི་ཕྱིར། ནི་རུ་ཧ་དེ་ལ་མ་ཡོངས་པར་བྱ་སྟེ། གང་འདི་ང་ལ་བཀྲུ
་སྨན་དྲག་པོ་མས་བཏང་བ་དེ་ཇི་ཙམ་ན་སླར་འབྱུང་བར་འགྱུར་ཞིག་གུ་ཞེས་བསམ་པར་བྱའོ།། འཁྲུ་བཙོག་པུས་བཏང་བར་བྱ། ཞེས་བྱ་བ་ལ། དེའི་རྗེས་ཐོགས་ལ་འཁྲུ་བ་འབྱུང་བར་འགྱུར་ཞིང་བཀྲུ་སྨན་དྲུག་པོས་ཕྱིར་འབྱུང་ཉེ་བར་ཕྱོག
་བར་གྱུར་ན། ཙོག་པུས་དུགས་ལ། བཀྲུ་སྨན་དྲག་པོའི་ཤུགས་བཏང་ཞིང་དོར་བར་བྱའོ།། འོང་དུས་དམ་པ་ཡུད་ཙམ་སྟེ། དེ་ལས་གཞན་དུ་འཆི་བྱེད་ཡིན། ཞེས་བྱ་བ་ལ། བཀྲུ་སྨན་དྲག་པོ་མེས་བཏང་བ་དེ་ཕྱིར་འོང་ཞིང་འབྱུང་བའི་དུས་ཀྱི་དོམ
་པའམ་མཆོག་ནི་ཡུད་ཙམ་སྟེ། ཆུ་ཚོད་གཉིས་ཀྱི་ནང་ཡིན་པ་ལས། དེ་ལས་གཞན་ཞིང་འདས་པའི་དུས་སུ་སྡོད་པར་བྱེད་ན། ནི་རུ་ཧ་ས་འཆི་བོར་འགྱུར་བར་བྱེད་པ་ཡིན་ནོ།། དེ་ལ་བཅོས་པའི་ཐབས་གྱུར་སྣུམ།། ཐལ་སྨན་པ་གཅིན་ཁུ་སྐུར
་སྦྱར། སྐྱུར་བས་སྣུམ་དྲོ་རྣོ་བ་ཡི།། མས་བཏང་གཞན་དག་བཏང་བར་བྱ།། ཡང་ན་སྨན་གྱི་རེང་བུ་དང་།། སྦྲེངས་ཤིང་དུགསཽ་ལ་སོགས་པ་བྱ།། ཞེས་བྱ་བ་ལ། བཀྲུ་སྨིན་དྲག་པོ་མས་བཏང་བ་དེ་ཕྱིར་འོང་བར་མ་གྱུར་པ་ལ་བཅོས་ཤིང་གསཙོ་བའི
་བའི་ཐོ་བས་ནི་མྱུར་ཞིང་རིངས་པར་མས་བཏང་བ་སྔ་མ་ལས་གཞན་པ་སྣུམ་པ་དྲིང་རྣོ་བ་དང་། དྲོ་བའི་མཚན་ཉིད་ཅན་དང་། དེ་བཞིན་དུ་ཐུར་དུ་འབྱིན་པར་བྱེད་པའི་སྣུམ་དང་། ཐལ་སྨན་རྣོན་པོ་དང་། བ་གཅིན་ལ་སོགས་པ་དང་སྦྱང་བ
་དག་ཀྱང་གཞུག་པར་བྱ་ཞིང་བཏང་བར་བྱའོ།། ཡང་ན་དེ་མྱུར་དུ་འཁྲུ་བའིར་བྱ་བའི་ཕྱིར་སྨན་གྱི་རེང་བུ་མྱུར་དུ་གཞུག་པར་བྱའོ།། ཇི་ལ་སྨན་གྱི་རིང་བུ་ནི་བྲོ་སོན་ཆེའི་འབྲས་བུ་ལས་བྱས་པའོ།། དེ་བཞིན་དུ་སྔངས་ཤིང་སྒེསྐྲག
་བར་བྱ་བ་དང་། དུགས་ལ་སོགས་པའི་རྣམ་པ་ཡང་མྱུར་དུ་དབྱུང་བར་བྱ་བའི་ཕྱིར་བྱའོ།། ར་ཉིད་འོང་བར་འགྱུར་ན་ནི། མས་བཏང་གཉིས་པ་བཏང་བའམ། ལན་གསུམ་ལན་བཞིའི་བར་དུ་སྟེ། ཇི་སྲིད་ལེགས་པར་གྱུར
་པར་བཏང་། ཞེས་བྱ་བ་ལ། དེ་རང་ཉིད་འོང་ཞིང་མས་བཏང་བ་གཅིག་སླར་ལོག་པར་གྱུར་ན། མས་བཏང་བ་གཉིས་པ་བྱ་བ་དང་། དེ་བཞིན་དུ་ལན་གསུམ་པའམ། ལན་བཞི་པའི་བར་དུ་ཡང་བཏང་བར་བྱའོ།། ཡང་ཇི་སྲིད་ལེགས་པར་འཁྲུ་བར
་འགྱུར་བའི་བར་བཏིང་སྟེ། གྲངས་ངེས་པར་ཆད་པ་མེད་དེ། མས་བཏང་བ་དེ་དག་ཙམ་དུ་མ་ཟད་ཀྱི་བཀྲུ་སྨན་དྲག་པོ་ལེགས་པར་འབྱུང་བའི་མཚན་ཉིད་བསྐྱེད་པར་བྱ་བའི་ཕྱིར་མང་པོ་ཡང་བཏང་བར་བྱ་བ་ཡིན་ནོ།། དེ་ཡི་སྦྱོར་བའི་སོགས་བཀྲུ་སྨིན་དང་།
་འདྲེ་བར་ཤེས་བྱ། ཞེས་བྱ་བ་ལ། བཀྲུ་སྨན་དྲག་པོས་མས་བཏང་བ་དེའི་རྗེས་ལ་བཀྲུ་སྨན་གྱི་སྦྱོར་བ་ལགས་པ་དང་། སྦྱོར་བ་ཉེས་པ་དང་། སྦྱོར་བ་དྲགས་པོ་ལ་སོགས་པའི་མཚན་ཉིད་ཇི་ལྟ་བ་བཞིན་དུ་བཀྲུ་སྨན་དྲག་པོ་མས་བཏང་བའི་སྦྱོར་བ་འདི
་ལ་ཡང་དེ་དང་འདྲ་བར་ཤེས་པར་བྱའོ།། སྦྱར་བ་ཉེས་པ་ལྔས་སྙིང་དང་ལྟོ་བ་མ་དག་པ་དང་། ཡི་གེ་འཆུས་པ་ལ་སོགས་པ་ཡིན་ལ། སྦྱོར་བ་ལོགས་པ་ལས་ཇི་སྐད་བཤད་པའི་སྐྱོན་མེད་པ་ལ་སོགས་པའོ།། སྦྱོར་བ་དྲགས་པ་ནི་བད་ཀ་ནི་དང་།
་མཁྲིས་པ་དང་། བཤང་གཅི་བསྐྱེད་པ་ལ་སོགས་པའི་མཚན་ཉིད་ཅན་ནོ།། སྦྱོར་ལེགས་ན། ཆུ་དྲོན་འཇམ་པོས་བཀྲུས་ནས་ནི།། ཤཽ་ཁུ་མས་ཆན་ཉུང་ཟད་སྦྱིན་ཞེས་བྱ་བ་ལ་ཡང་དག་པའི་སྦྱོར་བ་འམ། སྦྱོར་བ་ལེགས་པར་གྱུར་ན། སྐྱེས
་བུ་དེ་ཆུ་ཅུང་ཟད་དྲོ་བས་བཀྲུས་ལ་སྐམ་སའི་ཤའི་ཁུ་བ་དང་འབྲས་ཆན་ཉུང་ཟད་ཅིག་སྦྱིན་པར་བྱའོ།། མས་བཏང་དྲུག་པོའི་ནད་རྣམས་ཀྱིས།། དྲི་མ་བསྐྱོད་པར་བྱུང་གྱུར་པ། དེ་ནི་ཆུ་དྲོན་གྱིས་བཀྲུ་དང་།། ཁ་ཟས་ཚུལ་བཞིན་ཟོས་པས་འབྱུང་།། ཞེས་བྱ་བ
་ལ། སྐྱེས་བུ་བཀྲུ་སྨ་དྲག་པོ་མས་བཏང་བའི་ནད་རྣམས་ཀྱི་དྲི་མས་བསྐྱོད་ཅིང་འབྱུང་བར་བྱའོ།། ནད་དེ་ཆུ་དྲོན་པོ་འཇམ་པོས་བཀྲུ་བ་དང་། དེ་བཞིན་དུ་ཁ་ཟས་ཚུལ་བཞིན་དུ་ཟོས་པས་བྱང་ཞིང་དག་པར་འགྱུར་རོ།། གལ་ཏེ་རླུང་གིས་ཉམ་ཐོག
་ན། སློར་ཡང་འཕྲལ་དུ་འཇམ་རྩི་བཏང་།། ཞེས་བྱ་བ་ལ། གལ་ཏེ་རླུང་གི་ནད་ཀྱིས་ཉམ་ཐག་ཅིང་གནོད་པར་འགྱུར་ན། སླར་ཡང་འཕྲལ་དུ་དུས་དེའི་ཚེ་ཉིད་འཇམ་རྩི་བཏང་བར་བྱ་སྟེ། སྣུམ་ཛ་ལྟ་བ་བཞིན་དུ་གསོ་ཞིང་བཅོས་པ་ཉིད་དུ་བྱའོ།།
་དེ་ཡི་ལེགས་དང་མ་ལེགས་དང་།། དྲག་པ་སྣུམ་འོཐུངས་འདྲར་ཤེས་བྱ།། ཞེས་བྱ་བ་ལ། འཇམ་རྩིའི་སྦྱོར་བ་ལེགས་པ་དང་། མ་ལེགས་པ་དང་། དྲག་པ་རྣམ་པ་གསུམ། སྣོམ་འཐུངས་པ་དང་། ཚུལ་འདྲེ་བར་འགྱུར་ཏེ། དེ་ཡང་། འདི
་ལྟར་རླུང་ནི་བདེ་རྒྱུ་མེ་དྲོད་འབར།། བཤང་བ་སྣུམ་ཞིང་མི་སྲི་ལ།། སྣོམ་མི་འ་དོད་ཅིང་སྙོམ་གྱུར་པ།། སྣུམ་ལེགས་ཡིན་ཏེ་རྩུབ་གོ་བཟློག། སྣུམ་དྲགས་པ་ཡིས་སྐྱ་བ་དང་།། སྣ་དང་ཁ་རྐུ་བ་ལས་འཛག་འགྱུར།། ཞེས་བྱ་བ་འདི། འདི
་དག་གི་སྦྱོར་བ་ལེགས་པ་དང་། མ་ལེགས་པ་དང་། དྲག་པར་གྱུར་པ་ཡིན་ནོ།། གང་ཞིག་དུས་ཅུང་ཟད་གནས།། བཤང་དང་བཅས་པར་འབྱུང་འགྱུར་ཞིང་།། མཐུར་དུ་དབུགས་དང་སྣུམ་ལྷན་ཅིག། འབྱུང་འགྱུར་འཛོམ་རྩི་ལེགས
་པ་ཡིན།། ཞེས་བྱ་བ་ལ། སྣུམ་གང་ཞིག་དུས་ཅུང་ཟད་ཅིག་གནས་ནས་བཤང་བ་དང་བཅས་པར་ལྷན་ཅིག་འབྱུང་བར་འགྱུར་ཞིང་དེ་བཞིན་དུ་དབུགས་ཀྱི་རྒྱུ་བ་ལེགས་པར་འབྱུང་བར་འགྱུར་ན། འཇམ་རྩི་རེའི་སྦྱོར་བ
་ལེགས་པ་ཡིན་ནོ།། བད་ཀན་ལ་ནི་མས་བཏིང་བའི།། སྣུམ་གྱི་འཇམ་རྩི་གཅིག་གམ་གསུམ་བཏང་བྱ།། མཁྲིས་པ་ལ་ནི་ལྔ་འམ་བདུན།། རླུང་ལེ་དགུ་འམ་བཅུ་གཅིག་བཏང་།། ཞེས་བྱ་བ་ལ། བད་ཀན་གྱི་ནད་ལ་ནི་མས་བཏང་བའི་སྣ་མ་གྱི
་འཇམ་རྩི་གཅིག་གམ་གསུམ་ཞིག་བཏང་བར་བྱའོ།། མཁྲིས་པའི་ནད་ལ་ནི་འཇམ་རྩི་ལྔ་འམ། བདུན་བཏང་བར་བྱའོ།། རླུང་ལས་གྱུར་པའི་ནད་ལ་ནི་དགུ་འམ་བཅུ་གཅིག་བཏང་བར་བྱའོ།། སླར་ཡང་དེ་ལས་ཟུང་མིན་པ།། མས་བཏེང་རྗེས་ལ
་བྱ་བ་ཡིན།། ཞེས་བྱ་བ་ལ། བད་ཀན་ཤས་ཆེ་བའི་ནད་ལ། གཅིག་གམ་གསུམ་བཏང་བས་སྦྱོར་བ་ལེགས་པའི་མཚན་ཉིད་མ་བྱུང་ན་ཡང་མས་བཏང་བ་དེའི་རྗེས་ལ་བྱ་ལ། དེ་ཡང་ཟུང་མ་ཐེམ་པར་བྱ་སྟེ། གཅིག་དང་གསུམ་དང་ལྔ་དང
་བདུན་དང་དགུ་དང་། བཅུ་གཅིག་ལ་སོགས་པ་ནི་ཟུང་མ་ཡིན་ནོ།། གཉིས་དང་བཞི་དང་དྲུག་དང་བརྒྱད་ལ་སོགས་པ་ནི་ཟུང་སྟེ། ཟུང་མ་ཡིན་པ་ཞེས་བྱ་བ་ཐམས་ཅད་ལོ་སྦྱར་བར་བྱའོ།། དེ་ལྟར་འཛུམ་རྩི་བཏང་བའི་རྗེས་ལ་སྦྱོར་བ་ལེགས
་པར་གྱུར་ན་ཡང་མས་བཏང་བའི་ཆོ་ག་བྱའོ།། པད་མཁྲིས་རླུང་ལ་རིམ་བཞིན་ཟས།། ཡུ་ཤ་ཥོ་མ་ཤ་ཁུ་བཏང་།། ཞེས་བྱ་བ་ལ། བང་ཀན་གྱི་ནད་དང་ལྡན་ལ་ནི།། དེ་ཟས་ཡུ་ཤ་སྟེ་སྲན་མུ་ངྒའི་ཁུ་བ་ལས་གཡོས་སུ་བྱས་པ་དང་།
་ལྷན་ཅིག་བཏང་བར་བྱའོ།། མཁྲིས་པའི་ནད་ཡོད་པ་ལ་ནི་ཟས་འོ་མ་དང་ལྷན་ཅིག་གཏང་བར་བྱའོ།། རླུང་གི་ནད་ཡོད་པ་ལ་ནི་ཟས་ཤ་ཁུ་དང་ལྷན་ཅིག་བཏང་བར་བྱའོ།། རླུང་འཇོམས་སྨན་ནི་ལེགས་བསྐོལ་བ།། དུར་བྱིང་རྒྱ་མཚར
་བཅས་པར་བྱ། སྣུམ་མངར་སྦྱར་ཤ་ཁུ་དྲོ་སྦྱར།། མས་བཏང་གཅིག་ནི་རླུང་ལ་ཕན།། ཞེས་བྱ་བ་ལ། རླུང་ལ་ནི་མས་བཏང་བ་གཅིག་ཏུ་བཤད།། དེ་ཡང་རླུང་འཇོམས་པའི་སྨན་ནི་བི་ད་རི་ལ་སོགས་པ་ལེགས་པར་བསྐོལ་བ~ཾ་ལས་བྱས་པ
་དུར་བྱིང་དང་། རྒྱ་མ་ཚྭ་གཉིས་ཀྱི་ལྡེ་གུ་དེ་ང་བཅས་ཤིང་སྦྱར་བ་དང་། དེ་གཞན་དུ་ཏིལ་མཽར་ལ་སོགས་པའི་སྣམ་དང་ལྡན་པ་དང་། དེ་བཞིན་དུ་སྨན་རོ་མིངར་བ་དང་སྐྱུར་བ་དང་ལྡན་པ་དང་། དེ་བཞིན་དུ་ཤ་ཁུ་དྲོན་པོ་དང་སྦྱར་བའི་མས
་བཏང་བ་ནི་རླུང་སོལ་བར་བྱེད་པ་ཡིན་ནོ།། ནྱ་གྲོ་དྷ་སོགས་སྡེ་ཚན་བསྐོལ། ཤུག་སོགས་ཁ་རཱ་དཀར་དང་སྤྱི་ར།། མདོར་བའི་བུ་རམ་ཤིང་ཁུ་མར།། འོ་མ་སྦྲང་རྩི་བཅས་མཁྲིས་སེལ།། ཞེས་བྱ་བ་ལ། མཁྲིས་པ་འི་ནང་ལ་ནི
་མས་བཏང་བ་གཉིས་ཏེ། ནྱ་གྲོ་དྷ་ལ་སོགས་པའི་སྡེ་ཚན་བསྐོལ་བ་དང་། ཤུག་པ་ལ་སོགས་པའི་སྡེ་ཚན་ཁ་ར་དཀར་པོའི་ལྡེ་གུ་དང་བཅས་པ་ལ་དེ་བཞིན་དུ་མངར་བ་དང་བསིལ་བ་དང་། བུ་རམ་ཤིང་གི་ཁུ་བ་དང་མར་དང་། འོ་མ
་དང་སྦྲང་རྩི་དང་བཅས་པ་རྣམས་ཀྱིས་མཁྲིས་པ་སེལ་བར་བྱེད་པ་ཡིན་ནོ།། དོང་ཁ་ལ་སོགས་བསྐོལ་བེ་དང་།། དུག་མོ་ཉུང་སོགས་བཅས་པ་གསུམ།། རྩུབ་དང་སྦྲང་རྩི་བ་གཅིན་བཅས།། རྣོ་ཞིང་དྲོ་ཁ་བད་ཀན་སེལ།། ཞེས་བྱ་བ་ལ།
་བང་ཀན་གྱི་སྐབས་སུ་མས་བཏང་བ་གསུམ་ཡོད་དེ། དོང་ག་བསྐོལ་བའི་དུག་མོ་ལ་ཉུང་ལ་སོགས་པའི་ལྡེ་གུ་དང་བཅས་པ་གསུམ་ལ་དེ་བཞིན་དུ་རྩུབ་དང་སྦྲང་རྩི་དང་བ་གཅིན་དང་བཅས་པ་རྣོ་བ་དང་། དྲོ་བ་དང་ཁ
་བའི་སྨན་རྣམས་སོ།། གསུམ་པ་འདུས་པའི་ནང་ལ་སྤང་། གང་ཕྱིར་རིམ་བཞིན་སེལ་བ་ཡིན་ཞེས་བྱ་བ་ལ། འདུས་པའི་ནད་ལ་ནི་མས་བཏང་བ་གསུམ་ཉིད་དུ་བཤད་དེ། སྔར་བཤད་པའི་རླུང་དང་མཁྲིས་པ་དང་བད་ཀུན་སེལ་བའི་གསུམ་པོ
་ཉིད་ཡིན་པར་བསྟན་ཏོ།། དེ་ཡང་གང་གི་ཕྱིར་མེས་བཏང་བ་རྣམས་ཀྱི་རླུང་དང་མཁྲིས་པ་དང་བད་ཀནྡ་རྀམ་བཞིན་དུ་སེལ་ཞིང་འཇོམས་ཏེ། དེ་ལ་མས་བཏང་བ་གཅིག་བཏང་བས་ནི་རླུང་སེལ་ལ། གཉིས་པས་ནི་མཁྲིས་པའོ།། གསུམ་པས་ནི་བང
་ཀན་ནོ།། གསུམ་པོ་དེ་ལས་གཞན་པ་ཡིན།། མས་བཏང་གསོ་ཤེས་གཞན་མི་འདོང་།། གང་ཕྱིར་སླར་ཡང་སྦྱིན་བྱ་ཡི།། ཉེས་པ་བཞི་པོ་ཡོད་མ་ཡིན།། ཞེས་བྱ་བ་ལ་མས་བཏང་བ་གསུམ་པོ་དེ་དག་ལས་གཞན་པའི་མས་བཏང་བ་བཞི་པར་ནི
་གསོ་བ་ཤེས་ཤིང་སྨན་དཔྱད་ཀྱི་ལུང་ལས་མཁས་པའི་སྲོག་འཚོ་བའི་སློབ་དཔོན་གཞན་དག་མི་འདོད་ཅིང་ཁས་ལེན་པར་མི་བྱེད་དེ། གང་གི་ཕྱིར་སྔར་བཤད་པའི་ནད་དམིགས་གསུམ་ལ་མས་བཏང་བ་གྲངས་ཇི་ལྟ་བ་བཞིན་དུ་ཡིན་པ་ལས།
་སླར་ཡང་གང་ཞིག་གསོ་བར་བྱ་བའི་ཕྱིར་སྦྱིན་པའི་ཉེས་པའམ། ནད་བཞི་པ་ཡོད་པ་མ་ཡིན་པའི་ཕྱིར་རོ།། ནད་བསྐྱོད་པ་དགེ་བར་བྱེད་པ་དང་། ཞི་བར་བྱ་བའི་རིམ་པ་ཡིས།། མས་བཏང་གསུམ་པོ་ཉིད་བརྟག་ཅེས། དེ་སྐད་གཞན་ངག་སྨྲ་བ
་ཡིན། ཞེས་བྱ་བ་ལ། སྨན་པ་གཞན་དག་ནི་མས་བཏང་བ་གསུམ་པོ་ཉིད་དུ་བརྟག་པར་བྱའོ།། ཞེས་དེ་སྐུད་སྨྲ་བ་ཡིན་ཏེ། མས་བཏང་བ་གཅིག་ནི་ནད་རྣམས་བསྐྱོད་པ་ལ་བརྟག་ཅིང་སྦྱར་བར་བྱའོ།། གཉིས་པ་ནི་ནང་རྣམས་དག་པར་བྱེད
་པ་ཡིན་ནོ།། གསུམ་པོ་ནི་ནད་རྣམས་ཞི་བར་བྱེད་པ་ཡིན་ནོ།། དེ་ལྟར་ནད་སྐྱོད་ཅིང་བསྡུ་བ་དང་། ནད་སྦྱོང་ཞིང་དག་པར་བྱེད་པ་དང་། ནད་རྣམས་ཞི་བར་བྱེད་པས་ན་ཞི་བ་སྟེ། དེ་ལྟར་གོ་སུམ་ཡིན་ནོ་ཞེས་ཟེར་རོ།། ནད་དང་སྨན་སོགས་སྟོབས
་ལས་ནི།། འདི་དག་ཐམས་ཅད་ཚད་མས་གཞོལ། ཞེས་བྱ་བ་ལ། སློང་དཔོན་འདི་དག་གིས་བཤད་པ་མས་བཏང་བ་གཞན་དང་གཞན་དུ་བཤད་པའི་ཚུལ་གང་ཡིན་པ་དེ་ཐམས་ཅད་ཚད་མས་གཞལ་བ་ཡིན་གྱི། སློབ་དཔོན་པ་ལ་ལ་ནི་གཞུང
་ཚད་མ་མ་ཡིན་ལ། ལ་ལའི་གཞུང་ནི་ཚད་མ་མེད་པ་ནི་མ་ཡིན་ཏེ། གཞན་དུ་ན་ཐམས་ཅད་ཚད་མས་གཞལ་བ་ཡིན་ནོ།། ཇི་ལྟར་ཞེ་ན། ནདེ་དང་ནད་སྨན་སོགས་ལས་ནི། ཞེས་བྱ་བ་སྟེ། ནད་ཀྱི་སྟབས་ལ་སྨན་གྱི་སྟོབས་ལས་དཔགས
་བཔ་ཡིན་ཏེ། སོགས་པའི་སྒྲས་ནི་ཡུལ་དང་དུས་དང་ལུས་ཀྱི་སྟོབས་དང་ལུས་ཚད་དང་ཁ་ཟས་དང་གོམས་པ་དང་སྙིང་སྟོབས་དང་། རང་བཞིན་གྱི་སྟོབས་ཀྱི་ནུས་པ་ལས་དཔགོས་པས་ཡིན་ཏེ། གཞུང་འདི་ནི་ཀུན་ལ་ཁ་བསྐང་དགོས
་པའི་ལྷག་ཡིན་པར་ཤེས་པར་བྱའོ།། ཡང་གསོ་བ་ཤེས་པའི་སློབ་དཔོན་མས་བཏང་བ་གཞན་དུ་འདོད་པ་དེ་ཐམས་ཅད་ཀྱི་གཞུང་ཡང་འདི་ཉིད་ཡིན་གྱིས་ལ་ལ་ཙམ་གྱིས་མ་ཡིན་ནོ།། བཀྲུ་སྨན་དྲག་བཏང་ལེགས་མཚན་མ།། མ་མཐོང
་བར་དུ་འགྲོ་མི་བཅང་། ཅེས་བྱ་བ་ལ། ཇི་སྲིད་བཀྲུ་སྨན་དྲུག་པོ་བཏུང་བའི་མཚན་མ་ལེགས་པར་མ་མཐོང་ཞིང་། མ་བྱུང་བ་དེ་དཔྱིད་ཀྱི་བར་དུ། ནི་རུ་ཧུ་བཏང་བའི་འཕྲོ་བཅང་པར་མི་བྱ་སྟེ། དེ་ན་ཇི་སྲིད་མཚན་མ་ལེགས
་པ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བཀྲུ་སྨན་དྲག་པོ་བཏང་བར་བྱའོ།། ཞེས་སྟོན་པ་ཡིན་ནོ།། འདི་དག་ནི་ཉེ་བར་མཚོན་པ་ཙམ་སྟེ། འཇམ་རྩི་བཏོང་བའི་ཚེ་ན་ཡང་། ཇི་སྲིད་འཇམ་རྩི་ལེགས་པར་གྱུར་པའི་མཚན་མ་བྱུང་བ་དེ་སྲིད་ཀྱི
་བར་དུ་མས་བཏང་བ་འཕྲོ་མི་བཅད་ཀྱི། དེ་བྱུང་གི་བར་དུ་འཇམ་རྩི་བཏང་བར་བྱའོ།། གང་ཉེ་བར་མཚོན་པ་ཙམ་དུ་བཞག་པ་འདི་འཇམ་རྩི་ལ་ཡང་བའི་ཕྱིར། གཞུང་རྩོམ་པར་བྱེད་བས་འདིར་ཡན་ལག་བརྒྱད་པ་བསྡུས་པ་ལས་འདི
་སྐད་སྨྲས་པ་ཡིན་ཏེ། དང་པོར་སྣུམ་གཅིག་ཐ་མར་ལྔ།། བཀྲུ་སྨན་དྲག་པོ་བཅུ་གཉིས་ཏེ།། འཇམ་རྩི་བཅས་པ་མས་བཏང་བའི།། ལས་ནི་སུམ་ཅུར་བཤད་པ་ཡིན།། ཞེས་བྱ་བ་ལ། བཀྲུ་སྨན་དྲག་པོ་མས་བཏོང་བ་གཉིས་པ་དང་བཞི
་པ་དང་དྲུག་པ་དང་བརྒྱད་པ་དང་། བཅུ་པ་དང་། བཅུ་གཉིས་པ་དང་། བཅུ་བཞི་པ་དང་། བཅུ་དྲུག་པ་དང་། བཅོ་བརྒྱད་པ་དང་། ཉི་ཤུ་པ་དང་། ཉི་ཤུ་རྩ་གཉིས་དང་། ཉི་ཤུ་རྩ་བཞི་པ་ཞེས། བྱ་བ་དང་དེ་བཞིན་དུ་བཀྲུ་སྨན་དྲག
་བོཔོ་མེས་བཏང་བ་བཅུ་གཉིས་ཏེ། གསུམ་པ་དང་། ལྔ་པ་དང་། བདུན་པ་དང་། དགུ་པ་དང་། བཅུ་གཅིག་པ་དང་། བཅུ་གསུམ་པ་དང་། བཅོ་ལྔ་པ་དང་། བཅུ་བདུན་པ་དང་། བཅུ་དགུ་པ་དང་། ཉི་ཤུ་རྩ་གཅིག་པོ་དང་།
་ནྱ་གསུམ་པ་དང་། !ཤཱ་ཎྜ་ལྔ་པ་ཞེས་བྱ་བ་དང་། འདུ་ར་བཟླས་བྱ་ནས་བ་བྷ་སྟེ། ཆོག་འདུན་མས་བཏང་བྱར་ལམྦྷ་སམ་ནྱུ་བཤད་པ་ཡིན་ནོ།། དྷས་ནི་བཅོ་ལྔ་འདྲི་གཅིག་ན། བག་མའི་སྣུམ་ནི་ཐ་མར་གསུམ།། དྲུག་དང
་མས་བཏང་ལྔ་པར་བཤད།། ཅེས་བྱེ་བ་ལ། མས་བཏང་བའི་དུས་ནི་བཅོ་ལྔ་སྟེ། ཇི་ལཱ~ཾ་ཞེ་ན། ཐོག་མར་དེ་དང་པོ་སྣུས་གྱི་ལེན་ཅིག་དང་། མཐའ་མ་སྣུམ་གྱི་ལན་གསུམ་སྟེ། བཅུ་གསུམ་པ་དང་། བཅུ་བཞི་པ་དང་། བཅོ་ལྔ་པ་དང་།
་དེ་བཞིན་དུ་སྣུམ་དྲུག་སྟེ། གཉིས་པོ་དང་། བཞི་པ་དང་། དྲུག་པ་དང་། བརྒྱད་པ་དང་། བཅུ་པ་དང་། བཅུ་གཉིས་པ་ཞེས་བྱ་བ་དང་། ཇི་ལྟ་བུ་ཞེ་ན། མས་བཏང་བའི་འཇམ་རྩི་ལྔ་སྟེ། གསུམ་པ་དང་། ལྔ་པ་དང་། བདུན་པ
་དང་། དགུ་བ་དང་། བཅུ་གཅིག་པ་ཞེས་བྱ་བས་བར་དུ་བཅད་ཅིང་ཆོད་པའི་བཀྲུ་སྨན་དྲག་པོ་མས་བཏང་བ་སྟེ། དེ་ལྟར་ན་མོས་བཏང་བའི་དུས་བཅོ་ལྔ་ཡིན་ནོ།། མས་བཏང་སྦྱོར་འདིར་བརྒྱད་ཡིན་ཏེ། ནི་རུ་ཧ་དང་སྣུམ་གསུམ་དང་། ཐོག
་མ་ཐ་མ་གཉིས་གའོ།། ཞེས་བྱ་བ་ལ། མས་བཏང་བའི་སྦྱོར་བ་འདིར་བརྒྱད་ཡིན་ཏེ། སྦྱོར་བ་འདི་ལ་ཐོག་མཱ་དང་ཐ་མ་གཉིས་ཀ་སྟེ། དང་པོ་དང་བརྒྱད་པ་ཞེས་བྱ་བའི་སྣུམ་གྱི་ལས་དང་། ནཱི་རུ་ཧ་གསུམ་སྟེ། གཉིས་པ་དང་། བཞི་པ་དང
་དྲུག་པ་དང་། སྣུམ་གསུམོ་སྟེ། གསུམ་པ་དང་། སྔོ་བ་དང་། བདུན་པ་ཞེས་བྱ་བ་སྟེ། དེ་ལྟར་ན་སྤྱིར་བརྒྱད་ནི་སྦྱོར་བ་ཡིན་ནོ།། འཇམ་རྩིའམ་བགྲོ་སྨན་མིས་བཏང་དྲག། གཅིག་ཏུ་ལྷག་པར་བསྟེན་མི་བྱ།། འཇམ་རྩིན
་གློངས་མེ་དྲོང་འཇོམས།། ནི་རུ་ཧས་རླུང་བསྐྱེང་འཇིགས་ཡོད།། དེ་བུས་སྣུམ་རྗེས་བཀྲུས་དྲག་བཏང་།། ཁྲུས་དྲག་བཏུད་ནས་འཇམ་རྩི་བྱ།། དེ་ལྟར་རིག་པས་སྣུམ་སྦྱང་བྱས།། མས་བཏང་ལས་ནི་ཉེས་གསུམ་སེལ།།
་ཞེས་བྱ་བ་ལ། དེ་ལྟར་ན་ནི་རུ་ཧ་སྟེ་བཀྲུ་སྨན་དྲག་པོ་མས་བཏང་བའི་ཐོག་མར་འཇམ་རྫི་བྱཱ་ལ། དེའི་འོག་ཏུ་བཀྲུ་སྤྱན་དྲག་པོ་མས་བཏང་བར་ཐོག་མར་འཇམ་རྩི་བྱ་ལཾ། ངོའི་འོག་ཏུ་འཛུམ་རྩིའི་རྒྱུན་མི་འཆད་པར། ནི་རུ་ཧི་ཅིག་ཏུ་བསྟེན
་པར་མི་བྱ་ཞིང་། འཇམ་རྩི་འབའ་ཞིག་རྒྱུན་མི་འཆད་པར་ཧ་ཅང་དྲགས་པར་བཏང་བར་མཽ་བྱ་ཞིང་། བསྟེན་པར་མི་བྱ་སྟེ། གང་གི་ཕྱིར་འཇམ་རྩི་རྒྱུན་ཏུ་བསྟེན་དྲགས་པོས་ནི། ནང་རྣམས་གློངས་པས་ནི་ཁམས་འཁྲུགས་པར་གྱུར་པ་དང་། དེ་བཞིན
་དུ་མོའི་དྲོད་འཇོམས་པའི་ཕོ་བའི་མེ་དྲོད་ཀྱིས་ཟས་འཇུ་མྱི་ནུས་པར་འགྱུར་རོ།། དེ་བཞིན་དུ་ནི་རུ་ཏཾ་བསྟེན་དྲགོས་པས་རླུང་ནུད་སྐྱེང་པར་བྱེད་དོ།། རླུང་གི་ནད་ལྡང་བའི་འཇིགས་པ་ཡོད་དོ།། ཞེས་བྱ་བའི་དོན་ཏོ།། དེ་བས་ན་བཀྲུ་སྨན་དྲུག་ཧཱུ~ཾ
་མེས་བཏང་བར་བྱ་བའི་སྐྱེས་བུ་ལྔ་ནི། འཇམ་རྩི་གསུམ་གྱི་སྦྱོར་བ་མས་བཏང་བར་བྱ་ལ། གང་འཇམ་རྩི་བྱ་བ་དེ་ལ་ནི་བཀྲུ་སྨན་དྲག་པོ་མས་བཏང་བར་བྱ་དགོས་ཏེ། ནང་གློངས་པ་དང་མེ་དྲོང་འཇོམས་པ་དེས་བསལ་བར་བྱ་བའི་ཕྱིར
་རོ།། དེ་ལྟར་ན་རིགས་པ་འདིའི་རིམ་པས་སྣུམ་གྱི་མས་བཏང་བ་བྱས་པ་དང་། དེའི་འོག་ཏུ་ནི་རུ་ཧ་བྱ་ལ། དེ་ལྟོ་བུའི་སྦྱང་བ་བྱས་ནས། མས་བཏང་བའི་ལོས་ངེས་ནང་གཞི་གསུམ་གྱི་ཉེས་པ་སེལ་བར་འགྱུར་རོ།། སྣུམཽ་གྱི་ཚ་ནི
་ཆུང་ངུ་ཡི།། ཆད་དང་དེ་ནི་མཉམ་པ་ཡི།། སྣུམ་ཟད་འཇམ་རྩིའི་ཆ་དུ་བཤད།། དེ་ནི་བྱིས་རྒན་ལམ་དང་ཁུར།། བུད་མེད་རྩོལ་ཞེན་པས་དུབ་དང་།། རླུང་ནད་ཀྱིས་ཞུམ་མེ་དྲོད་ཆུང་།། རྒྱལ་པོ་ཕྱུག་པོ་ལ་བདེ་བ།། ཡིན་པས་རྟག་ཏུ་བསྟེན་པར་བྱ།། ནད་འཇོམས་སྤང་བ་མེད
་བ་དང་།། སྟོབས་བསྐྱེད་བཤང་བ་བདེ་བར་འགྱུར།། ཞེས་བྱ་བ་ལ་སྣུ་མ~ཾ་ལས་ཞུན་མར་འབའ་ཞིག་བཏུང་བའི་ཚང་ཆུང་ངུ་ཐུན་གཉིས་ཀྱིས་འཇུ་བར་འགྱུར་བའི་མཚན་ཉིད་ཅན་གྱི་ཚང་དེ་དང་མཉམ་པར་བྱས་པའི་སྣམ་གྱི་ཚད། འཇམ
་རྩིའི་ཚད་དུ་བཤད་དོ།། དེ་ནི་འཇམ་རྫིའི་ཆུང་ཆེད་ཅེས་བྱ་བ་ལ་ཚོད་དེ་ནི་བྱིས་པ་དང་རྒན་པོ་ལ་སོགས་པ་སཾ་དུས་རྟག་ཏུ་རྒྱུན་མི་འཆད་པར་བསྟེན་ཅིང་གོམས་པར་བྱའོ།། དེ་བསྟེན་ཅིང་གོམས་པོར་བྱེད་པ་ནི་ནང་མེད་པར་བྱེད་པ
་དང་། བདེ་བར་ཡིན་པས་བྱིས་པ་ལ་སོགས་པ་ལ་ཡོ་ང་བཏང་དུ་རུང་བས་གོམས་པར་སྤྱད་པར་བྱའོ།། དེ་བཞིན་དུ་ནང་འཇོམས་པ་སྟེ། རླུང་དང་མཁྲིས་པ་དང་བད་ཀནཽ་ཡང་འཇོམས་ཤིང་སེལ་བར་བྱེད་དོ།། དེ་བཞིན་དུ་ཡང་འདི་ནི་སྤང
་བ་མེད་པ་ཡིན་ཏེ། ཁ་ལག་ཆུ་དྲོན་གྱིས་བཀྲུ་ཞིང་ཞེས་བྱ་བ་ལ་སོགས་པའི་གཞུང་གིསོ་སྔར་བཤད་པའི་གང་མ་བག་མི་དགོས་པ་ཡིན་ལ། དེ་ཉིད་ཀྱིས་ན་བྱིས་པ་ལ་སོགས་པ་བདེ་བའི་བདག་ཉིད་ཅན་ནོ།། དེ་བཞིན་དུ་སྟོབས་སྐྱེད་པ
་ཡིན་ཏེ། ནུས་པ་བསྐྱེད་པ་ཡིན་ནོ།། དེ་བཞིན་དུ་བཤད་པོ་བདེ་བར་འབྱུང་བར་བྱེད་པ་ཡིན་ཏེ། གང་ཞིག་བཏང་བས་བཤང་བ་བདེ་བླུག་དུ་འབྱུང་བར་བྱེད་པ་དེ་སྐད་ཅེས་བྱའོ།། མུས་བཏང་བུད་མེད་རོ་སྐད་ཀྱི།། མངལ་དང་མོ་མཚན་ནོད་རྣམས
་ལ། བཀྲུས་དྲགསོ་གསུམ་གྱིས་ངག་པར་ནི།། མས་བཏང་གོང་ནས་བཏང་བར་བྱ།། ཞེས་བྱ་བ་ལ། འདིར་མས་བཏང་བ་ནི་ལུས་ཀྱི་ཡན་ལག་གི་ཕྱོགས་གཅིག་འབབ་པའི་ཕྱོགས་ནས་བཏང་བ་སྟེ། དེ་ནི་གཅིན་སྲི་བ་ལ་སོགས
་པའི་ནང་གང་དག་ཡོད་པའི་སྐྱེས་པ་དང་། བུད་མེད་དང་མ་ནིང་གི་མཚན་ནས་མས་བཏང་བ་གོང་མ་བཏང་བར་བྱའོ།། དེ་དག་ཐམས་ཅད་ཀྱང་ལན་གཉིས་སམ་ལན་གསུམ་དུ་བཀྲུ་སྨན་དྲག་པོ་མས་བཏང
་བས་ངག་ཅིང་སྐྱོན་བསལ་བ་ལ། མས་བཏང་བ་གོང་མ་བཏང་བར་བྱའོ།། དེ་ཡི་གཅེའུ་ནང་པ་ཡི།། སོར་ཚད་བཅུ་གཉིས་ཚང་དུ་བྱ།། སྣུམ་ཞིང་བ་ལང་འཇུག་མ་འདྲ།། རྩ་བ་དབུས་སུ་གྲག་པ་གདགས།། རྩེ་མོ་ཡུངས་ཀཪྵ་ཤོང
་བ་ཙམ།། འཇམ་པ་གསེར་ལ་སོགས་པས་བྱས།། ཀུན་ང་སྲི་ཞིང་སོ་མ་ནི།། མེ་ཏོག་རྩེ་མོ་ལྟར་ཟུམ་སྲ།། ཞེས་བྱ་བ་ལ། དེའི་ཞེས་བྱ་བ་ནི། འདིས་མ་ཐག་པའི་མས་བཏང་བ་གོང་མ་ལ་སྙེགས་ཏེ། དེའི་གཅེའུ་ནི་ནད་པ་གང་ཡིན་པའི་སོར
་ཚད་ཀྱིས་གཞལ་ལ། དེ་ཡང་སོར་བཅུ་གཉིས་སུ་བྱའོ།། དེ་བཞིན་དུ་དེ་ཟླུམ་པ་དང་། བ་ལང་གི་འཇུག་མ་ལྟར་རྩེ་མོ་རིམས་ཀྱིས་ཕྲ་བ་དང་། དེ་བཞིན་དུ་རྩ་བ་དང་། དབུས་ཏེ་བར་དུ་གག་པ་གདགས་པར་བྱ་སྟེ། འདིར་གག་པ་གཅིག
་ནི་དབུས་སུ་བྱ།། དེ་ཡང་ཚང་ནང་དུ་ནུབ་པའི་ཚད་ལྀས་ཐལ་བར་གག་བྱེད་ནུས་པ་ཙམ་ལ། གཉིས་པ་རྩ་བར་གནས་པར་བྱ་བ་ནི་རྐྱལ་བུ་ལ་གདགས་པ་ལ་དགོས་པ་ཡིན་ནོ།། ཡང་དེ་བཞིན་དུ་དེའི་རྩེ་མོ་འི་བུ་གའི་ཚད་ཡུངས
་ཀར་ཤོང་པོ་ཙམ་ལ་བྱའོ།། འཇམ་པི་ནི་རྩུབ་བག་མེད་པའོ།། གསེར་ལ་སོགས་པ་ལས་བྱས་པ་ནི་མས་བཏང་བ་དག་གི་ཚེ་རྒྱུ་དང་མཚུངས་པར་བྱའོ།། དེ་བཞིན་དུ་མེ་ཏོག་ཀུནྡ་ལ་སོགས་པའི་རྩེ་མོ་ཁ་མ་ཕྱེ་བ་ལྟར་བྱིན་གྱིས་ཕྲི་ཞིང་ཟླུམ
་བའོ།། གང་ལ་མེ་ཏོག་དང་འབྲས་བུ་ཆགས་པའི་དེའི་རྩ་བ་ཕྲ་མོ་སྟེ་དེ་ལ་བྱའོ།། དེའི་རྒྱལ་བུ་འཇམྦྷ་ཞིང་ཡང་། ཞེས་བྱ་བ་ལ། མས་བཏང་བ་གོང་མ་དེའི་རྒྱལ་བུ་ནི། ར་སྐྱེས་ལ་སོགས་པའི་ལྒང་པ་འཇམ་ཞིང་མཉེན་ལ་ཡང་ཞིང་ཆུང
་དུ་གདགས་པར་བྱའོ།། ཆད་སྲེང་ཕྱུང་ངམ་རག་རིགས་བྱ། ཞེས་བྱ་བ་ལ། འཇམ་རྩི་གོང་མ་དོའི་ཚད་ནི་སྣུམ་གཏོང་བ་ན་སྲིང་ཕྱེད་བྱ་བ་འམ། གར་རིགས་པར་བྱ་བ་སྟེ། ནང་ལ་སོགས་པའི་ཚད་ལས་དཔགས་ནས་ཇི་ལྟར་འོས་པར་བྱ་བ་སྟེ།
་དེས་ན་ནད་ཀྱི་ཚོ་དཽ་ལས་དཔགས་ཏཽ། སྲེང་ཕྱེད་པས་ཚུ་དྲཱ་ཡུ་ཤྱའོ་ཞེས་བྱ་བའི་དོན་ཏོ།། དེ་ནས་ཁྲུས་བྱས་ཟན་ཟོས་ལ།། འཇམ་རྩི་བཏང་བའི་ཆོ་ག་བྱ།། ཁྲི་སྟེགས་པུས་མཉམ་མཛད་པ་ལ། དྲང་ཞིང་བདེ་བར་འདུག་ནས་ནི།། ཕོ་མཚོན་དྲང
་ཞིང་བཏེག་པར་བྱ།། སྟབས་སྦྱང་ཕྱིར་ནི་ཐུར་དུ་ནི།། འཛུམ་པོ་རིམ་གྱིས་གཞུག་པར་བྱ།། དེ་ནས་ཕོ་མོ་ཆེན་དང་འཚམ་པ།། འབྲས་བུའི་མཐུར་ཐུག་པར་བཏང་བ།། མི་འདྲར་འཇམ་རྩི་གཏོང་ལྟར་བྱ།། བཙིར་ཏེ་བཏིང་ལ་སྣུམ་རྗེས་བྱ།། འཛེམ
་རཱིམྱ་པ་བཞིན་དུ་བྱཱ། ཞེས་བྱ་བོ་ལ། དེ་ན་ས་དེའི་འོག་ཏུ་ལེགས་པར་ཁྲོས་བྱས། ཤིང་ཛྙཱན་རན་པར་ཟོས་པའི་སྐྱེས་བུ་དེར་མཆེན་དུ་དང་པོར་ཐུར་མ་ཕྲ་མོ་བཅུག་ལ། དེའི་འོག་ཏུ་གཅེའུ་གཞུག་པར་བྱའོ།། ཅི་ལྟར་ནེ་ནཱི། འཛེམ་རྩི་གཏོང
་བའི་ཆོ་ག་བྱ་ཞེས་བྱོ་བས་ཏེ། སྔར་བ་ཤད་པའི་མས་བཏིང་བའི་ཚོ་གས་ཀྱིའོ།། དེ་བཞིན་དུ་ཁྲའི་སྟེགས་བུ་པུས་མོ་དང་དབངས་མཉམ་ཞིང་འཇམ་པའི་སྟེང་དུ། དྲང་ཞིང་ལུས་མེ་ཡོ་བཻར་བདེ་བོར་འདུག་པ་དེ་བཞིན་དུ་ཕོ་མཚན
་དགའ་བས་བཏེག་ཅིང་ལྡང་བར་བྱས་ལ། དྲང་ཞིང་མ་ཡོ་བར་བྱས་ནས་གཅི་བའི་ལམ་གྱི་སྦུབས་དག་པར་བྱ་བའི་ཕྱིར་ཐུར་མ་འཇམ་པོ་རིམ་གྱིས་ངལ་བར་གཞུག་པར་བྱའི། ཅིག་ཅང་མྱུར་དུ་གཞུག་པར་མི་བྱའོ།། དེ་ནས
་ཐུར་མ་ངེས་ཕོ་མཚན་གྱི་སྦུབས་ངག་ཅིང་སྦྱངས་པའི་རྗེས་ལྀ། བོ་མཚན་དང་མཚམ་པོའི་གཅེའུ་འབྲས་བུའིརི་མཐར་ཐུག་པའི་བར་དུ་བཏིང་བར་བྷ་ལཱ། དེ་ཡང་ལག་པ་མི་འདར་བར་མཛག་མར་འཇམ་རྩི་གཏོང་བ་དང་ཚུལ་འདྲ་བར་བྱས་ལ
་བཙིར་བ་དང་། བཏང་བ་ཊཱིདང་སྣུམ་གྱི་རྗེས་ལ་བྱ་བ་དག་ནི། འཇམ་རྩིའི་ཚེའི་རིམ་པ་ཇི་ལྟ་བ་བཞིན་དུ་བྱ་བ་འདི་ལ་ཕན་པ་ཡིན་ནོ།། དེ་ཡི་རིམ་པ་འདི་ཡིན་ཏེ། བཏང་ནས་ལུས་ནི་གན་རྒྱལ་བཞག། རྐུབ་ཙོས་ལག་པས་བརྡབ་པར་བྱ།
་ཞེས་བྱ་བ་ལ་སོགས་པ་ཡིན་ནོ།། མས་བཏང་ཆོ་ག་འདི་ཡིས་ནི།། གསུམ་མམ་བཞི་ཡི་བར་དུ་བཏང་།། ཞེས་བྱ་བ་ལ། ཇི་སྐད་དུ་བཤད་པའི་ཆོ་ག་འདིས་མས་བཏང་བའི་ཆོ་ག་གོང་མ་ལན་གསུམ་བཞིའི་བར་དུ་བཏང་བར་བྱའོ།། ལྕུག་མ་འཇམ
་རྩི་ཇི་ལྟ་བར།། འདི་ལ་ཐམས་ཅད་སྦྱར་བར་བྱ།། ཞེས་བྱ་བ་ལ། ཆོ་ག་ཐམས་ཅད་འཇམ་རྩི་དང་འདྲ་བར་བྱ་བ་སྟེ། སྦྱོར་བ་ལེགས་པ་དང་སྦྱོར་བ་མ་ལེགས་པ་དང་། སྦྱོར་བ་དྲགས་པ་དང་། དེ་བཞིན་དུ་ངོའི་གནང་པ་བསིལ་བའི་སྨན་ལ
་སོགས་པ་གང་དག་ཡིན་པ་འདི་དག་ལ་ཡང་སྦྱར་བར་བྱ་ཞིང་ཤེས་པར་བྱས་ལ་བརྟག་པར་བྱའོ།། བུདོ་མེང་ཟླ་མཚན་དུས་སུ་ནི།། མངལ་བྱེ་བས་ནི་ཆགས་པར་འགྱུར།། དེ་ཕྱིར་དེ་ཚེ་བཏང་བར་བྱ།། རབ་ན་དུས་མིན་པར་ཡང་བཏིང་།། མོ
་མཚན་ཉམས་དང་གཟེར་བ་དང་།། མངལ་ཁྲག་རྟག་ཏུ་འབྱུང་བཏང་བྱ།། ཞེས་བྱ་བ་ལ། བུདུ་མེད་ཟླ་མཚན་འཛག་པའི་དུས་སུ་འཇམ་རྩི་འོ་མ་འཛག་པར་བྱའོ།། ཟླ་མཚན་དང་པོ་འཛག་པ་ན་ཞག་བཅུ་གཉིས་ཀྱི་བར་དུ་བུད་མེད་ཀྱི་ཟླ་མཚན་གྱི
་དུས་ཡིན་ཏེ། དུས་དེའི་བར་དུ་དེའི་མས་བཏང་བའི་ལས་བྱའོ།། ཅིའི་ཕྱིར་ཞེ་ན། དུས་དེའི་ཚེ་མས་བཏང་བ་གོང་མ་ནུས་སྣུམ་བཏང་བ་གང་ཡིན་པ་དེ་མངལ་བྱེ་བས་དེར་ཆགས་པར་འགྱུར་ཞིང་ལེན་པར་འགྱུར་ཏེ། དེའི་ཚེ་བུད་མེད་ཀྱི་མངལ
་གྱི་ཁ་བྱེ་ནས་གནས་པ་ཡིན་ནོ།། དེ་ཇི་སྐད་དེའི་ཚེ་མངལ་ཆགས་པར་འགྱུར་བ་དེ་བཞིན་དུ་མས་བཏང་བ་ཡང་དེའི་ཚེ་ཆགས་ཀྱི་གཞན་གྱི་ཚེ་ནི་མ་ཡིན་ནོ།། དེ་ཡང་གཞུང་ལས་དཔེར་ན་ཉི་མ་ནུབ་གྱུར་ན། པདྨའི་ཁ་ནི་ཟུམ་པར་འགྱུར།།
་དེ་བཞིན་ཟླ་མཚན་དུས་འདས་ནས།། ཁུ་བ་ཆགས་པར་མི་འགྱུར་རོ།། ཞེས་བཤད་པ་ཡིན་ནོ།། གཞན་ཡང་རབ་ན་དུས་ཡིན་པར་ཡང་བཏང་ཞེས་པ་སྟེ། དེས་གསོ་བར་བྱ་བའི་ནད་ཚ་བས་ཆེར་བྱུང་བར་གྱུར་ན་དུས་མ་ཡིན་ཏེ། ཟླ་མ་ཚེན
་རྒྱུ་བའི་དུས་མ་ཡིན་ན་ཡང་མས་བཏང་བ་གོང་མ་བཏང་བར་བྱའོ།། མོ་མཚན་ཉམས་པར་གྱུར་པ་ལ་སོགས་པ་ལ་ཡང་བཏང་བར་བྱ་སྟེ། མོ་མཚན་ཉམས་པ་ལས་ནི་གནས་དེ་ལས་འཚུགས་ཤིང་ཞིག་པའོ།། དེ་བཞིན་དུ་མངལ
་ནཻ་བ་སྟེ། མངལ་གྱི་ནང་རྣམ་པ་མང་པོ་འབྱུང་བ་དང་། ངོ་བོ་ཞིན་དུ་མོ་མཚན་གཟེར་ཞིང་ཟུག་པ་དང་། དེ་བཞིན་དུ་མངལ་ནས་རྟག་ཏུ་ཁྲིག་འཛག་ཅིང་། ཁ་དོག་སྣ་ཚོགས་པའི་ཁྲག་དུས་རིང་པོར་འཛག་པའི་ནང་ནི། མངལ་ཁྲག
་རྟག་ཏུ་འབྱུང་བ་སྟེ། དེ་ལ་ཡང་བཏང་བར་བྱའོ།། གཅེའུ་སོར་བཅུ་རྩེ་མོ་ཡི།། བུ་ག་མུངྒ་ཤོང་སོ་ར་བཞི།། མངལ་གྱི་གནས་སུ་བཏང་བར་བྱ།། སོར་གཉིས་གཅིན་འབབ་ལམ་དུ་བཏང་།། གཅིན་འགགས
་པ་ཡི་ནད་རྣམས་ལ།། བུ་མོ་རྣམས་ལ་སོར་གཅིག་བཏང་།། ཞེས་བྱ་བ་ལ། མངལ་ཆགས་སུ་རུང་བའི་བུད་མེད་ཐམས་ཅད་དང་། ཆག་ས་སུ་མི་རུང་བའི་བུ་མོ་གཞོན་ནུའི་མས་བཏང་བའི་གོང་མའི་གཙོའུའི་ཚད་ནི་སྤྱིར་སོར་བཅུ
་བྱའོ།། ཞེས་བྱ་བར་ཤུགས་ཀྱིས་སྦྱར་རོ་དེ་བཞིན་དུ་རྩེ་མོའི་བུ་ག་སྲན་མུངྒ་ཤོང་ཞིང་འགྱུར་དུ་རུང་བར་བྱ་ལ། དེ་ལྟས་སྦྱོར་བཞི་ནི་བུད་མེད་ཆེ་བའི་མངལ་གྱི་གནས་སུ་བཏང་བྱར་བྱའི་དེ་ལས་ལྷག་པར་ནི་མི་བྱའོ།།
་དེ་བཞིན་དུ་སོར་གཉིས་གཅིན་འབབ་ཅིང་འབྱུང་བའི་ལམ་དུ་བཏང་བར་བྱའོ།། གཅིན་འགགས་པའི་ནད་ཡོད་པའི་བུ་མོ་ཤིན་ཏུ་ཆུང་ངུ་རྣམས་ལ་གཅིན་འབབ་པའི་ལམ་དུ་སོར་གཅིག་བཏང་བར་བྱ་ཞིང་གཞུག་པར
་བྱའོ།། འབྲིང་ཚད་སྲང་ནི་གཅིག་པ་སྟེ། བུ་མོ་རྣམས་ལ་སྲང་ཕྱེ་དེ་ཉིད།། ཅེས་བྱ་བི་ལ། བུ་ང་མིང་རྣམས་ཀྱི་མས་བཏང་བ་གྲོང་མ་འི་འབྲང་ཆད་ནི་སྲང་གཅིག་བྱའོ།། བུ་མོ་རྣམས་ཏེ་བུ་མོ་ཆུང་ངུ་རྣམས་ཀྱི་འབྲིང་ཆང
་ནི་སྲང་ཕྱེད་ཉིད་ཡིན་ནོ།། མལ་དུ་གན་རྐྱལ་འདུག་ནས་ནི།། བརླ་ནི་ལེགས་པར་བསྒོམ་ནས་སུ།། གཅིག་ལ་ལན་གསུམ་ལན་བཞི་བཏང་།། དེ་ལྟར་མས་བཏང་ཞག་གསུམ་ལ།། སྣུམ་གྱི་ཚད་ནི་བསྐྱེད་པར་བྱ།། དེ་ནས་ཞག
་གསུམ་ངལ་གསོས་ནས།། སླར་ཡང་ཞག་གསུམ་བཏང་བར་བྱ།། ཞེས་བྱ་བ་ལ། བུད་མེད་དེ་མལ་དུ་གན་རྐྱལ་དུ་བྱས་ཏེ། འདུག་ཅིང་གནས་པ་དང་། དེ་བཞིན་དུ་བརླ་ལེགས་པར་བསྐུམ་པ་དང་། པུས་མོ་ལེགས་པར་སྟོད་དེ། དེ་ལ
་ཉིན་ཞག་གཅིག་ལ་ལན་གསུམ་མམ་ལན་བཞིའི་བར་དུ་བཏང་བ་གོང་མ་བྱའོ།། དེ་བཞིན་དུ་ཞག་གཉིས་སམ་གསུམ་གྱི་རིམ་གྱིས་ཅི་རིགས་པར་ཉིན་རེ་ཞིང་སྣུམ་ཚང་བསྐྱེད་པར་བྱའོ།། དེ་ནས་ཞག་གསུམ་ངལ་གསོ་ཞིང་འཕྲོ་བཅད
་ལ། སླར་ཡང་ཆོ་ག་འདི་ཉིད་ཀྱིས་ཞག་གསུམ་བཏང་བར་བྱའོ།། སྐྱུག་སྨོ་ན་བྱས་ཟླ་ཕྱེད་ནད་བཀྲུ་སྨན། དེ་ནས་ཟླ་ཕྱེད་ནས་བཀྲུས་དྲག། བཀྲུས་དྲི་ག་འཕྲལ་ལོ་འཇམ་རྩི་བཏང་། ཁྲུས་བཏང་ཞག་བདུན་ནས་འཇམི་རྩི
་ཞེས་བྱ་བ་ལ། སྐྱེས་བུ་སྐྱུག་སྨན་བྱས་ནས་ཟླ་བ་ཕྱེད་འདས་པ་དང་། བཀྲུ་སྨན་བྱའོ།། དེ་ནས་བཀྲུ་སྨན་བཏང་བའི་ཟླ་བ་ཕྱེད་འདས་ནས་བཀྲུ་སྨན་དྲག་པོ་མས་བཏང་བར་བྱའོ།། བཀྲུ་སྨན་དྲག་པོ་མས་བཏང་བ་བྱ་སྟེ། འཕྲལ་དེ་རིང་པོ་མི
་ཐོགས་པར་འཇ་མནྡི་བཏང་ངོ་།། བཀྲུ་སྨན་བཏོང་ནས་ཞག་བདུན་ལོན་ནས་འཇམ་རྩི་བཏང་བར་བྱི་སྟེ། དེ་ལྟར་ན་བཀྲུ་སྨན་བཏང་བ་དང་། ནི་རུ་ཧཱ་བཏང་བའི་བར་དུ་འཇམ་རྩི་བཏང་ངོ་།། ཞེས་བྱ་བའི་དོན་ཏོ།། དཔེར་ན་ལེ་བརྒན་སོགས
་བཙོས་ནས།། གོས་ནི་ཆུ་ཡས་ཆོས་ལེན་ལྟ་རེ།། དེ་བཞིན་བངས་པར་བྱས་ལུས་པ།། མས་བཏང་བ་སོ་ན་ནད་རྣམས་འབྱིན།། ཞེས་བྱ་བ་ལ། དཔེར་ན་ལེབརྒན་རྩི་ལ་སོགས་པ་དང་བསྲེས་པའི་ཆུ་ལས་གོས་དེར་རས་ཆོས་ལེན་པར་བྱེད
་ཅིང་ཆུ་འདོར་བར་བྱེད་པ་དེ་བཞིན་དུ་ལུས་སྣུམ་ལ་སོགས་པས་བངས་པར་བྱས་པ་ལས་མས་བཏང་བས་ན་ནད་ཀྱི་གནོད་པ་རྣམས་སེལ་ཅིང་འབྱིན་པར་བྱེད་དེ་ལུས་གནོད་པ་མེད་པ་ལ་སྦྱོར་བ་ར་བྱེད་དོ།། ལུས་ཀྱི་ཡན་ལག
་ནང་གྲོལ་དག་ཏུ་སོང་ནང་དང་། གནད་དང་ལུས་སྟོང་ཡན་ལག་ཀུན་ཁྱབ་ནད།། གང་ཞིག་ཡོད་པ་དེ་ལས་སྐྱེ་བའི་རྒྱུ།། རླུང་མ་གཏོགས་པ་གཞན་དག་ཡོད་མ་ཡིན། ཞེས་བྱ་བ་ལ། ལུས་ཀྱི་ཡན་ལག་ནི་ཁྲག་ལ་སོགས་པའི་ལུས
་ཟུངས་རྣམས་ནས། པགས་པའི་བར་དང་། དེ་བཞིན་དུ་ལག་ངར་ལ་སོགས་པའི་ལུས་ཀྱི་ཡན་ལག་ནང་གྲོལ་མོ་གཏོགས་པ་ཀུན་ལ་ཁྱབ་པར་བྱའོ།། དེ་བཞིན་དུ་ནུང་གྲོལ་གྱི་ཕྱོགས་ཐམས་ཅད་དུ་ཁྱབ་ཅིང་སོང་བའི་ནང་དག་དང་། དེ་བཞིན
་དུ་གནད་དང་ལུས་ཀྱི་སྟོང་ན་གནས་པའི་ནད་དེའི་ཡན་ལག་དངོས་སུ་ན་ལུས་ཀྱི་སྟོང་ཡན་ལག་གི་གནང་ཐམས་ཅད་ལ་ཁྱབ་ཅིང་གནས་པའི་ནད་གང་དག་ཡོད་པའི་ནང་དེ་རྣམས་སྐྱེ་བའི་རྒྱུའམ། འབྱུང་བའི་གཞི་རླུང་མ་གཏོགས་པ་གཞན
་གང་ཡང་ཡོད་པ་མ་ཡིན་ཏེ། ནད་ཀྱི་རྒྱུ་གཉིས་པ་མེད་དོ་ཞེས་བྱ་བའི་དོན་ནོ།། ཅིའི་ཕྱིར་ཞེ་ན། དེའི་ཕྱིར་སྨྲས་པ་ནི། བཤང་དང་བད་ཀན་མཁྲིས་གསོགས་ནད་གསོགས་པ། གང་ཕྱིར་འཐོར་ཞིང་སྡུད་པར་བྱེད་པ་ཡིན།། དེ་ནི་རབ
་འཕེལ་གྱུར་མ་ནི་བྱའི་ཕྱིར། འཇམ་རྩི་མ་གཏོགས་སྨན་གཞོན་གང་ཡང་མེད།། ངོངས་གསོ་བ་མ་ལུས་པ་ལས་མས་བཏང་བ། གསོ་བའི་ཕྱེད་ཡིན་ཞེས་ནི་ལ་ལ་འདོད།། དེ་བཞིན་ནང་རྙིང་གློ་བུར་སྐྱེང་བྲོད་ལ།། གཏར་གས་ཁྲག
་དབྱུང་སྨན་ཉིད་འགྱུར་བ་ཡིན།། ཞེས་བྱ་བ་ལ། བཤང་བ་དང་བང་ཀན་མཁྲིས་པ་ལ་སོགས་པ་གང་ཡིན་པ་དེ་ནི། བཤང་བ་དང་བད་ཀན་མཁྲིས་པ་ལ་སོགས་ཏེ། སོགས་པ་སྨོས་པ་ནི། ལུས་ཀྱི་ཆར་གཏོགས་པ་དངས་མ་ལ་སོགས་པའོ།།
་དེ་དག་ཉིད་ཀྱིས་ནི་ལུས་དྲི་མ་ཅན་དུ་བྱེད་པས་ན་ནད་དོ།། དེ་རྣམས་ལ་གསོགས་པ་ནི་བཤང་བ་ལ་སོགས་པ་འཕེལ་བར་བྱེད་པ་སྟེ། གང་གི་ཕྱིར་དེ་རྣམས་འཐོར་ཞིང་རྒྱས་པར་བྱེད་ལ། ནང་རྙིང་པའི་ཚིགས་སུ་གནས་པ་ཕན་ཚུན
་འཐོར་ཞིང་འབྱེར་བར་བྱེད་པ་དང་། སྡོད་པར་ཡང་བྱེད་དེ། ཕན་ཚུན་དུ་འཐོར་བ་སྟེ་གནས་པ་རྣམས་ཕུང་པོ་གཅིག་ཏུ་བྱེད་པའོ།། རྣམ་པོ་དེ་གཉིས་བྱེད་པས་ན། འཐོར་ཞིང་སྡུད་པར་བྱེད་པ་ཡིན། ཞེས་བྱ་བ་ལ། དེ་ལྟ་བུའི་རླུང་དེ་རབ་ཏུ
་འཕེལ་ཞིང་རྣམ་པར་འཁྲུག་པ། ལྡང་པོར་གྱུར་པ། ནི་ཞིང་བསྔལ་བར་བྱ་བའི་ཕྱིར་གསོ་དབྱུང་བྱཱན། འཇམ་རྩིལ་སྩོགས་པ་མས་བཏང་བ་མ་གཏོགས་པའི་སྨན་གཞོན་དག་ཅིའང་ཡོད་པ་མ་ཡིན་ཏེ། སྣུམ་དང་དུགས་ལ་སོགས
་པ་གཞན་དག་ཡོད་ན་ཡང་ནུས་པ་ཆུང་བ་ཡིན་ནོ།། གང་གི་ཕྱིར་འཇམ་རྫི་ཡོན་ཏན་དེ་ལྟ་བུ་ཡོད་པོ་དེ་བས་ན། རྒྱུ་དེའི་ཕྱིར་གསོ་བ་མ་ལུས་ཤིང་མཐའ་དག་ལས་མིས་བཏང་བ་ནི་གསོ་བའམ་ནང་བཅོས་པའི་ཐེབས་ཀྱི་ཕྱེད་ཡིན་ནོ་ཞེས
་བཤད་དེ། ཅིའི་ཕྱིར་ཞེ་ན། བཤང་པོ་དང་གཅི་བ་དང་བང་ཀན་དང་མཁྲིས་པ་དང་གཏར་ག་བྱ་བའི་ནད་རྣམས་ཀྱང་རྩ་བ་ནས་འབྱིན་ནོ།། དེ་བས་ན་དེ་ལས་བརྩམས་ཏེ། ནང་མ་ལུས་པ་དང་རླུང་གི་ནད་རྣམས་ཐམས་ཅད་མས་བཏང་བས
་གསོ་ཞིང་བཅོས་པར་བྱའོ་ཞེས་བྱ་བའི་དོན་ཏོ།། དེའི་ཕྱིར་ཚེའི་རིག་བྱེད་ཤེས་པའི་སྲོག་འཚོ་བའི་སློབ་དཔོན་གཞན་དག་ནི་གསོ་བའི་ཐབས་མ་ལུས་པ་ནི་མས་བཏང་བར་འདུས་པར་ཁས་འཆེའོ།། ལ་ལ་ངག་ནི་མས་བཏང་བ་གསོ
་བའི་ཕྱེད་ཡིན་ནོ།། ཞེས་ཟེར་རོ།། དེ་བཞིན་དུ་གཏར་གོས་ཁྲག་དབྱུང་བ་ཡང་། ནད་རྙིད་པ་དང་གློ་བུར་བས་བཏབ་པའི་ནད་རྣམས་ལ་གཏར་གས་དབྱུང་བ་ནི་གསོ་བའི་ཕྱེད་དམ། གསོ་བ་མ་ལུས་པར་གྱུར་པ་ཡིན་ནོ།། ཞེས་ཟེར་རོ།། དེ་ཡང་ནང
་རྙིང་གོ་ཞི་ན་གནས་པ་དང་། གློ་བུར་བ་གསར་དུ་བྱུང་བ་དག་ལ་ནི་ནད་རྙིང་གློ་བུར་བ་ཞེས་བྱ་སྟེ། དེ་དག་སྐྱེད་པར་བྱེད་པ་ཡིན་པས་ན་སྐྱེད་བྱེད་དེ། ཁྲག་ལ་བྱ་ལ། དེ་རབ་ཏུ་ཞི་ཞིང་བསལ་བ་ལ་ནི་བཏར་ཀས་ཁྲག་དབྱུང་ཞིང་ཁྲག་འདོན་པ
་ཉིད་སྨན་དུ་འགྱུར་བ་ཡིན་པས་ན་ཁྲག་ལས་གྱུར་པའི་ནད་ཀྱི་གསོ་བའི་ཕྱེད་དམ། གསོ་བ་རངས་པ་ནི་གཏོར་གས་ཁྲག་དབྱུང་བ་ཡིན་ནོ།། ཞེས་བྱ་བ་ནི་སྡུད་པར་བྱེད་པ་སྟེ། མས་བཏང་བ་འབའ་ཞིག་གསོ་བ་ཡིན་པར་མ་ཟད་དེ།
་གཏ་རིགས་ཁྲག་དབྱུང་བ་ཡང་གསོ་བ་ཕྱེད་དམྦྷ། མ་ལུས་པ་ཡིན་ནོ།། ཞེས་བྱ་བའི་དོན་ནོ།། ། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲོལ་བའི་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དག
་བས་རྣམ་པར་སྦྱར་བ་ལས། ལེའུ་བཅུ་དགུ་པའི་རྣམ་པར་འགྲེལ་པའོ།། ། དེ་ནས་སྨན་སྣ་ནས་བཏང་བའི་ཆོ་གའི་ལེའུ་བཤད་པར་བྱའོ།། ཞེས་བྱ་བ་ལ། འདི་བརྩམས་པའི་འབྲེལ་པོ་ནི་འདི་ཡིན་ཏེ། གང་གི་ཕྱིར
་སྒྲག་སྨན་ལ་སོགས་པས། ལུས་ཀྱི་ནང་ན་ཡོད་པའི་ནང་ཇི་ལྟར་སེལ་བར་བྱེད་པ་ཇི་ལྟ་བ་བཞིན་དུ་སྣ་ནས་བཏང་བའི་སྨན་ཡང་སྣའི་སྒོ་ནས་བཏང་བས་ལུས་ཀྱི་ནང་ན་ཡོད་པའི་ནང་ཕྱིར་འབྱིན་པར་བྱེད་དེ། དེས་སྐྱུག་སྨན་ལྔ་སོགས་པ་བཞི
་པ་ནི་ནོད་ཕྱིར་འབྱིན་པར་བྱེད་པ་ཡིན་ནོ།། དེ་བཞིན་དུ། སྣ་ནས་གཏོང་བ་ཞེས་བྱ་བའི་ལྔ་པ་ཡང་དག་པའི་བྱ་བ་བྱེད་པ་ཡིན་ནོ།། ཡང་ན་ལུས་ནི་ཡན་ལག་ཐམས་ཅད་ལ་ཁྱབ་པ་ཡིན་པས་དེ་ག་སོ་བ་སྔར་བཤད་པ་ཡིན་ལ། ད་ནི་ཐུར
་མས་བཅོས་པའི་རྒྱུད་ཀྱི་ལེའུ་སྟོན་ལ། དེ་ལས་འདིར་ནི་སྣ་ནས་གཏོང་བར་བྱེད་པའི་སྨན་ཡིན་པས་ན་སྣ་སྨན་ཏེ། སྣ་ནས་སྨན་བཏང་བ་དང་སྣའི་ལས་དང་སྨན་སྣ་ནས་བཏིང་བ་ཅེས་བྱ་བའི་མིང་འཐོབ་པ་ཡིན་ནོ།། དེའི་ཆོ་ག་ནི་འདི་ལྟར་བྱའོ།
་ཞེས་བྱ་བའི་ཚུལ་ཏེ། དེའི་ལེའུ་བཤད་པར་བྱ། འོ་ཞེས་བྱི་བའི་དོན་ནོ།། ནོ་མ་ཚོང་ཡིན་ཆད་ནང་རྣམས་ལི། ལྷག་པར་སྣ་ནས་བཏང་བ་ཕན།། སྣ་ནི་ཀླད་པའི་སྒོ་ཡིན་ཏཾ། དེས་ནི་དེ་ནས་ནད་དེ་འཇོམས།། ཞེས་བྱ་བ་ལ། ན་མཆོང་ཡོན
་རྒྱུད་ཀྱི་ནང་རླུང་དང་མཁྲིས་པ་དང་བང་ཀན་ལོས་གྱུར་པ་གང་དག་ཡོད་པའི་ཡུལ་དེ་ཐམས་ཅད་ལ་ལྷག་པ་འམ་ཁྱད་པར་དུ་སྣ་ནས་བཏང་བ་ཕནི་པ་ཡིན་ནོ།། ཡང་དེར་སྐྱུག་སྨན་ལ་སོགས་པའི་གསོ་བའི་ཐོབས་མེད་པ་མ་ཡིན་མོང
་ཀྱི་ཁྱད་པར་རིམ་ལྷག་པར་སྣ་ནས་བཏང་བ་མཆོག་ཏུ་གྱུར་པ་ཡིན་ནོ།། ཅིའི་ཕྱིར་ཞེ་ན། སྣ་ནི་གླེང་པ་འམ་མགོ་བོའི་སྒོ་ནས་འཇུག་པའི་གནས་ཡིན་པའི་རྒྱུ་ངས་ན་སྣ་བཽ་ནས་བཏང་བ་ཞེས་པའི་ལམ་དེ་ནས་སྨན་བསྟེན་ཅིང་བཏང་ནན
་པའི་གསང་གི་བར་དུ་ཕྱིན་ནས་ཀླད་པ་དང་། རྣ་བ་དང་། ལྐོག་མ་ལ་སོགས་པའི་རྩའི་སྒོ་རྣམས་ཁྱབ་པས་ནམ་ཚོང་ཡན་ཆད་ཀྱི་ནང་མ་ལུས་པ་དེ་འཇོམས་དེ། མགོར་ཁྱབ་པའི་ནད་སེལ་བ་ཡིན་ནོ།། དེ་ནི་རྣམ་པ
་གསུམ་སྟེ། བཀྲུ་བ་དང་བརྟ་བཱ་དང་ཞི་བར་བྱེད་པའོ།། དེ་ལས་ཀྱང་བཀྲུ་བ་ནི། བཀྲུ་སྨན་ཀླད་པའི་ནད་རྣམས་ཀྱང་།། གློང་བགཽ་ལྐོག་ནད་འཆི་མ་འཛག། སྦྲང་དང་ཐོར་བུ་སྲིན་རྨན་བུ།། མཛེ་སྐྱོ་ཚམ་པས་བཏབ་ལ་བཏང་།། ཞེས་བྱ་བ་ལ། བཀྲུ
་སྨན་སྣ་ནས་བཏང་བ་ནི་ཀླད་པའི་ནད་ལ་སོགས་པཱ་ལ་བཏང་བར་བྱའོ།། བཀྲུ་སྨན་ནི་མགོ་བོའི་ནད་བཀྲུ་ཞིང་སྦྱོང་བའི་སྨན་ནོ།། སློང་བག་ནི་སེམས་མི་གསལ་བའོ།། མཆི་མ་འཛག་པ་ནི་མི་གནས་རྫི་བོར་འབྱུང་བ་ལ་སོགས་བའོ།། སྲིན་བུ་ནི
་སྤྱི་བོ་དང་མཛུལ་བར་ཁྱབ་པའོ།། ཆམ་པ་ནི་སྣའི་ནང་ངོ་།། བཛྲོ་བ་རླུང་ལས་བྱུང་གཟེར་དང་། ཀླང་པོ་ཕྱེད་ན་སྐད་འགགས་དངོ་།། སྣ་དང་ཁ་སྐམ་ཚིག་མི་ཐོན།། མིག་དབྱེ་དཔུང་བསྐྱོད་དཀའ་བ་བཏང་།། ཞེས་བྱ་བ་ལ། སྣནས་གཏང་བུའི
་བརྟ་བར་བྱ་བ་གང་ཡིན་པ་ནི། རླུང་ལས་བྱུང་བའི་མགོ་བོའི་གཟེར་ནང་རྣམས་དང་། དེ་བཞིན་དུ་ཉི་མ་ཕྱེད་ཀྱི་བར་དུ་ཀླད་པ་ནི་བ་དང་། སྐད་འགགས་ཤིང་ཉམས་པ་དང་། དེ་བཞིན་དུ་ཁོ་དང་སྣ་བསྒོམས་པ་དང་། ཚིག་མི་ཐོན་ཞིང
་སྐད་བརྡ་སྤྱོད་མི་ནུས་པ་དང་། མིག་དབྱེ་བར་དཀའ་བའི་མིག་ནད་དང་། དེ་བཞིན་དུ་རླུང་གི་ནད་དཔུང་པ་བསྐྱོད་པར་དཀའ་བ་དག་ལ་བཏང་ཞིང་སྦྱར་བར་བྱའོ།། ཞི་བ་མིག་སྔོན་གདོང་པགས་ནང་།། སྒྲ་ཡི་སྐྱོན་མིག་དམར་ལ་བཏང་།། ཞེས
་བྱ་བ་ལ། སྣ་ནས་བཏང་བ་ཞི་བར་བྱེད་པ་གང་ཡིན་པ་དེ་ནི། འོག་ནས་རྒྱུད་བྱི་མ་ལས་བཤད་པའི་མིག་གི་ནང་སྔོན་པོར་གྱུར་པ་ལ་སོགས་པའི་ན་ལ་ཡང་བཏང་བར་བྱའོ།། དང་པོར་རླུང་སྦྱོར་ཇི་ལྟའི་སྣུམ།། སྨན་གྱི་ལྡེ་གུ་སོགས་བསྐོལ་དང་།
་ཤིང་མངརུ་རྒྱ་མ་ཚྭ་ཆུང་རྙིང་སོགས།། ཅི་རིགས་པར་ནི་བསྐོལ་ལ་བཏིང་།། ཞེས་བྱ་བ་ལ། སྣ་ནས་བཏ་བ་བཤེང་བའི་སྨནྡ་དང་པོ་ནི་རང་གི་སྦྱོར་བ་ཇི་ལྟ་བ་གང་དང་འབྲོད་ཅིང་འཛུམ་པའི་སྣུམ་རྣོན་བྷོ་ཡུངས་མར་ལ་སོགས་པ་དང་ཅི
་རིགས་པར་བ་སྐུལ་ཞིང་མགོ་བོའི་བཀྲུ་སྨན་རྣམས་དང་ཅི་རིགས་པར་བསྐོལ་བ་དང་།། དེ་བཞིནཱ་དུ་སྨན་ཕྱེ་དང་སྨན་ཁུ་ལ་སོགས་པ་མན་བོའི་བཀྐུ་སྤྱན་དང་འབྲེལ་པ་ལས་ཅི་རིགས་པར་སྨྲ་བ་དང་ཞིབ་པ་དང་། ལྡེ་གུར་བསྲེས་ཤིང
་སྦྱར་བ་དང་། དེ་བཞིན་དུ་ཤིང་མངར་དང་རྒྱ་མཚྭ་དང་། ཆང་རྙིང་ལ་སོགས་པ་དང་སྦྱར་ཏེ། བསྐོལ་བ་བཏང་བར་བྱའོ།། རྟ་བའུ་སུའི་ཁུ་བ་དང་།། ཤ་ཁྲག་དང་ཐད་ཆུ་སྦྱར། དེ་ཞེས་བྱ་བཱ་ལ། སྣ་ནས་བཏང་བའི་སྨན་བཱིརྟ་བར་བྱེད་པ་ནི
་འུ་སྤུའི་ཁུ་བ་དེ་བཞིན་དུ་ཤ་ཁུ་དང་། ཁྲག་དང་དེ་བཞིན་དུ་ཁ་པུ་ར་ཞེས་བྱ་བའི་ཐང་ཆུ་དང་སྦྱར་ལ་བཏོང་བར་བྱའོ།། འོད་ཞེས་བྱ་བ་སྦྱོར་བའི་སྒྲས་ནི་རང་གི་སྦྱོར་བ་ཇི་ལྟ་བོའི་སྣུམ་མིངར་བ་དང་། སྣུམྦི་པའི་སྤྱན་ལོ་བཅྡོཾས
་པ་བརྟི་བའི་སྨན་སྣ་ནས་བཏང་བ་ལ་སྦྱར་བར་བྱའོ།། ཞེས་པའི་དོན་ཏོ།། ཞི་བ་སྔ་མ་འོ་མ་དང་།། ཆུ་དང་བཅས་པ་སྦྱར་བར་བྱ།། ཞེས་བྱ་བ་ལ། སྣ་ནས་བཏང་བའི་སྨན་ཞི་བ་ནི་སྔ་མ་ཞེ་ས་པའི་སྔར་བཤད་པའི་རང་གི་སྦྱོར་བའི་ཇི
་ལྟ་བའི་སྣུམ་དང་། རང་གི་སྨན་གང་དག་ཡིན་པ་ཁུ་བ་ལ་སོགས་པ་དང་། དེ་བཞིན་དུ་འོ་མ་དང་ཆུ་དང་བཅས་པ་སྦྱར་བར་བྱའོ།། ཚང་ཅན་དང་ནི་ཚད་ཕྲན་ཏོ།། འདི་ཡི་སྣུམྦྷ་ཚད་རྣམ་པ་གཉིས།། ཞེས་བྱ་བ
