CLOSE WINDOW

GT377: kye rdo rje zhes bya ba'i sgrub pa'i thabs
Wyliee-texts produced with BDRC’s OCR application

མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པཾ་རཏྣ་ཤྲཱི་ཉིད་ཀྱི་ཞལ་སྔ་ནས་བསྒྱུར་ཅིང་བཤད་ནཱས་གཏན་ལ་ཕབ་པའོ།། ། ཚེའྀ་རྡོ་རྗེའི་སྒྲུབ་ཐབས་བཞུགས། རྒྱ་གར་སྐད་དུ། ཧེ་བཛྲ ་ནཱམཱ་སཱ་དྷ་ནི། བོད་སྐད་དུ། ཀྱེ་ཛཱ་ཎཱཾ་ཞེས་བྱ་བའི་སྒྲུབ་པའི་ཐབས། ཀྱེ་རྡོ་རྗེ་ལ་ཕྱག་འཚལོ།། ཞལ་བརྒྱད་ཕྱག་ནི་བཅུ་དྲུག་པ།། ཧཱུཾ་སྐྱེས་གཽ་རཱི་ལ་སོགས་བསྐོར།། ཞབས་ཀྱིས་བདུད་བཞི་མནན་པ་སྟེ།། བདག་མེད ་མ་ཡིས་ལྷག་ནས་འཁྱུད།། སྤྱན་ནི་ཉི་ཤུ་རྩ་བཞི་ལྔ།། ཐོད་རློན་བརྒྱ་ཕྱེད་ཕྲེང་ག་ཅན།། སྔོན་པོ་ཕྱག་རྒྱ་ལྔས་བརྒྱན་ལ།། ཕྲག་འཚལ་སྒྲུབ་ཐབས་བཤད་པར་བྱ།། དེ་ལ་དང་པོ་རེ་ཤིག་རྣལ་འབྱོར་པས།། གདོང་བཀྲུ་བ ་བ་ལ་སོགས་པའི་བྱ་བ་བྱས་ལ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བློ་བསྐྱེད་ནུས། ཨོཾ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པས་གནས་ལ་སོགས་པ་བསྲུང་བ་བྱས་ལ།། དཔལ་ཀྱེ་རྡོ་རྗེ་ལས་གསུང་པའི་དཀྱིལ་འཁོར ་དུ་ཞུགས་པས་རིམ་པ་ཇི་ལྟ་བ་བཞིན་དུ་དབང་བསྐུར་བ། ཡང་དག་པའི་བཀའི་རྗེས་སུ་གནང་བ་དང་། ཤིན་ཏུ་རྣམ་པར་དག་པ་དང་། དེ་ཁཾ་ནའི་ཡེ་ཤེས་ཕྱིན་ཅི་མ་ལོག་པ་ཐོབ་པ། མཚན་མ་རྙེད་པ། དུར་ཁྲོད་ལ ་སོགས་པ་ཡིད་དུ་འོང་བའི་གནས་སུ་སྣ་ཚོགས་རྡོ་རྗེས་མཚན་པའི་བདེ་བའི་སྟན་ལ་འདུག་པ། བདུད་རྩི་ལྔ་ལ་སོགས་པའི་དམ་ཚིག་བསྟེན་པ། གང་ལ་ཡང་མི་བལྟོས་པ། དོགས་པ་མེད་པའི་ཤེས་རབ་དང་བཅས ་པ་དཔལ་ཀྱེ་རྡོ་རྗེའི་ང་རྒྱལ་དང་ལྡན་པར་བྱའོ།། དེ་ནས་རང་གི་སྙིང་གར་པདྨའི་སྟེང་དུ་རེ་ཞུ་བ་ལས་ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ་ཧཱུཾ་སྔོན་པོ་དམིགསོ།། དེ་ནས་ཧཱུཾ་གི་ཡི་གེས་ལས་འོད་ཟེར་ལྔ་སྤྲོས་པས་ཁམས ་གསུམ་གསལ་བར་བྱས་ནས་སླར་བཀུག་སྟེ། མདུན་གྱི་ན་མཁའ་ལ་བཅོམ་ལྡན་འདས་ཕྱག་བཅུ་དྲུག་པ་ཞལ་བརྒྱད་པ་སྤྱན་གསུམ་པ་རང་གི་རཱིག་མ་ལ་འཁྱུད་པ། སྒྲ་སེར་པོ་གྱེན་དུ་བརྫེས་པ། ཕྱག་རྒྱ ་ལྔས་བརྒྱན་པ། ལྷོ་མེ་བརྒྱད་ཀྱིས་བསྐོར་བ། ཁ་དོག་དང་ཕྱག་མཚན་འོག་ནས་འབྱུང་བ་ལྟ་བུ་སྤྲོ་བ་དང་བསྡུ་བའི་སྐུ་གསུམ་མོ།། དེའི་མདུན་དུ་གཽ་རཱཾ་ནག་མོ་ཕྱག་ན་བྱང་ཆུབ་ཀྱི་སེམས་ཀྱི་ཟླ་བ་ཅན་གཡས ་ན་གཙོ་རོ་དམར་མོ་རང་འབྱུང་གྲྀ་མེ་ཏོག་ཅེས་བྱ་བའི་ཉི་མ་ཅན། རྒྱབ་ཏུ་བེཏྟཱ་ལཱི་སིར་མོ་ཕྱག་ན་རྡོ་རྗེའི་ཆུའི་ལྷུང་བཟེད་ཐོགས་མ། བྱང་དུ་གྷསྨཱ་རཱྀ་ལྗང་གུ་གསང་བའི་སྨོནྡ་འཛིན་མ། དབང་ལྡན་དུ་པུཀྐ་སཱཾ་སྔོན། ་མོ་ཤ་སྣ་ཚོགས་འཛིན་མཽ། མེ་རུ་ས་བ་རཱི་དཀོར་མོ་ཆང་སྣརུམས་མ། བདེན་བྲལ་དུ་ཙཏྟ་ལཱི་ཅུང་ཟད་དམར་བ་རྡེའུ་ཆུང་བརྡུང་མ།། རླུང་དུ་ཌམླྀ་ནི་དུ་བའི་མདོག་ཅན་མ་ཉིད་ཀྱི་སྐུ་འཁྱུད་པ། དེ་ལྟར་རྣལ་འབྱོར ་མ་རྣམས་ཀྱིས་བསྐོར་བའི་བཅོམ་ལྡན་འདས་གསལ་བར་དམིགས་ཏེ། དེ་ནས་ཕྱིས་འོད་ཟེར་རང་གི་ས་བོན་ལ་བསྟིམ་མོ།། ཡང་རང་གི་ས་བོན་ལས་འོད་ཟེར་སྤྲོས་ཏེ། ཕྱི་དང་། ནང་དང་། ་གསང་བ་དང་། དེ་ཁོ་ནའི་མཆོད་པའི་ཁྱད་པར་གྱིས་བཅོམ་ལྡན་འདས་ལ་མཆོད་པ་དེ་ནཾ་མེ་ཏོག་དང་། སྤོས་དང་ལྷ་བཤོས་དང་། རིན་པོ་ཆེ་སྣ་བདུན་ལ་སོགས་པ་དབུལ་བ་ནཱི་ཕྱིའི་མཆོད་པའོ།། ལྷ་མོ་བརྒྱད་ཀྱི་བདུད ་རྩི་ལྔ་དང་ཤ་ལྔ་ལ་སོགས་པ་དབུལ་བ་ནི་གསང་བའི་མཆོད་པའོ།། ཡང་དག་པའི་བླ་མའི་གདམས་ངག་གིས་བདག་མེད་མ་དང་གཉིས་སུ་མེད་པའི་བདེ་བ་ཉམ་སུ་མྱོང་བ་དེ་ནི་དེ་ཁོ་ནའི་མཆོད་པའོ།། དེ་ལྟར་ཤིན་ཏུ ་རྣམ་པར་དག་པའི་མཆོད་པ་བྱས་ནས། ལུས་ངག་ཡིད་གསུམ་དང་བས་ཕྱག་བྱས་ཏེ། དེ་དག་གི་མདུན་དུ་སྡིག་པ་བཤགས་པ་ལ་སོགས་པ་བྱའོ།། གང་ཞིག་འཁོར་བ་ཐོག་མ་མེད་པ་ནས་ཕྱིན་ཅི་ལྡོག་གི ་རྣམ་པར་རྟོག་པ་ལས་སྐྱེས་པོའི་བདག་གིས་སྡིག་པའི་ལས་བྱས་པ་ཐམས་ཅད་དང་། གཞན་གྱིས་བགྱིད་པ་ལ་རྗེས་སུ་ཡི་རང་བ་དང་། ཅུང་ཟད་བགྱིད་དུ་སྩལ་བ་དེ་དག་ཐམས་ཅད་བཤགས་ཤིང་ཡང་ཕྱིན་ཆད ་མི་བགྱིད་དོ།། གང་ཞིག་སོ་སོའི་སྐྱེ་བོ་དང་། ལྷ་དང་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཐམས་ཅད་ལ་རྗེས ་སུ་ཡི་རང་ངོ་།། བསོད་ནམས་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ།། དེ་ནས་ཁམས་གསུམ་གྱི་བདག་ཉིད་བདེ་བ་ཆེན་པོའི་རང་བཞིན་གྱིས་སངས་རྒྱས་དཔལ་ཀྱེ་རྡོ ་རྗེའི་དང་། དེས་བསྟན་པའི་སྔགས་དང་ཕྱག་རྒྱ་དང་། དཀྱིལ་འཁོར་ལ་སོགས་པའི་རང་བཞིན་གྱི་ཆོས་དང་། དེའི་དཀྱིལ་འཁོར་གྱི་འཁོར་ལོར་གནས་པའི་རྣལ་འབྱོར་མའི་ཚོགས་ལ་ཇི་སྲིད་བྱང་ཆུབ་ཀྱི་སྙིང་པོ་ལ ་མཆིས་ཀྱི་བར་དུ་སྐྱབས་སུ་མཆིའོ།། སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའི་རྒྱུར་གྱུར་པའི་རང་བཞིན་གྱི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཡང་དག་པའི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་བསྐྱེད ་པར་བྱའོ།། བདག་གིས་འདི་ལྟར་བླ་ན་མེད་པ་བྱང་ཆུབ་ཀྱི་སེམས་ཀྱི་རྡོ་རྗེའི་ལམྦྷ་ལཱ་བརྟེན་པར་བྱའོ།། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། མྱ་ངན་ལས་མི་མངའ་བོར་གསོལ་པ་གདབ་པར་བྱའོ།། དེ་ནིས ་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བའི་བྱེདེ་བའི་མཆོག་གི་ངོ་བོ་ཉིད་ཀྱི་བྱམས་པ་ཆེན་པོ་དང་། སྡུག་བསྔལ་དང་། སྡུག་བསྔལ་གྱི་རྒྱུར་གྱུར་པ་རྟོགས་པ་ཐམས་ཅད་ཀྱི་རྒྱ་མཚོར་བྱིང་པོའི་སེམས ་ཅན་ཐམས་ཅད་སྐྱབས་མེད་པ་མཐོང་ནས་དེ་བསྒྲལ་བའི་ཕྱིར་འདོད་པའི་སྙིང་རྗེ་ཆེན་པོ་དང་། བདེ་བ་ཆེན་པོ་དང་མ་བྲལ་བར་མཐོང་བའི་དགའ་བ་དང་། འཇིག་རྟེན་པའི་ཆོས་བརྒྱད་ལས་ལོག་པའི་ལམ་གྱི་མཚན ་ཉིད་ཀྱི་བཏང་སྙོམས་བསྒོམ་པར་བྱའོ།། དེ་ལྟར་བླ་ན་མེད་པའི་ཆོས་ཐམས་ཅད་རབ་ཏུ་འབྱེད་པའི་མཚན་ཉིད་ཀྱི་ཤེས་རབ་ཀྱིས་ཆོས་ཐམས་ཅད་རྟེན་འབྲེལ་ལས་སྐྱེས་པ་ཙམ་རང་བཞིན ་གྱིས་གཟོད་མ་ནུས་སྐྱེ་བ་མེད་པར་གསལ་པར་ཤེས་པར་བྱ་སྟེ། དངོས་པོ་མ་ལུས་པའི་བདེ་བ་དེ་ཁོ་ན་ཉིད་ཀྱི་སྙིང་པོར་བསྡུས་པའི་སྟོང་པའི་ཡེ་ཤེས་ཀྱི་རྡོ་རྗེའི་རང་བཞིན་གྱི་ཆོས་ཤེས་ནས་ཨོཾ་ཤཱུ་ནྱ་ཏྭཱ་ཛྙཱ་ན་བཛྲ ་སྭཱ་བྷཱ་བཱ་ཨཱཏྨ་ཀོ་ཧཾ་ཞེས་པའི་སྔགས་དེ་ཡིད་ཀྱིས་བཟླས་ཏེ། སྐྱེ་བ་མེད་པ་འགག་པ་མེད་པ་ཡང་དག་པའི་བླ་མའི་མན་ངག་གིས་ཐང་ཅིག་མི་གནས་པའི་ངོ་བོ་ལ་གནས་པའོ།། དེ་ཉིད་འོད་གསལ་བའོ།། དེ་ནི ་ཤིན་ཏུ་བདེ་བར་གནས།། ཆོས་ཀུན་དེ་ཉིད་ཁོ་ནཱར་གསུངས།། ཤེས་རབ་ཕ་རོལ་ཕྱིན་པ་སྟེ།། བདུད་རྣམས་འཇོམས་པར་བྱེད་པའི་མཆོག། དེ་ནས་སྔོན་གྱི་སྨོན་ལམ་གྱི་སྟོང་པ་ཉིད་འོད་གསལ་བའི་ཏིང་ངེ་འཛིན ་ལས་ལངས་ཏེ། ནུ་མཁའ་ལ་རཾ་ལྀས་བྱུང་བའི་ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ་ཧཱུཾ་སྔོན་པོའོ་རྫུ་གྱུར་པ་ལས་སྣ་ཚོགས་རྡོ་རྗེའི་འོད་ཟེར་ལྔ་བསྒོམས་ནས་མནར་མེད་པའི་སེམས་ཅན་དམྱལ་བའི་མེ་དང་འདྲུ་བའི་འོད་ཟེར ་ཤིན་ཏུ་འབར་བའི་ཚོགས་ཇི་ཙམ་འདོད་པར་སྤྲོ་སྟེ། ཕྱོགསུ་རྡོ་རྗེའི་ར་བ་དང་། སྟེང་དུ་རྡོ་རྗེའི་གུར་དང་། འོག་ཏུ་རྡོ་རྗེའི་ས་གཞི་དམྱལ་བ་ལ་ཐུག་པ་ཡན་ཆད་བསམ་པར་བྱའོ།། དེའི་ནང་དུ་ཉི་མའི་དཀྱིལ་འཁོར་གྱི་སྟེང ་དུ་སྣ་ཚོགས་རྡོ་རྗེ། དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་མཚམས་རྡོ་རྗེའི་རྩིགས་པ་ལ་སྔོགས་བསྡུ་བརྟན་པར་བྱའོ།། དེ་དཀྱིལ་འཁོར་དུ་བྷྲཱུཾ་སྡེར་པོ་བསམ་མོ།། བྷྲཱུཾ་ཞུ་བ་ལ་ས་འཁོར་ལོ་རྩིབས་བཅུ་པ་ཁ་དོག་སེར་པོ ་མྱུར་དུ་འཁོར་ཞིང་གཞན་དུ་མི་གཡོ་བའོ།། དེའི་དཀྱིལ་དུ་སྣ་ཚེགས་རྡོ་རྗེ། དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར་བསྣམ་མོ།། དེའི་སྟེང་དུ་ཟླ་བ་ཉི་མ་ཁ་སྦྱར་བའི་དབུས་སུ་ཧཱུཾ་ཡིག་བལྟའོ།། མེ་ལོང་ལྟ་བུའི་ཡེ་ཤེས་ལ ་སོགས་པའི་ཡེ་ཤེས་ལྔའི་རིམ་པས་བཅོམ་ལྡན་འདས་ཧཱུཾ་མཛད་བསམ་མོ།། ཧཱུ~ཾ་ལས་སྐྱེས་པ་སྐུ་མདོག་ཨིནྡྲ་ནཱི་ལ་དང་འདྲ་བ་ལྗང་གུ་སྣ་ཚོགས་པས་བརྒྱན་པ། རིན་པོ་ཆེའི་དབུ་རྒྱན་ཅན། འཇིགས་བྱེད་དང་དུས ་མཚན་མོ་ནག་མོ་མནན་པ། ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་རིག་མ་ལ་འཁྱུད་པོ། ཞབས་བརྐྱང་བསྐུམ་དུ་བཞུགས་པ་བསམ་པར་བྱའོ།། དེ་ནས་ཡང་དག་པའི་སློབ་དཔོན་གྱི་གདམས་ངག་ལས་རྡོ་རྗེ ་ཐོད་པའི་སྦྱོར་བས་ཁྲོ་བོ་བཅུ་བསྒོམ་པར་བྱ་སྟེ། དེ་ལ་ཤར་ལ་སོགས་པའི་ཕྱོགས་བཞིར་གཤིན་རྗེ་གཤེད་པ་དང་། ཤེས་རབ་མཐར་བྱེད་དང་། པདྨ་མཐར་བྱེད་དང་། བགེགས་མཐར་བྱེད་དང་གཞི་ནི་ནག་པོ ་དང་། དཀར་པོ་དང་། དམར་པོ་དང་། སྔོན་པོའི་རིམ་པས་སོ།། རྡོ་རྗེའི་ཐོ་བ་དོང་། བེ་ཅོན་དཀར་པོ་དང་། ཆུ་སྐྱེས་དམར་པོ་དང་། རྡོ་རྗེ་ནགོ་པོ་ཕྱག་གིས་འཛིན་པོའོ།། དེ་རྣམས་ཀྱང་སྦོམ་ལོ་ཐུང་བ། གསུས་པ ་འཕྱང་བ། ཁྲོ་བ་དང་བཅས་པ། སྦྲུལ་གྱིས་ཆུན་པོ་བརྒྱད་ཀྱིས་བརྒྱན་པ། སྐྲ་སེར་པོ་གྱེན་དུ་བརྫེས་པ། སྤྱན་དམར་ལ་ཟླུམ་པ། རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་དང་། སྣང་བ་མཐའ་ཡས~ཾ། ་དང་། དོན་ཡོད་གྲུབ་པ་དང་། བཞིས་དབུ་རྒྱན་པ། སྟག་གི་པགས་པའི་ཤམས་ཐབས་ཅན་ནོ།། དེ་བཞིན་དུ་མེའི་མཚམས་དང་། བདེན་བྲལ་གྱི་མཚམས་དང་། རླུང་གི་མཚམས་དང་། དབང་ལྡན་གྱི་མཚམས ་དང་བཞིར་འདོང་བའི་རྒྱལ་བ་དང་། དབྱུག་སྔོན་ཅན་དང་། སྟོབས་པོ་ཆེ་དང་། མི་གཡོ་མགོན་ནོ།། དེ་རྣམས་ཀྱང་ཁྭ་དོག་ནག་པོ་ལྕགས་ཀྱུ་དང་། དབྱུག་ཐོ་དང་། རྩེ་གསུམ་དང་། རལ་གྲི་ཕྱག་གིས་འཛིན་པའོ།། འདོད ་པའི་རྒྱལ་པོ་མེ་གཡོ་མགོན་པོ་དང་གཉིས་ནི་ནཱ་བཟའ་བཟང་པོ་རིན་པོ་ཆེ་ལ་སྩོགས་པས་བརྒྱན་པ། རིན་པོ་ཆུའི་དབུ་རྒྱུན་ཅན་ནོ།། དབྱུག་ཐོ་ཅན་དང་། སྟོབས་པོ་ཆེ་གཉིས་ནི་གྷོ་ཤིན་རྗེ་གཤེད་པོ་དང་འདྲ ་བ་གཤིན་ཏུ་འཇིགས་པའོ།། འོག་ཏུ་གནོད་མཛེས་རྒྱལ་པོ་ནི་ཐོ་བ་ནག་པོ་ཕྱག་གིས་འཛིན་པ་རིན་པོ་ཆེའི་དབུ་རྒྱན་པའོ།། སྟེང་གཽ་རྩིབས་ལ་ཡང་གཙུག་ཏོར་འཁོར་ལོ་སྒྱུར་བ་སེར་པོ་རིན་པོ་ཆེས་དབུ་བརྒྱན་པ ་འཁོར་ལོ་སེར་པོ་བསྣམས་པ། རྣམ་པར་སྣང་མཛད་ཀྱིས་དབུ་རྒྱན་པའོ།། འདོད་པའི་རྒྱལ་པོ་ལ་སོགས་པ་ལྔ་ནི་མི་བསྐྱོད་པས་དབུ་བརྒྱན་པའོ།། དེ་དག་ནི་ཁྲོ་བོ་བཅུ་སྟེ། སྣ་ཚོགས་པདྨའི་སྟེང་དུ་ཉི་མའི་དཀྱིལ ་ལཁོ། ར་ལ་ཞབས་དགྲང་ནས་གནས་པ། གཡོན་པའི་སྡིགས་མཛུབ་སྙིང་གར་བསྒྲེང་བ། སྦྲུལ་གྱིས་ཞགས་པ་ཐོབ་པའོ།། དེ་ལྟར་བསྲུང་བའི་འཁོར་ལོ་བྱས་ནས་དེའི་དཀྱིལ་དུ་རྡོ་རྗེ་ཧཱུཾ་མཛད་ཞུ་བ་ལས་འབྱུང་བ ་ཆེན་པོ་ན་མཁའ་ཆེན་པོ་ཆོས་འབྱུང་གྲུ་གསུམ་པ་རྡོ་རྗེ་འཛིན་པ་ཆེན་པོའི་རང་བཞིན་སྟོན་ཀའི་རི་བོང་ཅན་ལྟར་དཀར་བ་ཞབས་ཕྲ་བ་ཁ་ཡངས་པ་ཟུར་གསུམ་པ་ཟུར་འདོད་པ་དེ་ལྟར་བསམ་པར་བྱའོ།། དེའི་དཀྱིལ ་དུ་སྣ་ཚོགས་པདྨ། དེའི་སྟེང་དུ་སྣ་ཚོགས་རྡོ་རྗེ་ཆེན་པོ་རྩེ་མོ་བཅུ་གཉིས་པ། ཤར་གྱི་རྩེ་མོ་གསུམ་ནི་དཀར་བ། ལྷོའི་གསུམ་ནི་སེར་བ། ནུབ་ཀྱི་གསུམ་ནི་དམར་བ། བྱང་གི་གསུམ་ནི་ལྗང་གུ། དབུས་སྟོན་པོ་བས ་པཔར་བྱའོ།། དེའི་སྟོང་དུ་ཡཾ་ལས་སྐྱེས་པའི་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་འདྲ་བ་སྔོན་པོ་བ་དན་གཡོ་བ་གཉིས་ཀྱིས་མཚན་པའོ།། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་ལ་རཾ་གྱིས ་མཚན་པའོ།། དོ་སྟེང་དུ་བཾ་ལས་སྤྲོས་པའི་ཆུའི་དཀྱིལ་འཁོར་དཀར་བ་ཟླུམ་པོ་བཾ་གྱིས་མཚན་པའོ།། དེའི་སྟེང་དུ་ལོ་ལས་སྐྱེས་པའི་སྣའི་དཀྱིལ་འཁོར་གྲུ་བཞི་པ་སེར་པོ་ཟུར་ལ་རྡོ་རྗེ་རྩེ་གསུམ་པས་མཚན་པའོ།། ་དེའི་དཀྱིལ་དུ་སྣ་ཚོགས་རྡོ་རྗེ་ལ་རྟེན་འབྲེལ་ལས་སྐྱེས་པའི་སེམས་ཙམ་འབྱུང་བ་ཆེན་པོ་བཞི་ཞུ་བ་ལས་ཤིན་ཏུ་རྣམ་པར་དག་པའི་སངས་རྒྱས་ཀྱི་ཞིང་འདུས་པ་ཆེན་པོའི་གཞལ་ཡས་ཁང་རྣམ་པར་སྣང ་མཛད་ཀྱི་རང་བཞིན་སྣ་ཚོགས་པའི་རིན་པོ་ཆེ་བཞིའི་རང་བཞིན་གྱི་གཞལ་ཡས་ཁང་ཁྲུ་བཞི་པ། སྒོ་བཞི་པ། ཀ་བ་བརྒྱད་ཀྱིས་ཉེ་བར་བརྒྱན་པ། ཟུར་བཞི་པ། རྟ་བབས་བཞིས་རྣམ་པར་སྤྲས། ་པབཔ། ལྷ་མོ་སེར་མོ་པཾ་ཝང་བརྡུང་བ་དང་། ལྷ་མོ་དམར་མོ་གླིང་བུ་འབུད་པ་དང་། ཌ་མ་རུ་བརྡུང་བ་ལྷ་མོ་དུ་མདོག་ཅན་མ། ལྷ་མེ་དཀར་མོ་རྔ་བོ་ཆེ་བརྡུང་བ་དང་། ལྷ་མོ་སེར་མོ་མེ་ཏོག་གི་ཕྲེང་བ་ཐོགས་པ། ལྷ་མོ་དམར ་འགྱིང་བག་ཅན། ལྷ་མོ་གླུ་མ་སྐུ་མདོག་དམར་སེར་མ། ལྷ་མོ་གར་མ་ཁ་དོག་སྣ་ཚོགས་པ། ལྷ་མོ་མེ་ཏོག་མ་དཀར་མོ།། ལྷ་མོ་སྤོས་མེ་མ་ནག་མོ།། ལྷ་མོ་མར་མེ་མར་མོ།། ལྷ་མོ་དྲི་ཆབ་མ་སེར་མོ།། ལྷ་མོ་དྲྀ་ཆབ ་མ་སེར་མོ།། གཟུགས་ཀྱི་ལྷ་མོ་དཀར་མོ་དང་། རོའི་ལྷ་མོ་དམར་མོ་དང་། རེག་བྱིའི་ལྷ་མོ་ལྗང་གུ་དང་། ཆོས་ཀྱི་ལྷ་མོ་སྟེ། དེ་ལྟར་བཅུ་དྲུག་ནི་ཟླ་བ་ཕྱེད་པའི་ཐིག་ལེ་ཅན། རང་རང་གི་ས་བོན་ལས་གྲུབ་པ། མིག་དང ་གཟུགས་ཐ་དད་པར་བཞུགས་པ། རྩ་བ་ལ་སོགས་པའི་སྒོའི་འགྲམ་དུ་མཆོད་པའི་ལྷ་མ་རྣམས་ཀྱིས་བརྒྱན་པ་སྟེ། དེ་ལྟར་རིམ་པས་གཡས་བསྐོར་དུ་གཉིས་གཉིས་གནས་སོ།། དྲ་བ་དང་དྲ་བ་ཕྱེད་པ་དང་། ་དང་། མེ་ཏོག་གིས་ཕྲེང་བ་དང་། བླ་རེ་དང་། མེ་ལོང་དང་། རྔ་ཡབ་ལ་སོགས་པས་མཛེས་པར་བརྒྱན་པོ། རྡོ་རྗེའི་ཕྲེང་བའི་འོད་ཟེར་གསལ་བ་སངས་རྒྱས་མང་པོ་འཕྲོ་བ་ལ་སོགས་པ་སྣ་ཚོགས་གཡོ་བའི་རྩེ་ལ ་དྲིལ་བུ་འཁྲོལ་བ། འདོད་པའི་ཡོན་ཏན་ལྔས་བརྒྱུན་པ། ཡིད་དུ་འོང་བའི་གཞལ་ཡས་ཁང་ལ་དུར་ཁྲོད་བརྒྱུད་ཀྱི་བསྐོར་བ་བསམ་པར་བྱའོ།། དེ་ལ་ཤར་གྱི་དུར་ཁྲོད་ཆེན་པོ་ནི་གཏུམ་དྲག་ཅེས་བྱ་སྟེ། ཤྲཱིར་ཥཱའི་ཤིང ་ལྷ་གླང་པོ་ཆེའི་མགོ་བོ་ཅན་སེར་པོ། བརྒྱ་བྱིན་སེར་པོ།། ཀླུ་བ་སུ་ཀེ་སེར་པོ། སྤྲྀནྡ་སྒྲ་སྒྲོགས་ཞེས་བྱ་བཱ་སྟེ་སྔོན་པོའོ།། མེའི་མཚམས་ཀྱི་དུར་ཁྲོད་ཆེན་པོ་ནི་ཧ་ཧ་རྒོད་ཅེས་བྱ་སྟེ། ཤིང་ཀ་རཉྫ་ལཱི་ལྷ་རའི་གདོང་པ ་ཅན་མེ་ལྷ་དམར་པོ། དེར་ཀླུ་པདྨ་ཆེན་པོ་ལྡོང་གུ། སྤྲིན་འཁྲུག་པ་ཞེས་བྱ་སྟེ། མདོག་དམར་པའོ།། ལྷོའི་དུར་ཁྲོད་ནི་འཇིགས་སྡེ་ཞེས་བྱ་སྟེ། ཤིང་ཨ་མྲ་ཞེས་བྱ་བ་ལ་ལྷ་མ་ཧེའི་མགོ་བོ་ཅན་གཤིན་རྗེ་ནག་པོ། དྭེར ་པདྨ་དཀུར་པོ་དང་། སྤྲིན་འཁྱིལ་པ་ཞེས་བྱ་བ་མདོག་སེར་པོ། བདེན་གྲོལ་གྱི་དུར་ཁྲོད་ནི་འཇིགས་པ་ཞེས་བྱ་སྟེ། པ་ཀ་ཏའི་ཤིང་ལ་ལྷ་རཾའི་གདོད་པ་ཅན། བདོན་བྲལ་གྱི་ནག་པོ། ཀླུ་མཐའ་ཡས་སྒྲའོ་དང་། སྤྲིན ་གང་བ་སེར་པོའོ།། ནུབ་ཀྱི་དུར་ཁྲོད་ནི་འབོར་བ་འཁྲིགས་པ་ཞེས་བྱ་སྟེ། ཤིང་ནཻ་ཨེ་ཤཱ་ཀ་ལ་ལྷ་ཆུ་སྲིན་གྱི་མགོ་བོ་ཅན་སེར་པོ་ཆུ་ལྷ་དཀྵ་ར་པོ།། དེ་ར་ཀྵ་ཀཎྜོ་ཊ་དམར་པོ། སྤྲིན་དྲག་པོ་དཀར་པོའོ།། རླུང་གི་མཚམ ་ཀྱི་དུར་ཁྱོད་ནི་མུན་ནག་འཇིགས་པ་ཞེས་བྱ་སྟེ། ཨརྫུ་ནའི་ཤིངོ་ལ་ལྷ་རི་དགས་ཀྱི་གདོང་བ་ཅན་དཀར་པོ། རླུང་གི་ལྷ་སྔོ་སྒྱུ། དར་ཀླུ་རིགས་ལྡན་ཁྲའི།། སྤྱན་ཆར་འབེབས་ལྗང་གུའོ།། བྱང་གི་དུར་ཁྲོད་ནི ་ཚང་ཚང་ཅན་འཇིགས་སུ་རུང་བ་སྟེ། བྱང་ཆུབ་ཀྱི་ཤིང་ལྱ་ལྷ་མིའི་གདོང་པ་ཅན། གནོད་སྦྱིན་སེར་པོ།། དེར་ཀླུ་འཇོག་པོ་ནག་པོ། སྤྲིན་རྨུགས་པ་དཀར་པོའོ།། དབང་ལྡན་གྱི་དུར་ཁྲོད ་ནིདཔལ་གྱི་ནགས་ཞེས་བྱ་བ་སྟེ། ཤིང་ནི་བོ་དྷི་བྲྀཀཱ་ལ་ལཱྀ་ཁྱུ་མཆོག་གི་གདོང་པ་ཅནྡ། ལྷ་ཆེན་པོ་དཀར་པོ།། ཀླུ་དུང་སྐྱོང་སེར་པོ། སྤྲིན་གཏུམ་དྲག་མདོག་སྐུ་ཚོགས་པའོ།། དུར་ཁྲོད་ཆེན་པོ་ནི་མཆོད་རྟེན་དུ ་བལྟ་བར་བྱའོ།། དེ་ལྟར་བསམ་པར་བྱའོ།། དེ་ལྟར་བརྒྱ་བྱིན་ལ་སོགས་པ་བརྒྱད་ནཾ་རོ་སྟོད་ཅན་ཏེ། གཡོན་པ་རྣམས་ཀྱིས་ཐོད་པ་བསྣམས་པ། གཡས་ཀྱི་གཏོར་མ་འཛིན་པའོ།། དེ་ལྟར་ཤིང་ཆེན་པོ་ནི་བརྒྱདདོ།། ་གཞན་དག་ནི་ཤིང་སྣ་ཚོགས་པ་སྟེ་དཔོག་ཏུ་མེད་དོ།། ཕ་རོག་དང་། འུག་པ་དང་། བྱཱ་པཀཪྵཱ་དང་། དཱབྲྀ་ཏ་དང་། ཁྱཱ་དང་། སྤྱད་ཀི་དང་། སྙིང་མོ་དང་། ཁྲ་དང་། ཁྲ་མོ་དང་། སེང་གེ་དང་། ཕག་པ་དང་། སྟེགས་ལོ་སྩོང ་པའི་འཇིགས་པ་དང་། སྦྲུལ་ཐམས་ཅད་དང་། གླང་སྦྲུལ་དང་། དུམ་བུ་བྷཱ་མྱ་གཎྜོ་བྷཱ་ཤིན་ཏུ་འཇིགས་པར་བྱེད་པ། ཀེང་རུས་དང་། གསལ་ཤིང་དང་། རོ་འབྱུདྲུ་བ་དང་། མགོ་ཆད་པའི་ལུས་པོ་དང་། ཐོད ་བྱ་དང་། པུས་མོ་དང་། མི་གོ་མེད་པའི་ལུས་པོ་དང་། ལག་པ་དང་། མགོ་བོ་དང་། འཇིགས་སྣ་ཚོགས་པའོ།། དངོས་གྲུབ་ཅན་ལ་སོགས་པ་ལྷ་མང་པོ་དང་། དམོ་ཚིག་གི་བདག་ཉིད་རྣལ་འབྱོར་མ་རྣམས ་འདུ་བའི་ཚོགས་གནོད་སྦྱིན་དང་། སྲིན་པོ་དང་། ཡི་དགས་སོགས་གཅོད་པ་ལ་སོགས་པ་རྒྱུ་བར་གནས་པའོ།། བདག་ལ་དགའ་བ་ཆུ་འཕྲུལ་སྣ་ཚོགས་སྟོན་པ། སྒྲ་ཆེན་པོ་སྒྲོགས་པའི་དུར་ཁྲོད་ཆེན་པའོ། ་དེའི་དབུས་སུ་པདྨ་དམར་པོ་འདབ་མ་བརྒྱད་པའི་སྟེང་དུ་འཇིགས་པའི་བདུད་བཞི་ག་ན་བརྒྱལ་དུ་འདུག་པར་བལྟའོ།། ཕུང་པོ་བདུད་ཚངས་པ་དང་། ཉོན་མོངས་པའི་བདུད་ཁྱབ་འཇུག་དང་། ལྷའི་བུའི་བདུད ་བརྒྱ་བྱིན་དང་། འཆི་བདག་གི་བདུད་དབང་ཕྱུག་ཆེན་པོ་དང་།། བདུད་བཞིའི་སྙིང་གར་ཉི་མས་མནན་པར་བསམ་པར་བྱའོ།། ཤར་ལ་སོགས་པ་བཞིར་ཚངས་པ་ལ་སོགས་པ་མནན་པའོ།། དབང་ལྡན ་ལ་སོགས་པ་བཞིར་གཤིན་རྗེ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། སྲིན་པོའོ།། དེ་བརྒྱད་ཀྱི་སྙིང་གར་ཟླ་བས་མནན་པའོ།། དེ་དག་ཐམས་ཅད་གཞལ་ཡས་ཁང་གྲུབ་པའི་རྗེས་སུ་བསམ་མ ་དྷེདྭེ་ཨཱ་ལི་བཅུ་དྲུག་ཉིས་འགྱུར་དུ་བྱས་པ་ལས་ཟླ་བའི་དཀྱིལ་འཁོར་ཤེས་རབ་ཀྱི་གཟུགས་ཀྱི་རང་བཞིན་མེ་ལྡོང་ལྟ་བུའི་ཡེ་ཤེསོ།། དེའི་སྟེང་དུ་ཀཱ་ལཾ་སུམ་ཅུ་རྩ་བཞི་ཌཱ་ཌཱ་དྷཱ་ད་ཡ་ལ་དེ་ལྟར་དྲཿ ་གིས་བཞི་བཅུའོ།། དེ་དག་ཉིས་འགྱུར་དུ་བྱས་པ་ལས་ཉི་མའི་དཀྱིལ་འཁོར་ཐབས་ཀྱི་རང་བཞིན་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ།། དེ་གཉིས་ཁ་སྦྱོར་བའི་དབུ་སུཾ་ཧཱུཾ་དང་ཨ་གཉིས་འོད་དུ་ཞུ་བ ་ལས་གྲི་གུག་དང་ཐོད་པ་སྦྱར་བ་ལ་རང་གི་ས་བོན་གྱིས་མཚན་པ་ནི་སོ་སོར་རྟོགས་པའི་ཡེ་ཤེས་སོ།། ས་བོན་གཉིས་ལས་འོད་ཟེར་འཕྲོས་པས་དེ་བཞིན་གཤེགས་པ་ཐམས་ཅད ་གསལ་བར་བྱས་ནས་དེ་རྣམས་ཀྱི་འོད་ཟེར་གྱིས་བཀུག་ནས་སླར་ཡང་རང་ཐིམ་སྟེ། ཐམས་ཅད་གཅིག་ཏུ་གྱུར་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ།། དེའི་ཐོག་ཏུ་ཟླ་བ་དང་། ཉི་མ་དང་། ས་བོན་དང་། ཕྱག ་ཕྱག་མཚན་རྣམས་ཡོངསུ་གྱུར་པ་ལྔས་བདག་ཉིད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྐུ་མདོག་དང་ཕྱག་མཚན་འོག་ནས་འབྱུང་བ་ལྟ་བུའི་དཔལ་ཀྱེ་རྡོ་རྗེའི་གཟུགས་སུ་ལངས་ཏེ། རྒྱུའི་རྡོ་རྗེ ་འཛིན་པ་རང་བཞིན་བདག་མེད་མ་ཡིས་ལྷག་ནས་འཁྱུད་པ། ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་བསམ་པར་བྱའོ།། ཡེ་ཤེས་ལྔའི་བྱང་ཆུབ་པའི་རྣམ་པའོ།། དེ་ནས་ཨོཾ་པཱདྨེ་སུ་ཁ་དྷ་ར་མ་ཧཱ་རཱ་གསུ ་ཁདཏྟ་ཙ་ཏུ་ཪྵ་ནནྟ་བྷ་གི་བི་སྭེ། ཧཱ་ཧཱུཾ་དྷྲྀ་ཀཨཱརྱཾ་ཀུ་རུ་ཥ་མེ། ཨོཾ་བཛྲ་མཱུ་ཧཱ་དྲཱ་ཥ་ཙ་ཏྟ་རཱ་ནཱནྟ་ད་ཡ་ཀ་ཁྱཱ་ག་མུ་ཁེ་ཀཱ་ར་སྥོ་ནཱ་ཐཱ་ཧཱུཾ་ཧྲཱི་ཧཱཾ་ཀཱནྟ་ཀུ་རཱུ་ཥ་མེ་ཞེས་པདྨ་དང་རྡོ་རྗེ་བྱིན་གྱིས་བརླབས་པར་བྱའོ།། ཨོཾ་སརྦྦ་ཏྭཱ་ཐ་ག་ཏཱནྟྲ་རཱ་ག་ཎ་བརྡྷ ་སྭ་བྷཱ་བ་ཨཱཏྨ་ཀེ་ཧཾ། དེ་མ་ཐག་ཏུ་རྗེ་སུ་ཆགས་པར་བྱའོ།། སྦྱོར་བ་དང་པོ་བཤད་པའོ།། དེ་ལྟར་ལས་ཀྱི་ཕྱག་རྒྱའི་རིམ་པའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཐུགས་ཀར་ཧཱུཾ། བཅོམ་ལྡན་འདས་མའི་ཐུགས་ཀར ་ཨཾ་གྱི་ས་བོན་བལྟས་ནས་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་དེ་བཞིན་གཤེགས་པ་ཐམས་ཅད་བཀུག་ནས་སྙིང་གའི་ས་བོན་ལ་ཐིམ། དེ་རྣམས་འོད་དུ་ཞུ་བ་ལས་ཤར་ཕྱོགས་ལ་སོགས་པར་ཚངས་པའི་གདན། ་གནས་པའི་སྟེང་དུ་ཟླ་བ་དང་ཉི་མ་ཁ་སྦྱོར་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ཞུ་ནས་ཕྱིར་འཕྲོས་པ་དང་རྙིམ་པ་ཇི་ལྟ་བ་བཞིན་དུ་གཾ་ཙེ་བཾ་གྷཾ་པཾ་ཤཾ་ལྀ་ཊཾ་ཞེས་བྱ་བའི་ས་བོན་བརྒྱ་དོ་བསམ་མོ།། དེ་རྣམས་ཡོངས་སུ ་གྱུར་པ་ལས་གྲི་གུག་དང་། ཅང་ཏེའུ་དང་། རུ་སྦྲུལ་དང་། སྦྲུལ་དང་། སེང་གེ་དང་། དགེ་སློང་དང་། འཁོར་ལོ་དང་། རྡོ་རྗེ་རྣམས་བསམ་མོ།། དེའི་སྟེང་དུ་ཡང་ས་བོན་གྱི་ཡི་གེ་རྣམས་སོ།། ཟླ་བ་དང་། བདུན ་ཉྩ་མཱ་དང་། ཕྱག་མཚན་ལ་སོགས་པ་ཞུ་ནས་སྔོན་དང་འདྲ་བའི་ཡེ་ཤེས་སེམས་དཔའི་ལྔའི་མངོན་པར་བྱང་ཆུབ་པ་ལས་གཽ་རཱྀ་ལ་སོགས་པ་བསྒོམ་པར་བྱ་སྟེ། དེ་ལ་ཤར་སྒོར་གཱཾ་གི་ཡི་གེ་ལས་སྐྱེས་པའི ་གཽ་རྣི་དཀར་མོ་མདོག་ནག་མོ། ཕྱག་གཡས་ན་གྲི་གུག། གཡོན་ན་རོ་ཧཱི་ཏ་ཚངས་པ་མནན་པེ། གཟུགས་ཀྱི་ཕུང་པོའི་རང་བཞིན་དགོད་དོ།། ལྷོའི་སྒྲ་ལ་ཙམ་གཽ་ཡི་གེ་ལས་སྐྱེས་པ་ཙཽ་རི་དམར་མོ་ཕྱག་གོ་ཡཱས ་ནཱན་ཅང་ཏེའུ། གཡོན་ན་ཕག་པ། དབང་པོ་མནན་པ་ཚོར་བའི་ཕུང་པོའི་རང་བཞིན་ཅན་ནོ།། ནུབ་ཀྱི་སྒོར་བཾ་གི་རྣམ་པ་ལས་སྐྱེས་པ་བེཏྟཱ་ལཾ་གསེར་བཙོ་མ་ལྟ་བུ་ཕྱག་གཡོས་ན་གྲྀ་རུ་སྦལ། གཡོན་ན་པདྨའི་སྣོང ་ཉེ་དབང་མནན་པ་འདུ་ཤེས་ཀྱི་ཕྱུང་པོའི་རང་བཞི་ནོ།། བྱང་གི་སྒོར་གྷཱསྨཱ་ནཱཾ་བྷཱུ་གི་རྣམ་པ་ལས་སྐྱེས་པ་ལྗང་གུ་ཕྱག་གཡས་ན་སྦྲུལ། གཡོན་ནུ་ཐོད་པ། དྲུག་པོ་མནན་པ་འདུ་བྱེད་ཀྱི་ཕྱུང་བཿ ་རརླུང་བཞིན་ནོ།། དབང་ལྡན་གྱི་མཚམས་པྲཱཀྐ་སཱི་སྔོན་མོ་པཾ་གཱི་རྣམ་པ་ལསྱ་སྐྱེས་པཱ་ཕྱག་གཡས་ནཱ་སྙིང་གི། གཡོན་ནཱ་དགྲྀ་སྟཱ། གཱཤིན་རྗེ་མནན་པས་ཁམས་ཀྱི་རང་བཞིན་བསམ་མོ།། དེའི་མཚམས་སུ་ཤ་བ་རི ་གི་རྣམ་པ་ལས་སྐྱེས་པ་ཁ་དོག་དཀར་པོ་ཕྱག་གཡས་ན་དགེ་སློང་། གཡོན་ནི་བསིལ་བྱེད། གཤིན་དྷུ་མནན་པ་ཆུའི་ཁམས་ཀྱི་རང་བཞིན་བསམ་མོ།། བདེན་བྲལ་དུ་གཏུམ་མོ་ལ་ཡིག་གིས་རྣམ་པ་ལས་སྐྱེས་པ ་ཁདག་དཀར་པོ་ཕྱག་གཡས་ན་དགེ་སྦྱོང་། གཡོན་ནཱ་བསིལ་བྱེད། གཤིན་རྗེ་མནན་པ་ཆུའི་ཁམས་ཀྱི་རང་བཞིན་བསམ་མོ།། བདེན་བྲལ་དུ་གཏུམུ་མོ་ལཾ་ཡིག་གིས་རྣམ་པ་ལས་སྐྱེས་པ་སྔོན་མོ་ཕྱག་གཡས་ན ་འཁོར་ལོ།། གཡོན་ན་ཐོང་པ། སྲིན་པོ་མནན་པ་སྡེའི་ཁམས་ཀྱི་རང་བཞིན་བསྒོམ་མོ།། རླུང་གི་མཚམས་ཌཾ་བ~ཾ་ནཱཾ་ཊཾ་གི་རྣམ་པ་སྐྱེས་པ་ཁ་དག་སྣ་ཚོགས་པ་ཕྱུག་གཡས་ན་རྡོ་རྗེ། གཡོན་ན་སྡིགས་མཛུབ་ཐུགས ་བཟངས་རིས་མནན་པ་རླུང་གི་ཁམས་ཀྱི་རང་བཞིན་བསྒོམ་མོ།། རྣམས་ཐམས་ཅད་ཀྱང་སྦྱིན་ཟླུམ་ཞིང་དམར་པོ་གསུམ་པ་སྐྱིལ་ཀྲུང་ཕྱེད་པའི་གིར་གྱིས་བཞུགས་པ། སྐྲ་སེར་པོ་གྱེན་དུ་བརྫེས་པ། ཞབས་གཉིས ་བྷག་རྒྱ་ལྔ་དང་ལྡན་པ། ཟླ་བའི་གདུན་ལ་བཞུགས་པ། གར་དགུའི་རོ་དང་ལྡན་པ། མཆེ་བ་གཙིགས་པ། གཅེར་བུ་མ། བྱང་ཆུབ་ཀྱི་སེམས་འཕྲོ་བ་ལས་བྱུང་བ་ཡང་དག་པར་བསྒོམ་མོ།། དེ་ནས་ཨོཾ་ཨཱཿཧཱུཾ་གཱི་ཡཱི་གེ་གཱསུམ ་གྱི་རང་བཞིན་ཏོ། དམར་པོ་གཉིས་ཀྱི་མཚན་པ་མཐུའ་མ་བརྟེན་པ་དྲི་ཟའི་གྲོང་ཁྱེར་དང་འདྲ་བ་མཐོང་བ་ལས་རྗེསུ་ཆགས་པ་སྤུ་བཅོམ་ལྡན་འདས་ཀྱིས་ཞལ་དུ་ཞུགས་ནས། རྡོ་རྗེའི་ལམ་ནས་བྱུང་ནས་ལྷ་མོའི་དཀྱིལ་ལོ ་དུ་ཞུགས་ཏེ། དེ་ལྟ་བུའི་རང་བཞིན་བསྒོམ་མོ།། དེའི་རྗེསྭཱ་སུ་བཅོམ་ལྡན་འདས་ཤིན་ཏུ་བདེ་བ་ཆེན་པོར་རོ་གཅིག་པཱ་རང་གི་རིག་མ་དང་ལྷན་ཅིག་ཞུ་བར་གྱུར་པ་ལས་རང་གི་ས་བོན་གྱི་གཟུགས་ཀྱི་རྣམ་པར་གནས་པར ་བསམ་མོ།། དེ་ནས་པུཀྐ་སཱི་ལཱ་སོགས་པའི་ལྷ་མོ་བཞི་པོ་རྣམས་རང་རང་གི་མགོན་མེད་པར་ཤེས་ནས་ཡི་སྡུག་བསྔལ་ཆེན་པོར་གྱུར་ཏེ། ཤིན་ཏུ་འདོད་པའི་སེམས་དང་རབ་ཏུ་སད་པར་འདོད་པ་རྣམས་ཀྱི་རྡོ་རྗེའི་གླུས ་བསྐུལ་བསྡུ་བཅོམ་ལྡན་འདས་བཞེངས་སུ་གསོལ་བ། རྗེ་བཙུན་སྙིང་རྗེའི་ཡིད་བཞེངས་ཤིག། པུཀྐ་སཱི་ནཾ་བདག་ལ་སྐྱོབས། སྟོང་པའི་རང་བཞིན་ཉིད་སྦྱོངས་ལ།། བདག་ལ་བདེ་ཆེན་སྦྱོར་བར་མཛོད། ་ཁྱོད་མེད་ན་ནི་བདག་འགུམ་པས། ཀྱེ་ཡི་རྡོ་རྗེ་ཁྱོད་བཞེངས་ཤིག། སྟོང་པའི་རང་བཞིན་ཉིད་སྤོངས་ལ།། ས་བ་རི་འབྲས་གྲུབ་པར་མཛོད།། དགའ་གཙོ་འཇིག་རྟེན་མགྲོན་གཉེར་བ།། སྟོང་པ་ཉིད་ལ་བཞུགས་སམ་ཅི།། ་ཁྱོད་མེད་ཕྱོགས་ནི་མི་འཚལ་བས།། གཏུམ་མོ་བདག་ནི་ཞུ་བ་བགྱིད།། བདག་གི་ཁྱོད་ཀྱི་ཐུགས་འཚལ་གྱིས།། མིག་འཕྲུལ་མངའ་བ་ཁྱེད་བཞེངས་ཤིག། ཌོཾ་བཱི་བདག་ནི་དྲན་ཉམས་པས།། ་སྙིང་རྗེ་རྒྱུན་ཆད་མ་མཛད་ཅིག། ཅེས་དེ་ཁོ་ན་ཉིད་ཀྱིས་གླུ་རྣམས་ཀྱིས་བསྐུལ་བས་རྨི་ལམ་རབ་ཏུ་སད་པ་ལྟར་བཅོམ་ལྡན་འདས་རབ་ཏུ་བཞེངས་ནས་བདུད་རྩིར་ཞུ་བར་གྱུར་པ་ལས་ཟླ་བའི་གཟུགས་སོ།། དེའི་སྟེང་དུ ་ས་བོན་གཉིས་གྱུར་པའི་ཕྱག་མཚན་དེ་ཡང་ཧཱུཾ་དང་ཨོཾ་གིས་མཚན་པའོ།། དེ་ནས་ཉི་མའི་དཀྱིལ་འཁོར་དང་བཅས་པ་གཅིག་ཏུ་གྱུར་ནས། ཨཾ་གྱི་རྣམ་པ་ལས་བྱུང་བ་བདག་མེད་མ་ལ་སྙོམས་པར་ཞུགས་པས་ཧཱུཾ་ལས་སྐྱེས ་པའི་བཅོམ་ལྡན་འདས་ཀྱིས་བདག་ཉིད་འབྲས་བུ་ཀྱེ་རྡོ་རྗེ་ཞབས་བརྐྱང་བསྐུམསུ་བཞུགས་པ། ལྷ་དང་ལྷ་མ་ཡིན་ལ་སྡིགས་པས་ཁྲོས་པ། ཐོད་པ་ལྔས་དབུ་རྒྱན་པ། གཞོན་ནུ་ལོ་བཅུ་དྲུག་ལོན་པ་དང་འདྲ་བ། ཞབས ་བཞིས་བདུད་བཞི་མནནཱ་པ། མགོ་བོ་རློན་པ་ལྔ་བཅུའི་ཕྲེང་བ་ཅན། སྤྱི་བོར་སྣ་ཚོགས་རྡོ་རྗེ་ནག་པོས་མནན་པ། ཉི་མའི་འོད་ལྟ་བུར་འབར་བ་ཞལ་ནས་ཧཱུཾ་གཽ་སྒྲ་སྒྲོགས་པ། ལུས་ཐལ་བ་བྱུགས་པ། ཞལ་བརྒྱད ་པ་རྩ་བའི་ཞི་བ་ནག་པ་ཆེན་པོ། གཡས་ནི་དཀར་བ། ཡང་གཡས་པ་གཉིས་ནི་ནག་པའོ།། གི་ཡོན་པ་ནི་དམར་བའོ།། ཡང་ག་མི་ནཻ་པའི་ཞལ་གཉིས་ནག་པའི།། སྙིང་གི་ཞལ་ནི་དུད་པའི་མདོག་གོ།། མཆེ་བ་གཙིགས ་མའ་ཞལྔ་སྤྱན་དམར་པོ་གསུམ་གསུམ་མངའ་བ། མཆེ་བ་ཅུང་ཟད་གཙིགས་པ། སྒྲོག་པ་དང་། དཔའ་བ་དང་། དྲག་ཤུལ་དང་། བ་དང་། རྒོད་པ་དང་། འཇིགས་པ་དང་། སྙིང་རྗེ་དང་། རྔམ་པ་དང་། ཞི་བ་སྟེ། གར། ་གྱི་རོ་དགུའི་ཚུལ་དུ་ཞུགས་པ། སྠ་སེར་པོ་གྱེན་དུ་འཁྱིལ་པ། ཕྱག་རྒྱ་དྲུག་གིས་བརྒྱན་པ། སྐྱིལ་ཀྲུང་བྱེད་པའི་གྲཝར་གྱིས་ཉི་མའི་དཀྱིལ་འཁོར་ལ་བཞུགས་པ། ཕྱག་བཅུ་དྲུག་པ། གཡས་ཀྱི་ཕྱག་བརྒྱད་དུ་གྲང་པ ་དང་། རྞྞ་དང་། བོད་བ་དང་། ཀླུང་དང་། རྔ་མོ་དང་། མོ་དང་། སོང་གེ་དང་། བྱི་ལ་སྟེ། ཐོད་པའི་སྣོད་བརྒྱུད་དུ་གླང་པོ་ཆེ་ལ་སོགས་པ་རིམ་པ་ཇི་ལྟ་བ་བཞིན་ནོ།། ས་དང་ཆུ་དང་། མེ་དང་། རླུང་དང་། ཟླ་བ་དང་། ཉི་མ་དང་། ་གཤིན་རྗེ་དང་། གནད་སྦྱིན་དྷདེ་ལྟ་བུའི་རྣམ་པ་བསམ་མོ།། བདག་མེད་མཱུ་ལ་སོགས་པ་ནི་ཞབས་གཉིས་ཕྱག་གཉིས། ཞལ་གཅིག་མ་ནུག་མི་སྤྱན་གསུམ་དམར་ཞིང་ཟླུམ་པ། བྱུགྣ་རྒྱུ་ལྔ་འཛིན་མ། གཅེར་བུ་མ ་སྒྲ་སེར་པོ་གྱེན་དུ་འཁྱིལ་པ། ཐོད་པ་ལྔས་ད་བརྒྱན་པ། མགོ་བོ་སྐམ་པོ་ལྔ་བཅུའི་དོ་ཤཱལ་ཅན། ཕྱག་གཡས་ནཱ་གྲི་གུག། གཡོན་ན་སྤྱོད་པཚེ་བཅོམ་ལྡན་འདས་ལ་ཕྱག་གཉིས་ཀྱིས་འཁྱུད་པ། བཅོམ་ལྡན ་འདས་ཀྱི་མ་མཆུའི་རོ་མྱང་བ་བསམ་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀར་པདྨ། དེའི་སྟེང་དུ་ཉི་མ་དང་། དེའི་སྟེང་དུ་ཧཱུཾ་སྔོན་པོའི།། བདག་མེད་མའི་ཐུགས་ཀར་པདྨའི་སྟེང་ན་ཟླ་བ། ངའི་དཀྱིལ་ན་ཨེ ་ལས་བྱུང་བའི་གྲི་གུག། ཡུ་བ་ལ་ཟླ་བ། དེའི་སྟེང་དུ་ཨོཾ་བསམ་པར་བྱའོ།། རྣལ་འབྱོར་མ་བརྒྱུད་ཀྱི་ཐུགས་ཀཱསྟྲ་པདྨ། དེའི་སྟེང་དུ་རང་གི་ས་བྱོན། དེ་གྱུར་པ་ལས་ཕྱག་མཚན།། དེ་ལ་ཡང ་ཟླ་བའི་སྟེང་དུ་ས་བོན་བསམ་པར་བྱའོ།། དེ་དག་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ཏོ།། དེ་ནས་དཀྱིལ་འཁོར་ཡོངསུ་གྲུབ་ལཱ། ས་བོན་དེ་རྣམས་ལས་ཕྱིར་འཕྲོས་ཏེ། ན་མཁོའ་ཁྱབ་པར་སྤྲོས་ནས ་དེ་དག་གསལ་བར་བྱས་ནས་རང་གི་སྙིང་གའི་ས་བོན་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུས་ཡེ་ཤེས་ཀྱི་འཁོར་ལོ་བཀུག་སྟེ། ཤར་ཕྱོགས་ཀྱི་ན་མཁར་བཞུགས་ནས་ཞལ་བརྒྱད་ཀྱི་ཧཱུཾ་གིས་བགེགས་བསྐྲད་དེ། མ ་ཡོན་ལ་སོགས་པ་ཕུལ་ནས་ཡང་དག་པར་མཆོད་ཅིང་བསྟོད་ན། ཛ་ཧཱུཾ་བཾ་ཧོཿབསྐུལ་བས་གཽ་རཱི་ལ་སོགས་པ་རིམ་པ་ཇི་ལྟ་བས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དགྱེས་པར་བྱས་ནས་དམ་ཚིག་གི ་འཁོར་ལོ་དང་ཡེ་ཤེས་ཀྱི་འཁོར་ལོ་གཉིས་ཆུ་ལུ་ཆུ་བཞག་པ་བཞིན་གཅིག་ཏུ་གྱུར་པར་བསམ་མོ།། མིག་ལ་གཏི་མུག་རྡོ་རྗེ་མཱུ།། རྣ་བར་ཞེ་སྡང་རྡོ་རྗེ་མ།། སྣ་ལ་སེར་སྣ་རྡོ་རྗེ་མ།། ཁོ་ལ་འདོད་ཆགས་རྡོ་རྗེ ་མ། ལུས་ལ་ཕྲག་དོག་རྡོ་རྗེ་མ།། ཡིད་ལ་བདག་མེད་རྣལ་འབྱོར་མ།། དཀར་མོ་རྡོ་རྗེ་མཾ་དང་།། ནག་མོ་བདག་མེད་མ་དང་། སེར་མོ་ནང་གི་གཽ་རཱི་དང་།། དམེར་མོ་རྡོ་རྗེ་ཆུ་མི་དང་། ལྗང་གུ་རྡོ་རྗེ་མཁའ་འགྲོ་མའོ།། ཡང ་ནག་མོ་ནི་བདག་མེད་མའོ།། དེ་རྣམས་རྡོ་རྗེ་མ་ལ་སོགས་པའི་མིང་བཞིའོ།། གཏི་མུག་རྡོ་རྗེ་མ་ལ་སོགས་པ་རང་རང་གི་ས་བོན་རྣམས་ལས་བྱུང་བ་གོ་ཆས་དབང་པོ་དག་པའོ།། དེ་ནས་ལུས་ངག་ཡིད་གསུམ་ལ་ཡི ་གེ་ཨོཾ་ཨཱཿཧཱུཾ་ལས་ས་སྤྱོད་མ་དང་། མཁའ་སྤྱོད་མ་དང་། བདག་མེད་པ་རིགས་གསུམ་ལས་བྱུང་བའོ།། དེ་དག་ཀྱང་ཕྱག་གཉིས་པ་གྲི་གུག་དང་ཐོད་པ་འཛིན་པ། སྤྱན་གསུམ་ཞལ་གཅིག་མ། རོའི་སྟེང་ནཱ་ཟླ་བ ་མནན་པ་བསམ་པར་བྱའོ།། རང་རང་གི་སྙིང་གའི་སོ་བོན་ལས་འོད་ཟེར་འཕྲོས་པས་སངས་རྒྱས་སྤྱན་དྲངས་ཏེ་ན་མཁའ་ལོ་བཞུགས་པ་ལྷ་མོ་བརྒྱད་རྣམས་ཀྱིས་ཡང་དག་པར་མཆོད་དེ་གསོལ་གདབ་བོ།། དེ་བཞིན ་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་བར་མཛད་དུ་གསོལ།། དེ་ནས་སངས་རྒྱས་དེ་རྣམས་ཀྱིས་ཧེ་རུ་ཀའི་གཟུགས་ཀྱིས་དེ་བཞིནི་གཤེགས་པ་ལྔའི་བདག་ཉིད་ཀྱིས་བདུད་རྩི་ལྔ་ཡི་བུམ་པ་གང ་བས། འདི་ལྟར་སྣང་བ་ཐམས་ཅད་སྐྱེས་པ་ཙམ་ན། དེ་བཞིན་ཆུ་ཡིས་ཁྲུས་བྱས་ལྟར།། དེ་བཞིན་གཤེགས་པས་དབང་མཛད་དེ།། དག་པ་བཟང་པོའི་ཆུས་དབང་བསྐུར་བ་ཞེས་བརྗོད་དེ་དབང་བསྐུར་རོ།། དཔུང། ་བསྐུར་བའི་རྗེས་ལ་མེ་ཏོག་དང་གུར་གུམ་གྱི་ཆར་འབབ་པར་འགྱུར་རོ།། རྔའི་སྒྲ་བྱེད་དེ།། དབང་བསྐུར་བས་སྤྱི་བོར་རང་རང་གི་རིགས་ཀྱིས་བདག་པོས་མཚན་པར་འགྱུར་རོ།། དེ་ལ་བཅོམ་ལྡན་འདས་ཀྱིས་དབུ་ལ་མི ་བསྐྱོད་པས་དབུ་བརྒྱན་པའོ།། དེ་ལྟར་མི་བསྐྱོད་པ་དང་། རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་རྣམས་ཀྱིས་གཽ་རཱི་ལ་སོགས་པ་བཞི་ལ་དབུ་རྒྱན་པ་ནི་ཞེ་སྡང ་དང་། གཏི་མུག་དང་སེར་སྣ་དཱ་ང་། འདོད་ཆགས་སོ།། པུཀྐ་སཱི་ལ་སོགས་པའི་ཕྱག་རྒྱ་དེ་ཉིད་དོ།། ཨཾ་སརྦ་ཏ་ཐཱ་ག་ཏཱ་ཨ་བྷཻ་ཥེ་ཀ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧེ་ཞེས་བརྗོད་པའི་སྔགས་བཟླསོ།། དེ་ནསྟྲ་ཡཾ་ནག་པོ་ལས་རླུང་གཱཾ ་དཀྱིལ་འཁོར། དེའི་སྟེང་དུ་རཱྀ་དམར་པོ་ལས་མེའི་དཀྱིལ་འཁོར་དམར་པོ་ལས། དེའི་སྟེང་དུ་ཐོད་པ་དང་གསུམ། དེའི་སྟེང་དུ་ཨ་དམརྱཱ་པཱ་ལས་བྱུང་བའི་ཐོད་པ་ཕྱི་དཀར་ལ་ནང་དམར་བཱ། དེའི་ནང་ཨ་ལས་ཟླ་བའི་དཀྱི ་འཁོར། དེའི་སྟེང་དུ་བྷྲྀ་ཨོཾ་ཛྲཱྀཾ་ཁཱཾ་ཧཱུཾ་རིགས་ལྔའི་སངས་རྒྱས་ཀྱི་རང་བཞིན་བདུད་རྩི་ལྔ་དང་ཤ་ལྔ་ཀུན་གེ་ཀུན་ད་ཧ་ན་དེའི་སྟེང་དུ་ཨོཾ་ཡིག་ལས་ཁ་ཆོད་ཀྱི་ངོ་བོ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་རོ།། དེའི་སྟེང་དུ ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་ལྟོ་བར་ཧཱུཾ་གིས་མཚན་པར་བསམ། ཧཱུཾ་ལས་སྤྲོས་པའི་འོད་ཟེར་གྱིས་རླུང་གི་བ་དན་བསྐྱེད་པས་ཟླ་བའི་རྡོ་རྗེའོ་ལྷག་མ་ཞུ་བར་གྱུར་ཏེ། ཐོད་པ་ན་གནས་པའི་རྡོ་རྗེ་ཡང་ལན་ལྔར་འབར་བའི་བདུད ་རྩི་ཀུན་ཏུ་དཀྲུགས་པས་འབར་ནས་དེ་ཉིད་དུ་ཞུ་བར་གྱུར་ནས་དཾར་ཧཱུཾ་སྟྭཾ། ཨོཾ་ཨཱཿཧཱུཾ་གི་ཡི་གེ་དེ་གསུམ་གྱིས་ཁམས་གསུམ་གྱི་བདུད་རྩི་དྲངས་ནས་ཐིམ་པས་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་པས་གཅིག་ཏུ ་གྱུར་ཏོ།། འཁོར་ལོའི་ལྷ་དང་ལྷ་མོ་དེ་དག་གིས་ལྕེ་ལ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ནས་ཙམ་སྨྱུ་གུ་ཡོད་པ་བསྒོམས་ལ། དེའི་རྡོ་རྗེ་བཅུད་ལེན་ཏེ། དེ་ནས་བཅོམ་ལྡན་འདས་ལ་སོགས་པས་གསོལ་བར་བསམ་མོ།། ་དེ་ནས་ཞལ་ཞལ་དུ་ཇི་ལྟར་རིགས་པར་བདག་མེད་མ་ལ་སོགས་པ་ལཱ་སྟེར་བ་སྟེ། ཨོཾ་སརྦྦ་ཏ་ཐཱ་གཱ་ཏ་ཨ་མྲྀ་ཏ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། སྔགས་དེ་བཟླས་པས་འཁོར་ལོའི་ལྷ་ཐམས་ཅད་མཉེས་པར་གྱུར་ཏེ། རང་གི་སྙིང་གའི་ས ་བོན་ལས་འོད་ཟེར་འཕྲོས་པས་གཟུགས་རྡོ་རྗེ་མ་དང་། སྒྲ་རྡོ་རྗེ་མཱ་དང་། དྲི་རྡོ་རྗེ་མ་དང་། རོ་རྡོ་རྗེ་མཾ་དང་། རེག་རྡོ་རྗེ་མ་དང་། ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་སྟེ། མེ་ལོང་དང་། བང་དང་། དུང་དང་། རོའི་སྣོད་དང་། རེག་བྱ་རྡོ་རྗེ་མ་ན་བཟའ ་སྣ་ཚོགས་འཛིན་མ། ཆོས་ཀྱི་འབྱུང་གནས་ཕྱུག་གིས་བཛིན་པའོ།། དེ་དག་ལ་སོགས་པ་ནི་སྣ་ཚོགས་པ་ཡོ་བྱད་ཀྱི་དཀྱིལ་འཁོར་དང་རླུང་ལྷ་མཆོད་པའོ།། ཨོཾ་སརྦྦ་ཏཱ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀྵོ་ཧཾ། དེ་བཟླས ་ནིན་སངས་རྒྱསྣ་སྤྱན་དང་། མྦྷ་མཾ་ཀཱི་དང་། གོས་དཀར་མོ་དང་། སྒྲོལ་མ་བཞིས་འཁོར་ལོ་ལ་བསྟོད་པྟ། ཁྱོད་ནི་རྣལ་འབྱོར་མ་ཡིས་ཚོགས་ཀྱིས་བསྐོར།། ཉིད་ཀྱི་ཐུགས་ཀྱིས་བྱིན་བརླབས་ཁྱོད་དགོངས་གྲུབ།། འགྲེ ་བ་གཡོ་དང་མི་གོ་ཡོ་ཁྱོད་ཀྱི་དབང་།། ཐུགས་རྗེ་ཐུགས་ཀྱིས་སེམས་ཅན་སྒྲོལ་བར་མཛད།། བསམ་མི་ཁྱབ་ལྀ་མི་ལྡོག་བརྩོན་པར་བྱེད།། ཐུགས་དགྱེས་མཛོད་ཅིག་དཔལ་ལྡན་གྱི་རྡོ་རྗེ།། དེ་ལྟར་རྡོ་རྗེ་རྣལ་འབྱོར ་མ་རྣམས་ཀྱིས་རྡོ་རྗེའི་གླུས་བསྟོད་དོ།། ཨོཾ་སརྦྦ་ཏ་ཐཱ་ག་ཏ་སྟཱ་ཏི་ར་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། ཞེས་བཟླས་སོ།། ཕོ་བྲང་དག་པ་ནི་རྣམ་པར་སྣང་མཛད་དེ་ཡནཱ་ལག་དང་པོའོ།། རྗེས་སུ་ཆགས་པ་དག་པ་ནི ་རྡོ་རྗེ་སེམས་དཔའ་སྟེ་གཉིས་པའོ།། དབང་གི་དག་པ་ནི་མི་བསྐྱོད་པ་སྟེ་གསུམ་པའོ།། བདུད་རྩི་མྱང་བའི་རང་བཞིན་དག་པ་ནི་འོད་དཔག་ཏུ་མེད་པ་སྟེ་བཞི་པའོ།། མིཆོད་པ་དག་པ་ནི་དོན་ཡོད་གྲུབ་པ་སྟེ་ལྔ་པའོ།། བསྟོད་པ་དག ་ནི་རིན་ཆེན་འབྱུང་ལྡན་ཏེ་དྲུག་པའོ།། དེ་ལྟར་འཁོར་ལོ་ཡནྡ་ལག་དྲུག་བསྒོམ་པ་དེས་ནི་མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར་རོ།། དེ་ལྟར་བསྒོམས་པས་དངོས་གྲུབ་ཀྱི་མཚན་མ་ནི་དང་པོ་སྤྲིན་གྱིས་བསྒྲིབས་པའི་ཉི་མའི་ཟླ་བ ་དང་འདྲ་བར་དང་ངོ་།། དེ་བས་ཀྱང་ཆེར་གོམས་པ་ལས་ནི་སྒྱུ་མ་དང་འདྲ་བར་སྣང་ངོ་།། དེ་བས་ཀྱང་ཚོར་གོམ་པ་ལས་ནི་རྨི་ལམ་དང་འདྲ་བར་སྣང་ངོ་།། ཤིན་ཏུ་གོམས་པས་རྣམ་པར་སྨིན་པས་གཉིད་མ་ལོག་པ་དང ་བར་སྣང་ངོ་།། དེ་ནས་ཀུར་མོ་ལ་སོགས་པ་རྣལ་འབྱོར་མ་བརྒྱད་དང་། དཀྱིལ་འཁོར་གྱི་གཙོ་བོ་ཕྱོགས་བཅུར་རྒྱུན་མི་འཆད་པར་སྤྲོས་ཏེ་སྣ་ཚོགས་པའི་གདུལ་བྱ་སེམས་ཅན་ལ་སོགས་པོའི་གཟུགས་སྤྲུལ་ནས་སེམས ་ཅན་གྱི་དོན་བྱས་ཏེ་མ་སོ་ཇི་ལྟར་འདུལ་བའི་དོན་བྱས་ནས་དེའི་རྗེས་ལ་སླར་འདུས་ནས་དཀྱིལ་འཁོར་བདེ་བ་ཆེན་པོར་བལྟའོ།། དེ་ལྟར་ཆོས་ཀྱི་ཕྱག་རྒྱའི་རིམ་པའོ།། དེ་ལྟར་ཁམས་གསུམ་ཐམས་ཅད་དཀྱིལ་འཁོར་གྱི ་རྣམ་པར་བསམ་མོ།། འདི་ལྟར་ཐབས་དང་ཤེས་རབ་རོ་གཅིག་པ་བདེ་བ་ཆེན་པོ་ལས་སྐྱེས་པས་བྱང་ཆུབ་ཀྱི་སེམས་ལས་འཕྲོས་པ་དེ་ལྟ་བུར་ཤེས་ནས་གཽ་རཱི་ལ་སོགས་པ་ལྷ་མོ་བརྒྱད་རང་གི་ཞལ་དུ་ཐིམ། དེའི་རྗེ་སུ་ཞལ་བདུན ་རྩ་བའི་ཞལ་ལ་ཐིམ། དེ་བཞིན་དུ་ཕྱག་བཅུ་བཞི་ཕྱག་མཚན་དང་བཅས་པའི་རྩ་བའི་ཕྱག་གཉིས་ལ་ཐིམ། དེ་བཞིན་དུ་ཞབས་གཉིས་རྩ་བའི་ཞབས་ལ་ཐིམ་པར་བསམ་མོ།། དེ་ལྟར་ཐབས་དང་ཤེས་རབ་ཀྱི་རང་བཞིན་གྱི ་གཟུགས་ཁམས་གསུམ་ཐམས་ཅད་གཅིག་ཏུ་གྱུར་པ་མཐོང་སྟེ། ཇི་ལྟར་གནས་བཞི་འཁོར་ལོ་བཞིར་རྒྱས་བཏབ་བོ།། དེ་ལྟར་ལྟེ་བའི་འོག་ཏུ་སྤྲུལ་པའི་འཁོར་ལོ་གནས་ཏེ། ཁ་དོག་སྣ་ཚོགས་པ་པདྨའི་འདབ་མ་དྲུག ་ཅུ་རྩ་བཊྭཱཾ་ལ། དེའི་ལྟེ་བར་ས་བོན་ཨཾ་ནག་པོ་འོད་སེར་པོ་ཅན་ཁཱ་ཡཱུར་བལྟ་བའོ།། སྙིང་གར་ཚྭས་ཀྱི་འཁོར་ལོ་དཀར་པོ་འདབ་མ་བརྒྱུད་པ་སྟེ། དེའི་དབུས་སུ་ཧཱུཾ་གི་རྣམ་པ་སྔོན་པོ་ཁྭ་ཐུར་དུ་བལྟས་པ་དེའི་པདྨ་འདབ་མ་བ ་པ་སྟེ། དེའི་དབུས་སུ་ཧཱུཾ་གི་རྣམ་པ་སྟོན་པོ་ཁཱ་ཐུར་དུ་བལྟས་པ་དེའི་པདྨ་འདབ་མ་བརྒྱད་ལཱ་བྷྲཱུཾ་ཨོཾ་ཛྲིཾ་ཁཾ་ཕྱོགས་བཞིར་དགེད་དོ།། ཨོཾ་བཾ་མཱ་ཡ་མཚམས་བཞིར་དགོད་དོ།། མགྲིན་པར་ལོངས་སྤྱོད་ཀྱི་འཁོར་ལོ་དམར ་པདྨ་འདབ་མ་བཅུ་དྲུག་པོ་སྟེ། དེའི་དབུས་སུ་ཨ~ཾ་གྱི་རྣམ་པ་དམར་པོ་ཁ་གྱེན་དུ་བལྟས་པ་ཨོཾ་ལྀ་ཨ་ལཾ་བོཞིས་བསྐོར་བའོ།། སྤྱི་བོར་བདེ་བ་ཆེན་པོའི་འཁོར་ལོ་ནི་པདྨ་དཀར་པོ་འདབ་མ་སུམ་ཅུ་རྩ་གཉིས་མགོ་མར་བལྟ ་ག་དེའི་དབུས་སུ་ཧཾ་གི་རྣམ་པ་དཀར་པོ་བདུད་རྩི་འབབ་པ་ཤིན་ཏུ་གསལ་བར་བལྟས་ལ། འཁོར་ལོ་ཡང་དག་པར་བསྒོམས་ནས། འོད་ཟེར་གྱི་ཚོགས་ན་མཁའ་ཁྱབ་པར་སྤྲོས་པ་དང་། བསྡུ་བ་ཡང་དེ་ཉིད ་ཀྱི་ནང་དུ་ཐིམ་པར་བྱའོ།། དེ་ལྟ་བུའི་དུས་ལ་རྣལ་འབྱོར་གྱིས་སྔགས་བཟླས་པ་འདྲའི་ཚུལ་གྱིས་ངེས་པར་སྔགས་ཀྱི་ཡི་གེ་བཟླས་ཏེ། ལྷ་མོའི་ཞལ་ནས་འོད་ཟེར་དང་ལྡན་པ་འཕྲོས་པས་གཙོ་བོའི་ཞལ་དུ་ཞུགས། རྡོ་རྗེའི་ལཾ ་ནས་བྱུང་ནས་པདྨ་རོ་ཞུགས། ཡངྒ་ལྷ་མོའི་ཞལ་ནས་གཙོ་བོའི་ཞལ་དུ་ཞུགས། དེའི་རིམ་པས་རྒྱུན་མི་འཆ་པར་བཟླས་སོ།། ཞི་བ་ལ་སོགས་པའི་ལས་ཀྱི་དབྱེ་བས་དཀར་པོ་ལིས་བྱའོ།། དེའི་སྔགས་ནི། ཨོཾ་ཨཥྚ་ན་ནཱ་ཡ ་པིབིངྒ་ཨཱིརྡྷ་ཀེ་ཤ་ཝིརྟ་མཾ་ན། ཙ་ཏུརྦཾ་ཤ་ཏི་ནཾ་ཏཱ་ཡ། ཥོ་ཌ་ཤ་བྷུ་ཛཱ་ཡ། ཀྲྀཥྞཱ་ཛཱི་མུ་ཏ་ཝ་པུ་ཥེ། ཀཾ་པཱ་ལ་མཱ་ལཱ་ནེ་ཀཾ་དྷཱ་ར་ཎཱི། ཨཱདྦྷུ་ཏ་ཀྲུ་ར་ཙིཏྟ་ཡ་ཨརྡྷནྣ་དཾཉྫི་ཎེ། ཨོཾ་མཱ་ར་ཡ་མཱ་ར་ཡཽ། ཀཱ་ར་ཡ་ཀཱ་ར་ཡ། གརྫ་ཡ་གེརྫ་ཡ། ་ཏཱརྫ་ཡཱ་ཏརྫ་ཡ། ཤོཥྚ་ཡ་ཤོ་ཥཱ་ཡ། སཔྟ་སཱ་ག་རཱན་བནྡྷ་བནྡྷ། ནཱ་གཱཥྚ་ཀཾ། གྲྀཧྞ་གྲྀཧྞ། ཤ་ཏཱཾ། ཧ་ཧཱ་ཧི་ཧཱི་ཧུ་ཧཱུ། ཧེ་ཧཻ་ཧཱུཾ་ཧཾ་ཧཾ་ཧཿཕཊ་སྭཱཧཱ། བཅོམ་ལྡན་འདས་ཀྱིས་རྩ་བའི་སྔགསོ།། ཨོཾ་དེ་ཝ་པཾཔིཾ་ཙུ་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ་སྙིང་པོའི་སྔགས།། ཨོཾ་བཛྲ་ཀརྟ་རི་ཧེ་བཛྲཱ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཉེ་བོའི་སྙིང་པོའི་སྔགས་སོ།། དེ་ནས་ཟླ་བ་དང་ལྡན་པ་ཨཾ་གི་ས་བོན་དང་བཅས་པར་བདག་མེད་མ་ཞྭ། བཅོམ་ལྡན་འདས་མ་བཅོམ་ལྡན་འདས་ཀྱིས་ཐུགས་ཀའི་ས ་བོན་ལ་ཐིམ་པར་བསམ་པར་བྱའོ།། དེ་ནས་སྤྲུལ་པའི་ས་བོན་ཐིམ་པར་བྱའོ།། དེ་ནས་སྤྲུལ་པའི་ས་བོན་ལས་མར་མེ་འབར་བ་དང་འདྲ་བའི་གཏུམ་མོ་སྔར་བྱས་གཏུམ་པའི་ཕྱིར་ན་གཏུམ་མོའི་གཟུགས་ཏེ། དེས་ཆོས ་ཀྱི་འཁོར་ལོ་ལ་གནས་པའི་དེ་བཞིན་གཤེགས་པ་ལྔ་བསྲེགས་ཏེ། སྤྱན་ལ་སོགས་པ་ཡང་བསྲེགས་ནས། ཨཱ་ལི་ཀཱ་ལི་ལྡན་པའི་ལོངས་སྤྱོད་ཀྱི་འཁོར་ལོ་དང་། བདེ་བ་ཆེན་པོའི་འཁོར་ལོ་དེའི་དབུས་ན་གནས་པའི་ཡེ ་ཤེས་ཀྱི་གཟུགས་ཀྱི་ཧཾ་བསྲེགས་ཏེ། བསྲེགས་ནས་མི་ཤིགས་པའི་བདེ་བ་ཆེན་པོའི་གཟུགས་བྱང་ཆུབ་ཀྱི་སེམས་བཟུང་ནས་བཅོམ་ལྡན་འདས་དེ་དང་ལྷན་ཅིག་ཏུ་རོ་གཅིག་པར་གྱུར་ནས། ཡང་སླར་ལོག་སྟེ་ཉི་མ ་དང་ཐོད་པ་གཟུང་ནས་སྙིང་གནྟི་ས་བོན་ལ་ཐིམ་པར་བསམ་མོ།། དེ་ནས་སྔ་བོན་ཉིད་གཅིག་པུ་སྟེ། རིགས་ལྔའི་བདག་ཉིད་དུ་འོད་གསལ་བ་ཙམ་དུ་གནས་པའོ།། འདི་ལྟ་སྟེ་ལུང་ལས། རྡོ་རྗེ་སེམས་དཔའ་ཐོབ ་སྟེ། མི་བསྐྱོད་པ་ཡང་དེ་ཉིད་ཡིན།། ཟླ་ཚེས་རྣམ་པར་སྣང་མཛད་དེ།། རང་ནི་རིན་ཆེན་འབྱུང་ལྡན་ཏེ།། ཧ་ནི་སྣང་བ་མཐའ་ཡ་སཾ་ཡཱིན།། ཨུ་ནི་དོན་ཡོད་གྲུབ་པ་སྟེ།། སངས་རྒྱུས་ལྔ་རུ་དེ་ཤེས་ནས།། ཤེས་སོ།། ་དེ་ལས་དམར་པོ་ལྟ་བུའོ་འོད་འཕྲོས་ཏེ་ཨུ་ཕྲག་དོག་གི་རང་བཞིན་གྱིས་གཟུགས་ཧ་ལ་ཐི་མ་སྟེ། དེ་ནས་ཧ་འདོད་ཆགས་ཀྱི་རང་བཞིན་སེར་སྣའི་གཟུགས་ཟླ་ཚེས་ལ་ཐིམ། དེ་ནས་གཏི་མུག་གི་གཟུགས་ཐིག་ལ་ལ ་ཐིམ། ཐིག་ལེའི་ཕྱེད་ཞེ་སྡང་གི་གཟུགས་ཐིག་ལེ་ལ་ཐིམ། ཐིག་ལེ་ཆོས་ཀྱི་དབྱིངས་ཀྱི་གཟུགས་ཙམ་ལ་ཐིམ་མོ།། དེ་ལྟར་ཆོས་ཐམས་ཅད་གཉིསུ་མེད་པ་རྟག་པ་དང་ཆུད་པ་དང་དབུས་མེད་པར ་ཀུན་ལ་མི་གནས་པའི་བདེ་བ་ཆེན་པོ་སྟེ། ནཱ་ད་ཙམ་གནས།། དེ་ལྟར་ཕྱག་རྒྱ་ཆེན་པོའི་མཚན་ཉིད་བཤད་ཟིན་ཏོ།། འོད་ལྟ་སྟེ། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག། ཁོང་ནས་འབྱུང་བ་སྐྱེ་བ་མེད།། ཚིག་ཏུ་བརྗོད་པ་སྤངས་པ ་སྟེ། དོན་ཆེན་ཡི་གེ་དམ་པ་ཡིན།། གཞན་ཡང་། ཨོཾ་ཨཱ་ཀཱ་རོ་མུ་ཁ~ཾ་སརྦྦ་དྷརྨ་ཏཱཾ་ཨཱདྱ་ནུཏྤནྣ་ཏཱཏ། ཞེས་གསུངས་པ་དང་། སྒྱུ་འཕྲུལ་དྲ་བ་འབུམོ་ཕྲག་ལྔའི་རