CLOSE WINDOW

GT3787: smra ba'i sgo mtshon cha lta bu zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཝཱ་ཙ་ནུ་མུ་ཁ་ཡུ་དྷོ་པ་མ་ནཱ་མ་བོད་སྐད་དུ། སྨྲ་བའི་སྒོ་མཚོན་ཆ་ལྟ་བུ་ཞེས་བྱ་བ། སྨྲ་བའི་མཆོག་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། སྐུ་མཆོག་གཙོ་ལ་ཕྱག་འཚལ་ནས།། སྨྲ་བའི་ཡན ་ལག་རྫོགས་དོན་དུ།། ངག་གི་འདུ་བྱེད་གང་དེ་ཡི།། ཚོགས་པ་བདག་གིས་བཤད་པར་བྱ།། ཁོག་པ་མགྲིན་པ་རྐན་དང་ལྕེ། སྣ་དང་སྤྱི་བོ་སོ་དང་མཆུ།། སྤྱི་དང་ར་རེའི་ཆ་དག་ལས།། ཕྲད་དང་བྱེད་ཟད་ཕྲད་པ་དང་དོན་པ་དང་ནི་ལརྦ་བ་སྒྲ་དྲང་པོ་བསྒྲེང་དང་བཀུག ་པ་དང་།། བསྟོད་པ་དང་ནི་སྨད་པ་དང་།། བསྒྲིམས་དང་གློད་པའི་ང་རོ་འབྱུང་།། དྲང་པོ་བཀུག་དང་སྨད་པ་དང་།། བསྒྲིམས་པ་དང་ནི་གློང་པོ་ལ།། གྲ་ར་ཙང་གིས་ཕྱེ་བ་དང་།། བསྒྲེང་དང་བསྒྲེངས་ཏེ་བཀུག་པ་དང་།། བསྟོད་དང་བསྟོད་དེ་སྨད་པ ་དང་།། སྣ་ལྡན་རྣམ་པར་བཅད་པ་ཡིས།། ད་རོ་བཅུ་དྲུག་དག་ཏུ་འདོད།། ངོ་རོ་དྲག་གི་གསལ་བྱེད་ནི།། དྲང་པོ་བཀུག་དང་སྦེད་པ་ལ།། འདྲེན་པ་རིང་ཐུང་གསུམ་ཡོད་དེ།། དེ་ལའང་མེ་འབྲིང་རྣམ་པ་གསུམ། དེ་དགུ་སྣ་ལྡན་བ ་བརྒྱད་དོ།། གསལྔ་བར་བྱ་བ་ད་ལྟ་སྟེ།། བསྒྲེང་དང་བསྟོད་ལ་ཐུང་བ་སྟེ། བསྒྲིམས་དང་གློང་ལ་རིང་བའོ།། བཅུ་གཉིས་ཡིན་ཏེ་བརྒྱ་རྩ་གཉིས།། སྤྱིར་ན་བརྒྱ་དང་བཅུ་རྩ་གཅིག། རང་གནས་དང་ནི་བཅུ་གཉིས་ཏེ། ཡི་གེ་གཅིག་གི་རྣམ ་པོའི་ཆ།། ངག་གི་འདུ་བྱེད་ཚོགས་པའོ།། དུས་གཅིག་ཏུ་ནི་བཅུ་གཅིག་གམ།། སྣ་ལྡན་དང་ནི་བཅུ་གཉིས་ཏེ།། རང་གི་གནས་དང་བཅུ་གསུམ་མོ།། མཚོན་འདེབས་གར་དང་ལས་བྱེད་དང་།། སྟོབས་འགྲོས་ལྟ་སྤངས་བྱེ་བྲག་དག། རྐང ་ལག་མིག་གི་འགྱུར་བག་གི་ས།། ལུས་ཀྱི་འདུ་བྱེད་བདུན་པ་ནི།། ཐད་ཀར་ལྷ་དང་གྱེན་དུ་ལྟ།། དེ་བཞིན་བཟློག་སྟེ་ལྟ་བ་དང་།། བསྟོད་དེ་ལྟ་དང་སྱཱད་དེ་ལྟ།། བསྒྲིམས་དང་གློང་དེ་ལྟ་བ་ལྟར།། གར་ལ་སོགས་པའང་དེ ་བཞིན་ཏེ།། ལུས་ཀྱི་དུ་བྱེད་བདུན་པོ་ལྟར།། ངག་གི་འདུ་བྱེད་དེ་བཞིན་ནོ།། དེ་དོན་དབྱིབས་ཀྱི་གནས་ལུགས་ཀྱང་།། མདའ་དང་བསེ་རུ་གླང་ཆེ་ནས།། གདུགས་དང་རྐང་རྟེན་ལྟ་བུ་དང་།། མེ་རི་ཆུ་ཡི་དཀྱིལ་འཁོར་ལྟར། ཐད་ཀར་ཟུར་དང་། ་ཟུར་ལོགས་དང་།། སྐྱེ་འོག་རང་གི་ལུས་རྣམས་ལས།། གནས་པའི་བརྡས་འདི་ཤེས་པར་བྱ།། དེས་བསྟན་བརྡ་ཅན་འབྱུང་བ་ནི།། ལྕགས་རྣམས་ལ་ནི་ཁབ་ལེན་བཞིན།། རྣམ་རྟོག་དབང་གི་གནས་རྣམས་གཡོ།། ཇི་ལྟར་གནས་གཞི་མེད་བཞིན་དུ། ་མཁའ་ལ་མངབ་བསྐྱོད་རླུང་འབྱུང་ལྟར།། རྣམ་པར་རྟོག་པས་བསྐྱོད་པ་ན།། པཱ་ཡ་ཏ་ཞེས་བྱ་བའི་རླུང་།། ལུས་ལ་རབ་ཏུ་གཡོ་བར་འགྱུར།། པཱ་ཡ་ཏ་ཞེས་བྱཾ་ད་རི་རྨཱ་།། ལུས་ལ་རབ་ཏུ་གཡོ་བར་འགྱུར།། གཱ་ཡོ་རུང་རབ་ཏུ་གཡོས་པ་ཡིས། ་བྱེད་པ་ཀུན་ཏུ་བསྐྱོད་པོ་ནི།། དོག་དང་ཡངས་པའི་གནས་རྣམས།། ཕྲད་དང་ཅུང་ཟད་ཟད་པར་བྱེད།། དེ་ཚེ་ན། ཤཱ་སྭཱ་ཞེས་པའི།། རླུང་དང་ལྷན་ཅིག་འབྱུང་བ་སྟེ།། ཇི་ལྟར་གཟུགས་ལ་འབྱུང་བ་བཞིན།། ངོ་རོ་ལ་ནི་རྟེན་བཞིན་དུ།། རྣམ་རྟོག ་རང་གི་སྣོང་ཚལ་སོ།། གཟུགས་བརྙན་བཞིན་དུ་མ་མཉམ་སྟེ།། གནས་རྣམས་དང་ནི་བྱེད་པ་དང་།། རྣམ་པར་རྟོག་དེང་རླུང་གཉིས་དང་།། ངོ་རི་གསལ་བྱེད་སྣང་ཆ་ཡི།། ངག་གི་འདུ་བྱེད་ཀུན་རྩི་སྐྱེང་།། རྒྱུ་བདུན་དག་ལས་འབྱུང་བ་ནི།། གནས་རྣམས ་བཞི་ཡིས་རྒྱུ་ཡིས་ཏེ།། བྱེད་པ་འབྱིན་པར་བྱེད་པའི་རྒྱུ།། དེ་བཞིན་རྣམ་རྟོག་བསྐུལ་བའི་རྒྱུ།། ཇི་ལྟར་ཤིང་ལ་རླུང་བཞིན་དུ།། བྱེད་པ་སྐྱོང་རྒྱུ་བཱ་ཡ་ཏའོ།། སྐྱེས་བུ་དང་ནི་གཞོན་པ་བཞིན།། ལྷན་ཅིག་འབྱུང་བ་ནིཿཤྭཱ་སྭཱ།། ང་རོ་རྣམས་དང་གསལ་བྱེད་ནི།། ་ཀུན་ཏུ་ཁྱབ་པར་འགྲོ་བའི་རྒྱུད།། སྣང་ཆ་འདྲ་བར་འབྱུང་བ་ནི།། བསྐལ་པ་མཉམ་པའི་རྒྱུ་ཞེས་བྱ།། དེ་ལ་གདངས་ཀྱི་བྱེ་བྲག་ནི།། རྒྱུ་རྣམས་དག་གིས་ཕྱེ་བ་སྟེ།། སྔོན་དུ་སོང་བར་རིག་པར་བྱ།། དེ་ལ་རྒྱུ་དང་རང་བཞིན་ནི།། ང་རོ་དྲང་པོར་ལས་བྱུང་བ།། ཀ ་སོགས་སྡེ་ནས་རིམ་བཞིན་དུ།། སྡེ་ལྔ་དག་དང་ཨནྟ་སྨཻ།། ཨུཥྨ་ཎ་དང་མཐར་ཟད་དོ།། གནས་ཀྱི་ཡི་གེ་སུམ་ཅུ་བཞི།། མིང་དང་ཕོ་ཞེས་བྱ་བ་སྟེ།། དེ་ལ་དང་པོའི་སྡེ་པ་དེང་།། ཨུཥྨ་ཎ་ཡི་བཞི་པ་ནི།། བཅད་པར་བཅས་པ་མགྲིན་པ་ལས།། ་གཉིས་པ་དག་དང་ཨནྨ་སྠཱའི།། དང་པོ་ཨུཥྨའི་དང་པོ་རྣམས།། རྐན་ལས་རབ་ཏུ་འབྱུང་བ་ཡིན།། གསུམ་པ་དག་དང་ཨནྟསྠའི།། གཉིས་པ་ཨུཥྨའི་གཉིས་པ་རྣམས།། སྤྱི་བོ་ལས་ནི་རབ་ཏུ་འབྱུང་།། བཞི་པ་དང་ནི་ཨནྨསྠའི།། གསུམ་པ་ཨུཥྨཱའི་གསུམ ་པ་རྣམས།། སོ་ཡི་ཆ་ལས་ཀུན་ཏུ་འབྱུང་།། སྡུ་པ་དང་ནི་ཨཱནྟསྠའི།། བཞི་པ་མ་ཆུ་ལས་འབྱུང་བ་ཡིན།། མཐར་ཟད་མགུལ་དང་སྤྱི་བོ་ལས།། སྡེ་ལྔ་དག་ལས་ལྔ་ལྔ་ཡང་།། དང་པོར་རང་གནས་དྲུག་པ་སྟེ།། གཉིས་པ་འབྲིང་དང་སྤྱི་བོའི་ཆ། ་གསུམ་པ་རྣམས་ནི་ཞན་པ་སྟེ།། མ་ཧཱ་པཱ་ཎ་ཞེས་བྱ་བ།། བཞི་པ་རང་གནས་ཁོང་ནས་སོ།། ཨ་ནུ་སྭ་ར་ཞེས་བྱ་བ།། ལྔ་པ་རང་གནས་སྣ་ནས་འབྱུང་།། མགུལ་པ་སྣ་དང་གློད་པའི་སྦུབས།། དོག་པ་ཡིན་ཏེ་ཡང་བ་གཞན།། རྐན་དང་སོ་དོང་ལྷ་དང ་མཆུ་ན་ཕྲད་པ་ཡིན་ཏེ་གཞན་ཞེས་བྱ་བ།། གནས་མའི་ཡི་གེ་ཇི་སྙེད་ཀྱང་།། ང་རོ་གཅིག་གིས་བ་ཅིངས་པ་ལ།། དེ་ལའང་ཡི་གེ་གཅིག་ཅེས་བརྗོད།། ཤིན་ཏུ་ཕྲ་བའི་རྣམ་པའི་ཆུ།། དེ་ལའང་ཡི་གེ་གཅིག་ཅེས ་བྱཱབྱད་སྒྲ་འདི་དག་ལ་འདྲེན་པའི་ཆ།། ཨེ་ལྡན་ཨཾ་མེད་ཅེས་བྱ་བ།། ཆེ་བ་དག་དྲང་ཆུང་བའི་མིང་།། དྲང་པོ་དག་ལ་ཇི་ལྟ་བཾ།། དཾ་རོ་གཞན་ལས་དེ་བཞིན་ཏེ།། དེ་ལ་ཅུང་ཟད་གནས་ཚ་ནཱི།། ཨལླ་པྲ་ཎ་གཉིས་གཅིག་ཡིན།། མ་ཧཱ་པྲཱ་ན་གཅིག་གཉིས ་ཡིནམ་ནུ་སྭ་ར་རྔུབ་པའི་སྒྲ།། བི་སརྞྞེ་ནི་བཅད་པའོ།། ཧཱ་སྭ་ཐ་མལ་སྒྲ་ཡིན་ཏཱཾ།། དཱི་རྒྷ་ཏ་ནི་གཉིས་ཀྱི་ཡུན།། པླུ་ཏཱ་ནི་དེ་བཞིན་གསུམ།། ཨུ་དཱཏྟ་ནི་མཚུངས་གཉིས་གཅིག་ཨ་ནུ་དཱིཏྟ་ཕྱེད། མ་ཡིན།། སཱི་རི་ཏ་ནི་རང་སྨྲའོ།། ་སྣ་ལྡན་ཨ་ནུ་སྭ་རའི་ཆ།། ཨོཾ་ལྡན་ཨ་མེད་ཅེས་བྱ་བ།། ཆེ་བ་དག་དང་ཆུང་བའི་མིང་།། དྲང་པོ་དག་ལ་ཇི་ལྔ་པ།། ང་རོ་གཞན་ལས་དེ་བཞིན་ཏེ།། དེ་ལ་ཅུང་བྱེད་གནས་ཆ་ནི།། རྐན་དང་མགུལ་པའི་ཆ་དག་ལས།། བསྒྲེང་དང་བཀུག་པའི ་ང་རི་འབྱུང་།། དེ་བཞིན་མཆུ་ལས་བསྟོད་སྨད་དོ།། བསྒྲིམས་པ་སྤྱི་བོའི་ཆ་ལས་སྟེ།། གློང་པ་དག་ནི་སོ་ཡིན་ནོ།། འདི་དག་གིས་ནི་བཅིངས་པ་ནཱ།། ཆ་ནི་སྔོན་དུ་བརྗོད་པ་བཞིན།། མི་དེ་མུ་དོ་ར་ལྀ་ཡི།། སྒྲ་ཡི་ཚ་དང་ཅི་རིགས་སྦྱར།། ་ཨ་ཡི་ཚེ་ནི་བདུན་དུ་དཔྱད།། ལྡག་མ་རྣམ་པའི་མ་ཞེས་བྱ།། དེ་དག་རེ་རེའི་མ་ཡིན་ཏེ།། གང་ཡང་ཕན་ཚུན་བརྟེན་པ་ནི།། ཀུན་ཏུ་ཁྱབ་ཕྱིར་སྤྱི་ཡི་ཆ།། དེ་དག་ཡི་གེའི་བྱེ་བྲག་སྟེ། རྣམ་གྲངས་དུ་མ་མེད་པ་དང་།། མིང་ཚིག་མས་ལ ་བར་བྱེད་པ་དང་།། དོན་རྣམསརྗོད་པར་བྱེད་པའི་ཡི་གེ་ཞེས་ནི་བརྗོད་པ་ཡིན།། རང་བཞིན་ལས་དང་དགོས་ཆེད་ཀྱི།། ངེས་ཚིག་ཡིན་ཏེ་གོ་རིམས་བཞིན།། ཚོགས་དང་ལུས་དང་འདུས་པ་ནི།། རྣམ་གྲངས་དག་སྟེ་དེ་བཞིན་སྦྱར། ་ཇི་ལྟར་རྡུལ་ལས་གོང་བུ་བཞིན།། ཡི་གེ་འདུས་པར་གྱུར་པ་ནུ།། མིང་ནི་རབ་ཏུ་འགྲུབ་པར་འགྱུར།། གང་ཞིག་རྣམ་ཆ་འདུས་པ་ཡིས།། དོན་གྱི་ངོ་བོ་ཉིད་བརྗོད་ན།། རྣམ་ཆ་མང་རྡུམ་ཉུང་གྱུར་ཀྱང་།། དེ་ནི་མིང་ཞེས་རབ་ཏུ་བརྗོད།། དེ་ཡོང ་མིང་གི་ཐོག་མ་དང་། རྗེས་གྲུབ་པ་རྣམ་པ་གཉིས།། ཐོག་མ་འདོད་རྒྱལ་མིང་ཡིན་ཏེ།། རྗེས་གྲུབ་དག་ནི་དོན་ལྡན་དང་།། རྣམ་པ་གཉིས་ཀར་འདོད་པ་ཡིན།། དེ་ནི་ངེས་ཚིག་ཡོད་མེད་དོ།། གང་ཞིག་གཞན་ལ་མཱ་བརྟེན་པར།། ་བླ་དགས་གང་བྱས་ཐོག་མོའོ།། དྲི་ལ་བརྟེན་པ་རྗེས་གྲུབ་པ།། འདོད་རྒྱལ་དོན་ལྡན་གཉིསུ་འདོད།། འདདྲ་ཚལ་དྲན་ལ་ནི་གཉིས་འདང་།། འདོད་རྒྱུ་ལྔ་དག་ཏུ་མཚུངས་མོད་ཀྱི། མ་བརྟེན་ཕྱིར་ན་གྲུབ་པ་སྟེ།། མིང་གཞན་གང ་ལའང་མ་བརྟེན་པ།། གཞན་གྱི་འགལ་བ་མེད་ཕྱིར་རོ།། འཐད་པ་བསྒྲུབ་པའི་རིགས་པ་དག། ཆོས་ཉིད་ལ་ནི་བརྟེ་ན་པ་བཞིན།། དོན་ལྡན་མིང་ཡང་དྲི་བཞིན་དུ།། འདོད་རྒྱལ་ཐོག་མྱ་ཉིད་ལ་བརྟན།། རྗེསུ་གྲུབ་པའི ་འདོད་རྒྱལ་ནི།། ལོག་པར་སྒྲུབ་ཕྱིར་ངེས་ཚིག་བཞག། འདོད་རྒྱལ་ཐོག་མའི་མིང་གང་ཡིན།། ངེས་ཚིག་གཞི་མེད་ཆོས་ཉིད་བཞིན།། དེ་བརྟེན་དོམ་ལྡན་ངེས་ཚིག་ནི།། དེ་ཡིན་ཕྱིར་དང་དེ་ཡོད་ཕྱིར། དེ་ལ་ཕན་ཕྱིར་དེ ་བྱེད་ཕྱིར།། དེ་བྱའི་ཕྱིར་དང་དེ་ལ་དྲའི་ཕྱིར།། དེ་དེའི་ཕྱིར་དང་དེ་བྱེད་ཕྱིར།། དེ་ཡི་མིང་ནི་དེ་སྐད་ཅེས།། རྟགས་ཀྱི་སྒོ་འམ་མེད་ཀྱང་རུང་།། སྐབས་ཀྱི་མཐུ་ཡིས་ངེས་ཚིག་བརྗོད།། ཡིན་དང་རྔོ ་བོར་སྒྲུབ་པ་དང་།། དངོས་པོའི་རྐྱེན་ནི་དངོས་ཀྱི་མིང་།། ལྷག་མ་བཏགས་པ་ཞེས་བྱའོ།། རང་གི་ངོ་བོའི་ངེས་ཚིག་དང་།། བཏགས་པའི་མིང་གཞན་ཡོད་བྱེད་དང་།། རང་གི་ཁྱད་པར་གཞན་སེལ་བས།། ཡིན་དང་ངོ་བོ་སྒྲུབ་པ་དང་།། ་དངོས་པོའི་རྐྱེན་རྣམས་ཀོ་རིམས་བཞིན།། རྟེན་ལ་བརྟེན་པ་བཏགས་པ་དང་།། བརྒྱུད་པའི་རྒྱུད་ལས་འབྲས་བུ་དང་།། དངོས་ཀྱི་རྒྱུ་ལ་དེ་བཞིན་དང་།། འབྲས་བུ་འམ་བྱ་བར་གྱུར་པ་ལ།། དེ་ལ་རྒྱུ་ཡི་མྱིང་བཏགས་པའང་།། དཔེ་གཞན་གྱི་ནི་མིང ་དངག་དང་། དོནི་འདི་དག་གིས་སྒོ་ནས་ནི།། ཡོད་དང་དེ་ལ་ཕན་པ་དང་།། བྱེད་དང་ལས་སུ་བསྒྲུབ་པ་དང་།། འདྲུ་བར་སྦྱར་དང་རིམ་བཞིན་ནོ།། གལ་ཏེ་མིང་གཉིས་འདུས་པ་འམ།། འོན་ཏེ་མང་པོ་འདུས་ཀྱང་རུང་།། དེ་དག ་ཁྱད་པར་རྗོད་བྱེད་ན།། ཚིག་ཅེས་རབ་ཏུ་བརྗོདད་པ་སྟེ།། ཕྲད་རྣམས་དག་དང་བཅས་པའང་ཡིན།། དེ་ལ་ཚིག་གི་སྦྱོར་བ་བཅུ།། འབྲུ་མང་པོ་དང་ཚིག་སྡུད་དང་།། ཁྱད་པར་ངག་དང་ཡན་ལག་དང་།། གཞི་དང་གཞི་གཅིག་བསྦ་བ ་དང་གཞི་མཐུན་པ་དང་དེའི་སྐྱེས་བུ།། ཟླས་དབྱེ་བ་དང་ཕྱོགས་ཙམ་མོ།། ཚིག་གཉིས་མང་པོ་རབ་དབྱེ་བ།། རང་མིང་ལྡན་དང་མི་ལྡན་དང་།། ཕྱོགས་དང་རྣམ་གྲངས་ཕན་ཚུན་དང་། ཚིག་མང་པོ་སྟེ་རྣམ ་མང་པོ།། མཐུན་དང་ཐ་དད་དབྱེ་བ་ཡི།། ཕྱོགས་ཀུན་དང་ནི་ཕྱོགས་གཅིག་ལས།། རབ་ཏུ་དབྱེ་བ་བཞིར་འདོད་དོ།། བྱེད་པ་དྲུག་གིས་བསྒྱུར་བ་ནི།། ཀུན་ལ་རབ་ཏུ་ལྡན་པ་སྟེ།། བརྒྱ་དང་དྲུག་ཅུ་རྩ་བརྒྱད་ལས།། དུས་གཅིག་ཏུ་ནི་གསུམ ་ལྡན་བཟུང་།། ཚིག་བསྡུ་བ་ནི་རྣམ་པ་ལྔ།། གཉིས་དང་རྣམ་པ་བྱེ་བྲག་དང་།། གཞན་དང་བྱེད་པའི་ཚིག་ཡིན་ནོ།། ལས་ལ་སོགས་པའི་དབྱེ་བ་ཡིན།། གཉིས་པ་ལ་སོགས་བདུན་པའི་མཐའ།། བྱེད་པ་དྲུག་ཏུ་འདོད་པ་སྟེ།། ་ཚིག་སྡུད་ཙམ་དུ་ཤེས་པར་བྱ།། སྔ་མ་ཕྱི་མའི་སྦྱོར་བ་ཡིས།། ཁྱད་པར་བསྡུ་བ་རྣམ་པ་གཉིས།། འབྲེལ་པ་དག་ལས་གོ་རིམ་དང་།། དོན་དང་གྲགས་པའི་ཡན་ལག་ནི།། བསྡུ་བ་བཞིའོ་གྲགས་པ་ཡང་།། འཇིག་རྟེན་བསྟན ་བཅོས་དག་ལ་གཉིས།། རིགས་བསལ་བྱས་དྲོང་མ་བྱས་པའི།། བཞི་བསྡུ་བ་ནི་གཉིས་ཡིན་ནོ།། ཕྱོགས་གཅིག་དག་ཏུ་བྱེད་པ་དང་།། སོ་སོའི་ཕྱོགས་གཅིག་བྱེད་པ་ཡིས།། གཞི་གཅིག་བསྡུ་བའི་གཉིས་སུའོ།། ཁྱད་པར ་ཁྱད་པར་ཅན་གཉིས་དང་།། ཁྱད་པར་རྣམ་གཉིས་གཞི་གཅིག་ཏུ།། མཐུན་པ་གོ་བར་བྱ་བ་ལ།། སྦྱོར་བའི་གཞི་མཐུན་རྣམ་པ་གཉིས།། ངོ་བོ་འམ་ནི་ཆོས་ཀྱང་རུང་།། ཐ་དད་གོ་བར་བྱེད་པ་ཡིས།། དེ་ཡི་སྐྱེས་བུ་གསུམ་ཡིན ་ཏོ།། བྱེད་པའི་ཚིག་དང་ལས་འཛིན་དང་། བ་གཉིས་པ་ཞེས་བྱ་བའོ།། དེ་ལ་བྱེད་པ་བརྒྱད་ཡིན་ཏེ།། དང་པོ་ལ་སོགས་བདུན་པའི་མཐའ།། རྣམ་དབྱེ་བ་སྒྱུར་བ་བདུན་པོ་དང་།། ཕྲད་དང་སྦྱོར་བ་བྲལ་བའི་ཕྱིར། གཞན་དང་སྦྱོར་མེད་པོར ་པ་སྤང་།། དགག་པ་དང་ནི་བརྒྱད་དུ་འདོང་།། མཚན་ཉིད་དབང་གི་དབྱེ་བ་ཡིས།། མ་ཡིན་དགག་པ་བཅུ་བཞི་དང་།། མཚན་ཉིད་དབྱེད་པ་མེད་མོད་ཀྱི།། ཡུལ་དང་དུས་ཀྱིས་ཕྱེ་བ་ཡིས།། མེད་པར་དགག ་པ་བཅུ་གཅིག་དག། གང་ལྡན་དགག་པར་འདོད་པའོ།། གཞན་དང་མི་མཐུན་གཉེན་པོ་དང་།། ཆུང་དང་པྲ་དང་ཉུང་བ་དང་།། ཡུན་ཐུང་ལྷག་མ་མེད་པ་དང་།། མཐའ་དག་མིན་དང་བྲལ་བ་དང་། དམན་དང་ཞན་དང་ཞུམ་པ་དང་།། འདྲ ་བདག་ལས་དགག་པ་ནི།། མ་ཡིན་དགག་པར་འདོད་པའོ།། རྒྱུན་འདྲ་བ་དང་རང་བཞིན་དང་།། སྐབས་དང་རྟེན་གྱི་དབྱེ་བ་ཡིས།། སྔ་དང་ཞིག་ནས་མེད་པ་དང་། དབྱེ་བ་རྣམ་པ་བརྒྱད་ཡིན་ཏེ།། ཕན་ཚུན་དག་ལ་རང་བཞིན་དང་།། རྒྱུ་དང ་རང་བཞིན་གཉིས་དབྱེ་བའི།། ཤིན་ཏུ་མེད་དང་བཅུ་གཅིག་ནི།། མེད་པར་དགག་པར་འདོད་པའོ།། ཀུན་ཏུ་ལྡོག་ཕྱིར་དགག་པ་ཡིན།། དེ་ཉིད་གཞན་དུ་མི་བརྗོད་དང་།། འདྲ་བ་གཞན་དང་བྱེ་བྲག་གི། ཚིག་སྦྱོར་དབྱེ་བ་ལས ་འཛིན་ནོ།། གྲངས་དང་བསྡུས་དོན་སྦྱོར་བ་ཡིས།། གཅིག་དང་ཐ་དད་སྦྱོར་བྱེད་པ། ཁྭ་གཉིས་པར་ནི་འདོད་པའོ།། བསྡུ་བའི་ཕྱིར་དང་དབྱེ་བའི་ཕྱིར།། ཉེ་བར་ཐ་དད་སྦྱོར་བའི་ཕྱིར།། འདས་མ་ཐག་དང་གཞན་དག་དང་།། ལནྡ་གྲངས ་གཞན་ལ་སྦྱོར་བྱེད་པ།། ཟླས་དབྱེ་བ་ཞེས་འདོད་པ་ཡིན། རང་གི་རིགས་ཙམ་སྡུད་བྱེད་ཅིང་།། ཕྱོགས་གཞན་ཀུན་ཏུ་སྤོང་བ་དང་།། རིགས་ཀྱི་ཚད་ཀྱང་མི་འཛིན་པོ།། ཕྱོགས་ཙམ་སྟོན་པའི་སྦྱོར་བའོ།། གང་ཞིག་རང་གི་དོན་མེད ་ཅིང་དང་དོན་གྱི་མིང་ལ་གསལ་བྱེད་པ།། ཚིག་གི་ཕྲད་ཅེས་བྱ་བ་སྟེ།། དེ་ལྡནུ་ཕྲད་དང་བཅས་པ་ཡིན།། དེ་ལ་ཕྲད་ཀྱི་འཇུག་པ་ནི།། གང་ནི་འདྲི་བའི་ཚིག་གི་དོན།། སྤྱི་ལ་ཁྱབ་པར་སྦྱོར་བ་སྟེ།། ཟླར་སྡུད་པ་ལ་ཀུན་ཏུ་སྤང་།། ཅི་ལ་སོགས ་པའང་དེ་བཞིན་ཏེ།། ཁྱབ་པ་སྐྱབས་ཀྱི་བརྩི་བར་བྱ།། དེ་ཞེས་བྱ་བའི་ཚིག་གི་དོན།། ཐ་སྙད་དངོས་དང་དུས་འཇུག་གསུམ།། འདས་དང་རྣམ་གྲངས་གཞན་ཅནོ་དང་།། ལྷགོ་མ་དག་དང་བཅས་པའོ།། བདེན་པ་དག་དང་གསང ་པ་དང་།། བདག་གི་བ་དང་ཕ་རོལ་པོ།། དངོས་པོ་དག་ལ་འཇུག་པ་བཞི།། འདས་པ་དང་ནི་མ་འོངས་པའི།། དུས་གཉིས་ལ་ནི་འཇུག་པ་གཉིས།། བདག་ཉིད་དང་ལྟར་ཉིད་ལ་སྤང་།། དངོས་པོའི་དུས་ནི་མི་འདོར་སྟེ།། ཀུན་ལ ་རབ་ཏུ་སྦྱར་བར་བྱ།། འདི་ཚིག་འདས་དང་མ་འོངས་དང་།། སྐབས་ཀྱིས་དངོས་གཞན་དག་ལ་འཇུག། གང་ཞིག་ལ་ནི་བལྟོས་བྱས་པའི།། ཉེ་བ་དག་དང་མངོན་སུམ་པའི།། དངོས་པོ་དག་ཀྱང་གཉིས་ཡིན་ནོ།། སྤང་བར ་བྱ་བ་འདི་ལྟ་སྟེ།། ལྐོག་ཏུ་གྱུར་དང་རིང་བ་དང་།། གལ་ཏེ་བསྟན་བྱ་དུས་ཉིད་ན། འདས་དང་མ་འོངས་སྤང་བར་བྱ།། དེ་རྣམས་ཀུན་ལ་བསྒྱུར་བ་ལྡན།། ད་ནི་སྐབས་སུ་བབ་པའི་ཚིག། ད་ལྟར་བྱུང་ལ་སྦྱོར་བ་སྟེ།། འདས་པའི་སྐབས ་ལ་རྣམ་པར་སྤང་།། ན་ཞེས་བྱ་བའི་ཚིག་གི་དོན།། དམིགས་ཀྱིས་འབྱེད་དང་རྒྱུ་མཚན་དང་།། རྒྱུ་མཚན་དོན་གྱིས་བསྟན་པ་དང་།། ལས་དང་ཚེ་དང་རྟེན་གནས་དང་།། ཕྱི་ཚིག་དེ་གཞན་སོགས་སྟོན་དང་།། འོས་པར ་དཀའ་བ་ཆགས་འཛིན་ལས། ཕྱི་ཚིག་ངེས་པར་འབྱེད་པ་དང་།། དེ་ལས་བཟློག་པ་ཉིད་དང་ནི།། འགལ་བའང་མི་འགལ་སྟོན་པ་དང་།། སྨོན་དང་དྲི་དང་ཐེ་ཚོམ་གཞི།། ཚེ་སྐབས་རྣམས་ལ་འདི་མཐོང་ངོ་།། སྟེ་ན ་ལྷག་མ་ཡོད་པ་སྟེ།། མཚམས་སྦྱོར་བ་དང་དམ་འཆའ་དང་།། གཞན་འདྲེན་པ་དང་གསུམ་དུ་འདོད།། བྱེད་དང་བྱ་བ་འམ་ཡང་ན་ནི།། བྱ་བ་ཉིད་དུ་སྦྱོར་བ་གང་། དེ་ཉིད་དང་ནི་གཞན་དག་དང་།། ལན་གྲངས་གཞན་ལ་སྦྱོར་བ ་ཚིག་གཉིས་རིམ་པ་འམ་དུས་གཅིགོ་ཏུ།། སྦྱོར་བར་བྱེད་པ་མཚམས་སྦྱོར་ཡིན།། གང་ཞིག་གིས་ནི་སྔ་མ་ལ།། གསལ་བར་བྱེད་པ་དམ་འཆའ་བ།། ལྷག་པ་ཡོད་ཙམ་སྟོན་གྱུར་ཅིག། དེ་ལས་གཞན་གྱུར་གཞན་འདྲེན་པོའོ།། ་དང་ནི་འབྱེད་དང་སྡུད་པ་དང་།། རྒྱུ་མཚན་ཚེ་སྐབས་གདམས་ངག་ལྔ།། དེ་ཉིད་དང་ནི་གཞན་དག་དང་།། ལན་གྲངས་གཞན་ལ་སྦྱོར་བ་ཡི།། སྡུད་པའི་དང་ཡང་གསུམ་དུ་འདོད།། ནི་ནཱི་དགར་དང་བསྣན་པའི་ཚིག། དམིགས ་སམ་ངེས་པར་འཛིན་པ་སྟེ།། ཕྱི་མའི་ཚིག་དང་སྦྱར་བར་བྱ།། ཀྱང་དང་ཡང་ནི་སྡུད་པའི་ཚིག། མི་མཐུན་མཐུན་པར་སྟོན་པའང་ཡིན།། འདས་པ་འམ་མ་འོངས་གཞན་དག་ལས།། ཅི་རིགས་དག་ཏུ་བསྡུད་པར་བྱ།། ཡང་ཞེས ་བྱ་བ་བསྣན་པ་ཡིན།། ངེས་པར་གཟུང་བའི་ཚི་གོ་གི་དོན།། གཞན་མི་ལྡན་དང་གཞན་ལ་མིན།། ལྡན་པ་ཙམ་དུ་འཛིན་པ་དང་།། མ་ངེས་པར་ནི་རྣམ་པ་གཉིས།། བདེན་ཞིང་མི་བསླུ་བ་ཉིད་དང་། ཁོ་ན་དག་ནི་རྣམ་པ་དྲུག། ཉིད ་ནི་དེ་བཞིན་ཅུང་ཟད་དུ།། ཕྱི་ཚིག་ཕ་དད་མིན་པ་དང་།། དངོས་པོའི་རྐྱེན་དུ་འགྱུར་བའོ།། ཚད་འཛིན་ལྷག་མ་འགོག་པ་ཡིན།། ཙམ་ཞེས་བྱ་བ་རྣམ་པ་གཉིས།། འབའ་ཞིག་ལ་སོགས་དེ་བཞིན་སྦྱར།། ཁྱབ་པ་སྐབས་ཀྱིས ་བརྩི་བར་བྱ།། ཡང་དག་ཡོངསུ་ཀུན་ཏུ་སོགས།། སྒྲ་བཞིན་དང་ནི་ཕྲད་དུའོ།། ཚུལ་ནི་འདྲ་དང་སྨད་པ་དང་།། སྒོ་དང་སྡོམ་པ་མཚན་ཉིད་དང་།། ཐབས་དང་རིགས་པ་དོན་དང་འདོད།། ལེགས་པ་དག་ལ། ་འཇུག་པ་ལས།། འདྲ་བར་བྱ་བ་ཕྲད་དུ་འདོད།། བཞིན་ལ་སོགས་པའི་ཚིག་གི་དོན།། མ་ནོར་བ་དང་ཡིན་པ་དང་།། འདྲ་བ་དག་ཏུ་སྦྱོར་བའོ།། ཅིང་ལ་སོགས་པ་བསྡུ་བ་དང་།། མཚམས་སྦྱོར་དག་ཏུ་བྱེད ་པ་ཡིན།། ལྔ་ནི་གཉིས་པ་བཞི་པ་དང་།། བདུནཱ་པ་སྡུད་དང་སྦྱོར་བ་དང་། སྟོན་དང་ཚད་ལྡཛིན་གཞི་དང་ནཱི། ཚེ་སྐབས་དག་ཏུ་འདོད་པ་ཡིནྱོ།། ཀྱི་ནི་འབྲེལ་པའི་དོན་ཡིན་ཏེ།། ཀྱིས་ནི་བྱེད་པར་འདོད་པ་ཡིན།། ་མཐུན་རྒྱན་ནི་གསུམ་ཆར་ལའོ།། ལས་ནི་རྒྱུ་དང་འབྱུང་ཁུངས་དང་།། དགེར་བ་ཡིན་ཏེ་ནས་དེ་བཞིན།། སྡུད་པ་དྲུག་དང་མཚམས་སྦྱོར་ནི།། ནས་ལ་ཅུང་ཟད་ལྷག་མ་ཡིན།། གཏན་ཚིགས་དག་ཏུ་འགྱུར ་བ་ནི་དྲུག་པ་འབའ་ཞིག་མ་གཏོགས་པའོ།། དུ་ལ་སོགས་པ་ལ་དང་མཐུན།། དེ་ཉིད་དག་ནི་ལྷོག་པ་ཡིན།། དེ་བཞིན་ལྷག་བཅས་ལ་ལའོ།། འོ་ལ་སོགས་པ་སླར་སྡུད་པའོ།། འོ་ན་ཁོང་དུ་ཆུད ་པའི་ཚིག། འམ་ཞེས་བྱ་བ་འབྱེད་སྡུད་ཡིན།། ངག་དང་རྣམས་ནི་མང་པོའི་ཚིག། སོགས་ནི་མཐའ་དག་སྡུད་པ་ཡིན།། པ་འམ་ཅན་ནི་བདག་པོ་འམ།། ལྡན་པའི་དོན་དུ་སྦྱོར་བར་བྱ།། ་ནི་སྤྱི་རུ་བཞག་པ་སྟེ།། ཡུལ་དུས་ངེས་པར་མ་བཟུང་བའོ།། ཟ་བ་བཟའ་དང་ཟ་པོ་བཞིན།། མ་ནིང་དག་ཏུ་བཞག་པར་བྱ།། གལ་ཏེ་ཕྲད་གཉིས་འདུས་པ་འམ། ཡང་ན་མང་པོ་འདུས་པ་ན།། སྡེ་ཕྱི ་ཕན་ཚུན་ཟིལྔ་གནོན་དང་།། རང་གི་ཆུ་ལྡན་དག་ཏུ་སྦྱར།། གང་ལ་དམིགས་འཛིན་མི་བྱེད་དང་།། དམིགས་འཛིན་ཏེ་ན་ཕྲད་གྱུར་ན།། གཉིས་པར་གྱུར་པའི་མཐུ་བཞིན་ནོ།། ཕྱོགས་གཅིག་ཁོང་དུ་ཆུད་པ་ལ་སྨྲ།། ་ཕྱོགས་གཅིག་འདྲི་བར་བྱེད་པ་ནི།། འོ་ན་ཞེས་པའི་ནུས་པའོ།། དེ་ལ་དམིགས་འཛིན་སྔ་མ་བཞིན།། གཞན་འདྲེན་བྱེད་པ་ཏེ་ཡིན་ཏེ།། ན་ཡི་ཕྱོགས་གཅིག་དག་ཏུ་བྱེད།། དེ་ཉིད་ལྡན་པའི་ཕྲད་རྣམས་ནི།། དམིགས ་འཛིན་ལྡན་མི་ལྡན་གཉིས་ཏེ།། སྔ་མ་དོན་གྱིས་བསྡུ་བར་བྱ།། ཡོད་ན་སྔ་མ་དངོས་སུ་བསྡུ།། གལ་ཏེ་ཇི་སྟེ་འོན་ཏེ་དང་།། དེ་སྟེ་ན་ཞེས་བྱ་བར་སྦྱར།། འོན་ཀྱང་འོ་ནི་ཡང་ཞེས་པ།། བསྡུ་བ་གཉིས་ལྡན་གཉིས་བསྡུ ་བད་མཐུན་དང་ཐ་དད་སྐབས་ཀྱི་མཐུ། གང་ལྟར་ཇི་ལྟར་དེ་ལྟར་དང་།། དེ་བཞིན་དེ་སྐད་ལ་སོགས་པ།། ཇི་སྐད་བསྣན་པའི་ཆ་གཉིས་ལྡན།། དེ་ལ་སོགས་པའི་ཕྲད་རྣམས་ཀུན།། ཟིལ་གནོན་གྱུར་ཏམ་ཆ་ལྡན ་ཡང་།། དགོས་རེ་རེར་དྲིལ་བྱས་ཏེ།། དོན་ཚིག་སྦྱོར་བ་བཅུ་པོ་དག། ཕྲད་ཀྱི་སྦྱོར་བ་ཇི་ལྟ་བ།། དེ་ལྟར་ཕྲད་གཉིས་འདུས་པ་འམ། མང་པོ་འདུས་པར་གྱུར་ཀྱང་རུང་།། དེ་ལྟར་ལྷག་པ་མི་སྟོན་ཕྱིར།། སྐབས་དང་ཚིག་ཤུགས ་བརྟགས་ནས་ནི།། བློ་ལྡན་རྣམས་ཀྱིས་གང་རིགས་སྒྱུར།། དཔེར་ན་སྐྱེས་བུ་གང་ཞིག་གིས།། གཟུགས་ཀྱི་བྱེ་བླག་ཤེས་འདོད་ན། ཕྲ་རྡུལ་ཚིགས་ལ་མཚན་ཉིད་དུ།། དེ་ཤེས་ཚེ་རྡུལ་གོང་བུ་དང་།། གོང་ཆེན་དག ་གི་མཚན་ཉིད་དང་།། ལས་རྣམས་འབད་པ་མེད་པའོ་ཤེས།། དེ་ཤེས་སྐབས་ཀྱི་བྱ་བ་གང་།། སྦྱོར་བ་དག་ལ་མི་འཇིགས་བཞིན་སྐྱེས་བུ་སྨྲ་བ་འདོད་པ་ཡིས།། གཞི་མཐའི་ཡི་གེའི་བྱེ་བྲག་དག། ལེགས་བྱར་ཁོང ་དུ་ཆུད་པ་ན། དེ་འདུས་མིང་དང་དེ་བཞིན་ཚིག། ཤློ་ཀ་དང་ནི་རབ་བྱེད་སོགས།། མིང་ཚིག་ཡི་གློ་མཚུངས་པའི་ཕྱིར།། ཚིག་སྦྱོར་འབད་པ་མེད་པར་འགྱུར།། དེ་ཕྱིར་འདི་ནི་བརླབས་ནས་ཤེས།། སྒྲ་མཆོག་རྗེས ་སྒྲ་རྣམས་ཀྱིས་བཤད།། དོན་ལ་འཇུག་བྱེད་སྨྲ་བ་རྣམས་ཀྱི་སྒོ།། བློ་འབྱེད་གཏི་མུག་གཅོད་པས་མཚོན་ཆ་འདྲ།། མི་འ་རིགས་སྙེམས་པ་སྦྱིན་བྱེད་དཔུང་དང་གོ། དོན་ནོར་སྨྲ་བས་མི་ཉམས་བརྟན་པའི ་མཁར། སྨྲ་མཆོག་རྗེས་སྨྲ་རྣམས་ཀྱིས་རྗེས་སྨྲས་པས།། སྒྲ་ཉིད་དང་ནི་དོན་ལ་འཁྲིད་པ་ཡིས།། འགྲོ་ཀུན་མཐུ་གཉིས་རབ་ཏུ་རྒྱས་པར་ཤིག། པཎྜི་ཏེ་དྲན་པ་ཡེ་ཤེས་གྲགས་པས ་མཛད་པ།། སྨྲ་བའི་སྒོ་མཚོན་ཆ་ལྟ་བུ་ཞེས་བྱ་བ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་དྲན་པའི་ཡེ་ཤེས ་གྲགས་པས།། བླ་མ་ནོར་བཟང་གྲགས་པ་ལས་ཐོས་ཏེ། སློབ་མ་གཞོན་ནུ་གྲགས་པའི་དོན་དུ། མིང་གིས་སྦྱོར་བ་ནི་ཅུང་ཟད་བཞག། ཕྲད་ཀྱི་སྦྱོར་བ་ནི་ཅུང་ཟད་བཤད་ནས་བསྒྱུར་ཅིང་ཞུས་ཏེ ་གཏན་ལ་ཕབ་པའོ། ་