་ལ་སྣ་ནས་བཏང་བའི་སྨན་གསུམ་པོ་འདི་ལ་སྣུམ་གྱི་སྨན་མར་བཏང་བའི་ཁྱད་པར་གྱི་ཚད་ནི། ཚད་ཀྱི་དབྱེ་བ་ལས་རྣམ་པ་གཉིས་ཏེ། ཚད་ཙ་ན་དང་། ཚད་མེད་དོ།། ལྡེ་གུ་ལ་སོགས་བཙིར་བ་ཡི།། རྣོ་དེ་སྤྱི་བོའི་བཀྲུས་སྨན་ཡིན།། །
་ཞེས་བྱ་བ་ལ། ལྡེ་གུ་དང་སྨན་བསྐོལ་བའི་ཁུ་བ་ལ་སོགས་པ་སྦྱར་བའི་སྨན་རས་བལ་གྱི་ཡེའུ་ལ་སོགས་པས་གཏོང་བ་དེ་ནི་བཙིར་བ་ཞེས་བྱའོ།། གཞན་དག་ན་རེ་ལྡེ་གུར་བྱས་པའི་སྨན་བཙོས་པ་ལས་ཁུ་བ་བཙིར་ཏེ། འཇིག་པར
་བྱས་པོ་ལས་བྱའོ།། ཞེས་ཟེར་རོ།། བཙིར་བ་དེ་སྨན་རྣོན་པོའི་ལྡེ་གུ་བསྐོལ་བ་ལ་སོགས་པས་བཏང་བ་ནི་སྤྱི་བོའི་བཀྲུ་སྨན་ཞེས་བྱའོ།། ཕྱེ་མོ་བུད་པའི་བཀྲུ་སྨན་ཏེ། སྦུ་གུ་སཽར་དྲུག་ཁཾ་གཉིས་པ།། ནང་ན་སྨན་དང་བཅས་པ་དང་།། ཁ་ཡི
་དབུགས་ཀྱིསཽ་བུསྨཱ་ཏེ་བཏང་།། དེས་ནི་མགོ་ནད་མང་པོ་ཡང་།། ཕྱེ་མ་ཡིན་པས་འབྱིན་པར་བྱེད།། ཅེ་ས་བྱ་བ་ལ། འཁྲུ་བར་འགྱུར་པའི་སྨན་ལས་སྦྱར་བའི་ཕྱེ་མ་ནི་བུ་ང་བར་བྱ་བ་ཡིན་པས་ན་བུང་པའི་བཀྲུ་སྨན་ཞེས་པ་སྟེ།
་ཕྱེ་མ་དེ་ཁའི་རླུང་གིས་བུས་ལ་སྣ་ནས་བཏང་བར་བྱའོ།། གང་གིས་བཏང་ཞེ་ན། སྦུ་གུ་སོར་དྲུག་ཡོད་པ་ཁ་གཉིས་ཡོད་པ་དང་། དེ་བཞིན་དུ་ནོང་ན་སྨན་དང་བཅས་ཤིང་སྨན་ཕྱེ་མ་བླུགས་པ་དེ་ཁའི་དབུགས་ཀྱིས
་བུས་ཏེ་བཏང་ངོ་།། བུད་པའི་བཀྲུ་སྨན་དེས་ནི་མགོ་བོའི་བད་ཀན་ལས་བྱུང་བ་མང་པོ་ཡང་ཕྱེ་ནས་འབྱིན་ཅིང་། ནང་ནས་ཕྱིར་འདྲོན་པར་བྱེད་དོ།། འཛུབ་མོའི་ཚིགས་ནི་གཉིས་པའི་བར།། སྐྱུགས་པ་ཕྱིར་ཕྱུང་གྱུར་པ་ལས།། ཐིགས་པ
་བཅུའམ་བརྒྱད་དམ་དྲུག། ཇི་སྲིད་འཛག་པར་གྱུར་པ་དག། སྣ་ནས་གཏོང་ཚང་ཆེ་འབྲིང་ཆུང་།། རིམ་པ་དེ་ཉིད་ཀྱིས་ཤེས་བྱ།། ལྡེ་གུ་ལོ་སོགས་ཐིགས་པ་ནི།། གཉིས་ཀྱིས་ཕྲི་སྟེ་བཏང་བར་བྱ།། ཞེས་བྱ་བ་ལ། འཛུབ་མོ་ནི་མཐེ་བོང
་ལྔ་དང་ཉེ་བའི་སོར་མོ་སྟེ། དེའི་ཚོགས་གཉིས་ཀྱི་བར་དུ། དང་པོ་སྐྱུགས་ཤིང་སྒྱིངས་ལ་ཕྱིར་ཕྱུང་སྟེ། བཏེག་པར་གྱུར་པ་ལས་ཐོགས་པའི་ཚད་ཇི་ཙམ་ཞིག་འབྱུང་བར་འགྱུར་བ་དེ་ལ་ཐོགས་པ་ཞེས་བྱ་ལ། ཐིགས་པ་དེ་ལས་སྣུམ
་གྱི་ཚང་ཆེ་ཆུང་ངུ་བྱ་བ་ནི་ཐིགས་བཅུ་ནི་ཚེ་ཚད་ཡིན་ལ། ཐིགས་པ་བརྒྱད་ནི་འབྲིང་ཚོང་ལ། ཐིགས་པ་དྲུག་ནི་ཆུང་ཚང་ངོ་།། ཚད་འདི་དག་ཉིད་ལས་ཆེ་བ་དང་འབྲིང་དང་ཆུང་ངུ་ནི་རིམ་གྱིས་ཐིགས་པོ་གཉིས་གཉིས་ཀྱི་ཆུང
་ཞིང་ཕྲི་བའི་ལྡེའུ་གུ་ལ་སོགས་པའི་རང་གི་སྨན་གྱི་ཁུ་བ་སྣར་བླུགས་པ་ཡིན་པར་ཤེས་པར་བྱའོ།། ཆུ་དང་ཆང་དང་སྦྱར་དུག་མར་འཐུང་བ་འམ་འཐུང་བར་འདོད་པ་དང་། ཁ་ཟས་ཟོས་དང་མགོ་དཀྲུས་དང་།། འཁྲུ་བཱར་འདོད་དང
་གཏརེག་བྱས།། ཆེམ་སར་ཤུགས་འོང་གིས་གཟེར་དང་།། བུ་བི་ཙས་ལུང་པ་དབུགས་མི་བ།། སྦྱང་བྱས་མས་བཏོ་ང་ཆོ་ག་བྱས།། དེ་བཞིན་དུས་མིན་ཡུལ་རྨུས་ལ། སྣ་སྨན་བཏང་བར་མི་བྱ་སྟེ།། ཆེ་བས་ཆེའི་ནད་སོགས
་མ་གཏོགས་སོ།། ཞེས་བྱ་བ་ལ། སྨན་སྣ་ནས་བཏང་བར་བྱར་མི་རུང་བ་ནི་ཆུ་དང་ཆང་དང་དུག་དང་མར་འཐུངས་པ་ནས། མས་བཏང་བའི་ཆོ་ག་བྱས་པའི་བར་དང་། དེ་བཞིན་དུ་དུས་མ་ཡིན་པའི་ཡུལ་རྨུས་པ
་ལ་བཏང་བུར་མི་བྱ་སྟེ། དུས་མ་ཡིན་པའི་ཡུལ་རྒྱས་པ་ནི་དྲིབྱར་མ་གཏོག་སྔོ་པའི་གང་དུས་གཞན་གྱི་ཚེ། ཡུལ་རྨས་ཤིང་རླུང་དང་གྲང་ལྕགས་དང་ཆར་འབབ་པར་འཁྲིགས་པའི་ཉིན་མེ་ནོ། དུས་མོན་ཡུལ་ཆུས་ཞེས་བྱའོ།། ཅི
་དེ་དག་གི་ཚེ་རྣམས་ཐམས་ཅད་དུ་བཏང་བར་མི་བྱའོམ་ཞེས་རྟོག་ན། དེའི་ཕྱིར་སྨྲས་པ་ནི། ཚུབས་ཆེན་ནང་སོགས་མ་ག་ཏོགས་སོ།། ཞེས་བྱ་བ་ཡིན་ཏེ། དེ་གསོ་བར་བྱ་བའི་ནད་ཚབས་པོ་ཆེ་མ་གཏོགས་ཏེ། ནོད་ཚབས
་ཆེ་བའི་ཚེད་ན་ནི་ཆུ་དང་ཆང་དང་དུག་དང་མར་ལ་སྩོགས་པ་འཐུངས་སུ་ཟིན་ཀྱང་བ་ཏང་བར་བྱའོ།། ཞེས་བྱ་བར་སྦྱར་རོ།། དེས་ན་དུས་གང་གོ་ཚེ་སྣ་ནས་བཏང་བའི་སྨིན་པོར་བྱ་ཞེ་ནཱ། དེ་ནཱས་སྣ་ནས་བཏང་བ། བད་ཀན་ནང་པར
་མཁྲིས་ཉིན་ཕྱེད།། རླུང་ཅན་ཕྱི་འཕྲེང་མཚན་མོ་བཏང་།། ཞེས་བྱ་བ་ལ། འདིར་དེ་ནས་ཞེས་བྱ་བའི་སྒྲ་ནི། བཀྲ་ཤིས་པ་སྟོན་པར་བྱེད་པ་ཡིན་པར་སྦྱར་རོ།། དེ་ལ་སྣ་སྨན་བཏིང་བའི་དུས་ནི་བད་ཀན་ནམ། བང་ཀཱན་ལས་གྱུར
་པའི་ནད་ནི་བད་ཀན་གྱི་དུས་ནང་བར་གྱི་ཚེ་ཉིད་སྣ་ནས་བཏང་བ་འི་སྨན་བཏང་བར་བྱའོ།། མཁྲིས་པ་འཁྲུགས་སམ་དེ་ལས་བྱུང་བའི་ནང་རྣམས་ལ་མཁྲིས་པའི་དུས་ཉི་མ་ཕྱེད་ཀྱི་ཚ་བཏང་བར་བྱའོ།། རླུང་གི་ནང་དམ། དེ
་ལས་བྱུང་བའི་ནང་རྣམས་ལ་རླུང་ལྡང་བའི་དུས་ཕྱི་འཕྲེད་དེ། བྱི་དྲོ་དང་མཚན་མོའི་དུས་སུ་སྨན་སྣ་ནས་བཏང་བར་བྱའོ།། ནད་མེད་པ་ལ་སྟོན་ཀ་དང་། དཔྱིད་ཀྱི་ཚེ་ན་སྔ་དྲོ་བཏང་།། དགུན་ནི་བྱེད་དུས་སོ་གའི་ཚེ།། ཕྱི་འཕྲེང་དབར་ནི་ཉི་དྲོས
་བཅས།། ཞེས་བྱ་བ་ལ་ནད་མེད་ཅིང་ཐ་མལ་པ་རཽ་གནས་པ་ལ་ནཽ། སྟོན་ཀཱ་དང་དཔྱིང་ཀྭའི་ཚེ་སྡེ་དྲོ་སྟེ། ཉི་མའི་སྔ་དྲོའི་ཆ་ལ་བཏང་བར་བྱའོ།། ན་མེད་པོར་གནས་པ་ལི། དགུན་གྱི་ཚྭ་སྟི། དགུན་སྟོད་དང་། དགུན་སྨད་གྲང་བའི་དུས་སུ
་ནི། ཉི་མ་ཕྱེད་ལ་སྨན་སྣ་ནས་བཏང་བར་བྱའོ།། དེ་བཞིན་དུ་སོ་གའི་ཚེ་ནི་ཕྱེ་འཕྲོད་དེ་ཕྱི་དྲོའི་དུས་སུ་ནི་སྨན་སྣ་ནས་བཏང་བར་བྱའོ།། དེ་བཞིན་དུ་དབྱར་གྱི་ཉི་མ་དྲོན་པོ་དང་བཅས་པའི་སྐབས་སུ་ནད་མེད་པ་ལས་སྨན་སྣ་ནས་བཏང
་བར་བྱའོ།། ཀླང་པ་རླུང་ནད་ཀྱིས་ཐེབས་དང་། སྐྱིགས་བུས་བཏབ་དང་མགོ་འདར་དང་། གཉེའུ་རིངས་སྐད་ནི་འགགས་པ་ལ། ཉི་ནོ་རེ་ནང་པར་དགོངསཽ་ཀ་བཏང་།། ཞེས་བྱ་བ་ལ། ཀླད་པར་རླུང་ནད་ཞུགས་ཤིང་མགོ་བོ་རླིང་གི་ནད་ཀྱིས
་ཐེབས་པ་དང་། དེ་བཞིན་དུ་མགོ་དམྲ་ཞིང་འདར་ཞིང་འདར་བ་ཊྭཱཾ་བྱ་བའི་རླུང་གི་མགོ་ནང་དང་། གཉེའུ་རེངས་ཤིང་འགྱུར་མི་ཤེས་པ་དང་། སྐད་འགགས་ཤིང་སྐད་གདྲངས་ཉམས་པ་ལ། ཉིན་རེ་ཞིང་ནང་པར་དང་དགོངས་ཀ་སྟེ། སྔ་དྲོ་དང
་ཕྱི་དྲོ་སྣ་ནས་སྨན་བཏང་བར་བྱའོ།། གཞན་ལ་ཉིན་རེས་བོར་ཆང་ལ། ཉི་མ་བདུན་དུ་དེ་སྤྱང་བྱ།། ཞེས་བྱ་བ་ལ། ཀླད་པ་རླུང་ནད་ཀྱིས་ཐེབས་པ་ལ་སོགས་པའི་ནང་མ་གཏོགས་པ་གཞན་དག་ལ་ནི། ཉིན་རེ་ཞིང་སྣ་ནས་བཏིང
་བའི་སྨྱན་མི་བྱའོ།། གཞན་དུ་ན་ཉིན་རེས་པར་བཅད་པ་སྟེ། ཉི་མ་རེ་རེས་པར་བཅད་ཅིང་ཐག་ཆོད་པར་བྱས་ལ། སྨན་བཏང་བར་བྱ་སྟེ། ཚུལ་འདི་ལྟ་བུས་སྣ་ནས་བཏང་བའི་སྨན་ཞག་བདུན་གྱི་བར་དུ་བཏང་བར་བྱ
་ཞིང་སྤྱད་པར་བྱའོ།། རྟག་ཏུ་བྱ་བའི་ལོས་བྱས་ནས། དང་པོར་མགོ་སྣུམ་བསྐུ་དུགས་བྱ།། རླུང་མེད་མལ་དུ་གནས་ནས་ནི།། ནོམ་ཚོང་ཡིན་ཆང་དུགས་ཀྱང་བྱ།། དེ་ནས་གན་རྐྱལ་ལུས་དྲང་བརྐྱང་།། རྐང་པ་ལག་པ་ལེགས་བརྒྱུང་ལ། རྐང
་པ་ཙུ་ང་ཟད་བསྟོད་ནས་སུ།། མགོ་བོ་ཡིད་ཙམ་སྨད་པར་བྱ།། སྣ་བུག་གཅིག་ནི་རྣམ་བཀོག་ལ།། རིམ་གྱིས་ཡོངས་སུ་བླུགས་བྱ་བ།། སྨན་ནི་ཆུ་དྲོན་གྱིས་བཙས་ལ།། སྦུ་གུའམ་རས་བལ་གྱིས་བླུགས་བྱ།། ཞེས་བྱ་བ་ལ། དེ་ནས་སྣ་ནས
་བཏང་བར་འོས་པའི་སྐྱེས་བུས། རྟག་ཏུ་བྱ་བ་ལ་སོགས་བཤང་བ་དང་གཅི་བ་དང་པོར་བྱས་ལ། ཡང་དང་པོར་མགོ་བོ་སྣུམ་གྱིས་བསྐུས་ལ། དེའི་འོག་ཏུ་མགོ་བོ་དུགས་རན་པ་ཙམ་བྱས་པ་དང་། དེ་བཞིན་དུ་རླུང་མེད་པའི་གནས་སུ
་གཏིང་པ་ལ་གནས་ཤིང་འདུག་ནས། ནམ་ཚོང་ཡན་ཆང་། དུགས་ཀྱང་བྱས་ལ། དེ་ནས་དེའི་འོག་ཏུ་གན་རྐྱེ་ལ་དུ་འདུག་སྟེ། ལུས་དྲང་ཞིང་མ་ཡོ་བ.རརེ་བརྐྱང་ལ། རྐང་པོ་དང་ལག་པ་ཡང་ལེགས་པར་བརྐྱང་བར་གྱུར་པ་དང་།
་སྣ་ནས་སྨན་བཏང་བར་བྱའོ།། ཡང་དེ་བཞིན་དུ་དེའི་རྐང་པ་ཅུང་ཟད་བསྟོད་པ་སྟེ། གོང་གིས་རྐང་པ་འཐོབ་པར་འགྱུར་བ་དེ་ལྟ་བུར་ཁྲི་ལ་སོགས་པ་བཅའ་བར་བྱའོ།། དེ་ཉིད་ཀྱིས་ན་མགོ་བོ་ཡང་ཡིད་ཙམ་དམོད་པར་གྱུར་པ་དང
་སྣ་ཁུང་གཅིག་བཀག་ཅིང་བཅད་ལ། སྣ་ཁུང་གཉིས་པ་གདངས་ཤིང་ཕྱེ་སྟེ། གནས་པ་ལ་སྣ་ནས་བཏང་བའི་སྨན་བླུགས་པར་བྱའོ།། དེ་བཞིན་དུ་སྲང་གུང་གཉིས་པར་ཡང་རིམ་གྱིས་སྣ་སྨན་སྦུ་གུ་མཆུ་ཅན་ནམ། སྲིན་བལ་གྱི་ཡི་འུས
་བླུག་པར་བྱའོ།། བླུག་ནས་རྐང་མཐིལ་ཕྲག་པ་དང་། ལག་པ་རྣ་བ་ལ་སོགས་མཉེ།། རིམ་གྱིས་བླུག་ལ་གློ་གཉིས་སུ།། མཆིལ་མ་དོར་བས་དེ་ནས་ནི།། སྨན་ནི་ཟད་པར་གྱུར་གྱི་བར།། ལན་གཉིས་ལན་གསུམ་སྣར་བཏང་སྤྱད།། ཅེས་བྱ་བ་ལ།།
་དེར་སྨན་བློག་ཟིན་པ་དང་། རྐང་མཐིལ་དང་ཕྲག་པཱ་དང་།། ལག་པ་དང་རྣ་བ་ལ་གཉི་བར་བྱ་ཞིང་།། རྐང་པའི་མཐིལ་ལ་སོགས་པ་ལེགས་པར་མཉེ་བར་བྱའོ།། དེ་ནས་དེའི་འོག་ཏུ་རིམ་གྱིས་བརྔུབས་ལ།། གློ་གཡས་གཡོན་གཉིས་སུ་མཆིལ
་མ་དོར་བར་བྱའོ།། དེ་ནས་སྣ་གཡས་པར་བཅུག་པའི་སྨན་བརྔུབས་པའི་མཆིལ་མ་གཡོན་ལོགས་སུ་དོར་བར་བྱ་ལ། གཡོན་གྱི་ནི་གཡས་སུའོ།། དེ་ལྟ་རོ་འདིས་སྨན་སྣ་ནས་བཏང་བ་ལ་ལན་གཉིས་ལན་གསུམ་དུ་སྤྱད་པར་བྱའོ།། གལ་ཏེ་བརྒྱལ
་གྱུར་བསིལ་བའི་ཆུས། མགོ་མ་གཏོགས་པ་གཏོར་བར་བྱ།། ཞེས་བྱ་བ་ལ། སྨན་སྣ་ནས་གཏོང་བ་ན། གལ་ཏེ་བརྒྱལ་ཞིང་མི་དྲན་པར་གྱུར་ཏེ། སྨན་གྱི་སྟོབས་མ་གོམས་པས་བརྒྱལ་བར་གྱུར་ན། མགོ་བོ་མ་གཏོགས་པར་གཞན
་དུ་བསིལ་བས་ཀྱང་གཏོར་བར་བྱའོ།། བཀྲུ་སྨན་འོག་ཏུ་སྒྲོམ་དག་ནོ།། ནང་སོགས་ཚུལ་ལས་དཔགས་ཏེ་བཏང་། ཞེས་བྱ་བ་ལ། སྣ་སྤྲིན་བཏང་བའི་བཀྲུ་སྦྱིན་བྱས་པའི་འོག་ཏུ། སྣ་ནས་བཏང་བ་སྣུམ་བག་བཏང་བར་བྱའོ།། རྩུབ་པ་ནི
་ཡིན་ལ། དེ་ཡང་ནད་ལ་སོགས་པའི་ཚུལ་ལས་དཔགས་ཤིང་ཤེས་པར་བྱས་ལ། དེ་དང་རྗེས་སུ་མཐུན་པའི་སྨན་ཏིལ་མར་ལ་སོགས་པ་གང་ཡང་རུང་བ་བཏང་བར་བྱའོ།། སྣ་སྨན་བཏང་མཐར་གུན་རྒྱལ་དུ།། གྲངས
་བརྒྱར་དེ་ལ་བསྡད་པར་བྱ།། དུད་པས་བརྔུབས་ལ་ཆུ་དྲོན་འཇམ།། གླེ་བ་མཚུལ་པ་དག་ཕྱིར་བྱ།། ཞེས་བྱ་བ་ལ། སྐྱེས་བུ་སྣ་སྨན་བྱས་ཤིང་བཏང་ཟིན་ནས། མཐར་གན་རྐྱལ་དུ་གྲངས་བརྒྱ་རྫོགས་ཀྱི་བར་དུ་བསྡད་པར་བྱའོ།། དེའི་འོག་ཏུ
་ཕནྡོ་པར་བྱེད་ཅི་རྗེས་སུ་མཐུན་པའི་ཡོན་ཏན་དང་ལྡན་པའི་དུད་པའི་དུད་པས་བརྔུབས་ལ། ཆུ་ཅུང་ཟད་དྲོ་བ་འཇིམ་པོ་མཁུར་བར་བཅང་བ་གྲེ་བ་དང་མཚུལ་པ་དག་པའི་ཕྱིར་བྱའོ།། སྣུམ་བཏང་ལེགས་གྱུར་དབུགས་བདེར་འགྱུར།།
་གཉིད་ལོག་སད་དེ་དབང་པོ་གསལ།། ཞེས་བྱ་བ་ལེ། དེ་ལས་སྤྱིར་སྣུམ་བཏང་བ་ལེགས་པར་གྱུར་ན་དབུགས་བདེ་བར་འབྱིན་པ་སྔོན་དུ་འགྲོ་བས་དབུགས་རྒྱུ་བ་དང་། དེ་བཞིན་དུ་བྱེད་བར་གཉིད་ལོག་ཅིང་བདེ་བར་སད་པ་དང་། དབང
་པོ་རྣམས་བདེ་ཞིང་རྣམ་པར་གསལ་བར་འགྱུར་རོ།། ཉེས་པས་མིག་རྩུབ་མི་འགྱུར་སྐམ།། སྣ་དང་ཁ་སྐམས་ཀླད་སྟོངས་སྙམ།། ཞེས་བྱ་བ་ལ། སྣ་མ་གྱི་སྣ་སྨན་ཉེས་ཤིང་མགོ་རྩུབ་པར་གྱུར་པས་མིག་རྩུབ་ཅིང་མ་འགྱུར
་བར་ཧ་ར་ཧར་པོར་འདུག་པར་འགྱུར་བ་དང་། སྐམ་པ་དང་དེ་བཞིན་དུ་སྣ་དང་ཁ་བསྐེམས་པར་འགྱུར་བ་དང་། ཀླད་པ་སྟོངས་པ་སྙམ་སེམས་པར་འགྱུར་རོ།། སྣུམ་དྲགས་གཡོ་དང་ལྕི་བ་ཉིད།། མཆིས་མཚམ་འདེབས
་མོག་འཆུས།། ཞེས་བྱ་བ་ལ། སྤྱི་བོར་སྣ་ནས་སྣུམ་བཏང་དྲགས་པར་གྱུར་ན། ཤིན་ཏུ་གཡའ་བར་འགྱུར་བ་དང་། མགོ་ལྕི་བ་ཉིད་དང་། མཚོལ་མ་དང་སྣབས་མང་བ་དང་། ཆམ་པས་འདེབས་ཤིང་ཡི་ག་འརྐུས་པར་འགྱུར་རོ།།
་ལེགས་བེ་ཀྲེས་མིག་གསལ་ཡང་བ་དང་།། ཁ་དིང་སྐད་གདངས་ནི་དག་པོར་འགྱུར།། འཁྲུས་ཉེས་ནད་ནི་འཕེལ་བར་འགྱུར།། བཀྲུས་དྲགས་ཁོང་ནི་རྨྱ་བར་འགྱུར།། ཞེས་བྱ་བ་ལ། མགོ་བོའི་བཀྲུ་སྨན་ལེགས་ཤིང་སྦྱོར་བ་ཕྱིན་ཅི་མ་ལོག
་པར་གྱུར་ན། མིག་གསལ་ཞིང་ཡང་བ་དང་། ཁ་དང་སྐད་གདངས་དག་ཅིང་གསལ་བར་འགྱུར་རོ།། མགོ་བོའི་བཀྲུ་སྨན་ཉེས་ཤིང་མ་ལེགས་པར་གྱུར་ན། ནད་ཀྱི་དཀྱིལ་འཕེལ་ཞིང་སླར་སོགས་པར་འགྱུར་རོ།། མགོ་བོའི་ཁྲུས
་ཤིན་ཏུ་དྲགས་པར་གྱུར་ན། ཁོང་རྒྱུ་ཞིང་ཉམ་ཆུང་བར་འགྱུར་རོ།། ཚད་ཆུང་བློ་རྡོལ་རིད་པ་དང་།། བྱིས་པ་རྒན་པོ་སྐྱོང་པ་གནས།། དུས་མིན་ཆར་འབབ་པར་ཡང་བཏང་།། ཞེས་བྱ་བ་ལ། སྣ་ནས་བཏང་བའི་སྨན་ཚང་ཆུང་ངུ་ནི།། གློ
་བརྡོལ་བ་ལ་སོགས་པ་ལ་ཡང་བཏོང་བར་བྱ་ལ། དེ་བཞིན་དུ་དུས་མ་ཡིན་པར་ཡུལ་རྨས་པ་ལ་ཡང་བཏང་དུ་རུང་ངོ་།། དེ་ལ་གློ་བརྡོལ་བ་ནི་གློ་ནས་ཁྲག་བྱུང་བ་འམ། བྲང་གི་ཤ་ཟད་པའོ།། རིང་པ་ནི་མི་རོ་སྐམ་པོ་ལྷུར
་སྐམ་པའོ།། བྱིས་པ་ནི་ལོ་བཅུ་དྲུག་མན་ཚོང་ངོ་།། རྒན་པོ་ནི་བདུན་ཅུ་ཡན་ཆད་ལོན་པའོ།། སྐྱིད་པར་གནས་པ་ནི་རྟག་ཏུ་བདེ་ཞིང་གཞོན་ཤ་ཅན་དུ་གནས་པའོ།། དེ་ནི་ཆམ་པ་དྲག་བཏབ་དང་།། ཆང་འཐུངས་རྣ་བ་འོན་པ
་བ་དང་།། ཀླང་རྒྱས་སྲིན་བུ་ཞུགས་པ་དང་།། ནད་བ་སྟུསྣ་ཕྱིར་ནི་མ་ཕྱུང་ལ།། ཆང་ཆུང་བ་ནཱི་བཏང་མི་བྱ།། སྣ་ནས་བཏང་བའི་སྨན་ཚ་ད་ཆུང་ངུ་དེ་ནི་ཆམ་པ་དྲག་པོས་བཏབ་པ་དང་། དེ་བཞིན་དུ་ཆང་འཐུངས་པ་སྟེ།
་གང་གིས་དུས་དེ་ཉིད་ཀྱི་ཚེ་འཐུངས་པོ་དང་། དེ་བཞིན་དུ་རྣ་བ་འོན་ཞིང་སྒྲ་འཛིན་པ་ལ་ཞན་པ་དང་། དེ་བཞིན་དུ་ཀླད་རྒྱས་ལ་སྲིན་བུ་ཞུགས་པ་དང་། དེ་བཞིན་དུ་ནད་མང་པོ་ཁོང་དུ་བསྡུས་པ་འམ། ཕྱིར་ནད་མང་བར་གྱུར་པ
་དང་། ནད་བསྡུས་ནས་ཕྱིར་མ་བྱུང་བར་གྱུར་པ་ལ་ཡང་བཏང་བར་མི་བྱ་སྟེ། གང་གི་ཕྱིར་ཚང་ཆེན་པོ་ནས་ཚང་ཆུང་བ་འི་ནི་དམིན་པ་ཉིད་ཡིན་པའི་ཕྱིར་ནུས་པ་ཆུང་བ་ཡིན་ནོ།། ཉིན་མེ་ཚན་ཟས་ཟོས་སློན་ཉིན་ཉལ།། མཐུའ
་དྲང་བུད་མྱེད་ལམ་ང་ལྀ་དུབ།། མགོ་བསྐུས་མཁུར་བཀང་དབོ་བོའི་རྗེས།། བ་ཤང་གཅི་མིག་སྨན་བཏང་རྗེས་དང་།། སོ་ཤིང་གི་རྗེས་རྒོད་པ་ཡི།། རྗེས་ལོ་ཐིགས་པ་གཉིས་པ་བཏང་།། ལྷ་ཡིས་དབང་པོའི་བུ་ག་དག། གསུམ་གྱིས
་རིམ་བཞིན་ངལ་བ་སེལ།། ལྔ་པོ་མིག་ནི་གསལ་བཱཪྴ་བྱེད།། སྲོ་བརྟན་རླུང་ནང་ཞི་བར་འགྱུར།། ཞེས་བྱ་བཱ་ལ། ཚང་ཆུང་ངུ་བཏང་བའི་དུས་ནཱི། བཅོ་ལྔ་པ་འདི་དག་སྟེ། ཚད་ཆུང་ངུ་ཉིན་མོ་འམ། མཚན་མོ་ཟས་ཟོས་པའི་རྗེས་ལ
་སོགས་པ་ལ་བཏང་བར་བྱ་ལ། ཚད་ཆུང་ངུ་འདི་ནི་ཐིགས་པོ་གཉིས་ཏེ། ལན་གཉིས་གཏིགས་པའི་ཆང་ཡིན་ལ། དེ་ཡང་དང་པོའི་ལྔའི་མཐེའ་མར་བཏང་ན་བུ་ག་རྣམས་སྦྱངས་ཤིང་ས་པར་བྱེད་དེ། དེ་ཡང་མཚན་མོ
་མཐའ་དང་། སྦྱིན་པར་གྱི་མཐའ་དང་། ཟས་ཟོས་པའི་མཐའ་དང་། སྨོན་པའི་མཐའ་དང་། ཉིན་པར་ཉལ་བའི་མཐར་བཏ་ངནྱ་དབང་པོའི་བུ་ག་རྣམས་གསལ་ཞིང་དག་པར་འགྱུར་རོ།། གསུམ་གྱིས་རིམ་བཞིན་ངལ་བ་སེལ།། ཞེས་བྱ་བ་ལ
་ནི། བུད་མེད་ཀྱིས་དུབ་པའི་མཐའ་དང་། ལམ་གྱིས་དུབ་པའི་མཐའ་དང་། དཱལ་ཆད་པའི་མཐའ་སྟེ། མཐུའ་གསུམ་པོར་བཏང་ན་ངལ་བ་དེ་གསུམ་སེལ་བར་འགྱུར་རོ།། ལྔ་བཏང་མིག་ནི་གསལ་བར་འགྱུར། ཞེས་བྱ་བ་ལ། མགོ
་བསྐུས་པའི་རྗེས་དང་། མཁུར་བ་བཀང་ནས་ཕོ་བའི་རྗེས་དང་། བཤང་བ་བཏང་བའི་རྗེས་དང་། གཅི་བ་བཏང་བའི་རྗེས་དང་། མིག་སྨན་བཏང་བའི་རྗེས་ལ་བཏང་ན་མིག་གསལ་ཞིང་སྟོབས་དང་ལྡན་པར་འགྱུར་རོ།། སོ་ཤིང་ཟོས་པའི་རྗེས
་ལ་བཏང་ན་སོ་བརྟན་པར་འགྱུར་རོ།། རྒོད་པའི་རྗེས་ལ་ཐིགས་པ་གཉིས་བཏང་ན་རླུང་ཞི་བར་འགྱུར་རོ།། སྣ་སྨན་ལོ་བདུན་མ་ལོན་དང་། བརྒྱད་ཅུ་འདས་ལ་བཏང་མི་བྱ།། བཅོ་བརྒྱུད་མ་ལོན་དུད་མི་བདུག། མཁུར་བཀང་ལྔ་མ་ལོན
་པ་མིན།། ལོ་བཅུ་མ་ལོན་སྦྱང་མི་བཏང་།། བདུན་ཅུ་འདས་ལའང་མི་བྱའོ།། སྐྱེས་ནས་རྒས་པའི་བ.རཱ་དུ་ནི།། ཚོད་ཆུང་མྱས་བཏང་ལྟ་བུར་བསྔགས།། དེ་ནི་རྟག་ཏུ་བསྟེན་གྱུར་ནཱ།། ཚད་ཚོ་བ་ལྟར་ཡོན་ཏན་བསྐྱེ་།། འདི་ལ་བདམ་བྱེ་གང
་ཡང་མེད།། གནོ་དེ་ལས་ཆ་ད་ཆེར་ལྟར་འཇིགས་མེད།། ཅེས་བྱེ་བོ་ལ། སྨན་སྣ་ནས་བཏང་བ་ནི།། བྱིས་པ་ལོ་བདུན་མ་ལོན་པ་དང་། ལོ་བརྒྱད་ཅུ་ཡན་ཆད་འདས་པའི་ནད་པ་ལ་བཏང་བར་མི་བྱའོ།། བཅོ་བརྒྱད་མ་ལོན་དུང
་མི་འདུག་ཅེས་བྱ་བ་ནི། མི་ལོ་བཅོ་བརྒྱད་མ་ལོན་པ། མན་ཆང་ལ་ནི་དུང་བས་བདུག་པའི་སྨན་བཏང་བར་མི་བྱའོ།། དེ་བཞིན་དུ་མཁུར་བ་བཀང་ནས་དབོ་བའི་སྨན་ཡང་ལོ་ལྔ་མ་ལོན་པ་མན་ཆང་ལ་བཏང་བར་མི་བྱའོ།། དེ་བཞིན།
་དུ་མཁུར་བ་བཀང་ནས་དབོ་བའི་སྨན་ཡང་ལོ་བཅུ་མ་ལོན་པ་ལ་བཀྲུ་སྨན་གྱི་སྦྱང་མི་བྱ་བའོ།། དེ་བཞིན་དུ་ལོ་བདུན་ཅུ་ཡན་ཆད་འོངས་པའི་ན་ཚོད་དང་ལྡན་པ་ལ་ཡང་སྦྱང་བ་མི་བྱའོ།། དགག་པ་འདི་བཀྲུ་སྨན་བཏང་བའི་སྐབས་ཡིན་པོར་ཤེས་པར
་བྱའི། སྐྱུགས་སྨན་ནི་མ་ཡིན་ཏེ་བྱིས་པ་ནི་ཕལ་ཆེར་འོ་མ་དང་ཟ་བས་བད་ཀོན་ལས་བྱུང་བའི་ནང་ཡོད་པས་ན་ནང་ཐམས་ཅད་ལ་བཀྲུ་སྨན་བསྔགས་པ་མ་ཡིན་ནོ་ཞེས་བཤད་པའི་ཕྱིར་རོ།། ཡང་ཚད་རབ་ཏུ་ཆུང་བ་ཐིགས་གཉིས་པ་འདི
་ནི་སྐྱེས་ནས་ཞེས་བྱ་བ་བྱིས་པོ་ལོ་གཅིག་མ་ལོན་པ་ནས། འཆི་བ་ནས་རྒས་པའི་མཐར་ཐུག་པའི་བར་ལ་ཚང་ཆུང་བསྟེན་པ་བསྔགས་པ་ཡིན་ཏེ། དེ་ཡང་ཇི་ལྟར་མས་བཏང་པོ་སྐྱེས་ནས་རྒས་པའི་བར་དུ་བཏང་དུ་རུང་ཞིང་བསྔགས
་པ་ཡིན་པ་དང་འདྲ་བར་ཚོད་ཆུང་ངུ་འདི་བསྔགས་པ་ཡིན་ནོ།། ཚད་ཆུང་ངུ་དེ་རྟག་ཏུ་བསྟེན་ཅིང་རྒྱུན་དུ་གོམས་པར་བྱས་ན། ཐུན་ཚད་ཆེ་བ་དང་འདྲུ་བར་ཡོན་ཏན་སྐེད་པར་བྱེད་པ་ཡིན་ཏེ། དེ་བས་ན་སྐྱེས་ནས་རྒས་ཀྱི་བར་དུ་བསྔགས
་པ་ཡིན་ནོ།། སྣ་ནས་བཏང་བའི་སྨན་ཆུང་ངུ་འདི་ལ་ནི་སྔར་གྱི་ཚང་དུ་བསྟན་པའི་ཚེ་འབྲིང་གསུམ་ལྟར་བདམ་པ་ཡོད་པ་མ་ཡིན་ཏེ། སྣུམ་གྱི་ཆོ་གའི་སྐབས་ནས་བཤད་པའི་ཆོ་ག་ལྟ་བུ་བསྟེན་ཅིང་བསྲུང་མི་དགོས་སོ།། ཡང་ཆང
་ཆེན་པོ་བཏང་བ་ལས་གནོད་པ་འབྱུང་བའི་འཇིགས་པ་ཡོད་པ་ལྟར་འདི་ལ་དེ་ལྟ་བུའི་གནོད་པའི་འཇིགས་པ་འབྱུང་བར་མི་འགྱུར་རོ།། སྣ་སྨན་དོན་དུ་ཏིལ་མར་ཉིད།། རྟག་ཏུ་བསྟེན་པ་བསྔགས་པ་ཡིན།། མགོ་ནི་བད་ཀན་གནས་ཡིན་ཕྱིར།། སྣུམ
་གཞན་བདེར་གནས་ལ་མི་བསྔགས།། ཞེས་བྱ་བ་ལ། བདེ་བར་ནད་མེང་བར་གནས་པའི་སྐབས་སུ་སྣ་ནས་བཏང་བའི་སྨན་གྱི་དོན་དུ་ཏིལ་མར་ཉིད་བསྔགས་པ་ཡིན་གྱི། མར་ལ་སོགས་པའི་སྣུམ་གཞན་རྟག་ཏུ་བསྟེན་པ་བསྔགས་པ་མ
་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། མགོ་བོ་ནི་བང་ཀོན་གྱི་གནས་ཡིན་པའི་ཕྱིར་སྣུམ་གཞན་མི་བསྔགས་ཀྱི་ཏིལ་མར་ནི་བང་ཀིན་སེལ་བ་ཡིན་པས། དེའི་ཕྱིར་སྣ་མ་གཞན་མར་ལ་སོགས་པ་ནང་མེད་པའི་སྐབས་སུ་བཏང་བ་བསྔགས་པ་མ
་ཡིན་ནོ།། མྱུར་བྱེད་རྙིང་ཞིག་བྱུང་བ་དང་།། ཡོན་ཏན་ཆེ་དང་ཆུད་བྱེད་པའོ།། ཁྱད་པར་ཆད་ཆེན་ཚད་ཆུང་ལ།། གལ་ཏེ་མེད་པར་གྱུར་ན་ནི།། གང་ཞིག་སྤྱོངབཅས་གནོད་བཅས་པར།། ཚང་ཆེན་དག་ནི་སུ་ཞིག་སྟོན།། སྒྱུ་མ་དང་བཏུང་བ་རྟག
་ཏུ་བཤད།། སྤྱི་བོ་རླུང་དང་ཚོང་བར་གནས།། འཇམ་རྩི་ཚ་ཙན་མས་བཏང་ཚོང་།། དེ་དང་འདྲ་བར་རྣམ་པར་བསྟན།། ཞེས་བྱ་བ་ལ། འདི་ནི་ཡན་ལག་བརྒྱད་པ་བསྡུས་པ་ལས་གཞུང་རྩོམ་པར་བྱེད་པས་བཤད་པ། འདིར་ལ་ལ་ཞིག་གིས
་བཅུག་པ་ཡིན་མོ་དཀྱི། འོན་ཀྱང་འདིར་བཤང་པར་བྱ་སྟེ། གལ་ཏེ་ཚད་ཆེ་བ་སྔར་རྣམ་པ་གསུམ་དུ་བསྟན་པ་དང་། ཚད་ཆུང་ངུ་ཐིགས་པ་གཉིས་པ་དེ་དག་ལ་ཁྱད་པར་མེད་པར་འགྱུར་ན། སྤང་བར་བྱ་ཞིང་ཉེས་དམིགས་དང་བཅས་པའི
་ཚད་ཆེན་པོས་ནད་པ་གསོ་བར་གླེན་པ་སུ་ཞིག་བྱེད་དེ། ཚད་ཆུང་ངུ་འདིས་ཆོ་ག་མོད།། དེས་ན་འདི་གཉིས་ལ་ཡོན་ཏན་གྱི་ཁྱད་པར་ཅི་ཡོད་ཅེ་ན། དེའི་ཕྱིར་མྱུར་བྱེད་ཅེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ཏེ། ཚད་ཆེ་བ་དང་ཆུང
་བ་གཉིས་ནི། གཉིས་ཉིད་ཀྱི་ཁྱད་པར་གྲངས་ཇི་ལྟ་བ་བཞིན་དུ་མར་དུ་བྱེད་པ་དང་། རིང་བྱ་ཞིག་ན་བྱེད་པ་དང་། ཡོན་ཏན་ཆེ་བ་དང་། ཆུང་བར་བྱུང་བའི་ཁྱད་པར་མཆོག་སྟེ་ཐ་མ་དག་ཡོད་པ་མ་ཡིན་ཏེ། དེ་ཡང་ཆེ་ཚད་གསུམ་པོ་ནི་སྣུམ་གྱི་ལས
་ལ་སོགས་པ་མྱུར་དུ་བྱེད་པ་ཡིན་ནོ།། དེ་བཞིན་དུ་འདི་ཉིད་ཡོན་ཏན་ཤོས་ཆེ་བར་བྱེད་པ་ཡང་ཡིན་ནོ།། དེ་བཞིན་དུ་ཆུང་ཞིང་དམན་པར་ཡང་བྱེང་པ་སྟེ། དེ་ལྟ་བུའི་ཡོན་ཏན་གྱི་ཁྱད་པར་ཡོད་པ་ལ་བརྟེན་ནས། ཚད་ཆེན་པོར་བཤད་པ་གསུཾ
་བ་ནི། སྤང་བ་དང་བཅོས་གནོད་པ་དང་བཅས་སུ་ཟིན་ཀྱང་། ཚང་ཆེན་པོ་དག་བྱ་བ་ཁོ་ན་སྟོན་པ་ཡིན་ཏེ། དེ་བཞིན་དུ་སྐབས་ཀྱིས་གཞན་དག་ཀྱང་བཤད་པ་ཡིན་ཏེ། སྣུམ་དང་ས་མ་བཏུང་བ་ནི་སྤང་བར་བྱ་བ་དང་ཡང་བཅས་ཤིང་། མི་འཐུན
་པའི་གནོད་པའི་རྟགས་ཡོད་པ་དེ་སྣུམ་ཡང་དང་ཡང་བསྟེན་པའི་སྐབས་སྤང་བ་མེད་པ་མ་ཡིན་ཡང་། འོན་ཀྱང་ཞུན་མར་ལ་སོགས་པའི་སྣུམ་དངས་མ་བསྟེན་པར་བཤད་པ་ནི། མྱུར་དུ་བྱེད་པ་དང་། ཡོན་ཏན་ཆེ་བའི་ཕྱིར་རོ།། དེ་བཞིན
་དུ་སྤྱིལ་བུར་གནས་ནས། ཅུད་ཀྱི་ས་ལེན་ཉེ་བར་བསྟེན་པ་དང་། དེ་བཞིན་དུ་རླུང་དང་། ཚད་པར་གནས་ནས་རླུང་དང་ཉི་ཚན་གྱི་ཚོ་གས་བཅུད་ཀྱིས་ལེན་བསྟན་པར་བྱེད་པ་དེ་གཉིས་ལ་ཁྱད་པར་མེད་པར་གྱུར་ན་སྤྱིལ་བུ
་གནས་པའི་ཆོ་ག་སྤང་བ་དང་། གནོད་པ་དང་བཅས་པ་སུ་ཞིག་སྟོན་པར་བྱེད་ན། གང་གི་ཕྱིར་སྤྱིལ་བུ་ལ་གནས་པ་ནི་མྱུར་བར་བྱེད་པ་དང་། ཡོན་ཏན་ཆེ་བ་ཡིན་ལ། རླུང་དང་ཚང་པར་གནས་པ་ནི་རིང་ཞིག་ན་བྱེད་པ་དང་། ཡོན་ཏན་ཆུང་བ
་ཡིན་ཏེ། ཚང་འདི་གཉིས་ཀྱི་ཁྱད་པར་ཡང་དེ་དང་འདྲའོ།། དེ་བཞིན་དུ་འཇམ་རྩི་མས་བཏིང་བའི་ཚད་ཀྱང་དེ་དང་འདྲེ་བར་བཤང་པ་ཡིན་ཏེ། དེས་ན་འཇམ་རྩིམས་བཏང་བ་ནི། མྱུར་དུ་བྱེད་པ་དང་ཡོན་ཏན་ཆེ་བ་ཡིན་ལ། འཇམ
་རྩི་ཚང་ཤིན་ཏུ་ཆུང་བའི་མསཽ་བཏང་བ་ནི་རྙིང་ཞིག་ནུ་བྱེད་པ་དང་། མོ་ནི་ཏཱན་ཆུང་བ་ཡིན་ནོ།། དེ་བས་ན་ཁྱད་པར་འདི་གཉིས་ལ་བསྟེན་ནས་འཇམ་རྩི་ཆང་དང་ལྡན་པ་དག་ནི་སྤང་བར་བྱ་བ་དང་། གནོད་པ་དང་བཅས་སུ་ཟིན་ཀྱང་བཤད
་པ་ཡིན་གྱི། མས་བཏང་བ་ཆུང་ངུ་ཆུང་ངུས་བྱེད་པ་ག་ཅིག་དུ་མཱ་བཤད་དེ། འདི་གཉིས་ནི་འབྲས་བུ་ཁྱད་པར་ཡོད་པ་ཡིན་ནོ།། ཛ་ལ་སྒྲོན་བྲིང་ཛཱི་བནྟི། གླ་སྒང་ཤིང་ཆ་པུ་ཤེལ་ཙི།། གོ་བི་ཙན་དན་སྐྱེར་བའི་རྩ། ཤིང་མངརརཱ་གླ་བ
་ཨ་ག་རུ།། 1ཊ་ཤིང་བལླི་པུཾ་ཎྜ་རཱི།། ཨུཏྐོ་ལ་མུརྻ་བརྞི་ག་ཉིས། འབྲི་ཧ་ཏཱ་གཉིས་བི་ཊཾ་ཀ། གནྡྷེ་བ་ཏཱ་སུག་སྨེལ་དང་། ཧ་རཱི་ནཱ་ཀཾ་པདྨ་ཡི། གེ་སྱར་དདྷནྟི་བཱ་ལ་ཏེ།། སྨན་ནི་འདི་རྣམས་ཆ་བསྙེམས་ལ།། ཆར་པའི་ཆུས་ནི
་བསྐོལ་བར་བྱ།། ཏིལ་མར་ལས་ནི་སྨན་གྱི་ཁུ།། བཅུ་འགྱུར་ལྷག་བྱ་དེ་ལས་ནི།། ཏིལ་མར་ཆུ་དང་བསྐོལ་བྱ་བཾ། ལན་བཅུ་ཉིད་ནི་བསྐོལ་བྱ་བ། ཆོས་པ་ཡི་ནི་བཅུ་ཆ་ལ།། དེ་མཉམ་ར་ཡི་འོ་མ་བླུག། སྣར་བཏང་ཏིལ་མ
་ཡོནྟ་ཏན་ཆེ།། ཐིགས་ཕྲན་ཞེས་བྱ་འདི་བསྟེན་བྱ།། ཞེས་བྱ་བ་ལ། ཛ་ལ་ཞེས་བྱ་བ་ནི་རྩོ་སྠཱན་བྷཱ་ལ་ཀཱའོ།། ཛཱི་བནྟི་ནཱི་གྲགས་པར་ཟང་ངོ་།། གོ་བི་ནི་ཤི་རི་བཱའོ།། གླཱ་བ་ནི་པཱུ་རི་ཕེ་ལའོ།། ཉེའུ་ཤིང་ནཱ་ཤ་ཏཱ
་བ་རིའོ།། པཱཎྜཱ་རཱི་ནཱི་པྲ་པུཎྜ་རཱི་ཀའོ།། ཨུཏྤ་ལ་ནི་ཨུཏྤ་ལ་སྔོནརྀ་པོའོ།། མུརྦཾ་ནི་གནྡྷ་མྲྀརྦའོ།། པརྞི་གཉིས་ནི་ས་ལ་པཽརྟྟི་དང་། པྲཱྀསྟྲ་བརྞིའོ།། བྲི་ཧ་ཏ་གཉིས་ནི་བྲི་ཧ་ཏ་དང་། ཀཎྜ་ཀཱ་རིའོ།། ཧ་རེ་ནུ་ཀ་ནཱི་ནེ་རུ་ཀའོ།། པདྨའི་ག་སར་ནི་པདྨའི
་སྙིང་པོའི་གེ་སར་རོ།། པཱ་ལ་ནི་གྲགས་པར་ཟད་ངོ་།། སྨན་འདི་རྣམས་ལེགས་པ་ར་ཆ་བསྙམས་ལ། དེའི་བརྒྱ་འགྱུར་གྱི་ཆར་པོའི་ཆུ་དང་བསྐོལ་བ་ཇི་སྲིད་ཏིལ་མར་གྱི་བཅུ་འགྱུར་ལུས་པར་འགྱུར་གྱི་བར་དུ་བསྐོལ་བར་བྱའོ།། དེ་ལྟར
་སྨན་གྱི་ཁུ་བ་ཏིལ་མར་གྱི་བཅུ་འགྱུར་ལུས་པར་བྱས་ལ། དེའི་འོག་ཏུ་བསྐོལ་བའི་ཆུ་ཏཱིལ་མར་གྱི་བཅུ་འགྱུར་ཡོད་པ་ལ། དེ་ལ་ཏིལ་མར་ཆ་གཅིག་དང་། ལན་བཅུའི་བར་དུ་བསྐོལ་བར་བྱེའི། ལྷག་པ་འམ་མི་ཚང་བ་མོ་ཡིན་ནོ།།
་འདི་ཉིད་ཅེས་བྱ་བ་ངེས་པར་བཟུང་བ་སྨོས་པ་ཡིན་ནོ།། དེའང་ཏིལ་མར་ཚོས་པའི་ཚད་ནི་ཅི་ནས་སྨན་བསྐོལ་བའི་ཆུ་དེ་བཅུ་ཆ་རེ་རེ་དང་སོ་སོར་བསྐོལ་བས་རྟོགས་ཀྱི་བར་དུ་བསྐོལ་ནས།། ཏིལ་མྱུར་དེ་ཆོས་པར་གྱུར་པ་དེ་ལྟར་བྱའོ།།
་ཆོས་པ་བཅུ་ཚོ་དེ་དང་མཉམ་པའི་རིའི་འོ་མ་བླུགས་པར་བྱ་སྟེ། གང་དང་མཉམ་ཞེ་ན། ཏིལ་མིར་ངང་བསྐོལ་བའི་ཆུ་དང་མཉམ་པར་བྱའོ།། དེ་ཡང་འདི་སྐད་སྟོན་པ་ཡིན་ཏེ། ཛ་ལ་དང་སྒྲོན་ཤིང་ལ་སོགས་པའི་སྨན
་མཉམ་པཱ་སྲུང་སུམ་ཅུ་རྩ་གཉིས་པ་ཕྲག་བརྒྱ་སྟེ། སུམུ་སྟོང་ཉིས་བརྒྱ་བསྐོལ་ལ། བསྐོལ་བའི་སྨན་ཁུ་ལྷག་མ་སྲང་སུམ་བརྒྱ་ཉི་ཤུ་ལུས་པར་བྱས་ཏེ། དེའི་བཅུ་ཚྭ་སྤྱན་ཁུ་སྲང་སུམྦ་ཅུ་རྩ་གཉིས་དང་། ཏིལ་མར་སྐད་སུམ
་ཅུ་རྩ་གཉིས་བསྐོལ་བར་བྱའོ།། དེ་བཞིན་དུ་བསྐོལ་བ་བཅུ་པོའི་སྐབས་སུ་ཏིལ་མྱུར་དང་མཉམ་པའི་རྀའི་འོ་མ་སྲང་སུམ་ཅུ་རྩ་གཉིས་གཞུག་པར་བྱའོ།། སྣ་ནས་བཏང་བའི་ཏིལ་མར་འདི་ནི་ཡོན་ཏན་ཚྭ་ཞིང་བསྟེན་པར་བྱ་བ་ཡིན་པར
་དྲང་སྲོང་རྣམས་ཀྱི་བཤད་ལ། འདིའི་མིང་ནི་ཐིགས་ཕྲན་ཞེས་བྱ་སྟེ། མགོ་བོའི་ཆའི་རྩཝ་ཕྲན་རྣམས་སུ་ཏིལ་མེར་དང་མཉམ་ཐིགས་པ་ཕྲ་མོ་སཽ་ནང་དུ་འཇུག་པར་ནུས་པའི་ཕྱིར། ཏཱིལ་མར་འདི་ལ་ཐིགས་ཕྲན་གྱི་ཏཾ་ལོ་མར་ཞེས་དོན
་དང་ལྡན་པའི་མིང་བཏགས་པ་ཡིན་ནོ།། སྐུ་ནས་བཏང་བའི་སྤྱན་བསྟེན་པས།། ཕྲག་པ་མགྲིན་པ་དཔུང་མགོ་ནི།། མཁྲེགས་ཤིང་མཐོ་ལ་པགས་མདོག་གསིལ།། དབང་བརྟན་སྒྲོ་དཀར་མེད་པར་འགྱུར།། ཞེས་བྱ་བ་ལ། དེ་ལྟར་བསྟན
་པའི་སྣ་ནས་བཏང་བའི་སྤྱན་བསྟེན་ཅིང་གོམས་པར་བྱས་པས་ནི། སྐྱེས་བུ་དེ་ཕྲག་པ་དང་། མགྲིན་པ་དང་དཔུང་མགོ་མཐོ་ཞིང་སྒྲ་ལ་མཁྲུགས་པར་འགྱུར་བ་དང་། བགོས་པའི་མདོག་གསལ་ཞིང་དང་སོ་པར་འགྱུར་བ་དང་། དེ
་བཞིན་དུ་མིག་ལ་སོགས་པའི་དབང་པོ་བརྟན་ཞིང་ཡུལ་འཛིན་པར་ནུས་པ་དང་། སྐྲ་དཀར་མེད་ཅིང་རྒས་སྲ་བ་ཉིད་དུ་འགྱུར་བ་ཁོ་ན་ཡིན་ནོ།། ཡན་ལ་ག་བརྒྱུད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ། ཚིག་གི་དོན་གྱི
་ཟླ་ཟེར་ཞེས་བྱ་བྱ། སློབ་དཔོན་ཟླ་བྲ་ལ་དགའ་བས་རྣམ་པར་སྦྱར་བ་ལས།། ། ལེའུ་ཉི་ཤུ་པའི་རྣམ་པར་འགྲེལ་པའོ།། ། དེ་ནས་སྨན་གྱི་དུད་པ་བཏང་བའི་ཆོ་གའི་ལེའུ་བཤང
་པར་བྱའོ།། ཞེས་བྱ་བ་ལ། འོདི་བརྩམས་པོའི་འབྲེལ་པ་ནི་འདི་ཡིན་ཏེ། སྔར་བཤུང་པ་འི་སྨན་སྣ་ནས་བཏང་བའི་རྗེསཱ་ལ། དུད་པ་བརྔུབས་ཏེ། མཁུར་བ་བཀང་ནས་དབོ་བཱར་བྱའོ།། ཞེས་སྔར་བཤད་པས་ན། དུད་པ་དེའི་ཚིག
་འདི་དང་འདི་ལྟར་བྱའོ།། ཞེས་བྱ་བའི་ཚུལ་གྱི་ལེའུ་བཤང་འདི་པ་ཡིན་ནོ།། ནམ་ཚོང་ཡན་ཆད་བདེ་རླུང་ལས། བྱུང་བའི་ནད་རྣམས་མི་སྐྱེ་དང་།། སྐྱེས་པ་རྣམས་ནི་བསལ་བའི་ཕྱིར།། མཁས་པས་རྟག་ཏུ་དུད་པ་རྔུབ།། ཅེས་བྱ་བ
་ལ། ན་མཚོང་ཡན་ཆོད་ཀྱི་པདྨ་ཀོན་ལས་བྱུང་བའི་ནང་དང་། རླུང་ལས་བྱུང་བའི་ནད་དང་། དེ་བཞིན་དུ་བདེ་ཀན་དང་རླུང་འདྲེས་པ་ལས་བྱུང་བའི་ནང་རྣམས་མི་འབྱུང་བར་བྱ་བའི་ཕྱིར་དང་། དེ་བཞིན་དུ་སྐྱེས་ཤིང་བྱུང་བ་རྣམས
་བསལ་ཞིང་གཞོམ་པར་བྱ་བའི་ཕྱིར། སྐྱེས་བུ་མཁས་པ་པ་དག་ལ་ཕན་པར་འདོད་པས་རྟག་པར་དུས་ཐམས་ཅང་དུ་དུད་པའི་སྨན་རྔུབ་ཅིང་བཏང་བར་བྱའོ།། དེ་ནི་འཇོམ་དང་བར་དང་རྣོ།། རླུང་དང་བད་ཀན་ལ་བཏང་ངོ་ཞེས
་བྱ་བ་ལ། དུད་པ་དེ་ནི་འཛམ་པ་དོང་བར་མ་དང་། རྣོ་བའི་དབྱེ་བས་རྣམ་པ་གསུམ་ཡོད་དོ།། དེ་ལས་འཇམ་ཞིང་སྣུམ་པ་ནི།། བད་ཀིན་ཅུང་ཟད་དང་ལྡན་པོའི་རླུང་ནད་ལ་བཏང་བར་བྱའོ།། བར་མེ་ནི་རླུང་དང་བང་ཀན་འདྲེས་པའི་ཆ
་མཉམ་པ་ལ་བཏང་བར་བྱའོ།། རྣོན་པོ་ནི་བང་ཀན་ལ་བཏང་བར་བྱའོ།། དེ་ལ་འཇམ་པ་ནི་རྟས་པར་བྱེད་པ་དང་། སྣུམ་དང་། འཇམ་པ་ཞེས་བྱ་བ་རྣམ་གྲངས་ཡིན་ནོ།། བར་མ་ནི་ཞི་བར་བྱེད་པ་དང་། སྦྱོར་བ་ཅན་ཞེས་བྱ་བ་རྣམ་གྲངས
་ཡིན་ནོ།། རྣོ་བ་ནི་སྦྱོར་བ་དང་བཀྲུ་བ་ཞེས་བྱ་བ་རྣམ་གྲངས་ཡིན་ནོ།། མཁྲིས་པ་དང་ཁྲག་གིས་ཉེན་པོ་དང་།། ཁྲུས་བཏང་དམུ་རྫིངས་ཟ་ཁུ་དང་།། རབ་རིབ་སྒྲོམ་དང་སྟོད་རླུང་ནད་།། ལྐོག་ནད་མས་བཏང་བྱས་པ་དང་།། ཉ་དང་ཆང་དང་འོ་མ
་ཞིན་སྦྲང་རྩི་མར་དང་དུག་འཐུངས་སོགས།། མགོ་ནང་སྐྱུ་རྦབ་ནང་ཅན་ནི།། མཚན་གཉིང་མ་ལོག་ལ་མི་བཏང་།། ཞེས་བྱ་བ་ལ། དུད་པ་དེ་ནི་མཁྲིས་པ་དང་ཁྲག་གི་ནི་ད་ཀྱིས་ཉེན་པ་དང་། བཀྲུ་སྨན་བཏང་བ་ལ་སོགས་པ་ལ།
་བཏང་བར་མི་བྱའོ།། སྟོད་ཀྱི་རླུང་ནད་ནི་རོ་སྟོད་ཀྱི་རླུང་ནང་ངོ་།། ལྐོག་ནང་ནི་ལྐོག་མ་འགགས་པ་ལ་སོགས་པའོ།། ཉ་དང་ཚང་འཐུངས་པ་ལ་སོགས་པ་མཚན་མོའི་གཉིད་ཀྱིས་མ་ལོག་པ་ལ་དུ་བའི་སྨན་བཏང་བར་མི་བྱའོ།། གལ་ཏེ་དུད་པ་ཆེར
་བརྔུབས་ན།། ཁྲག་དང་མཁྲིས་འཕེལ་འོན་ལོང་དང་།། སྐོམ་དང་བརྒྱལ་དང་རྨོངས་པར་བྱེད།། དེར་ནི་བསིལ་བའི་ཆོ་ག་པན།། ཞེས་བྱ་བ་ལ། དུད་པ་གསུམ་པོ་དུས་མ་ཡིན་པར་བརྔུབས་པ་འམ། འགགས་པའི་གོནས་ལ་བརྔུབས་པ་འམ།
་སྦྱོར་བ་ནོངས་པས་བརྔུབས་པ་དང་། ཆེར་བརྔུབས་ཤིང་ལྷག་པར་བརྔུབས་པ་ནི།། ཁྲག་དང་མཁྲིས་པ་འཕེལ་བར་འགྱུར་བ་དང་། དེ་བཞིན་དུ་འོན་པ་སྟེ་རྣ་བའི་དབང་པོ་ལ་གནོད་པར་འགྱུར་བ་དང་། མིག་ལོང་ཞིང་མཐོང་བ་ཉམས
་པ་དང་སྐོམ་པ་དང་། དེ་བཞིན་དུ་བརྒྱལ་ཞིང་འབོག་པ་དང་། རྨོངས་བྱེ་ཤིང་མྱོས་པར་བྱེད་དོ།། ཁྲག་དང་མཁྲིས་པ་ཡང་འཕེལ་བ་ལ་སོགས་པ་དེར་ནི་བསིལ་བའི་ཆོ་ག་སྟེ། སྨན་སྣ་ནས་བཏང་བ་དང་། ཁ་བསྐུ
་བ་དང་། མིག་སྨན་དང་། ཆུས་གཏོར་བ་དང་། ཟས་དང་སྐོམ་པོའི་ཆོ་ག་ཐམས་ཅད་བསིལ་བར་བྱས་པ་ཕན་ནོ།། བཀྲིས་སྦྲིད་གླུལ་དང་བཤང་གཅི་བསལ།། བུད་མེད་བསྟེན་དང་གཏར་ག་བཏབ། རྒོད་དང་སོ་ཤིང་བཅས་པ་ཡི།། མཐར་ནི
་དུད་པ་འཇམ་པོས་བཏང་།། ཞེས་བྱ་བ་ལ་སོགས་པ་བརྒྱད་ཀྱི་མཐར། དུད་པ་འཇམ་པོ་རྔུབ་ཅིང་བཏང་བར་བྱའོ།། དུད་འདི་དག་དང་མཚན་ཟས་ཟོས།། སྣ་སྨན་རྗེས་ལ་བར་མ་རྔུབ།། ཅེས་བྱ་བ་ལ། དུས་བརྒྱད་པོ་འདི་དག་ཉིད་ཀྱི་ཚེ་དང་མཚན
་མོའི་མཐའ་དང་ཟས་ཟོས་པའི་མཐའ་དང་། སྣ་སྨན་བཏང་བའི་རྗེས་ལ་དུད་པ་བར་མ་རྔུབ་དུ་རུང་སྟེ། དུད་པ་འཛོམ་པོ་བཏང་བའི་དུས་བརྒྱད་དང་མཚན་མོའི་མཐའི་ལ་སོགས་པར་དུ་བ་བརྔུབ་པར་བྱའོ།། གཉིད་ལོག་སྣ་སྨན་མིག་སྨན་ཁྲུས།། སློན
་པའི་རྗེས་ལ་རྣོན་པོས་བཀྲུས།། ཞེས་བྱ་བ་ལ་གོ་ཉིད་ལོག་པ་ལ་སོགས་པའི་རྗེས་ལ་སྨན་རྣོན་པོས་མགོ་བོ་བཀྲུས་པའི་དུང་བ་བརྔུབ་པར་བྱའོ།། མས་བཏང་གཅེའུ་འདྲར་བྱས་པ་ཡི། དུད་གཙོའུ་སྔགས་གསུམ་དྲིང་པོར་བྱ། རྩ་བ་མཐེབ
་ཤོང་རྩེ་མོ་ནི།། རྒྱ་ཤུག་ཤོང་བའི་ཚོད་དུ་བྱ།། ཞེས་བྱ་བ་ལ། དུ་བ་བརྔུབ་པའི་གཙེའུ་ནི། མས་བཏང་བའི་ག་ཅེའུའི་རྒྱུ་དང་འདྲ་བར་བྱའོ།། དེ་བཞིན་དུ་སྦུབས་གསུ་མོ་པོ་སྟེ། ནང་གི་ཁོང་སྦྱོ་བས་དང་ཁ་གསུམ་བར་བྱ་བ་དང་།
་དྲུང་ཞིང་ཡ་ཡོ་མེད་པར་བྱ་བ་དང་། དེ་བཞིན་དུ་རྩ་བའི་སྦོམས་མཐེ་བོ་ཤོང་བ་ཙམ་བྱ་བཱ་དང་། རྩེ་མོ་བུ་ག་རྒྱ་ཤུག་གི་འབྲས་བུ་ཤོང་བར་བྱའོ།། དེ་ཡི་ཚད་ནི་རྔུབ་བྱེད་པའི།། སྣོར་ནི་ཉི་ཤུ་སུམ་ཅུ་གཉིས།། བཞི་བཅུ་རྣོ་དང་བར་མ་དང་།། འཇ།
་པོ་ལ་ནི་རིམ་བཞིན་བྱ།། ཞེས་བྱ་བ་ལ་རྣོན་པོ་ལ་སོགས་པའི་དུད་པ་གསུམ་ལ། དེའི་གཅེའུ་འཚད་ནི་རིམ་པ་བཞིན་དུ་རྣོན་པོ་གཏོང་བ་ལྀ་རྔུབ་པར་བྱེད་བཱི་ནད་བཱི་སཱི་ཉི་ཤུ་རྩ་བཞི་བྱའོ།། བར་མྱ་ལ་སོར་སུམ་ཅུ་རྣ་གཉིས་སོ།། འཇམ་པོ་ལ་ནི།
་སོར་བཞི་བཅུ་བྱ་སྟེ། དེ་ལྟར་ནརྀ་གཅེའུ་རིང་པོ་ནས་ཐག་རིང་པོ་ལས་འཇུག་པའི་གཅེའུའི་སྦུབས་ཀྱི་བར་ནས། བླ་མོ་རིམ་གྱིས་ཞུགས་པས་ཁྱབ་ཅིང་བདེ་བར་བྱེད་པར་འགྱུར་རོ།། དྲང་པོར་འདུག་ཅིང་དེ་ལ་སེམས།། ཁ་གདངས་ནུས་ནི
་ལན་གསུམ་བརྔུག།། སྣ་ཁུང་རེ་རེ་བཀག་ནས་ནི།། སྨར་ནི་དུད་པ་བརྔུབ་པར་བྱ།། ཞེས་བྱ་བ་ལ། དུད་པ་གཏོང་བའི་ཚེ་དྲང་པོར་འདུག་ཅིང་། མོ་ཡོ་བར་གནས་པར་བྱ་བ་དང་། དེ་བཞིན་དུ་དེ་ལ་སེམས་པ་སྟེ། དུད་པ་བརྔུབ་པ་ལ་སོགས
་པ་ལ་མ་ཡེངས་པ་དང་། དེ་བཞིན་དུ་ཁ་གདངས་ཤིང་མཆུ་དང་སོ་ཕྱེ་ནུས་དུ་བ་ལན་གསུམ་བརྔུབ་ཅིང་བཏང་ལ། སྣ་ཁུང་ཡེ་གཅིག་བཀག་ནུ་སྟུ་ཁུང་གཅིག་ན་དུ་པོ་ཛུབ་ལོ་དེ་བཞིན་དུ་སྣ་ཁུང་གཉིས་རེ་རེ་ནས་བཀག་ཅིང་དུད་པ་ལྡན
་གསུམ་བརྔུབ་པར་བྱའོ།། མགོ་དང་སྣར་གཏོགས་ནད་བསྐྱོད་པ།། དང་པོར་སྣ་ནས་བརྔུབ་པར་བྱ།། བསྐྱོད་པའི་དོན་དུ་ཁི་ནས་བརྔུབ།། གྲེ་བར་གཏོགས་པ་དེ་ལས་བཟློག་ཅེས་བྱ་བ་ལི། མགོ་དང་སྣར་གཏོགས་པའི་ནང་བསྐྱོད་ཅིང
་བསྡུད་པ་ལ། རང་ཉིད་བསྐྱོད་པའི་ནད་ལ་ནི།། དང་པོར་ཏེ་ཐོག་མར་སྣ་ནས་བརྔུབས་ལ།། ཕྱིས་ཁ་ནས་བརྔུབ་པར་བྱའོ།། མགོ་དང་སྣར་གཏོགས་པའི་ནང་མ་ལོངས་པ་ལ་ནི་དེ་བསྐྱོད་ཅིང་བསྡུ་བར་བྱ་བའི་ཕྱིར་དང་པོ་ཁ་ནས་བརྡུ
་ལ་ངོའི་འོག་ཏུ་སྣ་ནས་བརྔུབ་པར་བྱའོ།། གྲེ་བའི་ནནོང་ལ་ནི་དེ་ལས་བཟློག་པའི་ཚུལ་གྱིས་བརྔུབ་པར་བྱ་སྟེ། གྲེ་བོའི་ནང་བསྐྱོད་ཅིང་གློངསོ་པ་ལ་ནི་དང་པོར་ཁ་ནས་ངུང་པ་བརྔུབས་ལ། ཕྱིས་སྣ་ནས་པ་རྔུབ་པར་བྱའོ།། གྲི་བའི་ནོང་མ་བསྐྱོད་ཅིང་མ
་བསྡུས་པ་ལ་ནི། དེ་བསྐྱོད་པར་བྱ་བའི་ཕྱིར་དང་པོར་སྣ་ནས་དུད་པ་བརྔུབས་ལ། ཕྱིས་ཁ་ནས་བརྔུབ་པར་བྱའོ།། དུ་ག་བ་ཉིད་ནས་སྨོན་གྱི།། སྣར་སློན་མིག་ལ་གནོད་པར་བྱེད།། ཅེས་བྱ་བ་ལ། སྣ་ནས་བརྔུབས་པོའི་དུད་པ་དང་། ཁ་ནས་བརྔུབས་པའི
་དུད་པ་ནི་གཉི་ག་ཡང་བ་ཉིད་ནིས་སྨོན་ཅིང་ཕྱིར་གནོད་པར་བྱ་བའི། མིག་ལ་གནོད་པར་བྱེད་པའི་འཇིགས་པ་ཡོད་པའི་ཕྱིར་སྣ་ནས་སྨོན་པར་མི་བྱའོ།། དུ་བ་བརྔུབ་དང་འབྱིན་པ་ཡི།། ལན་ནི་གསུམ་སུམ་བརྔུབ་པར་བྱ།། ཞེས་བྱ་བ་ལ་དུ་བརྔུབ
་བ་ནི་ལན་གསུམ་གསུམ་རྔུབ་པ་དང་འབྱིན་པའི་ཚུལ་གྱིས་རྔུབ་པར་བྱའོ།། འཇམ་པོ་ཉིན་གཎྜཱི་གྲཱྀ་ལན་ཅིག་བཏང་། བར་མ་ལོན་གཉིས་སྦྱོར་བ་ནི།། ལོན་གསུམ་ལན་བཞི་བཏོང་བར་བྱ།། ཞེས་བྱ་བ་ལཱ། དུ་བ་འཇམ་པོ་ནི་ཉི་མ་འོངས་པ་ལ་རླུང
་གི་བཏང་བར་བྱ་བའི་ནོད་རྣམས་ལ་ལ་ནོ་གཅིག་བཏང་བར་བྱའོ།། དེ་བཞིན་དུ་དུད་པ་བར་མ་ནི་ཉི་མ་རངས་པའི་ནང་དུ་རང་གིས་བཏང་བར་བྱ་བའི་ནང་རྣམས་ལ་ལན་གཉིས་བཏང་པོར་བྱའོ།། དེ་བཞིན་དུ་སྦྱོར་བའི་དྲུང་བ་རྣོན་པོ་ནི་ཉིན་གཅིག
་ལ་རང་གིས་བཏང་བར་བྱ་བའི་རླུང་རྣམས་ལ་ལན་གསུམ་མམ་བཞི་བཏང་བར་བྱའོ།། དེར་སྨན་དུ་གུལ་ཨ་ཀ་རུ།། གླུ་སྦྲང་རྡོ་དྲུག་ཐོ་ནེ་ཡ།། སྤྱད་སྦྲུས་ཨུ་ཤི་བ་ལ་ཀ། ཤིང་ཆ་ཀྲོནྟི་ཤིང་མཱངར་དང་།། བལ་རླུང་ཨེ་ལཱ་བ་ལུ་ཀ། བོག་དཀར་ཤིར་བེས
་ཀ་བྱཱ་མ་ཀ་གླ་བ་སྒྲ་ཚིལ།། བོག་ཞག་གླུར་གྷུ་མ་མཱ་ཥ་དཱང་།། ཀུནྡ་ཏུ་རུ་དང་ན་སྠོ་དང་ཏི་ལ།། སྣུམ་བ་ཅོས་འབྲས་བུ་སྙིང་པོ་དང་།། ཚོལ་དང་རྐང་དང་ཞྭག་དང་མར།། ཞེས་བྱ་བ་ལ། དྭེ་ལ་སྨན་གྱི་དུ་བ་གསུམ་བློ་དེ་དག་གི་ནཱ་དཱ་ནས་དུ་བྱ་བ་རྔམ་པོའི་སྨན
་དོནྟི། གུ་གུལ་ནཱིས་མར་གྱི་བར་མིན་ནོ།། དྷྲྀག་ནི་ཤཻམྦོ་སྨྲྀ། ཕ་བོ་གྱི་དྷཱག་པའོ།། ཡང་ན་བྲག་སྦྱིན་ལ་བྱའོ།། སྣརོན་ལ་ནི་ཏེ་ལ་པ་ཏཱ་ཀའོ།། སྦེང་སྨྲོས་ནི་ན་ལ་ཀའོ།། ཀོརྡྷ་ནཱཾ་ཧཱི་ར་ནུ་ཀཛཱི།། བིལླཱཥྚི་རླུང་ནི་བིསྠིའི་རླུང་ངོ་།། ཨེ་ལ་བ་ལྲྀ།
་ནཽ། ཏི་རཱི་གྲྀ་འུ་ཀཱའོ།། ཤི་རི་བིས་སྱཱ་ཀ་ནི། ཤ~ཾ་རྀ་བཱགྷ་སྟཱ་ཀཱ་སྟཱཾ། བྷཱུང་ཤིང་གི་ཐང་ཆུའོ།། བོག་དཀར་པོ་ནི་སཎྜོ་ར་སའོ།། བྱཱ་མ་ཀ་ནི་ད་བ་དྷཱཀྟཱའོ།། གྷཱ་དཱ་ནཱི་བནྡྷ་མའོ།། བོག་ན་པོ་ནི་ས་ལཾ་ཀྵའོ།། མཱུ་ཥ་ནི་མོན་སྲན་གྲེའུའོ།། སྒྱུམ་དང་བཅས་པའི
་འབྲས་བུ་ནི་སྭ་ཚྭའི་འབྲས་བུ་ལ་སོགས་པའོ།། དེ་བཞིན་དུ་སྙིང་པོ་ནི་ཤིང་སཱ་ལ་དང་། ཨ་ག་རུ་དང་། ཐང་ཤིང་དང་། ཤིང་ཤཾ་བ་ལ་སྩོགས་པའི་སྙིང་པོའི་ཁུ་བའི་སྣུམ་མོ།། ཡང་དེ་བཞིན་དུ་ཚུལ་དང་རྐང་དང་ཞེས་དང་མིར་དང་སྦྱར་བ་ལས
་དྲུང་པའི་སྨྱན་བྱའོ།། ཞི་བ་བོ་གནས་རྒྱ་སྐྱེགས་དང་།། རྒུན་འབྲུམ་པདྨ་ཨུཏྤ་ལ།། ནྱ་གྲོ་དྷ་དང་ཨོཾ་ཤྲདྡྷ། ཨུ་དུ་བར་པླཀྵ་དང་།། ཕྲེང་བྲོམ་ཐུན་བཀར་དང་།། ག་མིའི་ངཀླུ་ཤིང་ཐུག་པ་བཙོང་།། དྲི་ལས་རྒྱ་སྐྱེས་སྲེ་རྣཾ་ཞེས་བྱ
་བ་ལ་ཞི་བར་བྱེད་པའི་དུ་བྱའི་སྨན་ནི་བོག་ནག་པོ་དང་། རྒྱ་སྐྱེགས་ལ་སོགས་པ་ལ་བྱ་སྟེ། ནྱ་གྲོ་དྷ་ལ་སོགས་པ་ཤིང་ལྔའི་ཤུན་ལྤགས་ལས་སྦྱར་རོ།། ཀླུ་ཤིང་གི་ཤུན་ལྤགས་ནི་ནཱ་ག་གེ་སར་གྱི་ཤིང་གི་ཤུན་པའོ།།
་ཤུག་པ་ནི་ཧོ་མ་པདྨ་ཁའོ།། བཙོད་ནི་མཉྫི་ཏཱའོ།། དྲིའི་རྫས་རྣམས་ལས་རྒྱུ་སྤོས་དང་། རུ་རྟ་བསྐོལ་ཞིང་མ་གཏོགས་པར་བྱས་པའི་དྲིའི་རྫས་ཐམས་ཅད་དོ།། རྣོན་པོ་ཛྲྀ་ཏི་སྟན་ནི་དང་། སྐྱེར་བ་དང་ནཱི་རྩུ་བ་བཅུ།། ལྡོང་རོས་པ་ལ་རྒྱ་སྐྱེགས
་དང་། གི་རཾ་ཀཱ་རཱ་ད།། རུ་འབྲས་བུ་གསུམ།། དྲྀ་ཡི་སྨན་ལས་རོ་རྣོ་བའི།། མགྲི་བོའི་བཀྲུ་སྨན་སྡེ་ཚུན་ནོ།། ཞེས་བྱ་བ་ལ། དྲོད་པའི་སྨན་རྣོན་པོ་ལ།། ཛོ་ཏི་ལ་སོགས་པའི་སྨན་རྣམས་ཡིན་ཏོ། ཛེ་ཏི་སྨཱ་ཏཱི་ནི། གྲང་གུ་ནི་ཀའོ།། རྩ་བ་བཅུ་ནི་རྩ་བ
་པ་ཆེ་ཆུང་གཉིས་པོ།། དྲིའི་སྤྲིན་རོ་རྣོ་བ་ནི་རུ་ཎྜ་ལཱི་སོགས་པའི་དྲི་ནྡོ་བའི་རྫས་སོ།། མགོ་བོའི་སྡེ་ཚན་གྱི་སྔ་ནི་ཨུ་ཤི་ར་དང་། ཨ་པ་མརྦ་དང་། ཚ་བ་གསུམ་ལ་སོགས་པའི་སྨན་སྔར་སྨན་གྱི་སྡེ་ཚན་དུ་བ་ཤད་པའོ།། དེ་དགེ་ཞག་གཅིག
་ཆུར་སྦྱངས་ལ། དུ་བའི་སྨན་རྣམས་བཏགས་ནས་ནི།། ཐུར་མ་སོར་ནི་བཅུ་གཉིས་ལ།། ལན་ལྔའི་བེར་དུ་བྱུག་པར་བྱཱ།། འདུར་བུ་མཐེ་བོ་རྩམ་སྦོམ་ལ།། ནས་ཀྱི་དབྱིབས་དང་འདྲ་བར་བྱ།། ཞེས་བྱ་བ་ལེ། སྨནི་དེ་དག་སྦྱར་བ་ནི། དེ་དག་ཉིད
་ཞཞོག་གཅིག་ཆུར་བཅུག་སྟི་སྤངས་ལ། དུ་བའི་སྨན་རྣམས་ཆུ་ཐགས་སུ་ལེགས་པར་བཏགས་ལ་འངམ་བུ་ལ་སོགས་པའི་ཐར་མ་སོར་བཅུ་གཉིས་ཡོད་པ་ལ་འོ་གཉིས་གཉིས་ཙམ་གྱི་ལྡོ་གུས་ལནི་ལྔའི་བར་དུ་བྱུག་པར་བྱ་སྟེ།
་དེ་ཡང་གྲིབ་མ་ལ་སྐམ་ཞིང་ལན་ལྷའི་བར་དུ་བྱུགས་ལ། འདར་བུ་དེའི་སྦོམས་མཐེ་བོང་ཙམ་དུ་གྱུར་གྱི་བར་དུ་བསྣན་ཅིང་། དེ་བཞིན་དུ་ནས་ཀྱི་དབྱིབས་དང་འདྲ་བར་གྱུར་པར་བྱའོ།། གྲིབ་མར་སྐམ་ཞིང་ཁོང་སྟོང་མེད། སྣུམ་གྱིས་ཇི་བཞིན
་བསྐུས་བྱས་ལ། རྔུབ་ཅིང་མེ་ཡིས་བསྲེགས་ནས་ནི།། དུ་བའི་གཅེའུ་དང་སྦྱར་བྱ།། ཞེས་བྱ་བ་ལ། བདར་བུ་དེ་ལྟར་གྲིབ་མ་ལ་བསྐམས་པ་དེ་ཁོང་སྟོང་མེད་པར་བྱས་ལ། སྣུམ་གང་དང་ཇི་ལྟར་འཕྲོད་པ་མར་ལ་སྔོ་གས་པས་ཇི་ལྟ
