CLOSE WINDOW

GT3773: yi ge'i mdo'i 'grel pa zhes bya ba
Wyliee-texts produced with BDRC’s OCR application

བརྩེ་བ་དང་དུལ་བ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ཡོན་ཏན་གྱིས་ཆོས་དང་ལྡན་པའི་སློབ་དཔོན་ལྷའི་སྐུ་མཁར་གདུང་ཕུབ་སུ་བསྒྱུར་བའོ།། ། 6།། རྒྱ་གར་སྐད་དུ། ཝནྡྷ་སཱ་ཏྲི་བྲྀཏྟི་ནཱ་མ། ་བོད་སྐད་དུ། ཡི་གེའི་མདོའི་འགྲེལ་པ་ཞེས་བྱ་བ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། ཤིན་ཏུ་རྒྱལ་དཀའི་བདུད་ཀྱི་སྟོབས་ནི་བརྩོན་པས་བཅོམ། གང་གིས་ཤིན་ཏུ་རྙེད་པར་དཀའ་བའི ་རྟོགས་པ་ཐོབ། ཕུན་ཚོགས་རིགས་ཚུལ་ཚད་མས་གཞན་གྱི་དོན་མཛད་པ།། མི་མཆོག་ཐམས་ཅད་མཁྱེན་ལོ་རབ་ཏུ་ཕྱག་འཚལ་ཏེ། མངོན་པར་ཤེས་པས་བདག་གི་སྒྲ་ཡི་ནི།། བསྟན་བཅོས་རྣམས་ལ་ཤིན་ཏུ་གུས་པ་ཡིས། ་ཡི་གེའི་མདོ་སཱི་རྣམས་པར་འགྲེལ་པ་རྣམས།། ཀུན་ནས་བསྡུས་པས་མངོན་པར་བརྗོད་པར་བྱ།། སྐྱོན་མེད་ལ་ཡང་རྟག་ཏུ་སྐྱོན།། སྐྱེ་བོ་ངན་པ་གཏོང་བར་བྱེད།། ཡོན་ཏན་སྐྱོན་དག་མངོན་ཤེས་པ།། ཡིད་ནི་ཕྲག་དོག་བྲལ་བ་ཡིན།། ་གཞན་གྱི་སྐྱོན་ནི་ཡོད་པར་ཀུན་ཏུ་རྟོག་པ་དེ།། དག་པའི་ཕྱིར་དུ་རྩོད་པས་འཇོམས་པའང་སྐྱེ་བོ་བཟོང་།། གང་ཡུལ་ཡང་བརྙས་པར་མི་བྱེད་སྐྱེ་བོ་རྣམས།། ཡོན་ཏན་ཕྱོགས་རྣམས་རྟོགས་པ་དེ་ལ་ཕྱག་འཚལོ།། དྲི་ལ་རེ་ཞིག ་དང་པོར་སྒྲོའི་མཚན་ཉིད་ཉེ་བར་བརྗོད་པར་བྱ་སྟེ། ན་མཁའ་དང་རླུང་ལས་རབ་ཏུ་བྱུང་ཞིང་།། ལུས་ལ་ཀུན་ཏུ་གྱེན་དུ་རིམ་པས་ཉེ་བར་ངག་གི་སྒྲ་རིང་སྟེ། གནས་རྣམས་དེ་མ་ཐག་ཏུ་རྣམ་པར་རྩོལ་བ་དང་ལྡན་པའི་ཡི་གེ་ཉིད ་དུ་ཀུན་ཏུ་འོང་བ་གང་དེ་སྒྲའོ།། ན་མཁའོ་དང་རླུང་ནི་ནམ་མཁའ་དང་རླུང་དག་གོ། རབ་ཏུ་བྱུང་བ་དང་ནི་རྒྱུ་རྣམས་གང་དེ། ན་མཁའ་དང་རླུང་ལ་རབ་ཏུ་བྱུང་བའོ།། ཡང་ན་ན་མཁའ་དང་རླུང་དག་ལས་རབ་ཏུ་བྱུང་བ་ནི་སྐྱེ ་འབྱུང་ཞེས་པའི་དོན་ནོ།། ལུས་ལས་ནི་ལུས་ཀྱི་ཕྱོགས་གཅིག་ལྟེ་བ་ལ་སོགས་པའི་ཕྱོགས་ལུས་སོ།། ཀུན་ཏུ་གྱེན་དུ་ནི་ཡང་དག་པར་སྟེང་དུའོ།། རིམ་པས་ནི་གོ་རིམ་ཇི་སྲིད་པར་འགྲོ་བའོ།། ་ར་ངག་གི་ནི་ཁྭ་ནས་ཉེ་བར་འོང་བ་སྟེ། སྐྱེ་ཞེས་པའི་ཐ་ཚིག་གོ།། སྒྲ་རིང་གང་དེ་མི་བསལ་བའི་ངག་གི་སྒྲོ་ཞུས་པའི་དོན་ནོ།། གནས་རྣམས་དེ་མ་ཐག་ཏུ་ནི་བརྒྱད་པོ་འདི་རྣམས་ཏེ། བྲང་དང་། མགྲིན་པ་དང་། ་ཨཱ་གོ་དང་། ལྕེའི་རྩ་བ་དང་། སོ་དང་། སྣ་དང་། མཆུ་དང་། རྐན་ནོ།། དེ་ལྟར་གསུངས་པ། ཡི་གེ་རྣམས་ཀྱི་གནས་བརྒྱད་ནཱི།། བྲང་དང་མགྲིན་པ་མགོ་དེ་བཞིན།། ལྕེའི་རྩ་བ་དང་ནི་སོ།། སྐུ་དང་མཆུ་དང་རྒན ་ཡིན་ནོ། དེ་རྣམས་ཕན་ཚུན་བལྟོས་པ་ལ།། གནས་རྣམས་དེ་མ་ཐག་པར་བརྗོད།། ཅེས་པས། བྲང་གི་གནས་ལ་བལྟོས་ནས་མགྲིན་པའི་གནས་གནས་ཀྱི་དེ་མ་ཐག་པའོ།། མགྲིན་པའི་གནས་ལ་བལྟོས་ནས་བྲང་གི ་གནས་གནས་ཀྱི་དེ་མ་ཐག་ཏུ་པའོ།། དེ་ལྟར་གཞན་དང་གཞན་རྣམ་ལའང་བལྟ་བར་བྱའོ།། དེ་ན་འདི་ལྟར་རྒྱུ་རྣམས་དེ་མ་ཐུག་པརོ།། རབ་ཏུ་རྣམ་རྩོལ་ལྡན་པ་ནི། རབ་ཏུ་འབད་པའི་ཆ་ཤས་ཀྱི་དུམ་བུ་རྒྱུ་དང་ལྡན་པའོ།། ་གང་ཞིག་ཡི་གེ་ཨ་ལ་སོགས་པ་རྣམས་ཀྱི་རང་བཞིན་དུ་འོང་བ་སྟེ་སྒྲར་སོ་སོར་རྟོགས་ཞེས་བརྗོད་པར་བྱའོ།། གང་སྒྲ་དེའི་མཚན་ཉིད་ཉེ་བར་བརྗོད་པ་སྟེ། ཡི་གེ་དེ་ཀུན་འབྱུང་བའི་བདག་ཉིད་ཅན་ནོ།། ཡི་གཱི་རྣམས ་གང་དུ་གང་གིས་ཇི་ལྟར་རབ་ཏུ་འབྱུང་བ་གསུངས་པ་གནས་དང་བྱེད་པ་དང་། རབ་ཏུ་རྩོལ་བ་དེ་རྣམས་ལས་ཡི་གེ་སྐྱེ་བའི་ཕྱིར་རོ།། གནས་རྣམས་ནི་སྔར་བཤད་པའི་བྲང་དང་མགྲིན་པ་ལ་སོགས་པའོ།། བྱེད་པ་ནི་ལྕེའི་རྩ་བ་ལ་སོགས་པའོ།། ་རབ་ཏུ་རྩོལ་བ་ནི་རེག་པ་ལ་སོགས་པའོ།། གནས་དང་བྱེད་པ་དང་། རབ་ཏུ་རྩོལ་བ་ནི། གནས་དང་། བྱེད་པ་དང་། རབ་ཏུ་རྩོལ་བ་དེ་རྣམས་ལས་ཡི་གེ་ཨ་ལ་སོགས་པ་སྐྱེ་བ་སྟེ། མངོན་པར་འབྱུང་བའོ།། དེ་རྣམས་ཀྱི་ནང་དུ་ཡི་གེ ་གང་རྣམས་ཇི་ལྟར་གནས་པ་དང་། ཇི་ལྟར་བྱེད་པ་དང་། ཇི་ལྟར་རབ་ཏུ་རྩོལ་བ་དང་། ཇི་ལྟར་རྣམ་པར་གནས་པའང་གསུངས་པ།། དེ་ལ་གནས་ལ་སོགས་པ་ནི། དེ་ལ་ནི་དགར་བའི་བདུན་པའོ།། གནས་ནི་དེ་ལྟར་རྣམ་པར་བཤད་པ ་ལ་མངོན་པར་དགོངསོ།། མགྲིན་པ་ལས་ཨ་དང་ཀུ་དང་ཧ་དང་རྣམ་པར་བཅད་པ་རྣམསོ།། མགྲིན་པ་ལས་འབྱུང་བ་རྣམས་མགྲིན་པའི་གནས་ཏེ། མགྲིན་པར་བཤད་དོ།། པདྨ་རྣམས་ཨ་དང་ཀུ་དང་ཧ་དང་རྣམ་པར་བཅད་པ་རྣམསོ།། ་ཨ་དང་ནི་ཨ་ཡིག་གོ། ཀུ་དང་ནི་ཀའི་སྡེའོ།། ཧ་དང་ནི་ཧ་ཡིག། རྣམ་པར་བཅད་པ་རྣམས་ནི་ཚེག་དྲག་གོ།། དེ་རྣམས་མགྲིན་པའི་གྲནས་ནས་ཀུན་ཏུ་འབྱུང་བར་རྣམ་པར་ཤེསོ།། མགྲིན་པ་དང་རྐན་ལས་ཨིཏ?