CLOSE WINDOW

GT380: lhan cig skyes pa'i rnal 'byor gyis rim pa zhes bya ba
Wyliee-texts produced with BDRC’s OCR application

ཅ་ཚིག་སྐྱེས་པ་པ་བཟུགས། རྒྱ་གར་སྐད་དུ། ས་ཧ་ཛཱ་ས་ཡོ་ག་ཀྲ་མ་ནཱ་མཱ། བོད་སྐད་དུ། ལྷན་ཅིག་སྐྱེས་པའི་རྣལ་འབྱོར་གྱིས་རིམ་པ་ཞེས་བྱ་བ། དཔལ་དགྱེས་པ་རྡོ་རྗེ་ལ་ཕྱག་འཚལོ།། དགྱེས་རྡོར ་རྒྱུ་མཐུན་དང་བཅས་དམ་པ་ནི།། རྣལ་འབྱོར་མའི་འཁོར་ལོར་རབ་བཏུད་དེ།། རྫོགས་པའི་རིམ་པའི་ཕྱོགསུ་ཇི་ལྟ་བར།། མངོན་པར་རྟོགས་པ་དེ་བཞིན་བཤད་པར་བྱ།། མཁའ་དབྱིངས་བྷོ་གར་བསམ་ནས་ནི།། དབུས ་སུ་བསྒོམ་པར་བྱ་བ་སྟེ།། འཁོར་ལྷོ་སྔོན་འགྲོ་ཅི་རིགས་པར།། ལྷ་རྣམས་ཇི་ལྟར་འབྱུང་བའོ།། ཞེས་བྱ་བ་མདོར་བསྟན་པའོ།། དེའི་དོན་ནི་འདི་ཡིན་ཏེ།། གནས་ལ་བྱེད་པ་ཞུགས་ནས་ནི།། སྒྲུབ་པ་པོས་ནི་བྱ་བ་བྱ།། འབྲས ་བུ་རྣལ་འབྱོར་མ་འཁོར་ལོ།། དེ་ཡིས་རྒྱུ་མཐུན་ཧེ་རུ་ཀའོ།། ཞེས་བྱ་བ་ལ་བསྐྱེད་པའི་ཕྱོགསུ་དག་པ་བཞི་གང་ཡིན་པ་དེ་རྣམས་ལས་གསུམ་པ་དང་མཆོག་ལས་འོག་མ་དང་། དགའ་བྲལ་ལས་གོང་མོ་གང་ཡིན་པ་དེ་ནི ་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ། དེ་ཉིད་འདི་ནི་རྣམ་པ་གཉིས།། འབྲས་བུ་རྣམ་པ་གཉིསུ་འདོད།། གཅིག་ནི་ན་མཁའ་དང་མཚུངས་པ།། གཞན་ནི་ཟླ་བ་རྫོགས་པ་བཞིན།། དེ་དག་ལས་ནི་ན་མཁའ་དང་མཚུངས།། གང་དེ་སྐྱོང ་པ་ཆོས་སྐུ་ཡིན།། གང་ཞིག་ཟླ་བ་རྫོགས་འདྲ་བ།། དེ་ནི་ལོངས་སྤྱོད་རྫོགས་སྐུའོ།། དེ་ཉིད་རྣལ་འབྱེར་མའི་འཁོར་ལོ།། གང་ཞིག་ཡེ་ཤེས་གཉིསུ་མེད།། ཇི་ལྟར་མཐར་ནི་བདེ་བ་ཆེ།། དེ་བཞིན་ཐོག་མར་ཐ་མི་དང་།། དེ་ནི ་ཆོས་ཀུན་རང་བཞིན་དང་།། དེ་ནི་གཉིས་མེད་ཡེ་ཤེས་ཡིན།། དེ་ནི་བདེ་ཆེན་དེ་ཡི་ཕྱིར།། འགྲོ་བ་ཐམས་ཅད་དེ་བཞིནོ།། འདིར་མངོན་པར་རྟོགས་པ་ནཱི་འདྲི་ཡིན་ཏེ། སྒོམ་པ་འདི་ལ་དབང་བྱེད་པ་ནི།། དཔའ་བོ་གཅིག་པུ་དབེན ་པར་གནས་པ། འཇམ་པའི་སྟན་ལ་འདུག་སྟེ། ཆོས་ཐམས་ཅད་རང་བཞིན་དག་པར་ཤེས་ངེས་པར་བྱས་ལ། བདག་ཉིད་ཧེ་རུ་ཀར་མོས་ཤིང་། ཡིད་ཀྱི་གང་ཡང་རུང་བ་བཀུག་སྟེ། དེ་ཉིད་བདག་མེད་མར་མོས་ཏེ།། ཀཀྐོ ་ལར་པོ་ལའི་རོལ་པ་འམ། ཡང་ན་བོ་ལའི་བུ་གར་རང་གི་སྙིང་ག་དང་ལྟེ་བ་ལས་བྱུང་བའི་ཐབས་ཤོས་རབ་ཀྱི་རྣམ་པར་རོལ་པ་བསྒོམ་ཞིང་། བསྒོམ་པའི་སྟོབས་ཀྱིས་དོན་དམ་པ་མངོན་པར་ཕྱོགས་པར་བྱའོ།། ཇི་ལྟར ་མངོན་པར་ཕྱོགས་པ་བྱས་པ། དབང་པོ་ཐམས་ཅད་དང་། ཡན་ལག་དང་། ཉིང་ལག་དང་། ཕྱོགས་བཅུའི་དངོས་པོ་ཐམས་ཅད་ལ་སྤྲོ་བར་བྱའོ།། སྣང་བ་མེད་ཅིང་གསལ་བཱ་ཙམ།། བདེ་བ་ཆེན་པོ་མཐོའ་ཡས་པ། ་ཇི་སྲིད་ནུས་པ་དེ་སྲིད་དུ།། རྒྱུན་མ་ཆད་པར་བལྟ་བར་བྱ།། ལངས་པ་དང་དངོས་པོ་ཐམས་ཅད་བདེ་བ་ཆེན་པོའི་རང་བཞིན་དུ་ཡིན་པས་རྣལ་འབྱོར་མོའི་འཁོར་ལོའི་བདག་ཉིད་ཅན་མོས་པར་བྱའོ།། ཡང་དྲང་ཡང་དུ ་མྱུར་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པར་བྱ་བའི་ཕྱིར།། རང་རིག་པའི་བདེ་བ་ཆེན་པོ་དེ་ཉིད་ཀྱིས་མ་ཆོད་པར་བྱའོ།། ཚོ་གོས་བསགས་པའི་བསྒོམ་པའི་ཁྱད་པར་གྱིས་ཡུན་རིང་མ་ཡིན་པར་འདོ ་པའི་དངོས་གྲུབ་ཏུ་འགྱུར།། སྲོག་ཆགས་ཐམས་ཅད་བདག་ལ་བྱུང་།། ཁམས་གསུམ་ཡང་ནི་བདག་ལས་བྱུང་།། འདི་དག་ཐམས་ཅད་བདག་གིས་ཁྱབ།། འགྲོ་གཞན་རང་བཞིན་མི་སྣང་ངོ་།། ་དེ་ལྟར་ཤེས་ནས་རྣལ་འབྱོར་པ།། མཉམ་པར་བཞག་པ་གླང་སློབ་པ།། མི་བདེ་བསོད་ནམས་དམན་པ་ཡང་།། གྲུབ་པར་འགྱུར་ཏེ་ཐེ་ཚོམ་མེད།། ཡང་མཉམ་པར་བཞག་པའི་རྣལ་འབྱོར་དང་།། ཡང་ལྡིང་པཱའི ་རྣལ་འབྱོར་ཏེ། རྣལ་འབྱོར་གཉིས་པ་ན་མི་ནུས་པ་ཇི་ལྟ་བ་བཞིན་དུ་ཆུ་བོའི་རྒྱན་བཞིན་ནམ་རྒྱུ་བ་མར་མེའི་སྣང་བའི་རྒྱུན་བཞིན་དུ། རྟག་ཏུ་དེ་ཉིད་རྣལ་འབྱོར་གྱིས།། ཉིན་དང་མཚན་དུ་གནས་པར་བྱ།། རང་གི་རིག ་པཱའི་ཡེ་ཤེས་འདི།། དག་གཾ་ལམ་གྱི་སྤྱོད་ཡུལ་འདས།། དེ་ནི་བྱིན་རླབས་རིམ་པ་སྟེ།། ཀུན་མཁྱེན་ཡེ་ཤེས་དེ་རང་བཞིན།། ས་དང་ཆུ་དང་མེ་དང་ནི།། རླུང་དང་མཁའ་རྣམས་ཉིད་དག་དང་།། རང་པོཥྚནྡ་རིག་པས་ཀུ ་རླིརིག་ལ།། སྐད་ཅིག་དེ་ཀུན་གནོད་མི་འགྱུར།། མཐི་རིས་སྭ་བླ་སེ་འོག་ཏུ།། སྐད་ཅིག་གིས་ནི་སྐུ་གཅིག་འགྱུར།། རང་བཞིན་དབྱེ་བའི་རྟོག་པ་ཡིས།། དེ་ནི་གནོད་པར་མི་ནུས་སོ།། རྣལ་འབྱོར་འདི་ནི་གནས་སྐབའི ་ཀྱི་དབྱེ་བ་དང་། ཐབས་ཀྱི་དབྱེ་བས་རྣམ་པ་བཞི་ཡིན་ཏེ། སྤྲིན་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། རྨིལ་མ་ལྟ་བུ་དང་། གཉིད་ལོག་པ་དང་། སད་པ་ལྟ་བུའོ།། དངོས་གྲུབ་ཀྱི་སྔོན་དུ་སྤྲིན་ལྟ་བུ་སྟེ། སྲབ་པའི་སྤྲིན་གྱིས ་བཀབ་པའི་ཟླ་བ་བཞིན་རྫོགས་པ་བཞིན་དུ་མི་གསལ་བའི་ཕྱིར།། གྲུབ་ན་སྒྱུ་མཱ་ལྟ་བུ་སྟེ། ཡིད་ཀྱིས་སྤྲུལ་པའི་རིག་མའི་སྟོབས་ཀྱིས་གསལ་བར་འགྱུར་བའི་ཕྱིར་རོ།། དེ་ནས་རྨི་ལམ་དང་འདྲ་བ་སྟེ། བུ་ལའི་ཡི་གེ་རྣམ ་འབྱོར་གྱི་སྟོབས་ཀྱིས་རྣལ་འབྱོར་གྱི་གཉིད་ལོག་པ་ལ་ཅིག་ཅར་དུ་སྐྱེ་བའི་ཕྱིར་རོ།། དེ་ནས་རྨི་ལམ་དང་སད་པ་ལྟ་བུ་ཡིན་པ་ལ། ཇི་ལྟར་སད་པ་ལྟ་བུ་ཡིན་ཞེ་ན། ཕྱི་རོལ་གྱི་རིག་མའི་སྦྱོར་བ་ལས་སྐྱེས་པའི ་ཕྱིར་རོ།། རྨི་ལམ་ལྟ་བུའི་རྒྱུ་ཅི་ལྟ་བུ་ཡིན་ཞེ་ན། རང་དང་གཞན་དང་མི་དམིགས་པའི་ཕྱིར།། དེ་དག་ཀྱང་གོང་ནུས་གོང་དུ་ཁྱད་པར་དུ་འགྱུར་བའི་ཕྱིར་ཏེ། སྔ་མ་དང་སྔ་མའི་སྟོབས་ཀྱིས་ཕྱི་མ་དང་ཕྱི་མ་སྐྱེ་བའི ་ཕྱིར་རོ།། ཇི་ལྟར་ཐ་མ་ཐམས་ཅད་ཀྱི་མཆོག་ཙཱ་ན། གཡེང་བ་ཡོད་ན་ཡང་ཤིན་ཏུ་མཉམ་པར་བཞག་པའི་ཕྱིར་དམྦ་ཚོག་མ་ལུས་པ་ཡོ་པའི་ཕྱིར།། ཤིན་ཏུ་ཟབ་པའི་དགྱེས་པའི་རྡོ་རྗེ་ལཱས།། ལྷན་ཅིག ་སྐྱེས་པའི་སྦྱོར་བ་བསྡུས་ནས་ནི།། དགེ་བྱ་གང་ཞིག་བདག་གིས་ཉེར་བསགས་པ།། དེས་ནི་འགྲོ་བ་རྡོ་རྗེ་འཛིན་ཐོབ་ཤོག། ལྷན་ཅིག་སྐྱེས་པའི་རྣལ་འབྱོར་དམ་པ་སློབ་དཔོན་ཆེན་པོ་དཔེལ་རིན་ཆེན་འབྱུང་གན ་ཞི་བའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། ། དཔལ་གུ་མ་ར་ཀླ་ཤུའི་ཞལ་སྔ་ནས་བསྒྱུར་ཞིང་གཏན་ལ་ཕབ་པའོ།། །། རྒྱ་གར་སྐད་དུ། ས་ཧ་ཛ་སདྱོ་ག་བྲྀ ་