་བ་བེ་ཞིན་དུ་བསྐུས་ལ། དུད་པ་བརྔུབ་པའི་ཕྱིར་མེས་བསྲེགས་ལ། དུ་བའི་གོ་ཙིའུ་ཡི་སྤྲོ་གུ་དང་ཁ་སྦྱར་བར་བྱའོ།། ཁྲེམ་ཕྱོར་ཁ་སྦྱར་བུ་གར་ནི།། གཙེའུ་སོར་བཅུ་འོམ་སོར་བ་རྒྱད་པ། བཅུག་ནས་ཁ་ནས་དུད་པ་ནི།། ལུང་པ་ཅན་གྱིས
་བརྔུབ་པར་བྱ།། ཞེས་བྱ་བ་ལཾ། ཁམ་ཕོར་སྦྱོར་མ་ནི།། ཁམ་པོར་གཉིས་ཁ་སྦྱར་བ་སྟེ། དྲིལ་བུ་གྲོ་ཏོང་ལོ། བུ་ག་དེར་འོང་མ་ལ་སོགས་པའི་གཅེའུ་སོར་བརྒྱད་པ་འམ། སོར་བཅུ་པ་བཅུག་ལ་ལུང་པོ་ཅན་གྱི་སྐྱེས་བུས་དུ་བ
་བརྔུབ་པར་བྱའོ།། འདི་སྐད་སྟོན་ཏེ། ལུང་པ་འཇོམས་པར་བྱེད་པའི་སྨན་གྱི་ཕྱེ་མའམ། རིལ་བུ་མེ་མངག་དུ་བ་མེང་པ་མེ་རྒྱུན་རིང་བ་འབར་བཞིན་པ་ལྟ་བུས་ཁམ་ཕོར་ལེགས་པར་བཞག་པ་བཀང་ལ། ཁམ་པོར་གཉིས་པ་ཞིབ
་སུ་བུ་ག་ཟླུ་མོ་པོ་གཏོད་པས་བཀབ་ལ། དེར་གཅེའུ་བཙུགསོ་ཏེ། ཁ་ཉིད་དུ་དུ་བཽ་བརྔུབ་པར་བྱ་ལ། དེ་བྲང་དུ་ཕྱིན་པ་དང་། ཁ་ནས་སླར་བཏོན་ཅིང་སྨོན་པར་བྱའོ།། དུ་བཞི་ན་ཡང་། སྨན་བཙུགས་ཅིང་བརྔུབས་ལ། ནད་དེ་བྱང
་བའམ་ལུས་ཡང་བར་འགྱུར་གྱི་བར་དུ་བཏང་ངོ་།། དུད་པ་བརྔུབས་ལ་ལུང་པ་དབུགས་མི་བདེ།། སྐད་འགགས་རྣག་དང་དྲི་མི་ཞིམ་གདོང་སྐྱ།། སྐྲ་སྐྱོན་རྣ་མིག་འཛག་གཡའ་རྨོངས་བག་དང་།། སྙོམ་བླང་སྐྱིགས
་བུ་ཆམ་པའི་ནད་མི་འབྱུང་།། ཞེས་བྱ་བ་ལ། སྐྱེས་བུ་དུད་པ་བརྔུབ་པའི་ཆོ་ག་ལ་རྟེན་པར་བྱེད་པ་ལ། ལུད་པ་དང་དབུགས་མི་བདེ་བ་ལ་སོགས་པའི་ནང་རྣམས་འབྱུང་བར་མི་འགྱུར་རོ།། རྣག་ནི་སྣ་ནས་འཛག་པའོ།། དྲི་མི་ཞིམ
་པ་པ་ནི་ཁ་ནས་སོ།། སྐྱ་བ་ནི་གདོང་སྐྲ་ཞིང་ཁྱེ་མ་ཆགས་པའོ།། སྐེའི་སྐོན་ནི་སྤྱི་ཐེར་དང་། གཟིལ་ཞུགས་པ་དང་། མདོག་འགྱུར་པ་ལ་སོགས་པའོ།། འཛག་པ་ནི་གསུམ་ཆར་དང་སྦྱར་བར་བྱ་སྟེ། རྣ་བ་ནས་འཛག་པ་དང་། མིག་ནས་འཛག
་པ་དང་། ཁྭ་ནས་འཛག་པའོ།། སྙོམ་པ་ནི་གཉིད་ཀྱིས་མྱོས་པ་ལྟ་རོ་ཡུལ་འཛིན་མི་ནུས་པའོ།། གཞན་དག་ནི་གྲགས་པར་ཟད་ངོ་།། ནད་དེ་དག་འབྱུང་བར་མི་འགྱུར་ར་བའོ།། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར
་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱོར་བ་ལས། ལེའུ་ཉི་ཤུ་རྩ་གཅིག་པའི་རྣམ་པར་འགྲེལ་པའོ།། །། དེ་ནས་སྨན་གྱི་ཁུ་བས་མཁུར་བ་དགེང་བཱ་ལ་སོགས
་པའི་ཆོ་གའི་ལེའུ་བཤང་པར་བྱའོ་ཞེས་བྱ་བ་ལ། འདི་བརྩམས་པའི་དགོས་པ་ནི་སྣ་ནས་བཏིང་བའི་རྗེས་ལ། ཐོག་མར་དུད་པ་བརྔུབ་པར་བྱ་ལ། དེའི་འོག་ཏུ་ཆུ་དྲོན་གྱིས་མཁུར་བ་བཀང་བར་བྱའོ།། ཞེས་བཤང་བ་ཡིན་པས་ན།
་དེ་གཉིས་ཀྱི་འོག་ཏུ་འདི་བརྩམས་པ་ཡིན་ནོ།། སྨན་གྱི་ཁུ་བྱས་མཁུར་བ་བཀང་བ་ནི་ཁ་བཀང་བ་སྟེ། དེ་ལ་སོགས་པ་གང་ཡིན་པ་ནི། མཁུར་བ་བཀང་བ་ལ་སོགས་པ་ཞེས་སྨནཱ་མུརྦ་དང་། གདོང་བཀྲུ་བ་དང་། སྤྱི་བོར་སྣུམ
་གྱིས་བྱུག་པ་དང་། རྣ་བ་བཀང་བ་བསྡུའོ།། དེ་རྣམས་ཀྱི་ཆོ་ག་ནི་འདི་ལྟར་བྱའོ།། ཞེས་བྱ་བའི་ཚུལ་ཏེ། དེ་ལ་ལེའུ་བཤད་པར་བྱའོ།། ཞེས་པའོ།། མཁུར་བཀང་རྣམ་པ་བཞི་ཡིན་ཏེ། སྣུམ་དང་ཞི་བྱེད་སྦྱོར་རྨོ་ཚོ་ཞེ་ས་བྱ
་བ་ལ། སྨན་གྱི་ཁུ་བས་མཁུར་བ་བཀང་བ་ནི། རྣམ་པ་བཞི་ཡིན་ཏེ། སྣུམ་ཞིང་འཇམ་པ་དང་། ཞི་བར་བྱེད་པ་དང་། སྦྱོང་ཞིང་འཁྲོ་བར་བྱེད་པ་དང་། རྨ་འཚོ་བར་བྱེད་པའོ།། དེ་དག་གི་མིང་ནི་རྣམ་གྲངས་གཞནཱ་དུ་ན། འཇམ་པོར
་བྱེད་པ་དང་རྩེ་འཇིལ་བར་བྱེད་པ་དང་། དག་ཅིང་བསལ་བར་བྱེད་པ་དང་། འབྱོར་པར་བྱེད་པ་ཞེས་བྱའོ།། དེ་ལས་གསུམ་ནི་རླུང་ལ་སོགསོ།། གསུམ་བཏང་ཐ་མ་རྨོ་ལ་ཕན།། ཞེས་བྱ་བ་ལ་མཁུར་བ་བཀང་བ་བཞིའི་ནང་ནས་དང་པོའི
་མཁུར་བ་བཀང་བ་གསུམ་ནི་རླུང་དང་མཁྲིས་པ་དང་བད་ཀན་གྱི་ནང་ལ་རིམ་བཞིན་དུ་བཏང་བར་བྱ་སྟེ། སྣུམ་གྱི་སྨན་གྱི་ཁུ་བས་མཁུར་བ་བཀང་བ་ནཱཾ། རླུང་ལ་བཏང་བར་བྱའོ།། ཞི་བོར་བྱེད་པའི་སྨན་གྱི་ཁུ་བ་ནཱི་མཁྲིས་པ་ལ་བཏང
་བར་བྱའོ།། སྦྱོང་བར་བྱེད་པའི་སྨན་གྱི་ཁུ་བ་ནི་བད་ཀན་ལ་བཏང་བར་བྱའོ།། ཐ་མའི་སྨན་ཁུས་ཁཾ་བཾཀ་ལ། རྨི་འཚོ་བ་ཞེས་བྱ་བའི་རྨ་ལ་ཕན་པ་ཡིན་ཏེ། ཁའི་ནང་ན་གནས་པའི་རྨའི་ནད་སེལ་བྱེད་དོ།། འདིར་སྣུམ་མངར་སྦྱར
་ལན་ཚྭ་ཚ།། ཚ་དང་སྣུམ་ནི་བསྐོལ་བ་ཡིན།། ཞི་བྱེད་ཁ་བསྐམངར་སྨན་བསྐོལ།། སྦྱང་བ་ཁ་དང་ཚ་དང་སྦྱར།། རྨ་འཚོ་བྱེད་པ་ཁུ་བ་དང་།། བསྐུ་བའི་སྨན་ནི་བསྐོལ་བར་བྱ།། ཞེས་བྱ་བ་ལ། འདིར་མཁུར་བ
་བཀང་བ་དེ་རྣམས་ཀྱི་ནང་ནས་སྣུམ་གྱིས་མཁུར་བ་བཀང་བ་ནི། སྨན་མང་རཱྀ་བ་དང་། སྐྱུར་བ་དང་། ལན་ཚྭ་དང་། ཚ་བ་རྣམས་སྣུམ་དང་སྐོལ་ཞིང་བཙོས་པའོ།། ཞི་བར་བྱེད་པའི་མཁུར་བ་བཀང་བ་ནི་སྨོན་ཁ་བ་དང་། བསྐ་བ
་དང་། མངར་བ་དང་བསྐོལ་བའི་ཁུ་བའམ། ལྡེ་གུ་བཏང་བར་བྱའོ།། སྦྱོང་བའི་མཁྲུང་བ་བཀང་བ་ནི། སྨན་ཁ་བ་དང་། ཚ་བ་དང་སྐྱུར་བ་བསྐོལ་བ་འམ། ལྡེ་གུ་བཏང་བར་བྱའོ།། རྨ་འཚེ་བའི་ཁུར་བ་བཀང་བ་ནི་སྨན་ཁ་བ་དང
་བསྐ་བ་རྣམས་བསྐོལ་བའམ། ལྡེ་གུས་བྱའོ།། དེ་ལ་སྣུམ་དང་འོ་མ་དང་། སྦྲང་རྩི་ཆུ་ཆང་ཚ་དང་ཆང་།། བ་གཅན་འབྲུ་ཡི་ཁུ་བ་རྣམས།། སྨན་ནཱི་ཇི་ལྟ་ཇི་ལྟ་དེང་།། ལྡེ་གུར་བྱོས་པ་འམ་བསྐོལ་བ་ནི།། ཅི་ཙམ་བཟོད་པ་རྣམ་པར་སྦྱར
་ཞེས་བྱ་བ་ལ། འདིང་ས་ནི་སྨན་ཁྲེས་མཁུར་བ་བཀདྭཱི་བ་སྤྱིའི་ཆོ་ག་ཡིན་ཏེ། དེ་ལས་ཀྱང་སྣུམ་ཞེས་བྱ་བ་ཤ་ཁུ་ད་ཏིལ་གྱི་ལྡེ་གུའི་ཆུ་དང་འོམྦ་ནི་སྣུམ་གྱི་མཁུར་བ་བེཀེང་པོ་ཡིན་ནོ།། སྦྲང་རྩི་དང་ཆུ་དང་འོ་མ་དང་མར་ནི་ཞི་བར
་བྱེད་པོའི་མཁུར་བ་བཀང་བ་ཡིན་ནོ།། ཚྭ་དང་ཆང་འབྲུའི་ཁུ་བསྐྱུར་པོ་ནི། སྦྱོང་བའི་མ་ཁུར་བ་པོཀང་བ་ཡིན་ནོ།། སྦྲང་རྩིའི་ཆུ་དང་འོ་མ་ནི་ཟླ་འཚོ་བའི་མཁུར་བ་བཀང་བ་ཡིནོ།། ཇི་ལྟར་ཇི་ལྟ་བ་ཞེས་བྱ་བ་ནི། སྔར
་བཤད་པའི་སྨན་གྱི་ལྡེ་གུ་དང་སྦྱར་བའམ། ཡང་ན་བསྐོལ་བ་འམྦྷ། ཙཱི་ཙམ་བཟོད་པ་རྣམ་པར་སྦྱར་བར་བྱ་སྟེ། དེ་ལ་རླུང་ལ་ནཱི་དྲོན་པོའོ།། མཁྲིས་པ་ལ་ནི་གྲང་མོའོ།། བད་ཀན་ལ་ནི་རབ་ཏུ་ཚ་བའོ།། སོ་རྩེ་སོ་སོ་ནི་འགུལ་བ་དང
་རླུང་ལས་གྱུར་པའི་ཁེ་ནང་ལ།། དྲོལ་འཇམ་ཙམ་བསིལ་བ་ཡི།། ཏིལ་ཆུས་མ་ཁུར་བ་བཀང་བ་ཕནཱ~ཾ།། ཞེས་བྱ་བ་ལཾ། ཏིལ་གྱི་ལྡེ་གུ་དང་བསྲེས་པའི་ཆུ་ནི། ཏིལ་གྱི་ལྡེ་གུའི་ཆུ་སྟེ། དེ་དྲོ་འཇམ་ཙམ་མམ་བསལ་བས་མཁུར་བ
་བཀང་བ་ནི། སོ་བརྩེ་བ་དང་སྔོ་འགྲུལ་བའི་ནད་འོག་ནས་བཤང་པ་དག་དང་།། ཁའི་ནང་རླུང་ལས་གྱུར་ཅིང་རླུང་ཤོས་ཆེ་བ་ལ་ཕན་པ་ཡིན་ནོ།། རྟག་ཏུ་མཁུར་བ་བཀང་སྟེ་བཞག། ཏིལ་མར་དག་གི་ཤ་ཁུ་བསྔགས།། ཤེས་བྱ་བ་ལ།
་འདི་ནི་བསྡུས་པ་ལས་བྱུང་བ་ཡིན་ཏེ། རྟག་ཏུ་ཞེས་བྱ་བ་དུས་ཐམས་ཅད་དུ་ནང་མིང་བར་གནས་པའི་སྐབས་སུ་མཁུར་བ་བཀང་སྟེ་འཇོག་པའི་སྨན་དུ་ཏིལ་མར་རམ་ཤཾ་ཁུ་བསྔགས་ཤིང་ཕན་པ་ཡིན་ནོ།། ཁ་དྲོང་ཆེ་ཚྭ་ཆོས་པ་དང་།།
་འཕྲལ་དུ་རྨན་འབྱུང་བ་དང་།། དུག་དང་ཐལ་སྨན་མེ་སྨཻ་ཚིག་ལ།། ཐུན་མར་དྲུག་ལམ་འོ་མས་དག་།། ཞེས་བྱ་བ་ལ། ཁྭཥྚི་ནང་སྨིན་ཅིང་ཚོས་པ་ལ་དྲོད་ཆེ་ཞིང་ཚ་བ་དང་ལྡན་པ་དང་། དེ་བཞིན་དུ་ཁའི་རྨ་འབྲལ་དུ་བྱུང་ཞིང་གློ
་བུར་གྱིས་ཐེབས་པ་དང་། ཇི་བཞིན་དུ་ཁར་དུག་གིས་ཕོག་པ་དང་། དེ་བཞིན་དུ་ཐལ་སྨན་རྣོན་པོ་དང་། མི་དག་གིས་ཚིག་པོར་གྱུར་པ་ལ། ཐུན་མེར་རམ་འོ་མས་མེཁུར་བ་བཀང་ལ་བཞི་ག་པར་བྱའོ།། སྦྲང་རྩི་མཁུ
་བཀང་བཅས་པས་ནི།། ཁ་ཡི་དྲི་མ་སྦྱོང་བྱེད་ཅིང་།། ཁ་ཡི་རྨ་ནི་འཚོ་བ་ཡིན།། ཁ་ཚ་སྐམ་དང་རབ་ཞི་བྱེད།། ཅེས་བྱ་བ་ལ། སྦྲང་རྩིས་མཁུར་བ་བཀང་བས་ནི།། ཁའི་དྲི་མ་སྦྱོང་ཞིང་དག་པར་བྱེད་པ་དང་།
་དེ་བཞིན་དུ་ཁའི་ནང་གི་རྨ་འཚོ་བར་བྱེད་ཅིང་འབྱོར་བར་བྱེད་པདྨ་།། དེ་བཞིན་དུ་ཁ་ཚ་བ་དང་སྒྲོམ་དང་རབ་ཏུ་ཟླ་བར་བྱེད་པའོ།། རོ་མི་ཚོ་དྱོདང་དྲྀ་མཱ་། ཁ་མནམ་འབྲས་རྩབས་བཀང་བས་སེ་ལ།། ཞེས་བྱ་བ་ལཱ། འབྲས་ཀྱི་རྩེག
་མོ་ནི་འབྲས་བུ་རང་སྐྱུར་ཀནྡྷེ་ཞེས་བྱ་བ་སྟེ། དེས་ཁ་བཀ་ངོ་བ་འཇོག་པས་དྲི་མི་མནམ་པ་དང་། དྲི་མ་དང་ལྡན་ལྗིན་གྱི་སོ་གོས་པ་དང་། རོ་མི་ཚོར་ཞིང་མི་གསལ་བར་བྱེད་པ་ཡིན་ནོ།། དེ་ཉིད་ཅུང་ཟད་ཚ་བཅས་བསིལ།། ཁ་སྐམས
་སེལ་བའི་དམ་པ་པོ་ཡིན།། ཞེས་བྱ་བ་ལ། འབྲས་ཁུའི་རང་རྩབས་དེ་ཉིད་ཅུང་ཟད་ཚྭ་དང་བཅས་ཤིང་བསིལ་བ་ནི་ཁ་སྐམ་པ་སེལ་བའི་དམ་པ་འམ་མཆོག་ཡིན་ནོ།། ཐལ་སྨན་རྣོན་ཞུས་མཁུར་བཀང་བ། བཱང་ཀན་སོགས་པ
་མྱུར་དུ་སེལ། ཞེས་བྱ་བ་ལ། ཐོལ་སྨན་རྣོན་པོའི་ཆུ་ནི་ཐལ་སྨན་རྣོན་པོ་སྤངས་པའི་དངས་མ་སྟེ། དེས་ཁ་བཀང་ནས་འཇོག་པས་ནི།། བད་ཀན་སོགས་ཤིང་སྡུད་པ་མྱུར་ཞིང་རིངས་པར་སེལ་བར་བྱེད་དོ།། ཆུ་ཆེན་དྲོ་འཇམ
་མཁུར་བཀང་བས།། ཁ་ནི་ཡང་ཞིང་བདེ་བར་བྱེད་ཅེས་བྱ་བ་ལི། ཆུ་ཚན་དྲོ་འཇམ་རན་པ་ཙམ་གྱིས་མཁུར་བ་བཀང་བ་འཇོག་པས་ནི།། ཁ་ཡང་ཞིང་བདེ་བར་བྱེད་དེ། རླུང་དང་བད་ཀན་སེལ་ཅིང་སྦྱོང་བར་བྱེད་དོ་ཞེས་བྱ་བའི
་དོན་ནོ།། རླུང་མེད་ཉི་ཚན་བཅས་པར་བྱ།། བྲག་པ་མཛད་པར་དུགས་བྱ་མཉེ།། མཁུར་བ་བཀང་ནས་གདོང་པ་ནི།། ཅུང་ཟད་བཏེག་སྟེ་ཇི་སྲིད་ནི།། པད་ཀན་གྱིས་ནཾ་ཁ་བགང་བ་འམ།། སྣ་མིག་འཛག་པའི་བར་དུ་བཞག། ཅེས་བྱ་བ
་ལ། མཁུར་བ་བཀང་གཏོང་བ་ན། རླུང་མེད་ཅིང་བསེར་བུས་མ་བོགཽ་པ་ཉི་ཚན་ནམ་མྨེ་དང་བཅས་པའི་གནས་སུ་འདུག་ལ། ཕྲག་པ་དང་མཇིད་པ་མཉེས་ཤིང་དུགས་བྱས་ལ། མཁུར་བ་བཀང་ནས་གདོང་པ་ཅུང་ཟད་བཏག་སྟེ། ཇི
་སྲིད་ཅིག་ནོ་བང་ཀན་གྱི་མཆིལ་སྒྲུབས་ཀྱིས་གང་བར་གྱུར་པ་འམ། མིག་ནས་མཆི་མྱུ་འཛག་པ་བམ?། སྣ་ནས་སྟོབས་འཛཇུག་པར་གྱུར་གྱི་བར་དུ་བཞག་པར་བྱ་སྟེ། དོན་དུ་ནི་ཇི་སྲིད་མཁུར་བ་བཀང་བ་ལེགས་པའི་མཚན་མ་དུ་བ
་བརྔུབས་པ་དང་འདྲ་བ་འབྱུང་བར་འགྱུར་གྱི་བར་དུ་ལན་སྡེ་འམ་བདུན་གྱི་བར་བྱའོ།། དེའི་མཚན་ཉིད་ནི་བསྡུས་པ་ལས་རླུང་གི་དོན་གྱི་བྱ་བ་བྱེད་པ་དང་། མི་བྱེད་པ་ལྔས་ཤེས་པར་བྱ་བ་སྟོན་ཏོ།། རོ་མོ་ཚོར་བ་དང་། ཡི་གེ་འཆུས
་བ་དང་། མཆིལ་སྣབས་མང་བ་དང་། ཁར་ཆགས་པ་ལས་ནི། སྦྱོར་བ་ཉེས་པར་ཤེས་པར་བྱའོ།། ཁ་སྐེམ་པ་དང་ཁའི་ནང་ཆོས་ཤིང་སྦྱིན་པ་དང་། རྒྱབ་དང་། ཡི་ག་མཆུས་པ་དང་། སྙིང་འཛག་པ་དང་། སྐད་གདངས་ཉམས་པ
་ལས་ནི་མཁུར་བ་བཀང་བའི་སྦྱར་བ་དྲགས་པར་ཤེས་པར་བྱའོ།། ཞེས་བཤང་ངོ་།། དེ་རྣམས་ཀྱིས་གསོ་བ་ཡང་རང་རང་གི་ཇི་ལྟ་བ་བཞིན་དུ་བྱའོ།། ཁར་བཀང་མི་སྤོ་བཞག་མཁུར་བཀང་། གཞན་དུ་ཁར་རྔུབས་པར་འགྱུར
་རོ།། ཞེས་བྱ་བ་ལ། ཁའི་ནང་སྣམ་དང་འོ་མ་བསྐོལ་བ་ལ་སོགས་པས་ཡོངས་སུ་བཀང་ནས་གཡས་གཡོན་དུ་མི་སྤྲོ་བར་བཞག་པ་དེ་ནི་མཁུར་བ་བཀང་བ་ཞེས་བྱ་ལ། གཞན་དུ་ཁར་རྔུབས་པ་ཞེས
་བྱ་སྟེ། སྨན་བསྐོལ་བས་ཁ་ཅུང་ཟད་མ་གོང་བར་བཀང་ལ། མོ་ཁུར་བ་དང་ལྐོག་མ་སྤོ་ཞིང་དཀྲུག་པ་ནི། ཁར་བརྔུབས་པ་འམ་འགྲམ་པ་སྤོ་བའི་ཁྱད་པར་ཡིན་ནོ།། ཁར་བརྔུབས་པ་ཡིས་ཁ་དཽ་པར་གསོ་བ་ནི། གཉེའུ་རེངས་མགོ
་མིག་རྣ་བ་ཁ་ནད་དང་། མཆིལ་མང་གྲེ་ནང་སྙིང་ཁ་སྲ་བ་དང་། སྙིང་འཕར་སྙོམ་དང་ཆམ་པ་ཡི་ག་འཆུས། ཞེས་བྱ་བ་ལ་མཁུར་བེ་བཀང་བའི་དབྱེ་བ་ཁར་བརྔུབས་པ་ཞེའམ། མཁུར་པ་སྤོ་བ་ཞེས་བྱ་བས་ཁྱད་པར་དུ་སོང་ཞིང
་དཔྱད་དུ་བྱ་བའི་ནང་ནི་གཉེའུ་རེངས་ལ་སོགས་པ་ཡིན་ཏེ། དེས་དེ་གསོ་བར་ནུས་པ་ཡིན་ནོ།། དེ་ལ་གཉིའུ་རེངས་ནི་ནད་ཀྱི་ཚིགས་དང་ཆུ་བ་གཉེའུ་རེངས་པ་ལ་བྱའོ།། གཞན་དག་ནི་གོ་བར་ཟད་དོ།། མུར་བ་འམ་གཞིབས་པའི་ཆོ་ག
་ནཽནི། མཁུར་བཀང་བཤད་པའི་སྨན་རྣམས་ཀྱི།། ལྡེ་ཁུ་སྨན་ཁུ་ཕྱ་མ་སྟེ།། ཁར་མུར་བྱ་བ་རྣམ་གསུམ་ཡིན།། དེ་ནི་བང་ཀན་ནད་ལ་བསྔགས།། ཞེས་བྱ་བ་ལ། མུར་བར་བྱ་བ་ནི་གསུམ་སྟེ། ལྡེ་གུ་དང་སྨན་ཁུ་དང་ཕྱེ་མའོ།། དེ་ལ་ལྡེ
་གུ་ནི་སྨན་རློན་པ་བཏགས་པ་ཞིབ་པར་བྱས་པ་ལ་བྱའོ།། སྨན་ཁུ་ནི་ལྡེ་གུའི་སྨན་རློན་པ་དེ་དག་བཅོས་པ་དང་ལྡེ་གུ་སྐམས་ཏེ་བྱས་པ་བལྡག་པར་བྱ་བ་ལྟ་བུའི་ཁྲོ་བའི་སྦྱོར་བ་ལ་བྱའོ།། ཕྱེ་མ་ནི་སྐམ་པོ་ཉིད་བཏགས་པའོ།།
་དེ་གསུམ་ཆར་ཡང་བད་ཀན་གྱི་ནད་མཆིལ་མ་མང་བ་དང་།། སྐྱུགས་ལྡང་བྱེད་པ་དང་ལྐོག་མའི་ནང་ལ་སོགས་པ་ལ་ཅི་རིགས་པར་བཏང་བར་བྱའོ།། གང་གིས་ཤེ་ན་མཁུར་བ་བཀང་བ་བཤད་པའི་སྨན་ལས་དེ་དག་སྦྱར་བར་བྱའོ།།
་གདོང་བསྐུས་གསུམ་སྟེ་ནད་སེལ་དང་།། དུག་སེལ་ཁ་དོག་པ་པོ་ཟང་བྱེད་པའོ།། ཞེས་བྱ་བ་ལ། གདོང་བསྐུ་བ་ནི་རྣམ་པ་གསུམ་སྟེ། ནད་སོལོ་ཞེས་བྱ་བ་རླུང་དང་མཁྲིས་པ་དང་། བད་ཀན་གྱི་འཇོམ་པར་བྱེད་པ་དང་། དུག་སེལ་བ
་ཞེས་པ་པ་དུག་འཇོམས་པ་དང་ཁ་དོག་བཟང་བར་བྱེད་པ་སྟེ། མདོག་མཛེས་པར་བྱེད་པའོ།། དེ་དྲོང་བང་ཀ་ན་རླུང་ལ་བསྔགས།། ལྷག་མ་ལ་ནི་རབ་བསིལ་བ།། ཞེས་བྱ་བ་ལ། གདོང་བསྐ་བ་དེ་ལ་དྲོ་བ་ནི་རླུང་ད་བད་ཀན་གྱི་ནད་ལ་བསྔགས
་པ་ཡིན་ནོ།། རླུང་དང་བད་ཀན་ཞེས་སྨོས་པ་ནི། སྤྱི་དང་ཁྱད་པར་ངག་ཡིན་པར་ཤེས་པར་བྱ་སྟེ། དེས་ན་རླུང་དང་བད་ཀན་སོ་སྔོ་ལ་ཡང་དྲོ་བར་བྱ་ལ། རླུང་དང་བད་ཀཽན་འདྲེས་པ་ལ་ཡང་དྲོ་བ་ཉིད་བྱའོ།། དེ་ལས་ལྷག་མ་མཁྲིས་པ་སེལ
་དང་། དུག་སོལ་བ་དང་། ཁ་དོག་བཟང་བར་བྱེད་པོ་གསུམ་ལ་ནི། གདོང་བསྐུ་བ་ཤིན་ཏུ་བསིལ་བ་བསྔགས་པ་ཡིན་ནོ།། དེ་ཡི་ཚོད་དཔངས་སོར་བཞི་ཆ། སུམ་ཆུ་ཕྱེད་དེ་རྣམ་པ་གཽ་སུམ།། ཞེས་བྱ་བ་ལ། གདོང་བསྐུ
་བ་དེའི་ཚང་ནི་རྣམ་པ་གསུམ་སྟེ། དཔངས་སུ་སོར་གྱི་བཞི་ཆ་དང་། སུམ་ཆ་དང་བྱེད་ངོ་།། ཇི་ལྟར་ན་དབངས་སམ་མཐུག་སོར་གྱི་བཞི་ཆའི་ཆུང་ཚང་ངོ་།། དཔངས་སུ་སོ་རོ་གྱི་སུམ་ཆ་ནི་གདོང་བསྐུ་བོའི་འབྲིང་ཚང་ངོ་།། དཔཛེས
་སུ་སོར་གྱི་ཕྱེད་ནི་གདོང་བསྐུས་པའི་ཚེ་ཚང་ངོ་།། མ་བསྐམས་བར་དུ་དེ་བཞག་གི། བསྐམས་ན་པགས་པ་ལ་གནོད་འགྱུར། ཞེས་བྱ་བ་ལ། གདོང་བསྐུ་བ་དེ་ཇི་སྲིད་དུ་མ་བ་སྐམས་ཀྱི་བར་དུ་བཞག
་པར་བྱའི་བསྐམས་ནས་ནི་བཏང་སྙོམས་སུ་མི་བཞག་སྟེ། གང་གི་ཕྱིར་དེ་སྐམས་ན་པགས་པ་ལ་གནོད་ཅིང་མ་རུངས་པར་བྱེད་དོ།། དེ་ནི་རྩངས་ནས་བཀྲུ་བར་བྱ།། དེ་ཡི་རྗེས་ལ་བསྐུ་བྱུག་བྱ།། ཞེས་བྱ་བ་ལ། གདོང་བསྐུས་པ་དེ
་བསྐམས་མ་ཐག་སྤངས་ལ་བཀྲུ་ཞིང་ཕྱི་བར་བྱའོ།། དེའི་རྗེས་ལོ་ནི་མར་ལཱ་སོགས་པ་བསྐུས་ལ་དྲིལ་བར་བྱའོ།། ཉིན་པོར་གཉིད་ལོག་མང་སྨྲ་ཁྲོ། མེ་ཚ་ནཽ་ཉི་ཚ་ན་མྱ་ངན་སྤང་། ཞེས་བྱ་བ་ལ། གདོང་བསྐུས་པ་བྱས་ནས་ཉིན
་པར་གཉིད་ལོག་པ་དང་། ཁ་ཏོན་ལ་སོགས་པ་མང་དུ་སྨྲ་བ་དང་། མེཚན་དང་ཉི་ཚན་གྱིས་གདུངས་པ་དང་། ཁྲོས་ཤིང་འཁྲུགས་པ་དང་། མྱ་ངན་ཡང་མི་བདེ་བར་གྱུར་པ་སྤང་ཞིང་དོར་བར་བྱའོ།། དེ་ནི་ཆུམ་པོ་སྣ་སྨན་བཏང་།། མ
་ཞུ་འགྲམ་ཐམས་ཡི་གེ་འཆུས།། མཚན་གཉིད་མ་ལོག་ལ་མི་བཏང་།། ཞེས་བྱ་བ་ལ། གདོང་བསྐུ་བ་དེ་ཆམ་པས་བཏབ་པ་དང་། སྣ་སྨན་བཏང་བ་དང་། ཟས་མ་ཞུ་བ་དང་། འགྲམ་པ་འཐམས་པའི་རླུང་ནིད་དང་། མཚན
་མེ་གཉིད་ཀྱི་མ་ལོག་པ་དག་ལ་བཏང་དུ་མི་རུང་ངོ་།། དེ་ནི་ལེགས་པར་སྦྱང་བ་ཡིས།། དུས་མིན་སྐྲ་དཀར་ངོ་ཁབས་དང་། གཉེར་མི་རིབ་རབ་མིག་སྔོ་སེལ།། ཞེས་བྱ་བ་ལ། གདོང་བསྐུ་བ་དེ་ལེགས་པར་སྤྱད་ཅིང་། ཕྱིན
་ནི་མ་ལོག་པར་བཏང་བས་དུས་མ་ཡིན་པར་སྐ་དཀར་བྱུང་བ་ལ་སོགས་པ་འཇོམས་ཤིང་སེལ་བར་བྱེད་དོ།། དུས་མ་ཡིན་སྐྲ་དཀར་ནི་ན་ཚོང་ཡོད་བཞིན་དུ་སྐ་དཀར་བྱུང་བའོ།། རྒྱ་ཤུག་སྙིང་པོ་བ་ཤའི་རྩ། སེང་འཕྲོ་མ་ཡུངས་ཀར་དཀར
་རྣམས།། སིམ་ཧའི་རྩ་བ་ཏིལ་ནག་དང་།། སྐྱེར་བའི་ཤུན་པ་རྐྱེརུ་རྣམས།། འཛག་རྩ་ཙན་དན་ཨོཾ་ཤཱི་ར། ཤྭིཪྴ་ཤཱ་ཏ་པྲུརླྀ་འབྲས།། ཀུ་མུད་ཨུདྒྷ\ུ0f89\ུ0f4་ཀཻ་ཝཱར།། དུརྨྨ་ཤིད་མངར་ཙན་ངན་རྣམས།། ཀ་ལཱི་ཡཱ་ཀ་ཨུ་ཤྲཱིར་ཏི་ལ།། སྦྲང
་སི་རྒྱ་སྤོས་ཤུག་པ་རྣམས།། ང་ལིས་གུནྡྷ་སྡིག་ཚེར་རབ།། ཤིང་མངར་རྒྱ་སྤོས་ཨ་གཱ་རཱ།། དེ་ལྟར་ཚིགས་བཅད་ཕྱེད་ཀྱིས་བཤད།། བསྐུ་བ་དགུན་སྟོང་སོགས་དྲུག་སྦྱར།། ཞེས་བྱ་བ་ལ། དེ་ལྟར་རྒྱུ་ཤུག་གི་སྙིང་པོ་ལ་སོགས་པ་བཤད
་མ་ཐག་པའི་རྣམ་པས་ཚིགས་སུ་བཅད་པ་ཕྱེད་ཕྱེད་ཀྱིས་བཤད་པའི་སྨན་གྱིས་གདོང་བསྐུ་བ་ན་དགུན་སྡོད་ལ་སོགས་པའི་དུས་དྲུག་པོ་སྟེ། དགུ་ནི་སྟོད་དང་དགུན་སྙིང་དང་། དཔྱིད་དང་། སོ་ག་དང་། དབྱར་དང་། སྟོན་ཞེས་བྱ་བའི་དུས
་རྣམས་དང་། རིམ་བཞིན་དུ་སྦྱར་བར་བྱའོ།། རྒྱ་ཤུག་གི་སྙིང་པོ་ནི་རྒྱུ་ཤུག་བྷ་རཱ་དའི་ཚིག་གུའོ།། བེ་ཤཥྚི་རྩ་བ་ནི་བྱཱ་ཤ་ཀྭའི་རྩ་བའོ།། སེང་བྲོམ་ནི་དྲང་སྲོང་དཀར་པོའོ།། ཡོངས་ཀར་དཀར་པོ་ནི་དངོས་སུ་ཟད་དོ། དེ་རྣམས་ནི་དགུན
་སྟོང་ཀྱི་གདོང་བསྐུ་བའི་སྨན་ནོ།། སི་མ་ཚོའི་རྩ་བ་ནི་བྲྀ་ཧ་ཏའི་རྩ་བའོ།། ཏིལ་ནི་ནག་པོ་ལ་བྱིའི་དཀར་པོ་ལ་མི་བྱའོ།། སྐྱེར་བའི་ཤུན་པ་དང་རྨེའུ་འམ་སྦྲན་པ་མེད་པའི་ནས་གཞན་དག་ནི། དགུན་སྨད་ཀྱི་གདོང་བསྡུ་བའི་སྨན་ནོ།།
་གཞན་དག་ལ་ཡང་དེ་བཞིན་དུ་སྦྱར་རོ།། འབྲས་ནི་འབྲས་སཱ་ལུའོ།། ཨུཏྤ་ལ་ནི་ཨུཏྤལ་སྔོན་པོའོ།། ཀལྐ་རི་ནི་གནྡྷ་སོ་མའོ།། ད་ལིས་ནི་ང་ལིས་ཀྱི་ལོ་མའོ།། གུནྣ་ནི་ཀ་བི་ཀ་ཚུའོ།། པུཎྜ་རཱི་ནི། པུཎྜ་རཱི་ཀཱའོ།།
་གདོང་བསྐུ་བ་ལ་གོམས་པ་རྣམས།། མཐོང་བ་བསྟན་པར་འགྱུར་བ་དང་། གདོང་ནི་ཡོངས་སུ་མ་རྙིང་ལ།། འཇམ་ཞིང་པདྨ་འདྲ་བར་འགྱུར།། ཞེ་ས་བྱ་བ་ལ། གདོང་བསྐུ་ཞིང་བྱུག་པ་ལ་གོམ་ས་ཤིང་རྟག་ཏུ་བསྟེན་པ་རྣམས་ནི་མིག་གིས
་མཐོང་ཞིང་བལྟ་བ་བརྟན་ཞིང་མི་ཉམས་པར་འགྱུར་བ་དང་། གདོང་ཡོངས་སུ་མ་རྙིང་ལ་མདངས་ཡལ་བར་མི་འགྱུར་བ་དང་། དེ་བཞིན་དུ་འཇམ་ཞིང་རྩུབ་བག་མེད་པ་དང་། པདྨ་འདྲ་བར་འགྱུར་རོ།། བསྐུ་དང་བླུག་དང་རས་བལ་དང་།
་པགས་པས་གཡོགས་དང་རྣམ་པ་བཞི།། དེ་ནི་སྤྱི་བོའི་ཏིལ་མར་ཏེ། བྱི་བཞིན་དུ་ནི་ཡོན་ཏན་ཆེ།། ཞེས་བྱ་བ་ལ། སྤྱི་བོར་ཏཱིལ་མུར་བླུགས་པ་ཡང་བསྐུ་བ་ལ་སོགས་པའི་དབྱེ་བས་རྣམ་པ་བཞི་ཡོད་ངོ་།། བསྐུ་བ་ནི་གདོང་བསྐུ་ཞིང
་བྱུག་པའོ།། བླུག་པ་ནི་སྟེང་ནས་བྱུག་པའོ།། རས་བལ་ཅན་ནི་རས་བ་ལིཾ་སྣུམ་ཅན་སྲན་ཁུར་ལྟར་ཟླུམ་པོ་ཆུང་ངུ་བྱས་ཏེ། སྤྱི་བོར་གླན་པའོ།། པགྲེས་པས་གཡོགས་པ་ནི་འདི་ཉིད་ཀྱི་འོག་ནས་བཤང་བ་འོ།། དེ་དག་ནི་སྤྱི་བོའི
་ཏིལ་མར་ཞེས་བྱ་སྟེ། ཕྱི་མ་བྱི་མ་བཞིན་དུ་ཡོན་ཏན་ཆེ་བ་སྟེ། དེ་ལི་བསྐུ་བ་ནི་ཡོན་ཏན་ཅན་ཡིན་ནོ།། དེ་བས་ཀྱང་བླུག་པ་ཡོན་ཏན་ཆེ་བ་ཡིན་ནོ།། དེ་བས་ཀྱང་རས་བལ་ཅན་ཡོན་ཏན་ཆེ་བ་ཡིན་ནོ།། ཐམས་ཅད་ལ་ས
་མགོ་བོ་པགས་པས་དཀྲི་བ་ཡོན་ཏན་རབ་མཆོག་ཏུ་ཆེ་བ་ཡིན་ནོ།། སྤྱི་བོའི་ཏིལ་མར་ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཙམ་དུ་ཟུང་ངོ་།། དེ་བས་ན་ཞུན་མར་གྱིས་བསྐུས་པ་ཡང་ཕྱི་མ་ཕྱི་མ་བཞིན་དུ་ཡོན་ཏན་ཆེ་བར་ཤེས་པར་བྱའོ།། དེ་ལ
་བྱུག་པ་རྩུབ་པ་དང་། གཡའ་དང་དྲི་མ་ཅན་ལ་སྦྱར། ཞེས་བྱ་བ་དེ་ལ། བྱུག་པ་ལ་སྔོགས་པ་རྣམས་ཀྱི་ནང་ནས་བྱུག་པ་ནི་ལུས་རྩུབ་པ་ལ་སོགས་པ་ལ་སྦྱར་བར་བྱའོ།། བློག་པོ་གློག་པ་ཀླང་གཟིར་དང་། ཚ་དང་རྨ་སྨིན་རྣམས་ལ
་བཏང་།། ཞེས་བྱ་བ་ལ། སྣུམ་བླུགས་པ་ལ་སོགས་པོ་ནི་ཀློག་པ་ལཱ་སོགས་པའི་ནད་རྣམས་ལ་སྦྱར་བར་བྱའོ།། རས་བལ་སྒྱུམ་ཙནྡ་སྒྲ་འབྱི་དང་། གཟའ་ཞུགས་མིག་ནི་རེངས་ལ་བཏང་།། ཞེས་བྱ་བ་ལ། རས་བྲལ་སྣུམ
་ཅན། སྒྲ་འབྱི་དོང་། གཟའ་ཞུགཱི་སཾ་མིག་པ་ལ་སོགས་པ་དང་། དེ་བཞིན་དུ་མིག་རེངས་པ་སྟེ། མིག་ཧཱ་ར་ཧ་རྀ་བོར་འདུག་ཅིང་འཛུམས་མི་ཤེས་པ་ལ་སྦྱར་བར་བྱའོ།། པགས་བཅིང་མགོ་བོ་ཚོར་བ་མེད།། ཁ་ཡོ་གཱཉིད་ནི་ཡང་བ
་དང་། ཁ་དང་སྣ་སྐམས་རབ་རི་བ་དང་། མི་གཟང་མགོ་བོ་དག་ལ་སྦྱར།། ཞེས་བྱ་བ་ལ། པགས་པས་གཡོགས་ནས་བཅིངས་པ་ནི་མགོ་བོ་ཚོར་བ་མེད་པ་ལ་སོགས་པ་ལ་སྦྱར་བར་བྱའོ།། དེ་ཡི་ཆོ་ག་འདུག་པ་ལ། ཁྲིའུ་བུ་ས་མཉན
་འཇམ་པ་ལ།། ལུས་བཀྲུས་ཤིང་དུགས་བྱས་ལ། དགོངས་ཀ་བ་འམ་མ་ཧེ་ཡི།། པགས་པ་མགོ་བོ་དང་མཉམ་ལ།། རྒྱར་ནི་སོར་ནི་བཅུ་གཉིས་པ།། རྣ་བའི་མཐར་ཐུ་ག་བར་བཅིངས་པ། དཔྲལ་བ་གོས་ཀྱིས་དཀྲི་བ་ནི།། གོས
་སམ་ལན་བུས་བཅིངས་བྱས་ལ། མཁའི་ལྡེ་གུས་བསྐུ་བར་བྱ། ཞེས་བྱ་བ་ལ། མགོ་པགས་པས་གཡོགས་ཏེ། བཅིངས་པའི་ཆོ་ག་ནི་འདི་ལྟར་བྱ་སྟེ། སྐྱེས་བུ་འདུག་པར་བྱ་བ་ལ། མགོ་བླུགས་པས་དཀྲི
་བྱར་བྱའོ།། དེ་ཡང་ཇི་ལྟ་བུ་ལ་འདུག་ཅེ་ན། ཁྲིའུའི་དབངས་པུས་མོ་དང་མཉམ་པ་རྒྱུ་བ་བརྟེན་འཇམ་ཞིང་འབོལ་བ་ལ་འདུག་སྟེ། དང་པོ་ཁྲུས་བྱས་ནས་དེའི་འོག་ཏུ་བསྐུས་ལྔ་དུགས་བྱས་ནས་དགོངས་ཀ་སྟྭ~ཾ། ཉི་མ་ནུབ་པའི་ཚེ་བ་ལང་ངམ་མ
་ཧོའི་བིགས་པ་མགོ་མཐའ་འཁོར་བ་མཉམ་པ།། རྒྱར་སོར་བཅུ་གཉིས་པ་རྣ་བའི་མཐར་ཐུག་པར་བཅིངས་ལ། དེ་ཡང་དཔྲལ་བ་གོས་ཀྱིས་དཀྲིས་ཤིང་ལན་བུས་ཀྱང་བཅིངས་ལ། ཡང་སྲན་མཱ་ཥའི་ལྡེ་གུས་བསྐུ་ཞིང་བྱུག་པར་བྱའོ།། ང
་ནས་ནང་དམིགས་ཅི་འདྲ་ལ། སྣུམ་བསྐོལ་བ་ནི་དྲོ་འཇམ་ཙམ།། དེ་ནི་སྤྱི་བོ་མན་ཆད་ནས།། སྐྲ་དྲུང་སོར་གཅིག་ནུབ་ཙམ་བླུགས།། ཁེ་དང་སྣ་མཚལ་ཕྱིན་པར་བཞག། དེ་བཞིན་རླུང་སོགས་ནང་རྣམས་ལ།། སྟོང་ཕྲག་བཅུ་དང་བརྒྱད་དྲུག་གཞུག
་ནད་མེད་པ་ལ་སྟོང་ཕྲག་གཅིག། མར་བསལ་ཕྲག་པ་ལ་སོགས་མུཉེ།། དེ་ལྟར་ཞག་བདུན་བླུགས་པར་བྱ།། ཞེས་བྱ་བ་ལ། དེ་ནས་མགོ་བོ་པགས་པས་གཡོགས་པའི་འོག་ཏུ་ནང་དམིགས་ཀྱི་རྣམ་པ་ཅི་འདྲ་བ་དང་སྦྱར་ལ། སྣུམ
་བཞི་པོ་ལས་ཅི་རིགས་པར་བསྐོལ་བ་དྲོ་འཇམ་སྟེ། ཅུང་ཟད་དྲོ་བ་དེ་ནི་སྤྱི་བོ་མན་ཆང་ནས་སྐྲ་དྲུང་གི་བར་དུ་སོར་གཅིག་ཙམ་ནུབ་པའི་ཆང་ཙམ་གྱི་བར་དུ་བླུགས་པར་བྱའོ།། ཡང་སྣུམ་དེ་བཞག་པའི་ཚད་ནི། ཁའི་ནང་དང་སྣའི
་མཚུལ་པར་ཕྱིན་ཅིང་གཤེར་འཛག་གི་བར་དུ་བཞག་པར་བྱའོ།། ཡང་སྣམ་དེ་རླུང་ལས་གྱུར་པའི་ནང་རྣམས་ལ་སེ་གོལ་བསྐོར་ཞིང་གཏོག་པའི་ཚང་སྟོང་ཕྲག་བཅུ་སྟེ། ཁྲིའི་བར་དུ་བཞག་པར་བྱའོ།། མཁྲིས་པ་ལས་གྱུར་པ་ལ་ནི་བརྒྱད
་སྟོང་གི་བར་བཞིག་པར་བྱའོ།། བད་ཀན་གྱི་ནང་ལ་ནི་དྲུག་སྟོང་གི་བར་དུ་བཞག་པར་བྱའོ།། ནད་མེད་ཅིང་ཐ་མལ་པར་གནས་པ་ལ་ནི་སྟོང་ཕྲག་གཅིག་གི་བར་དུ་བཞག་པར་བྱའོ།། དེ་ནས་དེའི་འོག་ཏུ་མར་བསལ་ཞིང་ཟགས་སུ་བཅུག
་ལཾ། ཕྲག་པ་ལ་སོགས་པ་མཉེ་བར་བྱ་སྟེ། ཕྲག་མགོ་དང་གཉའ་བ་དང་ལྷག་པོ་དང་། དཔྲལ་བ་ལ་སོགས་པ་དལ་བུས་མཉེ་བར་བྱའོ།། དེ་ལྟར་སྣུམ་གྱི་དམ་པ་སྟེ་ཞག་བདུན་གྱི་བར་དུ་བླུག་པར་བྱའོ།། རྣ་བར་གྲང་བར་བླུག་སྟེ།
་བཞག། རྣ་བའི་རྩ་བ་མཉེ་བར་བྱ།། ན་རྩེ་ཞིལ་གྱི་བར་བྱ་ཞིང་།། རྣ་བ་སེ་གོལ་བརྒྱ་པར་བཞག། ཅེས་བྱ་བ་ལ། རྣ་བཱན་པར་གྱུར་པ་ལ་ནི་སྣམྦ་རྣ་བ་གང་བར་བླག་ལ་བཞག་ནས། རྣ་བའི་རྩ་བ་མོ་ཉེ་བར་བྱ་སྟེ། དེ་ཡང་སེ་གོལ
་གྲངས་བརྒྱའི་བར་དུ་བཞག་པར་བྱ་ཞིང་། ནང་དེ་རྩེ་ཞིལ་གྱི་བར་དུ་རྣ་བ་བཀང་བའི་སྣུམ་པའོ།། པུས་མོ་གཡས་པའི་ལྷ་ང་ནི།། ལག་རྩིས་བསྐོར་བའི་བར་ངག་དང་།། མིག་འབྱེད་འཛུམས་དང་མཉམ་པའི།། ཡུན་ནི་གྲངས
་ཀྱི་ཚང་དུ་བཤང་། ཅེས་བྱ་བ་ལྀ། གྲངས་སུ་བཟུང་བའི་ཚད་ནི། པུས་མོ་གཡས་པོའི་ལྷ་ང་ལག་པའི་སོར་མོའི་རྩེ་མོས་ཀུན་ནས་བསྐོར་བའི་བར་དང་། དེ་བཞིན་དུ་མིག་གཉིས་འབྱེད་པ་དང་འཛུམས་པའི་དུས་དང་མཉམ
་དུས་ཀྱི་ཡུན་ནི། གྲངས་ཀྱི་ཆང་ཡིན་པར་མཁས་པ་རྣམས་ཀྱིས་བཤང་ངོ་།། སྤྱི་བོར་ཏིལ་མར་སྦྱར་བ་བྱུགས་པས་ནི། སྐྲ་དཀར་དམར་སེར་སྐྱ་འབྱི་གཟའ་ཞུགས་དང་། མགོ་བོའི་རླུང་ནད་སེལ་ཅིང་འཇོམ
་དབང་པོ་གསལ། སྐང་གདངས་འགྲམ་པ་མགོ་བོའི་སྟོབས་བསྐྱེད་བྱེད།། ཞེས་བྱ་བ་ལ། ཏིལ་མར་སྤྱི་བོར་བླུགས་ཤིང་བསྐུས་པས་ནི། སྐྲ་དཀར་བ་དང་། སྐྲ་དམར་སེར་དུ་འདུག་པ་དང་། སྐྲ་འབྲི་བ་དང་། གཟེའ་ཞུགས་ཤིང་སྐ
་ཁྭ་གྱེས་པ་དང་། མགོ་བོའི་རླུང་གི་ནང་སེལ་ཅིང་འཇོམས་པར་འགྱུར་རོ།། དེ་བཞིན་དུ་མིག་ལ་སོགཅེས་པའི་དབང་པོ་རྣམས་གསལ་ཞིང་རང་གི་ཡུལ་འཛིན་པར་ནུས་པ་དང་། དེ་བཞིན་དུ་སྐད་གདོངས་དང་། འགྲམ་པ་དང་། མགོ
་བོའི་སྟོབས་བསྐྱེད་ཅིང་འཕེལ་བར་བྱེད་པ་ཡིན་ནོ།། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ། ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས། ལེའུ་ཉི་ཤུ་གཉིས་པའི
་རྣམ་པར་འགྲེལ་པའོ།། ། དེ་ནས་སྨན་གྱི་ཐིགས་པ་མིག་དུ་བླུག་པ་དང་། སྨན་གྱིས་མིག་བསླུ་བའི་ཆོ་གའི་ལེའུ་བཤད་པར་བྱའོ།། ཞེས་བྱ་བ་ལ། འདི་བ་རྣམས་པའི་འབྲེལ་བ་ནི་འདི་ཡིན་ཏེ། གང་གི་ཕྱིར
་ཤང་མ་ཐག་པའི་སྤྱི་བའི་ཏིལ་མར་གྱིས་ནི་དབང་པོ་རྣམས་གསལ་བར་བྱིང་བར་བཤང་ལྀ། དབང་པོ་ཐམས་ཅད་ཀྱི་ནང་ནས་དབང་པོའི་གཙོ་བོ་ནི་མིགོ་ཡིན་པས། དེའི་ཕྱིར་དེ་བསྲུང་བའི་དོན་དུ་དེའི་འོག་ཏུ་ལེའུ་འདི་བརྩམས
་པ་ཡིན་ནོ།། མིག་སྨན་གྱི་ཐིགས་པ་གང་ཞིག་བླུགས་པས་མིག་གི་སྐྱོན་ཀུན་འཛག་པར་འགྱུར་བས། མིག་གི་སྨན་གྱི་ཐིགས་པ་ལ་མིག་བསྐུ་བ་ཞེས་བྱ་སྟེ། དེའི་འོག་ཏུ་ཆོ་ག་ནི་འདི་ལྟར་བྱའོ།། ཞེས་པའི་ལས་ཀྱི་ཚུལ་ཏེ། ཆོ་ག་དེ
་བཤད་པར་བྱའོ།། མིག་ནང་དག་ནི་ཐམས་ཅད་ལ། དང་པོར་སྨོན་ཐོགས་བླུགས་པས་ནི།། ཟུག་ན་ག་ཡའི་དྲུང་མཆི་མ་འཛག། མིག་ཚེ་མིག་དམར་རྣམས་ལ་ཕན།། ཞེས་བྱ་བ་ལོ། མིག་གི་ནང་མ་ལུས་པ་ཐམས་ཅད་ལ།
་དང་པོ་ཐོག་མ་ཁོ་ནར་མིག་སྨན་ཐིགས་པ་ལ་སོགས་པ་བླུགས་ནས། མཆི་མ་འཛག་ཅིང་ཁྲུས་བྱ་བ་ཕན་ནོ།། དེ་ཡང་མིག་རྡོལ་ལ་ཐུག་པ་ལྟར་ན་བ་དང་། ཟུག་ཅིང་ན་བ་ལ་སོགས་པ་སེལ་བར་བྱེད་པ་ཡིན་ནོ།། དེ་ཡང་ཟུག་པ་ནི་རྒྱུན
་དུ་གཟེར་ཞིང་ན་བའོ།། ན་བ་ནི་སྣ་ཚོགས་པའི་ཚུལ་གྱིས་ཟླ་བའོ།། ག་ཡཱ་ར་བ་ནི་མིག་ཤཱས་ཚྭ་རཱ་གཱ་ཡའ་བའོ།། དྲུང་པ་ནི་མིག་མཆུ་གཉིས་ཕནྡ་ཚུན་རེག་པ་ན་མིག་ལ་དྲུང་པ་སྙམ་བྱེད་ཅིང་ན་བའོ།། མཆི་མ་འཛག་པ་ནི་རྒྱུན་དུ
་མིག་ཆུ་འཛག་པའོ།། ཚ་བ་ནི་ཚེའུར་འུར་བོར་བྱིང་བའོ།། མིག་དམར་བ་ནི་མིག་དམར་པོ་སླེ་སླེ་བོར་འདུག་པ་སྟེ། འདི་རྣམས་ལ་མིག་བཀྲུ་བའི་སྨན་བླུག་པ་ཕན་པ་ཡིན་ནོ།། རླུང་ལ་དྲོན་པོ་བར་དྲོ་དྭ་ཇམ།། ཁྲག་མ་ཁྲི་སཾ་ལ
་ནི་དེ་བ་སིལ་བསྔགས་ཞེས་བྱ་བ་ལ། མིག་སྨན་གྱི་ཐིགས་པ་དེ་རླུང་གི་ནང་ལ་དྲོན་པོ་སྟེ། དྲོ་བའི་བག་ཏུ་བྱས་པ་ཕན་ནོ།། བད་ཀན་གྱི་ན་ངི་ལ་ནི་དྲོ་འཇམ་སྟེ། ཅུང་ཟད་དྲོ་བ་ཕན་པ་ཡིན་ནོ།། ཁྲག་དང་མཁྲིས་པ
་ལས་གྱུར་པའི་མིག་ནང་ལ་ནི། སྨན་གྱི་ཐིགས་པ་བསིལ་བ་ཕན་པ་ཡིན་ནོ།། རླུད་མེད་གནས་སུ་འདུག་ནས་ནི།། ལག་པ་གཡོན་པས་མིག་ཕྱེ་ལ། ཉ་ཕྱིས་ནང་སྦྱར་རས་བལ་ནི།། བསྙད་པའི་ཐིགས་པ
་བླག་བྱས་ལ།། སོར་གཉིས་ཙམ་དཔངས་ལས་མིག་གྲ། ཐིགས་པ་བཅུ་འམ་བཅུ་གཉིས་བླུག། ཞེས་བྱ་བ་ལ། སྐྱེས་བུས་རླུང་མེད་པའི་གནས་སུ་འདུག་ནས་སྨན་པའི་ལག་པ་གཡོན་པོས་དེའི་མིག་ལེགས་པར་བྱེ་ལ་ལག་པ་གཡས་པ
་ཉི་ཕྱིས་ཀྱི་ནང་དུ་སྨན་སྦྱར་བ་རས་བལ་ལེའུ་བསྙད་པས། ཅུང་ཟད་འཕྱང་བར་བྱས་ལ་ཐིགས་པ་བླུགོས་པར་བྱ་བ་ནི་སོར་གཉིས་ཙམ་གྱི་དཔངས་ལས་མིག་གི་གྲ་སྣ་དང་། ཉེ་བའི་མིག་གི་ཟུར་ནས་ཐིགས་པ་བཅུ་འམ
་བཅུ་གཉིས་བླུགས་པར་བྱ་སྟེ། དེ་ལས་རྣམ་པ་གཞན་དུ་བྱས་ན་མིག་དམར་པོ་ལ་སོགས་པའི་ནང་སྐྱེད་པར་འགྱུར་རོ།། དེ་ནས་གོས་འཇམ་ངག་གིས་བྱི། རླུང་དང་བད་ཀན་དག་ཅན་དག་ལ།། གོས་འཇམ་གཞན་ནི་ཆུ་དྲོན་ལ།།
་སྤངས་པས་དུགས་ནི་འཇམ་པོ་བྱ།། ཞེས་བྱ་བ་ལ། དེ་ལྟར་མིག་ཏུ་བླུགས་པའི་རྗེས་ལ། གོས་འཇམོ་ཞིང་རེག་ན་བདེ་བས་མིག་ཕྱི་ཞིང་སྦྱང་བར་བྱའོ།། དེའི་འོག་ཏུ་གོས་འཇམ་པོས་ཕྱི་བ་ལས་གཞན་པ་དག་ཆུ་དྲོན་འཇམ་ཙམ
་ལ་སྤངས་པས་མིག་འཇམ་ཙམ་དུ་དུགསོ་བྱའོ།། དེ་ཡང་རླུང་དང་བད་ཀན་ཅན་དག་ལ་ཞེས་བྱ་བ། རླུང་ནང་དང་བད་ཀན་གྱི་ནང་ཡོད་པོ་ལ་དུགས་བྱའི། མཁྲིས་པ་འམ་ཁྲག་ཅན་ལ་ནི། དེ་ལྟར་དུགས་བྱར་མི་རུང་སྟེ། དེ
་གཉིས་ལ་ནི་སྦྱང་ཞིང་ཕྱི་བ་ཙམ་བྱའི། དུགས་མི་བྱའོ།། མཱིག་སྨན་བླུགས་པ་རབ་ཚྭ་རྣོས།། ན་ཞིང་མིག་དམར་རྟུལ་བར་འགྱུར།། ཤིན་ཏུ་གྲང་བས་ཟུག་པ་དང་།། འཛུམས་མི་ཤེས་དང་ན་བར་འགྱུར།། དྲགས་པས་མིག
་མཚུང་མར་དང་དྷྲྀ་།། རྩུབ་ཅིང་མིགོ་ནི་འབྱེད་དཀར་འགྱུར།། ཤིན་ཏུ་ཆུང་སྨྲ་བས་ནང་དཀྱིལ་སྐྱེད།། མ་པོ་བས་ནཱི་ཟླ་བར་བྱེད།། ཅེས་བྱ་བ་ལ། སྨིག་ཏུ་སྤྱན་གྱི་ཐུགས་པ་བླུགས་པ་རབ་ཏུ་ཚ་བ་དང་། རྣོན་པོས་བླུགས་པས་ནི་ན་ཞིང་ཟུག
་བར་འགྱུར་བ་དང་། མིག་དམར་བར་འགྱུར་བ་དང་། མིག་རྟུལ་ཞིང་མི་གསལ་བར་འགྱུར་རོ།། གལ་ཏེ་མིག་ཏུ་བླུགས་པའི་སྒྲ་ན་ཤིན་ཏུ་བསིལ་ཞིང་གྲང་བ་བླུགསྭཱ་ན། མིག་གི་ནད་རབ་ཏུ་ཟུག་ཅིང་བརྡོལ་ལ་ཐུག་པ་སྙམ
་བ་འབྱུང་བར་འགྱུར་བ་དང་། འཛུམསྣ་མི་ཤེས་ཤིང་རེངས་བྱག་ཧ་ར་ཧ་རཱ་པོར་གནས་པ་དང་། ན་བ་སྟེ་རྒྱུན་མི་འཆང་བར་ཟུག་ཅིང་ནི་བཱར་འགྱུར་རོ།། མིག་སྨན་གྱི་ཐིགས་པ་མང་པོར་བླུགསྲྀ་ཏེ་དྲགས་པས་ནི་མིག་མཆུ་དམར
་ཞིང་འབྱར་བག་དང་། རྙོག་མ་ཅན་གྱི་མདོག་ཅན་དུ་བྱེད་དོ།། དེ་བཞིན་དུ་མྱིག་མཆུ་ཕན་ཚུན་དྲུད་པ་དང་། དེ་བཞིན་དུ་མིག་ཤིན་ཏུ་དབྱེ་དཀའ་བར་འགྱུར་རོ།། མིག་སྨན་བླུགས་པ་ཤིན་ཏུ་ཆུང་ཞིང་ཚང་དུ་མ་ཕྱིན་པས
་ནི། ནད་ཀྱི་དཀྱིལ་བ་སྐྱེད་ཅིང་འཕེལ་བར་འགྱུར་གྱི་ནང་དེ་ཞི་བར་བྱེད་མི་ནུས་སོ།། མིག་གི་སྨན་མ་བཙགས་ཤིང་གོས་ཀྱི་ཆ་གོས་ལས་མ་བཏོན་པའམ། མིག་ཏུ་བླུགས་པ་སླར་མ་ཕོ་བས་ནི། སླར
་ཐུ་བར་བྱེད་ཅིང་མཆི་མ་འཛག་པ་དང་། མི་གཟུག་པ་དང་། མིག་རྙོག་མ་ཅན་དུ་འགྱུར་རོ།། བསྐུས་ལེགས་གནང་རྩ་སྣ་སུལ་དང་། ཁ་ལི་སྦུབས་སུ་སྨན་གྱིས་ཁྱབ། སྤྱི་བོར་གཏོགས
་པའི་ནད་ཀྱི་ནི། དྲི་མ་ཕྱིར་ནི་འབྱིན་པར་བྱེད།། ཅེས་བྱ་བ་ལྔ། མིག་ཏུ་བླུགས་པའི་སྨན་ལེགས་པར་བླུགས་ན་གནད་ཀྱི་རྩེ་རྣམས་དང་། སྨྲའི་སུལ་རྣམས་དང་། ཁའི་སྦུ་བས་ནི་ཡོད་པའི་རྩ་རྣམས་སུ་ཁྱབ་ཅིང་ཕྱིན་པར
་འགྱུར་བས། སྤྱི་བོར་གཽ་ཏོགས་ཤིང་མ་གོ་ཁྱབ་པར་བྱུང་བའི་དྲི་མ་སྟེ། ནང་རྣམས་སེལ་ཅིང་འབྱིན་པར་བྱེད་དོ།། ཟློག་པར་ནུས་སོ།། ཞེས་བྱ་བའི་དོན་ནོ།། དེ་ནས་ལུ་ས་སྦྱང་མིག་སྨན་བསྐུ།། མིག་ཙམ་ལ་ནི་གནས
་གྱུར་པ། ཅུང་ཟང་སྐྲ་དང་ཤིན་ཏུ་གཡའ།། རྡུ་མ་ཚོགས་པས་སྨིན་ཤེས་ཤིང་།། ཅུང་ཟད་རྡུང་དམར་མཽཆིལ་མ་འཛག། མིག་རྔུ་སྡུག་ལ་བཏང་བར་བྱ།། བང་ཀན་དང་ནི་ཁྲག་མཁྲིས་དང་།། མཆོག་ཏུ་རླུང་གིས
་གཟིར་ལ་བསྐུ། ཞེས་བྱ་བ་ལ། དེ་ནས་མིག་སྨན་གྱི་ཐིགས་པ་བླུགས་པའི་འོག་ཏུ་ལུས་སྦྱངས་ཤིང་སྐྱུགས་སྨན་ལ་སོགས་པས་ནང་བསལ་ནས། མིག་སྨན་གྱིས་བསྐུ་བ་ནི་མིག་ཙམ་ལ་བརྟེན་ཅིང་གནས་པར་གྱུར
་པའི་ནང་གང་ཡིན་པ་དཽ་སྨིན་ཅིང་ཅུང་ཟད་རྙིངས་པར་གྱུར་པའི་མཚན་མ་འབྱུང་བའི་མིག་ལི་མིག་སྨ་ན་བསྐུ་བར་བའོ།། སྨིན་པ་དེ་ཅུང་ཟད་སྐྲང་བ་དང་། དེ་བཞིན་དུ་ཤིན་ཏུ་གཡའ་བ་དང་། མིག་གི་རྡུ
་མ་ཆགས་པར་གྱུར་པ་ལས་སྨིན་པ་ཡིན་པར་ཤེས་ཤིང་རྟོགས་པ་དང་། དེ་བཞིན་དུ་ཅུང་ཟང་དྲུད་པ་སྙམ་པ་དང་། དམར་བ་དང་མཆི་མ་འཛག་པ་སྟེ། མིག་གང་ཤས་ཆུང་བར་དྲུད་པ་སྙམ་བྱེད་ཅིང
་མཆི་མ་འཛག་པ་དང་། མིག་རྔུ་སྟུག་ཅིང་ཆེ་བ་ཆགས་པ་ལ། མིག་སྨན་བསྐུ་ཞིང་བྱུག་པར་བྱའོ།། ཡང་དེ་བཞིན་དུ་བད་ཀན་དང་ཁྲག་དང་། མཁྲིས་པས་ཉེན་ཅིང་གནོད་པའི་མིག
་ནང་ལ་བཏང་བར་བྱའོ།། དེ་བཞིན་དུ་མཆོག་གམ་ཁྱད་པརྱ་དྷཱ་ནི་རླུང་ནད་ཀྱིས་ཉིན་པ་དག་ལ་མིག་སྨོན་བསྐུ་ཞིང་བྱུག་པ་བཏང་བར་བྱའོ།། མིག་སྤྱན་ཕྱི་དང་རྨ་གསོ་དང་།། གསལ་བར་མཐོང
་རྣམ་པ་གསུམ།། ཞེས་བྱ་བ་ལ། བསྐུ་ཞིང་བྱུག་པའི་མི་གྷི་སྨྱན་དེ་ཡང་རྣམ་པ་གསུམ་སྟེ། གཙི་གྨ་ནི་བྱི་ཞིང་བསལ་བའོ།། གཉིས་པ་ནི་རྨ་འཚེབ་ཅིང་གསོ་བའོ།། གསུམ་པ
་ནི་མིག་གསེལ་བར་བྱང་པོའོ།། དེ་ཡང་ཕྱི་བ་ནི་། ལིང་ཏོག་ལི་སོགས་པའི་མིག་ནོང་ཀྱི་རིགས་མིག་གི་མ་ཚོམོ་དཔྱང་ཀྱིས་ཕྱི་ཞིང་བདར་བ་ལྟར་བྱེད་བས་ན་བྱི་བའོ།། ཡང
་ན་མིག་སྨན་ཤིན་ཏུ་རྣོ་བས་ནད་ཀྱི་ཁམས་གོང་འབྲུ་ཞིང་འབྱིན་པས་བསལ་བ་ཞེས་བྱ་བའོ།། རྨ་གསོ་བ་ནི་གང་གིས་རྨ་འཚོབ་ཅིང་འབྱོར་པར་བྱེད་པས་ན་རྨག་སོ
་བའོ།། བསལ་བར་མཐོང་བ་ནི། གསལ་ཞིང་དྲི་མ་མེད་པར་མཐོང་བར་བྱེད་དོ།། དེ་ལ་ཕྱེ་བའི་མིག་སྨན་ནི།། བསྐ་དང་སྒྱུར་དང་ཚ་དང་ཁ།། རྨ་གསོ་སྨན་ནི་ཁ་པ་སྟེ། གསལ་སྨན་མངར་དང་བསིལ་བ་ཡིན།།
་ཞེས་བྱ་བ་ལ། མིག་སྨན་དེ་རྣམས་ཀྱི་ནང་ནས། ཕྱི་བའི་མིག་སྨན་ནི་བསྐ་བ་ལ་སོགས་པའི་རོ་བཞི་ལས་སྦྱར་བའི་མིག་སྨན་ནི། ལིང་ཏོག་དེང་སྤྲིན་གྱིས་གཡོགས་པ་ལ་སྦྱར་རོ།། རྨ་གསོ་བའི་མིག་སྨན་ནི་རོ་ཁ་བ་དག་ལས
་སྦྱར་ཏོ། དེ་ནི་མཆི་མ་ལ་སོགས་པ་ལ་བཏང་ངོ་།། མིག་གསལ་བའི་སྨན་ནི་རོ་མངར་བ་དང་བསིལ་བ་ཡིན་ཏེ། དེ་ནི་མིག་སྣད་པ་དང་ནད་མེད་པར་གནས་པའི་སྐབས་སུ་བཏང་པོར་བྱའོ།། ཐུར་མ་སོར་བཅུ་དབུས་ཕྲ་ལ།། རྩེ་མོ་སྨི
་ཤིང་ཁ་འབུས་འདྲ།། ཕྱི་བའི་ཐུར་མ་ཟངས་སུ་བསྔགས།། རྨཱ་གསོ་ལྕགས་ནག་བྱ་སོར་ཙམ།། བཟང་པོ་བསལ་བར་བྱེད་པ་ནི།། གསེར་དང་དངུལ་ལས་བྱས་པ་བསྔགས།། ཞེས་བྱ་བ་ལ། མིག་སྨན་བསྐུ་བའི་ཐུར་མ་ནི།། སྲིད
་སོར་མོ་བཅུའི་ཚད་ལ་དབུས་ཀྱི་ཕྱོགས་ཕྲ་བ། རྩེ་མོ་གཉིས་སྲི་ཤིང་མེ་ཏོག་ཁ་འབུས་པ་འདྲ་བར་ཅུང་ཟད་སྦོམ་ཞིང་། འཇོད་པར་བྱས་ལ། ཐུར་མ་དེ་ཕྱི་བོའི་དཔྱང་དུ་ནི་ཟངས་མ་ལོས་བྱས་པ་བསྔགསོ།། རྨ་གསོ་བའི་ཐུར་མ
་ནི་ལྕགས་ནག་པོ་ལས་བྱིས་པ། མཛུབ་སོར་ཙམ་གྱི་སྲིད་ཡོད་པ་བཟང་ཞིང་བསྔགས་སོ།། གསལ་བར་བྱེད་པའི་མིག་སྨན་བསྐུ་བའི་ཐུར་མ་ནི་གསེར་དང་། དངུལ་ལས་བྱས་པ་བཟང་བ་ཡིན་ནོ།། བདེར་བུ་ཁུ་བ་ཕྱེ་མ་སྟེ།། མིག
་སྨན་རྣམ་གསུམ་ཉིད་དུ་བརྞྞག། ད་ནི་མིག་སྨན་གྱི་འབྲིང་དང་།། ཡང་བ་ལ་ནི་རིམ་བཞིན་སྦྱར།། ཞེས་བྱ་བ་ལ། མིག་སྤུན་སྦྱར་བའི་ཐབས་ནི།། རྣམ་པ་གསུམ་ཁུན་སྟེ། བདུར་དང་ལྦ་བ་དང་བྱ་མར།། དེ་སྣ་གཤར་གྱིས་སྦྲུས་ཤིང་བཏན
་ནས། རེང་བུར་བྱས་པ་ནི་བདར་བུ་ཞེས་བྱ་བའི་སྒྲར་བརྗོད་དོ།། ཁུ་བ་ནི་སྨན་ཁུ་བསྐོལ་བ་ལས་སྐྲུན་ཏོར་གྱུར་པ་ལས་བྱས་པའོ།། སྨན་སྐམ་པོར་བཏགས་པའི་མིག་སྨན་ནི་ཕྱེ་མའོ།། ཞེས་བྱ་བའོ།། མིག་སྨན་དེ་དག་ཀྱང་སྔ་མ
་བཞིན་དུ་སྟོབས་ཆེ་བ་ཡིན་ཏེ། དེ་བས་ན་ནད་ཤིན་ཏུ་སྟོབས་དང་ལྡན་པ་ལ་ནི་རེད་བུ་བཏང་བར་བྱའོ།། མིག་ནད་ཚབས་འབྲིང་ཅིམ་ལ་ནི་ཁུ་བ་བཏང་བར་བྱའོ།། མིག་ནང་ཡང་ཞིང་སྟོབས་ཞན་པ་ལ་ནི་ཕྱེ་མ་བཏང་བར་བྱ་སྟེ། དེ་ལྟར
་རིམ་པ་བཞིན་དུ་སྦྱར་བར་བྱའོ།། མཚན་མོ་ཉལ་དང་ཉི་མའི་གུང་།། ཟོས་འཐུངས་ཉི་མ་ཚ་བ་ཡིས།། མིག་གི་ནད་ནི་འཕེལ་བ་དང་།། དཀྱིལ་ནི་སྐྱེ་དང་འཁྲུགས་པར་འགྱུར།། དེ་བས་ཞི་ཕྱིར་ན་དགོངས་ཉི་མ་སྤྲིན་བྲལ་དུས་སུ་བསྐུ།།
་ཞེས་བྱ་བ་ལ། མཚན་མོ་ཉེལ་བས་ནད་འཕེལ་ཞིང་སྐྱེ་བར་འགྱུར་བ་དང་། དེ་བཞིན་དུ་ཉི་མའི་གུད་ལ་ཟས་ཟོས་ཤིང་སྐོམ་འཐུངས་པས་དཀྱིལ་སྐྱེ་ཞིང་གྱེན་དུ་འཕེལ་བར་བྱེད་པ་དང་། དེ་བཞིན་དུ་ཉི་མུ་གུང་ལ་ཡང་། ཉི་མ
་བའི་ཟེར་གྱིས་མིག་ནང་མྱུར་དུ་འཁྲུགས་ཤིང་གཡོ་བར་འགྱུར་ཏེ། དེ་བས་ན་དེ་ཞི་བར་བྱ་བའི་ཕྱིར་ཏེ། དེ་ནུབ་མོའི་ནད་ཀྱི་སྐྱོན་ཞི་བར་བྱ་བའི་ཕྱིར། ནང་པར་བཏང་བར་བྱ་ལ། དེ་བཞིན་དུ་ཉི་མ་གུང་གི་སྐྱེ་དེ་ཟོས་པ་དང་། འཐུངས
་པ་དང་། ཉི་མ་ཚ་བས་དཀྱིལ་སྐྱེ་ཞིང་གནོད་པ་དང་འཁྲུགས་པར་འགྱུར་བའི་ཉེས་པ་སྤང་བའི་ཕྱིར་དགོངས་ཀ་བསྐུའོ།། ཡང་ན་ཕྱི་འཕྲེད་ཀྱི་དུས་སྤྲིན་དང་བྲལ་ཞིང་ཡུལ་རྨུས་པ་མེད་པའི་སྐབས་སུ
་བསྐུ་བྱའོ།། གཞན་དག་སྨྲ་བ་ཉིན་པར་ནི།། མིག་སྨན་རྣོན་པོ་བཏང་མི་བྱ།། བསྐུས་པས་ཉམ་ཆུང་གྱུར་པའི་མིག། ཉི་མ་བལྟས་ན་གནོད་པར་འགྱུར། ཞེས་བྱ་བ་ལ། ཡང་སློབ་དཔོན་གཞན་དག་འདི་སྐད་ཟེར་ཏེ། ཉིན་པར་གྱི་དུས་སུ
་མིག་སྤྲིན་རྣོན་པོ་བཏང་ཞིང་བསྡུ་བར་མི་བྱཱ་སྟེ། ཅིའི་ཕྱིར་ཞེ་ན། མིག་སྨན་རྣོན་པོས་བསྐུས་པས་བཀྵས་ཤིང་འཛག་པར་བྱས་པས། ཉམས་ཆུང་ཞིང་སྟོབས་ཞན་པའི་མིག་གིས་ཉི་མ་བལྟས་ན་གནོད་པར་འགྱུར་ཞིང་ཉམ
་ཆུང་བར་འགྱུར་རོ།། མཚན་མི་གཉིད་ནི་ལོག་པ་ལོ།། ཟླ་དུས་ཡིན་པས་བརྟས་འགྱུར་ཏེ།། མིག་ནི་མེ་ཡི་རང་བཞིན་པས།། བསིལ་བས་གནོད་མེད་བརྟེན་པར་འགྱུར།། ཞེས་བྱ་བ་ལ། ཡིད་སློབ་དཔོན་དེ་ནི་མཚན་མོའི
་དུས་སུ་མིག་སྨན་རྣོན་པོ་བཏང་བར་བྱའོ།། ཞེས་ཟེར་ཏེ། ཅིའི་ཕྱིར་ཞེ་ན། མཚན་མོ་གཉིད་ཀྱིས་ལོག་ཅིང་ཉལ་བ་ནི།། ཟླ་བའི་རང་བཞིན་ཡིན་པ་དང་།། དུས་ཀྱང་ཟླ་བའི་དུས་ཡོན་ཀྵཿས་ཤིང་ཚིམ་པར་འགྱུར་བ་ཉིད་ཀྱིས
་མིག་གི་མེའི་རང་བཞིན་བསིལ་བས་བརྟན་པར་འགྱུར་ཞིང་སྟོབས་རྙེད་པར་འགྱུར་རོ།། མིག་ནང་དབང་གན་ཤས་ཆེ་བ་འམ། ཕྱི་ཞིང་བསིལ་བར་བྱས་པ་ལི།། རབ་ཆེ་མིན་ཟེའི་ཉིན་པར་ཡང་།། མིག་སྨན་རྣོན་པོ་ཐུགས
་པར་འདོད། ཅེས་བྱ་བ་ལ། གལ་ཏྲེ་བདཱ་ཀན་གྱི་མིག་ནཱ་པ་ཤིན་ཏུ་ཤས་ཆེ་ཞིང་བདོ་བ་དང་། དེ་བཞིན་དུ་ཕྱི་ཞིང་བསལ་བར་བྱ་བའི་མིག་མཛེར་རམ་ལིང་ཏོག་ལ་སོགས་པ་ཉིན་མོ་ཡང་དེས་གསོ་བར་བྱ་བའི་ནད་ལ་མིག་སྨན
་བཏང་དུ་རུང་ལ། དེ་ཡང་ཉི་མ་ཤིན་ཏུ་མི་ཚ་བ་ལ། མིག་སྨ་ནཱི་རྣོན་པོ་དག་ཀྱང་བླུགས་སུ་རུང་བར་འདོད་ཅིང་ཁས་ལེན་པ་ཡིན་ནོ།། དྲིས་པ་མིག་ནི་མེའི་རང་བཞིན་ཡིན་ལ། མིག་སྨན་རྣོན་པོ་ཡང་མོའི་རང་བཞིན་ཅན་ཡིན
་པས་ཉི་མ་ཆེ་བ་དང་། ཆོས་མཐུན་པ་ཡིན་ན། འདི་ལ་འགལ་བ་ཅི་ཡོད་ཅེ་ན། རྡོརྗེ་ཕྱིར་སྨྲ་བ་ནི། ལྕགས་ནི་རྡོ་ལས་བྱུང་བ་ཡིན།། རྣོ་བ་དེ་ཉིད་ལས་བྱུང་ཡང་།། དེ་ཉིད་ཀྱིས་ནཱི་གནོད་བྱེད་ནུས།། མིག་གི་རང་བཞིན་དེ་དང
་འདྲ།། ཞེས་བྱ་བ་ཡིན་ཏེ། ཇི་ལྟར་ལྕགས་རྣམས་ནི་རྡོའི་ཁམས་རྣམས་ལས་བྱུང་ཞིང་སྐྱེས་པ་ཡིན་ལ། གང་ཡང་ལྕགས་དེ་ཉིད་ཀྱི་རྣོ་བ་ཉིད་ཀྱང་རྡོ་དེ་ཉིད་ལས་བྱུང་བ་ཡིན་མོད་ཀྱི།། གང་ལྕགས་དེ་ཉིད་རྣོ་བ་ཉིད་ལ་གནོད་ཅིང
་འཇིག་པར་བྱེད་པ་འམ། ཡང་ནཱ་རྣམ་པ་ཐམས་ཅད་ནས་ཐམས་ཅ་དུ་མེད་པར་བྱེད་པ་ནི་རྡོ་དེ་ཉིད་ལས་བྱུང་གི་གཞན་ལས་མ་ཡིན་ནོ།། དེ་བཞིན་དུ་མིག་གི་མཐོང་བའི་རང་བཞིན་ནི་མིའི་ཁམས་ལས་བྱུང་ལ། དེ་ཉིད་ཀྱི
་ནརྣོ་བའི་ཕྱིར་ཟག་རིང་པོར་མཐོང་བར་ནུས་པ་ཡིན་མོད་ཀྱི་དེ་ཉིད་ཀྱིས་གནོད་པར་བྱེད་དེ།། ཅུང་ཟད་ཙམ་མཐོང་བ་འམ། རྣམ་པ་ཐམས་ཅད་དུ་མི་མཐོང་བར་འགྱུར་རོ།། དགུན་ཚེ་མཚན་མོ་མིག་སྨན་ནི།། རྣོན་པོ་ཕན་པ
་མཱ་མཱན་ཏེ། འཛག་མི་འགྱུར་བས་མེག་རངས་དང་། ཀ་མཱཥྚ་དང་མིགསལ་ལ་སོགས་སྐྱེད།། ཅེས་བྷྱ་གཱ་ལ། དགུན་གྱི། སྤྱནནམ་ཡང་མིགྶ་སྨན་ཤིན་ཏུ་རྣ་བ་ལྡན་ཀེང་བང་བར་བྱེད་བླ་མྦྷ་ཡྀན་ཏུ
་དེཙོའི་ཕྱིར་ཞེ་ན། དུས་དེའི་ཚེ་མིག་སྤྱན་རྣན་པ་བཏང་ཡང་གྲང་བའི་ཉེས་པས་མིག་ལསུ་མ་མམྦྷ་ལ་མིགས་འིརླུང་འབྱོན་ཅིང་འཇིག་པར་བྱེད་མི་ནུས་ཏེ། སླར་ཞིང་མིག་སྤྱན་དེས་མིག་རངས་ཤིང་དེ་བག་ཏུ་འདུག་པ
་དང་། གཡའ་བ་དང་། མི་གསལ་བ་ལ་སོགས་པ་བསྐྱེད་པར་འགྱུར་རོ།། སོགས་པའི་སྒྲས་ནི་སྐྲངས་པ་དང་། མིག་རྡུལ་ཆགས་པ་དང་། མིག་དམེར་བ་ལ་སོགས་སྐྱེད་པར་འགྱུར་རོ།། མིག་སྨན་མི་བཏང་འཇིགས
་དང་སྐྱོན།། ཁྲུས་བཏང་ཟས་ཟོས་ཤུགས་ཀྱིས་ཉེན།། ཁྱོས་དང་རིམས་བཏབ་མིག་ཕྱིར་བྱུང་།། ཀླད་ནང་མྱ་ངན་གཉི་དཱ་མ་ལོག། ཉི་མ་མཐོང་ཞིང་བཀྲུས་པ་དང་།། ཆུང་འཐུངས་དུ་བ་བརྔུབས་པ་དང་།། ཁ་ཟས
་ཞུ་ཉིན་ཚན་གདུངས།། ཉིན་ཉལ་སྐོམ་པ་ལ་མི་བཏང་། ཞེས་བྱ་གྷུ་ལ། སྐྱེས་བུ་འཇིགས་ཤིང་སྔངས་པར་གྱུར་པ་ལ། མིག་སྨན?་བཏང་དུ་མི་རུང་ངོ་།། དེ་བཞིནྡྷེ་སྨོན་ཞིང་སྐྱུག་པ་དང་། བཀྲུ་སྨན་བཏང་ཟིན་པ་དང་།
་ཟས་ཟོས་ཤིང་འདྲངས་མ་ཐག་དང་།། བཤང་བ་དང་གཅི་བ་ལོ་སོགས་པའི་ཤུགས་ཀྱིས་ཉེན་པ་དང་།། ཁྲོ་ཞིང་རྔམ་པ་དང་། རིམས་ཀྱིས་བཏབ་པ་དང་། མིག་ཕྱིར་བྱུང་ཞི་བང་གློག་པ་དང་། ཀླད་ནད་ཀྱིས་གཟེར
་བ་དང་། མྱ་ངན་དང་བཅས་པ་དང་། མཚན་མོ་གཉིད་མ་ལོག་པ་དང་། ཉི་མ་མཐོང་ཞིང་མ་ཤར་བའི་བར་དང་། མགོ་བཀྲུས་ཤིང་གཤེར་བ་དང་། དེ་བཞིན་དུ་ཆང་འཐུངས་ཤིང་དུ་བ་བརྔུབས་པ་དང་། དེ་བཞིན་དུ་ཁ
་ཟས་མ་ཞུ་བ་དང་། ཉི་ཚན་གྱིས་གདུངས་པ་དང་། ཉིན་པར་ཉལ་ལྡིང་གཉིད་ལྡོག་པ་དང་། སྐོམ་གྱིས་ཉེན་པ་ལ་མི་བཏང་།། ཞེས་མི་བཏང་བ་ཀུན་ལ་སྦྱར་བར་བྱའོ།། མྀག་སྨན་རབ་རྣོ་འཇམ་དང་ཉུང་།། མང་སྒྲ་སྐུ་དང
་རྩུབ་པ་དང་།། ཤིན་ཏུ་བསིལ་དང་ཆེ་བ་དང་།། མིག་སྨན་བསྐུ་བར་མི་བྱའོ།། ཞེས་བྱ་བ་ལ། རབ་ཏུ་རྣོ་བ་ནི་རོ་ཚ་བ་དང་། སྐྱུར་བ་དང་། ལན་ཚྭ་ལས་སྦྱར་པོ་མི་བྱའོ།། དེ་བཞིན་དུ་རབ་ཏུ་འཇམ་པ་ནི་རོ་མངར་བ་ཉི་ཚེ་ལས
་བྱིས་པའོ།། ཉུང་བ་ནི་ཆུང་ཆེས་པའོ།། མེང་བ་ནི་ཆེས་གྲགས་པའོ།། དེ་བཞིན་ཤིན་ཏུ་སླ་བ་དང་།། ཤིན་ཏུ་བསྐུ་བ་ད་ང་། ཤིན་ཏུ་རྩུབ་ཅིང་རེག་ན་མི་བདེ་བ་དང་། དེ་བཞིན་དུ་ཤིན་ཏུ་བསིལ་བ་དང་། ཤིན་ཏུ་ཚ
་བོའི་མིག་སྨན་བཏང་ཞིང་སྦྱར་བར་མི་བྱའོ།། དེས་ན་མིག་ནི་མ་ཕྱེ་བླར།། དལ་གྱིས་ནང་དུ་ཁྱབ་པར་བྱ།། ཞེས་བྱ་བ་ལ། དེས་ན་དེའི་འི་ག་ཏུ་མིག་སྨན་ནང་དུ་ཞུགས་ཤིང་ཁྱབ་པར་བྱ་བའི་ཕྱིར། མིག་གི་འབྲས་བུ
་དལ་གྱིས་བསྐྱོད་ཅིང་བསྐུལ་ལ། སྨན་གྱིས་ཁྱབ་པར་བྱའོ།། ཅི་ཞིག་བྱས་ནས་ཤེ་ན། མི་ཕྱེ་བ་ཞེས་བྱ་སྟེ། མིག་དབྱེ་བར་མིག་འབྲས་ནང་དུ་བསྐུལ་བར་བྱའོ།། མིག་སྨན་བྱུགས་ནས་མིག་མཆུ་ནི།། ཅུང་ཟད་བསྐྱོད
་ལམའི་སྨན་ནི།། རྣོན་པོ་མྱུར་དུ་ཁྱབ་འགྱུར་བས།། དབྱེ་དང་འཛུམས་པར་མི་བྱའོ།། མིག་མཆུ་གཉིས་ནི་བསྡམ་པ་དང་།། བཀྲུ་བ་དག་ནི་མི་བྱའོ།། ཞེས་བྱ་བ་ལ། མིག་སྨན་མིག་དུ་བཅུག་གམ། བྱུགས་ནས་མིག་གི
་མཆུ་ཅུང་ཟད་ཙམ་དལ་བུས་བསྐྱོད་པར་གྱུར་ན། མིག་སྨན་རྣོན་པོས་མྱུར་དུ་ཁྱབ་པར་གྱུར་པས་འཕྲལ་དུ་དེའི་མོད་ལ་མིག་སྨན་བཅུག་མ་ཐག། མིག་དབྱེ་བ་དང་བཙུམ་པར་མི་བྱའོ།། དེ་བཞིན་དུ་དེའི་མོད་ལ་མིག་མཆུ་གཉིས
་བསྡམ་ཞིང་བཙིར་བར་ཡང་མི་བྱ་ལ། འཕྲལ་དུ་མིག་བཀྲུ་བར་ཡང་མི་བྱའོ།། གང་ཚེ་མིག་སྨན་གྱིས་བསྐུས་པའི།། སྨན་གྱི་རྩོལ་བ་ཞི་གྱུར་ན།། ནད་ཀྱི་དམིགས་དང་མཐུན་པ་ཡི།། ཆུ་ཡིས་དེ་ཚེ་བཀྲུ་བར་བྱ།། ཞེས
་བྱ་བ་ལ། གང་གི་ཚེ་མིག་སྨན་བསྐུས་པ་འམ། བྱུགས་པའི་རྗེས་ལ། སྨན་གྱི་ནུས་པའི་མཐུ་རྩོལ་བ་ཞི་བར་གྱུར་ཅིང་། ཚ་བ་ལ་སོགས་པ་མེད་པར་གྱུར་ཅིང་། དེ་ཉིད་ཀྱིས་ན་བདེ་བར་གྱུར་པ་དེའི་ཚེ། ནད་ཀྱིས་དམྱིགས་དང
་མཐུན་པའི་ཆུ་བསིལ་པ་དང་། དྲོ་བཱི་དང་། བར་མའི་རང་བཞིན་ཅན་ལ་སོགས་པས་ཅི་བདེར་བཀྲུ་བར་བྱའོ།། དེ་ནས་གོས་འཇམ་བཅས་པ་ཡི།། མཐེ་བོ་དང་ནི་མཛུབ་མོ་ཡིས།། མིག་ནེ་ཙི་རན་ཕྱེ་སྟེ་ཕྱི།། གཡོན་པས
་གཡས་པ་ཕྱེ་བར་བྱ།། གཞན་དུ་མིག་སྨན་བླུགས་པ་ཡིས།། མིག་མཆུ་ཁྱབ་པར་ནང་སྐྱེད་གྱུར།། ཞེས་བྱ་བ་ལ། དེ་ནས་དེ་ལྟར་བཀྲུས་པའི་རྗེས་ལ་གཡས་པའི་མཐེབ་མོས་གོས་འཇམ་པོ་དང་བཅས། མི་གཡོན
་པཥྚི་མིག་མཆུ་གོང་མ་བཟུང་ལ་ཙི་རནྡྲ་ཙམ་དུ་ཕྱི་ཞིང་བསལ་བཨཱརྱ་བྱའོ།། གཡོན་པའི་མཱཐེ་བོ་གང་དང་བཅས་པས་ནི། གཡས་པའི་མིག་མཆུ་གོང་མ་བཟུང་ནས་ཕྱི་བུར་བྱའོ།། དེ་ལས་གཞན་དུ་མིག་སྨན་བླུགས།
་པའི་རྗེས་ལ་སྨྱུང་ཞིང་ཕྱི་བོ་མ་བྱས་ན་མིག་སྨན་བླུགས་པས་ནད་ཀྱི་མོག་མཆུར་ཁྱབ་ཅིང་ཕྱིན་པས། རད་ཀྱི་གནོད་པ་སྐྱེད་པར་འགྱུར་རོ།། དེ་བསྟེན་མིག་སྨན་བཏང་བའི་རྗེས་ལ། མིག་མཆུ་བཀྲུ་བ་དང་ཕྱི་བརྱ་བྱའོ།།
་སླད་རྨྱི་ག་ལ་ས་ཏུ་མྱོམ།། རྣོན་པ་འོམ་དུ་པ་འཇུ་བྱ།། སྲེ་བྱ་བ་ལ། མིག་སྨིན་བཅུག་དྷ་མིགས་ཡུལ་ཨཱ་བྷ་བ། མིག་སྤྱད་དན་པོ་། དུ་ལུ་།། མིག་སྨ་རྣོ་ཐོ་བྱ་།། ཤཱ་རློམནི་སྔོན་མ་བྱེད་གཞུག། དུ་བྱུ་། ཇིན་སྨ་ན་ཟུག་པ་མིག་རྒྱུ་། ཎ་ནི་པའི་ཕྱིར་བསཱིལ་ཞིང་གླང་བའི་ཕྱེ་མའི་མཽགུ་སྨན
་གཞུག་པར་བྱའོ།། མིག་སྨན་དེ་ནི་སླར་འཆོས་ཤིང་གསྲོ་བར་བྱེད་པས་ནཱ། མིག་སྨན་སྦྱར་འཆོས་པ་ཞེས་བྱ་བའོ།། ཡན་ལྷག་བརྒྱུད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ། ཚིག་དོན་གྱི་ཟླ་ཟེར་ཞེས་བྱ་བ་སྨོ
་དབ་ནི་རྦྷུ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས། 9ཊ་གྲོསམ་པའི་རྣམ་པར་འགྲེལ་པའོ།། ། དེ་ནས་མིག་བ་བའི་ཆོ་ག་དྷཱི་དྷཱ། མིག་སྨྱནྣ་སི་པྲཱཪྵ་མ་བསྲེགས་ཤིང་བཙུསྨྲ་པའི་ཁུ་བོ་མིག་ཏྱཱ
་ཐུགས་པའི་ཆོ་གའི་ལེའུ་བཤད་པར་བྱའོ།། ཞེས་བྱ་བ་ལ། འདི་བརྩམས་པའི་འབྲེལ་པ་ནི་འདི་ཡིན་ཏེ། མིག་སྨན་རྣོན་པོས་ཚ་བར་གྱུར་ན་སླར་འཆོས་པའི་མིག་སྨན་གྱི་ཕྱེ་མ་བསིལ་བར་གཞུག་པར་བྱའོ།། ཞེས་བཤད་ཐས
་མིག་བལྟ་ཞིང་ཚིམ་པར་བྱ་བ་ཡང་ཕལ་ཆེར་དེ་དང་འདྲ་བས་འདིར་བཤད་པ་ཡིན་ནོ།། དེ་ལ་མིག་བལྟ་བ་དང་། བསྲེག་ཅིང་བཙོ་བའི་ཆོ་ག་གཞུང་གང་དུ་སྟོན་པར་བྱེད་པའི་ལེའུ་བཤད་ཅིང་བསྟན་པར་བྱའོ་ཞེས་པའོ།།
་མིག་འཛུམ་མི་ཤེས་རེངས་བག་དང་། སྐམ་དང་རྩུ་བ་དང་སྣང་བ་དང་། རླུང་མཁྲིས་ནང་གྱུར་ཞུམ་བག་དང་།། རྫི་མ་བྱི་ཞིང་གཡོགས་པར་མཐོང་།། དབྱེ་དཀའ་རྩ་ནི་འརྩེ་བ་དང་།། མིག་གི་རྩ་འགྱུར་མི་མཐོང་དང་།། དམིར་ཞིང་མཆི་འཛག་བླ
་ཕྱེ་ན།། རླུང་ནད་ཀུན་འགྲོ་ལིང་ཏོག་ཅན།། མིག་ནང་རྩེ་ཞིལ་མཆི་མ་འཛག། ན་ཞེང་དམར་ལ་མིག་རྔུ་ཆགས།། ཐུན་མོང་དུས་སུ་ནང་པར་མར།། དགོངས་ཀ་གན་རྒྱལ་ཉལ་ནས་ནི།། ལུས་དང་མགོ་སྦྱར་རླུང་མེད་པའི།། གནས་སུ་བརྟ་བའི་སྨན
་བཏང་ངོ་།། ཞེས་བྱ་བ་ལ། མིག་ན་ཞིང་འཛུམ་མི་ཤེས་པ་དག་ལ་མིག་བཟླ་བའི་སྨན་བླུགས་པར་ཕྱེའོ།། རེང་བག་ནི་བསྐྱོད་ཅིང་འགུལ་མི་ཤེས་པའོ།། སྐམ་པ་ནི་ཡོངས་སུ་བསྐམ་པའོ།། རྩུབ་པ་ནི་སྣུམ་པའི་མདངས་ཀྱི་ཡོན་ཏན་དང
་བྲལ་བའོ།། སྣང་བ་ནི་ཕྲལ་དུ་མངོན་པར་སྣད་པའོ།། རླུང་དང་མཁྲིས་པའི་ནང་ནི་དེ་གཉིས་ལས་གྱུར་པའི་ནད་ཀྱིས་ཉེན་པའོ།། བུམ་བག་ནི་རླུང་གི་དབང་གིས་མིག་ཡོན་པོར་གྱུར་པའོ།། རྫི་མི་བྱི་བ་ནི་མི་ག་གང་གི་རྫི་མ་རྣམས་ནད་ཀྱི་ཕྱི
་བར་གྱུར་པ་དང་། དེ་བཞིན་དུ་གཡོགས་པར་མཐོང་བ་ནི། སྤྲིན་གྱིས་གཡོགས་པ་དང་འདྲ་བར་མི་གསལ་བར་མཐོང་བ་འམ། ཡང་ན་སྔོདེ་མར་དུ་མར་མཐོང་བ་སྟེ། དེ་ལ་བརྩེ་བའི་སྨན་པར་བྱའོ།། དེ་བཞིན་དབྱེ་དཀའ་བ་ལ་སོགས
་པས་ཉེན་ཅིང་ན་བ་ལ་སོགས་པ་མིག་ནད་རྣམས་དང་ཡང་མིག་ནང་ལ་སོགས་པ་རྩེ་ཞིལ་ཞིང་ཅུང་ཟད་བྲི་བ་དང་། ཡང་དུས་གང་ཐུན་མོང་དུ་གྱུར་ཅིང་། གྲང་དྲོ་རན་པ་དང་། དཔྱིད་དང་སྟོན་གྱི་དུས་དེའི་ཚེ་ན་ཡང་ནང་པར་ཏེ་ནམ་ལངས
་པ་དང་དགོངས་ཀ་སྟེ་ཉི་མ་ནུབ་པའི་དུས་སུ་སྐྱེས་བུ་གལ་རྐྱལ་དུ་ཉལ་ནས་སྔར་ལུས་དང་མགོ་བོ་སྦྱངས་ཤིང་བཀྲུ་སྨན་བཏང་ཞིང་སྦྱར་བ་ལ་རླུང་མེད་པའི་གནས་སུ་བལྟ་བའི་མིག་སྨན་བཏང་བར་བྱའོ།། ནས་སམ་མཱ་ཥའི་རྗེན
་ཟན་གྱིས།། མིག་སྣརུབས་མཐའ་བསྐོར་མཉམ་པ་ནི།། དཔངས་སུ་སོར་གཉིས་བརྟན་བྱས་ལཾ་ན་རོད་དམིགས་ཇི་བཞིན་སྨན་བསྐོལ་བ། ཞུན་མར་ཆུ་ཚན་ལ་བསྲོས་ཏེ། མིག་ནི་བཙུམ་པར་བླུགས་པར་བྱ།། ཞེས་བྱ་བ་ལ། ནས་ཀྱི
་རྗེན་ཕྱེ་སྨྲས་པ་ལས།། སྨན་མི་འཕོ་བའི་རྟེན་བྱས་ལ།། ཞུན་མར་མིག་ཏུ་བླུགས་པར་བྱའོ།། བསྐོར་བ་དེ་ཡང་མིག་སྦུབས་ཀྱི་ཕྱི་རོལ་ནས་བསྐོར་བར་བྱ་བ་ལ། དེ་ཡང་མཉམ་ཞིང་སྙོམས་པར་བྱའི།། མི་མཉམ་པར་ནི་མི་བྱ་བ་དང
་དཔངས་ཀྱི་ཚད་སོར་གཉིས་སུ་བྱ་བ་དང་། དེ་བཞིན་བརྟན་པ་སྟེ་གོས་པ་མེད་པར་བྱས་ལ། དེའི་འོག་ཏུ་བསྐོར་བ་དེར་ནད་དམིགས་ཇི་བཞིན་ཞེས་བྱ་བ་རླུང་ལ་སོགས་པའི་ནད་གང་ལས་གྱུར་པའི་སེལ་བའི་སྨན་དྲང་བསྐོལ
་ཅིང་བཙོས་པའི་ཞུན་མར་ཆུ་ཚ་བ་ལ་བསྲོས་ཤིང་བཞུས་ཏེ་དྲོ་གྲང་རན་པར་བྱས་པའི་ཞུན་མར་དེ་མིག་བཙུམས་པར་བླུགས་པར་བྱའོ།། མཚན་མོ་མི་མཐོང་རླུང་རབ་རིབ།། དབྱེ་དཀའ་སོགས་ལ་ཚིལ་ཞུར
་བླུག། དྲི་མའི་རྩེ་ནུབ་པར་བཀང་ལ། དེ་ནས་བསྐྱོད་ཅིང་དབྱེ་བ་ནི།། དེ་ནི་དལ་གྱིས་བྱེད་དུ་གཞུག། ཚད་དག་བགྲང་བྱ་དེ་ལ་ནི།། ཞེས་བྱ་བ་ལ། མཚན་མོ་མི་མཐོང་བ་ལ་སོགས་པའི་མིག་ནད་ཀྱིས་བཏབ་པ་ལ་རང་རང
་གྲི་སྨན་གང་ཡིན་པ་དང་། བཙོས་པའི་ཚུལ་གྱི་ཞུན་མར་སྔ་མ་ལྟར་བསྲོས་པ་བླུགས་པར་བྱའོ།། དེ་ལ་རྫི་མའི་རྩེ་མོ་ནུབ་པར་གྱུར་གྱིས་བར་དང་། སྨིན་མོའི་སྦུར་ཕྱིན་གྱི་བར་དུ་བཀང་བར་བྱའོ།། དེ་ནས་བླུགས་ཟིན་པའི་རྗེས་ལ། མིག
་ནི་བསྐྱོད་ཅིང་དབྱེ་བ་སྐྱེས་བུ་དལ་གྱིས་བེགས་ཀྱིས་བྱེད་དུ་གཞུག་ལ། དེའི་གྲངས་ཀྱི་ཚད་བགྲང་ཞིང་བཟུང་བར་བྱའོ།། དེ་ལ་མིག་མཆུ་འགྲམ་དཀར་ནག་ན། གྲངས་བརྒྱ་སུམ་བརྒྱ་ལྔ་བརྒྱ་དང་།། བརྒྱ་ཕྲག་བདུན་དང་བརྒྱད་ནི་མ་བཞིན
་དཀྲུགས་དང་རླུང་ལ་གྲོངས་སྟོང་སྟེ།། མཁྲིས་པ་ནང་མེད་ལ་དྲུག་བརྒྱ།། བད་ཀཱན་ལ་ནི་ལྔ་བརྒྱ་བཞག་ཅེས་བྱ་བ་ལོ།། དེ་ལ་གྲངས་བགྲང་བའི་ཚུལ་ནི། མིག་མཆུའི་ནད་ལ་གྲངས་བརྒྱའི་ཚད་ཀྱི་བར་དུ་བཞག་པར་བྱའོ།། མིག་འགྲམ་གྱི
་ན་ལ་ནི། གྲངས་སུམ་བརྒྱའི་བར་དུ་བཞག་གོ།། མིག་གི་འབྲས་བུ་དཀར་པོའི་ཆ་ལ་ནང་ཡོད་པ་ལ་གྲངས་བདུན་བརྒྱའི་བར་དུ་བཞག་པར་བྱའོ།། ནག་པོ་མཐོང་བ་ཚ་ལ་ནད་ཡོད་པ་ལ་ནི་གྲངས་བརྒྱད་བརྒྱའི་བར་དུ་བཞག་གོ།། དེ་པ
་དུ་མིག་བཀྲུས་པ་སྙམ་སེམས་པ་དང་རླུང་གི་ནད་ལ་ནི་གྲངས་སྟོང་གི་བར་དུ་བཞག་གོ།། མཁྲིས་པའི་ནད་དང་ནད་མིད་ཅིང་ཐ་མལ་བར་གནས་པོའི་སྐབས་སུ་གཏོང་བ་ལ་ནི་གྲངས་དྲུག་བརྒྱའི་བར་དུ་བཞག་པར་བྱའོ།། བད་ཀན་གྱི་ནད་ལ་ནི
་གྲངས་ལྔ་བརྒྱའི་བར་དུ་བཞག་པར་བྱའོ།། དེ་ནས་མིག་འགྲམ་འཛག་སྒྲོ་བྱ།། སྨན་མར་སྣོད་དུ་གཟག་པར་བྱ།། དུད་པ་རྔུབས་ནས་ན་མཁའ་དང་།། གཟུགས་འཚེར་བ་ནི་ལྷ་མི་བྱ།། ཞེས་བྱ་བ་ལ། གྲངས་བཕྲང་བ་རྫོགས་པ་དེའི་རྗེས
་ལ་བལྟ་བའི་སྣུམ་བླུགས་པ་གང་ཡིན་པ་དེ། དྲ་བོ་ཞིང་གཟག་པར་བྱའོ།། དེ་ཡང་ཇི་ལྟར་ཞེ་ན། མིག་འགྲམ་རྣོ་བ་དང་ཉེ་བའི་ཕྱོགས་སུ་མིག་ཟུར་གྱི་འཛག་པའི་སྒོའི་བུ་ག་བྱས་ལ། སྨན་མར་སྣོང་བཟེད་པར་གཟག་པར་བྱའོ།། དེ་ན
་དེའི་འོག་ཏུ་སྣ་མ་གྱིས་གྲོངས་པའི་བད་ཀན་ཞི་བར་བྱ་བའི་ཕྱིར། དུ་བརྔུབ་པར་བྱའོ།། དེ་ནས་དེའི་མོད་ལ་ན་མཁྭ་ལ་མི་ལྟ་བ་དང་། མེ་དང་ཉི་མ་ལ་སོགས་པ་གཟུགས་འཚེར་བ་ལ་བལྕི་བར་མི་བྱའོ།། དེ་ལྟར་རླུང་ལ་ཉིན་རེ
་བྱ།། མཁྲོས་པར་ཉིན་རེ་བར་དུ་བཅང་།། བདྨ་ཀན་བདེར་གནས་གཉིས་པར་བཅད་།། ཚིམ་པར་གྱུར་གྱི་བར་དུ་བཏང་།། དེ་ལྟར་བཤད་པ་རྣམས་རླུང་གི་ནད་དང་ལྡན་པ་ལ་ནི་ཉིན་རེ་བཏང་ལ། ཚིམ་པར་གྱུར་གྱི་བར་དུ་མི་བཅད་པར
་འོ། མཁྲིས་པ་ལས་སྐུར་པའི་མོག་ནང་ལ་ནི། ཚུལ་འདི་ཉིད་ཀྱིས་ཉི་མ་གཅིག་གི་བར་དུ་བཅང་ཟིང་ཉིན་རེས་ཆིང་བར་བྱས་ལ་བཏ་།། བད་ཀན་བདེ་བར་གནས་པའི་སྐབས་སུ་ནི་ཉི་མ་གཉིས་གཉིས་ཀྱི་བར་དུ་བཅད་ཅིང་བཏང་སྟེ། མ
་པར་གྱུར་གྱི་བར་དུ་བཏང་ཞེས་པ་ནི་ཐམས་ཅད་ལ་བཏང་ངོ་།། ཚིམ་པ་གསལ་བར་མཐོང་ནུས་ཤིང་། བདེ་ཞིང་མིག་ཡང་དྲི་མ་མེད།། མ་ཚིམ་པ་ལས་གོ་བཟློག་ཡིན།། ཚིམ་དྲག་བད་ཀན་ནད་བསྐྱེད་འགྱུར།། ཞི་ས་བྱ་བ་ལ་མིག་ལེགས
་པར་ཚིམ་ཞིང་བརྟས་པར་གྱུར་ན་དངོས་པོ་གསལ་བར་མཐོང་བར་ནུས་པ་དང་། དེ་བཞིན་དུ་བདེ་ཞིང་ནད་མེད་པ་དང་། ཡང་བག་དང་ལེགས་པར་བརྟས་པར་བྱས་པས་མིག་རང་བཞིན་གྱིས་དྲི་མ་མེད་ཅིང་དག་ལ། རབ་རིབ་ལ་སོགས
་པའི་ཉེས་པ་དང་བྲལ་བར་འགྱུར་རོ།། གལ་ཏེ་ཡང་ཚིམ་པར་མ་གྱུར་ན། བཤད་མ་ཐག་པའི་ལེགས་པར་ཚིམ་པའི་མཚན་ཉིད་ལ་སོགས་པ་གསལ་བར་མཐོང་མི་ནུས་པས་ན་དྲི་མ་དང་བཅས་པའི་བར་དུ་འགྱུར་རོ།། ཚིམ་དྲགས་ཤིང་བལྟས་པར
་བྱས་དྲགས་ན། བད་ཀན་ལས་བྱུང་བའི་ནད་རྣམས་བསྐྱེད་ཅིང་འབྱུང་བར་འགྱུར་རོ།། དེ་ཡི་ལུས་ཀྱི་སྣམ་འཐུངས་ལྟར།། མི་གསལ་མཐོང་བ་ཉམས་ཆུང་འགྱུར།། དེ་བས་བལྟ་བའི་རྗེས་ལ་ནི།། མཐོང་བའི་ཐབས་ནི་སྐྱེད་བྱེད་པ།། སྔར་བཤད་པ
་ཡི་མིག་ནད་ལ།། ཕུར་མ་བཙོས་པ་སྦྱར་བར་བྱ།། ཞེས་བྱ་བ་ལ། ཚིམ་པ་བྱས་པའི་མིག་ནི་མཐོང་བའི་སྟོབས་ཞན་པར་འགྱུར་ཏེ། དཔེར་ན་ལུས་ཀྱི་ཁོང་དུ་སྣུམ་འཐུངས་པ་ན། ཉམ་ཆུང་ཞིང་ཅུང་ཟད་རྨུ་ལ། སྟོབས་ཆུང་བ་དང་འདྲ་བར་མིག་སྨན
་འཐུངས་པས་ཀྱང་སྟོབས་ཆུང་ཞིང་མི་གསོལ་བར་འགྱུར་རོ།། དེ་བས་ན་མིག་བལྟ་ཚིམ་པར་བྱས་པའི་རྗེས་ལ་མཐོང་བའི་སྟོབསལ་བར་བྱེད་པ་དང་། སྐྱེད་པར་ནུས་པའི་མིག་སྨན་ཕུར་མ་བཙོས་པའི་ཁུ་བ་མིག་གཉིས་སུ་བླུགས་པར་བྱ་ཞིང
་སྦྱར་བར་བྱའོ།། དེ་ཡང་སྔར་བཤད་པའི་མིག་ནད་མིག་དབྱེ་བར་དཀའ་བ་ལ་སོགས་པ་ལ་ཕུར་མ་བཙོས་པའི་ཁུ་བ་བཏང་བར་བྱའོ།། དེ་ནི་རླུང་ལ་སྡུམ་ཅན་ཏེ།། བད་ཀན་བཅས་ཏེ་ཕྱི་བ་ཕན།། མཐོང་ཉམས་རླུང་དང་མཁྲིས་བཅས
་དཱདང་།། ཁྲག་མཁྲིས་བདེར་གནས་ལ་གསལ་བྱེད།། ཅེས་བྱ་བ་ལ། མིག་སྨན་བཙོས་པའི་ཁུ་བ་དེ་ནི་རླུང་ལས་གྱུར་པའི་མིག་ནང་ལ་སྣུམ་ཅན་བཏང་བར་བྱའོ།། དེ་བཞིན་དུ་བད་ཀན་དང་བཅས་པའི་རླུང་ལ་ནི་ཕྱི་བའི་མིག་སྨན་ཕན་པ
་ཡིན་ནོ།། མཐོང་བ་ཉམས་ཤིང་མིག་མི་གསལོ་བ་དང་། རླུང་དང་མཁྲིས་པར་བཅས་པ་དང་།། ཁྲག་དང་མཁྲིས་པའི་ནད་དང་། བདེ་བར་གནས་ཤིང་ནོད་མེད་པའི་སྐབས་ལ་ནི་གསལ་བར་བྱེད་པའི་མིག་སྨན་གྱི་ཕུར་མ་བཙོས
་པའི་ཐིགས་པ་མིག་ཏུ་བླུགས་པར་བྱའོ།། ཁུང་ནས་མཐུ་སེ་ཚོལ་རླ་ནུ་ཅན་གྱི།། ཚིལ་དང་རྐང་དང་ཞག་ཤ་རློན།། འོ་མ་དག་དང་བཏགས་པ་དང་།། འཚོ་བྱེད་དག་དང་སྣམ་སྦྱར་བའོ།། ཞེས་བྱ་བོ་ལ། ཁུང་ན་གནས་པ་ནི་ས་ལ་བརྟེན
་ཅིང་ཕུག་ན་གནས་པ་སྟེ། སྲམ་དང་ཕྱི་བ་ལ་སོགས་པའོ།། མཐུས་ཚོལ་བ་ནི་བྱ་རྒོད་དང་། ཁྲ་ལ་སོགས་པའོ།། རླན་ཅན་ལ་གནས་པ་ནི་ངང་པ་དང་། ཆུ་སྦྱར་ལ་སོགས་པོ་སྟེ། དེ་རྣམས་ཀྱི་ཚིལ་དང་། དེ་བཞིན་དུ་ཤཱ་རློན་པ་རྣམས
་འོ་མ་དང་ལྷན་ཅིག་ཏུ་བཏགས་པ་དང་། དེ་བཞིན་དུ་སྨན་འཚོ་བྱེད་ལ་སོགས་པ་དག་འོ་མ་དང་བཏགས་ཤིང་སྦྱར་བའི་སྣུམ་གྱི་ཁུ་བ་རྣམས་ནི་མིག་ཏུ་བླུགས་པའི་ཁུ་བའི་ཐིགས་པའི་དོན་དུ་བཏགས་པར་བྱའོ་ཀེ་རི་དྭགས་བྱ་ཡི
་མཆེར་པ་ཤ། མུ་ཏིག་ལྕགས་ཟངས་རྒྱམ་ཚྭ་དུང་།། རྒྱ་མཚོ་ལྦུ་བ་ལིག་བུ་མིག། བ་ལ་ཞོ་ག་ཆུ་སྦྱར་ཕྱི།། ཞེས་བྱ་བ་ལ། རི་དྭགས་ནི་ཤ་བཀྲ་ལ་སོགས་པའོ།། བྱ་ནི་ལ་བ་ལ་སོགས་པ་སྟེ།། དེ་རྣམས་ཀྱི་མཚོར་པ་དང་། ཤ་རློན་པ་དང་།
་དེ་བཞིན་དུ་མུ་ཏིག་དང་། ལྕགས་ཀྱི་ཕྱེ་མ་དང་། ཟུངས་ཀྱི་ཕྱེ་མ་དང་། རྒྱ་མཚ་དང་། སྐྱེ་མྱང་ཚྭ་དང་། དུང་དང་། ལིག་བུ་མིག་སྟེ། སོ་ཏཉྫན་དང་། རྒྱ་མཚོའི་ལྦུ་བ་དང་། བ་བླ་སྟེ། འདི་རྣམས་འོ་ཁ་ཆུ་དང་བཏ
་ལ་བླུགས་པའི་མིག་སྨན་ཕྱི་ཞིང་བསལ་བའི་དོན་དུ་བརྟག་པར་བྱའོ།། རི་དྭགས་བྱ་ཡི་མཆེར་བ་རྐང་།། ཎྜོ་ལ་རྒྱུ་མ་སྙིང་དེང་། མངར་པག་མར་བཅས་ནུ་ཞེ་སྦྱར།། བཏགས་པ་བསལ་བར་བྱེད་པ་ཡིན།། ཞེས་བྱ་བ་ལ། རི་དྭགས
་དང་བྱི་ན་སྔར་བཤད་པར་ཟད་དེ། དེ་རྣམས་ཀྱི་མཚེར་པ་ལ་སོགས་པ་དང་། དེ་བཞིན་སྨན་མཱ་ད་བག་འཚོ་བྱེད་ལ་སོགས་པ།། མར་དང་བཅས་པ་རྣམས་ནུ་ཞོ་ཞེས་བྱ་བ་བུད་མེད་ཀྱི་ནུ་ཞོ་དང་སྦྱར་ཞིང་བཏགས་པའི་སྨན་གྱི
་རློམ་པཅོས་པའི་ཁུ་བ་ནི་མིག་གྲེས་ལྔ་པར་བྱེད་པ་ཞེས་བྱ་བའི་དོན་ནོ།། ཤ་དང་སྤྲིན་གྱི་རྫི་གུ་ནི།། གོང་བུ་སྲང་གཅིག་སོ་སོར་བྱས།། ཨེ་ར། ནྱེ་གྲོ་དྷཱ་པདྨ་ཡི།། ལོ་མེ་རྣོན་པོས་རིམ་བཞིན་དུ།། དཀྲིས་ལ་འཛུམ་པས
་བྱུགས་ནས་ནི།། ད་བ་དཀོན་པའི་རྫི་བའི་མེ།། འབར་བར་ཡོངས་སུ་བསྲེག་པར་བྷུ། ཚྭས་ནེ་སེཾ་དེ་མི་ཞུ་བ་བཙིར།། མིག་ཏུ་བལྟ་བའི་སྨན་ལྟར་བླུགས།། ཞེས་བྱ་བ་ལ། སྔར་བཤད་པ་ཤ་དང་། སྨན་གྱིས་སོ་མར་སྲང
་རི་ཙམ་འག་བྱས་ལ། སྨན་དང་ཤའི་ལྡེ་གུའི་གོང་བུ་གཅིགས་བསོས་ཤིང་བསྔོས་པའི་གོང་རུ་ཨེ་རཏྣ་དང་། ནྱ་གྲོ་དྷ་། དྷི་མས་རིཀྲིས་པར་བྱ་སྟེ། རྀ་ཡང་རྡུམ་གྱི་སྡུམ་བཅོས་པའི་ཨི་རཏྟཾའི་མོ་མས་དས
་བར་བྱའོ།། དེ་བཞིན་དུ་ཕྱི་ཞིང་བསལ་བའི་སྨན་གྱི་ཕུར་མཱ་བཙོ་བ་ནི། ནྱ་གྲོ་དྷའི་འདབ་མས་དཀྲི་བར་བྱའོ།། དེ་བཞིན་དུ་གསལ་བར་བྱེད་པའི་སྨན་གྱི་ཕུར་མ་ནི་པདྨའི་ལོ་མས་དཀྲི་བཱར་བྱའོ།། དེ་ལྟར་དཀྲིས་པའི་འོག་ཏུ་འཇིམ
་པས་བྱུགས་ཏེ། ད་བ་དང་། དཀན་རྗེ་པོ་མི་བའི་མེ་གང་རྙེད་པ་སྐུ་བར་དྲི་སྲིད་དུ་མའི་མདོག་ལྟར་སྣང་གི་བར་དུ་བཅོས་ལ། དེ་སྔར་ཆོས་པ་ཤེས་ནས་ཁྲུ་བ་དེ་བཙིར་ཏོ། མིག་ཏུ་བཙྪ་བའི་སྨན་གྱི་ཁྲོ་བ་ཟླ
་པར་བྱ་ཏེ། ཇི་ལྟར་མིག་བལྟ་བའི་སྨན། མིག་ཏུ་ལུགས་པ་ན། ནས་དང་མོན་སྲན་གྲེའུའི་རྗེན་ཟན་གྱིས་བསྐོར་ནས་ལྡུགས་པ་དེ་བཞིན་དུ་སྨན་གྱི་ཕུར་མ་བཙོས་ཤིང་བསྲེགས་པའི་ཁུ་བ་བླུགས་ནས་མིག་དལ་བུས
་བསྐྱོད་པར་བྱའོ།། སྤྱི་དང་སྣུམ་དག་གསལ་བ་ལ།། བརྒྱ་ཕྲག་གཅིག་གཉིས་གསུམ་ཅར་བཞག། དང་པོ་དྨོ་འཇམ་ཕྱི་བསི་ལ་བླུགས།། དེ་གཉིས་རྗེས་ལ་དུད་པ་བརྔུབ།། དེས་ནི་སྦྱར་བ་བརྡྷ་དང་མཚུ་ང་ས། ཞེས་བྱ་བ་ལ། ཕྱི
་སྨན་གྱི་ཐིགས་པ་མིག་ཏུ་བྷཱུརིགས་པ་མ། ཚད་ཀྱི་གྲངས་བརྒྱའི་བར་དུ་བཞག་པར་བྱའོ།། སྣུམ་གྱི་ཕུར་མ་བཙོས་པ་ལ་ནི། ཉིས་བརྒྱའི་བར་དུ་གཞག་པར་བྱའོ།། གསལ་བར་བྱ་བའི་སྙུན་བཅོས་པའི་ཐིགས་པ་ན་བླུགས་པ་ནི
་སུམ་བརྒྱའི་བར་དུ་བཞག་པར་བྱའོ།། དང་པོ་ཞེས་བྱ་བ་སླར་བསྟན་པའི་ཕྱི་བ་དང་། སྡོམ་པར་བྱི་བ་གཉིས་ལ་ནི་དྲོ་འཇམ་ཞེས་བྱ་བ། ཅུང་ཟད་ཙམ་དྲོ་བ་མིག་ཏུ་བླུགས་པར་བྱའོ།། ཕྱི་མ་སྟེ་ཐ་མ་གསལ་བར་བྱ་བའི་སྨིན་གྱི་ཐིགས
་པ་བསིལ་ཞིང་གྲང་བ་བླུགས་པར་བྱའོ།། དེ་གཉིས་ཞེས་བྱ་བ་ཕྱི་བ་དང་སྣུམ་པར་བྱ་བའི་ཕྱིར་མིག་སྨན་བཏང་བའི་རྗེས་དེ་མཐར་དུད་པ་བརྔུབ་པར་བྱ་བའི་གསུམ་པ་གསལ་བར་བྱེད་པའི་སྨན་བླུགས་པ་ལ
་ནི་མ་ཡིན་ནོ།། ཡང་སྨན་གྱི་ཕུར་མ་བཙོས་པའི་ཐིགས་པ་མིག་ཏུ་བླུགས་པ་གསུམ་པོའི་སྐབས་དེར་སྦྱོར་བ་སྟེ། ལེགས་པ་དང་མ་ལེགས་པ་དྲགས་པའི་སྦྱོར་བ་གསུམ་ནི་བལྟ་བའི་སྦྱོར་བ་བཤད་པ་དང་འདྲ་ཞིང་མཚུངས་སོ།། ཞེས
་བའི་དོན་དེ་གསལ་བར་མཐོང་བ་ནས་བད་ཀན་གྱི་ནད་དུ་འགྱུར་བའི་བར་དུ་གོང་མ་བཞིན་དུ་ཤེས་པར་པོའོ།། བརྡ་དང་ཕུར་བཙོས་ཐིགས་པ་བླགས།། སྣ་སྨན་མི་བྱ་ལ་མི་བཏང་།། ཞེས་བྱ་བ་ལ། བརྟ་བ་དང་སྨན་གྱི་ཐིགས་པ
་བླུགས་པ་གཉྩི་ཀ་ཡང་སྣ་སྨན་བཏང་དུ་མི་རུང་བའི་སྐྱེས་བུ་ལ་བཏང་བར་མི་བྱའོ།། ཇི་སྲིད་དུ་ནི་སྨན་གཏོང་བོ།། དེ་ཡི་ཉིས་འགྱུར་འཕྲོད་པ་བཟའ།། ཞེས་བྱ་བ་ལ། བལྔ་པོ་དང་མིག་སྨན་གྱི་ཐིགས་པ་བླུགས་པ་འདི་གཉིས་ཀ་དུས་ཇི་སྲིད
་ཉིན་ཞྭག་གི་གྲངས་སུ་སྨན་བཏང་བའི་ཉིན་ཞག་དེ་ཉིས་འགྱུར་གྱི་དུས་ཀྱི་བར་དུ་འཕྲོད་པ་བཟའ་ཞིང་། ཕན་པའི་ཟས་དང་སྤྱད་ལམ་བསྟེན་པར་བྱའོ།། མེ་ཏོག་ཛཱ་ཏི་མ་ཝི་ཀས།། མིག་བཅིངས་མཚན་མོ་གནས་པར་བྱ།། ཞེས་བྱ་བ་ལ།
་མེ་ཏོག་ཛཱ་ཏི་ནི་སོ་མ་ནའོ།། ཨོཾ་ཏྲི་ཀ་ནི་མེ་ཏོག་བརྩེག་མ་ཅན་ཏེ། མེ་ཏོག་དེས་སྐྱེས་བུའི་མིག་བཅིངས་ཏེ། མཚན་མོ་གནས་པར་བྱའོ།། སྣ་སྨན་མིག་སྨན་བལྟ་བ་ལ་སོགས་པས། མིག་མཐུ་བསྐྱེད་ཅིང་ཀུན་ཏུ་འབད་པར་བྱ།། མཐོང
་རྣམས་ན་འགྲུ་བ་སྣ་ཚོགས་པའམ།། མིན་པའི་རང་བཞིན་དུལ་གཅིག་ཉིད་དུ་ལལྒར། ཞེས་བྱ་བ་ལ། ཀུན་ཏྱཱ་མ། རྣས་པ་ཐམས་ཅད་རྣ་མིག་ག་མཐུ་བསྐྱེད་། མིག་བསྲུང་བར་བྱ་བའི་བྱུར། འབ་བ་རྣམ་པཱ་དཱ་ཥྚ།།
་ནཱ། བྷཱུ་སྨན་ལ་སོགས་པ་སྟེ། སྨན་སྭཱ་ནས་བཏང་བ་དང་། མིག་སྨན་བསྐུ་བ་དང་། བལྟ་བ་དང་། སྨན་གྱི་ཕུར་མ་བསྲེག་པའི་ཁྲུ་བ་མིག་ཏུ་བླུགས་པ་ལ་སོགས་པས་མྦྷཐུ་བསྐྱེད་པར་བྱའོ།། ཅིའི་ཕྱིར་ན། འདི་ལྟར་མཐོང་བ་ཉམས
་ཤིང་གི་སལ་སྣང་ལྦུ་བ་དང་བྲ་ནི། འགྲོ་བ་སྣ་ཚོགས་པ་ཚུལ་ཐ་དང་པོ་འདི་དག་ཀྱང་སྨིན་པའི་རང་བཞིན་དུ་གྱུར་པས་ཚུ་ལྔ་གཅིག་པ་ཉིདའགྱུར་བ་སྟེ། མྱུན་ནུག་གི་རང་བཞིན་དུ་ཐོ་དད་ཅིང་རབ་རིབ་ཀྱི་མུན་པས་ཁེབས་པས་སྣང
་ཧཱུ~ཾ་ན་ཏུ་ས་པ་མང་པ་ནི། སྦྱི་ས་པ་ས་ཀྱི་ན་ཆུག་ས་སྨྲ་།
་རྣམ་པར་།། ན་རུང་ན། དེ་ནས་རྒྱ་བྱུང་གྱི་ཊཱིག་འི་ཕེ་ཊཱི་པར་བྱེའོ།། ཞེས་བྱ་བ་ལ་འདི་འཇམས་པའི་དགས་པ་ནི་འོད་ཡིན་ཏེ། རྣ་མས་བཏིང་བ་ནས་ན་གྱི་ཀྱི་འི་གས་བྱུང
་སེང་ས་མས་པ་ཤངསས་རབ་ས་ཅ་རྫུ་ཆུ་མ་ཟམ་མོ་པོའི་མ་བྱང་ཆགས་པ་སོ་ག་ག་པོ་པར་བཙུན་པ་། དེའིག་ཏུ་ཁྲིམས་མེད་པ། དེ་པ
་ཟུག་རྔུ་རྣམ་པ་སྣ་ཚོགས་དང་།། ལུས་ན་སྣ་ཚོགས་གནོད་བྱེད་པ།། འབྱིན་པའི་ཐབས་སུ་གང་གྱུར་པ།། དཔྱད་ཡིན་དེ་བཞིན་གཞང་འབྲུམ་དང་།། མཚན་པར་རྡོལ་སོགས་ལྟ་བ་དང་།། གཙུག་པུ་ཐལ་སྨན་མུ་བཏབ
་པའི།། ཡན་ལག་ལྷག་མ་བསྲུང་ཕྱིར་དང་།། མས་བཏང་ལ་སོགས་དཔྱད་མ་གཏོགས།། དུམ་བུ་ཀུ་བ་ར་དང་ནི།། འཛམ་བུའི་མཆུ་ལ་སོགས་དཔྱད་ཡིན།། ཞེས་བྱ་བ་ལ། སྐྱེས་བུའི་ལུས་ལ་གནོད་པར་བྱེད་པའི་ཟུག་རྔུ་སྟེ། མཚོན
་གྱི་དུམ་བུ་ནང་དུ་ལུས་པ་རྣམ་པ་སྣ་ཚོགས་ཤིང་དབྱིབས་དང་ལས་དུ་མོར་གྱུར་པ་དང་། དེ་བཞིན་དུ་ལུས་ཀྱི་ཕྱོགས་སྣ་ཚོགས་པ་རྣམས་སུ་གནོད་པར་བྱེད་ཅིང་ཁོང་དུ་ཟུག་པས་ལུས་ཀྱི་ཕྱོགས་དུ་མ་དང་། ནད་རྣམ་པ་སྣ་ཚོགས་སྐྱེད
་པས་གནོད་པར་བྱེད་ཅིང་། ཉེ་བར་འཇོམས་པར་བྱེད་པ་རྣམས་འཛིན་ཅིང་ལུས་ཀྱི་ཕྱོགས་ཀྱི་ནང་ན་གནས་པ་རྣམས་ཕྱིར་འདྲེན་པར་བྱེད་པའི་ཐབས་སུ་གྱུར་པ་གང་ཡིན་པ་དེ་ལ་ནི་ཆ་དཔྱད་ཅེས་བྱ་བ་ལ། དེ་འབའ་ཞིག་ཏུ་མ་ཟད་ཀྱི
་གཞང་འབྲུམ་དང་། མཚན་པར་བརྡོལ་བ་ལ་སོགས་པའི་ནད་ཚོལ་ཞིང་རྟོགས་པར་བྱེད་པ་དང་། མཚོན་དུ་དེ་བཞིན་དུ་གཅིག་བུ་དང་། ཐལ་སྨན་རྣོན་པ་དང་། མེ་བཙའ་གདབ་པར་བྱ་བའི་ནད་དེ་གཞང་འབྲུམ་དང་མཚན་པར
་བརྡོལ་བའི་ནད་ཀྱིས་ཉེན་པ་བལྟ་བའི་དཔྱད་དང་། གཙག་བུ་དང་ཐལ་སྨན་རྣོན་པོ་དང་མེ་བཙའ་གདབ་པར་བྱ་བའི་རིགས་པ་མ་གཏོགས་པ་ཡན་ལག་ལྷག་མ་ནད་ཀྱིས་གནོད་པས་ཉེས་དེ་བསྲུང་ཞིང་བསྐྱང་བར་བྱ་བའི་ཕྱིར་དང་།
་དེ་བཞིན་དུ་མས་བཏང་བ་ལ་སོགས་པའི་ལས་རྣམས་ཀྱི་དཔྱད་མ་གཏོགས་པ་གནས་སྐབས་གཞན་དག་ཏུ་དགོས་པའི་ཆ་དཔྱད་དུམ་བུ་དང་བསྐུ་བ་དང་། རྡབས་རཱ་དང་། འཛམ་བུའི་མཆུ་འདྲ་བ་ལ་སོགས་པའི་ཆ་དཔྱད་ཀྱི
་དངོས་པོ་ཐམས་ཅད་ནི་ཆ་དཔྱད་ཅེས་བྱ་བ་ཡིན་ནོ།། འཛམ་བུའི་མྀཆུ་ནི་ཐལ་སྨན་འཇུ་བར་བྱེད་པའོ།། དབྱུང་དེ་དག་ནི་འཛིན་ཅིང་སྡུད་པས་ཟུག་རྔུལ་སོགས་པ་གང་གིས་འབྱིན་པར་བྱེད་པ་དེ་ལ་ཆ་དཔྱད་ཅེས་བྱའོ།། གང་ཕྱིར་ཆ་དཔྱད
་ཆོ་ག་བཞིན།། སྣ་ཚོགས་པའི་ཚུལ་དུ་བཏང། བློ་ཡིས་རྣམ་དཔྱོད་བྱ་བ་ནི།། རིགས་རིམ་ཙམ་ཞིགོ་བསྟེན་པ་ཡིན།། ཞེས་བྱ་བ་ལ། གླིང་གི་ཕྱིར་ཟུག་རྔུ་འབྱིན་པ་ལ་སོགས་པའི་ཆ་དཔྱད། ལས་ཀྱི་ཚིག་གང་ཇི་ལྟར་དགོས
་པ་བཞིན་དུ་སྣ་ཚོགས་པའི་ཚུལ། དཔྱི་ས་དུ་མར་ནཱ་བ་དང་། མིའི་ལུམ་ལ་ཕན་པར་བྱེད་ནུས་པའི་ཚུལ་སྣ་ཚོགས་པར་བརྡུང་བར་བྱས་ལ། དེ་ཡང་ལས་ཀྱི་ཚུལ་ལས་བློས་རྣམ་པར་དཔྱད་ལོ་རྣམ་པར་བརྟགས་ནས་ཅི་རིག་པར་བརྡུང
་བར་བྱེ་བ་ཡིན་ལ། དེ་དག་ལས་ཁ་བས་ནཱི་རཱགྶས་རིམ་ཙམ་ཞིག་སྟེ། མད་ཙམ་ཞིག་བརྟནི་ཡིན་གྱི། དེ་དག་གི་གྲངས་འདི་ཙམ་ཞིག་བྱའོ།། ཞེས་ངེས་པར་བསྟན་པ་མ་ཡིན་ནོ།། སེཏྐྲྀ་ཀེངྐ་དམ་བྱ་རོག། རི་དྭགས་བྱ་སོགས།
་འདྲ་བའོ།། མཆུ་ཅན་ཆ་དབྱེད་བྱས་ནས་ནི།། དེ་ཡི་མིང་ཡང་གདགས་པར་བྱ།། ཕལ་ཆེར་ལྕགས་ཀྱི་རྒྱུ་ལས་ནི།། སྲིད་དུ་སེར་ནི་བཅོ་བརྒྱད་བྱ།། སྐམ་པ་སྦྲེལ་བའི་མཚམས་སུ་ནི།། སྲན་ཆུང་ལྟ་བུའི་གཟེར་བཏབ་པ།། རྩ་བ་ལྕགས
་ཀྱུ་ལྟར་བཀུག་པའི།། ཆ་དཔྱད་བདེ་ལེགས་ཡིན་ཞེས་བྱ།། རྩེ་མོ་གཡུ་དྲུང་ལྟ་བུའོ།། ཞེས་བྱ་བ་ལ། སྟེང་གེ་དང་ཀངྒ་ལ་སོགས་པ་རི་དྭགས་དང་བྱ་རྣམས་ཀྱི་མཆུ་དང་འདྲ་ཞིང་མཚུངས་པའི་ཆ་དཔྱད་བྱ་ལ
་ཆ་དཔྱད་དེ་དག་ཀྱང་དེའི་མིང་གདགས་པར་བྱ་སྟེ། གང་གི་མཆུ་དང་གང་འདྲ་བ་དེ་ལ་དེའི་མིང་གདགས་པར་བྱ་སྟེ། དཔེར་ན་ཀངྐའི་མཆུ་ལ་བྱ་རོག་གི་མཆུ་ལྟ་བུ་ཞེས་བྱ་བ་ལ་སོགས་པའོ།། དེ་དག་ཀྱང་ཕལ་ཆེར་རམ་མང་དུ་ལྕགས
་ཀྱི་རྒྱུ་ལས་བྱ་ལ། ཚད་ནི་ཕལ་ཆེར་སོར་བཅོ་བརྒྱད་པར་བྱའོ།། སྐམ་པ་དེ་དག་གི་སྦྲེལ་བའི་མཚམས་ཁའི་འོག་ཏུ་སྲན་ཆུང་ལྟ་བུ་སྟེ། རྩེ་མོ་སྲན་ཆུང་ལྟར་ཟླུམ་པའི་གཟེར་བུ་ལེགས་པར་བཏབ་ལ། དེ་བཞིན་དུ་རྩ་བ་དེ་ལག
་པས་བཟུང་བའི་ཕྱོགས་སུ་ལྕགས་ཀྱུ་ལྟ་བུ་བཀུག་ཅིང་འཁྱོག་པར་བྱ་བའི་ཆ་དཔྱད་དེ་ནི་མིང་བདེ་ལེགས་ཞེས་བྱ་བ་ཡིན་ཏེ། རྩེ་མོ་གཡུང་དྲུང་ལྟ་བུ་འོ།། དེ་ནི་བརྟན་པོར་རུས་ཟུག་པའི།། ཟུག་རྔུ་འབྱིན་ལ་སྦྱར་བར་བྱ།།
་ཞེས་བྱ་བ་ལ། བདི་ལེགས་ཞེས་བྱ་བའི་ཆ་དཔྱད་བརྟན་ཞིང་མི་འཇིགས་པས་རུས་པོར་ཟུག་པའི་ཟུག་རྔུ་གང་ཡིན་པོ་དེ་འབྱིན་ཅིང་དབྱུང་བ་ལ་སྦྱར་བར་བྱའོ།། གཟེར་བཏབ་རྩེ་མོ་གྱེས་པ་དག། སྐུམ་པ་ཡིན་ཏེ་སོར་བཅུ་དྲུག།
་དེས་ནི་པགས་པ་ཤ་རྒྱུས་ཤར།། ཞེས་པའི་བུག་རྔུ་འབྱིན་ལ་སྦྱར།། ཞེས་བྱ་བ་ལ། སྐམ་པ་ནི་གཉིས་བྱ་སྟེ། དེ་ལས་གཅིག་ནི་རྩེ་མོའི་ཕྱོགས་སུ་གཟེར་བུ་བཏབ་ཅིང་བསྡམས་པ་དང་བཅས་པའོ།། གཉིས་པ་ནི་རྩེ་མོ་གྱིས་ཤི
་རྩེ་མོ་བསེར་བུས་མ་བཏབ་ལ། ཁ་མཱ་བསྡམས་པའོ།། སྐམ་པ་དེ་གཉིས་ག་ཡང་སྲིད་སོར་བཅུ་དྲུག་བྱའོ།། དེ་གཉིས་ནི་པགས་པ་ལ་སོགས་པར་ནུབ་ཅིང་ཞེན་པའི་ཟུག་རྔུ་དེ་དབྱུང་ཞིང་འདྲེན་པ་ལ་སྦྱར་ཞིང་བཏང་བར་བསྟན
་ཏོ།། སྐམ་པ་སོར་དྲུག་ཟུག་རྔུ་ཕྲ།། རྫི་མ་མེ་རུངས་འབྱིན་ལ་སྦྱར།། ཞེས་བྱ་བ་ལ། སྐེམ་པ་དེ་ལས་གྲོཞན་པ་སྲིད་སོར་དྲུག་ཡོད་པ། ཁ་གྱེས་པ་ཉིད་དུ་བྱཱ་ལ། དེས་ནི་ཟུག་རྔུ་ཕྱེ་བ་སྟེ། མིག་གི་རྨ་ལ་སོགས་པར་རྟོག་པ་དང།
་དེ་བཞིན་དུ་རྫི་མ་མ་རུངས་པ་སྟེ། མིག་གི་རྨའི་ནང་དུ་ཞུགས་པ་འབྱིན་པ་ལོ་སྦྱར་རོ།། སོ་ཕྲག་དྲང་ཞིང་རྩ་བ་ནི། གདུ་བུས་བརྒྱན་པ་མུ་ཙུ་ཏི། དེས་རྨ་གི་ཏིང་དུ་ཟུག་པ་དང་། མིག་མཛེར་གཏིང་དུ་ལུས་ལ་སྦྱར། ཞེས་བྱ་བ་ལ།
་ཆ་དཔྱད་གང་སོ་ཕྲ་མོ་གཏོད་པ་བྱས་པ་དེ་ཡང་དྲང་ཞིང་རྩེ་མོ་གཉིས་དྲང་པོར་བྱའོ།། དེའི་ཚད་མ་སྨོས་པས་འདས་མ་ཐག་པའི་སོར་དྲུག་ཉིད་ཡིན་པར་ཤེས་པར་བྱའོ།། དེའི་རྩ་བ་ནི་ལག་པས་བཟུང་བའི་ཕྱོ་གས་ཏེ། དཱིར་གདུ
་བུས་བརྒྱན་པ་ཞེས་བྱ་བ་དམ་དུ་བསྣམས་པའི་ཕྱིར་ལྕགས་ཀྱི་འཁྱུད་མོས་གདུ་བུ་ལྟ་བུར་དཀྲིས་པ་གང་ཡིན་པ་དེ་ལ་གདུ་བུར་བརྒྱན་པ་ཞེས་བྱའོ།། དེའི་མིང་ནི་མུ~ཾ་ཙུ་ཏི་ཞེས་བྱ་བ་ལ། དེས་རྨ་གཏིང་དུ་ཟུག་པ་དང་དེ་བཞིན་དུ
་མིག་མཛད་གཏིང་དུ་ལུས་ཏེ་མ་ཐོན་པ་ལ་སྦྱར་བར་བྱའོ།། བཞི་པོ་དེ་དག་ནི་ཚེ་དཔྱད་སྐམ་པ་ཞེས་བྱ་བ་ཡིན་ནོ།། ཉ་མགོ་འདྲ་བ་སོར་བཅུ་གཉིས།། ཆ་དཔྱད་གཉིས་པ་གཅིག་པ་བྱ།། ཉ་མགོ་ལྟེ་བུ་ཞེས་བཤད་དེ།།
་ཁུང་ཟུག་རྔུ་འབྱིན་ལ་སྦྱར།། ཞེས་བྱ་བ་ལ། དྲང་སྲོང་གིས་ཆ་དཔྱད་ཉ་མགོ་ལྟ་བུ་ནི་གཉིས་ཡོད་པར་བཤད་དེ། དེ་གཉི་ག་ཡང་ཉ་མགོ་དང་འདྲ་ཞིང་སོར་བཅུ་གཉིས་པ་ཡིན་ལ། དེ་ཡང་ཉའི་མགོ་བོའི་ལྐོག
་མ་འདྲ་བས་ན། ཉ་མགོའི་མགུལ་པ་ལྟ་བུར་ཞེས་བྱ་བའི་དོན་ནོ།། དེ་ལ་ཉ་མགོ་གཉིས་འདྲ་བ་ཡོད་པ་དང་། གཅིག་འདྲ་བ་ཡོད་པ་སྟེ། དེས་ན་གཅིག་ནི་ཉའི་མགུལ་པ་ལྟ་བུ་གཉིས་དང་ལྡན་པའོ།། གཉིས་པ་ནི་ཉའི་མགུལ་པ་ལྟ
་བུ་གཅིག་དང་ལྡན་པའོ།། དེ་གཉི་གས་ཀྱང་རྣ་ཁུང་ན་གནས་པའི་ཟུག་རྔུ་འབྱིན་པའི་ལས་ལ་སྦྱར་བར་བྱ་སྟེ། དེ་ན་གནས་པའི་ཟུག་རྔུ་དེ་གཉིས་ཀྱིས་དབྱུང་བར་བྱེའོ།། ཆ་དཔྱད་སྦུ་གུ་ཅན་སྨྲས་པ་ནི།། ཆ་དཔྱད་སྦུ་གུ་ཅན་ཁོང་སྟོང་།།
་རྩེ་མོ་གཅིག་གམ་མང་པོ་བྱ།། དེས་ནི་བུ་གའི་ཟུག་རྔུ་དང་།། ནད་ཡོད་ལྷ་དང་དབྱུང་བ་དང་།། བྱ་བ་སླ་བ་བྱ་ཕྱིར་དང་།། དགང་བར་བྱ་བའི་དོན་དུ་བྱ།། དེ་ཡི་ཞིང་དང་སྦོམས་སྲིད་ཚད།། བུ་གའི་ཚད་ལས་དཔག་པ་བྱ།། ཞེས་བྱ་བ་ལ།
་ཆ་དཔྱད་སྦུ་གུ་ཅན་ནི་ནང་ཁོང་སྟོང་དུ་བྱས་པ་ལ་རྩེ་མོ་ཁ་གཅིག་པ་འམ། ཁ་མང་པོ་དགོས་པ་དུ་མའི་དབང་ལས་བྱས་ལ། དེས་ནི་གྲི་བོ་ལ་སོགས་པ་བུ་ག་ན་གནས་པའི་ཟུག་རྔུ་རྣམས་དང་། དེ་ན་གནས་པའི་ཡོད་པ་དག
་བལྟ་བར་བྱ་བའི་ཕྱིར་དང་། དེ་བཞིན་དུ་བྱ་བ་སྟེ། ཟུག་རྔུ་དབྱུང་བ་དང་གཙག་བུ་གདབ་པ་དང་། ཐལ་སྨན་དང་མེ་བཙའ་གདབ་པ་ལ་སོགས་པའི་ལས་ཀྱི་བྱ་བ་སླ་བར་བྱ་བའི་ཕྱིར་དང་། དེ་བཞིན་དུ་དགང་བར་བྱ་བའི་ཕྱིར
་བྱ་སྟེ། དེའི་ཞེང་སྟེ་སྦོམས་དང་། སྲིད་དེ་དཔངས་ཀྱི་ཚད་ནི་བུ་གའི་ཚད་ལས་ཞེས་བྱ་བ་ལ། གང་གི་བུ་ག་གང་དུ་གཏོང་བ་དེའི་ཚད་ལས་དཔགས་ནས་ཅི་རིགས་པར་བྱའོ།། དེ་ཡང་ཞེང་ཞེས་བྱ་བ་ནི། ལོགས་གཅིག་ནས་གཅིག་ཏུ།
་ཕྱིན་པའི་ཚད་ལ་བྱཱ་ལ། སྦོམས་ནི་འཁྱུད་པའི་ཚད་ཡོངས་སུ་ཆད་པ་ལ་བྱའོ།། སྲིད་ནི་དཔངས་ཏེ། སྔར་བཤད་པའི་ཆ་དཔྱད་ལས་རིང་བར་བྱའོ།། སྲིད་དུ་སོར་བཅུ་སྦོམ་སོར་ལྔ།། གྲེ་བའི་ཟུག་རྔུ་རྟོག་བྱེད་ཡིན།། རྩེ་མོ་ལྔ་པ
་བུ་གཱ་ཅན།། རྩེ་མོ་བཞི་པ་སྤྱི་མདུད་བྱ།། ཆ་དཔྱད་ཐུར་མ་གཉིས་པོ་ནི།། བུ་ག་གསུམ་པ་དེའི་ཚེ་བྱ།། ཆ་དཔྱད་པཽ་རཱངྠའི་དབྱིབས་དང་།། སྦོམས་དང་མཆུ་ཡི་ཚད་མཉམ་པའི།། སྦུ་གུ་དེ་འདྲ་གཞན་དག་ཀྱང་།།
་རྒྱུ་དཔྱིང་ཤེས་པ་བྱེད་དུ་གཞུག། ཅེས་བྱ་བ་ལ། ཆ་དབྱུང་སྦུ་གུ་ཅན་བྱའོ།། ཞེས་བྱ་བར་སྦྱར་རོ།། དེའི་ཚད་ཀྱང་སྲིད་དུ་སྲིད་དུ་སར་བཅུ་བྱ་ལ། དེ་ཉིད་ཀྱིས་ན་དེའི་སྙོམས་ཀྱི་ཚད་སི་རཱི་ལཱི་པར་བྱའོ།། འདིས་རྟོག
་ཅིང་ལྟེ་བར་བྱེད་པ་སྦྱིན་པ་ས་ན་རྟོག་པར་བྱེད་པ་སྟེ། གྲཱི་བའི་ནང་དུ་ཟུག་པའི་ཟུག་རྔུ་བལྟ་བར་བྱ་བའི་དོན་དུ་བྱའོ།། ཡང་ནི་སྨྱུ་གུ་གཞོན་རྩེ་མོ་ལྔ་པའི་བུ་ག་ཡོད་པ་སྦུ་གུ་དེ་ལྟ་བུ་བྱ་ལ་ནི་རྩེ་མོ་བཞི་པའི་སྤྱིར་བསྡུ
་བར་བྱ་སྟེ། མདའ་ལ་སོགས་པ་ནང་དུ་ཞུགས་པོ་བརྟག་པའི་ཕྱིར་ཟུར་མ་རྩེ་མོ་ཅན་གཏོང་བ་ནི་ཐུར་མ་ཞེས་བྱའོ།། དེ་བཞིན་དུ་ཆ་དཔྱིད་ཟུར་མ་རྩེ་མོ་གཉིས་པ་ཡི་ནི་སྦུ་གུ་ཅན་བུ་ག་གསུམ་པ་ཅན་བྱ་སྟེ། དེ་ཡང་སྔ་མའི
་ཚད་དུ་བྱའོ།། ཆ་དཔྱད་པ་རངྒ་དེའི་དབྱིབས་དང་སྦོམས་དང་མཆུའི་ཚང་དང་མཉམ་པའི་སྦུ་གུ་བྱཱ་ལ། ཡང་སྦུ་གུ་དེ་དང་འདྲ་བ་ན།། སྟོང་པ་ལ་རྩེ་མོ་གཅིག་པ་དང་། རྩེ་མོ་མང་པོ་ཡོད་པ་གཞན་དག་ཀྱང་ཟུག་རྔུ
་བལྟ་ཞིང་བརྟག་པར་བྱ་བའི་ཕྱིར་ཆ་དཔྱད་ལ་མཁས་པ་གཞན་དག་བྱེད་དུ་བཞུག་གོ། རྩེ་མོ་པདྨའི་སྙིང་པོ་འདྲེ།། སྲིད་དུ་སོར་ནི་བེཅུ་གཉིས་པ།། བཞི་པ་ཁོང་སྟོང་བྱས་སྦུ་གུ། ཟུག་རྔུ་འབྱིན་ཡིན་པར་བཤད།། ཅེས་བྱ་བ་ལ། ཟུག་རྗེ
་འབྱིན་པའི་ཆ་བྱད་མི་འགུལ་བའི་ཟུག་རྔུ་དབྱུང་བར་བྱ་བའི་ཕྱིར། རྩེ་མོ་སྟེ་མི་གེ་བོའི་ཕྱོགས་པདྨའི་སྙིང་པོ་ཀཪྵ་ཀའི་དབྱིབས་འདྲ་ཞིང་མཚུངས་པ་ཚད་སྲིང་དུ་སོར་བཅུ་གཉིས་ཡོད་པ་བཞི་ཆ་ཁོང་སྟོང་ཡོད་པ་སྟེ། སོར་གསུམ་གྱི་ར
་ཁོང་སྟོང་དུ་བྱས་པ་དེ་ནི་ཟུག་རྔུ་འབྱིན་པ་ཡིན་པར་འདོད་དོ།། གནང་འབྲུམ་ཆ་དཔྱད་པ་ཡི་ནི།། ནུ་སོར་འདྲ་བ་སོར་བཞི་པ།། སྨྱོས་པའི་སོར་ལྔས་འཁྱུད་པ་སྟེ།། བུད་མེད་སོར་དྲུག་གིས་འཁྱུད་བྱ།། ནང་བལྟ་བ་ལ་བུ་ག་གཉིས།། ལས
་ལ་དྲུག་གཅིག་པ་བྱ།། དེབུས་ཀྱི་དྲུག་སོར་གསུམ་པ།། མཐེ་བ་ཤིང་དྲི་ཙམ་དྲོ་བྱ།། དེ་སྟེང་རྩི་མི་ཟླུམ་པ་ནི།། དཔངས་སུ་མ་ནི་བྱེད་པར་བྱ།། ནས་བ9། གནོང་འབྲུམའི་རྒྱས་པའི་རྨྱི་དཔྱད་ནི།། བའི་ནི་སར་དང་འདྲ་བར་དབྱུབ
་འདྲ་བ་བྱས་ལ། སྲོང་སོ་རི་ཐེ་ནི་ཡོད་པ། སྐྱེས་པ་ལ་སྟོང་པའི་སྦོམས་སོར་ལྔས་འཁྱུད་པ་བྱས་ལ། བུད་མེད་ཀྱི་གཞང་འབྲུམ་འཆོས་པོའི་ཆང་དཔྱད་ནི་སོར་དྲུག་གི་འཁྲུང་བའི་སྦོམས་ཡོང་པོར་བྱའོ།། ནང་པོ་ལྟ་བ་ནི་གནང་འབྲུམ
་ནད་རྟོག་པའོ།། བུ་ག་གཉིས་ནི་ངོས་གཉིས་ཀཱ་ལཱ་བུ་ག་ཡོད་པར་བྱས་པའོ།། དེ་བཞིན་དུ་གཞང་འབྲུམ་བཀྲུས་པ་དང་། བཅད་པ་དང་ཐལ་སྨན་རྣོན་པོ་གཏོང་བའི་ལས་རྣམས་ཀྱི་ཆ་དཔྱད་ནི། སྔ་མ་ལྟ་བུ་ལ་བུ་ག་གཅིག
་པར་བྱའོ།། དེ་ལྟ་ན་མངོན་སུམ་དུ་བལྟ་བའི་ཕྱིར་ནི་བུ་ག་གཉིས་པས་བྱ། བཙག་པ་དང་ཐལ་སྨན་དང་། མེ་བཙའ་གདབ་པ་མི་འགྱུར་བར་བྱ་བའི་ཕྱིར་ནི། བུ་ག་གཅིག་པར་བྱའོ།། ཆ་དཔྱད་འདིའི་དབུས་ཀྱི་བུ་ག་ནི། སྲིད
་དུ་སོར་གསུམ་པར་བྱའོ།། མཐེ་བོའི་ལྷག་ཤོང་བ་སྟེ། རྒྱར་མཐེ་བོའི་ལྟོ་དང་ཞེང་མཉམ་པར་བྱའོ།། ཡང་བུ་ག་དེའི་རྩེ་འམ། སྟེང་མེ་ནི་དབྱི་བོས་ཟླུམ་པ་ལ་དཔངས་སོར་ཕྱེད་ཡོད་པ། སོར་ཚད་དུ་བསྟན་པ་དེའི་སྟེང་དུ་ལྷག
་མ་སོར་ཕྱེད་ཡོད་པར་ལྟེ་བ་ཟླུམ་པོ་སོར་ཕྱེད་བྱ་བའི་དོན་ནོ།། ཁར་བཀྲོལ་དེ་འདྲའི་བུ་ག་མེད།། ཆ་དཔྱད་གཞང་འབྲུམ་བཙི་ར་ལ་སྦྱར་ཞེས་བྱ་བ་ལ། ཁར་བཀྲོལ་ལྟ་བུ་ཞེས་བྱ་བའི་ཆ་དཔྱད་ནི་བུ་གེའི་རྣམ་པ་བཤད་མེ་ཐག
་པའི་གཞོང་འབྲུམ་གྱི་རྣམ་པ་འདྲ་བ་ལ། བྲྀ་གོ་མེད་པ་སྟེ། ངོས་གཉིས་སུ་བུ་ག་གཏོད་པ་མེད་པའོ།། དེ་ལྟ་བུའི་ཆ་དཔྱད་ནི་གཞང་འབྲུམ་གྱི་ནཱང་བཙར་བའི་དོན་དུ་བྱའོ།། མཚན་པར་བརྡོ་ལ་ལ་རྣམ་ཀུན་ཏུ།། བུ་ག་ཡན་ཆད་བྱསལ
་བར་བྱ།། ཞེས་བྱ་བ་ལ། མཚན་པར་རྡོལ་བའི་ནད་གསོ་བའི་ཆ་དཔྱད་ནི་རྣམ་པ་ཐམས་ཅད་ནས་ཐམས་ཅད་དུ་བུ་ག་ཡན་ཆད་ཀྱི་ལྟེ་བ་དེ་བསལ་ཞིང་མེད་པར་བྱ་སྟེ། ཚེ་དཔྱད་འདི་ལས་ནི་དབུས་མའི་ལྟེ་བ་མེད་པར་བྱ་བའི་དོན་ནོ།།
་སྣ་ཡི་ཤུ་བའི་འབྲུམ་པ་ལ།། བུ་ག་གཅིག་པ་སོར་གཉིས་བྱ།། ཞེང་དུ་མཛུབ་མོའི་ཚད་ཙཾ་ལས།། མཚན་པར་རྡོལ་གྱི་དཔྱད་འདྲ་བྱ།། སོར་མོ་བསྲུང་ཕྱིར་བ་སོ་འམ། ཤིང་གི་ཤུགས་ནི་སོར་བཞི་བྱ།། བ་ལི་ནུ
་འདྲ་བུ་ག་གཉིས།། དེ་ཡི་ཁ་ནི་དབྱེ་བར་བྱ།། ཞེ་ས་བྱ་བ་ལ། སྣའི་ནང་གི་འབྲུམ་པ་བསལ་ཞིང་བཅད་པའི་ཆ་དཔྱད་ནི། བུ་ག་གཅིག་པ་བྱ་ལ། དཔངས་སུ་གཉིས་པ། ཞེང་གི་ཚད་མཛུམ་མོ་ཙམ་ལ་མཚན་པར་བརྡོལ་གྱི་ཆ་དཔྱིད་དང་འདྲ
་བར་དབུས་མའི་ལྟེ་བ་མེད་པར་བྱའོ།། དེ་སྟོང་པར་བྱེད་པ་ན་སྨན་པའི་སར་མོ་བསྲུང་ཞིང་གནོད་པ་མེད་པར་བྱ་བའི་ཕྱིར་བ་སོ་ལས་བྱས་པའམ། ཤིང་ལས་བྱས་པའི་ཤུབས་དཔངས་སུ་སོར་བཞི་ཡོད་པ། བུ་ག་གཉིས་པོ་ཡོད་པ
་ལ། ཆ་དཔྱད་དེའི་རྣམ་པ་ནི་བའི་ནུ་མ་འདྲ་བར་བྱའོ།། ཡང་ཆུ་དཔྱད་དེའི་ཁ་བྱེ་ཞིང་གྱིས་པར་བྱས་ལ། མཁྲིག་མར་སྲོད་བུས་དམུ་དུ་བཅིང་པར་བྱའོ།། མོ་མཚན་རྨ་བརྟག་དབུས་སུནྣི།། ཁང་སྟོང་སོར་ནི་བཅུ་དྲུག་པ།། ཕྱོགས་བཞིར་ཞིང
་བུས་བཅིང་བར་བྱ།། རྩེ་མོ་པདྨ་ཁེ་ཟླུམ་འདྲ།། ཟུར་མ་བཞི་ནི་མོནན་པ་ཡིསོ།། རྩ་བ་བསྡམོས་ན་ཁ་འབྱེ་བྱ།། ཞེས་བྱ་བ་ལ། མོ་མཚན་ནམ་མོངལ་དུ་རྨ་བྱུང་བ་བརྟག་ཅིང་བལྟ་བའི་ཆ་དཔྱད་ནི་དབུས་ཁོང་སྟོང་དུ་བྱས་པ་སྐྱིད་སོར་བཅུ
་དྲུག་ཡོད་པར་གདུ་བུ་འདྲ་བའི་འཁྱུད་ཀྱིས་བཅིངས་པའི་ཕྱོགས་བཞིར་ཐུར་མ་བཞི་ཡོད་པར་བྱ་འི་ཛི། སྲུལ་པོའི་རྩེ་མོ་གདུ་བུ་འདྲ་བས་བཅིངས་པ་དང་། དེ་བཞིན་དུ་པདྨེ་ཁ་ཟླུམ་པའམ་མོ་ཕྱེ་བ་འདྲི་བའི་རྩེ་མོ་ཡོད་པ་ཟུར
་བཞི་ཡོད་པའི་རྩེ་ལག་པས་བཟུང་བའི་ཕྱོགས་སུ་བསྡམས་ཤིང་བཙིར་ན་ཁ་འབྱེ་ཞིང་གྱེས་པར་འགྱུར་བར་བྱའོ།། ཆ་དཔྱང་འཇམ་རྩིའི་སྦུབས་འདྲ་ལ།། རྩ་བ་མཐེབ་ཤོང་རྩེ་སྲན་ཤོང་།། རྩེ་མོ་དགུག་པ་མེད་པཱ་ལ།། རྩ་བར་པ་ཌ
་འཇམ་རྐྱལ་དུ་བཅིང་།། རྨ་ཡི་ཕུག་ནི་འཚོས་པ་དང་།། རྨ་བཀྲུ་བ་ལ་སྦྱར་བར་བྱ།། ཞེས་བྱ་བ་ལ། ཆུ་དེཔྱད་སྲིད་དུ་སོར་དྲུག་ཡོད་པ་གཉིས་བྱས་ཏེ། བུ་ག་ཅན་གྱི་རྨ་བསྐུ་བའི་ཕྱིར་དང་། བཀྲུ་བའི་ཕྱིར་དགོས་སེཾ་ལྟ་བུ་ཞེ་ན་འཇམ
་རྩིའི་སྦུ་གུ་འདྲེ་བ་སྟེ། འཇམ་རྩིའི་སྨྱུ་གུ་དང་ཆ་འདྲ་ཞིང་མཚུངས་པ་གོང་ཡིན་པ་དེ་ནི། འཇམ་རྩིའི་སྦུ་གུ་འདྲ་བའོ།། དེའི་བུ་ག་ནི་རྩ་བ་མཐེ་བོ་ཤོང་བ་ཙམ་ལ་རྩེ་མོ་སྲནཱ་མ་ཤོང་བ་ཙམ་རྩེ་མོའི་ཆ་ལ་དགག་པ་མེད་པ་བྱས་ལ། རྩ་བའི