་དང་ཨེཏྲ་དང་། ་ཨཻཏ་རྣམསོ།། རྐན་ལས་འབྱུང་བ་ནི་རྐེན་ཅན་ནོ།། མགྲིན་པ་དང་རྐན་དག་ནི་མགྲིན་པ་དང་རྐན་གྱིས་གན་སོ།། དེ་རྣམས་ཨེཏྲ་ནི་ཨེ་ཡི་གོ། དེ་རྣམས་ཨིཏྲ་དང་ཨེཏྲ་དང་ཨཾཏའོ།། ཏེ་ཕ་རོལ་ཏུ་བྱེད་པ་ནི་ངག་ཏུ་བདེ་བའི་དོན་ཏོ།། ་མགྲིན་པ་དང་མཆུ་ལས་ཨུཏྤ་དང་ཨོཏྲ་དྲང་ཨཽཏྲ་རྣམསོ།། མགྲིན་པ་དྲང་མཆུ་དག་གོ། མགྲིན་པ་དང་མཱཆུ་དག་གི་གནས་ལྔས། གང་རྣམས་ཨུཏྲ་ནི་ཨུ་ཡི་གུ་གོ། ཨོཏྲ་ནཱི་ཨོ་ཡི་གོ། ཨོཾ་ཏྲ་ནི་ཨ~ཾ་ཡིག་གོ།། ་ཨུཏྲ་དང་ཨུཏྤ་དང་ཨོཏྲ་རྣམས་ཀྱི་ཏ་ཕ་རོལ་ཏུ་བྱེད་པ་ཙམ་ནརི་སྔར་བཞིན་ནོ།། སྤྱི་བོ་ལས་རི་དང་ཊུ་དང་ར་དང་ཥ་རྣམསོ།། རྀ་ནེ་རྀ་ཡིག་གོ། ཊུ་ནི་ཊ་སྡེའོ།། ར་ནཱི་རེ་པའོ།། ཥཱ་ནི་ཥ་ཡི་གོ། དང་གི་དོ་ནི་རྀ་དང་ཊུ་དང་ར་དང་ཥ་རྣམསོ ་དེ་རྣམས་སྤྱི་བྷྲྀའི་གནས་སོ།། འདིར་སྔར་ལྟར་དེ་རྣམས་བསིལ་བར་བྱའོ།། རི་ཡིག་ལ་རེ་ཕཱ་གནས་པ་གཱང་། དེའི་ནང་ནས་གནས་པའིམ། ངི་ལ་གལ་ཏེ་དང་པོ་རེ་ཞིག་དམ་བཅའ་བཱ་བྱ་སྟེ། ཨགྣི་ཪྵི་ཏཱ་དྲྀ་ཥྱཾ་ཞེས་པ་ནི ་གང་ཞིག་རྀ་ཡིག་དང་ལྷན་ཅིག་རེ་ཕའོ།། དེ་གང་ལས་ཨཏ?་ཞེས་པས་ཨཏྲའོ།། ཨགྣིནྟྲྀ་ཏ་མི་ཏྱཏྲ་རོ་རྀ་ཞེས་པས་དབྱི་བར་འགྱུར་རོ།། དེ་ལྟར་ཡང་དེ་སྟེ་ར་ལོ་པ་ཎ་ཞེས་པས་རིང་པོ་ཉིད་བཀ་གོ། དེའི་ཕྱིར་དང་པོ་མི ་སྦྱོར་རོ།། དེའི་མཐར་བརྗོད་པར་བྱ་སྟེ། དེ་ལྟར་ཡང་གྲལལཱ་ཏེ་ཧོ་ཏྲྀ་ར་ཐནྟ་རྲ་ཞེས་པས་འདིར་རྀ་དབྱེ་བར་འགྱུར་རོ།། དེའི་ཕྱིར་མཐར་ཡང་ངོ་།། དེའི་ནང་དུ་ངེས་པར་གནས་ཏེ། དེ་ལྟར་ཡང་དྭེ་ཎཱ་ཞེས་པས་འདིར་མཚོན ་ལོ་ར་ཥནྡོ་དྷཱ་ཎ་ཞེས་པ་འདི་ཡི་སྦྱོར་བས་ཎ་ཉིད་མ་ཡིན་པའི་ཕྱིར་ནང་དུ་ཡང་མི་འཐོབ་བོ།། དེ་ལྟར་གང་བདེན་པར་ངེས་པར་གོན་སོ།། དགོས་པའི་དབང་ལས་ཀྱང་རྣམ་པར་ཤེས་པར་བྱའོ།། དེ་བས་ན་ཇི་ལྟར་དགོས་པ་རབ་ཏུ ་བསྒྲུབ་པ་དང་། ཉེས་པ་ཡང་ཡོངསུ་བརྗོད་པར་བྱའོ།། དེ་ལྟར་བྱ་རོག་གི་མིག་དང་གདོང་གི་མངོན་པར་འགྲོ་བ་ལྟར་བྱའོ།། འདི་ལྟ་སྟེ། བྱ་རོག་གི་ཀུན་ཏུ་བལྟ་བ་དང་ལྡན་པ་ན་གང་ཞིག་གང་དུ་དོན་གྱི་ཕྱོགས་གཉིས་ལ ་ལྟ་བར་འདོད་པ་ཡིན་ནོ།། དེ་ལེ་དེ་རུ་དེ་ལྟར་དབང་པོ་འགྲོ་བར་བྱའོ།། གསུངས་པ། ཨ་ཏ་ཨགྣིནྟེ་ཏཱ་དཀའ། འདི་མཐར་ཧོ་ཏྲི་ར་ཐ་མཐར། འབྲས་བུ་དྲེ་ཡི་ནང་དུ་བརྗོད། དེ་ཕྱིར་བྱ་རོག་རིང་བལྟ་བཞིན་ཞེས་སོ།། སོ་ལས་ལཾ ་དང་ཏུ་དང་ལཱ་དང་ས་རྣམས་སོ།། ལྀ་དང་ནི་ལྀ་ཡི་གོ། ཏུ་དང་ནི་ཏ་སཱིའོ།། ལ་དང་ནི་ལ་ཡི་གོ། ས་དང་ནི་སྭ་ཡི་གོ། ལྀ་ཏུ་ལ་ས་དེ་རྣམས་སོའི་གནསུ་ཁོང་དུ་ཆུད་པར་བྱའོ།། སྣ་ལསཽ་ནི་རྗེ་སུ་དབྱངས་སོ།། ཨ་མ་ནི་ནྡེ་སུ་དབྱངསོ། ་དེའི་གནས་ནི་སྣའོ།། རང་གི་གནས་རྣམས་ལ་སྣ་ཅན་ང་ཉ་ཎ་ན་མ་རྣམསོ།། རང་གི་གནས་རྣམས་ཀྱང་མགྲིན་པ་དང་རྐན?