་གནས་སུ་ལག་པ་འཇམ་པོའི་རྐྱལེ་བུ་སྣུམ་དང་འཁྲུད་པའི་སྨན་གྱི་སྣོད་ཀྱི་རྒྱལ་བུ་བཅིངས་པ་དེ་ལྟ་བུའི་ཚེ་དཔྱད་དག་གིས་རྨའི་ཕུག་འཆས་པ་དང་རྨ་བཀྲུ་བ་ལ་སྦྱར་ཞིང་དཔྱད་དུ་བྱའོ།། འོད་མའི་སྦུ་གུའམ་སྒྲོ་རྩེ་ནི།། འདྲ་བ་ཁ
་གཉིས་དམུ་རྫིངས་དཔྱད།། ཅེས་བྱ་བ་ལི། དམུ་རྫིངས་གཱི་ནད་གསོ་བའི་སྦུ་གུ་ཁ་གཉིས་པ་འོད་མ་ལ་སོགས་པ་ལས་བྱས་པ་འམ། སྒྲོ་རྩ་སྟེ་རྨ་བྱ་ལ་སོགས་པའི་སྒྲོའི་རྩ་བ་ལས་བུ་གུ་ཆུ་གཟོག་པའི་དོན་དུ་ཁ་གཉིས་པ
་བྱའོ།། དུད་པ་མས་བཏང་ལ་སོགས་དཔྱད།། རང་རང་གི་ནི་སྐབས་སུ་སྨྲས།། ཞེས་བྱ་བ་ལ། དུད་པ་བཏང་བའི་ཆ་དཔྱད་ནི།། སྨན་གྱི་དུད་པ་སྣ་ནས་བརྔུབ་ཀྱི་སྐབསུ་བཤད་པ་ཡིན་ལ། འཇམ་རྩེའི་ཆ་དཔྱད་ནི་མེས་བཏང་བའི
་སྐབས་སུ་བཤུད་པ་ཡིན།། སོགས་པ་ནི་མཚན་མ་ལ་སོགས་པར་བཤད་དེ། ཆ་དཔྱད་དེ་དག་རང་རང་གི་ལེའུར་བཤད་པའི་སྐབས་སུ་སྨྲས་ཟིན་པ་དེ་ལས་ཤེས་པར་བྱའོ།། རྡབས་རཱ་ཁ་ཞེང་སོར་གས
་པ།། དཔངས་སུ་སོར་བརྒྱད་པའམ་བཅུ།། རྩེ་མོའི་བུ་ག་ཡུངས་ཀར་ཤེད་།། ལོགས་བཀ་བ་ནུ་སེར་དབྱིབས་འདྲ་བྱ།། ཞེས་བྱ་བ་ལ། རྔབས་རཱའི་ཚད་ནི་ཁ་ཞེང་དུ་སོར་གསུམ་པ་སྟེ། སོར་མོ་གསུམ་གཤིབས་ཤོང་བའོ།། དེ་ཡང་ནུ་ཞོའོ
་ནད་ལ་སོགས་པས་གཞིབས་པའི་ཕྱིར་བྱ་སྟེ། དེའི་དཔངས་ཀྱི་ཚད་ནི་སོར་བརྒྱད་པ་འམཱ། སེ་རེ་བཅུ་པོ་བྱས་ལ། རྩེ་མོ་སཱི་རཱིའི་རྩེ་མོའི་ཕྱོགས་ཀྱི་བུ་གྲ་ནི་ཡུངས་ཀར་ཤོང་བ་ཙམ་དུ་བྱས་ལ། དེ་བཞིན་དུ་གནས་པ་སྟེ་ལེགས་པར་གཡེགས
་པ་སྟེ་པགས་པ་སྲབ་མོ་ལ་སོགས་པོས་ཁཾ་བཀག་ཅིང་གཡོགས་པའོ།། དེ་བཞིན་དུ་དབྱིབས་ནི་ནུ་སོར་གྱི་ཚུལ་དུ་བྱིན་གྱིས་ཕྲ་བར་བྱའོ།། ཀུ་བ་སྲིད་དུ་སེར་བཅུ་གཉིས།། ཁྱུད་འཁོར་སོར་ནི་བཅོ་བརྒྱད་པ།། ཁ་ཟླུམ་སོར་ནི་གསུམ
་མམ་བཞི།། ནང་འབར་བང་ཀན་ཁྲག་འདྲེན་བྱེད།། ཅེས་བྱ་བ་ལ། ཀུ་བ་ནི་སྲིད་དེ་མོ་དཔངས་སུ་སོར་བཅུ་གཉིས་ཡོད་པ་ལ། ཁྱོད་འཁོར་གྱི་ཁ་ཞིང་ཟླུམ་པོར་བསྐོར་བ་ནི། བཅོ་བརྒྱད་ཀྱིས་འཁོར་བར་བྱ་ལ། དེ་བཞིན་དུ་དེ་འདི
་བས་ཕྱོགས་ཀྱི་ཁ་ནི་ཟླུམ་པོ་ལ་སོར་གསུམ་པའི་བཞི་པ་བྱ་སྟེ། དེ་ལྟར་ན་ཁ་ཟླུམ་པོ་ལ་སོར་གསུམ་པའམ་སོར་བཞི་པ་ཟླུམ་པོ་ཁ་ཕྱོགས་སུ་བྱ་བ་དང་། དེ་བཞིན་དུ་ནང་ན་འབར་བ་སྟེ། དེའི་ནང་དུ་གྲོ་ག་འམ་འཛག་མི་འམ
་རྩ་བལྤ་ཛ་འམ། རས་བལ་འབར་བ་བཅུག་པ། གླན་པ་བཅུག་པ་ནི་བད་ཀན་འཁྲུགས་པ་འམ། ཁྲག་ནད་ཅན་འདྲེན་ཅིང་འབྱིན་པར་བྱེད་པ་ཡིན་པས་ན། དེའི་ཕྱིར་བད་ཀན་འདྲེན་བྱེད་ཅེས་བྱའོ།། དེ་བཞིན་དུ་བུམ་པ་དེ་འདྲ
་བ།། གླན་པས་སྐྲན་ཀྱང་འཇུ་བར་བྱེད།། ཅེས་བྱ་བ་ལ་བུམ་པས་སྔབས་འདེབས་པ་ཡང་ཀུ་བ་དང་འདྲ་བར་བྱ་བ་སྟེ། སྲིད་སོར་བཅུ་གཉིས་ལ། ཁྱུད་འཁོར་སོར་བརྒྱད་པ་ཁ་ཟླུམ་ཞིང་། སོར་གསུམ་པ་འམ་སོར་བཞི་ཡོད་པ
་ནང་ན་གྲོ་ག་ལཾ། རྩཝ་འཛག་གམ་སོག་མའི་མེ་འབར་དང་བཅས་པ་དེ་གླེན་པ་ནི། སྙུན་འཇུ་བར་བྱེད་ཅིང་འབྲི་བར་བྱེད་པ་ཡིན་ནོ།། ཡང་ཞེས་བྱ་བའི་སྒྲས་ནི་སྔར་བཤད་པའི་ཀུ་བ་དང་འདྲ་བའི་བད་ཀན་དང་ཁྲག་འདྲེན་པར
་བྱེད་དོ།། ཞེས་བྱ་བའི་དོན་ནོ།། ཐུར་མ་ཞེས་བྱ་བའི་ཆུ་དཔྱད་ནི། ལུས་དང་དེ་བྱིབས་ནི་སྣ་ཚོགས་པ།། ཙཱི་རིགས་པ་ཡི་ཚད་ལྡན་བྱ།། ཞེས་བྱ་བ་ལྔ། ཆེ་དཔྱད་ཀྱི་རྣམ་པ་ཐུར་མ་ཞེས་བྱ་བ་ནི་ལས་སྣ་ཚོགས་བྱེད་པ
་དོང་། དེ་བཞིན་དུ་དབྱིབས་ཀྱི་ཁྱད་པར་རིང་ཐུང་ལ་སོགས་པ་སྣ་ཚོགས་པརརོ་གནས་པ་ནི་ཅི་རིགས་པའི་ཚད་དང་ལྡན་པརྱ་བྱེ་སྟྭ~ཾ། སྦོམས་དང་རིང་ཐུང་གང་དུ་གཏོང་བ་དེ་ཡང་འཚམ་པར་བྱའོ།། དེ་ལས་མོ་ཚུལ
་ལས་ལ་གཉིས།། སྲིན་བུ་གནྡྷཾ་པ་ཏའི་དབྱིབས།། ཞེས་བྱ་བ་ལི། ཐུར་མའི་ཆ་དཔྱད་དེ་རྣམས་ཀྱི་ནང་ནས་ཐུར་མ་གཉིས་པོ་སྲིན་བུ་གནྡྷ་པའི་དབྱིབས་ལྟར་འདུག་པ་གཉིས་ནི། རྨ་ཚོལ་གྱི་ལས་ལ་སྦྱར་བར་བྱ་སྟེ།
་རྨ་དང་བུ་གའི་གཏིང་བ་ཙལ་ཞིང་བརྟག་པ་ལ་སྦྱར་རོ།། སིན་བུ་གནྣ་པ་ཏྲ་ཞེས་བྱ་བཱ་ནི། ཆར་འབབ་པའི་རྗེས་ཐོགས་ལ་སྲིན་བུ་དམར་པོ། རིང་པོ་ཐུར་མ་ཕྲ་མོ་ལྟ་བུ་ཞིག་འབྱུང་བ་ལ་བྱ་སྟེ།
་མིང་གི་རྣམ་གྲངས་གཞན་དུ་བུ་མི་རྟ་ལ་ཞེས་བྱའོ།། བུ་གའི་ནད་ནི་ཟུག་རྔུ་འབྱིན།། ཁ་ནི་སྲིན་བུ་ཕྱེ་འདྲ་གཉིས།། སོར་བརྒྱད་པ་དང་དགུ་པའི་ཚད།། ཅེས་བྱ་བ་ལ། ཡང་དེ་བཞིན་དུ་ཐུར་མའི་ཆ་དཔྱད་གཉིས་པོ
་སྲན་ཆུང་ཕྱེ་བ་འདྲ་བ་སྟེ། རྩེ་མོ་སྲན་ཆུང་བཀས་པ་འདྲ་བར་གྱུར་པར་བྱ་ལྔ། དེ་ཡང་གྲེ་བ་ལ་སོགས་པ་བུ་གའི་ནང་གི་ཟུག་རྔུ་དབྱུང་ཞིང་འབྱིན་པའི་དོན་དུ་སྦྱར་རོ།། ཚད་ནི་སོར་བརྒྱ་དེ་པི་དང་དགུ་པ་བྱཾ་སྟེ། དེ་ལས
་གཅིག་གཽ་ཚད་ནི་སྲིད་དུ་སོར་བརྒྱད་ཡི་ད་པར་བྱ་ལ། གཉིས་པའི་ཚད་ནི་སོར་དགུ་པར་བྱའོ།། ཐུར་མ་དྲུག་སྟེ་དེ་ལས་གཉིས།། སོར་ནི་བཅུ་དྲུག་བཅུ་གཉིས་པ།། ཐལ་སྨན་གཏོང་བ་སྦྲུལ་ཁ་འདྲ།། གཉིས་པ
་སོར་བཅུ་གཉིས་བཅུ་པ།། ཞེས་བྱ་བ་ལ། ཡང་ཕུར་པ་འདྲ་བའི་ཐུར་མ་དྲུག་བྱའོ།། ཞེས་བྱ་བོ་ནི། ཚིག་གི་ལྷག་མའོ།། དེ་ལས་གཉིས་ནི་ཚད་སོར་བཅུ་དྲུག་པ་དང་བཅུ་གཉིས་པར་བྱའོ།། དེ་ཡང་ཐལ་སྨན་ལ་སོགས་པ
་གཏོང་ཞིང་བསྐུ་བ་ལ་ནི་སྦྲུལ་གྱི་ཁ་འདྲ་བར་བྱ་བ་སྟེ། གཉི་ག་ཡང་སྦྲུལ་གྱི་ཁ་འདྲ་བའི་དབྱིབས་བྱས་པ་དེའི་ཚད་ནི། གཅིག་ནི་བཅུ་གཉིས་པ་བྱ་ལ།། གཅིག་ནི་བཅུ་པ་བྱ་བའོ།། བསྐུལ་དཔྱད་ཁ་ནི་མདའ་ལྡོང་འདྲ།། འབྱིན
་པའི་ཆ་དཔྱད་ལྕགས་ཀྱི་དབྱིབས། ཞེས་བྱ་བ་ལ། ཐུར་མ་དེ་ལ་ཟུག་རྔུ་སྐུལ་བའི་ཆ་དཔྱད་ཀྱི་ཁ་ནཱི། མདའི་ལྟོང་འདྲ་བར་བྱ་ལ། ཡང་ཕུར་པ་འདྲ་བའི་ཐུར་མ་ནི་ཟུག་རྔུ་འབྱིན་པའི་དོན་དུ་ཆ་དཔྱད་ལྕགས་ཀྱུའི་དབྱིབས་ལྟར
་རྩེ་མོ་ཅུང་ཟད་གུག་པར་བྱའོ།། ཕུར་པའི་རྩེ་མོ་གུག་པ་ནི།། མངལ་གྱི་ཕུར་པ་ཞེས་བྱ་བ།། སྲིད་དུ་སོར་བརྒྱད་བྱིས་པ་དེས།། བུད་མེད་མངལ་དུ་བུ་ཞེས་དབྱུང་།། ཞེས་བྱ་བ་ལ། ཐུ་མ་ཕུར་པ་ལྟ་བུ་རྩེ་མོ་དགུ་བོར་གུག
་པ་ནི། མིང་མངལ་གྱི་ཕུར་པ་ཞེས་བྱ་སྟེ། དེ་ཡང་སོར་བརྒྱད་པ་བྱས་ལ། མངལ་གྱི་ཕུར་པ་དེས་བུད་མེད་མངལ་དུ་བུ་ཤི་བའི་རོ།། རྡོ་དང་བོང་དེ་སྦྲུམ་མཱའི་ལུས་ལས་དབྱུང་ཞིང་གདོན་པར་བྱའོ།། རྡེའུ་འབྱིན་དཔྱིད་སྤྲུལ
་མགོ་ཡི།། གདེང་ཀ་འདྲ་བ་རྩེ་གུག་པའོ།། ཞེས་བྱ་བ་ལ། ཆུ་སོའི་ནང་རྡེའུ་འབྱིན་པའི་ཆ་དཔྱད་ནི་སྦྲུལ་མ་གཽ་ལྟ་བུ་སྟེ། རྩེ་མོ་སྦྲུལ་མ་གློའི་ཡ་ཟོད་འདྲ་བ་རྣོ་མོ་གུག་པ་བྱའོ།། མདའ་ལྟེང་འདྲ་བི་རོ་སུཛྲ
་བཞི་པ། སོ་དབྱུང་བ་ལ་སྦྱར་བེ་ར་བྱ། ཞེས་བྱ་བ་ལ། ཆ་དཔྱིད་དབྱིབས་མདོའོ་སྟོང་འདྲ་བར་བྱས་ལ་དྭེ་ཡང་སྦྱོར་བཞི་པ་མཐ་འ་མཱ་སྦོམ་ཞིང་ཟླུམ་པོར་བྱ་སྟེ། དེ་ནི་སོ་དབྱུང་བ་ལ་སྦྱར་བར་བྱའོ།། རྩེ་མོ་རས
་བལ་གྱིས་དཀྲིས་པའི།། ཕྱོ་བསལ་ཐུར་མ་དྲུག་བྱ་སྟེ། ཞེས་བྱ་བ་ལྀ། ཐུར་མ་དྲུག་བྱས་ལ། དེ་ཐམས་ཅད་ཀྱི་རྩེ་མོའི་ཆ་རས་བལ་གྱིས་དཀྲིས་ཤིང་གི་ཡོགས་པ་བྱས་ལ། དེས་རྨ་སྣགས་པ་དང་། ཐལ་སྨན་ལ
་སོགས་པ་སྦྱང་བའི་བྱ་བ་བྱའོ།། གནང་གི་ཉེ་རིང་ནང་ལ་གཉིས།། སོར་བཅུ་པ་དང་བཅུ་གཉིས་པ་ཞེས་བྱ་བ་ལ། ཐུར་མ་སོར་བཅུ་པ་དང་བཅུ་གཉིས་པ་གཉིས་བྱས་ལ། དེས་ནི་གཞང་གི་ནང
་ཕྱི་བ་ལ་སྦྱར་བར་བྱའོ།། སྣ་ཡི་སོར་དྲུག་བདུན་པ་གཉིས།། རྣ་བའི་སོར་བརྒྱད་དགུ་པ་གཉིས།། ཞེས་བྱ་བ་ལ། ཡང་ཐུར་མ་སོར་དྲུག་པ་དང་། བདུན་པ་གཉིས་བྱས་ལ། དེས་ནི་སྣ་དང་ཁའི་ནད་ཀྱི་ལྡན་ལྗིན་ཉེ་བ་དང
་རྙིང་བ་ན་ཡོད་པ་ཕྱི་བའི་དོན་དུ་བྱའོ།། ཡང་དེ་བཞིན་དུ་ཐུར་མ་སོར་བརྒྱད་པ་དང་། དགུ་པ་གཉིས་བྱས་ལ། རྣ་བའི་རྨ་དང་འཚེམ་པ་དེས་ཐལ་སྨན་ལ་སོགས་པ་ཕྱི་བ་དང་། བྱུག་པ་བྱ་ལ། དེ་ཡང་ཉེ་བ་དང
་རིང་བར་གནས་པའི་བྱེ་བྲགཱ་གཉིས་བྱ་བ་ཡིན་ཏེ། དི་ཝཱར་ན་ཐུར་མ་དྲུག་པའི་དབྱེ་བ་སྨྲས་པ་ཡིན་ནོ།། རྣ་བ་བསལ་བ་ཨ་ཤྭདྠའི།། རྩེ་འམ་བླུགས་གཟར་ཁ་འདྲ་བྱ། ཞེས་བྱ་བ་ལ། རྣ་བ་བསལ་ཞིང་སྦྱང་བའི་ཆ
་ད་ན་རྩེ་མོ་ཤིང་ཨ་ཤྭདྠའི་ལོ་མ་འདྲ་བ་འམ། དེ་བཞིན་དུ་རྩེ་མོ་བླུགས་གཟེར་གྱི་ཁ་དང་འདྲ་བར་བྱའོ།། ཐུར་མ་འཛམ་བུའི་ཐུར་ཏོ་འདྲ། ཐལ་སྨན་མེ་བཙས་སོ་སོར་གསུམ།། རིམ་གྱིས་ཕྲ་སྦོམ་སྦྱར་བར་བྱ། ཞེས་བྱ་བ་ལ
་ཐུར་མི་ཤིང་འཛམ་བུའི་ཐོར་ཏོ་འདྲ་བར། སོར་གསུམ་གསུམ་བྱ་སྟེ། དེ་ལྟར་ན་ཐལ་སྨན་རྣོན་པོའི་ཐུར་མ་འཛམ་བུའི་མཆུ་འདྲ་བའི་རྩེ་མོ་ཅན་གསུམ་བྱ་ལ། དེ་བཞིན་དུ་མི་བཙའི་ལས་ལ་ཡང་གསུམ་པོ་སྟེ། དེ་དག་ཕྲ་བ་དང
་སྦོམ་པའི་དབྱེ་བས་སྦར་བར་བྱའོ།། རྒྱུ་མའི་ལས་ལས་ཐུར་མ་ནི།། འཁར་བ་འདྲ་ཞིང་དབུས་ཟླུམ་ལ།། རྩ་བ་ཟླ་བ་ཕྱེད་འདྲ་བྱ། ཞེས་བྱ་བ་ལ། རྒྱུ་མའི་གནས་སུ་གཏོང་བའི་ཐུར་མ་ནི། རྒྱུ་མའི་ནད་ཀྱི་ཁྱད་པར་ལས་སྦྱར་བར་བྱ་སྟེ།
་རྩ་བའི་ཕྱོགས་ཟླ་བ་ཕྱེད་པ་དང་འདྲ་བ་ར་དགུ་བག་ཏུ་འདུག་པ་ལ་དབུས་ཟླུམ་པ་རྩེ་མོ་ཐུ་རུ་མར་བྱས་ཤིང་ཟླུམ་པ་སྦྱོར་བར་བྱའོ།། རྒྱ་ཤུག་ཚི་ག་གུ་བཀས་པ་འདྲ།། སྣ་ཡི་ཐེར་བུ་འབྲུ་མི་སྲེག་བྱེད།། ཅེས་བྱ་བ་ལ། ཐོར་མའི་རྩེ་མོ
་རྒྱུ་ཤུག་གི་རྩེ་མོ་བཀས་པ་འདྲ་བ་ནི། སྣའི་ནང་དུ་ཐོར་བུ་དང་འབྲུམ་བུ་སྲེག་པ་ཡིན་ནོ།། སོར་བརྒྱད་པ་ལ་རྩེ་མི་ལྡོང་།། གསུམ་པོ་ཐལ་སྨན་སྨན་རིམ་ལ།། མཐེའུ་ཆུང་གུང་མོ་སྲིན་ལག་གི། སེན་མོ་ལྟ་བུའི་སོ་བྱས་པའོ།། ཞེས
་བྱི་བ་ལ། ཟུར་མ་གསུམ་སྲིད་དུ་སོར་བརྒྱད་མེད་པ། རྩེ་མོ་ལྗིན་ཤོང་གཟར་བུ་འདུག་བྱས་པ་ནི་ཐལ་སྨན་གྱི་ལས་ཏེ་ཐལ་སྨན་ཀླ་ར་སྦྱར་བ་དང་། སྨན་གྱི་རམ་པི་སྟི། དུག་ལ་སོགས་པ་བསྐུ་བ་ལ་མཐེའུ་ཆུང་དང་། གུང་མོ་དང
་སྲིན་ལག་གི་སེན་མོ་ལྟ་བུའི་སཽ་བྱས་པའི་སོ་འམ་རྩེ་མོ་བྱའོ།། ཕོ་མཚན་སྦྱང་དང་མིག་སྨན་སོགས།། ཆ་དཔྱད་རང་རང་ལོའུ་བ་ཤདོ།། ཅེས་བྱ་བ་ལ་ཕོ་མཚན་སྦྱང་བ་ལ་སོགས་ཆ་དཔྱད་ནི་རང་རང་གི་ལེའུ་སྐབས་སུ་སྔར
་བཤད་ཟིན་པ་ཡིན་ནོ།། ཉེ་པའི་ཚེ་དཔྱད་ཁབ་ལོང་དང་།། བག་པ་རས་དང་བོ་བ་དང་།། འབྲིང་བུ་རྒྱུ་མ་ཝེ་ཏ་ཛོ།། ཡལ་ག་སེན་མོ་ཁ་སོ་དང་།། དུས་དང་སྨིན་དང་མཆོག་རྐང་པ།། འཇིག་དང་དགའ་བ་དེ་བྱ་བ།། བྱེ་བྲག་ཐབ་ན
་ནི་ཤེས་པ་ཡིན།། མཁས་པའི་བློ་ཡིས་དཔྱད་པར་བྱ།། ཞེས་བྱ་བ་ལ། ཆ་དཔྱད་དང་འདྲ་ཞིང་དེའི་བྱ་བ་རྫོགས་པར་བྱེད་ནུས་པ། རྡོ་ཁ་པ་ལེན་ལ་སོགས་པ་ཉེ་བའི་ཆ་དཔྱད་ཅེས་བྱའོ།། ཁབ་ལེན་ནི་ནོར་བུའི
་བྱེ་བྲག་གོ། ཐག་པ་ནི་མུ་ཛ་ལ་སོགས་པ་ལས་བྱས་པའོ།། གོས་ནི་རས་ཀྱི་གོས་ཀྱི་རྣམ་པའོ།། ཐོ་བ་ནི་ཤིང་ལས་བྱས་པོའི་སྦོམ་པོ་འམ་ཐུང་པོའོ།། འབྲེང་བུ་ནི་གས་པ་ལས་བྱས་པའོ།། རྒྱུ་མ་དང་ལྷོ་ནི་དངོས་སུ་ཟད་དོ།། རྟེ་རྗེ་ནི
་རྟའི་རྔ་མ་འམ་རྡོག་མའོ།། ཡལ་ག་ནཱི་ཤིང་ཀིའོ།། དུས་ནི་སྐད་ཅིག་མ་ལ་སོགས་པ་ཉེ་བར་མཚོན་པའོ།། སྨིན་པ་ནི་ཚེས་པའོ།། དགའ་བ་ནི་སེམས་རངས་པ་སྟེ། དབྱེ་བ་ནི་དེའི་ལས་ལ་ཉེ་བར་སྦྱོར་བ་ཡིན་ལ། བྱེ་བའི་ཐབས་དེས
་ཆ་དཔྱད་ཀྱི་ལས་རྫོགས་པར་བྱེད་པའི་ཐབས་ཤེས་ཤིང་སྦྱོར་བའི་བྱེ་བྲག་ལ་མཁས་པའི་སྨན་པས་ཆ་དཔྱད་གང་ལ་འོས་པ་དེ་དེ་ལ་སྦྱར་བར་བྱ་ཞིང་། དེས་བློས་ལེགས་པར་བརྟགས་ཤིང་དཔྱད་ལོ་སྦྱར་བར་བྱའོ།། དེ་ཡང་སློབ
་དཔོན་གྱིས་བསྡུས་པ་ལས། འདི་དག་ལུས་ནི་ཐམས་ཅད་དམ།། ལུས་ཀྱི་ཡན་ལག་འགྱུར་བ་འམ།། ཚིག་དང་ནང་ཁྲོལ་རྩ་བོ་ཆེ་རོ།། ཅི་རིགས་པར་ནི་སྦྱར་བར་བྱ།། ཞེས་བྱ་བ་ཡིན་ནོ།། ཚོ་དཔྱད་བརྡུང་བསྲུབ་དགང་དང་རྒྱུན
་སྲང་དགག་བྱ་དང་ཐལ་སྨན་གདབ་དང་མཚོན་དབྱུང་བཅིང་དང་བཙིར་བ་དང་།། གཞི་བ་དང་སྨད་དང་བསྟོད་དང་བསྐྱོད་དང་བཅག་པ་དང་།། བཟློག་དང་དྲང་པོར་བྱ་བ་ཆ་དཔྱད་ལས་རྣམས་ཡིན།། ཞེས་བྱ་བ་ལེ། བརྡུང་བ་ལ་སོགས་པ
་ནི་ཆ་དཔྱད་ཀྱི་ལས་ཡིན་ཏེ། བརྡུང་བ་ནི་བསྐྲུན་ཅིང་བརྡེག་པའོ།། བསྲུབ་པ་ནི་འདིས་བཙུབས་ཤིང་དཀྲུགས་པས་བསྲུབ་ལ་ཞེས་བྱའོ།། དགྲང་བ་ནི་འདིས་དགང་བྱར་བྱས་པའོ།། རྒྱུན་སྲང་དགག་པར་བྱ་བ་ནི་བུ་ག་རྣམས་དང་གྲེ་བ
་ལ་སོགས་པའི་སྦུབས་རྣམས་མེ་པ་དག་ཅིང་བར་བྱུང་བར་བྱེད་པའོ།། བལ་སྨན་གདབ་པ་ནི་ཐལ་སྨན་རྣོན་པོ་ལ་སོགས་པ་བསྐུ་བའི་ཁྱད་པར་རོ།། མཚོན་དབྱུང་བ་ནི་ཟུག་རྔུ་ལ་སོགས་པ་འབྱིན་ཅིང་འདྲེན་པར་བྱེད་པའོ།།
་བཅིང་བ་ནི་ཆག་གྲུགས་ལ་སོགས་པ་འདིས་སྡུམ་པར་བྱེད་པའོ།། བཙིར་བ་འདིས་རྣག་ལ་སོགས་པ་འབྱིན་པར་བྱེད་པའོ།། གཞི་བ་པོ་ནི་ཆ་དཔྱད་གང་གིས་ཁྲག་དང་ཆུ་སེར་ལ་སོགས་པ་རྔུབ་པའོ།། སྨད་པ་ནི་ཆ་དཔྱོད་གླང་གི
་ཡན་ལག་ལ་སོགས་པའི་ཕྱོགས་སྨོང་པའོ།། བསྟོད་པོ་ནི་ཆ་དཔྱང་གང་གིས་འདེགས་ཤིང་མཐོང་བར་བྱེད་པའོ།། བསྐྱོད་པ་ནི་གཡོ་བར་བྱེད་པ་སྟེ། མི་འགུལ་བ་གམོ་ཞིང་འགུལ་བར་བྱེད་པའོ།། བཅུག་པ་ནི་དངོས་པོ་གཅི
་དུ་མར་བྱེད་པའོ།། བཟློག་པ་ནི་ཆ་དཔྱིད་གང་གིས་གཞན་དུ་བཟློག་ཅིང་བསྒྱུར་བའོ།། དྲང་པོར་བྱ་བ་ནི་ཡོན་པོར་གནས་པའི་དངོས་པོ་བསལ་ཞིང་རྣལ་དུ་གནས་པར་བྱེད་པའོ།། དེ་ལྟར་ན་བརྡུང་བ་ལ་སོགས་པར་བསྟན་པ་གང
་ཡིན་པ་དེ་དག་ནི་མདོར་ནི། ཆ་དཔྱིད་ཀྱི་ལས་རྣམས་ཡིན་པ་རེ་ཤེས་པར་བྱ་བོ་སྟེ། ལེགས་པར་ཟློག་ཅིང་འབྱིན་པར་བྱེད་པ་དང་། གཟུང་བྱ་བླངས་ནས་འབྱིན་པར་བྱེད་ཕྱིར་དང་།། ཡན་ལག་ཀུན་ལ་གནོད་པ་མེད་པ་ནས།། ཆེ་དཔྱང
་ཀུན་གྱི་མཆོག་ནི་ཀངྐའི་མཆུ།། ཞེས་བྱ་བ་ལ་གོང་དུ་སྨོས་པ་ནི་ཆ་དཔྱད་ཐམས་ཅད་ཀྱི་ནང་ན། ཀངྐའི་མཆུ་ལྟ་བུའི་ཆ་དཔྱད་ནི། གཙོ་བོ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དེ་ལེགས་པར་ཟུག་ཅིང་ཀུན་ཏུ་བསྐོར་དུ
་འདོད་པ་དང་། དེ་བཞིན་དུ་བཟུང་བར་བྱ་བའི་ཟུག་རྔུ་བདེ་བླག་ཏུ་ཟིན་ཅིང་བླངས་ནས་ཀྱང་ཟུག་རྔུ་དེ་ངེས་པར་འབྱིན་ཅིང་འདོན་པར་བྱེད་པའི་ཕྱིར་དང་། ཟུག་རྔུ་དབྱུང་བར་བྱ་བའི་ལུས་ཀྱི་ཡན་ལག་ཀུན་ལ། གནོད་པ་མེད་ཅིང་ལས་དེ
་བདེ་བླག་ཏུ་སྒྲུབ་པར་བྱེད་པ་ཡིན་པསོ་ན། དེའི་ཕྱིར་ཚེ་དཔྱིད་ཐམས་ཅད་ཀྱི་མཆོག་ནི་ཀངྐའི་མཆུ་ལྟེ་བུ་ཡིན་ནོ།། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ། ཚིག་གི་དོན་གྱི་ཟླ
་ཞེས་བྱ་བ། སློ་བ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ལེའུ་ཉི་ཤུ་ལྔ་པའི་རྣམ་པར་འགྲེལ་པའོ།། དེ་ནས་གཏར་དཔྱད་ཀྱི་ཆོ་གའི་ལེའུ་བཤད་པར་བྱའོ།། ཞེས་བྱ་བ་ལ། འདི་བརྩམས་པའི
་དགོས་པ་ནི་འདི་ཡིན་ཏེ། ཆ་དཔྱད་ཕལ་ཆེར་ནི་ལྕགས་ལས་བྱེད་པ་ཡིན་ལ། འདི་ཡང་ཕལ་ཆེར་ཝཱཊ་ལས་བྱེད་པའམ། ལས་ཀྱི་རྣམ་པ་རིས་མཐུན་པའི་ཕྱིར་ཏེ། དེའི་འོག་ཏུ་འདི་བརྩམས་པ་ཡིན་ནོ།། མགྱུར་བ་མཁས་བླས
་གོ་ཆ་བཞིན།། བརྡུངས་པའི་གཏོར་དཔྱད་ཉི་ཤུ་དྲུག། སྤུ་ནི་ཆོད་པར་ནུས་པ་དག། ཕལ་ཆེར་སོར་ནི་དྲུག་པ་བྱོ།། གཟུགས་ལེགས་ངེས་ནི་ལེགས་པ་དང་།། གཟུང་བར་བདེ་བ་ཉིད་དུ་བྱ།། ཡ་ཡོ་མེད་ཅིང་ཐར་ལེགས་པ།། ཤིན་ཏུ
་རྣོ་བའི་ལྕགས་ལས་བྱས།། རྩེ་མོ་ཤིན་ཏུ་ལེགས་བརྡུངས་པ།། ཨུཏྤལ་སྔོན་པོའི་མདོག་འདྲ་བ།། རང་མིན་རྗེས་སུ་མཐུན་གཟུགས་ནི།། རྟག་ཏུ་ཉེ་བར་བཞག་པར་བྱ།། རྩེ་མོ་རེ་རེ་དག་ལ་ཡང་།། རང་ཚད་སོར་ཕྱེད་གཉིས་དང་བཞི
་ཕལ་ཆེར་གཉིས་དང་གསུམ་དུ་བྱ།། དེ་གནས་ཁྱད་པར་དག་ལ་སྦྱར།། ཞེས་བྱ་བ་ལ། བཙུག་བུ་ཉི་ཤུ་རྩ་དྲུག་བྱ་བ་ཡིན་ལ། དེ་ཡང་གང་གིས་བྱ་ཞེ་ན། མགར་བ་མཁས་པས། ཞེས་བྱ་བ་སྟེ། བྱ་བ་ལ་མཁས་ཤིང་བྱང་བར
་གྱུར་པའི་ལྕགས་མགར་གྱི་བརྡུད་ཞིང་རྫོགས་པར་བྱ་བའོ།། ཙཱི་ལྟར་བྱ་ཞེ་ནི་ཆོ་ག་བཞིན་ཏེ། ཆེད་ལེ་སོགས་པའི་རྣམ་པ་ཇི་སྐད་བཤད་པ་བཞིན་བརྡུང་བར་བྱའོ།། རྣོ་ཚད་ཇི་ཙམ་ཞེ་ན། སྤུ་ནི་ཚོད་པར་ནུས་པ་དག་ཅེས་བྱ
་བྱེ་བ་སྟེ། གང་གི་སྤུ་ཆོད་པའི་ལས་བྱེད་ནུས་པ་ཙམ་དུ་བྱའོ།། ཚད་ཅི་ཙམ་དུ་བྱ་ཞེས་ན། ཕལ་ཆེར་ཞེས་པ་མང་དུ་སྙིད་སོར་དྲུག་པར་བྱ་བ་དང་། གཟུགས་ལེགས་ཤི་ཇི་སྐད་བཤད་པའི་རྣམ་པའི་དབྱིབས་དང་ལྡན་པ་དང་།། དེ
་བཞིན་དུ་སོ་ལེགས་པ་སྟེ་རྣོ་ཞིང་སྙོམས་པ་དང་། དེ་བཞིན་དུ་གཟུང་བར་བྱ་བོ་བདེ་བ་ཉིད་དེ་བཟུང་བའི་ཕྱོགས་བྲིདེ་བྲག་ཏུ་བཟུང་བར་བྱ་བ་དང་། དེ་བཞིན་དུ་ཡ་ཡོ་མེད་པ་སྟེ། སོ་སྙོམ་ཤྲཱི་རྡོ་རྡོ་མེད་པ་དང་། དེ་བཞིན་ཐར་ལེགས
་ཤིང་བརྡུང་བ་ཞག་པ་དང་། ཤིན་ཏུ་རྣོ་བའི་ལྕགས་ལས་བྱས་པ་གང་ཡིན་པ་དེ་ལས་བརྡུངས་པ་དང་། དེ་བཞིན་དུ་རྩེ་མོ་ཤིན་ཏུ་ལེགས་པར་བརྡུང་པ་སྟེ། ལྕགས་ལེགས་པར་བསྐོལ་བ་ཐོ་བས་མ་གས་པར་བརྡུང་ཞིང
་ཁྱད་པར་དུ་རྩེ་མོའི་གནས་བརྡུང་ཞག་པར་བྱས་པ་དང་། དེ་བཞིན་དུ་ཨུཏྤལ་སྔོན་པོའི་མདོག་འདྲ་ཞིང་འཇམ་པ་དང་། དེ་བཞིན་དུ་རང་གི་མིང་དང་རྗེས་སུ་མཐུན་པའི་གཟུགས་སམ། དབྱིབ་ཡོད་པ
་བཙགས་བུའི་འབྲས་འདྲ་བར་བྱས་པ་ལ་ནི། བཙུགས་བུ་འབྲས་ཀྱི་ཁ་འུ་འམ། འབྲས་ཀྱི་མོ་ཞེས་བཏགས་པ་ལྟ་བུ་ལ་སོགས་པའོ།། དེ་བཞིན་དུ་གྷཱ་ཏུ་སྟེ། དུས་ཐམས་ཅད་དུ་ཆ་དབྱུང་དང་བཙགས་ལུད་དག་ཉེ
་བཞག་པར་བྱ་ཞིང་སྟ་གོན་དུ་བྱ་བ་དང་། དེ་བཞིན་དུ་རང་གི་ཚད་དེ། བཙགས་བུ་དེའི་སྲིད་ཀྱི་ཚད་ལས་རྩེ་མོ་འམ། ཁ་ཆེ་ཕྱེད་ཀྱི་ཚད་དང་། ལ་ལ་བཞི་ཚེའི་ཚད་དུ་བྱེ་བ་དང་། དེ་དག་ཀྱང་ཕོལ་ཆེར་གྲངས་གཉིས་དང་གསུམ
་དུ་བྱ་བ་དང་། ཡང་བཙགས་བུ་དེ་དག་གནས་ཀྱི་ཁྱད་པར་དང་། ནད་ཀྱི་ཁྱད་པར་ལས་སྦྱར་བར་བྱའོ།། དེ་ལས་དཀྱིལ་འཁོར་འདྲ་བའི་རྩེ།། མཛུབ་སེན་ནང་གཱི་དབྱིབས་འདྲར་བྱ།། དེ་ནི་རྙིལ་སྐྱེས་ལྐོག་མ་ཡི།། ཤ་ལྷག་ལ
་སོགས་བཞར་བཅད་སྦྱར། ཞེས་བྱ་བ་ལ། བཙགས་བུ་དེ་རྣམས་ཀྱི་ནང་ནས་བཙགས་བུ་དཀྱིལ་འཁོར་འདུ་ཞེས་བྱ་བའི་རྩེ་མོ་ཁའི་དབྱིབས་མཛུབ་མོའི་ནང་གི་དབྱིབས་འདྲ་བོར་བྱ་བ་ལ། དེ་ནཽ་རྙིལ་གྱི་ལྷག་མ་སྐྱེས་པ་ལ་སོ
་པ་ཕྱི་ཞིང་བཞར་བ་དང་། ཤ་བཙོས་པ་ལ་སྦྱར་བར་བྱའོ།། འཕེལ་བཙགས་སྤུ་གྲིའི་དབྱིབས་ལྟ་བུ།། གཅོད་དང་དྲལ་དང་འབྱིན་ལ་སྦྱོར།། རྩེ་དྲང་སྐྲངས་ནད་མཐོ་བ་དང་།། ཟབ་པོ་ལས་སྦྱར་དེ་ལས་གཞན།། ལྷག་པ་རིང་ཞིང
་རྩེ་གུག་པ། སོ་ཐུང་ནད་ཚུལ་ཇི་བཞིན་སྦྱར།། ཞེས་བྱ་བ་ལ། བཙགས་བུ་འཕེལ་བཙུགས་ཞེས་བྱ་བའི་གཟུགས་ནི། སྤུ་གྲིའི་དབྱིབས་ལྟ་བུ་བྱ་སྟེ། དེ་ནི་གཅོད་པ་སྟེ་ཁ་གཉིས་སུ་བྱེད་པ་དང་འདྲ་བ་སྟེ། བཤགས
་པ་དཔེ་འབྱིན་པ་སྟེ་རྨན་བུ་དང་། ཐོར་བུ་ལ་སོགས་པ་མཐོར་པ་ལ་སྦྱར་རོ།། དྲི་ལས་བྱུང་རྩེ་མོ་དྲང་པོ་སྟེ་སོའི་གནས་དྲང་འདུག་པོ་ནི། སྐྲངས་ནཱ་འཐོར་པོར་འདུག་པ་དང་། རྔུབས་གཏུགས་ཤིང་ཟ་བ་ལ་སྦྱར་རོ།།
་རྩེ་མོ་དྲང་པོ་དེ་ལས་གཞན་པ་སྟེ། དེ་དང་མི་མཐུན་པ་ལྷག་པ་འམ། རྒྱབ་རིང་ཞིང་རྩེ་མོ་གུག་པ་སོ་འམ་ཁ་ཞེང་ཐུང་བ་དག་ནི། ནད་ཀྱི་ཚུལ་ཇི་ལྟ་བ་བཞིན་བྱ་ཞིང་། ལུས་ཀྱི་གནས་ཀྱི་དབང་ལས་མཚོན་ལ་སྐངསོ་པ་ཧ་ཅང
་མཐོ་བ་ཡང་མ་ཡིན་ལ། ཧ་ཅང་ཟབ་ཅིང་དམའ་བ་ཡང་མ་ཡིན་པ་མཉམ་པོར་གནས་པ་ལ་སྦྱར་བར་བྱའོ།། ཨུཏྤལ་དང་སོར་ཕྱེད་ཀྱིས།། དྲལ་དང་དེ་བཞིན་བཅད་པར་བྱ། ཞེས་བྱ་བ་ལ། ཨུཏྤ་ལའི་མེད་པ་མ་འདྲ་བ
་དང་། སོར་ཕྱེད་ལྷག་ཙམ་ཡོད་པའི་བཙགས་བུ་གཉིས་ནི། དྲལ་བ་སྟེ་བཤགས་པ་དང་། བཙོད་པ་དེ་དུམ་བུར་དབྱེ་བ་ལ་སྦྱར་བར་བྱའོ།། སྦྲུལ་ཁ་རྩེ་སོར་ཕྱེད་རྣམ། སྣ་ཡི་ཐོར་བུ་བཅད་ལ་སྦྱར།། ཞེས་བྱ་བ་ལ།
་བཙགས་བུ་སྦྲུལ་གྱི་ཁ་ཞེས་བྱ་བ་རྩེ་མོ་སྟེ་བཙགས་བུའི་འབྲས་བུའི་ཕྱོགས་ཚད་མར་ཕྱེད་ཡོད་པ་དེ་ནི་སྣ་དང་རྣོ་བ་ལ་ཐོར་བུ་འམ། འབྲུམ་ཆེན་བྱུང་བ་བཅད་པ་ལ་སྦྱར་བར་བྱའོ།། མཚོལ་འཛོམ་པོ
་རྟ་བླ་བའི།། མཐོ་བོ་འབྲས་གཞལ་བརྟག་པར་བྱ།། ཞེས་བྱ་བ་ལ། རྨའི་ལམ་ཀུན་ཚོལ་ཞིང་རྟོག་པར་བྱེད་པ་གང་ཡིན་པ་དེ་ལ་ནི་རྨ་ཚོལ་ཞེས་བྱ་བ་ལ། དེས་ནི་ཐག་རིང་པོར་སོང་བའི་རྨའི་ཕུག་དང་། སྦུབས
་ཚོལ་བའི་སྐབས་སུ་སྦྱར་བར་བྱའོ།། དེ་ཡང་འཇམ་ཞིང་རྩུབ་བག་མེད་པ་དང་། སྲིན་བུ་རྟ་བླ་བ་ཞེས་བྱ་བ་གནྡུ་པ་ཏའི་མགོ་བོ་འདྲ་བ་དག་གིས་གཞལ་ཞིང་བརྟག་པར་བྱའོ།། དེ་ལས་གཞན་པ་ཁབ་རྩེ་འདྲ།། རྩེ་བུག་ཅན་ནི་དབུག
་ལ་སར།། ཞེས་བྱ་བ་ལྀ། སྔ་མཾ་དེ་ལས་བཞན་པའི་རྨ་ཚོལ་གཉིས་པ་ཁབ་ཀྱི་རྩེ་མོ་འདྲ་ཞིང་། རྩེ་མོ་རྣོ་བ་བུཾ་ག་འམ་མིག་ཡོད་པ་དག་ནི་དབུག་ཅིང་བརྟོལ་བ་ལ་སྦྱར་བར་བྱའོ།། ལྡང་པའི་ལོ་འདྲ་འབིགས་ལ་སྦྱར།། ཞེས་བྱ
་བ་ལ་ལྡང་བའི་ལོ་མ་དང་དབྱིབས་འདྲ་བའི་བཙགས་བུ་ནི་འབིགས་པ་ལ་སྟེ། རྩ་འབུགས་པའི་ལས་བྱའོ།། ཤ་རིའི་མཆུ་འདྲ་མདའ་བུག་གི། ཁ་འདྲ་རྩེ་ག་སུམ་ཁྲག་གཟགས་ལ།། བཙགཱ་བུ་བྱ་ཤ་རི་ཀིའི་མཆུ་འདྲོ་བ
་དང་། མདའ་བུག་གི་ཁ་འདྲ་བ་དང་། རྩེ་གསུམ་པ་འམ། པིར་ཁ་བསྡུས་པ་འདྲ་བ་ནི་ཁྲག་གཟགས་ཅིང་འབྱིན་པས་གསོ་བར་བྱ་བའི་ནད་ལ་སྦྱར་རོ།། འཛག་རྩི་ཨ་ཐའི་མཆུ་འདྲ་བ། འབྲས་བུ་སོར་གཉིས་ཁྲུག་འབྱིན
་ལ།། ཞེས་བྱ་བ་ལ། བཙགས་བུ་འཇག་མའི་རྩེ་མོ་འདྲ་བ་དང་། ཨེ་ཐའི་མཆུ་འདྲ་བ་གཉིས་བྱ་ལ། དེས་ཁྲག་གཟགས་པའི་ནང་ལ་སྦྱར་ལོ། གཉིས་པ་དེ་དག་ལ་འབྲས་བུ་འམ། རྩེ་མོ་ནི་སོར་གཉིས་ཀྱི་ཚད་དུ་བྱའོ།།
་དེ་འདྲའི་སོ་ནི་ནང་དུ་ལྟ།། བཙགས་འདྲས་ཟླ་བ་ཁམ་པ་འདྲ།། སོར་ནི་ཕྱེད་དང་གཉིས་ཡོད་བྱ།། ཞེས་བྱ་བ་ལ། དེ་གཉིས་དང་དབྱིབས་འདྲ་བྱས་ན་དེ་འདྲ་སྟེ། ཁྱད་པར་ནི་སོ་ནང་དུ་བལྟ་བ་དག་ཏུ་ཁྲག་གཟུགས
་པ་སྔ་མ་ལ་བཞིན་དུ་སྦྱར་བར་བྱ་ལ། བཙགས་བུ་ཁཱ་ནང་དུ་བལྟས་པ་དེའི་བཙགས་འབྲས་ཏེ་ཁ་ནི་ཟླ་བ་ཁམ་པ་སྟེ། ཟླ་བ་ཕྱེད་པ་འདྲ་ཞིང་ཁ་ཞེང་སོར་ཕྱེད་དང་གཉིས་པར་བྱའོ།། རྩེ་མོ་འབྲེས་དང་འདྲ་བ་ལས།། སོར་ནི་ཕྱེད
་དང་གཉིས་ཡོད་དག། དེ་ནི་རྩཝ་ལྟའི་ནད་ལ་སྦྱར།། ཞེས་བྱ་བ་ལ། རྩེ་མོ་སྟེ་བཙགས་འབྲས་ཀྱི་ཕྱོགས་འབྲས་འདྲ་བ་དེ་བཞིན་དུ་ཚད་སོར་ཕྱེད་དང་གཉིས་ཡོད་པ་དེ་ནི་རྩཝ་དབུག་པ་དང་། ནད་ལ་སྦྱར་བར་བྱའོ།། སྟ་རེའི་དཔངས
་འདྲ་བ་མང་པོ།། འདྲ་བའི་བཙག་སྲས་པོར་ཕྱེད་པ།། དེ་ནི་ཡུཾ་བ་གྱེན་བསྟན་ལ།། རུས་པའི་སྟེང་གནས་རྩ་ལ་གདབ།། ཅེས་བྱ་བ་ལ། དཔངས་དང་སྲིད་སྟ་རི་ཡུ་བ་ཅན་འདྲེ་ཞིང་བཙགས་བུའི་རྩེ་མོ་འམ། ཁ་སོར་ཕྱེད་ཡོད་པའི
་བཙོག་པུ་དེས་རུས་པའི་སྟེང་ན་གནས་པོའི་རྩ་ལ་གདབ་ཅིང་དབུག་པར་བྱའོ།། ཅི་ལྟ་ཞེ་ན། འདེབས་པའི་ཚེ་ཡུ་བ་གྱེན་དུ་བསྟན་ལ་རྩ་དབུག་པར་བྱའོ།། ཟངས་མའི་ཐུར་མ་རྩེ་གཉིས་པ།། རྩེ་མོ་མེ་ཏོག་ཁ་འབུས་འདྲ།། དེ་ཡིས
་མཐོང་ཉམས་མིག་སྤྲི་དབུག། ཅེས་བྱ་བ་ལ། མཐོང་བ་ཉམས་པའི་མིག་ནད་སྤྲིས་ཡོད་པ་དེ་དབུག་ཅིང་བསལ་བར་བྱ་བའི་ཕྱིར། ཟངས་ལས་བྱས་པའི་ཐུར་མ་རྩེ་མོ་གཉིས་པ་སྟེ། ཡ་ཏོག་མ་ཏོག་གཉིས་ཀ་ལ་རྩེ་མོ་ཡོད་པ། རྩེ་མོ
་མེ་ཏོག་ཁ་འབུས་པ་འདྲ་བར་བྱ་སྟེ། དེས་མཐོང་བ་ཉམས་ཤིང་སྒྲིབ་པར་བྱེད་པའི་མིག་སྤྲི་དབུག་པར་བྱའོ།། རྒྱ་འདྲའི་བཙགས་བུ་བྱ་བ་ནི།། སོར་གདུབ་འདྲུ་བ་ཁར་བྱུང་བ།། བཙགས་འབྲས་རྒྱར་ནི་སོར་ཕྱེད
་པའི། རིགས་པས་འཕེལ་བཙགས་ལྟ་བུ་འམ།། དཀྱིལ་འཁོར་ལྟ་བུའི་རྩེ་འདྲར་བྱ།། དེ་ནི་མཛུབ་མོའི་ཐོར་ཏོ་ལ།། གདགས་སུ་རུང་བའི་རྒྱ་འདྲ་བྱ།། སྲེད་བུས་བསྟོད་ལ་གྲེ་བའི་ནང་། ནད་རྣམས་བཅད་དང་དྲལ་ལ་སྦྱར།། ཞེས་བྱ་བྱ
་ལ། རྒྱ་འདྲ་བའི་བཙགས་བུ་བྱ་བ་ནི་མཚན་ཉིད་འདི་ལྟར་བྱ་སྟེ། སོར་གདུབ་འདྲ་བར་བྱས་པ་ཉིད་ལས་ཁ་བསྟོད་པ་འམ། བྱུང་བ་འམ། དེ་བཞིན་དུ་བཙགས་འབྲས་དེའི་ཁ་ཕྱོགས་སུ་རྒྱ་སོར་ཕྱེད་ཡོད་པ། རིགས་པས་ཞེས་པ་མཚན
་གྱི་ལས་གང་བྱ་བ་དང་འཚམ་པར་བྱས་པ་དང་། དབྱིབས་འཕེལ་བཙགས་ལྟ་བུའམ་དཀྱིལ་འཁོར་ལྟ་བུའི་བཙགས་བུ་དང་། རྩེ་མོ་འདྲ་བ་བྱས་ལེ། དེ་ཡང་མཛུབ་མོའི་ཐོར་ཏོ་སྟེ།། ཚིགས་དང་པོ་ལ་གདགས་སུ་རུང་བའི་རན་པའི
་སོར་གདུབ་ལྟ་བུའི་རྣམ་པ་དེ་ལྟ་བུར་བྱའོ།། དེ་ཡང་སྐུད་པ་དམར་པོས་བཏགས་ཏེ། མཁྲིག་མའི་གནས་སུ་གདགས་པར་བྱ་བ་ལ། དེ་ནས་དེའི་འོག་ཏུ་གྲེ་བའི་ནང་དུ་བཞུག་ཅིང་། དེའི་ནང་གི་ནད་རྣམས་བཅད་པ་དང་དྲལ་བར
་བྱའོ།། དགྲྀ་བའི་ཤ་ལྷག་ཐོར་སོགས་འཛིན།། ལྕགས་ཀྱུ་རྩེ་མོ་ལེགས་དགུག་བྱ།། ཞེས་བྱ་བ་ལ། གྲེ་བའི་ནག་གི་ཤ་ལྷག་དང་ཐོར་བུ་དང་འབྲས་ལ་སོགས་པ་སླང་ཞིང་གཟུང་བའི་ཕྱིར། ལྕགས་ཀྱི་རྩེ་མོ་ལྕགས་ཀྱུ་ལྟ་བུ་ལ་བྱ
་ཞིང་རྣམ་ཤིན་ཏུ་གུག་པར་བྱའོ།། རུས་པ་གཅོད་པའི་སོག་ལེ་ནི།། སྲིད་དུ་སོར་བཅུ་ཞེང་སོར་གཉིས།། སོ་རྣམས་ཕྲ་ཞིང་རབ་ཏུ་རྣོ།། ཡུ་བ་ཆང་ཟུངས་ལེགས་པར་བྱ།། ཞེས་བྱ་བ་ལ། རུས་པ་བཅད་པའི་མཚོན་ནི།། སོག་ལེ་ཞེས་བྱ་བས་བྱཱ
་ལ། དེའི་ཚད་ནི་སྲིད་ཀྱི་དཔངས་སུ་སོར་གཉིས་ཡོད་པ་བྱས་ལ། དེ་ཡང་སོ་རྣམས་རབ་ཏུ་ཕྲ་ཞིང་རྣོ་ལ་རྩུབ་པར་བྱ་བ་དང་། ཡུ་བའི་ཆང་ཟུངས་ལེགས་ཤིང་མཛེས་པར་བྱའོ།། རྨ་ཡི་ཆུ་རྒྱུས་སྐུ་བཅད་པའི།། ཆན་པ་ཆན་པ་འདྲ་བར་བྱ།།
་ཞེས་བྱ་བ་ལ། བཙགས་དཔྱད་ཀྱི་རྣམ་པ་ཆན་པ་ཞེས་བྱ་བ་ནི། རྨའི་ཆུ་རྒྱུས་དང་སྐྲ་བཅད་པའི་དོན་དུ་བྱ་ལ།། དེ་ཡང་ཆན་པ་འདྲ་བ་སྟེ། ཆ་གསུམ་འོག་ཏུ་དགུག་པར་བྱ་ལ། ལྷག་མ་ཆེ་བཞི་པ་སོར་བྱའོ།། སོ་ཡོ་སོ་དྲང་ཁ་གཉིས
་པའི། སེན་མོ་འདྲེག་དཔྱད་སྣོར་དགུ་པ།། ཟུག་རྔུ་ཕྲ་བྱུང་བཅད་པ་དང་།། དྲལ་དང་དབུག་དང་ཕྱི་བར་བྱ།། ཞེས་བྱ་བ་ལ། བཙུགས་དཔྱད་ཁ་གསོགས་སུ་ཡོད་པ་དང་ཁ་འདྲ་བ་སྟེ། ཁ་གཉིས་ཡོད་པར་བྱ་ལ། དེ་ནི་སེན་མོ་འདྲེག
་པའི་བཙགས་དཔྱད་ཅེ་སཽ་བྱ་སྟེ། དེའི་སྲིད་ནི་སྐོར་དགུ་པར་བྱའོ།། དེས་ཀྱང་ཟུག་རྔུ་ཕྲ་མི་ཟུག་པ་དབྱུང་བ་དང་། སེན་མོ་ལ་སོགས་པ་བཅད་པ་དང་དྲལ་བ་དང་། དབུག་པ་དང་། ཕྱི་བར་སྦྱར་བར་བྱའོ།། ཟུར་བཞི་པ་ལ་སོ་གཅིག་པ།
་དབྱིབས་ནི་ཀུན་ཏུ་གཅིག་འདྲ་བ།། སོ་ཕྱེ་བ་ཡི་བཙི་གས་དཔྱད་དེས།། སོ་ཡི་དྲེགས་པ་ཕྱི་བར་བྱ།། ཞེས་བྱ་བ་ལ། ཕྱི་བ་ཞེས་བྱ་བའི་བཙགས་དཔྱད་ཟུར་བཞི་པ། སོ་གཅིག་པར་བྱས་པ་ལ་དབྱིབས་ཀྱི་རྣམ་པ་ཀུན་ཏུ་འབྲེལས
་ཞིང་གཅིག་འདྲ་བར་བྱ་ལ། དེ་ཡང་ཕྱོགས་གཅིག་ནས་ལག་པས་བཟུང་དུ་རུང་བར་བྱས་ལ། དེ་ལྟ་བུའི་སོ་ཕྱི་བའི་བཙགས་དཔྱང་ངེས་སོའི་དྲེག་པ་དང་། སོ་ལ་སྐྱོན་བྱུང་བ་ཕྱི་ཞིང་བསལ་བར་བྱའོ།། 2
་ནི་མགོ་ཟླུམ་མིག་ཟབས་ཆེ།། མཁྲང་བ་གསུམ་བྱ་ཞེས་བྱ་བ་ལ། ཁབ་གསུམ་པོ་མགོ་ཟླུམ་ཞིང་འཇམ་པ་དང་། སྐུད་པ་འཇུག་པའི་ཕྱོགས་ཀྱི་མིག་གི་ཟབས་ཆེ་བ་དང་། མཁྲང་ཞིང་སྲབ་པ་བྱའོ།། དེ་ལས་ནི། ཟུར་གསུམ་སྲིད་དུ་སོར་གསུ
་པས་ཞེས་བྱ་བ་ལ། རྨ་བཙེམ་པ་ལ་གསུམ་པ་དཱི་དག་གི་ནང་ནུས་ཤས་ཆེ་བའི་ཕྱོགས་ཀྱི་རྨ་བཙེམ་པ་ལ་ནི་ཟུར་གསུམ་ཡོད། སྲིད་སོར་གསུམ་པས་བྱའོ།། ཤ་ཆུང་དང་ནི་རུས་ཚིགས་ན།། རྨ་ཡོད་པ་ལ་སྲིད་སོར་གཉིས།། ཞེས་བྱ
་བཱ་ལ། རྨ་ཤ་ཆུང་བའི་ཕྱོགས་དང་རུས་པ་དང་། ཚིགས་ལ་རྨ་ཡོད་པ་བཙེམ་པ་ལྔ་ནི་ཁབ་སྲིད་དུ་སོར་གཉིས་པ་བྱའོ།། འུ་དང་མ་ཞུའི་གནས་ནང་ཚྭའོ།། ཁབ་རྩཝ་འབྲས་དབྱིབས་གཞུ་ལྟར་དགུ། སྲིད་དུ་སོར་ནི་ཕྱེད་དང་གསུམ།
་ཞེས་བྱ་བ་ལ། ཁབ་གསུམ་པ་ནི་ཁབ་རྩེ་འབྲས་འདྲ་ཞིང་གཞུ་ལྟར་དག་པོ་ལ་སྲིད་དུ་སོར་ཕྱེད་དང་གསུམ་ཡོད་པར་བྱ་སྟེ། དེས་ནི་ཞུ་བའི་གནས་དང་། མ་ཞུ་བའི་གནས་ན་རྨི་ཡོད་པ་དང་། གནད་དེ་རྣམས་ན་རྨ་ཡོད་པ་ལ་བཅོམ
་པར་བྱའོ།། ཞེས་སྦྱར་བར་བྱའོ།། ཁབ་ནི་བདུན་ནམ་བརྒྱད་ཀུན་ཀྱང་།། ཟླུམ་པོ་སོར་རིན་ལེགས་སྦམས་ལ།། ཁྲི་གཅིག་ལ་བཙུགས་པར་འདྲ་བ།། བཙན་སྔོན་གདང་ནད་ཐིག་ལེ་ནག། སྒྲ་འབྱི་བ་ལ་བཅག་པར་བྱ།། ཞེས་བྱ་བ་ལ།
་ཁབ་བདུན་ནམ་བརྒྱད་ཀུན་ཀྱང་ཟླུམ་པར་བྱས་ལ། ཚད་སོར་བཞི་པ་དེ་ལེགས་པར་སྦམས་ཤིང་བསྡུས་ལ་ཁྲིའུ་འམ། གཞི་གཅིག་ལ་བཙུགས་ཏེ། པིར་འདྲ་བར་བྱ་ཞིང་ལེགས་པར་བཅིང་བར་བྱ་སྟེ། བཙག་དཔྱད་འདི་ནི་ཁབ་ཀྱི
་པིར་ཞེས་བྱ་སྟེ། དེ་ནི་བཙན་སྔོན་པོ་བྱུང་བ་དང་། གདོང་གི་ནད་ཐིག་ལེ་ནག་པོ་ཆགས་པ་དང་། སྐྲ་འབྱི་བའི་ནད་ལ་བཙག་པར་བྱའོ།། ཁ་བརྒྱད་ཟླུམ་པོ་སོར་ཕྱེད་པ།། གཅིག་ཏུ་སྦམས་ལ་གཟར་བུ་འདྲས།། ལག་པོ་གཉིས་ཀྱིས
་བཙུབས་ནས་ནི། དེ་ཡིས་སྣ་ཡི་ཁྲག་དབྱུང་ངོ་།། ཞེས་བྱ་བ་ལ། ཚལ་པ་ཕྲེའུ་ཕྱོགས་བརྒྱད་དུ་གནས་པ་དང་ལྡན་པའི་ཟླུམ་ཟླུམ་པོ་ཚད་སོར་ཕྱེད་པ་གཅིག་ཏུ་སྦམས་པ་གཟར་བུ་འདྲ་བར་བྱས་ལ། གཟར་བུ་དེས་ལག་པ
་གཉིས་ཀྱིས་བཙུབས་པར་གྱུར་པ་ལས། སྣའི་ཁྲག་དབྱུང་ཞིང་གདོན་པར་བྱའོ།། རྣ་ཤལ་དབུག་པའི་བསྙུང་བུ་ནི།། ཡུ་ཐི་ཀེ་ནི་ཁ་འབུས་འདྲ།། ཞེས་བྱ་བ་ལ། རྩཝ་ཤལ་དབུག་ཅིང་འབུགས་པའི་ཆ་དཔྱད་བསྙུང་བུ་ནི། མེ་ཏོག
་ཡུ་ཏི་ཀ་ཁ་འབུས་པ་འདྲ་བར་བྱས་པའོ།། བསྙུང་བུ་སོར་ནི་ཕྱེད་པར་བྱ།། དོ་ཡི་ཚད་དབུག་དེ་ཡན་ཆད།། ཟུར་བཞི་པར་བྱས་དེ་ཡིས་ནི།། སྐུངས་སྨིན་མ་སྨིན་དོགས་ལ་དབུག། རྣ་དྲུང་ཤ་ནི་སྟུག་པོ་དབུག། ཙས་བྱ།
་བ་ལ། བསྙུང་བུ་ཞེས་བྱ་བ་ནི། བཙགས་དཔྱད་ཁ་ཟླུམ་པོ་སོར་ཕྱེད་ཡོད་པ། དེའི་ཚད་དུ་དབུག་ཅིང་གཞུག་པར་བྱ་ལ། ཟླུམ་པོ་སོར་ཕྱེད་པ་དེ་ཡན་ཆད་ནི་འབྱིབས་ཟུར་བཞི་པར་བྱའི། ཟླུམ་པོར་ནི་མི་བྱའོ་དེ་ལྟ་བུའོ
་\ུ0f7f། བཙགས་དཔྱད་དེས་ནི། སྐྲངས་པ་འདི་སྨིན་པ་ཡིན་ནམ། མ་སྨིན་པ་ཡིན་ཞེས་ངོགས་ཤིང་སོམ་ཉིར་གྱུར་པ་ལ་དབུག་པར་བྱའོ།། གཞན་ཡང་དེས་ནི། རྣ་དྲུང་གི་རྣོ་ཤལ་སྟུག་པོ་ཡོད་པ་དག་དབུག་པར
་བྱའོ།། སུམ་ཆ་སྦུ་གུ་ཡོད་བྱས་ལ།། སོར་གསུམ་པ་ཡིས་རྣ་བ་དབུག། ཅེས་བྱ་བ་ལ། ཡང་རྣ་ཤལ་མཐུག་པོ་ཡོད་པ་ལ། བསྐུང་བུ་འམ་ཁབ་སྦོམ་པོས་དབུག་པ་བསྔགས་པ་ཡིན་ལ། དེ་ཡེ་སུམ་ཆའི་ཚད་ཙམ་དུ་བུ་ག
་ཡོད་པར་བྱས་པ། སྲིད་སོར་གསུམ་པ་ཁོང་སྟོང་གིས་དབུག་པར་བྱའོ།། པདྨ་ཐལ་སྨན་མེ་བཙའ་དང་།། མཆིང་བུ་རྡོ་དུམ་སེན་མོ་སོགས།། ལྕགས་མིན་གཏུར་དཔྱད་ཕྲ་མོ་སྟེ།། དེ་ཡང་དེ་བཞིན་སྦྱར་བར་བྱ།། ཆ་དཔྱད་འཁྲུལ
་འཁོར་སོགས་པས་ཀྱང་།། མཁོ་བ་ནད་ཀྱི་དམིགས་དང་སྦྱར།། ཞེས་བྱ་བ་ལ། པདྨ་དང་ཐལ་སྨན་ལ་སོགས་པ་ནི། མཁོ་བའི་ཆ་དཔྱད་ཡིན་ལ། སོགས་པ་སྨོས་པོ་ནི་ཀུརྦིནྡ་དང་། ཤིང་གི་ཡལ་གཽ་དང་། ཕྱུགས་ཀྱི་རྨིག་པ་དང་།
་ལོལོ་འདབ་རྔུབ་མོ་དང་། རྒྱ་མཚོའི་ལྦུ་བ་དང་། ལྕི་བ་སྐམ་པོ་ལ་སོགས་པ་བསྡུའོ།། དེ་དག་ནི་ལྕགས་མ་ཡིན་པའི་གཏར་དཔྱད་ཕྲ་མོ་སྟེ། དེ་ཡང་བློས་སྔ་མ་བཞིན་དུ་འོག་ནས་བཤད་པའི་ཚུལ་གྱིས་སྦྱར་བར་བྱའོ།། ཡང་འདི
་བཞིན་དུ་ཚེ་དཔྱད་གཞན་དག་འཁྲུལ་འཁོར་ལ་སོགས་པས་ཀྱང་ཉེ་བར་སྦྱར་བར་བྱའོ།། དེ་བཞིན་དུ་མཁོ་པའི་ཆ་དཔྱད་གཞན་དག་ཀྱང་ནད་ཀྱི་དམིགས་དང་དཔགས་ཏེ་སྦྱར་བར་བྱའོ།། འདྲིན་དང་འབྱིན་དང་དྲལ་དང་འདྲུ་བ།། དམིགས
་ཚོལ་ཕྱི་བསལ་ཞལ་ཞལ་གདབ།། བཙགས་དཔྱད་གཤེག་དབུག་གཙུག་པ་དང་།། གཟུང་སྲེག་དེ་ཡི་བྱ་བ་ཡིན།། ཞེས་བྱ་བ་ལ། འདྲེན་པ་དྲང་བ་འབྱིན་པ་ཞེས་བྱ་བ་ནས། སྲེག་པའི་བར་བྱ་བ་རེ་རེ་ཞིང་སྨོས་པ་ནི། བཙགས
་དཔྱད་དེས་བྱ་བའི་ལས་ཡིན་ནོ།། བཅད་དང་དྲལ་དང་ཕྱི་བའི་ཕྱིར།། དཔྱད་ཀྱི་བཙགས་འབྲས་རྩ་བའི་བར།། མཛུམ་མོ་གུང་མོ་མཐེ་བོ་ཡིས།། མཽ་ཡེངས་པ་དོང་ལེགས་པར་གཟུང་།། ཞེས་བྱ་བ་ལ། བཙགས་དཔྱད་བཅད
་པའི་དོན་དཔེ། དྲལ་བའི་དོན་དང་། ཕྱི་བའི་དོན་གྱི་བྱ་བ་བྱེད་པའི་ཕྱིར་རོ།། དེ་ཡིས་ལས་བྱེད་པ་ན་བཙགས་དཔྱད་དེ་རྣམས་ཀྱི་བཙགས་འབྲས་དང་། རྩ་བའི་བར་ནས་ལས་དེ་དག་བྱ་བའི་ཕྱིར་གཟུང་བར་བྱས་ལ། དེར
་མཛུབ་མོ་དང་གུང་མོ་དང་། མཐེ་བོ་སྟེ། སོར་མོ་གསུམ་གྱིས་བཟུང་བར་བྱའི།། ལོག་པ་ཐམས་ཅད་ཀྱིས་ནི་མི་བཟུང་ངོ་།། འཛིན་པ་ན་ཡང་བློ་གཞན་དུ་མ་ཡེངས་པ་དང་། ནོར་པོ་མེད་པར་ལེགས་པར་བཟུང
་བར་བྱའོ།། གཏར་ག་གཏབ་ཕྱིར་རྩེ་མོའི་དྲུང་།། མཛུབ་མོ་དང་ནི་མཐེ་བྱོས་བཟུང་།། ཞེས་བྱ་བ་ལ། གཏར་ག་གདབ་ཅིང་ཁྲག་གཟུགས་པའི་དོན་དུ་ནི། བཙགས་བུའི་རྩེ་མོ་དྲུང་མཚམ་ནས་མཛུབ་མོ་དང་མཐེ་བོས
་བཟུང་བར་བྱའོ།། འབྲས་འདྲོ་བ་ཡི་ཡུ་བ་ནི།། ཆང་པོར་བཅུག་སྟེ་རྩེ་མོ་གང་གི། ཅེས་བྱ་བོ་ལ། བཙགས་བུ་འབྲས་ཀྱི་དབྱིབས་འདྲ་བའི་ཡུ་བ་ཟླུམ་པོ་ཆེང་བར་བཅུག་སྟེ། རྩེ་མོ་སྟེ་ཁའི་ཕྱོགས་ནས་བཟུང་སྟེ་གདབ
་པར་བྱའོ།། དབྱུང་དོན་ཡུ་བ་ནས་བཟུང་བྱ།། ཞེས་བྱ་བ་ལ། ཟུག་རྔུ་ལ་སོགས་པ་འབྱིན་པའི་དོན་གྱི་ཆ་དཔྱད་ནི་ཡུ་བ་སྟེ། རྩ་བའི་ཕྱོགས་ནུས་བཟུང་ཞིང་གདོན་པར་བྱའོ།། ཆ་དཔད་སྔར་སྨོས་པ
་རྣམས་ཀྱང་དེ་བཞིན་དུ་ཤེས་པར་བྱའོ།། གཞན་དག་བྱ་བ་གང་བདེར་བྱ།། ཞེས་བྱ་བ་ལ། བཙགས་དཔྱོད་གཞན་དག་ནི། བྱ་བ་ལ་ཇི་ལྟར་བདེ་བ་བཞིན་དུ་ཅི་རིགས་པར་བྱའོ།། གཏར་དཔྱོད་སྣ་ཚོགས་དག་གི་སྣོད།།
་གསོ་རས་བལ་སྨན་མེནྟི་འམ། པགས་འཇམ་དུ་གུ་ཁ་ལོས་བྱས། རབ་ཏུ་སྟོག་པ་ཞེང་སོ་དགུ།། སྲིད་དུ་སོར་ནི་བཅུ་གཉིས་པ།། བལ་གྱིས་བར་བཅད་དཔྱད་བཅུག་ལ།། ལེགས་པར་བཞག་སྟེ་དྲུབས་པ་དང་། ཐུར་མེས་ཁ
་ནི་བསྒྱུར་བར་བྱ། ཞེས་བྱེ་བ་ལ། གྲོང་དུ་སྨོས་པའི་གཏར་དཔྱད་སྣ་ཚོགས་དག་གི་སྣོད་གསོ་རས་སམ་བལ་གོས་སམ། མེནྟི་ལ་ས་སོགས་པ་ལས་བྱས་པ་འམ། པགས་པ་འཇམ་པོ་འམ། དུ་གུ་ལ་ལས་བྱས་པ། རབ་ཏུ
་སྟུསྡུག་པ་འཁྲིགས་པ་དང་། ཞེང་སོར་དེ་གུ་སྟེ། ངོས་གཅིག་ནས་གཅིག་ཏུ་སོར་དགུ་པ་ཡོད་པ། སྲིད་དུ་སོར་བཅུ་གཉིས་པ། དེ་བཞིན་དུ་བལ་གྱིས་བཙགས་དཔྱད་ཀྱི་བར་བར་དུ་བཅད་ཅིང་། བཅུག་ལ་མོ་འདྲེས་པར
་ལེགས་པར་བཞག་སྟེ། དྲུབས་པ་དང་། དེ་བཞིན་དུ་སྣོད་ཀྱི་ཁའི་བུ་ག་ཐུར་མེས་ལེགས་པར་བསྒྱུར་བར་བྱ་ཞིང་ཁ་བཅད་པ་དང་། བཅས་པ་དེ་ནི་བསགོ་ཅིང་བསྡུ་བར་བྱའོ།། སྲིན་བུ་པདྨ་བདེར་གནས་པ།།
་ཁྲག་དབྱུང་ཕྱིར་ནི་སྦྱར་བར་བྱ།། ཞེས་བྱ་བ་ལ། སྲིན་བུ་པདྨ་ཞེས་བྱ་བ་ཆུ་ན་གནས་པའི་འབུའི་རིགས་མཛའ་ལྱ་ཁ་ནི། སྐྱེས་བུ་བདེ་བར་གནས་པ་དག་ཁྲག་དབྱུང་བའི་ཕྱིར་སྦྱར་བར་བྱའོ།། ཆུ་ནཱ་ཉ་དང་སྦལ་སོ་ཌ
་དང་། མི་རོའི་དྲི་མ་རྣམས་ལས་བྱུང་།། དམར་དང་དཀར་དང་ཤྲཱིནྟི་གནག། མོ་སྲུན་སྦོམ་དང་འབྱིལ་བ་དང་།། འཇའ་ཚོན་དང་འདྲ་རོ་སྟེད་བཀྲ།། སྤུ་ཡོད་དེ་རྣམས་དུག་ཙ་ནུ་ཡིན།། སྤང་བྱི་དེས་ནི་ཁྲག་གཞིབས་ན།། གཡའ
་རྣག་འཛག་རིམས་མགོ་འཁོར་བསྐྱེད།། དེ་ལ་དུག་ཁྲག་མཁྲིས་གསོ་བྱ།། ཞོ་ས་བྱ་བ་ལ། སྲིན་བུ་པདྨ་ཆུ་དན་པ་ལས་བྱུང་བ་དང་ཉ་དང་སྦལ་བེ་ལ་སོགས་པ་དང་། མི་རོ་དང་དྲི་མ་རྣམས་ལས་བྱུང་བ་དང་། ཁ་དོག་དམར
་བ་དང་། དཀར་བ་དང་། ཤིན་ཏུ་གནོག་པ་དྲང་མི་སྲུན་ཞིང་རིང་བཞིན་གཡོ་བ་དང་། སྦོམ་ཞིང་ལུས་ཆེ་བ་དང་། བསིལ་བ་དང་། འཇའ་ཚོན་དང་འདྲ་བར་ཁ་དོག་སྣ་ཚོགས་ཡོད་པ་དང་། རོ་སྟོང་བཀྲ་ཞིང་ར་རིར་འདུག
་པ་དང་། སྤུ་ཡོད་པ་དེ་ཐམས་ཅད་དུག་ཅན་ཡིན་པས་སྤང་བར་བྱ་བའོ།། གཏར་ག་གདབ་པའི་དོན་དུ་མི་སྦྱར་རོ།། ཅིའི་ཕྱིར་ཞེ་ན། དེས་ཁྲག་གཞི་བས་ནས་གཡའ་བ་ལ་སོགས་པ་འབྱུང་བར་འགྱུར་ལ། གཡའ་བ
་སོགས་པ་སྐྱེས་པ་དེ་ལ་ནི། དུས་དང་ཁྲག་དང་མཁྲིས་པའི་གསོ་བ་བྱའོ།། ཆུ་མདོག་རྣམ་པར་གསལ་བ་དོང་།། དུག་མེད་ཉ་ལྕིབས་མེད་ལས་བྱུང་།། རྩ་སྣར་རོ་སྟོང་སྔོ་བཀྲ་ཟླུམ།། རྒྱབ་ནི་ངུར་སྨྲིག་འདྲེ་ལུས་ཕྲ།། ལྷོ་ནི་ཅུང
་ཟད་སེར་བ་བཟང་། ཞེས་བྱ་བ་ལ། ཆུའི་མདོག་རྣམ་པར་གསལ་ཞིང་དང་བ་ལས་བྱུང་བ་དང་། དྲུག་མེད་ཅིང་ཉ་ལྕིབས་མེད་པ་ལ་ས་བྱུང་བ་དང་། མདོག་ཅུང་ཟད་རྩ་སྔར་སྔོ་བག་ཏུ་འདུག་པ་དང་། ར་སྟོང་རྫོབ་ཀྲུང་དུག
་པ་དང་དབྱིབ་ཟླ་བ་དང་། རྒྱབ་བྱུང་སྨྲིག་སྟར་སེར་བ་དང་། ལུས་ཕྲ་ཞིང་སྲབ་པ་དང་། ལྟོ་ཅུང་ཟད་སེར་པོར་གནས་པ་ག་ཡིན་པ་དེ་ཐམས་ཅད་བཟང་སྟེ། དུག་མེད་པ་ཡིན་ནོ།། དེ་ཡང་ལེགས་པར་མ་སྐྱུགས་དང་།། རྟག་ཏུ་འཐུང་དུ་བཅུག་པ་དག
་ཆུ་ནང་ཞུགས་ཏེ་ནུབ་པ་ནི།། ཁྲག་གི་མྱོས་པ་ཡིན་པས་སྤང་། ཞེས་བྱ་བ་ལ། དུག་མེད་པའི་སྲིན་བུ་དེ་དག་ནི་ནང་ཁྲག་འཐུངས་ནས་ལེགས་པར་སྐྱུགས་པ་དང་། རྟག་པར་རྒྱུན་དུ་འཐུང་དུ་བཅུག་པ་དག། ཆུའི་ནང་དུ་ཕྱིན་ཏེ་ནུབ་པ་ནི
་ཁྲུཁྲག་གིས་སྨྱོས་པ་ཞེས་པ་བ་ཡིན་པས་དེ་ཡང་སྤང་བར་བྱའོ།། དེ་ནས་ཅིག་ཤོས་སྐྱེར་པ་བཏགས།། ཆུ་སྦྱར་བ་ཡི་ནང་དུ་གཞུག། ཀཉྫི་ར་འོ་མ་ངར་བའི་ནང་དུ་གཞུག། སླར་ཡང་ཚུར་ནི་དབུགས་ཕྱུང་ནས།། མར་རམ་ས་ཞག
་ནུཞོའམ།། ཁྲག་གི་ཐིགས་པས་བསྐུས་འཐུང་གཞུག། ཅེས་བྱ་བ་ལ། དེ་ནས་སྲིན་བུ་དུག་མེད་པ་སྤྱིར་བ་བཏགས་པའི་ཕྱི་མ་དང་། ནུར་སྦྱར་བའི་ནང་དུ་བཅུག་པ་འམ། རྩམ་མི་རང་སྒྱུར་རམ། ངར་བའི་ནང་དུ་བཅུག
་དེ་ནས་སླར་ཡང་ཆུར་བཅུག་པས་དབུགས་ཕྱུང་ལོ་འབྲུའི་དུ་གཞུག་སྟེ། དེ་ཡང་མར་མེ་མས་པ་འིཀྲུས་པས་འཐུང་དུ་གཞུག་སྟེ། དེ་གན་ཛ་ཡང་རུབབ་མི་བསྐུས་ནས་ཁྲུང་དུ་གཞུས་འཐུང་མར་སྟོང་མཐོར་ཚུར་མ
་མ་སྲབ་མོས་གཡོགས་པར་བྱ་ཞེས་བྱ་བ་ལ། སྲིན་བུ་དེ་རོ་སྟོད་བཏེག་སྟེ་འཐུང་ན། གོས་སྲབ་མོས་གཡོགས་པར་བྱའོ།། ཁྲག་ནི་བཟང་ངན་འདྲེས་པ་ལས།། པདྨ་དང་པོར་ནུང་ཁྲག་ནི།། འཐུང་སྟེ་ངང་པ་འོ་མ་དང་།། འདྲེས་ཆུའི་འོ
་མ་ལེན་དང་མཚུངས།། ཞེས་བྱ་བ་ལོ། སྲིན་བུ་པདྨ་དེས་ནི་ཁྲུག་བཟང་པོ་དང་། ངན་པ་འདྲིས་པ་ལས་ནང་ཁྲག་འཇིབས་ཏེ། དེ་དཔེར་ན་ཆུ་དང་འོ་མ་འདྲེས་པ་ལས་དང་པས་ནི་འོ་མ་ལེན་པ་དང་འདྲའོ།། སོ་ཡིས་འདེབས་པའི་མ
་གཡའ་གྱུར་ན།། དེ་ནི་སླར་དབྱུང་སྐྱུག་ཏུ་གཞུག། རྒྱ་མ་ཚ་ཏིལ་མར་གྱིས་ཁ་བསྐུ།། ཕྱེ་མ་འཇམ་པོས་རྒྱབ་ཏུ་གཏོར།། ཞེས་བྱ་བ་ལ། སྲིན་བུ་པདྨས་འཇིབ་པ་ན།། སོ་འདེབས་པའམ། གཡའ་བར་གྱུར་ན། ནད་མེད་པའི་ཁྲག་བསྲུང
་བའི་འབུ་གདོན་པར་བྱའོ།། བཏོན་ནས་ཀྱང་ཁྲག་སྐྱུག་ཏུ་གཞུག་གོ།། དེ་བཞིན་དུ་རྒྱུ་མ་ཚ་དང་། ཏིལ་མར་སྦྱར་བས་ཁ་བསྐུ་བར་བྱའོ།། དེ་བཞིན་དུ་ཕྱེ་མ་འཇམ་པོས་ཀྱང་གཏོར་བར་བྱ་ཞིང་། མཇུག་མ་ནས་ཡར་བཙིར་ཏེ་སྨོན
་དུ་གཞུག་པར་བྱའོ།། སློར་ཡང་ཞག་བདུན་པར་དུ་ནི་ཁྲག་མྱོས་བསྲུང་ལ་འཐུང་མི་གཞུག། ཅེས་བྱ་བ་ལ། དེ་ལྟར་སྔར་བྱས་ནུས་ཞག་བདུན་གྱི་བོར་དུ་འཇིབ་ཏུ་མི་གཞུག་གོ།། སྲིན་བུ་པདྨ་ལེགས་སྐྱུགས་ན།། སྔོན་བཞིན
་ཁང་ཁྲིམས་བརྟན་པར་འགྱུར།། དྲགས་ན་དེལ་ཞིང་སྙོམ་འཆི་འགྱུར།། སྐྱུགས་མ་ལེགས་ན་རེངས་མྱོས་འགྱུར།། ཞེས་བྱ་བ་ལ། སྲིན་བུ་པདྨ་སྐྱུགས་ལེགས་ན་ཁྲག་མ་འཐུངས་པའི་སྔོན་བཞིན་དུ་ཁོང་གྲིམས་ཤིང་བརྟན་པར
་འགྱུར་རོ།། དེ་སྐྱུགས་དྲགས་ན་ལུས་སྙོམ་པ་འམ་འཆི་བར་འགྱུར་རོ།། སྐྱུགས་མ་ལེགས་ན་ནི་རེངས་ཤིང་མྱོས་པར་འགྱུར་རོ།། བུམ་པ་ཆུ་དང་ས་བླུགས་པ།། གཞན་དང་གཞན་དུ་བཞག་པར་བྱ།། ཁ་ཆུ་རུལ་བག
་སྦྱང་ཕྱིར་བྱ།། གཞན་དུལ་དང་བཅས་པར་འགྱུར།། ཞེས་བྱ་བ་ལ། པདྨ་དེ་ནི་བུམ་པ་དང་།། ཆུ་དང་ས་གཙང་མ་བླུག་པ།། དེ་ལྟ་བུའི་མི་མཐུན་པ་གཞན་དང་གཞན་དག་ཏུ་བཞག་པར་བྱ་སྟེ། དེ་ཁ་ཆུ་དང་རུལ་བིག་སྤང་བའི་ཕྱིར
་ཡིན་ནོ།། དེ་ལྟར་མ་བྱས་ན་ནི་རྒྱུ་དེས་དུག་ཅན་དུ་འགྱུར་རོ།། མ་དག་གཡའ་འམ་ཁྲག་མ་བྱུང་།། སྐྱེར་བ་བུ་རམེ་སྦྲང་རྩིས་བསྐུ།། ཞེས་བྱ་བ་ལ། ཁྲག་མ་དག་པར་གྱུར་ན་སྲིན་བུ་དེ་བསྐྱོད་ལ། སྐྱེར་པ་ལ་སོགས་པས་བསྐུ
་བར་བྱའོ།། ལན་བརྒྱར་དཀྲུགས་མར་རས་བལ་གྱི།། ཡེ་འུས་བྱུགས་ལ་སྨ་བསིལ་བསྐུ།། ཞེས་བྱ་བ་ལ། ཁྲག་གཞི་བས་ཟིན་ནས་མར་ལན་བརྒྱར་དཀྲུགས་ཤིང་བཞུན་པས། རས་བལ་གྱི་ཡེའུ་དང་བསྐུ་བ་དང་སྨན་བསིལ
་བག་གིས་བསྐུ་བར་བྱའོ།། ཞད་ཀྱི་ཁྲག་དང་བྲལ་གྱུར་ན།། འཕྲལ་དུ་རྩ་དམར་ནད་མེད་འགྱུར།། ཞེས་བྱ་བ་ལ། ནད་ཁྲག་མ་ལུས་པར་བྱིན་པར་གྱུར་པ་དང་། དེའི་མད་ལ་རྩ་དམར་བ་དང་། ནང་དུ་གྱུར་པ་དག་ཞི་བར་འགྱུརརོ།།
་མ་དག་གནས་ནས་བསྐྱོད་གྱུར་པ། རྨ་ཡི་གནས་སུ་འདུག་པའི་ཁྲག། ཞག་ལོན་ན་ནི་རྣགས་པར་འགྱུར།། དེ་བས་དེ་ནི་སླར་དབྱུང་ངོ་།། ཞེས་བྱ་བ་ལ། ཁྲག་མ་དག་ཅིང་ནད་དང་བཅས་པར་རང་གི་གནས་ནས་བསྐྱོད་ཅིང་འཕོས
་དྷརྨཱའི་གནས་སུ་འདུག་པ་ནི་མཚན་མོ་འདས་ཤིང་དག་ཁོན་ནཱ་བརྣགས་པར་འགྱུར་རོ།། དེ་བས་ན་ཁྲག་དེ་སྐར་དབྱུང་བར་བྱ་ཞིང་ང་སྐལ་བར་བྱའོ།། མཁྲིས་རྒྱས་ཁྲག་གི་ནད་ལཱ་ནི།། བསྐུ་བ་བུམ་པ་སྦྱར་མི་བྱཱ།། དེ
་གཉིས་མེ་དང་བཅས་པ་ཡིན།། རླུང་དང་བད་ཀན་ལ་སྦྱར་བྱ།། ཞེས་བྱ་བ་ལ། མཁྲིས་པ་རྒྱུས་ཤིང་ཤས་ཆེ་བ་ལས་བྱུང་བའི་ཁྲག་ནད་ལ་ནི། ཁྲག་དི་དབྱུང་བའི་ཕྱིར་སྔར་བཤད་པའི་ཀུ་བ་དང་། བུམ་པ་གློན་ཅིང་སྦྱོར་བས
་ཁྲག་དབྱུང་བར་མི་བྱཱ་ནྟེ། གང་གི་ཕྱིར་བཞི་པ་དེ་དག་ནཱི་ནང་ནུ་མོ་དང་བཅས་པ་ཡིན་པའི་ཕྱིར་རོ།། ཁྲག་གི་སྐྱེ་གནས་མཁྲིས་པ་དང་།། ནུས་པ་མཐུན་པས་གནོད་པ་ཡིན་ནོ།། རླུང་དང་བད་ཀན་ཤས་ཆེ་བའི་ནང་ལོ་མི་གུ
་བ་དང་དུམ་པ་སྒྱུར་པོས་ཁྲག་དབྱུང་བར་བྱ་སྟེ། དེ་གཉིས་ཀྱི་གཉེན་པོར་གྱུར་པ་ཡིན་པའི་ཕྱིར་རོ།། བད་ཀན་ལུས་གྱུར་ནང་ཁྲག་ནི།། བསྐ་བས་རྡོབས་རས་གཞི་པ་མི་བྱ།། རླུང་དང་མཁྲིས་པ་ལས་གྱུར་ཁྲག། རྔབས
་གཞིབས་ཏེ་དབྱུང་བ་བྟ། ཞེས་བྱ་བ་ལ་བད་ཀནྡ་ལས་གྱུར་པའི་ནང་ཁྲིག་མེ་བེསྐྲ་ཞིང་སྦྱིན་པག་ཅན་ཡིན་པ་སྟེ། རྔབསྱཱ་རྒྱས་གཞིབ་ཅིང་དབྱུང་བ་མི་བྱཱ་ལ། རླུང་དང་མཁྲིས་པ་ལས་གྱུར་པའི་ཁྲག་མིས
་ཡིན་པས་རྔབས་རཱས་གཞི་བས་ཤིང་དབྱུང་བར་བྱའོ།། ལུས་ཀྱི་གོང་དུ་སྲང་བུ་འམ། རས་ཀྱིས་དམ་དུ་བཅིངས་ནས་ནི།། ཆུ་བ་ཚིགས་རུས་གནད་རྣམས་ནི།། དོར་ཏེ་ཞལ་ཞལ་གདབ་པར་བྱ།། གྱེན་དུ་དབྱུང་བའི་ཐབས
་ཀྱིས་ནི། ཐུར་དུ་འབབ་པར་གདབ་པར་བྱ།། བབ་དང་ཉེ་དང་འཕྲེང་མི་གདབ།། གདབ་གནས་སུ་ཡང་གདབ་མི་བྱ།། ཞེས་བྱ་བ་ལ། ཞལ་ཞལ་གདབ་པར་བྱ་བའི་ལུས་ཀྱི་གོང་ཕྱོགས་སུ་སྲད་བུ་འམ། རས་གང
་སྱཱ་རླུང་བས་བྱུ་དུ་བསྟི་སྣ་ནས་ཚུལ་མིགས་པ་དམ་ནིང་སྒྲུང་སནས་བཙུགས་བྱམ་ལ་མ་གླང་བ་བྱེར་ཧཱུ~ཾ་ཡྀ། དེ་ཡང་གྱེན་དུ་དོ་བྱུང་ཤིང་གླིང་བ་པའི་སེབས་སྣ་ཁྲགས་རློ་དུ་འབབ་པར་གང་བར་བྱའོ།། བ་ནྡྷངྒ་རླུང་དུ
་ཟབ་པར་ཡང་མི་བྱ་སྟེ། ཉེ་ཞིང་བར་མཚམས་མེད་པར་ཡང་མི་གདབ། འཕྲེང་འགྲོས་ཀྱིས་ཀྱང་མི་གདབ་བོ།། དེ་བཞིན་དུ་བཙགས་བུ་བཏབ་ཟིན་པའི་གནས་སུ་གཉིས་པ་གདབ་པར་ཡང་མི་བྱའོ།། ཞལ་ཞལ་བྱ་བ་ཕྱོགས
་གཅིག་འདུས།། རྩེ་གདབ་སྲིན་པོས་ཁྲག་དབྱུང་ཞིང་།། བེ་མ་བེམྦ་པོར་གྱུར་རཱ་སོགས་གདབ།། ནད་ཁྲག་ལུས་ཁྱབ་གཏར་ག་གདབ།། ཅེས་བྱ་བ་ལ། ཕྱོགས་གཅིག་ཏུ་འདུས་པའི་ཁྲག་ནི།། ཞལ་ཞལ་གདོབ་པོས་དབྱུང
་བཱཔར་བྱའོ།། དེ་བཞིན་དུ་རྩེ་མདུད་དམ། རྨེན་བུར་འདུས་པའི་ཁྲག་ནི་སྲིན་བུ་པདྨས་དབྱུང་བར་བྱའོ།། དེ་བཞིན་དུ་ཁྲག་གི་ཁྲག་བེམ་བེམ་པོར་གྱུར་ཅིང་ཚོར་བ་མེད་པ་ནི་རྩེ་སོགས་ཏེ། རྔབས་རཱ་དང་། ཀུ་བ་དང་། བུམ་པ་དག
་གིས་ནད་དམིགས་ཇི་ལྟེ་བ་བཞིན་དུ་དབྱུང་བར་བྱའོ།། དེ་བཞིན་དུ་ནོད་དེ་ཁྲག་གིས་ལུས་ཀུན་ཏུ་ཁྱབ་པར་གྱུར་པ་དེ་ནི་གཏར་ག་གདབ་པས་དབྱུང་བར་བྱའོ།། ཁྲག་ནད་འདུས་པ་ཞལ་ཞལ་བྱ།། གཏིང་ན་ཡོད་པ་པདྨས་དབྱུང་།
་པགས་གནས་ཀུ་བུམྦུ་རྡབས་རཱས་དབྱུང་།། ལུསུ་ཁྱབ་ཁྲག་ལ་གཏར་ག་ཉིད།། རྗེས་བྱ་བ་ལ། ཁྲག་ནད་འདུས་ཤིང་གོང་པོར་འདྲིལ་བ་ལ་ནི། ཞལ་ཞལ་གདབ་པར་འོས་པ་ཡིན་ནོ།། དེ་བཞིན་དུ་ཁྲག་གཏིང་ན་ཡོད་ཅིང
་ནང་དུ་ཞེན་པ་དག་ནི་སྤྲིན་བུ་པདྨས་དབྱུང་བར་བྱའོ།། ཁྲག་པགས་པར་གནས་ཤིང་རྒྱས་པར་གྱུར་པ་ལ་ནི། ཀུ་བ་དང་། བུམ་པ་དང་། རྔབས་རས་དབྱུང་བར་བྱའོ།། ལུས་ཐམས་ཅད་ཁྱབ་ཅིང་རྒྱས་པའི་ནད་ཁྲག་ནི
་གཏར་གའི་ཐབས་ཉིད་ཀྱིས་དབྱུང་བར་བྱའོ།། རླུང་སོགས་གནས་ལས་རྔུབས་རཱ་དང་།། པདྨ་ཀུ་བས་རིམ་བཞིན་དབྱུང་།། ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནད་ཀྱི་གནས་ལ་གནས་པའི་ཁྲག་དེ་ནི་གནས་དེ་ལ་རྔབས
་རཱ་ལོ་སོགས་པ་ཐབས་གསུམ་གྱིས་ཁྭ་གོ་དབྱུང་བར་བྱ་སྟེ། དེས་ནི་རླུང་གི་ནད་ཀྱི་ཁྲག་ནི་རྔ་བི་སི་རཱས་དབྱུང་བར་བྱའོ།། མཁྲིས་པའི་གནས་ཀྱི་ཁྲག་ནི་སྲིན་བུ་པདྨས་བྱུང་བར་བྱའོ།། བད་ཀུན་གྱི་གནས་ཀྱི་ཁྲག་ནི་བསྐུ
་བས་དབྱུང་བར་བྱའོ།། ཁྲག་ཕྱུང་བསིལ་བསྐུས་ལ་སོགས་པས།། རླུང་ནི་རྣམ་པར་འཁྲུགས་འགྱུར་ཏེ།། རྨ་ན་གཡའ་ཞིང་སྐྲངས་གྱུར་ན།། དེ་ལ་ཞུན་མར་དྲོན་པོས་བསྐུ།། ཞེས་བྱ་བ་ལ། སྐྱེས་བུའི་ལུས་ལས་ཁྲག
་དབྱུང་ཞིང་གཏོན་པར་གྱུར་པ་དག་ལ་ནི། བསིལ་བའི་སྨན་གྱི་ལྡེ་གུས་བསྐུ་བ་དང་། བླུགས་པ་ལ་སོགས་པས་རླུང་རྣམ་པར་འཁྲུགས་པར་འགྱུར་ཏེ། རྨ་ན་པ་དང་། གཡའ་བ་དང་སྐྲངས་པར་གྱུར་ན་དེ་ལ་ཞུན་མར
་དྲོན་པོས་བསྐུ་ཞིང་བྱུག་པར་བྱའོ།། ། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ། ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། བླ
་དཔྱོནྡ་བྷཱ་བ་ལ་དགུའ་བྱས་རྣམ་བཱར་སྦྱ་བི་ལྟས། ལེ་རུ་ཎྜི་ཤུནྡྷ་དྲུག་པའི་རྣམ་པར་འགྲེལ་པའོ།། ། དེ་ནུས་གཏཱར་ག་གདབ་པའི་ཆོ་གའི་ལེའུ་བཤད་པར་བྱའོ།། འོས་བྱ་བཱ་ལ།
་འདི་བརྩིམས་པའི་དགོས་པ་ནི་འདི་ཡིན་ཏེ། ལུས་ཁྱབ་པའི་ཁྲག་ལ་གཏར་ག་གདབ་པར་བྱའོ།། ཞེས་སྔར་བཤད་པས་ན། དེའི་འོག་ཏུ་འདི་བརྩམས་པ་ཡིན་ཏེ། རྩ་རྣམས་དབྱུག་ཅིང་གདབ་བའི་ལོས་ནི
་གཏར་ག་གདབ་པ་སྟེ། དེའི་ཆོ་ག་འདི་དང་འདི་ལྟར་བྱའོ།། ཞེས་བྱ་བའི་ལས་ཀྱི་ཚུལ་ཡིན་ཏེ། དེའི་ལེའུ་བཤད་པར་བྱའོ་ཞེས་བྱའོ།། ཅུང་ཟད་མང་བཞིན་ཚ་བྲོ་ལ།། གང་དང་ཚ་མིན་བསྐུ་མ་ཡིན།། པདྨ་ལྡུམ་བུ
་ཆུ་ཤེར་དང་།། བཙོད་དང་རི་བོང་ཁྲག་ལྟར་དམར།། སྐྱོན་མེད་དང་བར་བྱུང་བ་ནི།། དེ་ཉིད་ཀྱིས་ནི་ལུས་གནས་བྱེད།། ཅེས་བྱ་བ་ལ།། ཁྲག་དག་ཅིང་ནད་མེད་པ་ནི། ཅུང་ཟད་རོ་མངར་བཱ་དང་། ཅུང་ཟད་ལེན་ནེ
་བ་དང་། དེ་བཞིན་དུ་གྲང་བ་དང་། ཚ་བ་གཉི་ག་མ་ཡིན་པ་ཚ་གྲང་སྙོམས་པར་གནས་ཏེ་ཟླ་བ་དང་། མེའི་རང་བཞིན་གཉི་གའི་ཡོན་ཏན་དང་ལྡན་པ་དང་། དེ་བཞིན་དུ་བསྐ་བ་མ་ཡིན་ཞིང་། བདེ་བླག་ཏུ་འཛག
་པ་དང་། དེ་བཞིནཱ་དུ་པདྨ་དང་། སྲིན་བུ་མེ་ཁྱེར་ལྔ་སོགས་པ་ལྟར་དམར་ཞིང་དང་བར་འབྱུང་བ་ནི་སྐྱོན་མེད་པ་ཡིན་ལ། ནད་མེད་པའི་ཁྲག་དེ་ཉིད་ཀྱིས་ནི་ལུས་གནས་ཤིང་འཇུག་པར་འགྱུར་བ་ཡིན་ནོ།། དེ་ནི་ཕལ
་ཆེར་བད་མཁྲིས་ཀྱི། ནད་ཀྱིས་འཁྲུགས་པས། ཞེས་བྱ་བ་ལ། ཁྲག་དམྱུར་ཞིང་དང་བྷཱུ་དི་ནི་ཕལ་ཚར་ཏེ་མང་དུ་བད་ཀཱན་དང་ཁྲིས་པ་སྐྱེད་པར་བྱེད་པའི་ཁ་ཟས་དང་། སྤྱོད་ལམ་དང་སྨན་གྱིས་ནང་འཁྲུགས
་པར་འགྱུར་ཞིང་ལྡང་བར་བྱེད་པ་ཡིན་ནོ།། ཕལ་ཆེར་ཞེས་སྨོས་པས་ནཱི་ལན་འགའ་ནི་རླུང་གིས་ཀྱང་ལྡང་བར་བྱེད་པ་ཡིན་ནོ།། གནོད་སྐྱེད་པ། མེ་དཔལ་འབྲས་དང་མ་ཆེར་ནད་དང་། སྨན་དང་མ་དྲད་འགྲོ
་དུང་རིམས།། ཁ་དང་མིག་དོང་མགོ་ནད་དང་།། མྱོས་དང་སྐོམ་དང་ཚ་བྲོ་དང་།། མཛེ་དང་དྲི་ག་ནད་མཁྲིས་ཁྲག་དོང་།། སྒྲེགས་པ་སྒྱུར་ཞིང་མགོ་འཁོར་བྱེད།། ཅེས་བྱ་བ་ལ། དེའི་འོག་ཏུ་ནད་ཁྲིག་དེས་གནོད་པ
་སྐྱེད་པར་བྱེད་པ་ནི། མེ་དབུལ་ལ་སོགས་པ་སྐྱེད་པར་བྱེད་པ་ཡིན་ནོ།། ཁ་ལ་སོགས་པ་གསུམ་ནི། ནད་ཅེས་བྱ་བ་དང་སྦྱར།། དྲེག་ནད་ནི་རླུང་དང་ཁྲག་འདྲིས་པའོ།། བསིལ་དྲོ་སྣུམ་དང་རྩུབ་སོགས་ཀྱིས།། ནད་གང
་གསོས་པར་གྱུར་པ་ན།། ལེགས་པར་འཆོས་པོར་མ་གྱུར་པ། དེ་ནི་ཁྲག་འཁྲུགས་ལས་གྱུར་ཡིན།། ཞེས་བྱ་བ་ལ། བསིཡོ་བ་དང་དྲོ་བ་དང་སྡུམ་པ་དང་། རྩུབ་པ་དང་། ལྕི་བ་དང་། ཡིད་བ་སོགས་པའི་ཐབས་སྨན
་དཔྱད་ལས་ཇི་ལྟར་འབྱུང་བ་བཞིན་དུ་རླུང་དང་མཁྲིས་པ་དང་བད་ཀན་གྱི་ནད་གང་སོས་ཤིང་བཅོས་པར་གྱུར་པ་ན། ལེགས་པར་འཆོས་པར་མ་གྱུར་ཅིང་ཉེ་བར་མ་ཞི་ན་ནད་དེ་ནི་ཁྲག་འཁྲུགས་པ་ལས་གྱུར་པ
་ཡིན་པར་ཤེས་པར་བྱ་སྟེ། མེ་དཔལ་ལ་སོགས་པ་སྔར་བཤིད་པ་འབའ་ཞིག་ཏུ་མ་ཟད་ངོ་།། ཁྲག་བདོ་གྱུར་པ་དེ་ལས་ནི།། གཏར་ག་གདབ་པས་དབྱུང་བར་བྱ།། ཞེས་བྱ་བ་ལ། སྔར་བཤད་པའི་ནད་ཁྲག་བདོ་པར་གྱུར་པ་དེ་ལས
་ཁྲག་དབྱུང་བར་བྱ་བའི་ཕྱིར། གཏར་ག་གདབ་པར་བྱའོ།། དེ་ཡང་བཅུ་དྲུག་མོ་ལོན་དང་།། འདུན་ཅུ་འདས་ལ་ཁྲག་མི་འབྱུང་།། ཉམ་ཆུང་དུག་དགསེ་དུགས་མོ་བྱས།། རླུང་གི་ནད་ཀྱིས་ཉེན་པ་དང་།། སྦྲུམ་མ་བུ་བཙས་ཟིན་མ་དུ།།
་ཁྲག་མཁྲུས་ལུད་པ་དབུགས་མི་བདེ།། ཚད་འཁྲུ་རི་མོས་ནད་སྐྱུགས་པ་དང་།། སྐྱ་རྦ་བ་ཡན་ལག་ཀུན་སྐྲངས་དང་།། སྣུམ་འཐུངས་པ་ལ་སྦྱོར་བ་དང་།། དེ་བཞིན་ལས་ལྔ་བྱས་པ་མིན།། ཞེས་བྱ་བ་ལ། གཏར་ག་གདབ་པ། དེ་ལ
་བྱིས་པ་ལོ་བཅུ་དྲུག་མ་ལོན་པ་དང་། རྒན་པོ་ལོ་བདུན་ཅུ་འདས་པ་དག་ལ་གཏར་གས་ཁྲག་དབྱུང་ཞིང་གདོན་པར་མི་བྱའོ།། དེ་བཞིན་དུ་ཉམ་ཆུང་ཞིང་ཁོང་རྩུབ་པ་དང་། དུགས་དྲགས་པ་དང་། དུགས་མ་བྱས་པ་ནས་སྣུམ་འཐུང
་པོ་ལ་སྦྱོར་བའི་སྐྱེས་བུའི་བར་དང་། དེ་བཞིན་དུ་ལས་ལྔ་པོ་སྐྱུགས་སྨན་དང་། བཀྲུ་སྨན་དྲག་པོ་དང་མས་བཏང་བ་དང་། འཇམ་རྩི་དང་། མགོ་བོའི་བཀྲུ་སྨན་བཏང་བ་སྟེ། ལས་ལྔ་པོ་བྱས་པ་ལ་གཏར་ག་གདབ་པར་མི་བྱའོ།།
་མ་བསྡུམས་གཏར་ག་མི་གདབ་ཅིང་།། ཡོན་པོ་འམ་མི་སྣང་ལ་མི་གང་བ།། ཚབས་ཆེན་ནང་ནི་མ་གཏོགས་པ།། གྲང་ལ་ཚ་ཆར་རླུང་དུས་མིན།། ཞེས་བྱ་བ་ལ། ཆིངས་མས་མ་བསྡམས་པར་གཏར་ག་གདབ་པར་མི་བྱའོ།། དེ་བཞིན་དུ
་ཡོན་པར་བྱ་བ་འམ། རྩ་མི་སྣང་བ་ཡང་གཏར་ག་གདའི་བར་མི་བྱའོ།། ནད་ཚབས་ཆེ་བ་དེས་གསོ་བར་བྱ་བ་བཤོལ་དུ་མེད་པ་མ་གཏོགས་པ། གཞན་དག་གྲང་བ་དང་། ཚ་བ་དང་། ཆར་དང་རླུང་གི་དུས་སུ་གདབ་པར་མི་བྱ་སྟེ།
་ནད་ཚབས་ཚོ་བ་ལ་ནི་དེ་དག་གི་ཚེ་ཡང་བྱ་བར་རུང་བའོ།། མགོ་དང་མིག་གི་ནད་རྣམས་ལ།། དཔྲལ་བའི་རྩ་ལས་གཏར་བ་འམ།། མིག་འགྲམ་སྣ་དྲུང་རྩ་ལ་གདབ།། ཅེས་བྱ་བ་ལ། མགོ་དང་མིག་གི་ནད་རྣམས་ལ་ནི། དཔྲལ་བའི
་སྟེང་ན་ཡོད་པའི་རྩ་འམ། མིག་འགྲམ་མམ། སྣ་དྲུང་ནུ་ཡོད་པའི་རྩ་ལ་གདབ་པར་བྱའོ།། རྣ་བའི་ནད་ལ་རྣ་བའི་རྩ། ཞེས་བྱ་བ་ལ། རྣ་བའི་ནང་རྣམས་ལ་ནི་རྣ་བ་དང་ཉེ་བར་གནས་པའི་རྩཝ་ལས་གདབ་པར་བྱའོ།། སྣ་ཡི་ནད་ལ
་སྣ་རྩེར་རོ།། ཞེས་བྱ་བ་ལ། སྣའི་ནད་རྣམས་ལ་ནི་སྣའི་རྩེ་མོའི་ཆ་ལ་གནས་པའི་རྩཝ་ལྀ་གདབ་པར་བྱའོ།། ཆམ་པ་སྣ་དང་དཔྲལ་རྩ་གདབ། ཅེས་བྱ་བ་ལ། ཆམ་པའི་ནད་ལ་ནི་ལྡན་འགའ་ནི་སྣ་རྩ་གདབ་ན་ཕན་ནོ།། ལན་འགའ་ནི
་དཔྲལ་རྩའོ།། ལན་འགའ་ནི་གཉི་ག་གདབ་པར་བྱའོ།། ཁ་ནང་རྣམས་ལ་ལྕེ་དང་ནི།། མཆུ་དང་བོདོ་ཀན་གྱི་རྩ་གདིག། ཅེས་བྱ་བ་ལ། ཁའི་ནད་རྣམས་ལ་ནི་ལྕེ་ལ་བརྟེན་པའི་རྩ་དང་། དེ་བཞིན་དུམཆུ་དང་བདེ་ཀན་གྱི་རྩ་ལ་བཏ
་ན་ཕན་ནོ།། ནམ་ཚོང་ཡན་ཆད་རྩ་མདུང་མགུལ།། རྣ་བ་མུར་འགྲམ་ཕྱིར་གནས་གངབ།། ཅེས་བྱ་བ་ལ། ནམ་ཚོང་ཡན་ཆད་ཀྱི་ནང་རྩ་མདུང་དང་། རྨེན་བུ་ལ་སོགས་པའི་ནད་ལ་རྣ་བ་ལ་བརྟོན
་པ་རྩ་དང་། མུར་འགྲམྦ་དང་སྤྱི་བོར་གནས་པའི་རྩཝ་ལ་གདབ་པར་བྱའོ།། སྨྱོ་བྱེད་མིག་འགྲམ་བྱང་དཔྲལ་རྩ་ཞེས་བྱ་བ་ལ། སྨྱོ་བྱེད་ཀྱི་ནང་ལ་ནི་མིག་འགྲམ་གྱི་རྩེ་དང་། བྲང་གི་རྩ་དང་། དཔྲལ་བའི་རྩ་ལ་གཏར་ག
་བྱའོ།། རྗེད་པྱོད་འགྲམ་པོའི་མེ་ཚམས་སུ་གདབ་ཅེས་བྱ་བ་ལ། རྗེ་བྱེད་ཀྱི་ནོད་ལ་འགྲམ་པ་གཉིས་ཀྱི་མཚམས་ན་ཡོད་པའི་རྩེ་ལ་གདབ་བོ།། ཡང་ན་ཀུན་ལ་སྨིན་མཚམས་གདབ་ཅེས་བྱ་བ་ལ། སྔར་བཤད་པའི་ནང
་མོགོ་དང་མིགོ་ལྔ་སོགས་པའི་ནང་མ་ལུས་པ་ཀུན་ལྔ། སྨིན་མཚམས་ཀྱོ་བརྙན་ཡོད་པའི་རྩ་གང་ཡིན་པ་དེ་ལ་གདབ་པར་བྱའོ།། འབྲས་དང་རྩིབ་ལོགས་ཟུག་པ་ལ།། རྩིབ་ལོགས་ནུ་མྲའི་བར་རྩ་གང་བ་ཅེས་བྱ་བ། འབྲས་མཆེད
་པཱའི་ནང་དང་། རྩིབ་ལོགས་གཉིས་སུ་ཟུག་ཅིང་གཟེར་བའི་ནུད་ལ། རྩིབ་ལོགས་དང་། ནུ་མཱའི་བཱན་ཡོད་པའི་རྩ་ལ་གདབ་པར་བྱའོ།། ཉིན་གསུམ་པ་ལ་ཕྲག་མཚམས་གདབ། ཉིན་བཞི་པ་ལ་ལྷག་པ་འོག་ཅེས་བྱ་བ་ལ།
་རིམས་ཉིན་གསུམ་པ་ལ་ཕྲག་པ་གཉིས་ཀྱི་བར་མཚམས་ཀྱི་ནང་གི་རྩ་གདབ་པར་བྱའོ།། རིམས་ཉིན་བཞི་པ་ལ་ནི་ལྷག་པའི་འོག་ན་གནས་པའི་རྩ་གང་རུང་བ་གདབ་པར་བྱའོ།། འཁྲུ་བ་གཟེར་དང་ལྡན་པ་ལ།། མཇུག་ཏོའི
་གོང་མ་སོར་གཉིས་པར་ཞེས་བྱ་བ་ལ། ཚད་པས་འཁྲུ་བས་ཉེ་བར་གཙེས་ཤིང་གཟེར་དང་ལྡན་པ་དགཱ་ལ་མཇུག་ཏོའི་རྩ་མཇུག་མ་ལས་སྲོག་གཉིས་གོང་དུ་གཞལ་བར་གདབ་པར་བྱའོ།། ཁུ་བ་མཚན་ནད་ཕོ་མཚན་རྩཝ་ཅེས།
་བྱ་བ་ལ། ཁུ་བ་འགགས་པ་ལ་སོགས་པའི་ནད་དང་ཕོ་མཚན་ཉིད་ཀྱི་ནད་ལ་ནི། ཕོ་མཚན་ལ་བརྟེན་པའི་རྩ་ལ་གཏར་ག་བྱའོ།། ལྐོག་མའི་ལྦ་བར་བརླ་རྩ་གི་རབ་ཅེས་བྱ་བ་ལ། ལྐོག་མར་ལྦ་བ་སྐྱེས་པའི་ནད་ལ་ནི་བརླའི་རྩ
་བོར་གནས་པའི་རྩ་ལ་གཏར་ག་བྱའོ།། གཟུགས་འཁུམས་པུས་མཐིལ་འོག་གམ་ནི།། གོང་གི་སོར་བཞི་པ་ལ་གདབ།། ཅེས་བྱ་བ་རླུང་གི་ནད་གཟུགས་འཁུམས་ཤིང་འཇས་པ་ལ་ནི། པུས་མོའི་མཐིལ་གྱི་འོག་གམ་གོང
་དུ་སོར་བའི་གཞལ་བར་གདུབ་པར་བྱའོ།། འབྲས་ཀྱི་ཕྲེང་བ་བྱིན་པའི་ཉའི།། འོག་ཏུ་སོར་གཉིས་པར་བདབ་པོ། ཞེས་བྱ་བ་ལ། འབྲས་ཀྱི་ཕྲེང་བའི་ནད་ལ་ནི།། བྱིན་པའི་ཉ་གནད་ཅེས་བྱ་བའི་འོག་སོར་གཉིས་གཞལ་བར
་གཏར་གཱ་གདབ་བོ།། རྐུབ་ཙོས་པུསོ་མོའི་ལྷ་ངའི་སྟེང་།། ན་ལ་ལོང་མོའི་ལྟག་སོར་བཞི་ཞེས་བྱ་བ་ལཱ། ནུབ་ཅོས་ཊཱི་རླུང་ནུད་དམ། པུས་མོའི་ལྷ་ངའི་སྟེང་གི་ནཱད་ལ། ལོང་མོའི་ལྟག་ཏུ་སོར་བཞི་བཙལ་བར་གཏར་ག་བྱའོ།།
་རྐང་ཚ་འཐིང་དང་སྦྲིད་པ་དང་།། རྟིང་བརྡོལ་རླུང་ནད་མཛིར་པ་དང་།། རྐང་སོར་སྔགས་བུ་ཆད་པ་ལ།། རྒྱ་ཚིགས་ལས་གོའི་སོར་གཉིས་གདབ་ཅེས་བྱ་བ་ལ། རླུང་གི་ནད་རྐང་པ་ཚ་བ་ཞེས་བྱ་བ་དང་། དྲེགས་ནད་ཐེངས་པ་དང་།།
་ཞེས་བྱ་བ་དང་། རྐང་པ་སྦྲིད་པ་དང་། རྟིང་བརྡོལ་པ་རླུང་ནད་ཀྱི་མཛེར་པ་དང་། རྐང་པའི་སོར་མོ་སྔགས་པུ་ཆད་པ་ཞེས་བྱ་བའི་ཁྲག་ལས་གྱུར་པའི་སོར་མོའི་ནད་རྣམས་ལ། རྒྱ་ཚོགས་ལས་གོང་དུ་སོར་གཉིས་གཞལ
་བར་གདབ་པར་བྱའོ།། འཁུམས་པ་རྐང་འཁུམས་ལྟ་བུར་གདབ་ཅེས་བྱ་བ་ལ། རླུང་ནད་འཁུམས་པ་བི་ཤ་ཙེ། ཞེས་བྱ་བ་ལ། པུས་མོའི་གོང་སོར་བཞི་པར་གདབ་པར་བྱའོ།། ཇི་སྐད་བཤད་པ་མ་མངོན་ན།། གནད་མ་གཏོགས་པར་གར
་ཉེ་བའི།། ཕྱོགས་གཞན་དག་ཏུ་གཏར་ག་གདབ་ཅེས་བྱ་བ་ལ། གོང་དུ་ཅི་སྐད་བཤད་པའི་རྩ་རྣམས་མི་མངོན་པར་གྱུར་ན། ནད་འཕེལ་བར་འགྱུར་བའི་དབང་གིས་ནད་པ་ལ་གཏར་ག་རིངས་པར་བྱ་དགོས་ན། གནད་མ་གཏོགས་ཤིང་གནད
་ལ་མ་ཕོག་པར། ནད་གང་དང་གདབ་པ་ཉེ་ཞིང་འབྲེལ་བའི་ཕྱོགས་གཞན་དག་གི་རྩ་བཤད་པ་དག་ཀྱང་མངོན་ན་གདབ་པར་བྱའོ།། དེ་ནས་ལུས་སྣུམ་གཏར་ག་ཡི།། ཡོ་བྱད་ཀུན་བསགས་སྟོབས་དང་ལྡན།། བཀྲ་ཤིས་བྱས་ཤིང་ཁ
་ཟས་ནི།། སྣུམ་ཟོས་ཁུ་བ་འཐུངས་པ་དང་།། མེ་དང་ཉི་ཚན་གྱིས་དུགས་བྱས།། པུས་མཉམ་མཐོ་བའི་བསྟན་ལ་འདུག། སྒོ་རྩ་རས་ནི་འཇམ་པོ་ས་བཅིང་།། པུས་མོའི་ལྷ་ངར་གྲུ་མོ་གཟུགས།། ཁུ་ཚོར་ནང་དུ་གློད་བཙུག་པས།།
་མགུལ་པ་དམ་དུ་བཙིར་བར་བྱ།། སོ་བསྡམས་ལུད་པ་ཡུ་བ་དང་།། མཁུར་བ་གཉིས་ནི་བུད་པར་བྱ།། དེ་ནས་ཞེས་བྱ་བའི་དོན་ནི། བཀྲ་ཤིས་པའི་དོན་ཡིན་པར་ཤེས་པར་བྱའོ།། གཏར་ག་བྱ་བའི་སྐྱེས་བུ་སྣུམ་གྱི
་ན་པར་བྱ་བ་དང་། སྦྲན་པས་གཏར་བ་ལ་དགོས་པའི་ཡོ་བྱད་ཀུན་བསག་ཅིང་ཉེར་བསྡོགས་སུ་བྱ་བ་དང་། དེ་བཞིན་དུ་སྟོབས་དང་ལྡན་ཞིང་ཉམ་ཆུང་བ་ལ་མ་ཡིན་པ་དང་། དགེ་སློང་དང་བྲམ་ཟེ་བཀྲ་ཤིས་དང་བདེ་ལེགས་བརྡད
་པ་དང་། དེ་བཞིན་དུ་ཁ་ཟས་སྣུམ་ཞིང་ཤ་ཁུ་ལ་སོགས་པ་དང་ལྡན་པ་བྱིན་པ་དང་། དེ་བཞིན་དུ་མེ་ཚན་དང་། ཉི་ཚན་གྱི་དུགས་བྱ་བ་དང་། པུས་མོ་དང་མཉམ་པ་ཙམ་གྱི་མཐོ་བའི་སྟན་ལ་འདུག་པ་དང་། དེ་བཞིན་དུ་སྐྲའི་རྩ
་པ་རས་ཀྱི་ཚལ་པ་འཇམ་པོས་བཅིངས་ཤིང་བསྣམས་པ་དང་། དེ་བཞིན་དུ་པུས་མོ་གཉིས་ཀྱི་ལྷ་བར་གྲུ་མོ་བརྟན་པོ་གཙུགས་ནས། རང་གི་ཁུ་ཚུར་ནང་དུ་གོས་ཀྱི་སློད་བཅུག་པས། མགུལ་པའི་ངོས་གཉིས་ནས་དམ
་དུ་བཙིར་བར་བྱ་བ་དང་། དེ་བཞིན་དུ་མོ་བསྡམས་ཤིང་བཙིར་ལ་མཁུར་བ་གཉིས་བུད་དེ་གནས་པར་བྱའོ།། དེ་ལ་རྒྱུ་བ་ནས་བཙིར་བ་དང་།། གོས་ཀྱིས་དཀྲིས་ཤིང་མཛུམྦུ་མཱ་ནི།། གཡོན་པ་ལྐོ་ག་མར་བཅུག་ནས་སུ།། ནང་དུ
་ལེགས་པར་གཞུག་པར་བྱ་ཞེས་བྱ་བ་ལ། ནད་པ་དེ་ལ་སྐྱེས་བུ་གཞན་གྱི་རྒྱབ་ནུས་བཙིར་ཞིང་བསྡམ་པ་དང་། གོས་ཀྱིས་དཀྲིས་པ་བཅུག་པས་ལྷག་པར་གཅུས་ཏེ། ལྐོག་མ་དང་གོས་ཀྱི་བར་དུ་ལག་པས་གཡོགས་པའི
་མཛུབ་མོ་བཅུག་ནས་དབུགས་དགག་པ་ལ་མི་གནོད་པས་དེ་བསྡམ་པར་བྱའོ།། འདི་ནི་ནང་དུ་ཁེ་བལྟས་རྩ། མ་གཏོགས་བསྡམ་པའི་ཆོ་ག་ཡིན་ཞེས་བྱ་བ་ལ། བསྡམ་པའི་ཆོ་གར་བཤད་པ་གང་ཡིན་པ་དེ་ནི་རྩ་ཁ་ཕྱི
་རོལ་ཏུ་བལྟས་པ་བསྡམ་པའི་ཆོ་ག་ཡིན་གྱི། ཁ་ནང་དུ་བལྟས་པའི་རྩ་བསྡམ་པའི་ཆོ་གར་བཤད་པ་ནི་མ་ཡིན་ནོ།། ཁ་ནང་དུ་བལྟས་པའི་རྩ་བསྡམ་པ་ནི། ལྕེ་བཏེག་ལྡོག་སྟེ་སོས་མནན་ལ་ཞེས་འོག་ནས
་བཤད་པ་ཡིན་ནོ།། དེ་འོག་ནས་སྨན་པའི་མཐེ་བོ་ལས།། གུང་མོ་བཏང་བར་གྱུར་པ་ཡིས།། རྩཝ་བྱུང་མངོན་ལ་གདབ་བྱས་ནས།། རེག་པའམ་མཐེ་བོས་མེནན་བྱས་ལ།། ལག་པ་གཡོན་པས་བཟུང་བ་ཡི།། བཙོགས་བུ་སྟ་རེས་དབུས
་གང་བ།། བཙགས་བུའི་ཁ་ཕྱོགས་མི་ཡོ་གཏད་།། དེ་བཞིན་གདབ་པ་འམ་བཙིར་བ་ཡི། ཁེ་མི་རྡོལ་བརྡ་བ་ལ་ཁྲུ་དབྱུང་ངོ་།། ཞེས་བྱ་བ་ལ། དེ་ལྟར་བྱས་པའི་འོག་ཏུ་སྨན་པས་མཐེ་བོའི་སོར་མོ་ལས་གུང་མོ་གཏང
་བར་གྱུར་པས་རྩལ་གདབ་པར་བྱའོ།། རྩ་དེ་བྱུང་ཞིང་གཡོ་བར་གྱུར་པ་རེག་པས་ཤེས་པར་བྱ་བ་འམ། མཐེ་བོས་མེ་ནན་པས་ཤེས་པར་བྱ་ལ། དེའི་འོག་ཏུ་བཙུགས་བུ་སྟ་རེ་ལྟ་བུས་རྩའི་དབུས་མཚན་མ་བཏབ་ལ། ལྤགས
་པ་གཡོན་པས་བཟུང་བའི་བཙོགས་བུ་སྟ་རི་ལྟ་བུ་ཡུ་བ་གྱེན་དུ་བསྟན་ཏེ། ལག་པ་འདྲར་བ་མེད་པར་བྱས་ལ། སྔ་མ་བཞིན་དུ་མཐེ་བོ་ལས་གུང་མོ་བཏང་བའི་བེམ་རྡོལ་བརྡབས་པས་ཁྲག་དབྱུང་བར་བྱ་བ་འམ། མྱུ
་ཐམ་མ་མནན་ཏེ་གཏར་ག་ག་བ་པར་བྱའོ།། ནི་དྲུང་གི་ནྀ་རྩི་གང་བ་པ།། རྩེ་མོ་མས་ཟིས་བཏིག་ནས་ནོ།། བཅགས་རྩེ་འབྲས་འདྲ་གངབ་པར་བྱ།། ཞེས་ལ་ལ། སྣ་དང་ཉེ་བ་ན་གནས་པའི་རྩི་གང་བ་པ་ནོ།། སྣའི
་བོས་བཏེག་ནས་བཙུགས་བུ་རྩེ་མོ་འབྲས་འདྲ་བས་གདབ་པར་བྱའོ།། ལྕེ་བཏེག་ལྡོག་སྟེ་སོས་མནྡན་ལ།། ལྕེ་འོག་རྩ་ནི་གདབ་པར་བྱ་ཞེས་བྱ་བ་ལ། ལྕེ་བཏེག་ཅིང་ལྡོག་སྟེ། རྐན་གྱི་ཐུང་དུ་བསྡུས་ལ། སོས་རྣམ
་པར་མནན་ནས། ལྕེའི་འོག་གི་རྩ་ལ་གཏར་ག་གདབ་པར་བྱའོ།། ནུ་མ་ཡན་ཆད་བསྡམས་ནས་ནི།། མགུལ་པར་གནས་པའི་རྩ་གཽང་བ་བོ་ཞེས་བྱ་བ་ལ། ནུ་མ་ཡན་ཆད་རས་ཀྱིས་ལེགས་པར་བསྡམས་ནས
་མགུལ་པར་གནས་པའི་རྩ་གདབ་ཅིང་གཏར་གུ་བྱའོ།། ལྷག་པ་གཉིས་སུ་རྡོ་བཅངས་ཏེ། ལག་པ་པུས་མོར་བརྟེན་ཏེ་བཅང་། མཆན་ཁུང་མན་ཆད་མཉེས་ནས་ནི།། གོང་དུ་བཅིངས་ལ་ལྟོ་རྩ་གདབ་ཅེས་བྱ་བ་ལ། ལག་པ་གཉིས
་ཀྱི་ནང་དུ་རྣོ་བཅངས་དེ་ལྟ་བུའི་ལག་པ་པུས་མོར་བརྟེན་ཏེ་བརྐྱང་བ་དང་། དེ་བཞིན་དུ་མཆན་ཁུང་མན་ཆུད་ལེགས་པར་མཉེས་ཏེ། ལག་པ་དེའི་འོག་ཏུ་བཅིངས་ལེ་ལྟོ་རྩཝ་གདབ་པར་བྱའོ།། ལག་ངར་རྩཝ་ནི་བདེར་འདུག་སྟེ།
་གདབ་པའི་སོར་བཞི་གང་གཱ་ནཱི།། ཕྱོགས་སུ་རས་ཀྱིས་དམ་བཅིངས་ལ།། མཐེ་བོ་ཆེད་པར་བཅུག་ནས་ནི།། ལག་པ་བརྐྱང་ལ་བདུབ་པར་བྱ་ཞེས་བྱ་བ་ལ། ལག་དང་གཉིས་ཀྱི་རྩ་གདབ་པ་ནི། དང་པོ་བདེ་བར་འདུག་སྐྱེ
་གར་གདབ་པའི་ས་སོར་བཞིའི་གོང་དུ་རས་ཀྱིས་དམ་པོར་བཅིངས་ལ། མཐེ་བོ་ཆང་པར་བཅུག་ནས་སོར་མོ་རྣམས་ཀྱིས་བསྡམས་ཏེ། ལག་ངར་ལོགས་པར་བརྐྱང་ལ་གདབ་པར་བྱའོ།། རྩིབ་ལོགས་རྩ་ནི་དཔུང་པ་གཉིས
་ཐུར་དུ་བཅངས་ཏེ་གདབ་པར་བྱ་ཞེས་བྱ་བ་ལ། རྩིབ་ལོགས་གཉིས་སུ་གཏར་ག་གདབ་པ་ནི། དང་པོ་ནད་པའི་དཔུང་པ་གཉིས་ཐུར་དུ་བཅངས་ལ་གདབ་པར་བྱའོ།། ཕོ་མཚན་རྩ་ནི་བཏེག་སྟེ
་གདུབ།། ཅེས་བྱ་བ་ལ་ཕོ་མཚན་གྱི་རྩ་ནི་བཏེག་ཅིང་ལོས་སུ་རུང་བར་བྱས་ནས་གདབ་པར་བྱའོ།། བྱིན་རྩ་པུས་མོ་མ་བཀུག་པཱར། ཞེས་བྱ་བ་ལ། བྱིན་པའི་རྩེ་ནི་པུས་མོ་མ་བཀུག་པར་བརྐྱང་སྟེ་གདབ་པར་བྱའོ།། རྐང
་པ་ལེགས་གཞག་པུས་མོ་ལ།། འོག་ཏུ་ལག་པ་གཉིས་ཀྱིས་ནི།། ལོང་མོའི་བར་དུ་དམ་བཙི་རཱ་ལ།། རྐང་པ་དེ་སྟེང་གཉིས་པ་ནི།། ཅུང་ཟད་བགུག་སྟེ་བཞག་པ་ཡིས།། མནན་ལ་དེ་ནས་ལོག་པ་ལྷུར། རྩ་གདབ་ཅེས
་བྱ་བ་ལ། རྐང་པའི་རྩ་གདབ་པའི་ཐབས་ནི། དེ་ཡང་རྐང་པ་ལེགས་པར་བཞག་ལ། པུས་མོའི་ཚིགས་ཀྱི་འོག་ཏུ། ལག་པ་གཉིས་ཀྱིས་དམ་དུ་ཁོང་མོའི་བར་དུ་བཙིར་ལ། རྐང་པ་དེའི་སྟེང་དུ་རྐང་པ་གཉིས་ཅུང་ཟད་བཀུག
་སྟི་བཞག་ལ། ཅུང་ཟད་ཙམ་མནན་ནས་སྔར་ལག་པའི་རྩ་འདེབས་པ་བཞིན་དུ་གཏར་ག་གདབ་པའི་གོང་དུ་སོར་བཞི་ཙམ་གྱིས་རས་ལ་སོགས་པས་དམ་དུ་བསྡམས་ལ་རྩ་གདབ་པར་བྱའོ།། དེ་ལྟར་མ་སྨོས་པ་ཡི་ནི།། གཞན
་དག་ལ་ཡང་གདབ་བྱ་ལ།། ཐབས་ཤེས་བཙགས་དཔྱད་དེ་དང་དེས།། ཕྱོགས་ནི་དེ་དང་དེ་རུ་གདབ་ཅེས་བྱ་བ་ལ། དེ་ལྟར་རྣམ་པ་དེ་དག་གིས་རྩ་གདབ་པའི་གནས་མ་སྨོས་པའི་ཕྱོགས་གཞན་དག་ལ་ཡང་གདབ་པར་བྱ་བ་ཡིན
་པས་ན། ཐ་བས་ཤེས་ཤིང་རྟོགས་པའི་སྨན་པས། བཙུགས་དཔྱད་དེ་དང་དེ་རང་གི་བློས་ལེགས་པར་དཔགས་ལ་གནས་ཀྱི་ཕྱོགས་དེ་དང་དེར་གདབ་པར་བྱའོ།། ཤ་ཆེ་བ་ཡི་ཕྱོགས་སུ་འདེབས།། འབྲས་འདྲ་འབྲས་ཀྱི་སྲིད
་ཙམ་གདབ།། རུས་པའི་སྟེང་རྩ་སྟ་རེ་འདྲིས།། ནས་ཀྱི་ཕྱེད་ཙམ་གདབ་པར་བྱའོ།། ཞེས་བྷཱ་བ་ལ། ཤ་ཆེ་བའི་ཕྱོགས་སུ་འབྲས་འདྲ་བའི་བཙགས་བུས་འདེབས་པར་བྱེད་ན། བཙགས་བུ་བྱིམས་འབྲས་འདྲ་ཞིང་འབྲས་ཀྱི་ཚད་ཙམ་གདབ
་པར་བྱའོ།། རུས་པའི་སྟེང་གི་རྩཝ་ལ་འདེབས་ན་སྟ་རེ་འདྲ་བའི་བཙགས་བུས་ནོང་དུ་ནས་ཀྱི་ཕྱེད་ཙམ་ནུབ་པར་གདབ་པར་བྱའོ།། གཏར་ག་གདབ་པ་ཐམས་ཅད་ལ་ཡང་ཁ་སྡུག་པས་ཤིན་ཏུ་གཏིང་རིང་བར་མོ་བྱ་བ་དང་། དྲང་ཞིང་མ་འཆོལ
་པ་དང་། སྙོམས་ཤིང་གནོད་པ་མེད་པར་རྩ་དབུས་སུ་བ་ཙཱ་རབ་སྲུང་དུ་གདབ་པར་བྱའོ།། ལེགས་པར་བཏབ་ནས་ཁྲག་གམགས་ཏེ།། ཆིངས་མ་དཀྲོལ་ནས་གཟུགས་མི་བྱཱ་ཞེས་བྱ་བ་ལ། དེ་ལྟར་གཏ་ག་ལེགས་པར་བཏབ་ནས། ཁྲགྲི་རྒྱུན
་གཟུགས་པར་བྱ་བའི། ཆིངས་མ་བཀྲོལ་ནས་ནི་ཁྲག་གི་རྒྱུན་ཡང་གཟགས་པར་མི་བྱའོ།། དེ་ཡང་བསྡུས་པ་ལྔ། ལན་གཅིག་བཏབ་པས་ཁྲག་གི་རྒྱུན།། གང་ཞིག་འཇོག་པར་གྱུར་པ་ན།། ཡུད་ཙམ་བསྡམས་པ་བྱས་པ་ནི།། དེ
་ནི་ལེགས་པར་བཏབ་ཅེས་བྱ།། ཞེས་བཤད་པ་ཡིན་ནོ།། བཏབ་མ་ལེགས་པས་དུས་ཅུང་ཟད།། ཉུང་ཟེ་ད་འབྱུང་བ་ཏིལ་ཕྱེ་གདབ་ཅེས་བྱ་བ་ལ། གེ་ཏར་ག་བཏབ་པ་མ་ལེགས་ཏེ། ཉེས་པར་གྱུར་པས་དུས་ཅུང་ཟད་ཅིག་ཁྲག
་གི་རྒྱུན་ཉུང་ཟད་འབྱུང་བར་འགྱུར་རོ།། དེ་ལ་ཏིལ་ཞིབ་ཏུ་བཏབས་པའི་ཕྱེ་མ་རྩའི་སྒོར་གདབ་པར་བྱའོ།། གདབ་དྲགས་སྒྲ་དང་བཅས་པ་ནི།། འབྱུང་ཞིང་བཅད་ཀྱང་དཀའ་བར་འགྱུར་ཞེས་བྱ་བ་ལ། གཏར་ག
་བཏབ་ཆེས་པ་འམ། དྲགས་པའི་ཁྲག་གི་རྒྱུན་སྒྲ་དང་བཅས་པར་འབྱུང་བར་འགྱུར་ལ། རྒྱུན་འབྲང་བ་དེ་བཅད་ཅིང་དགག་པ་ཡང་ཤིན་ཏུ་དཀའ་བར་འགྱུར་རོ།། སྔངས་དང་འབོག་པར་འགྱུར་བ་དང་།། ཆིངས་ལྷོད་མཚོན་རྟུལ་འགྲངས
་དྲགས་དང་།། ཉམས་ཆུང་ཤུགས་ཉེན་དུ་གས་མ་བྱས།། ཁྲག་མི་འབྱུང་བའི་རྒྱུ་ཡིན་ནོ།། ཞེས་བྱ་བ་ལ། ལེགས་པར་བཏབ་ཏུ་ཟིན་ཀྱང་། སྔངས་པ་དང་འབོག་ཅིང་བརྒྱལ་བར་འགྱུར་བ་ནི། ཁྲག་གི་རྒྱུན་མི་དབྱུང་བའི་རྒྱུ་ཡིན་ནོ།།
་དེ་ལ་སྔངས་པ་ནི་སྐྲག་པའོ།། འབོག་པ་ནི་བརྒྱལ་ཞིང་མུན་པར་ཞུགས་པ་ལྟ་བུར་གྱུར་པའོ།། ཚོངས་མ་ལྷོད་པ་ནི་དམ་དུ་མ་བསྡམས་པའོ།། མཚོན་རྟུལ་བ་ནི་རྩེ་མོ་རྟུལ་ལམ་ཆག་པའོ།། འགྲངས་དྲགས་པ་ནི་ཟས་བསྟེ་ནི་དྲགས
་པའོ།། ཉམ་ཆུང་བ་ནི་རིད་པའོ།། ཤུགས་ཀྱིས་ཉེན་པ་ནི་བཤང་གཅི་འབྱུང་བ་ལ་ཁད་པའོ།། དུགས་མ་བྱས་པ་ནི་ལེགས་པར་མ་བསོས་པའོ།། ཁྲུག་ནི་ལེགས་བར་མ་བྱུང་ན།། བི་ཊཾ་ཚ་གསུམ་སྐྱེར་བ་དང་།། རྒྱ་སྤོས་རྒྱམ་ཚེ་ཁྱིམ
་དུད་བཅས།། ཏིལ་མར་བཏགས་ལ་རྨ་ལ་བསྐུ་ཞེས་བྱ་བ་ལ། ཁྲག་ལེགས་པར་མ་བྱུང་ཞིང་གཏར་ག་ཉེས་པར་གྱུར་ན། བི་ཊཾ་ཀ་དང་ཚ་བ་གསུམ་ལ་སོགས་པ་བཏགས་པས་རྩའི་སྒོ་བསྐུ་བར་བྱ་སྟེ། དེས་ནི་ལེགས་པར་འབྱུང
་འགྱུར་རོ།། ཁྲག་ནི་ལེགས་བྱུང་ཏིས་མྱུར་དང་།། རྒྱམ་ཚ་སྦྱར་ལ་དུ་ལཇམ་བསྐུ་ཞེས་བྱ་བ་ལ། ཁྲག་ལེགས་པར་བྱུང་ཤིང་རྩུ་བར་གྱུར་ན། བད་ཀུན་དང་རླུང་ཉེ་བར་ཞི་འང་ཁྲག་བཅད་པར་བྱ་བའི་ཕྱིར་ཏིལ་མར་དང་རྒྱུས་ཚྭ་མ+Wཱར་ལ། ཛཱ
་འཇམ་ཙམ་གྱིས་རྨའི་སྒོ་བསྐུ་བར་བྱའོ།། ལེ་བརྒན་རྩི་ལསོ་ཚོན་སེར་ལྟར།། དང་པོར་ནད་ཁྲག་འབྱུང་བར་འགྱུར།། ཞེས་བྱ་བ་ལ། གཏེར་ག་གདབ་པ་ན་ཁྲེག་བཟང་ངན་འདྲེས་པ་ལ། དང་པོར་ནད་དང་བཅས་པའི་ཁྲག་དབྱུང་ཞིང་འབབ་པ
་འགྱུར་ཏེ། དཔེར་ན་ལེ་བརྒན་རྣོའི་ཚོན་སེར་པོ་དང་དམར་པོ་འདྲེས་པར་གྱུར་པ་ལ། གོས་འཚོད་པ་ན་དང་པོ་སེར་པོ་འབྱུང་བར་འགྱུར་བ་དང་འདྲའོ།། ལེགས་པར་བྱུང་ན་རང་ཉིད་འཆད།། ཁྲག་བཟང་བྱུང་ན་དབྱུང་མི་བྱ་ཞེས་བྱ་བ་ལ། ལེགས
་པར་བཏབ་སྟེ་འབྱུང་བ་ནི་རང་ཉིད་འཆང་བར་འགྱུར་ལ་དེ་ལྟར་རང་འཚེད་ནས་དབྱུང་བར་མི་བྱའོ།། དེ་བཞིན་དུ་ཁྲག་བཟང་པོ་ནད་མེད་པར་གྱུར་ནས་ཀྱང་དབྱུང་བར་མི་བྱ་སྟེ། ཁྲག་ནི་སྲོག་གི་སྟེན་ཡིན་པའི་ཕྱིར་རོ།། བརྒྱ་ལྔ་གྱུར་ན་ནི།
་ཆིངས་མ་དགྲོལ།། རླུང་ཡབ་ཀྱིས་གཡབ་སླར་ཁྲག་དབྱུང་།། སྐྱུར་འབོག་གྱུར་ན་ཉི་མ་ནི།། གཉིས་པ་འམ་གསུམ་པ་དག་ལ་གདབ་ཅེས་བྱ་བ་ལ། གུང་ཞིག་ཁྲག་གཟུགས་ན་བརྒྱལ་བར་གྱུར་ནཱ། གཏར་ཀའི་ཆིངས་མེད་བཀྲོལ་ལ།
་རླུང་ཡབ་ཀྱིས་རླུང་གི་ལགས་ཏེ། བརྒྱལ་བ་དེ་བསངས་ཏེ། དེའི་འོག་ཏུ་སླར་ཁྲག་དབྱུང་བར་བྱའོ།། དེ་ལྟར་བྱས་ཀྱང་སླར་འབོག་པར་གྱུར་ན། དེ་ཚེ་བཅད་ལ་ཉི་མ་གཉིས་པ་འམ། གསུམ་པའི་ཚེ་གཏར་ག་གདབ་ཅིང་ནད་ཁྲག
་དབྱུང་བར་བྱའོ།། རླུང་ཁྲག་གནག་ཅིང་དམར་ལ་རྩུབ།། ཤུགས་དྲག་གསལ་ཞིང་ལྦུ་བ་ཅན།། མཁྲིས་ཁྲག་སེར་ལ་རྩ་གན་གཱ་མནམ།། སྦྱིན་བག་དྲོ་ཞིང་ཚོན་ཅན་ཡིན།། བད་ཀན་ཁྲག་ནི་འཇམ
་ཞིང་སྐྱ།། རྒྱུན་བཅད་འབྱར་ཞིང་སྐ་བ་ཡིན།། འདྲེས་པའི་མཚན་མ་འདྲེས་མེ་ཡིན།། ཉེས་གསུམ་དྲི་མ་རྙོག་མ་ཅན་ཞེས་བྱ་བ་ལ། དེ་ལ་རླུང་གི་ནད་ལས་ནི་ཁྲག་མདོ་ག་གནག་པ་ལ་སོགས་པ་འབྱུང་བར་འགྱུར་ཏེ། གནག
་པ་ནི་ནག་ནོག་ཅན་ལ་ཅུང་ཟད་ཙམ་སྔོ་བའོ།། དམྱུར་བ་ནི་རྩ་དམར་ཞིང་འཚེང་བའོ།། རྩུབ་པ་ནི་སྣུམ་བག་མེད་པའོ།། ཤུགས་དྲག་པོ་ནི་ཤུ་གས་ཀྱིས་འབྱུང་བའོ།། མདོག་གསལ་བ་ནི་གསལ་བའོ།། ལྦུ་བ་ཅན་ནི་ལྦུ་བ་དང
་བཅས་པའོ།། དེ་བཞིན་དུ་མཁྲིས་པ་ལྕེས་གྱུར་པའི་ཁྲག་ནི་མདོག་སེར་བ་དང་། གནག་པར་གྱུར་པ་དང་། མ་ནཱ་མ་ཞིང་དྲི་དེ་བ་དང་། སྦྱིན་བག་སྟེ་ཚ་བས་འཐས་ཤིང་མཁྲང་བག་དུ་ཆགས་པ་དང་། དྲོ་ཞིང་ཚ་བ་འུར་འུར་པོར་འདུག
་པ་དང་། ཚོན་ཅན་ཏེ་རྨ་བྱའི་མཇུག་སྒྲོ་ལྟར་སྣང་བ་ཡིན་ནོ།། པད་ཀན་ལས་གྱུར་པའི་ནད་ཁྲིག་ལ་ནི་འཇམ་ཞིང་སྣུམ་པ་དང་། མདོག་སྐྱེ་བ་དང་། རྒྱུན་ཅན་ནལ་ནུལ་པོ་ཁ་ཆུ་འདྲ་བར་སྣང་བ་དང་། འབྱར་ཞིང་བླ་བག་མེད་པ་དང་།
་བསྐ་ཞིང་འདྲིལ་བ་ཡིན་ནོ།། འདྲེས་པ་ནི་ནང་གཞི་གཉིས་ཀྱི་ལྡན་པ་ལས་གྱུར་པའི་ཁྲག་སྟེ། དེ་ནི་འདྲེན་མ་སྟེ། གང་དང་གང་འདྲེས་པ་དེ་གཉི་གའི་མཚན་མ་དང་འདྲེས་པ་ཞེས་བྱའོ།། ནད་གཞིའི་ཉེས་པོ་གསུམ་ཆར་འདུས་པའི
་ཁྲག་གང་ཡིན་དེ་ནི་དྲི་མ་ཅན་ཏེ། དང་བག་མེད་པ་དང་། རྙོག་པ་དང་ལྡན་ཞིང་ནག་ནོག་གི་ཤས་ཆེ་བ་ཡིན་ནོ།། ཁྲག་ངན་པ་ནི་ཉམ་ཆེ་བའམ། ཚད་ལས་ལྷག་པར་དབྱུང་མི་བྱ།། ཁྲག་ཕྱུང་དྲགས་ན་འཆི་བ་འམ།། རླུང་ནད་མི་བཟད་འབྱུང
་བར་འགྱུར་ཞེས་བྱ་བ་ལ། སྐྱེས་བུ་ཉམ་ཆེ་བ་ཞིག་ཡིན་ན་ཡང་། ཁྲག་ངན་པ་འམ། ནད་ཁྲག་ཚད་དེ་སྲང་བཅུ་དྲུག་པར་དབྱུང་བར་མི་བྱ་སྟེ། ཅིའི་ཕྱིར་ཞེ་ན། ཁྲག་དབྱུང་ཞིང་གཟགས་པ་དྲགས་ན་མྱུར་དུ་འཆི་བར་འགྱུར་བའམ།
་ཡང་ན་རླུང་ནང་ཤིན་ཏུ་གསོ་དཀའ་བ་འབྱུང་བར་འགྱུར་རོ།། དེ་ལ་སྐུ་བྱུག་འོ་མ་ཁུཋག་ཕུང་བླུ་ད་པེ་སྨན་ཡིན་ནོ།། ཞེས་བྱ་བཱ་ལ། ཁྲིག་གཏོན་དྲགས་པ་དེ་ལ་སྨན་གྱི་སྐུ་བྱུག་བྱ་བ་དང་། འོ་མ་དེང་ཤི་ཁུ་བླུད་པ་དང་། རི་དྭགས
་དང་ལུག་ལ་སོགས་པའི་ཁྲག་བཏོན་ཏེ་བླུད་པར་བྱའོ།། ཁྲག་ཕྱུང་ནས་ནི་ཆིངས་མ་དག། དེལ་གྱིས་བཀྲོལ་ལ་ཆུ་བསིལ་གྱིས།། བཀྲུས་ལ་ཏིལ་མར་གྱིས་བྱུག་པའི།། གོས་འཇམ་གྱིས་ནི་རྨ་ཁ་དཱ་ཀྲི་ཞེས་བྱ་བ་ལ། ཁྲག
་དབྱུང་ཞིང་གཟགས་ནས་ཆི་དུས་མདལ་གྱིས་གློད་དེ་བཀྲོལ་ལ། ཆུ་བསིལ་བས་ཁྲག་རྗེས་བཀྲུས་ལ། རྩའི་སྒོ་ཏིལ་མར་གྱིས་བྱུགས་པའི་གོས་འཇམ་པོས་རྨ་ཁ་གཡོགས་ལ། དེའི་འོག་ཏུ་བཅིང་བར་བྱའོ།། ཁྲག
་ནད་ཡོད་ན་ཕྱི་འཕྲེང་དམ། ཕྱི་དེ་ཉིན་པར་སླར་ཡང་དབྱུང་།། ཤིན་ཏུ་གནོད་པའི་ཁྲག་ཟླ་ཕྱེད།། སྣུམ་གྱིས་རྟས་པ་ལུས་ལས་བྱུང་ཞེས་བྱ་བ་ལ། ཁྲག་མ་དག་ཅིང་ནད་ཡོད་པར་གྱུར་ན། ཕྱི་འཕྲེད་ཀྱིས་སླར་ཡང་དབྱུང་བར
་བྱའོ།། ཡང་ན་ཕྱི་དེ་ཉིན་དེ། ཉི་མ་གཉིས་པར་བསྒྱུར་བར་བྱའོ།། ཤིན་ཏུ་གནོད་པརི་ཁྲག་ཡང་ཡོད་ན་ཟླ་བ་ཕྱེད་ནས་སྣུམ་བརྟ་ཞིང་ཞེན་པར་བྱའི་ལུས་ལས་དབྱུང་བར་བྱའོ།། ཁྲག་ངན་ཅུང་ཟད་ལུས་ཀྱང་ནི།། ནང
་ནི་ལྷག་པར་མི་སྐྱེད་པས།། དེ་ཕྱིར་ལྕུག་མ་ཡོད་གྱུར་ཀྱང་།། བཞག་གཽ་ཤས་ཚོར་མི་དབྱུང་།། ཞེས་བྱ་བ་ལ། གང་གི་ཕྱིར་ཁྲག་ནད་ཅན་ངོ་ན་པ་ཅུང་ཟད་ལུས་པར་གྱུར་ཀྱང་། དེ་ལས་བྱུང་བའི་ནད་ལྷག་པར་མི་སྐྱེད་ཅིང་བྱ་བ་ལ
་བརྒལ་ཏེ། གནས་གཞན་དུ་མི་འགྲོ་བས་དེའི་ཕྱིར་ལྷག་མ་ཅུང་ཟད་ཡོད་དུ་ཟིན་ཀྱང་ཤ་ས་རྗེར་མི་འབྱུང་གི། ལྷག་མ་དང་བཅས་པར་བཞག་སྟེ། ཁྲག་ནི་སྲོག་གི་རྟེན་ཡིན་པའི་ཕྱིར་རོ།། དེ་ཡང་དྲང་སྲོང་ལོགས་མཐོང་གིས།། །
་མཁས་པས་ནད་བཅས་ཁྲི་ག་ཀྱང་ནི།། ལྷག་མ་ཅུང་ཟད་ཡོད་བྱ་ཡི།། ལྷག་པར་དབྱུང་བར་མི་བྱ་སྟེ།། ལྷག་མ་ཞི་བས་བསལ་བར་བྱ།། ནད་ཁྲག་ལྷག་མ་ཅུང་ཟད་ལུས།། ནད་ནཽ་ཤས་ཆེར་མི་སྐྱེད་དེ།། དེ་བས་ལྷག་མར་བཅས
་བཞག་གི། སྦྱོར་བ་དག་པར་མི་བྱའོ།། ཞེས་བཤད་པ་ཡིན་ནོ།། ལྷག་མ་རྔབས་ར་སོགས་གདབ་པའམ།། ཡང་ན་སྤྱོད་བསིལ་ཁྲག་མཁྲིས་བསལ།། སྦྱར་དང་བསྐམ་པའི་བྱེ་བྲག་ནི།། གསོ་བས་དེ་ནི་དད་པར་བྱ་ཞེས་བྱ་བ་ལ།
་ནང་ཁྲག་ལྷག་མ་ལུས་པ་སྟེ།། རྔབས་རྭ་གདབ་པ་ལ་སོགས་པས་བསལ་བར་བྱ་བའམ། ཡང་ན་སྤྱོད་ལམ་ནི་བསིལ་བ་སྟེ། ཆུ་བསིལ་བ་བླུགས་པ་ལ་སོགས་པ་ཁྲག་དང་མཁྲིས་པ་གསལ་ཞིང་གསོ་བའི་ཐབས
་དང་ཟས་དང་སྨན་སྣུམ་པ་དང་། མངར་བ་བསྟན་པ་དང་སྦྱར་བ་སྟེ། སྨོན་དང་ཁྲུས་ཀྱི་ཚུལ་དང་། བསྐམ་པ་སྟེ། སྨྱུང་བར་གནས་པ་ལ་སོགས་པའི་བྱེ་བྲག་གི་གསོ་བསྡུ་དང་བར་བྱ་ཞིང་བསལ་བར་བྱའོ།། ནད་ཁྲག
་རབ་རྒྱུས་མ་གྱུར་པའམ། དེ་འདྲའི་ཐབས་ཀྱིས་གསོ་བོར་བྱ་ཞེས་བྱ་བ་ལ། ནང་ཁྲག་ཤིནྡྲ་ནྱས་ཤིང་རབ་ཏུ་བདེ་བབོར་མ་གྱུར་པ་ལའང་སྤྱོད་ལམ་བསོལ་བར་བྱ་བ་ལ་སོགས་པ་དེ་དག་གིས་གསོ་བོར་བྱ་ཞིང་དང
་བར་བྱའོ།། ནད་ཁྲག་རྒྱས་པར་གྱུར་པ་ལ་ནི་གཏར་ག་གདབ་པ་ལཱ་སྩོགས་པ་ཁྲགྣ་དབྱུང་བའི་ཐུབས་ཀྱིས་དབྱུང་བར་བྱའོ།། ཁྲག་གི་རྒྱུན་ནི་མཆོད་ན།། བཅོད་པའི་སྦྱོར་བ་མྱུར་བར་བྱ་ཞེས་བྱ་བ་ལོ།། ཁྲག་གི
་རྒྱུན་བྱུང་བ་མ་ཆོད་ཅིང་བདེ་བར་གནས་པར་མ་གྱུར་ན། བཅད་པའི་སྦྱོར་གྱུར་ཞིང་རིངས་པར་བྱའོ།། སོང་ཕྲོམ་མ་ཤིང་པྲཱི་ཡང་ཀུ། མཱུ་ཥ་ཤཱིང་མངར་ཡུག་རྣམ་བཙག། ཀྱོ་དུམ་བ.རེ་མ་སྣག་ཚ་དང་།། འོ་མ་ཅནྡ་ཤིང་ཤུག
་མ། བཏགས་པའི་ཕྱེ་ས་མཁར་གདུ་བ།། སྨུག་སོགས་རྒྱུ་གྲང་སྦྱར་ལོ་བླུད་ཅེས་བྱ་བ་ལ། དེ་ལྟར་ཁྲག་བཅད་པར་བྱ་བའི་ཕྱིར། སེང་ཕྲོ་མ་ལ་སོགས་པའི་ཕྱེ་མརྨྨའི་སྒོར་གདབ་པ་དང་། ཤུག་པ་ལ་སོགས་པའི་སྡེ་ཚུན
་དང་སྦྱར་བའི་ཆུ་གྲང་བླུད་པར་བྱའོ།། འོ་མ་ཅན་གྱི་ཤིང་ནི་ནྱ་གྲོ་དྷ་དང་། ཨ་ཤྭེ་དྷ་ལ་སོགས་པའི་ཤུན་པ་དང་ལའོ།། གཞན་ནི་གོ་བར་ཟད་ངོ་།། ཡང་ན་རྩ་བཏབ་དེ་གོང་གི་རྩ་དེ་ཉིད་ལས་གཏར་ག་བཏབ།། ཡང་ན་ཐུར་མ་བསྲེགས
་པ་ཡིས།། རྨ་ཁ་མྱུར་དུ་བསྲེག་པར་བྱ་ཞེས་བྱ་བ་ལ། བཅད་པའི་སྦྱོར་བ་གཞན་ཡང་སྔར་བཅད་པའི་རྩ་དེ་ཉིད་ཀྱི་གོང་རོལ་དུ་གཏར་ག་གདབ་པར་བྱའོ།། ཡང་རྣམ་པ་ཐམས་ཅད་དུ་ཁྲག་ཆོད་པར་མ་གྱུར་ན། ཟུར་མ
་མེར་བསྲེགས་པས་རྨ་ཁ་མྱུར་དུ་བསྲེགས་པར་བྱའོ།། བཅིང་བ་ཉེས་པས་ལམ་ལོས་ལ་གནས་ཏེ།། ནང་ནི་རྒྱས་པས་ཁྲག་ནི་འཁྲུགས་གྱུར་པ།། རང་གི་གནས་སུ་སླར་ཕྱིན་མ་གྱུར་པ།། དེ་སྲིད་ཟས་དང་སྤྱོད་ལམ་ཕན་པ་བསྟེན།། ཞེས་བྱ།
་བ་ལ། གཏར་གའི་བཅིང་བ་ཉེས་ཤིང་མ་ལེགས་པས་རླུང་དང་མཁྲིས་པ་དང་བདྨ་ཀན་གྱི་ནད་གང་རང་གི་གནས་ནས་རྒལ་ཏེ། ལམ་ལོག་པར་གནས་པས་ན་ཁྲག་ཏུ་གྱུར་པ་དེ་རང་གི་གནས་སུ་ཕྱིན་པར་མོ་གྱུར་ཅིང་། རང་གི་ལམ་དུ་གནས
་པར་མ་གྱུར་པ་དེ་སྲིད་ཀྱི་བར་དུ་ཟས་དང་སྤྱོད་ལམ་ལ་སོགས་པ་ཕན་ཞིང་གནོད་པ་མེད་པ་ལ་བརྟེན་པར་བྱའོ།། ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་ལ་འདིར་སྤྱོད་ལམ་ཞེས་བྱའོ།། ཤིན་ཏུ་ཆ་གྲང་མ་ཡིན་ཡང་དྲོད་བསྐྱེད།། ཁྲག་སེལ་བྱེད་པ
་བཟའ་བ་དང་བཏུང་བ་ཕན།། དེ་ཚེ་ལུས་དོང་ཁྲག་ནི་བདེར་གནས་པས།། ཁྱད་པར་དུ་ནི་མེ་ལས་བསྲུང་བོར་བྱ།། ཞེས་བྱ་བ་ལ། ཁྲག་དབྱུང་ཞིང་གཟེགས་ནསོ་ཟས་དང་སྐོམོ་ཤིན་ཏུ་ཚ་བ་དང་། ཤིན་ཏུ་གྲང་བ་ནི་གནོད་པ་མ་ཡིན་ཏེ། ཤིནཽ་ཏུ་ཚ
་ན་ནི་སླར་ཁྲག་བསྐྱེད་པར་འགྱུར་ལ། ཤིན་ཏུ་གྲང་བ་ནི་མེ་དྲོད་ཉམ་པ་བྱེད་པ་ཡིན་ཏེ། དེ་བས་ན་གཉི་ག་མ་ཡིན་པ་བསྟན་པ་དང་། དེ་བཞིན་དུ་རང་བཞིན་གྱིས་གཡོས་སུ་བྱས་པོའི་བཟའ་བཏུང་དང་། ཕོ་བའི་མེ་དྲོད་བསྐྱེད་པའི་ཟས་སྐོམ
་ཡང་སྦྱིན་པར་བྱ་སྟེ། གང་ག་ཕྱིར་དེའི་ཚེ་ལུས་ལ་བདེ་བར་མི་གནས་པས་ཡང་དེ་ནི་མཁྲིས་པའི་གནས་ཡིན་ལ། མཁྲིས་པ་ནི་མེས་བསྐྱེད་དེ། དེའི་ཕྱིར་ཁྱད་པར་དུ་མེ་ལས་བསྲུང་བར་བྱ་ཞིང་རྣམ་པ་དུ་མས་བསྲུང་བར་བྱའོ།། མངག་དང་དབང
་པོ་ག་སྩལ་ཞིང་དབང་པོ་ཡུལཱ~ཾ།། འདོད་ཅིང་ཟས་འཇུ་ཤུགས་ཀྱང་བདེ་བར་འཇུག། བདེ་དང་ལྡན་ཞིང་སྟོབས་ནི་ཕུན་སུམ་ཚོགས།། མི་ཡི་ནང་ཁྲག་དག་པ་ཡིན་པར་བཤད་ཅེས་བྱ་བ་ལ། སྐྱེས་བུ་འདི་ལྟ་བུ་ནི་ནང་ཁྲག་མེད་པ་ཡིན་པར
་དྲང་སྲོང་རྣམས་ཀྱིས་བཤད་ཅིང་བསྟན་ཏོ།། དེ་ཡང་སྐྱོ་དེའི་ལུས་ཀྱི་མདོག་དང་། དབང་པོ་རྣམས་གསལ་ཞིང་དང་བའི་བདག་ཉིད་ཅན་ཡིན་པར་དང་། དེ་ཉིད་ནི་དབང་པོའི་ཡུལ་འདོད་ཅིང་ཡུལ་ལ་དགའ་བ་དང་། ཟས་འཇུ་བ་ཡི་ནི་ཕོ་བའི
་མེ་དྲོད་ལ་བྱ་ལ། དེའི་ཤུགས་ནི་ནུས་པ་ལ་བྱ་སྟེ། ཟོས་འཇུ་བ་དེ་ཐོགས་པ་མེད་པ་དང་། ཟིལ་གྱིས་མི་ནོན་པར་བདེ་བར་འབྱུང་བ་དང་། དེ་བཞིན་དུ་བདེ་བ་དང་ལྡན་པ་སྟེ། ནད་མེད་པ་དང་ལྡན་པ་དང་། དེ་བཞིན་དུ་སྟོབས་དང་ལུས
་རྒྱས་པ་ཕུན་སུམ་ཚོགས་པ་དང་ལྡན་པའི་མི་ནི་ནང་ཁྲག་ཡོངས་སུ་དག་པ་ཡིན་ནོ་ཞེས་བཤད་པ་ཡིན་ནོ།། ། ཡན་ལགེ་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ། ཚིག་གི་དོན་གྱི་ཟླ་ཟེར་ཞེས
་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ཉེ་བར་སྦྱར་བ་ལས། ལེའུ་ཉི་ཤུ་རྩ་བདུན་པའི་རྣམ་པར་འགྲེལ་པའོ།། །། དེ་ནས་ཟུག་རྔུ་དབྱུང་བའི་ཆོ་གའི་ལེའུ་བཤད་པར་བྱའོ།། ཞེས་བྱ་བ་ལ། འདི་བརྩམས་པའི་འགྲེལ་པ་འདི
་ཡིན་ཏེ། ནད་ཁྲག་ཏུ་གྱུར་པ་གང་ཡིན་པ་དེ་ནི་གཏར་ག་གདབ་པའི་ཐབས་ཀྱིས་དབྱུང་དགོས་པས་གོང་དུ་བཤད་པས་ན་དེའི་འོག་ཏུ་ཁོང་དུ་མཚོན་ལུས་པ་ཟུག་རྔུ་ཞེས་བྱ་བ་ཡང་དབྱུང་དགོས་པས།
་དེའི་འོག་ཏུ་འདི་བརྩམས་པ་ཡིན་ནོ།། ཟུག་རྔུའི་བགྲོད་པ་རྣམ་པ་ལྔ་སྟེ། ཡོ་དྲང་ཐང་ཀ་སྟེང་དང་འོག་ཅེས་བྱ་བཱ་ལ། ཟུག་རྔུ་སྟེང་མཚོན་ལུས་པའི་བགྲོད་པའི་ལམ་ནི། ཡོ་བ་ལ་སོགས་པའི་རྣམ་པས་རྣམ་པ་ལྔ་ཡོད་པ
་ཤེས་པར་བྱའོ།། ཁ་གནག་སྐུང་དང་ནད་དང་བཅས།། ཡང་དང་ཡང་དུ་ཁྲག་འཛག་ལ།། རྨ་ཡི་ཉེ་འཁོར་མཐོ་ཞིང་གྲོ།། ཆུ་ཛུར་ལྟ་བུའི་ཐོར་བུ་འབྱུང་།། ཤ་ནི་འཇམ་པོར་ལུས་མདོར་ན།། ཥེ་ནི་ཟུག་རྔུ་ཡོད་ཅེས་ཞེས་བྱ
་ཁོང་པའི་ནང་ན་མཚོན་ཡོད་པའི་མཚན་ཉིད་ནི། མདོར་ན་འདི་ལྟར་ཤེས་པར་བྱ་ཞིང་ཁོང་དུ་ཆུད་པར་བྱའོ།། ཇི་ལྟ་བུ་ཀླེ་ནཱ། རྨའི་སྒོ་ཁ་གནག་ཅིང་དྲི་མ་ཅན་དང་། དེ་བཞིན་དུ་རྨ་སྐྲང་ཞིང་ན་བ་དང་བཅས་པ་དང་། དེ་བཞིན་དུ་ཡང
་དང་ཡང་འཛག་ཅིང་འབྱུང་བ་དང་། དེ་བཞིན་དུ་རྨའི་ཉེ་འཁོར་དཔངས་སུ་མཐོང་ཞིང་གློ་བ་དང་། ཆུའི་ཆུ་བུར་ལྟ་བུར་ཐོར་བུ་འབྱུང་བ་དང་། དེ་བཞིན་དུ་ཤ་མདངས་འཇམ་ཞིང་ཤེ་སྙི་བར་གྱུར་པ་ཡིན་ནོ།། ཁྱད་པར་དུ་ནི་དཔགས
་པར་ནི།། མཚོན་ལུས་མདོག་ཉམས་སྲ་བ་དང་།། སྐྲངས་པར་འགྱུར་རོ་ཞེས་བྱ་བ་ལ། ཁྱད་པར་རམ་བྱེ་བྲག་ཏུ་པགས་པའི་ནང་དུ་མཚོན་ལུས་པ་ན་པགས་པའི་མདོག་མི་སྡུག་པར་འགྱུར་བ་དང་། སྲ་ཞིང་མཁྲང་བག
་ཏུ་གནས་པ་དང་། ཆུར་སྐྲངས་པར་འགྱུར་རོ།། ཤཱར་གནས་པ། ནཱད་དང་སྐྲངས་པ་ལྷག་པར་འཕེལ།། བཙིར་བས་མི་བཟོད་སྨིན་པ་དང་།། རྨཱ་ཡི་སྒོ་ནི་འདྲུབ་མི་ཤེས་ཞེས་བྱ་བ་ལ། ཤཱའི་དུམ་བུ་ལུས་པ། ཤ་ལ་གནས་པ་ནི
་ལྷག་པར་ན་ཞིང་སྙུངས་པའི་ཚབས་ལྡག་པར་འཕེལ་བ་དང་། བཙིར་ཞིང་མནན་པར་མི་བཟོད་པ་དང་། མཚོན་གང་ན་གནས་པ་དེར་སྨིན་ཞིང་སྔགས་པ་དང་། བུག་རྔུ་ཟུག་པའི་རྨའི་ཁ་འདྲུབ་ཅིང་འཚོ་བ་མི་ཤེས་པ་ཡིན།།
་ཉ་ཡི་ནང་ཕུག་ཤར་ཟུག་དང་།། འདྲ་ལས་སྦྱངས་བག་མེད་པ་ཡིན་ཞེས་བྱ་བ་ལ། བྱིན་པ་ལ་སོགས་པའི་ཉའི་ནང་དུ་གནས་པའི་ཟུག་རྔུའི་མཚན་ཉིད་མི་ཤ་ལ་ཟུག་པ་དང་འདྲ་བ་ལས་སྐྲངས་བགེ་མེད་དེ། དེ་མ་གཏོགས་པ་ཡི་མོ།།
་དེ་ལ་ལུས་ལ་ཉ་ཞེས་བྱ་བའི་ཤཱ་ལྔ་བརྒྱ་ཡོད་པར་འོག་ནས་བཤད་དེ། ཤའི་ཆར་གཏོགས་པ་ཟླ་བ་ཚེས་པ་ལ་སོགས་པའི་དབྱིབས་ཅན་ལ་ཉ་ཞེས་བྱའོ།། ཆུ་བའི་དྲ་བའི་ནང་ལུས་པའི།། ཆུ་བ་ལས་ནི་དབྱུང་དཀའ་ཞིང་།
་བསྐུལ་དཀའ་བསྐྱོད་ཚོ་རེངས་ཤིང་ན་ཞེས་བྱ་བ་ལ། ཆུ་བའི་དྲ་བའི་ནང་དུ་མཚོན་ལུས་པ་ནི། ཆུ་བ་ལས་དབྱུང་བར་དཀའ་བ་དང་། བསྒུལ་བར་དཀའ་ཞིང་ན་བ་དང་། བསྐྱོད་པའི་ཚེ་ལྷག་པར་མི་བཟོད་པ་དང་། ཤིང་ལྟར་རེངས
་ཤིང་འཇས་པ་དང་།། ན་བ་ལྷང་ལྷང་པོར་བྱེད་པ་ཡིན་ཏེ། ཟུག་རྔུ་འདི་ནི་ལྷག་པར་འབྱུང་དཀའ་བར་འགྱུརརོ།། རྩ་ལ་བརྟེན་པ་རྩ་སྐྲངས་འགྱུར་ཞེས་བྱ་བ་ལ། ཟུག་རྔུ་རྩོ་ཟུག་རྩར་གནས་པ་ནི་རྩ་སྐྲངས་ཤིང་སྤོས་བག་ཏུ
་འགྱུར་བའོ།། བུ་གའི་སྦུབས་གནས་སྦུབས་ཀྱིས་ནི། རང་གི་ལས་དང་ཡོན་ཏན་ཉམས་ཞེས་བྱ་བ་ལ། བུ་གར་གནས་པའི་ཟུག་རྔུ་ནི་རང་གི་གནས་དང་། ཡོན་ཏན་ལས་ཉམས་པར་འགྱུར་རོ།། དེ་ཡང་བུ་གའི
་སྦུབས་ནི་དབུགས་དང་། ལུས་ཟུངས་དང་། དྲི་མ་དང་ཆུ་རྣམས་རྒྱུ་བའི་གནས་བཅུ་གསུམ་མོ།། དེ་དག་རང་གི་ལས་དང་། དེ་བཞིན་དུ་ཡོན་ཏན་ཉམས་ཤིང་འཇིག་པར་འགྱུར་རོ།། རྩ་ཆེན་གནས་པ་དབུག་དང་ཁྲག། ལྦུ་བ་ཅན་དུ
་འབྱུང་འགྱུར་ཞིང་།། སྒྲ་དང་བཅས་པ་འབྱུང་བ་དང་།། སྙིང་ན་ཡན་ལག་ན་བཅས་འགྱུར་ཞེས་བྱ་བ་ལ། རྩ་ཆེན་པོ་སྦུབས་ཅན་དུ་གནས་པའི་ཟུག་རྔུ་ནི། སྦུབས་དང་ཁྲག་འདྲེས་པ་ལྦུ་བ་ཅན་དུ་འབྱུང་བར་འགྱུར་བ་དང་། དབུག
་ང་རླུང་དེ་སྒྲ་དང་བཅས་པར་འགྱུར་བ། སྙིང་ག་ན་ཞིང་མེར་མེར་པོར་སེམས་པ་དང་། ཡན་ལག་ན་ཞིང་སྙོམ་པ་དང་བཅས་པར་འགྱུར་རོ།། རུས་ཚིགས་བོགསེ་རེར་མཚན་ལུས་པ། རུས་རྩེ་ཚབས་ཚེ་རིན་པར་འགྱུར་ཞེས་བྱ་བ་ལ།
་རུས་པའི་ཚིགས་ཀྱི་མགོ་རེར་མཚོན་གྱི་དུམ་བུ་ལུས་པ་ནི་རུས་པ་ཤིན་ཏུ་རྩེ་ཞིང་ཟུག་པ་དང་། བསྐྱོད་ཅིང་བསྐུལ་བ་ན་ཤས་ཆེན་པོར་ན་བར་འགྱུར་རོ།། རུས་གནས་ནད་མང་སྐྲངས་པར་བྱེད་ཅེས་བྱ་བ་ལ། མཚོན་གྱི་ཟུག་རྔུ་རུས་པའི
་ནང་ན་གནས་པ་ནི། ནང་མང་པོ་སྣ་ཚོགས་པ་སྐྱེད་པར་བྱེད་དོ།། ཕལ་ཆེར་ཆག་པ་དང་། གྲུམས་པོ་དང་། འདོར་བ་དང་། གནོད་ཅིང་ཟུག་པར་འགྱུར་བ་དང་། དེ་བཞིན་དུ་སྐྲངས་པར་བྱེད་པར་ཡང་འགྱུར་རོ།། ཚོགས་ལ་གནས་པ་དེ
་འདྲ་དང་། བསྐྱོད་པར་དཀའ་བ་དག་ཏུ་འགྱུར་ཞེས་བྱ་བ་ལ། ཚིགས་ལ་གནས་པའི་ཟུག་རྔུ་ནི་རུས་པར་གནས་པ་དང་འདྲ་བར་འགྱུར་བ་དང་། དེ་བཞིན་དུ་བར་དཀའ་ཞིང་བསྐུལ་མི་བཟོད་པར་འགྱུར་རོ།། ནང་གྲོལ་ནང་ཡོད་འཁྲུག་པ་དང་། སྤོ
་བཞིན་ཁ་ཟས་ངན་སྐྱུགས་གཅིན།། རྨ་ཡི་ཁར་ནི་འབྱུང་བར་འགྱུར་ཞེས་བྱ་བ་ལ། ནང་ཁྲོལ་གྱི་ནང་དུ་ལུས་པའི་མཚོན་ནི། འཁྲུག་ཅིང་རྒྱུ་མའི་སྒྲ་ཀྲུག་ཀྲུག་ཟེར་བ་དང་། སྤོས་ཤིང་དབུགས་ཀྱིས་རྒྱས་པ་དང་། དེ་བཞིན་དུ་ཁ
་ཟས་དང་། ངན་སྐྱེ་གས་དང་། གཅིན་རྨའི་ཁར་འབྱུང་ཞིང་སྣང་བར་འགྱུར་རོ།། གནད་ཀྱི་ནང་དུ་མཚོན་ལུས་པ།། གནད་ཟུག་མཚན་ཉིད་ལས་ཤེས་བྱ་ཞེས་བྱ་བ་ལ། གནད་རྣམས་ཀྱི་ནང་དུ་མཚོན་ལུས་པ་ནི་ཟུག་རྔུ་ནི
་གནད་དུ་ཟུག་ཅི་བསྣུན་པའི་མཚན་ཉིད་གང་དགེ་བཤད་པ་དེའི་ཚུལ་ལས་ཤེས་པར་བྱའོ།། པགས་པ་ལ་སོགས་རང་རང་ནི། ཇི་ལྟར་འཛག་ལས་ཤེས་པར་བྱ་ཞེས་བྱ་བ་ལ། པགས་པ་ལ་སོགས་པ་ནས་གན
་ཀྱི་ནང་དུ་མཚན་གྱི་དུམའི་བུ་ལུས་པ་དག་སྔར་བསྟན་པའི་མཚན་ཉིད་དེ་དག་ལས་ཤེས་པར་བྱ་བ་འབའ་ཞིག་ཏུ་མ་ཟད་ཀྱི་རང་རང་གི་གནས་ལས་ཇི་ལྟར་འཛག་པ་ལས་ཀྱང་ཟུག་རྔུ་ཡོད་པར་ཤེས་པར་བྱའོ།། སྐྱོན
་མེད་ལུས་ཀྱི་རྨ་འཚོ་སྟེ། དེ་ནི་གནོད་པ་མེད་པར་གནས།། ནང་འཁྲུགས་གནད་པ་ལ་སོགས་ཀྱིས།། གློངས་ནས་སླར་ཡང་གནོད་པ་བསྐྱེད།། ཅེས་བྱ་བ་ལ། སྐྱེས་བུ་ལུས་ནད་ཀྱིས་སྐྱོན་མེད་པའི་ཟུག་རྔུ་དེ་ནི་རྗེས
་མཐུན་པར་གནས་པ་དག་གི་རྨ་ཡང་འཚོ་བར་བྱེད་ཅིང་གནོད་པ་མེད་པར་འགྱུར་མོད་ཀྱི། རྨ་འཚོ་ཟིན་ནས་ཀྱང་ནང་གཞི་འཁྲུགས་པ་དང་། སྣད་པ་དང་། རྩོལ་བས་བསྐྱོད་པ་ལ་སོགས་པའི
་དབོང་གིས་གློངས་པ་དང་། སླར་ཡང་ལུས་ལ་གནོད་པ་བསྐྱེད་ཅིང་ནད་དུ་གྱུར་པ་ཡིན་ནོ།། གང་ཡང་རུང་བས་པགས་པ་ཉམས།། བསྐུ་དང་མཉེ་དང་དུགས་བྱས་དང་།། མདོག་དམར་ན་ཞིང་ཚོ་ལ་འཁྲུག། ཡང་ན་གང
་དུ་མར་བཞག་འཇུ།། ལྡེ་གུ་བྱུགས་པས་མྱུར་དུ་བསྐམས།། གནས་དེར་ཟུག་རྔུ་བཅས་ཤེས་བྱ་ཞེས་བྱ་བ་ལ། ཟུག་རྔུ་པགས་པའི་ནང་དུ་ཟུག་ཅིང་།། མི་མངོན་པོར་གྱུར་པ་ནི་ལུས་ཀྱི་ཕྱོགས་གང་དུ་ཟུག་པར་པགས་པ
་ཉམུས་པ་དང་། བསྐུ་བ་ལ་སོགས་པས་བྱིས་པས་མདོག་དམར་བ་དང་། ན་ཞིང་ཟུག་པ་དང་། ཚ་པ་དང་། འཁྲུག་ཅིང་བསྐྱོད་པ་ནན་པར་འགྱུར་ཏེ། དེ་ལྟ་བུའི་གནས་དེ་ནི། ཟུག་རྔུ་དང་བཅས་པ་ཡིན་པར་ཤེས་པར
་བྱའོ།། ཡ་ཏྲ་ན་པགྲེས་པའི་ཕྱོགས་གང་དུ་ན་སར་མར་བཞག་ན་མྱུར་དུ་འཇུ་བར་འགྱུར་བའམ། ལྡེ་གུ་བྱུགས་པ་མྱུར་དུ་བསྐམས་པར་གྱུར་ན། གནས་དེ་ཡང་ཟུག་རྔུ་དང་བཅས་པར་ཤེས་པར་བྱའོ།། ཤར་ལུས་སྦྱ
་བཽ་བྱས་པ་ཡིས།། སྐེམ་བྱས་ལྗོངས་གྱུར་བ་སྐུལ་བ་དང་།། བཙན་དམེར་སོགས་ཀྱིས་ཤེས་པར་བྱ་ཞེས་བྱེ་བ་ལ། ཟུ་ག་ཙུ་ཤའི་ནང་དུ་ལུས་པ་མི་སྣང་བར་གྱུར་པ་ནི། སྦྱང་བ་བྱ་བ་སྟེ། སློན་སྨན་དང་བཀྲུ་སྨན་ལོ
་སོགས་པ་བྱས་པས་ལུས་སྐེམ་ཞིང་སྦེད་པར་བྱ་བ་ལ། སྐེམས་པར་བྱས་པ་དེས་ལྷོད་ཅིང་ཡང་བག་ཏུ་གྱུར་པ་དང་བསྒུལ་བ་དང་། བཙན་དམར་པོ་ཡོད་པ་དང་། ན་བ་ལ་སོགས་པའི་ཚུལ་གྱིས་ཟུག་རྔུ་ཡོད་པར་ཤེས
་པར་བྱའོ།། ཉ་དང་རུས་ཚིགས་ནང་གྲོལ་གྱི།། ཟློག་རྔུའང་དེ་བཞིན་ཤེས་པར་བྱ་ཞེས་བྱ་བ་ལ། ཉ་དང་རུས་པའི་ཚོགས་ལ་གནས་པ་དང་། ནང་གྲོལ་ནི་གནས་པའི་ཟུག་རྔུ་ནི་སློན་སྨན་ལ་སོགས་པའི་སྦྱང་བས་སྐེམ་པོར་བྱས་ཏེ།
་ལྷོང་པོར་གྱུར་པ་དང་། བསྐུལ་བ་དྲུང་། བརྩན་པ་ལ་སོགས་པས་ན་བར་གྱུར་པ་གོང་ན་ཡོད་པ་དེ་ན་ཟུག་རྔུ་ཡོད་པར་ཤེས་པར་བྱའོ།། ཤ་ལ་ཟུག་རྔུ་དང་འདྲ་བར་ཤེས་པར་བྱ་སྟེ། རུས་པས་ཟུག་རྔུ་མ་རུངས་འགྱུར།། རུས་པོ་བསྐུ
་དང་དུགས་བྱ་ཞིང་།། མཉེ་དང་བཙིར་བར་ཤེས་པར་བྱ་ཞེས་བྱ་བ་ལ། རུས་པ་ནང་དུ་ལུས་པའི་མཚན་མི་མངོན་པར་གྱུར་པ་ནི། རུས་པ་མ་རུངས་ཤིང་མདོག་ཉམས་པ་དང་། རུས་པ་བསྐུ་བ་ལ་སོགས་པ་བྱ་བ་ནི་གནོད་པ་ཡོད
་པ་ལས་ཤེས་པར་བྱའོ།། རུས་ཚིགས་གནས་པ་རུསཽ་འདྲ་དང་།། བརྐྱང་དང་བསྐུམ་པས་ཤེས་པར་བྱ་ཞེས་བྱ་བ་ལ།། རུས་པའི་ཚིགས་ལ་གནས་པའི་ཟུགས་རྔུ་མི་མངོན་པ་ནི། རུས་པ་དེ་ང་འདྲ་བར་བསྐུ་བོ་དང་། དུགས་བྱ་བ་ལ
་སོགས་ཤེས་པར་བྱ་བ་དང་། བརྐྱང་བ་དང་། བསྐུམ་པའི་བསྐུལ་བསྐྱོད་ལས་ཤེས་པར་བྱའོ།། ཆུ་བ་རྩ་དོང་རྩ་ཆེན་སྦུབས།། ཟུག་རྔུ་མི་མཉམ་ལམ་འགྲོ་དེང་།། ཤིང་རྟ་ཆགས་པའི་རྟ་དང་ནི།། ལྡན་པར་ནད་པ་བསྐྱོན་ནས་སུ།།
་མྱུར་དུ་དྲངས་ནས་དེ་ནས་ནི།། བསྐྱོད་པས་ཟུག་རྔུ་ཤེས་པར་བྱ།། ཞེས་བྱ་བ་ལ། ཆུ་བ་ལ་སོགས་པར་ནུབ་ཅིང་མི་མངོན་པའི་ཟུག་རྔུ་ནི། མི་མཉམ་པའི་ལམུ་སྟེ། ལམ་མཐོ་དམའ་ཅན་དུ་ཤིང་རྟ་འཁོར་ལོ་ཆགས
་པ། རྟས་བླངས་པ་ལ་བ་སྐྱོན་ནས་དེའི་འོག་ཏུ་མྱུར་དུ་དྲངས་ཏེ། གནསའི་གཞན་དུ་བསྐྱོད་པ་དང་། དེ་ནས་བསྐྱོད་པ་དེས་རྩ་དམར་བ་དང་། རྩ་བ་ལ་སོགས་པ་ནས། ཟུག་རྔུ་གང་ན་ཡོད་པ་ཤེས་པར་བྱ་ཞིང་བརྟག་པར་བྱའོ།། གནད་ཟུག
་ལོགས་ཤིག་མ་བཤད་དོ།། དེ་རྣམས་ཤ་སོ་གསོ་ལ་གནས་ཡིན་ཞེས་བྱ་བ་ལོ། གནང་དུ་ཟུག་ཅིང་མི་སྣང་བར་གྱུར་པའི་ཟུག་རྔུའི་མཚན་ཉིད་ནི་ལོགས་ཤོག་ཏུ་མ་བཤད་དེ། དེ་རྣམས་ནི་ཤ་ལ་སོགས་པ་ཉིད་ལ་གནས་པར
་སྔར་བཤད་པས་ལེགས་ཤིག་ཏུ་དགར་དུ་མེད་དོ།། སྤྱིར་ནི་ཟུག་རྔུར་བཅས་པོ་སྤྱོད་པའི།། བྱ་བས་ནི་བཅས་ལས་ཤེས་བྱ་ཞེས་བྱ་བ་ལ། སྤྱིར་ན་ལུས་ཀྱི་ཕྱོགས་གང་ནི་ཟུག་རྔུ་ཡོད་ཅིང་ནང་ན་མཚོན་ལུས་པ་དང་བཅས་པ་ནི་བསྐྱོད་པའི
་བྱ་བས། ཤེས་པ་གླང་པོ་ཆེའི་རྒྱུ་བ་དང་། རྟ་བསྐྱོན་པོ་དང་། ཤིང་ལ་འཛེག་པ་དང་། རྟ་རྒྱུག་པ་དང་། མྱུར་བ་དང་། རྒྱ་ལོ་བྱས་པོ་དང་། མདའ་འཕེན་པ་དང་། གྲལ་དང་སྦེད་པ་དང་། སྒྲེགས་པ་དང་། ལུད་པ་ལྦུ་བ་དང་། མཆིལ་མོ་དྲག
་ཏུ་འདོར་བ་དང་། ནོད་པ་དང་། དབུགས་རྔུབ་པ་དང་། འབྱུང་བ་ནན་པ་དང་བཅས་པ་ལས་ཅི་ཤེས་པར་བྱའོ།། མདོར་ན་ཟླུམ་དང་གྱེས་པ་དང་།། ཟུར་བཞི་པ་དང་བུར་གསུམ་པའི།། མ་ཡི་དབྱིབས་ལ་ཟུག་རྔུ་ནི།། མི་མངོན་རྣམ་པར་ཤེས
་པར་བྱ་ཞེས་བྱ་བ་ལ། མདོར་བསྡུ་མ་མི་མངོན་པའི་ཟུག་རྔུ་ཞེས་བྱ་བའི་ཐབས་ནི། རྨ་ལི་བ་ཟླུམ་པ་དང་གྱེས་ཤིང་ངོས་གཉིས་ཐ་དད་པར་བྱེད་པ་དང་། ཟུར་བཞིར་གནས་པ་དང་། ཟུར་གསུམ་པར་གནས་པའི་ཆའི་དབྱིབས་ལས་ཟུག་རྔུའི
་དབྱིབས་དང་། རྣམ་པར་མི་མངོན་པ་དག་ཤེས་པར་བྱ་ཞིང་རྟོགས་པར་བྱའོ།། དེ་རྣམས་དབྱུང་བའི་ཐབས་གྱུར་གཉིས།། ཕྱིར་དྲང་བ་དང་མདུན་ནས་དྲང་ཞེས་བྱ་བ་ལ། ཟུག་རྔུ་ཐ་དད་ཐམས་ཅད་དབྱུང་བའི་ཐབས་ནི་གཉིས་ཁོ་ན་སྟེ།
་དྲང་བ་དང་མདུན་ནས་དྲང་།། རྩེ་ནས་དྲང་དང་རྩ་ནས་དང་།། དེ་ལས་བཟློག་པས་དབྱུང་བར་བྱ་ཞེས་བྱ་བ་ལ། དེ་གཉིས་ལས་བཟློག་པའི་ཐབས་ཡིན་པས་ན། གོ་བཟློག་པའི་ཚུལ་གྱིས་དབྱུང་བར་བྱ་སྟེ། དེ་བས་ན་རྩ་ནས་དྲང་བ་དང་རྩེ་མོ
་ནས་དྲང་བའི་ཐབས་གཉིས་ཀྱིས་དྲང་བར་བྱ་བ་ཡིན་ཏེ། དེ་བས་ན་འདི་དག་ལས་ཕྱིར་དྲང་བ་ནི་རྩེ་མོ་ནས་དྲང་བར་བྱ་ལ། མདུན་ནས་དྲང་བ་ནི་རྩ་བ་ནཱ་དྲང་བར་བྱའོ།། དེ་ཡང་དེ་བཞིན་དུ་ཐུར་དུ་ཟུག་པོའི་ཟུག་རྔུའི་རྩེ་ནས་དྲང་བཱར་བྱ་ལ། སྦྱིན
་དུ་བུག་པ་ནི་རྩ་བ་ནས་དྲང་བར་བྱའོ།། དེ་ལྟར་ན་གཅིག་ལ་གཅིག་བཅས་པའི་ཐབས་ཀྱིས་ཟུག་རྔུ་དབྱུང་བར་བྱ་སྟེ། དབྱུང་སླ་གང་ན་ཡོང་དྲལ་ཏེ། དེ་ནས་ཐཱད་ཀར་དྲང་བར་བྱ་ཞེས་བྱ་བ་ལ།། མཚོན་འཕྲེང་དུ་ཟུག་པ་དག་ནི། ལུས་ཀྱི་ཕྱོ
་གང་ན་ཡོད་པར་དྲལ་ཏེ། དབྱུང་སླ་བར་བྱ་ལ་དེ་ནས་གནས་དེ་ལས་ཐད་ཀར་དྲང་ཞིང་། དེ་དེབྱུང་བར་བྱའོ།། མཚོན་ནི་བྲང་དང་མཆན་ཁུང་དང་།། བརླ་རུང་རྩིབ་ལོགས་ཟུག་པ་དང་།། མདུན་དྲང་རྩེ་མོ་མངོན་བཅད་བྱ།། ཁ་ཞིང་ཚེ་དྲིང
་མི་བྱཱ་གང་།། ཞེས་བྱ་བ་ལ། ཟུག་རྔུ་བྱུང་ན་གནས་ཤིང་ཟུག་པ་དང་། དེ་བཞིན་དུ་མཆན་ཁུང་དང་། བདྨ་རུང་ན་གནས་པ་དང་། རྩིབ་ལོགས་སུ་ཟུག་པ་རྣམས་སྟོབས་ཀྱིས་དབྱུང་བར་བྱའོ།། དེ་བཞིན་དུ་མདུན་ནས་དྲང་བར་མི
་བྱའི་ཕྱིར་དྲང་བར་བྱ་བ་དང་། རྩེ་མོ་འབུར་འབུར་པོར་ཕྱིར་མི་མངོན་པ་དང་། ཁ་བཅད་པ་དང་བྱ་བ་དང་། ཁ་ཞེང་ཆེ་བ་གང་ཡིན་པ་དེ་ནི་སྟོབས་ཀྱིས་དྲང་བར་མི་བྱའོ།། ཟུག་རྔུར་མ་གྱུར་མདེའུ་དང་།། མི་མངོན་གནོད་མེད་པས་མི་དབྱུང་ཞེས་བྱ་བ
་ལོ། ཟུག་རྔུར་མ་གྱུར་ཅིང་གནང་དུ་མ་ཞེན་གྱི། གདེག་པ་དང་། བདང་བ་དང་། བཞག་པ་སྟེ་གནད་གསུམ་དུ་ཞུགས་པའམ། མཚོན་མི་མངོན་ཞིང་མི་སྣང་ཡང་གནོད་པ་མེད་དེ། སྐང་པོ་དང་ན་བ་དང་རྣགས་པ་མེད་པར་གྱུར་ན། ཟུག་རྔུ་དེ་དབྱུང་བར
་མི་བྱའོ།། དེ་ནས་ལྡེག་པས་ཟིན་གྱུར་ན།། ལག་པ་གཉིས་ཀྱིས་དྲང་བར་བྱ་ཞེས་བྱ་བ་ལ། དེ་ནས་ཞེས་བྱ་བ་ནཽ་བཀྲ་ཤིས་པའི་དོན་ཏེ། ཟུག་རྔུའི་རྣམ་པ་ལག་པས་ཟིན་ཅིང་གཟུང་དུ་རུང་བ་ནི། ལག་པ་གཉིས་ཀྱིས་དྲང་ཞིང་དབྱུང་བར་བྱའོ།།
་སྣང་གཞན་སེང་གྲེ་ཆུ་སྲིན་དང་།། བར་མི་ཀརྐ་ཊའི་མཆུས་དྲང་ཞེས་བྱ་བ་ལ། ཟློག་རྔུ་གང་སྣང་བར་ཡང་གྱུར་ཅིང་སྣུ་མ་ལས་གཞན་པ་སྟེ། ལག་པས་ཟིན་པར་མ་གྱུར་པ་དག་ནཱི། སེང་གེའི་མཆུ་འདྲ་བ་ལ་སོགས་པའི་ཆ་དཔྱད་ཀྱིས
་དྲང་བར་བྱའོ།། མི་མངོར་རྨ་ཡི་དབྱིབས་ལས་ན།། གལ་ཏེ་དབྱུང་བ.རརོ་ནུས་གྱུར་པ།། ཀཻངྒ་བྲོངྒེ་ཁྲུ་བ་ཟུང་དང་།། བྱ་རོག་ཤར་ཛེའི་མཆུས་དྲིང་ཞེས་བྱ་བ་ལ། གང་ཟག་ཟུག་རྔུ་ཉིད་ནི་མི་མངོན་ལ། རྨ་བྱའི་དབྱིབས་ལས་ལུས་གདོན་གང
་གནས་པའི་ཕྱོགས་དེ་ལས་གལ་ཏེ་དབྱུང་དུ་རུང་ཞིང་ནུས་པ་ཡིན་ན་ལུས་ཀྱི་ཕྱོགས་དེ་ལས་ཀང་ཀ་ལ་སོགས་པའི་མཆུ་འདྲ་བའི་ཆ་དཔྱད་ཀྱིས་དྲང་བར་བྱའོ།། པགས་སོགས་ལ་གནས་སྦྲུམ་པས་དྲང་།། ཁོང་སྟོང་ནང་ནས་ཉ་མ་གོས་དབྱུང་ཞེས་བྱ
་བ་ལ། པགས་པ་ལ་སོགས་པར་གནས་པའི་ཟུག་རྔུ་ནི། སྐམ་པ་འདྲ་བའི་ཆ་དཔྱང་གཉིས་པོས་དྲང་བར་བྱའོ།། སོགས་པའི་སྒྲས་ནི་ཤ་ལ་སོགས་པ་བསྡུའོ།། གང་ཁོང་སྟོང་གི་སྦུབས་ཅན་གྱི་ནང་གི་པགས་པ་ལ་གནས་པ་ནི།
་མགོ་ལྟ་བུའི་ཆ་དཔྱད་ཀྱིས་དབྱུང་བར་བྱའོ།། སྦུ་གུར་གནས་པ་འདམ་བུ་འདྲས་ཞེས་བྱ་བ་ལ། བུ་གའི་ཕྱོགས་སུ་གནས་པའི་ཟུག་རྔུའི་འདམ་བུ་འདྲ་བའི་ཆ་དབྱེད་ཀྱིས་དབྱུང་བར་བྱའོ།། ལྷག་མ་གཞན་གྱིས་ཅི་རིགས་དྲང་ཞེས་བྱ་བ་ལ། ཕུག
་རྫུ་ལྷག་མ་སྔ་མ་དོ་དག་གིས་དབྱུང་བར་མི་ནུས་པ་དེ་དག་ནི་ཆ་དཔྱད་གཞན་འདིར་སྨོས་པ་དང་། མ་སྨོས་པའི་ཐུར་མཱ་ལ་སོགས་པ་ས་ཅི་རིགས་པར་དྲུང་བར་བྱ་སྟེ། གང་ཞིག་གང་དང་འཚམ་པ་དེས་དེ་དབྱུང་བར་བྱའོ།། ཡང་ན་དང་དེ
་མཚན་གྱིས་དྲིལ་ཞེས་བྱ་བ་ལ། དེ་ལྟར་ཡང་ན་དྲང་བར་མ་ནུས་ན་བཙགས་དཔྱིད་ཀྱི་མཚོན་གྱིས་དྲང་པོར་དྲལ་ཞིང་ཤྭ་ལ་སོགས་པ་བཅད་དེ། དེའི་འོག་ཏུ་དབྱུང་བར་བྱའོ།། དེ་ནས་རྨ་ཡི་ཁ་གསལ་བ། བྱས་ལ་མར་གྱིས་དུགས
་བྱས་ཤིང་།། བཅིངས་ཏེ་སྤྱོད་པ་བསྟེན་པར་བྱ་ཞེས་བྱ་བ་ལཾ། དེ་ནས་དེའི་འོག་ཏུ་ལུས་ཀྱི་ཕྱོགས་ལ་ཟུག་རྔུ་ཕྱུངས་ཟིན་པ་དང་། རྨའི་ཁའི་ཁྲག་བསལ་ཞིང་ཕྱིས་ལ་མར་གྱིས་རྨ་ལེགས་པར་དུགས་བྱ་ཞིང་བཅིངས་ཏེ། དེའི
་འོག་ཏུ་སྤྱོད་ལ་སྔར་སྣུམ་གྱི་ཆོ་གའི་སྐབས་སུ་བཤད་པའི་ཁ་ཟས་དང་། སྤྱོད་ལམ་དག་བསྟེན་པར་བྱའོ།། རྩ་དང་ཆུ་བར་མཚོན་ལུས་པ།། ཟུར་མས་བསྐྱོད་དེ་དབྱུང་བར་བྱ།། ཞེས་བྱ་བ་ལ། རྩཝ་དང་ཆུ་བར་ཞེན
་ཅིང་ཆགས་པའི་མཚོན་ལུས་པའི་ཟུག་རྔུ་ནི། དང་པོར་ཐུར་མས་བསྐྱེད་ཅིང་བསྐུལ་ལ། དེའི་འོག་ཏུ་དབྱུང་བར་བྱའོ།། སྙིང་གར་གནས་པའི་ཟུག་རྔུ་ནི།། ཆུ་གྲང་གཏོར་བས་སྔངས་བྱས་ལ།། གནས་གཞན་ཕྱིན་ཅིང་འཕགས
་གྱུར་ན།། ཅི་རིགས་པར་ན་དབྱུང་བཱར་བྱ་ཞེས་བྱ་བ་ལ། སྙིང་གའི་ཕྱོགས་སུ་གནས་པའི་མཚོན་གྱི་ཟུག་རྔུ་ནི་དང་པོར་ཆུ་གྲང་མོས་གཏོར་ཅིང་བཏིབ་པས་སྔངས་ཤིང་སྐྲག་པར་བྱས་ལ། སྦྱངས་པས་དེ་གནོས་གཞན་དུ་འཇུག
་ཤི་འཕགས་པར་གྱུར་ནཱ། རིགས་པར་དབྱུང་བར་བྱ་སྟེ། ཚེ་དཔྱང་གང་འཚམ་པས་དབྱུང་ངོ་ཞེས་བྱ་བའི་དོན་ནོ།། མི་ཡི་སྒོ་ནས་དབྱུང་དཀའ་བ།། གཞན་དག་ལ་ཡང་དེ་བརྩོན་པ་ཞེས་བྱ་བ་ལ། མཚོན་དང་པོ་གང་དུ་ཟུག
་པའི་མའི་སྒོ་དེ་ནས་དབྱུང་ཞིང་གདོན་པར་དཀའ་བ་གཞོན་དག་ལ་ཡང་ཟུག་རྔུ་དེ་གནས་གཞན་དུ་བསྐྱོད་ལ་དྲིལ་ཏེ། དབྱུང་བར་བྱའོ།། རུས་པར་ཟུག་ལ་རྐང་པར་ནི།། གཉིས་ཀྱི་མནན་ལ་དྲལ་བར་བྱ།། ཞེས་བྱ་བ་ལ།
་ཟུག་རྔུ་གང་ཞིག་རུས་པར་ཟུག་པར་གྱུར་པའི་མི་ཟུག་རྔུ་ཅན་དེ་རྐང་པ་གཉིས་ཀྱིས་མནན་ལ། ཟུག་རྔུ་ངོ་ཆེ་དཔྱད་ཀྱིས་དྲང་ཞིང་གནོད་པར་བྱའོ།། དེ་ལྟར་མེ་ནུས་སྟོབས་ཆེ་བའི།། གཡོག་གིས་ངམ་དུ་བཅིངས་ཏེ་དབྱུང་ཞེས་བྱ
་ལ། དེ་ལྟར་རྣམ་པ་དེས་ཟུག་རྔུ་དབྱུང་བར་མ་ནུས་ན་ཤིན་ཏུ་སྟོབས་ཆེ་ཞིང་ནུས་པ་དང་ལྡན་པའི་གཡོག་བསྒོ་བ་བཞིན་དུ་བྱེད་པས་ཆ་དཔྱད་ཀྱི་ཤིན་ཏུ་དམ་དུ་གཟུང་སྟེ་དབྱུང་བར་བྱའོ།། འོན་ཀྱང་མ་ནུས་མདེའུའིཿ།། བཀུག
་ལ་གཟུ་རྒྱུད་དམ་བཏགས་ལ།། རྟ་སྲབ་ཀྱིས་ནི་ཁ་ལྕགས་མཐར།། མ་ཡེངས་པ་ཡིས་དེམ་བཏགས་ཏེ། ཡན་ལག་ལྔ་པོ་ལྗགས་བསྡམས་ནས།། རྟ་ནི་ལྕག་གིས་བཞུས་ནས་སུ།། བཏེག་ཅིང་མགོ་བོ་བཏེག་ནས་ནི།། ཤུགས
་ཀྱིས་ཇི་བཞིན་བསྟོད་ནས་ནི།། དེ་ལྟར་ཟུག་རྔུ་དབྱུང་བའམ་ཞེས་བྱ་བ་ལ། དེ་ལྟར་ན་ཡང་ཟུག་རྔུ་དབྱུང་བར་མ་ནུས་ནི། མདེའུའི་རྩ་བ་དེམ་དུ་བཀུག་ལ། གཞུ་རྒྱུད་ཀྱི་ཕྱོགས་གཅིག་ལ་དུམ་དུ་བཏགས་ཤིང་བཅིངས་ཏེ། གཞུ
་རྒྱུད་ཀྱི་ཕྱོགས་གཅིག་རྟ་སྲབ་ཀྱི་ཁ་ལྕགས་ཀྱི་ཡིང་མིག་ལ་སྨན་པས་གཞན་དུ་མ་ཡེངས་པར་དམ་དུ་བཏགས་ཏེ། རྟ་ཡན་ལག་ལྔ་པོ་ལེགས་པར་བསྡམས་ཤིང་དངུལ་པོར་བྱས་ནས་དེའི་འོག་ཏུ་རྟ་ལྕག་གིས་བཞུས་ན། ཅི་ནས
་ཀྱང་མགོ་དྲག་ཏུ་བཏེག་པའི་ཤུགས་ཀྱིས་ཟུག་རྔུ་འབྱིན་པར་ནུས་པ་དེ་ལྟར་བྱའོ།། ཡང་ན་ཤིང་གི་ཡལ་གར་གདགས་ཞེས་བྱ་བ་ལ། ཡང་ན་རྣ་པ་གོང་མ་ལྟར་གཞུ་རྒྱུད་ཀྱི་རྩེ་མོ་གཅིག་མདེའུ་ལ་བཏོད་དེ། རྩེ་མོ་གཅིག
་ཤིང་གི་ཡལ་ག་བཏུད་པ་ལ་བསྟོད་དེ་བཏང་བས་ཟུག་རྔུ་དབྱུང་བར་བྱའོ།། མདེའུ་རྩ་ཕྲ་བ་སྲད་བུ་དག། བཏགས་ཏེ་ཟུག་རྔུ་དབྱུང་བར་བྱ་ཞེས་བྱ་བ་ལ། ཟུག་རྔུ་གང་གིས་མདེའུ་རྩ་བ་ཕྲ་ཞིང་ཆད་པར་གྱུར་དུ་དོགས་པ་ཡིན
་ནཱ། སྲད་བུ་ཕྲ་མོ་བཏགས་ཏེ་དབྱུང་བར་བྱའོ།། རྨ་སྐྲངས་མདེའུ་རྩ་མི་སྣང་ན། སྐྲངས་པ་ལེགས་པར་བཙིར་ནས་དབྱུང་ཞེས་བྱ་བ་ལ། རྨའི་ཁ་སྐྲངས་པས་ཟུག་རྔུའི་མདེའུ་རྩ་བ་མི་སྣང་བར་གྱུར་ན། སྐྲངས
་པ་དེ་ལེགས་པར་བཙིར་ཞིང་མནན་ནས་དབྱུང་བར་བྱའོ།། དོང་བུ་ཐོ་བས་བརྡུངས་པ་ཡི།། མཐོ་ཞིང་སྣ་ང་བར་གྱུར་ན་དབྱུང་ཞེས་བྱ་བ་ལ། ཟུག་རྔུ་མཐོ་ཞིང་འཕགས་པར་སྣང་བར་གྱུར་ན་ཆ་དཔྱད་དོང་བུ་ཞེས་བྱ་བ་ཐོ་བསྟེ
་བརྡུངས་པས་དབྱུང་བར་བྱའོ།། ལམ་མ་ཡིན་པར་བྱུང་བ་གང་།། དེ་ཉིད་ཀྱིས་ན་རྨ་ཕྱུང་བྱ།། ཞེས་བྱ་བ་ལ། ཐོ་བ་དེ་ཉིད་ཀྱིས་ཟུག་རྔུ་བསྐྱོད་ལ། ལམ་མ་ཡིན་པ་ལས་རང་གི་རྒྱུ་བའི་ལམ་རྨའི་སྒོ་དང་ཉེ་བར་དྲོངས་ལ། དེའི་འོག
་ཏུ་ལམ་ཇི་ལྟ་བ་ལས་དབྱུང་བར་བྱའོ།། མདེའུ་ཟུར་བཅུམ་སྟེ་དབྱུང་བའམ།། དོང་བུའི་ཁ་ཡིས་དབྱུང་བར་བྱ་ཞེས་བྱ་བ་ལ། མདེའུའི་ཟུག་རྔུ་ཟུར་ཅན་ནམ་རྣ་བ་ཅན་ཡོད་ན་རྣ་བ་དེ་བཅུམ་ཞིང་བསྡུས་ལ་ལྷོད་པར་བྱས་ཏེ། དབྱུང
་བའམ་དོང་བུའི་ཁ་ཡིས་ལེགས་པར་དབྱུང་བར་བྱའོ།། རྣ་བ་མེད་ཅིང་རྨ་ཁ་བྱེ།། དྲང་དུག་ཁ་ལོང་བསྟན་པས་དབྱུང་ཞེས་བྱ་བ་ལ། ཟུག་རྔུའི་མདེའུ་རྣ་བ་མེད་པ་དང་། ཁ་བྱེ་ཞིང་ཕྱེ་བ་དང་། དྲེང་པོར་འདུག་ཅིང་ཐད་ཀར
་གནས་པ་དག་ནི། ཁབ་ལོང་ཞེས་བྱ་བའི་ནོར་བུའི་ཁྱད་པར་བསྟན་པ་སོ་དབྱུང་བར་བྱའོ།། ཞུ་བའི་གནས་སིང་ཟུག་རྔུ་ནི།། བཀྲུ་སྤྲིན་ཉིད་ཀྱིས་དབྱུང་བར་བྱ་ཞེས་བྱ་བ་ལ། ཞུ་བའི་གནས་ལོང་ཁ་མན་ཆད་ཀྱི་ནང་དུ།
་ཞུགས་པའི་ཟུག་རྔུ་ཕྲ་མོ་ནི་བཀྲུ་སྨན་བཏང་བ་ཉིད་ཀྱིས་དབྱུང་བར་བྱའོ།། རླུང་སྣོད་དུག་དང་ནུ་ཞོ་དང་།། ཁྲག་དང་ཆུ་སྣོད་གཞིབས་པ་བསལ་ཞེས་བྱ་བ། རླུང་གནོད་པ་བསྐྱེད་པ་ལ་སོགས་པ་དག་ནི་ཟུག་རྔུ་དང་འདྲ་བར
་ལུས་ལ་གནོད་པར་བྱེད་པ་ཡིན་ལོ། དེ་མི་གཞིབས་པས་བསལ་ཞིང་གདོན་པར་བྱའོ།། གྲོ་བ་ནས་ཞུགས་ཟུག་རྔུ་ལ།། སྐུད་པ་གྲེ་བར་གཞུག་བྱས་ཏེ།། པདྨའི་རྩེ་བར་སྐུད་པ་གདགས།། པད་རྩ་ཟུག་རྔུ་ལྷན་ཅིག་དྲང་ཞེས་བྱ་བ་ལ།
་གྲེ་བའི་སྦུབས་ཀྱི་ནང་དུ་ཟུག་ཅིང་དེར་ཞུགས་པའི་ཟུག་རྔུ་ནི། སྲིན་བལ་ལ་སོགས་པའི་སྐུད་པ་གཞུག་པར་བྱ་ལ། དེ་ཡང་བེདྨའི་རྩ་བ་ལ་སྐུད་པ་བཏགས་ཏེ་བཏང་ལ་དེའི་འོག་ཏུ་པདྨའི་རྩ་བ་དང་ཟུག་རྔུ་ཟུག་པ་དང་པདྨའི་རྩ་བ་དང་ཟུག
་རྫུརྔུ་ལྷན་ཅིག་ཏུ་དྲང་བར་བྱའོ།། ལྕགས་བསྲེགས་མིག་ཆུར་བཅུག་པ་ཡི།། ལྕགས་ཐུར་བསྟེན་པོར་བྱས་ནས་ནི།། རྒྱ་སྐྱེགས་ཅན་ནམ་རྒྱུ་སྐྱེགས་མེད།། རྒྱ་སྐྱེགས་ཀྱིས་བསྒོས་ཟུག་རྔུ་དབྱུང་ཞེས་བྱ་བ་ལོ། ཟུག་རྔུ་རྒྱ་སྐྱེགས་ཅན་དག་གྲྀ
་བའི་སྦུབས་ལས་གདོན་པའི་ཐབས་ནི། ཆ་དཔྱད་སྦུབས་ཅན་གྲི་བར་བཅུག་ལ། གྲེ་བའི་ཚིགས་པ་བསྲུང་བར་བྱ་བའི་ཕྱིར། ཆུ་བསིལ་མོ་ལྕགས་བསྲེགས་པའི་ཐུར་མ་ལ་བླུགས་པས་དེ་གདོན་པར་བྱའོ།། རྒྱ་སྐྱེགས་མེད་པའི་ཟུག་རྔུ
་ཡང་ལྕགས་བསྲེགས་པའི་ཐུར་མའི་རྩེ་རྒྱ་སྐྱེགས་ཀྱིས་བསྒོས་པ་སྨིག་མའམ། དོང་བུར་བཅུག་སྟེ། ཆུས་བཏབ་པས་དབྱུང་བར་བྱའོ།། སྐྲ་ཤད་འཛིངས་པ་འཐུང་བ་དང་།། གཤེར་བས་ཚེར་མ་ཟུག་པ་གདོན།། འཕྲལ་དུ་སྲད་བུ་ཐོགས
་པ་ཡིས།། སྨོན་པར་བྱའོ་དེས་ཅིག་ཤོས་ཞེས་བྱ་བ་ལ། སྐྲའི་ཚོགས་བསྡུས་པའི་གོང་བུ་ནི་སྐྲ་ཤང་འཛིངས་པ་ཞེས་བྱ་བ་ལ་དེ་འཐུངས་པ་དང་། གཤེར་བའི་རྩས་ཆུ་ལ་སོགས་པས་ཚེར་མ་སྟེ་ཉ་རུས་སམ། གཞན
་ཡང་དེ་ལྟ་བུའི་རུས་པའི་ཟུག་རྔུ་དབྱུང་ཞིང་གདོན་པར་བྱའོ།། དེ་ཡང་འཕྲལ་དུ་སྟེ། དེའི་མོད་ལ་སྲིད་བུ་ལ་ཟུག་རྔུ་ཐོགས་པར་གྱུར་པས་དེ་སྨོན་པར་བྱ་ཞིང་། སྲད་བུའི་ཕྱོགས་གཅིག་ཏུ་ཟུག་རྔུ་འབྱར་བ་དེ་དྲང་བར་བྱའོ།། ཡང་ཚར་མ་དེས
་ནིཅིག་ཤོས་ཏེ་སྐྲ་ཤད་དེ་དྲང་བར་བྱ་སྟེ། སྲད་བུ་བཏགས་ཤིང་གཤེར་བག་འཐུངས་པས་སྨོན་པར་བྱའོ།། ཁ་སྣར་དྲང་བ.རི་མ་ནུས་ན།། གཞན་དུ་ཐུར་དུ་མེད་པར་བྱ་ཞེས་བྱ་བ་ལ། གལ་ཏེ་ཁ་སྣུར་གྱེན་དུ་ཟུག་རྔུ་དྲང་བར་མ་ནུས་ན།
་གཞན་དུ་མཐུར་དུ་མིད་ཅིང་ནང་དུ་དྲང་བར་བྱའོ།། ཞེས་བྱ་བའི་དོན་ཏོ།། ཟས་ཀྱིས་རྣངས་པའི་ཟུག་རྔུ་ནི། ཆུ་བཏུང་ཕྲག་པར་བརྡེགས་པས་གཞུག། ཅེས་བྱ་བ་ལ། ཟས་ཀྱིས་བརྣངས་ཤིང་ལྐོག་མར་ཆགས་པའི་ཁམ་ཚད་ཉིད་ནི་ཟུག
་རྫུའི་བྱ་བ་བྱེད་པས་ཟུག་རྔུ་ཞེས་བྱ་བ་དེ་ནི་ནརྀ་བཏུང་བ་དང་ཕྱག་པར་ཁུ་ཚུར་བརྡེག་པས་ནང་དུ་གཞུག་པར་བྱའོ།། མིག་གི་རྨ་ཡི་ཟུག་རྔུ་ཕྲ།། དར་རམ་བལ་ལམ་ཆུ་ཡིས་བསལ་ཞེས་བྱ་བ་ལ། མིག་གི་རྨའི་ཟུག་རྔུ་ཕྲ་མོ་ནི། དར་ལ
་སོགས་པ་གསུམ་གྱིས་བསལ་ཞིང་གདོན་པར་བྱའོ།། མིག་ནི་ཆུས་གང་ཁ་སྤུག་སྟེ།། སྡུག་པའམ་བརྐྱང་ལ་བཙིར་སྨོན་པའམ། ཐལ་ཁུང་བརྐོས་ཏེ་མི་ཡི་ནི།། རྐེ་ཡི་བར་དུ་ནུབ་ཏུ་གཞུག་ཅེས་བྱ་བ་ལ། མི་ཚུས་ཁྱེར་བ་ལ་སོམ
་བའི་ཚེ་ནང་དུ་ཆུས་གང་བར་གྱུར་ན། ཁ་སྦུབ་སྟེ་ལེགས་པར་སྤྲུག་པའམ། དེ་བཞིན་དུ་ཡང་ཁ་སྦུབ་སྟེ་བརྐྱང་ལ་བཙིར་བའམ། སློན་སྨན་གྱིས་སྐྱུག་ཏུ་གཞུག་གོ།། ཡང་ན་ཐལ་ཁུང་བརྐོས་ཏེ་མི་དེའི་རྐེའི་བར་དུ་ནུབ་ཏུ་གཞུག
་པར་བྱའོ།། རྣ་བ་ཆུས་གང་ལག་པ་ཡིས།། མཉེས་ལ་ཏིལ་མ་རེ་རྒྱུན་བླུག་ལ།། རྣ་བ་ཐུར་དུ་བསྟན་ནས་ནི།། བརྡབ་པའམ་ཡང་ན་བརྔུབ་པར་བྱ་ཞེས་བྱེ་བ་ལ། རྣ་བ་ཆུས་གང་བར་གྱུར་ན། ལག་པས་ལེགས་པར་མཉེས་ལ
་ཏིལ་མར་གྱི་རྒྱུན་བླུག་པ་དང་། དེ་བཞིན་དུ་རྣ་བ་ཐུར་དུ་བསྟན་ནས་ལག་པས་བ་རྡབས་པའམ་རྔུབ་ཅིང་གཞིབ་པར་བྱའོ།། རྣ་བའི་ནང་དུ་འབུ་ཞུགས་ན།། རྣ་བ་ཚྭ་ཆུས་བཀང་བའམ། ཚེ་ཆུ་དྲོ་འཇམ་ཉིད་ཀྱིས་དགང་། ཤི་ན
་འབུ་རོ་དབྱུང་ཐེབས་བྱ་ཞེས་བྱ་བ་ལ། རྣ་བའི་བུ་གའི་ནང་དུ་རྐང་བརྒྱ་པ་ལ་སོགས་པའི་འབུ་ཞུགས་ན་རྣ་བ་ཆུ་ཚན་གྱི་ཆུས་བཀང་བའམ། ཚྭ་ཆུ་དྲོ་འཇམ་དག་གིས་ཀྱང་དགང་བར་བྱ་སྟེ། དོན་དུ་ན་ཚྭ་ཆུའམ། ཚྭ་ཆུ་དྲོ་འཇམ་དུ
་བསྲོས་པས་རྣ་བ་དགང་བར་བྱའོ།། གལ་ཏེ་འབུ་དར་ཤི་ན་འ་བུ་རོ་དབྱུང་བའི་ཐབས་རྣ་སྤགས་བསལ་བ་ལ་སོགས་པའི་ཚེ་ག་འོག་ནས་སྨོས་པ་དག་བྱའོ།། རྒྱ་སྐྱེགས་ཅན་དང་གསེར་དངུལ་སོགས།། འབྱུང་ཁུངས་ལས་བྱུང
་ཡུན་རིང་གནས།། མཚོན་ནི་ཕལ་ཆེར་ལུས་ཀྱི་ནི།། དྲོད་ཀྱིས་འཇུ་བར་བྱེད་པ་ཡིན་ཞེས་བྱ་བ་ལ། ཟུག་རྔུ་རྒྱ་སྐྱེགས་ཅན་དང་། གསེར་དངུལ་གྱི་རང་བཞིན་ཅན་ལ་སོགས་པ་འབྱུང་ཁུངས་ལས་བྱུང་བའི་མཚོན་ནི། ལུས་ཀྱི
་མེ་དྲོད་ཀྱིས་འཇུ་བར་ནུས་པས་ཡུན་རིང་དུ་གནས་ན། མཚན་དེ་དག་འཇུ་བར་འགྱུར་བ་ཡིན་ནོ།། ས་དང་འོད་ནཱ་ཤིང་ར་རུས།། ས་དང་སྐྲ་དང་རྡོ་བའང་འཇུ་ཞེས་བྱ་བ་ལ། ས་དང་འོད་མ་ལ་སོགས་པ
་ཟུག་རྔུ་དག་ཀྱང་ལུས་ཀྱི་མེས་འཇུ་བར་ནུས་པ་ཡིན་ནོ།། རྭ་དང་འོད་ཚལ་ལྕགས་ཏ་ལ།། ཤིང་ཚལ་ཟུག་རྔུ་རིང་པོས་ཀྱང་།། ཕལ་ཆེར་དེ་དག་ཆོས་འགྱུར་ལ།། ཁྲག་དང་ཤ་ཡིས་ཚོས་པར་བྱེད་ཅེས་བྱ་བ་ལ། རླུ་ཟུག་རྔུ་དང
་འོད་མའི་ཟུག་རྔུ་དང་། ལྕགས་དང་ཤིང་གི་ཟུག་རྔུ་ཕལ་ཆེ་བ་དག་ཀྱང་ལུས་ཀྱི་མེས་ཚོས་ཤིང་འདྲུལ་བར་འགྱུར་རོ།། དེ་དག་ཀྱང་ཤ་དང་ཁྲག་གིས་ཚོས་ཤིང་འཇུ་བར་བྱེད་དོ།། ཟུག་རྔུ་ཤ་ཡི་གཏིང་དུ་ཟུག། ཕྱོགས་དེ་ཚ་བ
་མེད་གྱུར་ན།། དེ་ནས་དེ་ནི་སྣང་བྱའི་ཕྱིར།། མཉེ་དུགས་སྦྱང་དང་ཤ་འབྲི་བརྟ།། སྨན་རྣོན་སྦྱིན་དང་ཟས་སྐོམ་སྦྱིན།། མཚོན་གྱིས་བཏབ་ཅིང་བཙགས་པ་ཡིས།། སྨིན་པར་བྱས་ནས་ཤ་དྲལ་དང་།། བཙ་ལྀ་དང་ཕྱེ་བས་ཟུག་རྔུ་དབྱུང
་ཞེས་བྱ་བ་ལ། ཟུག་རྔུའི་རྣམ་པོ་ཤའི་གཏིང་དུ་ཟློག་ཅིང་ནང་དུ་ཟུག་པ་ནི་ལུས་ཀྱི་ཡན་ལག་གི་ཕྱོགས་ཏེ། ཚ་ཞིང་ཚོས་པར་མི་འགྱུར་ཏེ།། དེར་གནས་པའི་ཟུག་རྔུ་ནི་མཉེ་བ་ལ་སོགས་པའི་ཐབས་ཀྱིས་སྨིན་པར་བྱས་ན་ས
་དབྱུང་བར་བྱའོ།། མཉེ་བ་ནི་ལག་པས་མཉེ་བའོ།། དེ་བཞིན་དུ་དུགས་བྱ་ཞིང་བཅིང་བ་དང་། བཀྲུ་སྨན་དང་སློན་སྨན་ལ་སོགས་པས་སྦྱང་བ་དང་། སྨྱུང་བ་ལ་སོགས་པ་ཤ་དབྲི་བ་དང་། ཤ་ཟ་བ་ལ་སོགས་པས་བརྟ་བ་དང་། སྨན
་ཚ་ཞིང་རྣོ་བས་བག་བཅིང་བ་དང་། ཟས་སྐོམ་རྣོན་པོ་སྦྱིན་པ་དང་།། མཚོན་གྱིས་བཏབ་ཅིང་བཙགས་པས་སྣང་བར་བྱས་ནས་དང་པོ་ཐབས་དེ་དག་གིས་སྨིན་པར་བྱས་ལ། དེའི་འོག་ཏུ་རྨ་འདྲལ་བ་དང་། ཆུ་ཚོལ་གྱིས་སྩལ
་བ་དང་། དབྱེ་ཞིང་བཤགས་པས་ཟུག་རྔུ་དེ་དབྱུང་བར་བྱའོ།། ཟུག་རྔུའི་ལ་གནས་དང་ཆུ་དཔྱད་ཀྱི།། ཚུལ་ནི་མིང་པོ་ལོགས་བརྟགས་ཏེ།། བློ་ལྡན་ཐབས་ནི་དེ་དང་ངོས།། ཤེས་པར་བྱས་ལ་ཟུག་རྔུ་དབྱུང་ཞེས་བྱ་བ་ལ། ཟུག
་རྔུ་དེ་རཱ་དང་འོད་མ་ལ་སོགས་པ་དང་གནས་ཏེ། ཟུག་པའི་གནས་པགས་པ་དང་། ཤ་ལ་སོགས་པ་དང་ཚེ་དཔྱད་ཅེས་ཆ་དཔྱང་བཀྲིས་ལ་སོགས་པ་དེ་རྣམས་ཀྱི་མ་པོའམ། རྣམ་པ་སྣ་ཚོགས་པ་ལེགས་པར་བརྟགས་ཏེ། ཤེས
་པར་བྱས་ལ་བློ་དང་ལྡན་པའི་མཁས་པས་འདིར་བཤད་པ་དང་། མ་བཤད་པའི་ཐབས་དང་དེའི་བྱེ་བྲག་ཤེས་པར་བྱས་ལ། ཟུག་རྔུའི་རྣམ་པ་ཡང་ཇི་ལྟར་གནས་པར་ཤེས་པར་བྱ་བ་དང་། དེ་བཞིན་དུ་ཐབས་དེ་དང་དེ་ཉིད
་ཀྱིས་དབྱུང་ཞིང་གདོན་པར་བྱའོ།། །། ཡན་ལག་བརྒྱད་པའི་སྙིང་པོ་བསྔོས་པའི་རྣམ་པར་འགྲེལ་པ། ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལོ་དགའ་བས་རྣམ་པར་སྦྱར་བ་ལས།།
་ལེའུ་ཉི་ཤུ་རྩ་བརྒྱད་པའི་རྣམ་པར་འགྲེལ་པའོ།། ། དེ་ནས་གཏར་ག་གདག་བའི་ལས་ཀྱི་ཆོ་གའི་ལེའུ་ང་པར་བྱའོ་ཞེས་བྱ་བ་ལ། འདིར་བཤད་པའི་འབྲེལ་པ་ནི་འདི་ཡིན་ཏེ། ཟུག་རྡུལ་ལ་ནི་རྨ
་\ུ0f7f།། དྲལ་ནཱ་བྱུང་བར་བྱའོ།། སྨེ་གོང་དུ་བཤད་པས་དོའི་ཕྱིར་དོའི་འོག་ཏུ་འདི་བཿམྲ་པ་ཡི་ནོ།། བནིཌ་དཔྱད་ཀྱིས་གཏར་ག་གདབ་ཅིང་ཚྭའི་ལ་སུ་བྱ་བྱེད་པྲམ། གཏང་ག་ག་བ་ཧྲཱི་སྨཻ། ཚག་ནི་འདི་པ་ལི། ཥུ་བྱའོ།། བྱ་ཆུ་སྐྱེ་ཤད་པ་བྱོ། ནི་སོས། དང་བྱིན་ཀྱ་ཀྲུང་བ་འགྱུར། དེ་བ་དེ་ཉིད་གསོ་བྱཱ་སྟེ།
་དེ་ཙུག་ཅུ་ཁྲགང་དྷུ་ཞིག་ལ་གྱུ་ཆོག་མྦི་ཥཱ་ཀླུ་དེ་གྲུལ་ཁྱེ་སརྨ་ཡི་མཚན་ཉིད་ཕལ་ཆེར་མང་དུ་དང་པོར་སྐྲངས་ཤིང་སྨིན་པ་ལས་རྨ་འབྱུང་བར་འགྱུར་རོ།། དེ་བས་ན་སྐྲངས་པ་དེ་ཉིད་གསོ་ཞིང་ཞི་བར་བྱེ་བ་དང་། སྨིན་པར་འགྱུར་པ་ལས་བསྲུང་བར་བྱ་སྟེ།
་ཅི་ནས་ཀྱང་སྐྲངས་པ་དེ་སྨིན་ཅིང་བརྣགས་པར་མི་འགྱུར་པ་དེ་ལྟར་འབད་པ་དང་ལྡན་པས་བསྲུང་བར་བྱའོ།། དེ་ཇི་ལྟར་བསྲུང་བར་བྱ་ཞེ་ན། དེ་ནི་བསིལ་དང་ཞེས་བྱ་བ་སོགས་པ་སྟེ། སྐངས་པ་དེ་ཙན་དན་གྱི་ལྡེ་གུ་ལ་སོགས
་པ་བསིལ་སྨན་གྱི་བྱུག་པ་དང་། བསིལ་སྨན་ལ་སོགས་པའི་ཆུའི་རྒྱུན་བླུགས་པ་དང་། དེ་བཞིན་དུ་གཏར་ག་གདབ་ཅིང་ཁྲག་དབྱུང་བ་དང་། སྐྱུགས་སྨན་དང་བཀྲུ་སྨན་ལ་སོགས་པ་བཏང་བས་ལེགས་པར་སྦྱང་བར་བྱས
་ལ། རླུང་ལ་སོགས་པ་ནད་དམིགས་ཇི་ལྟ་བ་དང་མཐུན་པའི་གས་དབྱེད་ཀྱི་ས་སྨིན་ཅིང་བརྣགས་པར་འགྱུར་བ་ལས་བསྲུང་བར་བྱའོ།། ཐོར་བུ་མ་སྨིན་སྐངས་དྲོད་ཆུང་།། མདོག་འདྲ་སྲ་ཞིང་བརྟན་པར་གནསོ་ཞེས་བྱེ་བ
་ལ། ཐོར་བུའམ་སྐྲངས་བག་མ་སྨིན་པ་ནི་སྐྲངས་པའི་ཚ་བས་ཆུང་བ་དང་། དྲོང་དམ་ཚ་བའི་ཤས་ཆུང་བ་དང་། དེ་བཞིན་དུ་མདོག་ནི་འདྲ་བ་སྟེ།། པགོས་པའི་མདོག་མ་ཉམས་ཤིང་མཉམ་པ་དང་། སྲ་ཞིང་མཉེན་བགོ
་མེད་པ་དང་། བརྟན་ཞིང་མི་ཡོ་བར་གནས་པ་ཡིན་ནོ།། སྨིན་ཚེ་མདོག་ནི་འགྱུར་བ་དང་།། དམར་ཞིང་རྐྱལ་བུའི་དབྱིབས་ལྟར་འདུག། གས་པ་ལྟ་བུའི་ནད་དང་བཅས།། ཡན་ལག་མཉམ་ཞིང་གླུལ་བཅས་དང་།། ལུས་གྲུགས།
་འཁྲུག་ཚ་ཡི་ག་འཆུས།། རིམས་འདེབས་སྒྲོམ་དད་གཉིད་མེད་དང་།། མར་འཁྱག་བཞག་ན་འཇུ་བ་དང་།། རྨ་ལྟར་རེག་ན་མི་བཟོད་དོ།། ཞེས་བྱ་བ་ལ། སྐྲངས་པར་གྱུར་པ་དེ་སྨིན་པར་བྱེད་པའི་ཚེ་ནི་མདོག་འགྱུར་ཞིང་བཻ་པའཾ
་མདོག་དང་མི་འདྲ་བ་དང་དེ་བཞིན་དུ་མདོག་ཀྱ་མཱ་པ་དང་རྐྱལ་བུའི་དབྱིབས་ལྟར་འདུག་པ་སྟེ། རླུང་གིས་ཁེངས་ཤིང་མི་འགྱུར་བར་གནས་པ་ན་རྐྱལ་པ་བུས་པ་ལྟ་བུར་འདུག་པ་དང་དེ་བཞིན་དུ་གས་པ་ལྟ་བུ་སྟེ། བཅག་པའམ་བཀས་པ་ལྟ་བུའི
་ཚུལ་དང་ལྡན་པ་དང་། ནཱད་དང་བཅས་པ་དེ་ཁབ་ཀྱིས་བརྩེགས་པ་སྙམ་དུ་སེམས་པ་དང་། དེ་བཞིན་དུ་ཡན་ལག་ཐམས་ཅད་སྙོམས་ཤིང་གླལ་འབྱུང་བ་དང་བཅས་པར་གནས་པ་དང་། ལུས་གྲུབ་ཤིང་དཀྲུགས་པ་ལྟ
་བུར་སེམས་པ་དང་དེ་བཞིན་དུ་ལུས་འཁྲུགས་པ་ལ་སོགས་པ་དང་ལྡན་པ་སྟེ། འཁྲུགས་པ་ནི་ཚིག་བརྗེད་པར་མི་ནུས་པའི་ནད་ཀྱི་ཚོར་བ་རང་གི་ཉམས་ཀྱིས་མྱོང་བའི་ཚུལ་དུ་མ་དང་ལྡན་པའི་ཁམས་འཁྲུགས་པའི
་ནད་འབྱུང་ངོ་།། ཚ་བ་ནི་ལུས་དང་ཡན་ལག་ཐམས་ཅད་མི་བཟད་པར་ཚ་བའོ།། ཡི་གེ་འཆུས་པ་ནི་ཟས་ལ་འདོད་པ་མི་དེ་ཅིང་། མངོན་པར་མི་དགའ་བར་འགྱུར་བ་དང་། རིམས་ཀྱིས་འདེབས་པ་དང་། སྐོམ་དང་ཀྱིས
་གདུངས་པ་དང་གཉིད་མེད་ཅིང་ཡར་བ་སྟེ། དེ་དག་དང་ལྡན་པར་འགྱུར་བ་དང་། དེ་བཞིན་དུ་མྱུར་འཁྱགས་ཤིང་འཐས་པར་གྱུར་པ་དེའི་སྟེང་དུ་བཞག་ན་འཇུ་བར་འགྱུར་བ་དང་། དེ་བཞིན་དུ་རྨ་བྱུང་བ་ལྟར་སྨང
་པ་སྨིན་པར་བྱེད་པ་དེའི་ཚེ། རེག་ན་མི་བཟོད་པ་ཡིན་ནོ།། སྦྱིན་གྱུར་ན་བའི་ཤུགས་ཆུང་ཞིང་།། རྙིད་ཅིང་སྒྱུ་ལ་གཉེར་མ་འདྲ།། མཐའ་མ་འཛུམ་ཞིང་དབུས་སུ་མཐོ།། གླ་ཡའ་དང་སྦྱངས་པ་ལ་སོགས་ཕྱུང་།། རྒྱས་པ་ཡི་ནི་ཚུ
་བུརྱ།། རེག་ན་རྣག་ནི་ཕན་ཚུན་རྒྱུ་ཞེས་བྱ་བ་ལ།། སྐྲངས་པ་དེ་སྨིན་ཅིང་བརྣགས་པར་གྱུར་ན། ན་བའི་ཤུ་གོས་ཆུང་བ་སྟེ། ནད་ཀྱི་རྩོམ་པ་ཤས་ཆུང་བ་དང་། དེ་བཞིན་དུ་རྙིད་ཅིང་སྐེ་བ་དང་། མདོག་སྐྱ་ཞིང་དཀར་བ་དང་། གཉེར
་མེའི་ཚོགས་འདུ་བ་དང་། དེ་བཞིན་དུ་ཐོ་མ་ཐོག་ཐག་འཛུམ་ཞིང་དམའ་ལ་དབུས་མོའི་ཕྱོགས་མཐོ་ཞིང་འཕགས་པར་འགྱུར་བ་དང་། དེ་བཞིན་དུ་གཡའ་བ་དང་། སྒྲེངས་པ་ལ་སོགས་པ་ཆུང་ཞིང་ཞི་བ་དང་། རྒྱལ་པའི་ནང
་དུ་ཆུ་བླུག་པ་ལྟེར་གནས་ཤིང་། རེག་ཅིང་མནན་ན་རྣག་གི་ཚོགས་ཕན་ཚུན་རྒྱུ་ཞིང་འཁྲུག་པ་ཡིན་ནོ།། རླུང་མིནྡ་མི་ན་མཁྲིས་མིན་ཚ།། མེད་དེ་བད་ཀཱན་མེད་མི་སྒྲེང་།། ཁྲག་མེད་དམར་བར་མི་འགྱུར་ཏེ། དེ་བས་ནང་ཁྲག
་དང་བཅས་སྨིན་ཞེས་བྱ་བ་ལ། སྨིན་ཅིང་བརྣགས་པ་དེ་ལ་རླུང་མ་ཡིན་ཞིང་། རླུང་ནད་མེད་པ་ནི། ན་ཞིང་ཟུག་པར་མི་འགྱུར་ལ། མཁྲིས་པ་མ་ཡིན་པར་ནི་ཚ་ཞིང་དྲོད་བག་མི་འབྱུང་ལ། བད་ཀན་མེད་པར་ནི་སྐྲངས་པར་འབྱུང
་བར་མི་འགྱུར་ལ། ཁྲག་མེད་པར་ནི་དམར་བར་མི་འགྱུར་ཏེ། དེ་བས་ན་རྒྱུ་དེའི་ཕྱིར་ནད་ཅེས་བྱ་བ་རླུང་དང་མཁྲིས་པ་དང་། བད་ཀནྡ་དང་ཁྲག་དང་བཅས་ན་སྐྲངས་ཤིང་སྨིན་པར་འགྱུར་རོ།། སྨིན་པ་ཐལ་དྲགས་ཁོང་སྟོང་དང་། ནད་ཀྱིས
་ཟོས་པས་པགས་པ་སྲབ།། གཉེར་མ་འཛུམ་ཞིང་མདོག་ནག་ལ།། བ་སྤུ་རྣམས་ནི་འབྱི་བར་འགྱུར།། ཞེས་བྱ་བ་ལ། སྐྲངས་པ་སྨིན་ནས། ཐལ་དྲགས་ཤོང་དུས་རང་དུས་རིང་དུ་འདས་པ་ནི། སྐྲངས་པའི་གནས་ནད་ཁོང་སྟོང་དུ
་འགྱུར་བ་དང་ནད་ལས་བྱུང་བའི་རྣག་གིས་ཟོས་ཤིང་ཟད་པར་བྱས་པ་དང་། པགས་པ་སྲ་བ་ཙིང་བརྡོལ་བར་ཉེ་བ་དང་། གཉེར་མ་འཛུམ་ཞིང་པགས་པ་འདུས་པ་དང་། མདོག་གནག་ཅིང་དྲི་མ་ཅན་དུ་གནས་པ་དང་། བ་སྒྱུ
་རྣམས་ཀྱི་ཚོགས་འབྱི་ཞིང་འབྱུང་བར་མི་འགྱུར་བ་ཡིན་ནོ།། བད་ཀན་ཤས་ཆེ་སྐྲངས་པ་ནི།། སྨིན་པ་གཏིང་རྙིང་ཁྲག་གིས་གང་།། དེ་བས་སྨིན་བཏགས་གསལ་མ་ཡིན།། སྐྲངས་པ་གང་དུ་བསིལ་གྱུར་ཅིང་།། བགསོ
་མདོག་མི་འགྱུར་ནང་ཚོབས་ཆུ་ཇེ།། ཛེ་ལྟར་རེག་ན་སྲ་བ་ནི།། མཁས་པས་ཐེ་ཚོམ་མེད་པར་དེ།། ཁྲག་གི་སྨན?་ཞེས་བཤད་བྱ་ཞེས་བྱ་བ་ལ། ཡིད་བད་ཀན་ལས་བྱུང་བའི་སྐྲངས་པ་ལ་ནི། སྨིན་པོའི་གཏིང་རིང་ཞིང་ཟབ་པས
་བརྟག་པར་དགེའ་བ་དང་། ཁྲག་གིས་གང་བར་གྱུར་པ་ཡིན་ཏེ། དེ་བས་ན་དེའི་སྨིན་པའི་རྟགས་སམ། མཚན་མོ་ནི་གསལ་བ་མ་ཡིན་ཏེ་ཤིས་པར་དཀའ་བ་ཡིན་ནོ།། ཡང་སྐྲངས་པའི་རྣམ་པ་གང་དུ་སྐྲངས་བག་བསིལ་ཞིང
་རེག་ན་གྲང་བར་གྱུར་ལ། པགས་པའི་མདོག་ཀྱང་གཞན་དུ་མི་འགྱུར་ཏེ། ཆ་འདྲ་བ་དང་། ནད་ཚ་བས་ཆུང་བ་དང་། རྡོ་ལྟར་རེག་ན་སྲ་ཞིང་མཁྲང་བག་ཏུ་གནས་པ་གང་ཡིན་པ་དེ་ནི་མཁས་པས་ཐེ་ཚོམ
་དང་དོགས་པ་མེད་པ་ཉིད་དུ་ཁྲག་ལས་གྱུར་པའི་མ་སྨིན་པ་ཡིན་ནོ།། བདག་ཉིད་ཀྱང་ཞེས་བཤད་ཅིང་ཐེ་ཚོམ་མེད་པ་ཉིད་དུ་རྒྱའོ།། སྙིང་སྟོ་བས་ཉམ་ཆུང་བྱིས་པ་དང་།། བྱུང་བུ་སྨིན་པའི་ཚབས་ཆེ་བའམ། གནང་དང་རུས་ཚོགས
་ལ་སོགས་པར།། འབྱུང་བ་མ་གཏོག་གཞན་དག་དྲལ་ཞེས་བྱ་བ་ལ། སྙིང་སྟོབས་ཆུང་ཞིང་ཕྲོག་རྒྱ་ཞན་པ་དང་། དེ་བཞིན་དུ་ཉམ་ཆུང་བ་དང་། བྱིས་པ་ལྟ་བུ་མཚོན་གདབ་མི་བཟོད་པ་དང་། སྨིན་པའི་ཚབས་ཆེ་སྟེ་ཐལ་དྲེགས་པ
་དང་། དེ་བཞིན་དུ་གནད་དང་རུས་ཚིགས་ལ་གནས་པའི་སྦྱངས་པ་ལ་ནཱ~ཾ། རྣཾ་བ་དང་ཚ་བའི་སྨན་གྱིས་བརྟོལ་ཞིང་དྲལ་བར་བྱའོ།། དེ་ཡང་འདི་ཉིད་ཀྱི་རྒྱུང་ཕྱི་མ་ལས། གུ་གུལ་བར་མ་བ་ལ་སོ།། ཁྲོན་བུ་དང་ནི་བྱ་རོག་རྟུག།
་སྨན་འཕྲོད་དང་ཐལ་སྨན་རྣོ།། སྐྲངས་པ་མི་འགྱུར་བརྟོལ་བར་བྱ།། ཞེས་བྱ་བ་བཤད་པ་ཡིན་ནོ།། གཞན་དག་ཅེས་བྱ་བོ་སྐྲངས་པའི་རྣམ་པ་གོང་དུ་སྨོས་པ་མ་གཏོགས་པ་གཞན་དག་ནི་བཙགས་བུས་དྲལ་བ་ཉིད་དུ་བྱའོ།། །
་མ་སྨིན་བརྟོལ་ན་རྩ་རྒྱུས་ལ།། གནོད་ཅིང་ཁྲག་ནི་མང་དུ་འབྱུང་།། ནང་ཚབས་རབ་འཕེལ་རྩ་གྱེས་པའམ། རྨ་འཐུང་ཐོར་བུ་འཐུང་བར་འགྱུར་ཞེས་བྱ་བ་ལི། སྐྲངས་པ་མ་སྨིན་པ་བརྟོལ་ཞིང་དྲལ་མ་རྩ་དང་རྒྱུས་པ་ལ་གནོད་ཅིང
་རུངས་པར་འགྱུར་བ་དང་། དེ་བཞིན་དུ་ཁྲག་གི་ཚོ་གས་མང་དུ་འབྱུང་ཞིང་འབབ་པ་དང་། དེ་བཞིན་དུ་ནད་ཚབས་རབ་ཏུ་འཕེལ་ཞིང་ཚོར་བ་ཆེ་བར་འགྱུར་བ་དང་། མའི་ཁ་གྱེས་ཤིང་བྱེ་བར་འགྱུར་བའམ། ཡང་ན་རྨ་བརྟོལ་བ་ལས་བྱུང་བའི་ཐར
་བུའམ། མེ་དཔལ་གྱི་ནང་དུ་འགྱུར་རོ།། རྣག་ནི་ནང་དུ་གནས་གྱུར་པ།། འཕེལ་བས་རྩ་རྒྱུས་ཤ་དང་ནི།། ཁྲག་རྣམས་མྱུར་དུ་སྲེག་བྱེད་དེ།། རྩ་རྣམས་ལ་ནི་མེ་དང་མཚུངས་ཞེས་བྱ་བ་ལ། སྐྲངས་པ་དེ་སྨིན་པ་ཐལ་དྲགས་ཀྱང་། དྲུལ་ཁྲིང
་བརྟོལ་བ་མ་བྱས་པར་ནང་དུ་གནས་པར་གྱུར་པ་རྣམ་པར་འཕེལ་བར་གྱུར་པས་རྩ་ལ་སོགས་པ་སྲེག་ཅིང་ཟ་བར་བྱེད་དེ། དེཔེར་ན་མེ་མཆེད་པས་རྩའི་ཚོགས་བསྲེགས་པ་དང་འདྲའོ།། གང་ཞིག་མ་སྨིན་བརྟོལ་བ་དང་།། གང་ཞིག་སྨིན
་ཀྱང་བཏང་སྙོམས་འཇོག། ཁྱད་པར་མི་ཤེས་དེ་དག་ནི།། སྨེ་ཤ་ཅན་འདྲར་ཤེས་པར་བྱ་ཞེས་བྱ་བ་ལ། སྨན་པ་གང་གིས་སྐྲངས་པ་མ་སྨིན་པ་དག་ཀྱང་མི་ཤེས་པའི་དབང་གིས་བརྟོལ་ཞིང་དྲལ་བར་བར་བྱེད་ལ་ཡང་སྨན་པ་གང
་ཞིག་སྐྲངས་པ་དེ་སྨིན་ཟིན་ཀྱང་མི་ཤེས་པ་ཉིད་ཀྱིས་བཏང་སྙོམས་སུ་འཇོག་ཅིང་བརྟོལ་བར་མི་བྱེད་པ་ཉིད་དེ། དེ་གཉི་ག་ཡང་ཁྱད་པར་མི་ཤེས་ཤིང་མ་བརྟགས་པར་བྱེད་པ་ཡིན་པས་སྨྲེ་ཤ་ཅན་ཏེ། ཁྱི་ཤུ་ཟ་བའི་རིགས་ངན
་དང་། འདྲ་བར་དམེད་པར་བྱ་བ་ཡིན་ནོ།། རྨ་བརྟོལ་བའི་དང་པོར་ནི།། ཁ་ཟས་ཕན་པ་སྦྱིན་པར་བྱ།། ཚོར་བ་མི་བཟང་ཚོར་འགྱུར་བས།། ཆང་འཐུང་བ་ལ་ཆང་བླུང་བྱ།། ཕས་ཟོས་པ་ཡིས་མ་བརྒྱལ་ཞིང་།། ནང་དུ་མཚོན
་བཏབ་ཚེར་མི་འགྱུར་ཞེས་བྱ་བ་ལ། རྨ་བརྟོལ་ཞིང་བཙགས་བུ་འདེབས་པའི་ལས་བྱེད་པའི་དང་པོར་རེ་ཞིག་འདི་དག་མ་བྱས་པར་མཚོན་གྱི་ལས་མི་བྱ་སྟེ། དེ་ཡང་ཐོག་མ་ཁོ་ནར་ནད་པ་དེའི་སྟོབས་བསྐྱེད
་པའི་ཕྱིར། ཁ་ཟས་ཕན་ཞིང་མངོན་པར་དགའ་བ་སྦྱིན་པ་དང་། ཡང་མཚོན་གྱིས་བཏབ་པའི་ཚོར་བ་མི་བཟོད་པ་དྲག་པོ་དེ་བཟོད་པར་འགྱུར་པས། ཆང་འཐུང་བ་ཞིག་ཡིན་ན་ཆང་རྙིང་པ་བླུད་པར་བྱ་སྟེ། དེ་ལྟར་དེས་ཟན་ཟོས་ཤིང
་ལོངས་སྤྱད་པས་ནི་བརྒྱལ་ཞིང་འབོག་པར་མི་འགྱུར་ལ། དེ་བཞིན་དུ་ཆང་རྙིང་པ་རྣོན་པོ་འཐུངས་པས་ནི་ནང་དུ་མཚོན་གྱིས་བཏབ་ཅིང་བརྟོལ་བ་ཚོར་བར་མི་འགྱུར་ཞིང་། དེ་སྡུག་བསྔལ་བ་རྣགས་ནུས་པར་འགྱུར་རོ།། རུམ་དུ་བུ
་ཤི་རྡེ་ཆ་གས་དང་།། ཁ་ནད་ད་མུ་རྫིངས་ཅན་མ་གཏོགས་ཞེས་བྱེ་བ་ལ། ནང་པའི་རུམ་དུ་བུ་ཤི་བ་ལ་སོགས་པ་ནི་མ་གཏོགས་ཏེ། བུད་མེད་རུམ་དུ་བུ་ཤི་བ་དང་། གཅིན་ནང་རྡེའུས་འགགས་པ་དང་། ཁ་ཡི་ནད་རྣམས་ཡོད