་དང་རྩེ་མྱོ་ཅན་དང་། སོ་དང་མཆིའི་མཚན་ཉིད་སྣའི་གནས་གང་རྣམས་རྗེསུ་སྣ་ཅན་ནོ།། དྲ་ཡི་ག་གི ་རང་གནས་ནི་མགྲིན་པ་སྟེ། ཀའི་སྡེ་ཚན་ཡིན་པའི་ཕྱིར་རོ།། ཉ་ཡིག་གི་རང་གནས་ནི་རྐནར་ཏེ། ཙའི་སྡེ་ཚན་ཡིན་པའི་ཕྱིར་རོ།། ཎ་ཡིག་གི་རང་གནས་ནི་རྩེ་མོ་ཅན་ཏེ། ཊའི་སྡེ་ཚན་ཡིན་པའི་ཕྱིར།། ན་ཡིག་གི་རང་གནྡ ་ནི་སོ་ཏེ། ཏིའི་སྡེ་མཚན་ཡིན་པའི་ཕྱིར་རོ།། མ་ཡིགྷི་རང་གནས་ནི་མཆུ་སྟེ། བའི་སྡེ་ཚན་ཡིན་པའི་ཕྱིར་རོ།། དེ་ལྟར་བཤད་པ་ཡིན་ཏེ། རེ་རེའི་ང་ཡིག་ལ་སོགས་པ་རེ་རེ་མགྲིན་པ་ལ་སོགས་གནས་ཉེ་བར་མཚོན་པ་ནི་སྣ་ཅན ་གྱི་གནས་སོ།། རྐན་ལས་ནི་ཨི་དང་ཙུ་དང་ཡ་དྲང་ཤ་རྣམསོ།། ཨི་དང་ནི་ཨི་ཡིག་གོ།། ཙུ་དང་ནཱི་ཙ་སྫའོ།། ཡ་དང་ནི་ཡ་ཡིག་གོ། ཤྲ་དང་ན་ཤ་ཡིག་གོ། དེ་རྣམས་ཨ་ཙུ་ཡ་ཤྲ་རྣམ་སོ།། དེ་རྣམས་ཀྱི་གནས་རྐན་ནོ།། འདིར ་བརྗོད་པའི་ཨི་ཡིག་གིས་དགོས་པ་བསམ་པར་བྱའོ།། མཆུ་ལས་ནི་ཨུ་དང་པུ་དང་པཾ་མཆུ་ཅན་རྣམསོ།། ཨུ་དང་ནི་ཨུ་ཡི་གོ། པུ་དང་ནི་པའི་སྡེའོ།། པེ་མཆུ་ཅནྡ་ནཱི་པཾ་ཡིག་དང་ཕེ་ཡིག་དྲག་གྲི་སྟེང་དུ་གླང་པོའི་སྤྱི་བོ་ལྟར་བསྐོར་བར ་བྱས་པའི་ཡི་གེ་སྟེ། དེ་ནི་པེ་མཆུ་ཅན་ལས་འབྱུང་བ་བལྟ་བར་བྱའོ།། ཨུ་ཡིག་ཀྱང་འདིར་འབྲས་བུ་དང་པོའི་ཚིག་ཏུ་མངོན་པར་བརྗོད་དོ།། སོ་དང་མཆུ་དག་ནི་སོ་མཆུ་དག་སྟེ། ཝ་ཡིགྲ་གི་གནསུ་རྟོག་པར་བྱའོ།། དེ་ལྟར་ཇི་ལྟར ་ཉོ་བུར་བརྗོད་པའི་རིམ་པས་གནས་ཀྱི་སྤྲོས་པས་བརྗོད་ནས་བྱེད་པའི་རྩོམ་པའང་གསུངས་པ། ལྷོའི་རྩ་བ་ཅན་ནི་གང་གྲི་བྱེད་པ་ཞེས་པ་ལ་སོགས་པའོ།། ཀཾ་ཡིག་དང་ཁཾ་ཡིག་ངག་གི་སྟེང་དུ་རྡོ་རྗེ་ལྟ་བུ་བྲིས་ནས་བཞག་པའི ་ཡི་གེ་ནི་ལྕེའི་རྩ་བ་ཅན་ནོ།། དེ་བྱེད་པ་ནི་ལྕེའི་རྩ་བ་ཅན་ནོ།། བྱ་བ་འདི་ཡིས་འདིར་ནི་བྱེད་པའི་གནས་ཀྱང་དེ་རྣམས་ཉིད་དུ་རྟོག་པར་བྱའོ།། ལྕེའི་དབུས་དང་རྐན་རྣམས་ལའོ།། རྐན་གྱི་གནས་ལས་བྱུང་བ་རྣམས་སྔར་བརྗོད ་པའི་ལྷོའི་དབུས་ཀྱི་བྱེད་པར་རྟོགས་པར་བྱའོ།། ལྕེའི་རྩེ་དང་སྤྱི་བོ་རྣམས་ལས་སོ།། སྤྱི་བོའི་གནས་ནས་འབྱུང་བ་དང་། ལྕེའི་རྩེ་མོ་ལས་ཀུན་ཏུ་འབྱུང་བའི་བྱེད་པར་རྟོགས་པར་བྱའོ།། ལྕེའི་རྩེ་མོ་དང་སོ་རྣམ་ལ་སོ།། ་ལྕེའི་རྩེ་མོ་དང་སོའི་གནས་ནས་འབྱུང་བའི་བྱེད་པར་བལྟ་བར་བྱའོ།། ལྷག་མ་རྣམས་ནི་རང་གི་གནས་རྣམས་ཀྱི་བྱེད་པ་རྣམསོ།། རང་གི་གནས་ཀྱིས་བྱེད་པའི་ལྷག་མ་གང་རྣམས་རང་གནས་ཀྱི་བྱེད་པར་ཡོད་པ་འདི་ཡིས་བྱེད་པའི ་ཕྱིར། གང་གིས་མངོན་པར་མ་ཕྱེ་བའི་གནས་ལས་འབྱུང་བ་རྣམས་དང་རང་ཉིད་ཀྱི་གནས་ཀྱི་གཞི་ལས་ཁོང་དུ་ཆུད་པར་བྱའོ།། བྱེད་པ་ཉིད་ཀྱང་མངོན་པར་བརྗོད་ཅིང་། རབ་ཏུ་འབད་པ་ཉེ་བར་བསྟན་པར་བྱ་བ་གསུངས་པོ་རབ་ཏུ ་ལ་པ་རྣམ་པ་གཉིས་ཞེས་པ་ལ་སོགས་པའོ།། རབ་ཏུ་གསལ་བའི་འབང་རྩོལ་དང་། ནང་གི་བྱེད་པར་གཏོགས་པའི་ཡོན་ཏན་གྱི་ཁྱད་པར་ངེས་པར་ཤེས་པའི་རང་བཞིན་ནོ།། ཁ་ཅིག་གིས་ཀྱང་འདི་ཡོས་ལེགས་པར ་བརྟགས་པས་རང་བཞིན་ངེས་པར་མི་ནུསོ།། དེ་བས་ན་འདིར་ཡང་དེ་བཞིན་དུ་རྣམ་པར་བཤད་པ་བརྩམ་པར་བྱའོ།། དེ་ཡང་རྣམ་པ་གཉིསོ།། བཤད་པ་ནང་དང་ཕྱིའོ།། ནང་གི་བྱེད་པ་འཇུག་པའི་བྱེད་པ་དང་། ནང ་ལས་ཕྱིན་ཅི་ལོག་པ་ནི་ཕྱིའོ།། དེ་ལ་ནེ་རིང་ཞེས་པ་ལ་སོགས་པའི་དེ་ལིའི་སྒྲ་རཱི་ནི་འདིར་དགར་བ་ལ་འཇུག་གོ། ནང་ཇི་སྲིད་པ་དེ་སྲིད་ཀྱི་བར་དུ་བརྗོད་དོ།། དེ་རྣམས་ཀྱང་མཐའི་འབད་པའོ།། དོག་པ་ཉིད་དང་ཡངས་པ་ཉིད་ང་། ་རེག་པ་ཉིད་དང་ཅུང་ཟད་རེག་པ་ཉིད་དེ། དབྱེ་ན་བཞི་ཡིན་ནོ།། དོག་པ་ནི་ཨ་ཡི་གོ།། དོག་པ་ཉིད་ནི་ཡངས་པ་མ་ཡིན་པ་མགྲིན་པ་ནས་བརྗོད་པ་ཨ་ཡིག་གི་རྣམ་པར་བཞག་པའོ།། དོག་པ་ནི་དབྱངས་རྣམས་དང་། དྲོ་བ་རྣམས།། ། ་དོག་པ་དང་མི་དོག་པས་མགྲིན་བྱ་ནས་བརྗོད་པའི་ཨཱ་ཡིག་དང་ཨཻ་ཡིག་དང་ཨཽ་ཡིག་རྣམས་དང་། ཕྱིའི་དབྱངས་རྣམས་དང་། དྲོ་བ་རྣམས་དང་། སྡེ་མཚན་གཉིས་པ་དང་། བཞི་པ་དང་། ཤ་ཥ་སའི་ཡིག་རྣམས་སུ ་བཤད་དོ།། དེ་རྣམས་ལས་དོག་པ་ཉིད་ཨཻ་ཏྲ་དང་ཨཽཏྲ་དག་གོ། དེ་རྣམས་ཀྱི་གནས་ནས་ཨཻ་ཡིག་དང་ཨཽ་ཡིག་དོག་པའོ།། དེ་དག་ལས་ཀྱང་ས་ཡིག་གོ། དེ་ལས་ཀྱང་ཨཻ་ཡིག་དང་ཨཽ་ཡིག་ཀྱང་ཨ་ཤས་ཆེ་བས་དོག་པའོ།། རེག ་ཅིང་རེག་པ་རྣམས་དྲང་། ཀ་ལ་སོགས་པའི་གདངས་རྣམསོ།། གནས་གང་རྣམསུ་ཡི་གེ་དེ་རྣམས་འབྱུང་བའི་ཡི་གེ་དེ་རྣམས་ཀྱི་ནང་ནས་འབད་པ་ཆེན་པོ་ནི་དོག་པའོ།། ཀའི་སྡེ་མཚན་དང་། ཙའི་སྡེ་ཚན་དང་། ཊའི་སྡེ་ཚན ་དང་། པྲའི་སྡེ་ཚནྡ་ནི་རེག་པར་བརྗོད་ཅིང་མངོན་པར་བ་ཤདདོ།། ཅུང་ཟད་རེག་པ་ནི་མཐར་གནས་རྣམསོ།། ཡ་ར་ལ་ཝ་རྣམས་ནི་མཐར་གནས་རྣམསུ་བཤད་དོ།། དེ་མ་ཐག་པར་བརྗོད་པ་ཕྱིན་ཅི་མ་ལོག་པར་གང་གིས་ཅུང་ཟད་རེག ་པ་ནཱིང་གཱིར་བརྗོད་པའི་ཕྱིར་རོ།། ཕྱི་ནི་སྡེ་ཚན་རྣམས་ཀྱི་དང་པོ་དང་། གཉིས་པ་དང་། ཤ་ཥ་ས་ཧ་དང་། ཚེག་དྲག་དང་། ལྕེ་རྩ་ཅན་དང་། མཆུ་ཅན་རྣམསོ།། ཕྱི་ལས་བྱུང་བ་ནི་ཕྱིའི་རྩོལོ་བའོ།། གང་རྣམས་ཀྱི་སྡེ་ཚན་ལྔ་པོ ་རྣམས་ཀྱི་གང་དང་པོ་དང་གཉིས་པ་རྣམསོ།། ཀ་ཁ་དང་། ཙ་ཚ་དང་། ཊ་ཐ་དང་། ཏ་ཐ་དད་། བ་ཕ་གང་དེ་རྣམས་དང་། ཤ་ཡིག་དང་། ཥ་ཡིགེ་དང་། ས་ཡིག་དང་། ཧ་ཡིག་དང་། ཚེག་དྲག་ཅན་དང་། ལྕེ་རྩ་ཅན་དང་། ་མཆུ་ཅན་རྣམསོ།། ཁྱད་པར་དུ་འཕགས་པ་གང་དོག་པ་མགྲིན་པའི་སྒྲའི་རྗེསུ་སྦྱིན་པ་རྣམས་མེད་དོ།། དོག་པ་ནི་ཤིན་ཏུ་སྤངས་པ་མ་ཡིན་པ་མགྲི་ན་པའི་གནས་ནས་བརྗོད་པ་གང་རྣམས་དོག་པ་མགྲིན་པའི་སྒྲའོ།། རྗེསུ་ནི ་ཕྱིས་བརྗོད་པ་སྒྲ་གང་རྣམས་རྗེ་སུ་བརྗོད་པ་ནི་རྗེསུ་སྦྱིན་པའོ།། དབྱངས་དང་ཡོན་ཏན་མེད་པ་གང་དེ་རྣམས་དབྱངས་མེད་དོ།། དང་པོ་དང་། གསུམ་པ་དང་། ལྔ་པ་དང་། མཐར་གནས་རྣམས་སྲོག་ཆུངངོ་།། གང་སྡེ་ཚན་རྣམ ་རྣམ་ཀྱི་དང་པོ་དང་། གསུམ་པ་དང་། ལྔ་པ་རྣམས་སོ།། ཀ་ག་ང་དང་། ཙ་ཛ་ཉ་དང་། ཊ་ཌ་ཎ་དང་། ཏ་ཐཾ་ད་ན་དང་། པ་བ་མ་གང་རྣམས་དང་། མཐར་གནས་ཡ་རཱ་ལ་ཝ་དེ་རྣམས་ཐམས་ཅད་སྲོག་ཆུང་ངོ་།། ཅིའི་ཕྱིར་ཆུང ་བ་དང་ལྡན་པའི་སྲོག་ཅེས་བྱ་ན་གང་རྣམས་ཚེར་བྱས་པའི་ཕྱིར་རོ།། ཅིག་ཤོས་ནི་སྲོག་ཆེན་རྣམས་སོ།། ཅིག་ཤོསུ་བརྗོད་པ་ནི་སྡེ་མཚན་ལྔའི་གཉིས་པ་དང་། བཞི་པ་རྣམས།། ཁ་གྷ་དང་། ཚ་ཛྙཱ་དང་། ཛ་ཌྷ་དང་། ཐ་དྷ ་དང་། ཕེ་བྷ་རྣམས་སོ།། ཤ་ཥ་ས་ཧ་ཞེས་པ་ནི་དེ་མ་ཐག་པར་བརྗོད་པའི་ཕྱིན་ཅི་མ་ལོག་པ་གང་གིས་ན་སྲོག་ཆེན་པོར་རྟོག་པར་བྱའོ།། གསུམ་པ་དང་། བཞི་པ་དང་། ལྔ་པ་དང་། རྗེས་དབྱངས་དང་བཅས་པ་དང་། མཐར ་གནས་པ་དང་། ཧ་ཡིག་རྣམསོ།། གང་སྡེ་མཆེན་ལྔའི་གསུམ་པ་དང་། བཞི་པ་དང་། ལྔ་པ་རྣམསོ།། ག་གྷ་ང་དང་། ཛ་ཛྙཱ་ཉ་དང་། ཌ་ཌྷ་ཎ་དང་། ད་དྷ་ན་དང་། བ་བྷ་མར་བཤད་དོ།། རྗེས་དབྱངས་དང་བཅས་པ་རྗེས ་དབྱངས་དང་ལྷན་ཅིག་པའོ།། ཡ་ཡིག་དང་། རེ་པ་དང་། ལ་ཡིག་དང་། ཝ་ཡིག་དང་། ཧ་ཡིག་དེ་རྣམ་སོ།། སྦྱངས་པ་མགྲིན་པའི་སྒྲའི་རྗེསུ་སྦྱིན་པ་དབྱངས་ཅན་ཡིན་ནོ།། ཡངས་པ་ནི་དོག་པ་མེད་པ་ཞེས་པ་ལ་སོགས ་བ་སྔར་བཞིན་ནོ།། དབྱངས་དང་ཡོན་ཏན་ལྡན་པའི་ཕྱིར་དབྱངས་རྣམསོ།། གཉིས་པ་དང་། བཞི་པ་དང་། ཤ་ཥ་ས་ཧ་དྲོ་བ་རྣམསོ།། གང་སྟེ་ཚན་ལྡིའི་གཉིས་པ་དང་། བཞི་པ་རྣམསོ།། ཁ་གྷ་དང་། ཚ་ཛྷ་དང་། ཐ་ཌྷ་དང་། ཐ་དྷཱ་དང་། ་ཕ་བྷེ་རྣམ་སུ་བརྗོད།། ཤ་ཥཱ་ས་ཧ་དེ་རྣམས་ཐམས་ཅད་དེ་ལྟར་དྲོ་བའི་ཡོན་ཏན་དང་ལྡན་པའི་ཕྱིར་དྲོ་བ་རྣམསུ་བལྟ་བར་བྱའོ།། དེ་ལྟ་བུའི་ཉིད་ཕྱིའི་རབ་ཏུ་རྩོལ་བའོ།། དེ་ལྟ་བུ་གང་རྣམས་དེ་མ་ཐག་པར་བརྗོད་པ་རྣམས་ཕྱིའི་རྩོལ་བར ་རིག་པར་བྱའོ།། འདིར་ཡང་ཡི་གེ་ཐུང་བ་དང་། རིང་བ་དང་། ཤིན་ཏུ་རིང་པོ་ཞེས་པའི་དབྱེ་བ་རྣམ་པ་གསུམོ།། འདིར་ཞེས་པ་ནི་དེར་རོ།། ཡིག་ནི་རབ་ཏུ་བྱེད་པའོ།། ཨ་ཡཾ་གྲ་ནི་ལིའི་བྱེད་པའོ།། དེ་ཡང་ཐུང་བ་དང་རིང་པོ་དང་། ཤིན ་ཏུ་རིདཱི་བའི་རབ་ཏུ་བྱེད་པས་རྣམ་པ་གསུམ་ནི་རབ་ཏུ་བྱེད་པ་གསུམ་མོ།། དབྱེ་བ་ནི་ཕྱེ་བ་ཞེས་པ་ཡིནོ།། ཡི་གེའི་བསྡུ་བས་རྣམ་པར་གཞག་པ་ཐམས་ཅད་བསྡུས་པ་དེ་ཉིད་ཡི་གེའི་བསྡུ་བ་ཉིད་དོ།། དེ་ལྟར་གཞན་དུ་ཡང་ངོ་།། ་རང་བཞིན་ནི། ཨུ་དྲྀཏྟ་དང་། ཨ་ནུ་དཱཏྟ་དང་། སྭ་རི་ཏིའི་དབྱེ་བས་རྫ་སུ་དབྱངས་བཅས་དང་། རྗེ་སུ་དབྱངས་བྲལ་གྱི་དབྱེ་བས་རྣམ་པ་བཅོ་བརྒྱད་དུ་འགྱུརརོ།། སཾ་རེ་རེ་ཞིང་ཐུང་ངུ་ལ་སོགས་པ་ཨུདཱཏྟ་དང་། ཨ་ནུ་དཱཏྟ་དང་། སྭ་རི་ཏའི ་དབྱེ་བས་རྣམ་པ་གསུམ་དུ་འགྱུརོ།། ཡང་དེ་ལྟར་ཐུང་བ་རཱི་རཱིའི་རྗེསུ་དབྱངས་བཅས་དང་། རྗེ་སུ་དབྱངས་བྲལ་གྱི་དབྱེ་བྲས་རྣམ་པ་གཉིསུ་འགྱུར་རོ།། དེ་ལྟ་བུ་ཉིད་ཐུང་ངུ་ལ་སོགས་པ་གསུམ་སྟེ། ལྔ་བཅུ་རྩ་བཞིར་འགྱུར་རོ།། ་དེ་ལྟར་ཨེ་ཡིག་དང་། ཨུ་ཡིག་དང་། རྀ་ཡིག་དང་ལྀ་ཡི་གོ། འོདི་ལྟོར་ཨ་ཡིག་ལ་ཐུང་ངུ་ལ་སོགས་པའི་རབ་བྱེད་ཀྱི་དབྱེ་བས་རྣམ་པ་བཅོ་བརྒྱད་དུ་འགྱུར་རོ།། དེ་ལྟར་ཨི་ཡིག་ལ་སོགས་དག་འང་ཡི་གེའི་དབྱེ་བ་ཡ་ནི་ནོ།། ལྀ ་ཡིག་ལ་རིང་པོ་མེད་པས་རྣམ་པ་བཅུ་གཉིསུ་འགྱུརརོ།། རིང་པོའི་རྣམ་པ་དྲུག་གི་དབྱེ་བར་འགྱུར་བས་བཅུ་གཉིས་ཉིད་དོ།། ལྀ་ཡིག་ལ་ཐུང་ངུ་དང་། ཤིན་ཏུ་རིང་པོའི་དབྱེ་བའོ།། མཚམས་སྦྱོར་གྱི་ཡི་གེ་རྣམས་ལ་ཐུང་བ་མང ་པས་དེ་ལས་གཞན་ཀྱང་རྣམ་པ་བཅུ་གཉིསུ་འགྱུརརོ།། ཨེ་ཡིག་ལ་སོགས་པའི་ཡི་གེ་བཞི་རྣམས་མཚམ་སྦྱོར་བའི་ཡང་ཡི་གེའོ།། ཐུང་བ་མེད་པས་རིང་པོ་དང་། ཤིན་ཏུ་རིང་པོའི་དབྱེ་བ་དང་ལྡན་པའོ།། སཽ་རེ་རེ་ལ་བཅུ་གཉིས་ཉིད།། ། ་ཡི་གེ་གཉིས་ཀྱང་ངོ་།། ཀྱང་གི་སྒྲས་ནི་མཚམ་སྦྱོར་གྱིས་ཡི་གེར་འབྲེའོ།། དེ་རྣམས་ཀྱང་ཡི་གྲེ་རེ་རེ་དང་གིཉིས་ཀྱིས་ཡིན་ནོ།། ཛི་ཝཱར་ཨ་ཡིག་དང་། ཨཱ་ཡིག་དག་ལ་དང་ཨི་ཡིག་དང་། ཨཱི་ལི་ཀ་ནཱམྲ་གཞན་དྲང་སྦྱོར་བས་ཨཱ་དང་ཨཱི་ཡིག ་ཏུ་འགྱུར་རོ།། དེ་ལྟར་ཨེ་ཡིག་སྦྱོར་བས་ཨཻ་ཡིག་གོ།། དེ་དག་དེ་ལྟར་ཨུ་ཡིག་དང་ཨཱུ་ཡིག་དག་གཞན་དང་སྦྱོར་བས་ཨོ་ཡིག་ཏུ་འགྱུརརོ།། དེ་ལྟར་ཨོ་ཡིག་དང་སྦྱོར་བས་ཨཽ་ཡི་གོ།། དེ་ལྟར་ཨི་ཡིག་དང་ཨཱ་ཡིག་དང་། ཨུ ་སྡིག་དང་། ཨཱ་ཡིག་རེ་སྦྱོར་བས། ཨེ་ཡིག་དང་། ཨོཾ་ཡིག་དག་བདེན་པར་ཡོད་པ་འབྱུང་ངོ་།། དེ་རྣམས་ཀྱི་ཨོ་ཡིག་དང་། ཨོཾ་ཡིག་བཟུང་བས་བསྡུས་པ་ལས་ཨེཏ་ངག་སོ་སོར་བརྗོད་དུ། ་ཐུང་བ་ནི་གཅིག་ཙམ་མོ།། གཅིག་ཙམ་དང་ལྡན་པའི་ཡི་གེ་ནི་ཐུང་བར་བཤད་དོ།། རི་བ་ནི་གཉིས་ཅི་མ་མོ།། ཕྱེད་དང་གཉིས་ཙམ་དང་ལྡན་པ་ནི་རིང་པོར་བརྗོད་དོ།། ཤིན་ཏུ་རང་པོ་གསུམ་ཙམ་མོ།། ་གསུམ་ཙམྲ་དང་ལྡན་པ་ནི་ཤིན་ཏུ་རིང་པོར་བརྗོད་པ་ཡིན་ནོ།། སྟེང་དུ་སྦྱིན་པའོ།། སྟེང་དུ་དབྱངས་བརྗོད་པའི་ཡི་གེ་གང་དེ་སྟེང་དུ་སྦྱིན་པའོ།། འོག་ཏུ་སྦྱིན་པའོ།། ཡི་གེ་གང་ལ་དབྱངས་འོག་ཏུ ་བརྗོད་པར་བྱེད་པ་དེ་རིག་ཏུ་སྦྱིན་པའོ།། རཱང་སྒྲ་དང་གསུམ་དུ་བསྡུའོ།། དེ་དག་ཕྱེད་མ་དག་ལ་སྟེང་དུ་སྦྱིན་པ་དང་། འོག་ཏུ་སྦྱིན་པ་དག་བསྡུས་པའི་སྤྱི་ནི་རང་སྒྲ་ཡིན་ནོ།། ད་རྣམས ་འདིས་སྟེང་དང་། འོགྲོ་ཏྱོ་དང་། རང་སྒྲའི་རྣམ་པར་དབྱེ་བས་དབྱངས་ཀྱི་ཡི་གེ་འཕེལ་བ་མེད་པར་ཕྱེད་པ་ནི་རང་སྒྲར་བརྗོད་པར་བྱའོ།། རང་གནས་རྗེས་དབྱངས་དང་བྲལ་བའོ།། རང་ནི ་བདག་སྟེ། སཱིའི་ཡི་གེའི་གནས་རྣམས་སོ།། ཡི་གེ་གང་དེ་ལ་རང་གནས་རྗེས་སུ་སྣ་ཅན་ནི་སྣའི་གནས་སོ།། རྗེས་སུ་དབྱིངས་བྲལ་བ་ནི་སྣ་ཅན་ནོ།། མཐར་གནས་པ་ལ་སོགས་པའི་དབྱེ་བའོ། ་རེ་བ་སྤངས་པས་དབྱེ་བ་གཉིས་སུ་འགྲོ་བ་ཡ་རལ་ཝའོ།། ཇི་ལྟར་རྗེས་སུ་སྣ་བཅས་དང་། རྗེས་སུ་སྣ་བྲལ་ནི་སྔར་བཞིན་ནོ།། ཕྲག་དོག་སོར་སྣ་ཀུན་སྤངས་ཤིང་། རྙོག་པ ་ལེགས་པའི་རྗེས་སུ་འབྲང་། ཡང་དག་ལྟ་བའི་ངོ་བོ་ལ། མཚན་བྲལ་གང་ཞིག་གསལ་བར་བྱ།། གཞན་དྲོན་བྱ་བར་བཞེད་པ་རྣམས། ཉེ་བར་ལེན་པ་མཛེས་པར ་འགྱུར།། མ་ལུས་ཡེ་ཤེས་བརླིང་ལྡན་པ།། མཁྱེན་པ་རྣམ་པ་གཉིས་ལྡན་འགྱུར།། བདག་གིས་ཡི་གེམདོ་ནི་རྣམ་པར་ཕྱེ་བ་ཡིས།། དགེ་བ ་མྦྷི ་བརྡ་སྤྲོད་པྱཱ་ཙནྡ་པཱའི་ཡི་གེའི་མདོའི་འགྲེལ་པ་ཤློ་ཀ་བརྒྱ་བཅུ་དགུ་པ་རྫོགས་སོ།། ་སློབ་ད་པོན་ཆོས་སྐྱོང་གིས་མཛད་པའོ།། གནས་ཚོན་པོ་ཉི་བོའི་འཐུང་གཅོད་པལ་པོ་ཡམ་བུའི་གྲོང་ཁྱེར་གྱི་འཁོར་ཆེན་པོ་ཡུལ་ཀྲ་ཁར་སྒྲའི་མཁན་པོ་ཆེན་པོ་ཛེ་ཏ་ཀནྟའི་ཞལ་སྔ་ནས ་མ་དམ་མ ་གདུན་སུ་གཙུག་ལགའང་ཆེན་པ་དཔའི་ར་བའི་གླི་རྫུ་པ་ཡང་གས་ས་པབ་དོན་གྱི་ལུས་པ་ག་ང་དགས་སུ་བསུ་ང། རླུ་སྨྲངས་བྱརློན་པའི་ཛྙཱན་བློ་རྣམས་ང ་བསྒྱུར་བའོ།། བར་བའི་གླིང་། པའི་སྣང་དུ་ནིཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས་ལེགས་པར ་