་པ་དང་། ལྟོ་དམུ་རྫིངས་ཅན་ལ་མཚོན་གདབ་པའི་ལས་རྨ་བརྟོལ་བར་མི་བྱའོ།། དེ་ནས་ཡོ་བྱད་ཀུན་བསགས་ཏེ།། ནད་པ་ཤར་དུ་ཁ་བསྟན་ལ།། སྨན་པ་མངོན་ཕྱོགས་བསྡམས་ནས་ནི།། གནད་སོགས་མ་གཏོགས་བཙགས
་བུས་གདབ།། ཤ་ཤུགས་རྗེས་མཐུན་ཤིན་ཏུ་ནོ།། བཙགས་བུ་རྣག་ཕྱིན་བར་དུ་གདབ།། དེ་ནི་ཙོག་ཅར་གདབ་པར་བྱ།། ཞེས་བྱ་བ་ལ། དེ་ནས་ཞེས་བྱ་བ་ནི། བཀྲ་ཤིས་པའི་དོན་དུ་སྨོས་པ་ཡིན་ནོ།། ཡོ་བྱད་ཀུན་བསགས་ཏེ
་ཞེས་བྱ་བ་ནི། དེའི་ཚེ་དགོས་པའི་མ་བྱད་ཐམས་ཅད་བསགས་པ་སྟེ། ཆ་དབྱད་རྣམས་དང་། བཙུགས་དབྱུང་རྣམས་དང་། ཐལ་སྨན་དང་། འཛམ་བུའི་མཆུ་དང་། རས་བལ་དང་། ཆུའམ་མར་ལ་སྤངས་པའི་གོས་ཀྱི་དུམ་བུ
་དང་། ལོ་མ་དང་། སྲད་བུ་དང་། པགས་པ་དང་། སྦྲང་རྩི་དང་། སྣུམ་དང་། བསྐོ་བའི་ལྡེ་གུ་དང་། ཏིལ་གྱི་ལྡེ་གུ་དང་། ལྡུགས་པའི་སྨན་དང་། ཆུའི་བུམ་པ་དང་། ཆུ་ཚན་དང་། ཆུ་དྲོན་དང་། ཟངས་དང་། བསིལ་ཡ་བ་ལ་སོགས
་པ་རྨ་ལ་དགོས་པའི་ཡོ་བྱད་ཐམས་ཅད་བསག་ཅིང་ཉེར་བསྡོགས་སུ་བྱའོ།། དེ་ནས་ནད་པ་ཁ་ཤར་དུ་བསྟན་ཏེ། སྨན་པ་དེ་ལ་མངོན་པར་ཕྱོགས་ཤིང་བལྟས་ནས། ལེགས་པར་བསྡམས་ཏེ། བཙགས་བུས་མྱུར་དུ་གདབ་པར
་བྱའོ།། དེ་ཡང་ནད་ལ་སོགས་པ་གདབ་པ་སྟེ། གནད་དང་། རྩ་དང་། ཆུ་བ་དང་། རུས་པའི་ཚིགས་དང་། རྩ་བོ་ཆེ་རྣམས་སྤང་བར་བྱའོ།། དེ་ཡང་ཤ་ཤུགས་དང་རྗེས་སུ་མཐུན་པར་བྱས་ལ། ཤིན་ཏུ་རྣོ་བའི་བཙགས་བུ་གདབ་པ་ནི།
་རྣག་ཕྱིན་ཞིང་སྣང་བར་གྱུར་གྱི་བར་དུ་བཏང་ལ། དེ་ཡང་ཅིག་ཅར་ཏེ། ལན་ཅིག་ཁོ་ན་གདབ་པར་བྱའོ།། སྨིན་པ་ཆེན་པོར་ཡོད་ཀྱང་དེ།། རྨ་ཞེས་སོར་གཉིས་དྲལ་བའམ།། སོར་གཉིས་པའི་ཟབས་སོར་གསུམ་གདབ་ཅེས་བྱ་བ
་ལ། སྨིན་པ་ཤིན་ཏུ་ཆེ་བ་ལ་ནི། རྨ་ཞིང་སོར་གཉིས་གདབ་པར་བྱ་བའམ། སོར་གཉིས་པའི་བར་རམ་ཟབས་བརྟགས་ལ། སོར་གསུམ་པར་གདབ་པར་བྱའོ།། མཛུབ་མོ་ཆུ་བ་སྤུ་དག་གིས།། གནས་ཕྱོགས་ཇི་བཞིན་བརྟགས
་པའམ། མཚོལ་གྱིས་ནི་ལེགས་བཙལ་ཞིང་།། ཀུན་ཏུ་ལེགས་པར་བརྟག་པར་བྱ་ཞེས་བྱ་བ་ལ། རྨ་ཚོལ་གྱིས་ཀུན་ཏུ་ལེགས་པར་བཙལ་ཞིང་བརྟགས་ལ་བྱ་བའམ། མཛུབ་མོ་ལ་སོགས་པས་གནས
་དང་ཕྱོགས་གང་ན་ཇི་ལྟར་ཡོད་པ་ལེགས་པར་བརྟག་ཅིང་བཙལ་བར་བྱ་སྟེ། རྨའི་ཁ་བྱེ་ཞིང་གྱེས་པའི་ཕྱོགས་སུ་མཛུབ་མོ་གཡོན་པས་བརྟག་པར་བྱས་ལ། ཁ་ཤིན་ཏུ་བྱེ་བ་ནི་མ་ཡིན་ལ། ཤའི་གཏིང་ཟབ་པ་དག་ཏུ་ནི།།
་མཚོལ་གྱི་ཐུར་མས་ལེགས་པར་བཙལ་བར་བྱ་ལ། གཞན་དག་ལ་ནྀ་སྨྱིག་མའི་སྒྲ་གྲོའམ། པདྨའི་ཆུ་བོ་ལ་སོགས་པས་བརྟག་པར་བྱ་ལ། ཁ་ཤིན་ཏུ་ཟླུམ་པ་ལ་ནི་ཕག་གི་སྤུས་བརྟག་ཅིང་བཙལ་བསམ་ད་པར་བྱ། ཞག་ཅིགང་དུ
་འགྱུར་བྱ།། ཚོབ་ཤེ་། ནནས་ང། ཐེམ་ནི་པ་། བྱེ་བ་དང་ཅིགས་མེ་ས་གྲོ་ས་ཐོར་བུ་སེས་པ་ཕྱོ་ས་རྫུག་ར་ས་པོ་མ་མེ་། དབྱེ་། སདུ་གྱི་། པར་ཤེས་ཅིང་། ཕྱེད་པར་འགྱུར་བར
་བསྟོད་པ་དང་། དེ་བཞིན་དུ་ཕུགས་འཆས་པ་མེད་པ་སྟེ། རྣག་ལ་སོགས་པ་བརྟེན་པའི་གནས་མེད་པར་འགྱུར་བ་དང་། དེ་བཞིན་དུ་ཆུ་དེ་སྲིད་པ་དང་། ཞེང་དེ་རྒྱུར་ཅི་ནས་ཀྱང་རྟག་ལ་སོགས་པའི་ནང་གོནས་པར་མི་འགྱུར་ཞིང
་ཆགས་པར་མི་འགྱུར་བའི་མཚན་ཉིད་དང་ལྡན་པ་དེ་ལྟར་བྱའོ།། སྨན་པ་དཔའ་བརྟན་ལས་ལ་མྱུར།། མཚན་ནོ་མ་རྡུལ་མི་འང་བའོ།། ཀུན་ཏུ་རྨོངས་པར་མ་གྱུར་ལ།། བཙིགས་བུས་འདེབས་པའི་མས་ལ་བསྔག་ས་རྗེ།
་བྱ་བ་ལ། སྨན་པ་དཔའ་བ་ལ་སོགས་པ་དང་ལྡན་པ་ནི། སྨན་དཔྱད་ཀྱི་མཚོན་གྱི་ལས་བྱེད་པ་ལ་བསྔགས་ཤིང་འདོད་པར་བྱ་བ་ཡིན་ནོ།། དེ་ལ་དཔའ་བ་ནི་བརྟུལ་ཕོད་པའོ།། བརྟན་པ་ནི་བག་ཚ་བ་མེད་ཅིང་མི་འགྱུར་བའོ།། ལས
་ལོ་མྱུར་བ་ནི་ལག་བཟོ་བས་བཙགས་བུའི་ལས་མྱུར་དུ་བྱེད་པའོ།། མཚོན་རྣོ་བ་ནི་ལེགས་པར་བརྡར་བ་དང་། ཁ་སྙོམས་ཤིང་ལེགས་པའོ།། མི་རྟུལ་བ་ནི་ལས་ཆུ་མི་འཛག་པའོ།། མི་འདར་བ་ནི་ལག་པ་མི་འདར་བའོ།། ཀུན་ཏུ
་མ་རྨོངས་པ་ནི་བྱ་བ་ལ་མཁས་པའོ།། གྱེན་དུ་བཙོང་བྱེ་དཔྲལ་སྨིན་རྩ།། རྙིལ་དང་སྐྱེ་རྩ་ལྟོ་རྩ་དང་།། མཆན་ཁུང་དང་ནི་མིག་སྦུབས་མཆུ།། མཁུར་ཚེས་བརླ་དྲུང་ཆུ་སོ་རྩའོ་ཞེས་བྱ་བ་ལ། དཔྲལ་བ་ལ་སོགས་པའི་རྩ་ནི་བཙགས
་བུ་ཁ་དྲང་པོར་བསྟན་ཏེ། གྱེན་དུ་གདབ་པར་བྱའོ།། གཞན་དག་གྱེན་དུ་བཅད་ནཱ་ནི།། རྩཝ་དང་ཆུ་བ་མུ་རུངས་འགྱུར་ཞེས་བྱ་བ་ལ། ཕྱོགས་གཞན་དག་ཏུ་རྩ་གྱེན་དུ་བཅད་ན། རྩི་དང་ཆུ་བ་མ་རུངས་པར་འགྱུར་རོ།། བཙགས
་བུས་བཏབ་ནས་ནད་པ་ནཱི།། ཚིག་སྙན་ཆུ་ནི་བསིལ་བ་ཡིས།། དབུགས་བྱུད་ནས་ནི་དེའི་འོག་རྨ།། སོར་མོས་ཀུནེ་ནས་བཙིར་བ་དང་། བསྐ་བའི་ཆུ་ཡིས་ལེགས་བཻ་ཀྲུ་ཞིང་།། སྨན་ཆུར་བཅུག་པའི་ཆོས་ཀྱིས་ཕྱི། གུ་གུལ
་ཡུངས་ཀར་ཨ་རུ། ཤིང་ཀུན་ཀ་ར་རྒྱམ་ཚ་དང་།། ཤུ་དག་ནིམ་པའི་ལོ་མ་ནི།། མར་དང་སྦྱར་བས་བདུག་པར་བྱ་ཞེས་བྱ་བ་ལ། བཙགས་བུ་བཏབ་ཟིན་ནས་དེའི་འོག་ཏུ་ནང་པ་ལ་དེའི་ཆ་སྨྲ་བར་འོས་པོའི་ཚི་ག་སྙན་པ
་བརྗོད་པ་དང་། དེ་བཞིན་དུ་ཆུ་བསིལ་བ་གཏོར་བ་ལ་སོགས་པས་དབུགས་ཕྱུང་ནས། དེའི་འོག་ཏུ་རྣག་ལ་སོགས་པའི་སྐྱོན་བསལ་བར་བྱ་བའི་ཕྱིར་རྨ་དེ་སོར་མོས་ཀུན་ནས་བཅིང་བར་བྱའོ།།
་དེའི་འོག་ཏུ་ནང་དམིགས་ཇི་ལྟར་འཚམ་པའི་སྨན་ཆུ་བེསྐེ་བ་ལ་སོགས་པས་ལེགས་པར་བཀྲུ་ཞིང་སྦྱངས་ནས། དེའི་རྗེསཱ་ལྔ་རས་བལ་ལ་སོགས་པའི་གོས་ཀྱི་ཆུ་ལེགས་པར་བསལ་ཞིང་། དེ་ནས་རྨ་དེ་གུ་གུལ་ནས་ནིམྤའི
་མའི་བར་གྱི་སྨན་མར་དང་། སྦྲུས་ཤིང་སྦྱར་བའི་བདུག་པས་བདུག་པར་བྱའོ།། ཏིལ་གྱི་ལྡེ་གུ་མར་སྦྲང་རྩི།། རང་གི་སྨ་ནི་ཇི་ལྟ་བས།། བྱུགས་ཤིང་དེ་ནས་རྨ་ཆས་གཞུག། དེ་ཉིད་ཀྱིས་ནི་དེ་གཡོགས་ལ། མར་དང་ཕྱེར་སྤྲས
་བསྐུ་བ་དང་།། དེའི་འོག་ཀོག་རྩེ་སྟུག་པོ་ནི།། བཞག་སྟེ་ཤིན་ཏུ་མ་ཡེངས་པོས།། གོས་ཀྱིས་ལེགས་པར་བཅིངས་བྱས་ཏེ།། བློ་དང་གཡས་དང་གཡོན་དག་གམ།། སྟེང་མ་འོག་ཏུ་མ་སོང་བྱ།། ཞེས་བྱ་བ་ལ། དེ་ནས
་དེའི་འོག་ཏུ་རྨའི་ནང་དུ་གྲོ་མདེའུ་ཚུལ་དུ་རས་གཙང་མའི་རྨ་ཆས་སུ་བྱས་པ་དང་། རས་བལ་ལ་སོགས་པའི་སྡོང་བུ་རྨའི་ནང་དུ་གཞུག་ཏུ་རུང་བ་བཅུག་ལ། དེའི་འོག་ཏུ་ནད་དམིགས་ཇི་ལྟ་བའི་སྨན་གྱི་ལྡེ་གུ་བྱུག
་ཅིང་བསྐུ་བར་བྱ་བ་དང་། དེ་བཞིན་དུ་ཏིལ་གྱི་ལྡེ་གུ་དང་། མར་དང་། སྦྲང་རྩི་བསྐུ་ཞིང་ཏིལ་གྱི་ལྡེ་གུ་དང་མར་དང་སྦྲང་རྩི་དེ་ཉིད་ཀྱིས་རྨའི་ནང་ན་གནས་པའི་རྨ་ཆས་རྨར་བཅུག་པའི་རས་དུམ་ལ་སོགས་པ་དེ་ཉིད་ཀྱིས
་གམོག་པར་བྱའོ།། དེ་འབའ་ཞིག་གིས་དེ་གཡོགས་པར་མ་ཟད་ཀྱི། སྣོད་ཀྱི་ནང་དུ་ཕྱེ་དང་མར་དང་ཆུར་སྦྲུས་ཤིང་ལག་པའི་རྩེ་མོས་མཉེས་པའི་ཟན་གྱིས་ཀྱང་གཡོག་པར་བྱའོ།། དེའི་འོག་རྨའི་ཟན་སྐོར་གྱི་སྟེང་དུ་ཀོག
་ཙེ་གོས་རིམ་པས་མང་པོ་ལས་བྱས་པ་མཐུག་པོ་བཞག་ལ། ཤིན་ཏུ་མ་ཡེངས་པོས་གོས་ཀྱི་དུམ་བུས་ལེགས་པར་བཅིང་ཞིང་དཀྲི་བར་བྱ་ལ། དེ་ཡང་གློ་གཡས་སམ་གཡོན་དུ་མ་འཕྱུགས་པར་བྱ་བ་དང་། རྨའི་སྟེང
་ངམ་འོག་ཏུ་མ་སོང་བར་དྲང་ཞིང་ཡཽ་ཡོ་མེད་པར་མེད་པར་རྨད་ཀྲི་ཞིང་བཅིང་བར་བྱའོ།། རྨ་ཚངས་ཀོག་ཚེ་དཀྲིས་མར་བཅས།། ཕྲ་ཞིང་སྲ་ལ་གཙང་པ་ལ།། སྤོས་ཀྱིས་བདུགས་ཤིང་འཇམ་ལ་མཉེན།། ཁམ་ཁུམ་མེད་ཅིང་རྨ་ལ
་ཕན་ཞེས་བྱ་བ་ལ། གོང་དུ་སྨོས་པའི་རྨ་ཚངས་ནང་དུ་གཞུག་པའི་རས་དང་། ཀོ་བཽ་ཚེ་དང་། དཀྲི་བའི་རས་ནི་སྲ་ཞིང་མི་འཆད་པ་དང་། གཙང་ཞིང་བཀྲུས་པ་ལས་བྱས་ལ། དེ་ཡང་གུ་གུལ་ལ་སོགས་པའི་སྤོས་ཀྱིས་བདུག
་པ་དང་། འཇམ་ཞིང་རེག་ནི་བདེ་བ་དང་། མཉེན་ཞིང་འཇམ་པ་དང་། ཁམ་ཁུམ་མེད་ཅིང་བལྟ་བ་ཚིགས་དང་བྲལ་བའི་རྨ་ལ་ཕན་པའི་དེ་ལྟ་བུ་དག་བྱའི།། བཅིངས་ནས་དེ་ཡི་འོག་ཏུ་དོ།། གནོད་པ་བཟློག་ཅིང་བསྲུང་བར་བྱ།།
་དེ་རྣམས་ལ་ནི་གཏོར་མ་སྦྱིན།། ལགྣི་གུ་ཧ་ཨ་ཏི་གུ་ཧ་དང་།། སྤང་སྤོས་པྲ་མ་ཙ་རི་ནི།། ཚ་ཏྲ་ཨ་ཏེ་ཚ་ཏྲ་དང་།། དུར་བ་ཆུ་དག་ཡུངས་ཀར་དང་།། རྟག་ཏུ་དེ་ཡི་སྤྱི་བོར་གདགས་ཞེས་བྱ་བ་ལ།། རྨ་བཅིངས་པའི་བར་གྱི་ལས་དེ་དག
་བྱས་ནས། དེའི་འོག་ཏུ་ནང་པ་དེ་ལ་གདོན་ལ་སོགས་པའི་གནོད་པ་བཟློག་པའི་ཕྱིར་བསྲུང་བར་བྱའོ།། ཡང་གནོད་སྦྱིན་ལ་སོགས་པ་དེ་རྣམས་ལ་གཏོར་མའི་ཁ་ཟས་ཊཱི་རིགས་པར་སྦྱིན་པ་དང་།
་རྟག་པར་དུས་ཐམས་ཅད་དུ་སྨ་འདི་དག་སྤྱི་བོར་གདག་པར་བྱ་སྟེ། ལག་སྨི་ཞེས་བྱ་བ་ཤྭ་མི་དང་། གུ་ཧ་ཞེས་བྱ་བ་ཁྲི་ས་ན་པ་རཽ་ནི་དང་། ཨ་ཏི་གུ་ཧོ་ཞེས་བྱ་བ་ས་ལ་པཪྵི་དང་། སྤང་སྤོས་ཞེས་བྱ་བ་མཉྫི་སྟེ། མིང་གི་རྣམ་གྲངས་ཛ་ཏི
་ལ་ཞེས་བྱ་བ་དང་། པྲཱ་མ་ཙ་རི་ཞེས་བྱ་བ་བླ་མ་ཨཥྚི་ཀ་ཞེས་བྱ་བའི་ཤིང་དང་། ཤུ་དག་སྟེ་སྨན་པ་ཙ་དང་། ཙ་ཏྲྀ་ཏ་ཅེས་པ་ཤ་ཏ་པུཥྚ་དང་། ཨ་ཏི་ཚེ་ཏྲ་ཞེས་བྱ་བ་བི་ཤ་ནི་ཀི་དང་། དུར་བ་དང་། ཡུངས་ཀར་རྣམས་གདགས་པར
་བྱའོ།། དེ་ནས་སྣུམ་གྱི་ཆོ་གར་བཤ་།། ཉིན་རེ་ཀུན་སྤྱོད་བཤད་པ་བསྟན།། ཞེས་བྱ་བ་ས་དེའི་འོག་ཏུ་སྐྱེས་བུ་སྨན་མ་དེ་ལ་སྣུམ་གྱི་ཆོ་གར་བཤད་པ་ཞེས་པ་སྣོམ་བཏུང་བའི་ཆོ་གའི་སྐབས་སུ་བཤད་པ། ཁ་ལ་ཆུ་དྲོན་གྱིས་ཀུན
་ཏུ་སྤྱོད་པ་བྱ་བ་ལ་སོགས་པ་དང་། ཉིན་རེ་ཞིང་སྤྱད་པར་བྱ་བའི་ལེའུ་ཡི་སྐབས་སུ་བཤད་པའི་ཀུན་ཏུ་སྤྱོད་པ་སྟོན་ཅིང་བསྒོ་བར་བྱའོ།། ཉིན་པར་གཉིད་ལོག་རྨ་གཡའ་ཞིང་།། ཁ་དམར་ན་སྐངས་རྣག་འཁྱིམས་འགྱུར
་ཞེས་བྱ་བ་ལ། སྨན་མ་སྨིན་པར་གཉིད་ལོག་པོ་ནི་མགཽ་ཡའ་བ་དང་། ཁ་དམར་བ་དང་། ན་བ་དང་། སྐྲངས་པ་དང་། རྣག་འཁྱིམས་པར་བྱེད་པར་འགྱུར་རོ།། བུད་མེད་དྲན་ནམ་རེག་པའམ། མཐོང་བས་ཁུ་བ་བྱུང་གྱུར་ན།
་མ་ཕྲད་ན་ཡང་འཁྲིག་པ་ལས།། བྱུང་བའི་སྐྱོན་ནི་འཐོབ་པར་འགྱུར་ཞེས་བྱ་བ་ལ། བུད་མེད་དང་མ་ཕྱུད་དུ་ཟིན་ཀྱང་། དེ་དྲན་པ་ལ་སོགས་པ་ཉིད་ཀྱིས་ཁུ་བ་བྱུང་བར་གྱུར་ན། འཁྲིག་པ་ལས་བྱུང་བའི་སྐྱོན་རྨ
་བ་ལ་སོགས་པ་འབྱུང་ཞིང་འཐོབ་པར་འགྱུར་རོ།། ཁ་ཟས་དག་ནི་གང་གོམས་པས།། ནས་དང་གྲོ་དང་དྲུག་ཅུ་པ།། སྲན་ཆུང་མུངྒ་ཏུ་པ་རི།། ནི་ཤན་ནཱ་ག་ཛཱི་བནྟི།། ལ་ཕུག་གཞོན་ནུ་དརྟ་ཀཱ། རྒྱུ་སྣེའུ་ཏོནྟུ་ལ
་ལོ་ཀ། ཀཱ་རེ་བེ་ལ་ཀ་ཏི།། ཀ་ཏུ་ཀ་ཕལླ་ཏོ་ལ།། རྒྱམ་ཚ་སེ་འབྲུ་སྐྱུ་རུ་ར།། ཆུ་བསྐོལ་བ་ནི་བསྒྲངས་པ་དང་།། འབྲས་སྙིང་ཆན་དང་སྣུམ་ཉུང་ཟད།། ཟོས་རྗེས་ཆུ་ཚན་བཏུང་བ་དང་།། སྐམ་སའི་ཤིང་ནི་ཟས་གྱུར
་ན། རྨ་ནི་མྱུར་དུ་འཚོ་བར་འགྱུར་ཞེས་བྱ་བ་ལ། ནད་པ་སྨན་མེ་དེ་རྗེས་སུ་མཐུན་ཞིང་གོམས་པའི་ཁྭ་ཟས་ཟོས་པས་མྱུར་ཞིང་རིངས་པར་རྨ་འཚོ་ཞིང་བདེ་བར་གནས་པར་འགྱུར་རོ།། དེ་ལ་ནས་ལ་སོགས་པ་ནི
་བཟའ་བའི་ངན་དུའོ།། སྲན་ཆུང་ལ་སོགས་པ་ནི་སྲན་ཁུ་ཡུ་ཤ་དང་ཚོད་མའི་དོན་དུ་སྦྱར་རོ།། ཏུ་བ་རི་ནི་སྲན་མ་ཨཛུ་ཀཱ་འོ།། ཎི་ཤྲ་ནི་ཀཱ་དང་། ཛཱ་བནྟི་ལ་སོགས་པ་ནི་ཚོད་མའི་དོན་དུའོ།། རྒྱམ་ཚ་དང་སེ་འབྲུ་ལ
་སོགས་པ་སྤོས་ཀྱི་དོན་དུའོ།། ཆུ་བསྐོལ་བ་བསྒྲངས་པ་ནི་བཏུང་བའི་དོན་དུའོ།། འབྲས་རྙིང་པ་ནི་ལོ་གཅིག་མ་ལོན་པའི་འབྲང་དེའི་ཆན་ནོ།། སྣུམ་ཅན་ནི་སྣུམ་ཅུང་ཟད་ཡོད་པའོ།། དེའི་རྗེས་ལ་འཚལ་ནན་ནི་ཆུ་ཚེན
་བཏུང་བར་བྱའོ།། དེ་བཞིན་དུ་སྐམ་སའི་ཤའུར་བྱ་ལ་སོགས་པའི་ཤ་བཟའ་བ་སྟེ། དེ་དག་གིས་རྨ་མྱུར་དུ་འཚོ་ཞིང་འབྱང་བར་འགྱུར་རོ།། དུས་སུ་རན་པར་བཟའ་བ་དང་།། ཕན་པ་ཟོས
་ན་བདེ་འཇུ་འགྱུར་ཞེས་བྱ་བ་ལ། དེ་ལྟར་རྗེས་སུ་མཐུན་པའི་ཁ་ཟས་ཇི་ལྟར་འོས་པའི་དུས་སུ་རན་ཞིང་འཚམས་པར་བཟའ་བ་དང་། ཕན་པ་ཟོས་ན་བདེ་བླག་ཏུ་འཇུ་ཞིང་སྨིན་པར་འགྱུར་རོ།། མ་ཞུ་བ་ཡིས་རླུང་ལ
་སོགས།། ལྡང་ཞིང་ནད་ནི་སྟོབས་ཅན་འགྱུར།། དེ་ལས་སྐྲངས་ན་བརྣགས་པ་དང་།། ཚ་དང་སྤྲོས་པར་འགྱུར་བ་ཡིན་ཞེས་བྱ་བ་ལ། ཁ་ཟས་མ་ཞུ་ཞིང་སྨིན་པར་མ་གྱུར་པ་ལས་ནི།། རླུང་ལ་སོགས་པའི་ནོད་ལྔ
་ཞིང་སྟོབས་དང་ལྡན་པ་ནང་བས་ཆེན་པོར་འགྱུར་རོ།། དེ་ལྟར་ལྡང་བ་དེ་ལས་རྨ་སྐྲངས་པ་དང་ན་བ་ལ་སོགས་པས་ནང་པོ་ཉེན་པར་འགྱུར་རོ།། འབྲུ་སར་ཏིལ་དང་ནཱུ་ཥ་དང་།། ཆང་དང་རླན་ཅན་ལས་བྱུང་ཤ
་འོ་མ་བུ་རམ་ཤིང་ལས་གྱུར།། སྒུར་དང་ལན་ཛྭ་ཚྭ་བ་དང་།། གཞན་དག་འཁྲུ་བ་གཅོད་བྱེད་དང་།། ཚ་དང་བསིལ་བ་ལྕི་བ་སྤང་ཞེས་བྱ་བ་ལ། འབྲུ་སར་པ་ལ་སོགས་པའི་སྡེ་ཚན་རྨ་ཡོད་པའི་སྐྱེས་བུས་སྤང
་བར་བྱའོ།། དེ་བཞིན་དུ་ཆང་དང་སྲོ་ག་ཆགས་གཤེར་སར་གནས་པ་ཤ་དང་འོ་མ་ལས་གྱུར་པ་དང་། ཞོ་དང་ངར་བ་དང་ཕྲུམ་དང་། ཐུང་ལ་སོགས་པ་དང་བུ་རམ་ཤིང་ལས་གྱུར་པ་སྟེ། བུ་རམ་ཕྲ་མོ་ལ་སོགས
་པ་དང་། སྐྱུར་དང་། ལན་ཚྭ་དང་། ཚ་བའི་བཟའ་བཏུང་དང་གཞན་ཡང་གང་དང་འཁྲུ་བ་གཅོད་ཅིང་འགག་པར་བྱེད་པ་དང་། ཚ་བའི་ཤས་ཆེ་བ་དང་། བསིལ་ཞིང་གྲང་བ་དང་། ལྕི་བ་དེ་དག་ཀྱང་སྤང་ཞིང་དོར་བར་བྱའོ།།
་འབྲུ་སར་ལི་སོགས་སྡེ་ཚན་འདི།། རྨ་དང་ལྡན་པའི་ནང་ཀུན་བསྐྱེད་ཅེས་བྱ་བ་ལ། བཤད་མ་ཐག་པའི་འབྲུ་སར་པ་ལ་སོགས་པའི་སྡེ་ཚན་འདི་ནི་རྨ་དང་ལྡན་པའི་སྐྱེས་བུ་དམན་པའི་ནང་ཀུན་བསྐྱེད་པ་སྟེ། ནང་གཞི་གསུ
་ཆར་བསྐྱེད་པའམ། རྨ་རེད་ཅིང་འདྲུལ་བ་ལ་སོགས་པ་ནད་སྐྱོད་པར་བྱེད་པ་ཡིན་ནོ།། ཆང་ནི་རྣོ་བ་ཚ་རྩུབ་འགྱུར།། རྨ་ལ་མྱུར་དུ་གནོད་པར་བྱེད་ཅེས་བྱ་བ་ལ། འབྲུ་སར་པ་ལ་སོགས་པ་སྡེ་ཚན་བཤང་མ་ཐག
་པར་ཆང་སྤང་བར་བྱ་བ་ཉིད་ཡིན་པར་བསྟན་ཟིན་པ་ལས། འདིར་ཡང་ཆང་སྤང་བར་བསྟན་པ་ནི་ཤིན་ཏུ་ཉེས་པ་ཆེ་བའི་ཕྱིར་ཡང་སྨོས་པ་ཡིན་ཏེ། འབྲུ་སར་པ་ལ་སོགས་པ་ཟོས་པས་རྨ་ལ་གནོད་པར་འགྱུར་མོད
་ཀྱི། དེ་བས་ཀྱང་ཆང་ནི་རྣོ་བ་དང་ཚ་བ་དང་རྩུབ་པ་དང་། སྒྱུར་ཡིན་པས་དེ་ལ་གནོད་པའི་རང་བཞིན་ཅན་ཡིན་པའི་ཕྱིར་རྨ་ལ་མྱུར་དུ་གནོད་པར་བྱེད་ཀྱི། གཞན་དག་ནི་དེ་ལྟ་མ་ཡིན་ནོ།། ཡང་ཆང་ཁྱད་པར་ཅན་རྣོ་བ
་དང་། རྩུབ་པ་དང་། སྒྱུར་བ་གང་ཡིན་པ་དེ་ཉིད་ནི་རྨ་ལ་ཤི་ན་ཏུ་མྱུར་བར་གནོད་པར་བྱེད་པ་ཡིན་གྱི། སྣུམ་པ་ལས་ཡོན་ཏན་དང་ལྡན་པ་གཞན་དག་ནི་དེ་ལྟ་མ་ཡིན་ནོ།། དེ་ཡང་རྒྱུད་གཞན་ལས། ཕལ་ཆེར་སྣུམ
་བཅས་མངར་བ་དང་། ཤིན་ཏུ་རྣོ་དང་རྔུབ་མ་ཡིན།། དང་ཞིང་བཏུང་བར་སླ་བ་དག། རྒུན་ཆང་དག་ལས་དེ་མཆོག་ཡིན། ཞེས་བཤད་པ་ཡིན་ནོ།། དེ་བས་ན་ཆུང་སྡུམ་པ་ལ་སོགས་པའི་ཡོན་ཏན
་དང་ལྡན་པ་ནི། སྨན་པ་ལ་ལན་འགའ་ཞིག་ཉུང་ཞིང་བྱིན་པ་ནི་རྨ་ལ་གནོད་པར་མི་འགྱུར་གྱི། ཆང་རྣོ་བ་དང་ཚ་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་འདི་ནི་ཤིན་ཏུ་གནོད་པ་ཡིནོ།། ཞེས་ཤེས་པར་བྱ་བའི་ཕྱིར།
་འདིར་ཡང་སྨོས་པ་ཡིན་ནོ།། བཱ་ལ་ཨུ་ཤི་ར་ས་གཡབ་ཅིང་།། འདི་ནི་སྐྱོད་པར་མི་བྱ་ལ།། དྲག་ཤུལ་མི་གཟུགས་འཕྲུལ་མི་བྱ།། བསྐྱོད་པའི་ཚེ་ནི་བག་བྱའོ་ཞེས་བྱ་བ་ལ། རྨ་དེ་སྨན་པ་ཡ་ཀ་དང་། ཨུ་ཤི་རས་གཡབ
་པ་དང་། རྨ་འདི་བསྐྱོད་ཅིང་བསྒུལ་བར་མི་བྱ་བ་དང་། དྲག་ཤུལ་དུ་གཟུགས་ཤིང་བརྡེག་པར་མི་བྱེ་བ་དང་། སེན་མོ་ལ་སོགས་པས་ཕུག་པར་མི་བྱའོ།། ཡང་དེ་བཞིན་དུ་བསྐྱོད་ཅིང་བསྒུལ་བའི་ཚེ་ན་ཡང་བྱ་བ་ཐ~ཾད
་དུ་རྨ་ལེགས་པར་བསྲུང་ཞིང་བག་བྱའོ།། མཛའ་དང་བྲམ་ཟེ་རྒ་ནི་སོགས་ཀྱི།། གཏམ་ནི་ཡིད་ལ་དགའ་བ་མཉན།། ནད་ལས་ཐར་པའི་རེ་བཅས་པོས།། རྨ་ནི་མྱུར་དུ་འཚོ་བར་འགྱུར།། ཞེས་བྱ་བ་ལ། གྲོགས
་མཛའ་དང་། བྲི་ཟེ་དང་ཆེན་པོ་ལ་སོགས་པའི་གཏམ་ཡིད་ལ་དགའ་བ་དག་མཉན་པ་དང་། ནད་ལས་མྱུར་དུ་ཐར་པར་འགྱུར་རོ།། ཞེས་རེ་བ་དང་བཅས་ཤིང་དགའ་བས་རྨ་མྱུར་དུ་འཚོ་ཞིང་འབྱང་བར་འགྱུར་རོ།།
་ཉིན་གསུམ་ལོན་ཚེ་རྨ་ཡི་ལས།། སླར་ཡང་བཀྲུ་སོགས་ལས་རྣམ་ནི།། སྔ་མ་བཞིན་བྱའོ་ཞེས་བྱ་བ་ལ། དེ་ལྟར་བྱས་ན་ཉི་མ་གསུམ་ལོན་པའི་ཚེ་སླར་ཡང་རྨའི་ལས་སྔ་མ་བཞིན་དུ་བྱར།། གོང་གི་བཤད་པ
་དང་མཐུན་པར་བྱའི། ཆོ་ག་ཇི་ལྟ་བ་བཞིན་དུ་བྱའོ།། དེ་བཞིན་དུ་ཉིན་ཞག་གཉིས་པར་མི་བྱའོ།། ཚབས་ཆེར་ན་ཞིང་མི་འབྱར་ལཱ།། རྨ་ནི་ཡུན་རིང་ཞིག་ན་འཚོ་ཞེས་བྱ་བ་ལ། སྔ་མ་དེ་བཞིན་དུ་ཉི་མ་གཉིས་པ
་ལ་རྨ་བཀྲོལ་ཞིང་བཀྲུ་བ་ལ་སོགས་པའི་ལྀས་མི་བྱ་སྟེ། དེ་ལྟར་བྱས་ནུ་རྨ་ཚབས་ཆེར་ན་ཞིང་། མི་ཟད་པར་ན་བ་དང་། རྨ་མི་འབྱར་ཞིང་རྨེན་བུ་སྐྱེ་བ་དང་། རྨ་ཡུན་རིང་ཞིག་ནཱ་འཚེ་ཞིང་འདྲུབ་པར་འགྱུརརོ།།
་རྨ་ཚངས་སམ་ནི་ལྡེ་གུས་གླན།། སྣུམ་ཆེས་རྩུབ་ཆེས་དམ་པ་དང་།། ལྷོད་དྲགས་བཞག་ཉེས་མི་བྱ་སྟེ་ཞེས་བྱ་བ་ལ། རྨའི་ནང་དུ་གཞུག་པའི་རྨ་ཚོངས་རས་ལ་སོགས་པའི་གོས་ཀྱི་དུམི་བུ་རྨའི་ནི
་གཞུག་ཏུ་རུང་བ་དེ་སྣེ་མ་ཆེ་པ་དང་། རྩུབ་ཚོས་པ་དང་། དེ་བཞིན་དུ་དམ་དྲགས་ཤིང་དྲག་ཏུ་བཅིང་བ་དང་། ལྷོང་དྲགས་པ་དང་། བཞག་ཉེས་པ་དག་མི་བྱའོ།། དེ་བཞིན་དུ་སྨན་གྱི་ལྡེ་གུས་རྨ་གླན་པ་ཡང
་སྣུམ་ཆེས་པ་དང་ངམི་ཆེས་པ་དང་། མཱི་ང་ཆེས་པ་དང་། བཞག་ཉེས་པར་མི་བྱའོ།། སྣུམ་ཆེས་རྨ་ནི་རེད་པར་འགྱུར།། རྩུབ་ཆེས་ཤ་ཆང་ཤིན་ཏུ་ན།། གསོ་ཤིང་ཁྲག་ནི་འབྱུང་བར་འགྱུར།། དམ་དང་ལྗོད
་དྲག་བཞག་ཉེས་པས།། རྨ་ཡི་ཁ་ནི་འདྲུབ་པར་འགྱུར།། ཞེས་བྱ་བ་ལ། སྣུམ་ཤིན་ཏུ་དྲགས་ཤིང་ཆེ་ན། རེད་པར་འགྱུར་ཞིང་རྣག་དང་ཆུ་སེར་འཕེལ་བར་འགྱུར་རོ།། དེ་བཞིན
་དུ་རྩུབ་ཆེས་པ་ནི་ཤ་བཅད་པ་དང་། ཤིན་ཏུ་ན་བར་འགྱུར་བ་དང་། དེ་བཞིན་དུ་པགས་པགས་པ་དང་། ཁྲག་འབབ་ཅིང་འབྱུང་བར་འགྱུར་རོ།། དེ་བཞིན་དུ་ཐ་ཚངས་དང་ལྡེ་གུ་ཤིན་ཏུ་དམ་པ་དང་། ཤིན་ཏུ
་ལྷོང་དྲགས་པ་དང་། བཞག་ཉེས་པས་ནི། རྨ་འི་ཁ་ཕན་ཚུན་འདྲུད་ཅིང་འདར་བ་དང་ཐུག་པར་འགྱུར་རོ།། མ་ནི་བརྣག་བཅས་སྐྲངས་གང་མཐོ།། རྒྱུ་བཅས་རྣག་ཕུགས་འཆས་པ་དག། རྨ་ཚ་འཇམ་པོ་ནོང
་གནས་པ།། རྨ་ཡི་སྐྱོན་ནི་དག་པར་བྱེད་ཅེས་བྱ་བ་ལ། རྨ་གོང་རྣག་དང་བཅས་པར་གནས་པ་དང་།། དེ་བཞིན་དུ་སྐྲངས་ཤིང་མཐོ་བར་གན་པ་དང་། རྒྱུ་བ་དང་བཅས་པ་སྟེ། ལ་སོགས་པ་རྣག་གིས་ཟོས་པས
་བུ་གའི་རྣམ་པ་རིང་དུ་འགྲོ་བ་དང་། རྒྱུ་བ་དང་བཅས་པ་ཞེས་བཤད་དོ།། རྣག་གི་ཕུག་ནང་ན་འཆས་ཤིང་འཐུམས་ཡོད་པ་ནི་ནག་ཕུགས་འཆས་པ་དེ། དེ་ལྟ་བུ་ཡི་རྨ་གང་ཡིན་པ་དག། རྨ་ཚངས་འཇམ་པོ་ནང
་ན་གནས་ཤིང་བཅུག་པས་རྨའི་སྐྱི་ན་དེ་དང་།། དག་ཅིང་སྦྱོང་བར་བྱེད་པས་ན་དེའི་ཕྱིར་དེའི་རྨའི་ནང་དུ་གཞུག་པར་བྱའོ།། དེའི་སྐྲངས་པ་ཧ་ཅང་མ་སྨིན་བརྟོལ།། སྨིན་ཞིང་རྣགས་པར་འགྱུར་བ་སྤྱད།། ཕན་པའི
་སྨན་དང་ཟས་སྦྱིན་དཀྲི། ཤིན་ཏུ་རྨ་མི་གནོད་པས་གསོ་ཞེས་བྱ་བ་ལ། སྐྲངས་པ་ཧ་ཅང་མ་སྨིན་པ་ལ་ལེགས་པར་མ་བརྟགས་པར་གལ་ཏེ་སྦྱངས་པ་དེ་མཚོན་གྱིས་བརྟོལ་བར་གྱུར་ན། སྨིན་ཅིང་རྣག་པའི
་ཐབས་ཀྱིས་ཡོང་དག་པར་གསོ་བར་བྱ་སྟེ། དེ་ཡང་ཕལ་ཚེར་ལན་ཚྭ་དང་། སྒྱུར་བ་དང་། ཚ་བ་དང་། དྲོ་བའི་ལྡེ་གུའི་སྨན་རྣས་དང་། དེ་བཞིན་དུ་ཟླས་སྨིན་ཅིང་རྣགས་པར་འགྱུར་བའི་བཟའ་བ་དང་།
་དེ་བཞིན་དུ་སྨིན་པར་འགྱུར་བའི་ལོ་མོ་ལ་སོགས་པ་དག་གིས་གསོ་བར་བྱའོ།། དེ་དག་ཀྱང་རྨ་ལ་ཤིན་ཏུ་མི་གནོད་པར་བྱ་བ་སྟེ། ལན་འགའ་རྨི་སྨིན་པར་བྱ་བའི་ཕྱིར། རྨ་ལ་ཅུང་ཟད་གནོད་པ
་གཏང་དུ་ཟིནྡོ་ཀྱང་སྐྱོན་དུ་མི་འགྱུར་བ་ནི་ཡོད་དོ།། སྣང་པའི་རྨ་ནི་གསར་དུ་བྱུང་།། རལ་ཞིང་ཁ་བྱེད་འཕྲལ་དུ་བཙེམ།། རྨེ་ན་བུ་ཆེན་པོ་བཀས་པ་དང་།། རྣ་ཤལ་བུ་གྲཝ་ཆད་པ་བཙེམ་ཞེས་བྱ་བ
་ལ་རྨ་དེའི་མོད་ཁོ་ན་ལ་མཚོན་གྱིས་དྲལ་ཞིང་སྣད་པ་ལས་བྱུང་བ.རཞིང་ཁ་བྱེ་བ་དང་། དེ་བཞིན་དུ་རྨེན་བུ་ཆེན་པོ་བཀས་པ་ལས་བྱུང་བ་དང་། དེ་བཞིན་དུ་རྣ་ཤལ་གྱི་བུ་ག་ཆད་པའང་བཅོམ
་པར་བྱའོ།། མགོ་དང་མིག་ཕུགས་སྣ་དང་མཆུ།། མཁུར་ཆོས་རྣ་བ་དཔུང་པ་བརླ།། མགུལ་པ་དཔྲལ་བ་རླིག་པ་དཔྱི།། ཕོ་མཚན་གཞང་དང་ལྟོ་བ་སོགས།། ཕུགས་རིང་བ་ན་གནས་རྣམས་དང་།། ཤ་ཆེ
་མི་འགུལ་མ་ཡིན་དང་།། ཆུ་སོ་མཚན་ཁུང་ལ་སོགས་དང་།། ཤ་ཆུང་མགུལ་པའི་རྨ་དག་དང་།། དབུགས་དབྱུང་ཟུག་རྔུ་ཡོད་པ་དང་།། ཐལ་སྨན་དུག་མེས་ཚིག་མི་བཙེམ།། ཞེས་བྱ་བ་ལ། མགོ་བོ་དང་མིགས
་ཕུགས་ལ་སོགས་པར་གནས་པའི་རྨ་བཙེམ་པར་མ་བཙམ་པར་མི་བྱའོ།། དེ་བཞིན་དུ་སོ་དང་། མཚན་ཁུང་ལ་སོགས་པའི་ལུས་ཀྱི་གནོད་ཀྱི་རྨ་བཅོམ་པར་མི་བྱའོ།། དེ་བཞིན་དུ་ཤ་ཆུང་བ་དང་། མགུལ་པའི་རྨ་དག་ཀྱང་བཙེམ་པར་མི
་བྱའོ།། དེ་བཞིན་དུ་དབུགས་རྒྱུ་ཞིང་རྒྱུ་བ་དང་། ནང་ན་ཟུག་རྔུ་ཡོད་པའི་རྨ་ཡང་བཙེམ་པར་མི་བྱའོ།། དེ་བཞིན་དུ་ཐལ་སྨན་དང་། དུག་དང་མེས་ཚིག་པའི་རྨ་ཡང་བཅོམ་པར་མི་བྱའོ།། བཙེམ་པ་རུས་དུམ་ཁྲག་སྐམ་དང་།། རྩ་དང་སྤུ་རྣམས
་གསལ་ནས་ནི།། ཤི་ཚད་རུས་དུ་མ་འ་ཕྱང་བ་ཡང་།། རང་གི་གནས་སུ་གླན་པ་དང་།། རུས་ཚིག་བཅུག་ཅིང་ཁྲག་གཟིགས་ལ།། སྐུད་པ་ཤིང་ཤུན་རྒྱུས་པས་བཅོམ་ཞེས་བྱ་བ་ལ། བཙེམ་པར་བྱ་བ་ནི་རུས་ཚིགས་གསུམ་དུ་གནས
་ལས་འགོགས་པ་གང་ཡིན་པ་དང་། ཁྲག་སྐམ་པོ་ལ་སོགས་པ་ལག་པས་བསལ་ཞིང་བཏོན་ལ། དེ་བཞིན་དུ་ཤ་ཆད་ཅིང་མཚོན་གྱིས་དྲལ་ཏེ་དུམ་བུར་འཕྱང་བ་དེ་ཡང་རིང་གིས་གནས་སུ་གློན་ཞིང་སྦྱར་བ་དང་། དེ་བཞིན་དུ་རུས
་པ་དང་ཚིག་ལ་སོགས་པ་བྱུང་ཞིང་འཕུར་བ་སླར་གཞུག་པ་དང་། ཁྲག་གི་རྒྱུན་གཟགས་ཤིང་སྤྱད་ལ། ཅི་རི་པ་ར་ཀྱི་སྐུད་པའམ། ཤིང་ཀུན་ཨསྨནྟ་ཀཾ་དང་མུརྦ་དང་། གསོ་མ་ལ་སོགས་པའི་སྐྲོད་པ་འཇམ་པོ་འམ། རྒྱུས
་པ་ལས་བྱས་པའི་སྐུད་པས་ལེགས་པར་བཙེམ་པར་བྱའོ།། སྲུབས་ནི་ཉེ་བ་འམ་རིང་མི་བྱ།། བླང་བ་ཆེ་འམ་ཆུང་མི་བྱ་ཞེས་བྱ་བ་ལ། དེ་ལྟར་བཙེམ་པ་ན། རྨ་ཁས་ཧ་ཅང་ཉེ་བའམ། ཐག་རིང་བ་ནས་པ་ནས་བཙེམ་པར་མི་བྱའོ།། དེ་བཞིན
་དུ་རྨའི་གནས་ལས་སྲུབས་ཀྱིས་བླང་བ་ཁམ་ཆེ་བའམ། ཁམ་ཆུང་བར་མི་བྱའོ།། དེ་ནས་སྤྲོ་བསྲིང་བྱས་ན་མཐོར།། རྨུ་ནི་སྦྲང་རྩི་མར་སྦྱར་དང་།། སྐྱེར་པ་ཟར་མའི་དུད་པ་དང་།། འབྲས་བུ་གསུམ་དང་ས་ལ་ཀི།། སེང་ཕྲོམ་མངར་དང
་སྐྱེར་བཅས་པས།། བསྐུས་ལ་བཅིང་སོགས་སྔོན་བཞིན་བྱ་ཞེས་བྱ་བ་ལ། དེ་ལྟར་བཙེམ་པའི་རྗེས་ཐོགས་ལ།། ནད་པ་སྤྲོ་བསྲིང་ཞིང་དབུ་གས་ཕྱུང་སྟེ། དེ་ནས་དེའི་འོག་ཏུ་རྨ་ཁ་སྦྲང་རྩི་དང་མར་སྦྱར་བའི་སྐྱེར་པ་དང་། ཟར་མ་ལ་སོགས
་པའི་ལྡེ་གུ་བྱུག་ཅིང་བསྐུ་བ་དང་།། དེའི་འོག་ཏུ་བཙིང་པ་དང་། དུད་པས་བདུག་པ་ལ་སོགས་པ་སྔ་མ་བཞིན་དུ་སྦྱར་བར་བྱའོ།། རྨ་ཁ་ཁྲག་ནི་མེད་གྱུར་གང་།། དེ་ནི་ཅུང་ཟད་བྲུད་བྱས་ཏེ།། རྒྱུ་འབྱོར་བྱེད་པ་ཁྲག་ཡིན་པས།། ཕྱུང་སྟེ
་ལེགས་པར་དྲུབ་བར་བྱ་ཞེས་བྱ་བ་ལ། རྨ་གང་ཞིག་ཁའི་ཕྱོགས་ན་ཁྲ་ག་མེད་པར་གྱུར་པ་དེ་ནི་ཅུང་ཟད་ཙམ་འབྲུད་ཅིང་། མཚོན་གྱིས་གཙེས་ལ་ཁྲག་དབྱུང་བ་དང་། བཙེམ་པར་བྱ་སྟེ། ཅིའི་ཕྱིར་ཞེ་ན། རྨ་འདི་འབྱོར་ཞིང་འཚོ་བར
་བྱེད་པ་ནི་ཁྲག་ཉིད་ཡིན་པས་ནི། དེ་ཕྱུང་སྟེ་དྲུག་པར་བྱ་སྟེ། དེ་ལ་བཅིང་བ་ཡུལ་སོགས།། བརྟག་ནས་ངེས་པར་སྦྱོར་བར་བྱ་ཞེས་བྱ་བ་ལ། འདིས་རྨ་བཅིང་ཞིང་དེཀྲི་བར་བྱ་བ་ཡིན་པས་ན་བཅིང་བ་སྟེ། དེ་ནི་ཡུལ་ལོ་སོགས་པ་ཞེས་པ།།
་ཡུལ་དང་ནད་གཞི་དང་ལུས་ཟུངས་ལ་སོགས་པ་ལ་བརྟགས་ནས། རང་གི་བློས་ལེགས་པར་སྦྱར་བར་བྱའོ།། བལ་གོས་ལྤགས་པ་དང་གསུམ་དྲོ།། ཟར་མའི་རས་ནི་བསིལ་བ་ཡིན་ཞེས་བྱ་བ་དེ།
་བལ་གྱི་གོས་ཡིན་པས་ན་བལ་གོས་ཏེ། སྣམ་བུ་དང་ལྔ་བའོ།། པགས་པའི་རྣམ་པ་འཇམ་ཞིང་དྲོ་བའོ།། དཱར་ནི་ཟབ་ངར་ཏེ། བཅིང་བ་གསུམ་པོ་འདི་དག་ནི་ནུས་པ་དྲོ་བ་ཡིན་ནོ།། ཟར་མའི་རས་དང་གསོ་རས་ནི་བསིལ་བ་ཡིནོ།།
་དྲོ་གྲང་རན་པ་ཤིང་བལ་འདབ།། རས་བལ་རྒྱས་པ་ཤིང་ཤུན་ཡིན་ཞེས་བྱ་བ་ལ། དྲོ་བ་དང་གྲང་བ་གཉིས་ཀའི་རང་བཞིན་རན་པ་ནི་ཤིང་བལ་བད་ལ་མ་དང་། རས་བལ་དང་རྒྱས་པ་དང་། ཤིང་ཤུན་ལས་བྱས་པའི་ཆིངས་ཏེ། རྒྱུ་དེ་དག
་ལས་སྐུད་པའི་ཚུལ་དུ་བྱས་པའི་རྣམ་པས་དེ་ཀྲིས་པའོ།། ཟེངས་ལྕགས་ཞ་ཉེ་རོ་ཉེ་ཡི།། བད་ཀཱན་ཚིལ་ཆེན་རྨལ་གླན།། ཆག་ཐུར་ཤིང་བྱང་པ་ཌ་བ་དང་།། ཤིང་ཤུན་སྨྲིགས་ཚལ་སོགས་ཅིང་ཞེས་བྱ་བཱ་ལ། བད་ཀན་དང་ཚོལ
་ཆེས་པའི་རྨ་ལ་ནི། ཟང་མ་དང་ལྕགས་ལ་སོགས་པ་གླན་ཞིང་བཅིང་བར་བྱའོ།། རྐང་ལག་གི་རུས་པ་ཆག་གྲུགསུ་གྱུར་པ་ལ་ནི། ཤཽང་བྱང་ལ་སོགས་པས་པོ་ཅིང་བར་བྱའོ།། དབྱིབས་ནི་རང་མིང་རྗེས་མཐུན་པའི།། ཆིངས
་མ་བཅོ་ལྔ་རྣམས་བྱ་སྟེ།། ཤུབས་དང་བཀྲ་ཤིས་ལྷོད་པིར་བཅིང་།། མཐར་ཆགས་བཅིང་དང་ཟླུམ་པོར་བཅིང་།། མངའ་ལྕགས་ཁྲི་དང་དམ་བཙོང་དང་།། སྒྱེའུ་བླ་རེས་ལྐོག་ཤལྀ་དང་།། འུར་མཐིལ་ཟུང་གླན་ཟླུམ་དང་།། ཡན་ལག
་ལྔ་པ་ཞེས་བྱ་བ་ནི། དབྱིབས་ཀྱི་རྣམ་པ་རང་གི་མིང་ཇི་སྐད་བཏགས་པ་དང་། རྗེས་སུ་མཐུན་པའི་ཆིངས་མ་སྒྱེའུ་དང་། བཀྲ་ཤྲཱི་ནཱ་ཡན་ལག་ལྔའི་བར་བཅོ་ལྔ་པོ་དེ་དག་བཅིང་བའི་དོན་དུ་སྦྱར་བ་བྱའོ།། དེ་དག་ཀྱང་ཤུབས་ནི་མཛུབ
་ཤུབས་འདྲ་བ་སྟེ། སོར་མོའི་ཚོགས་ཆགས་པ་ལ་སྦྱར་བར་བྱའོ།། བཀྲ་ཤིས་ནི་གཡུ་དྲུང་ལྟ་བུ་ཟུར་བཞི་པོ་སྟེ། རུས་པའི་ཚིགས་དང་། སྨིན་མ་དང་། ནུ་མའི་བར་དང་། མཆན་ཁུང་དང་། རྣ་བར་གླན་པར་བྱའོ།། ལྷོད་པར་བྱ་བ
་ནི་རྩེ་ལ་སོགས་པ་ལས་སྨས་པ་སྟེ། དེ་དག་གི་མགུལ་པ་དང་། ཕོ་མཚན་ལ་སོགས་པ་ལ་རྨ་བྱུང་བ་ལ་གླན་པར་བྱའོ།། མཐར་ཆགས་སུ་བཅིང་བ་ནི་རས་བལ་ལམ་ལྷས་མ་ཞེང་ཆུང་ལ་རིང་བ་སྟེ། དེ་ནི་མིག་གི་གྲར་སྦྱར
་བར་བྱའོ།། ཟླུམ་པོར་བཅིང་བ་ནི་སྲད་བུ་སྟེ། དེ་ནི་ཡན་ལག་ཐམས་ཅད་བཅིང་བ་ལ་སྦྱར་བར་བྱའོ།། མདའ་ལྕགས་ནི་གབ་རིང་པོར་བྱས་པ་སྟེ། དེ་ཡང་ལག་ངར་ལ་སོགས་པ་ལ་སྦྱར་བར་བྱའོ།། ཁྲི་ནི་ཁྲི་རྐང་བཞི་པར
་བྱས་པ་སྟེ། དེ་ནི་འགྲམ་པ་དང་མུ་འགྲིམ་དང་མཁུར་ཆོས་སྣད་པ་ལ་སྦྱར་རོ།། དམ་དུ་བཅིང་བ་ནི་ཁྱད་པར་དུ་འགུགས་མི་ཤེས་པར་བཅིང་བ་སྟེ། དེ་ནི་ལྟོ་བ་དང་བརླའི་རྒྱབ་ཏུ་གླན་ཞིང་བཙོང་བར་བྱའོ།། སྒྱེའུ་ནི་སོ
་རྩི་ལ་སོགས་པའི་འཇུད་པའི་སྒྱེའུ་ཕྲན་ཏེ། དེ་ནི་སོར་མོ་དང་ཕོ་མཚན་གྱི་རྩ་ལ་ནད་ཡོད་པ་དང་གཅིན་ནད་ཟ་ཁུ་ཅན་ལ་སྦྱར་བར་བྱའོ།། བླ་རེ་ནི་ཉི་ཚན་ལ་སོགས་པའི་གནོད་པ་བཟློག་པའི་ཕྱིར། རས་བལ་ལ
་སོགས་པས་ཁེབས་པ་ལྟ་བུ་སྟེ། ཕོ་མཚན་སྐྱུངས་པ་ལ་སོགས་པ་ལ་སྦྱར་བར་བྱའོ།། བ་ཡང་གི་ལྐོག་མ་ལྟ་བུ་ནི། ལྐོག་མར་ལྐོག་ཤཱལ་ལྟར་འཕྱང་བ་སྟེ། དེ་ནི་ལུས་ཀྱི་ཡན་ལག་འཕྱངས་པར
་གྱུར་པ་ལས་སྦྱར་བར་བྱའོ།། འུར་མཐིལ་ལྟ་བུ་ནི་ཞིང་བ་རྣམས་བྱ་སྐྲོད་པའི་ཕྱིར། འུར་རྡོ་འཕེཕོན་པའི་ཕྱིར་རྡོའི་གནས་སུ་བྱེད་པ་འུར་མཐིལ་ཞེས་བྱའོ།། དེ་ནི་སྣ་དང་ཆུ་དང་ཀོ་སྒོ་སྣང་པ་ལ་སྦྱར་ཞིང་བཅིང་བར་བྱའོ།། ཟུར
་དེ་གླན་པ་ནི་གནོང་དུ་བྱེད་གཅིག་དབུས་སུ་སྐབས་བཏོད་དེ། རྨ་གཉི་གེ་འདབ་ཆགས་སུ་བཅིང་དུ་རུང་བའོ།། དེ་ནི་རྨ་གཉིས་འདབ་ཆགས་སུ་བྱུང་བ་ལ་གླན་པར་བྱའོ།། ཟླུམ་པོ་ཞེས་བྱ་བ་ནི་དཀྱིལ་འཁོར་ལྟར་ཟླུམ་པོར་བྱས
་པ་སྟེ། དེ་ནི་ཡན་ལག་ཟླུམ་པོ་སྣད་ཅིང་ཆག་པ་ལ་གླན་པར་བྱའོ།། ཡན་ལག་ལྔ་པ་ནི། ཞིང་བྱང་ལ་སོགས་པ་གང་ཡན་ལག་བཞི་པ་ཡོད་པ་གོ་ཅིག་གྱེན་དུ་དབྱུང་བ་བྱ་སྟེ། དེ་ནི་ནམ་ཚོང་ཡན་ཆད་སྣང་བ་ལ་སྦྱར་བར་བྱའོ།།
་དེ་ལས་གང་ཞིག་གང་ནི་ལེགས་འབྱོར།། དྭེ་ནཱི་དེ་རུ་ལེགས་པར་སྦྱར། ཞེས་བྱ་བ་ལ། བཅིང་བ་དེ་དག་གི་ནང་ནས། ཆིངས་མ་གང་ཞིག་ལུས་ཀྱི་ཕྱོགས་གང་དང་ལོགས་པར་འབྱོར་ཞིང་འབྱར་ལ་འམམ་པོའི་ཚིསམ
་ཤུགས་ལ་སོགས་པ་དེ་དག་ནི། ལུས་ཀྱི་ཕྱོགས་དཾ་རུ་ལེགས་པར་སྦྱ་རོ་ཞིང་བཅིང་བར་བྱའོ།། བཪྻ་དང་མཇུག་ཅེས་མན་ཁུང་དང་།། ཆུ་སོ་སྤྱི་བོར་དམ་དུ་བཅིང་ཞེས་པ་ཡ། བརླ་བ་མཛུ་སོག
་པའི་ལུས་ཀྱི་ཕྱོགས་སུ་རྨ་བྱུང་བ་ལ་ནི་དམ་ཞིང་སྐྱ་བར་བཅིང་བར་བྱའི། ལྷོད་པར་བཅིང་བར་མི་བྱའོ།། ལག་ངར་གདོང་དང་རྣ་བ་དང་།། རྒྱུ་བ་དང་རྩིབ་ལོགས་མགུལ་པ་ལྟོ།། ཕོ་མཚན་རླིག་པ
་རན་པར་བཅིང་། ཞེས་བྱ་བ་ལ། ལག་ངར་ལ་སོགས་པའི་ལུས་ཀྱི་ཕྱོགས་སུ་ནཱི་བཅིང་བ་དམ་ལྷོད་རན་པར་བྱ་ལ། དེ་བཞིན་དུ་མཚན་དང་རླིག་པ་ཡང་རན་ཙམ་དུ་བཅིང་བར་བྱའོ།། མིག་དང་ཚིགས་སུ
་ལྷོད་པར་བཅིང་། ཞེས་བྱ་བ་ལ། མིག་གི་ཕྱོགས་དང་རུས་པའི་ཚིགསོ་རྣམས་སུ་ཆིངས་མ་ལྷོད་པར་བཅིང་ངོ་།། ལྷོད་བཅིངས་རྨ་ནི་བད་ཀནྡ་དང་། རླུང་ཤས་ཆེ་ལ་རླན་པར་བཅིང་ཞེས་བྱ་བ་ལ། ལྷོད་པར
་བཅིང་བ་མིག་དང་ཚིགས་ལ། རྨ་བད་ཀན་དང་རླུང་གི་ཤས་ཆེ་བ་ཡོད་ན་ལྷོད་པར་མི་བཅིང་གི། དམ་པ་དང་ལྷོད་པ་རན་ཙམ་དུ་བཅིང་ངོ་།། རེན་ཅིང་གནས་སུ་དམ་དུ་བཅིང་།། དམ་པ་ཅིང་ཤིན་ཏུ་དམ་པར་བཅིང
་ཞེས་བྱ་བ་ལ། རན་པར་བཅིང་པའི་གནས་ལག་དེར་ལ་སོགས་པར། བད་ཀན་དང་རླུང་གི་ཤས་ཆེ་བའི་རྨ་ཡོད་ན། རན་པར་མི་བཅིང་གི་དམ་དུ་བཅིང་བར་བྱའོ།། དམ་དུ་བཅིང་བའི་གནས་བརླ་དང་མཇུག
་ཙོས་ལ་སོགས་པའི་རྨ་ཁད་ཀན་དང་རླུང་ལས་བྱུང་བ་ཡིན་ན། ཤིན་ཏུ་ཤས་ཆེར་དེ་མ་དུ་བཅིང་བར་བྱའོ།། དགུན་དང་དེ་བཞིན་དཔྱིད་ཀྱི་ཚེ།། ཞག་ནི་གསུམ་གསུམ་དག་ནས་དགྲོལ། ཞེས་བྱ་བ་ལ།
་བད་ཀན་དང་རླུང་གཱི་ཤས་ཆེས་ཆེ་རྨ་དེ་གཉིས་ལས་དགུན་ཞེས་བྱ་བ་དགུན་སྟོད་དང་དགུན་སྨད། དེ་བཞིན་དུ་དཔྱིད་ཀྱི་ཚེ་སྟེ། ཟླ་བ་དྲུག་ལ་ནི་ཞག་གསུམ་གསུམ
་ནས་དགྲོལ་ཞིང་བཅིང་བར་བྱའོ།། ཁྲ་མཁྲིས་ཤས་ཆེའི་རྨ་དག་ནི།། དམ་བཅིང་གནས་སུ་རན་པར་བཅིང་།། རན་བཅིང་གནས་སུ་ལྷོད་པར་བཅིང་།། ལྷོད་བཅིང་གནས་སུ་བཅིང་མི་བྱ། ཞེས་བྱ་བ
་ལ། ཁྲག་དང་མཁྲིས་པ་ཤས་ཆེ་བའི་རྨི་ལ་ན་རྨ་ལ་ནི། དམ་དུ་བཅིང་བའི་གནས་བརླ་ལ་སོགས་པར་དམ་དུ་མི་བཅིང་གི་རན་པར་བཅིང་བར་བྱའོ།། རན་པར་བཅིང་བའི་གནས་ལག་ངོར་ལ་སོགས
་པར་ནི་ལྷོད་པར་བཅིང་བར་བྱའོ།། ལྷོད་པར་བཅིང་བའི་གནས་མིག་དང་ཚིགས་སུ་ཁྲག་དང་མཁྲིས་པ་ཤས་ཆེ་བའི་རྨ་བྱུང་ན་དེ་བཅིང་བར་མི་བྱའོ།། དེ་གཉིས་སོ་ཀ་སྟོན་གྱི་ཚེ།། སྔ་དྲོ་ཕྱི་དྲོ
་དགྲོལ་བར་བྱ་ཞེས་བྱ་བ་ལོ། ཁྲག་དང་མཁྲིས་པ་ལས་བྱུང་བའི་རྨ་དེ་གཉིས་ལ་སོས་ཀྭ་དང་སྔོན་གྱི་ཚེ་ནི་ཉིན་རེ་ཞིང་སྡེ་དྲོ་དང་ཕྱི་དྲོའི་དུས་སུ་དགྲོལ་ཞིང་བཅོས་པར་བྱའོ།། མ་བཅིངས་ཤ་སྦྲང་སྦྲང
་བུ་དང་། ལྷགས་པ་བསེར་བུ་སོགས་པས་གནོད།། རྨ་རེད་གྱུར་ཅིང་དེར་སྣུམ་དང་།། སྨན་ནི་ཡུན་རིངས་གནས་མི་འགྱུར།། སྦྱང་བའོམ་འཚོ་བར་དཀའ་བ་དང་།། སོས་ཀྱང་མདོག་ནི་མི་སྡུག་འགྱུར་ཞེས
་བྱ་བ་ལ། རྨ་མ་བཅིངས་ན་ཤ་སྦྲང་ལ་སོགས་པས་གཙེས་པར་འགྱུར་ཞིང་། དེ་དང་རེད་པའི་དབང་གིས་འཚེ་བ་སྣ་ཚོགས་ཀྱིས་གནོད་པར་འགྱུར་བ་དང་། དེ་བཞིན་དུ་རྨ་དེ་བཅིང་བ་མེད་པར་སྣུམ་གྱི
་བསྐུས་ན་ཡང་སྨན་དེ་ཡང་ཡུན་རོང་དུ་གནས་པར་མི་འགྱུར་ཞིང་།། སྨན་གྱི་ལྡེ་གུ་ལ་སོགས་པ་བསྐུས་པ་ཡང་ཡུན་རིང་པོར་མི་ཐོགས་པར་བསྐམས་པའམ་ལྷུང་བར་གྱུར་པའམ། དེ་བཞིན་དུ་ལེ་གས
་པར་བཅོས་སུ་ཟིན་ཀྱང་རྨ་འཚེ་ཞིང་འདྲུབ་པ་དཀའ་བ་དང་། གལ་ཏེ་འཚོ་ཞིང་འདྲུབ་ཀྱང་ཤ་མདོ་གཱ་མི་སྡུག་པར་འགྱུར་རོ།། བཅིངས་ན་ཆག་ཅིང་ཕྱེ་མར་འགྱུར།། འཕྲེས་སམ་འབུར་གྱུར་དྲིལ་གྱུར
་ཏམ། རྩཝ་དང་རྒྱུས་པ་ཆད་གྱུར་ཀྱང་།། རྨ་ནི་མྱུར་དུ་བདེ་བར་འཚོ།། ལྡང་དང་ཉལ་བ་ལ་སོགས་པའི།། སྤྱོད་ལམ་ཀུན་གནོད་པ་མེད་ཅེས་བྱ་བ་ལ། རྨ་ལེགས་པར་བཅིངས་ཤིང་བསྡམས་པས་ནི།
་ཚག་ཅིང་ཕྱེ་མར་གྲུགས་པ་འམ།། འཕྲེས་ཤིང་གནས་པ་ལས་འཕྲོགས་པའམ། འབུར་ཞིང་མཐོ་བའམ། དྲལ་ཞིང་གས་པར་གྱུར་པའི་མཽ། རྩ་དང་རྒྱུས་པ་ཆད་པ་གྱུར་ཀྱང་།། རྨ་བདེ་བླུག་ཏུ་མྱུར་དུ
་འཚོ་བར་འགྱུར་རོ།། དེ་བཞིན་དུ་ལྡང་བ་དང་། མལ་ན་ཉལ་བ་ལ་སོགས་པའི་སྤྱོད་ལམ་ཀུན་ལ་ཡང་གནོད་པ་མེད་པར་འགྱུར་རོ།། རྨ་ཡི་ཁ་སྐྱེས་མཐོ་མི་མཉམ།། སྲ་ཞིང་རབ་ན་འཆི་བར་དཀའོ།།
་འཇམ་ཞིང་མཉམ་ལ་ན་བ་མེད།། རྨ་ནི་མྱུར་དུ་དག་ཅིང་འཚོ།། ཞེས་བྱ་བ་ལ། རྨ་གང་ཁ་ཆེར་སྐྱེས་ཤིང་མཐོ་བའི་ཟླུམ་པོ་ཡོད་པ་དང་། མཐོ་དམན་མི་མཉམ་པ་དང་།
་སྲ་ཞིང་མཉེན་བག་མེད་པ་དང་།། རབ་ཏུ་ན་ཞིང་ཚོར་བ་དྲུག་པ་དང་ལྡན་པའི་རྨདེ་ལྟ་བུ་ནི་འཚོ་ཞིང་འབྱུང་བར་དཀའ་བ་ཡིན་ནོ།། རྨ་གང་འཇམ་ཞིང་མཉེན་པ་དང་།། ན་བཱ་མེད་པ་ནི་མྱུར་དུ་དག་ཅིང་འཚེ
་བར་འགྱུར་རོ།། རྨ་ནི་ཡུན་རིང་ཤ་ཆུང་དང་།། རྩུབ་པས་འབྱོར་བར་མ་གྱུར་ན།། ནད་ཚིགས་དུས་ཚིགས་ཇི་བཞིན་དུ།། སྨན་དང་ལོ་མས་དགབ་པར་བྱ།། མ་རྙིབས་གཞོན་ཞིང་བུ་ག་མེད།། ཀུན་ནས་ལེགས
་བར་ཁེ་བས་པ་དང་།། ཕྱིས་ཤིང་མི་རྩུབ་ལོ་མ་ནི།། ལོ་མ་ཅན་ཤིང་སྟག་པ་དང་།། ཨརྫུ་ན་དང་ཀ་དམ་པའི།། ལཻ་མ་ཡིས་ནི་གཡོགས་པར་བྱ། ཞེས་བྱ་བ་ལ། རྨ་ཡུན་རིང་ཞིང་དུས་རིང་པོ་ལོན་ཏེ་རྙིངས་པ
་དང་། ཤ་ཆུངས་ཤིང་ཟད་པ་དང་། རྩུབ་པར་གྱུར་པའི་རྒྱུས་འབྱོར་ཞིང་འཚོ་བར་མ་གྱུར་ན། ནང་གཞི་ཇི་ལྟ་བའི་ཚུལ་དང་མཐུན་པ་དང་། དུས་ཚིགས་དང་ཇི་ལྟར་མཐུན་པ་བཞིན་དུ་རྨའི་སྨན་ལྡེ
་གུ་དང་། སྣུམ་ལ་སོགས་པ་རྨ་ལ་ཕན་པར་བྱེད་པ་དེ་ག་པོསྐུ་བར་བྱ་བ་དང་ཤིང་འོ་མ་ཅན་ལ་སོགས་པའི་ལོ་མས་དགག་ཅིང་གསོ་བར་བྱ་སྟེ། དེ་ཡང་འདི་ལྟར་རླུང་ལས་གྱུར་པའི
་རྨ་དང་གྲང་བའི་དུས་སུ་སྣུམ་པ་དང་དྲོ་བས་གསོ་བ་དང་མཁྲིས་པ་ཤས་ཆེ་བའི་རྨ་དང་། དེ་བཞིན་དུ་དྲོ་བའི་དུས་སུ་ནི་བསིལ་བྱར་གསོ་བ་དང་། བད་ཀན་ཤས་ཆེ་བའི་རྨ་དང་། གྲང་བ་དང
་དྲོ་བའི་དུས་སུ་ནི་ཕེལ་ཚེ་རི་རྩུབ་པ་དང་། དྲོ་བས་གསོ་བར་བྱ་སྟེ། འགྲེས་འདི་ཐམས་ཅད་ལྔ་སྦྱར་བར་བྱའོ།། དེ་བཞིན་དུ་ལོ་མ་མ་རྙིངས་ཤིང་དེངས་པ་མཱ་ཡིན་པ་དང་། གཞོན་ཞིང་གསར
་པ་དང་། བུག་རྡོལ་མེད་པ་དང་། དེ་བཞིན་དུ་ཀུནས་ཐམས་ཅད་དུ་ལེཊ་པརཱ་ཁེབས་ཤིང་ལེན་ལྔ་བཞག་པ་ཕྱིསོ་ཤིང་དྲི་མཽ་མེད་པར་བཀྲུས་པ་དང་། མི་རྩུབ་ཅིང་སྲེ་བ་མ་ཡིན་པའི་ལོ་མ་འོ་མ་ཅན་གྱི་ཤྲིང་ལ
་སོགས་པ་ལས་བྱུང་བས་ལེགས་པར་གཡོག་པར་བྱའོ།། མཛེ་དང་མེ་ཡིས་ཚིག་པ་དང་།། འབུས་ཟོས་གཅིན་ནད་སྦྲང་རྩི་འདྲ།། བྱི་སྦྲུལ་གྱི་དུག་དང་ནི།། ཐལ་སྨན་རྣོ་དང་དུག་གིས་ཕོག།
་རྨ་ནི་བཅིང་བར་མི་བྱ་ཞིང་།། ཤ་འདྲུལ་གཞང་ཁཱ་རྀ་མི་བཟང་རྣགས།། འདུལ་ཞིང་ཚ་དང་ན་བཅས་པརྱ།། སྐྲངས་སྐམས་མེད་པ་ལྔ་མི་བྱི་ཙིང་ངོ་ཞེས་བྱ་བ་ལ། མི་མཛེས་བཏབ་པ་དང་། དེ་བཞིན
་བཞིན་དུ་མེས་ཚིག་པའི་རྨ་བཅིང་བར་མི་བྱའོ།། དེ་བཞིན་དུ་འབུས་ཟོས་པའི་རྨི་ནས་དུག་གིས་ཕོག་པའི་བར་གྱི་རྨ་ཡང་བཅིང་བར་མི་བྱའོ།། དེ་བཞིན་དུ་ཤ་རུལ་ཞིང་འདྲུལ་བ་ནས་མེ་དཔལ་གྱི་རྨ་ཡང
་བཅིང་བར་མི་བྱའོ།། རྨ་གཱང་ལེགས་པར་མ་བསྲུངས་པར།། སྦྲང་མ་སྲིན་བུ་འཇུག་བྱེད་དེ།། དེ་ཡིས་ཟོས་པས་ན་བ་དང་།། སྒང་དང་རྣག་ཁྲག་འཛག་པར་བྱེད་ཅེས
་བྱ་བ་ལ། རྨ་གང་ཞིག་ལེགས་པར་མུ་བསྲུངས་ཤིང་། མ་བཙས་པས་འབུ་འཇུག་པ་ལ་སྲོགས་པའི་གནོད་པ་འབྱུང་ངོ་།། དེར་ནི་བཀྲུ་དང་དག་པ་ནི།། བྱེའུ་རུག་ལ་སོགས་སྡེ་ཚན་སྦྱར
་ཞེས་བྱ་བ་ལ། འབུ་ཞུགས་པའི་རྨ་དེར་ནི་བྱིའུ་རུག་པ་ལ་སོགས་པའི་སྡེ་ཚན་སྦར་བ་འི་སྨན་གྱིས་བསྐུ་ཞིང་སྦྱར་བ་དང་ད་ག་སྟེ་བསྐྲད་པར་བྱའོ།། སཔྟ་པནྟི་ཀ་རོཉྫ།། ཨརྐ་དང་ནི་ནི་མེ་པ་ད་ང་།
་ར་ཚ་དོང་ནི་ཤིང་ཚ་རྣམས།། བ་བཅིན་དང་ནི་བཏགས་པ་ཡིས།། ལྡེ་གུ་དེ་ལ་བསྐུ་བ་དང་།། ཐུལ་སྨེ་ན་ཆུ་ནི་བླུགས་པ་ཕནཾ་ཞེས་བྱ་བ་ལྀ། ཡང་རྨ་དེར་སཔྡ་པརྞི་ལ་སོགས་པ་དང་། བ་གཅིན
་བཏགས་པའི་ལྡེ་གུ་བསྐུ་བར་བྱའོ།། དེ་བཞིན་དུ་ཐལ་སྨན་རྣོན་པོའི་ཆུ་བླུགས་པ་ཡེང་ཕན་པ་ཡིན་ནོ།། ཡང་ན་ཤི་རློན་གྱིས་གཡོགས་ལ། དེ་ནི་མྱུར་དུ་དབྱུང་བར་བྱ། ཞེས་བྱ་བ་ལ། ཡང་ན
་རྨ་དེ་ཤ་རློན་རྨའི་ཆེད་དང་དབྱི་བོས་འདྲ་བའི་ཤའི་དུམ་བུས་བཀག་ཅིང་གི་ཡོགས་ལ། འབུ་དེ་དེ་ལ་ཆགས་པ་ན་མྱུར་ཞིང་རིངས་པར་གནོན་པར་བྱའོ།། འདི་ནི་ནོང་ན་སྐྱོན་བཅས་པས།།
་མྱུར་དུ་འཚོ་བར་མི་བྱ་སྟེ།། དེ་ནི་གནོད་པ་ཆུང་ངུས་ཀྱང་།། སླར་ཞིང་འགྲམས་པར་འགྱུར་བ་ཡིན་ཞེས་བྱ་བ་ལ། རྨ་འདི་ནི་ནང་ན་སྐྱོན་བཅས་ཤིང་རྣགུ་ལཱ་སོགས་པས་ཁྱབ་པས་སྨན་པས་རིང
་ཤིང་མྱུར་བར་འདྲུབ་ཅིང་འབྱུར་བར་བྱ་བའི་ཕྱིར། འཚོ་བ་པའི་སྨན་བསྐུ་བར་མི་བྱ་སྟེ། གང་གི་ཕྱིར་སྨན་དེ་ནང་ན་གནོད་པ་དང་བཅས་པས་རྨ་དེ་འཚོ་ཞིང་འབྱུར་ཡང་སླར་ཞིང་འགྲམས
་པ་དང་འཇིག་པར་འགྱུར་པ་ཡིན་ནོ།། འཚོབས་པར་གྱུར་ཀྱང་མི་ཞུ་དང་།། དྲག་ཤུལ་བུད་མོད་བསྟན་སོགས་སྤང་ཞེས་བྱ་བ་ལ། རྨ་འཚེ་བས་ཤིང་འབྱོར་པར་གྱུར་ཀྱང་ནད་པ
་དེས་མ་ཞུ་བ་དང་། དྲུག་ཤུལ་ལ་སོགས་པ་སྤང་།། ཟླ་བེ་དྲུག་གམ་བདུན་གྱི་བ་རོ།། ཆོ་ག་འབད་བྱས་བསྲུང་བར་བྱ།། ཞེས་བྱ་བ་ལ། མ་ཞུ་བ་དང་། བུད་མེད
་དང་ཕྲད་བ་སྤྱང་བ་ལ་སོགས་པའི་ཆོ་ག་འདི་ནི། རྨ་འཚོ་བས་ནས་ཟླ་བ་དྲུག་གེ་མ་བདུན་གྱི་བར་དུ་བསྲུང་ཞིང་བསྡུམས་པར་བྱའོ།། གཽ་ནས་སྐབས་དེ་དང་དེར་ནི་བྱུང་གྱུར་ཚེ།།
་ནད་གཞི་ལ་སོགས་སྟོབས་ཀྱིས་རྗེས་འབྲངས་ནས།། ཕྱི་མ་ནས་བཤད་རྒྱ་ཆེར་ལེགས་བརྟགས་ལ།། ཐབས་ནི་དེ་དང་དེ་ཡིས་འབད་དེ་གསོ་ཞེས་བྱ་བ་ལ། རྨའི་གནི་ས་སྐབས
་གསལ་བ་མ་བསྟན་པའི་ཚུལ་དང་མིང་གང་དག་ཡིན་པ་དེ་དག་བྱུང་ཞིང་སྐྱེས་པར་གྱུར་པ་ན། སྨན་པས་རླུང་སོགས་པའི་ནང་གཞི་ལ་སོགས་པའི་སྟོབས་ཀྱིས
་རྗེས་སུ་འབྲངས་ནས། འདི་ཉིད་ཀྱི་རྒྱུད་ཕྱི་མ་ནསརྒྱུ་ཆེར་བཤད་པ་དེ་ལེགས་པཨཱརྱ་བདྡྷི་གས་ཤིང་དཔྱད་ལ། རྨདེ་གསོ་པའི་ཐམས་དེ་དང་ངེས་འབད་པ་དང་ལྡན་པསྔ་གྷ་ས~ཾ་བྱཱརརྱ་བྷའི།
་ཟློས་གཞུང་ལ་མ་བརྟགས་པའི་རང་དག་འདོད། འབང་པོ་མྱེད་པའི་སྒྱིད་ཞན་པས་ནི་མི་བྱའོ།། ། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི
་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་དགའ་བས་ཉེ་བར་སྦྱར་བ་ལས། ལེའུ་ཉི་ཤུ་རྩ་དགུ་པའི་རྣམ་པར་འགྲེལ་པའོ།།
་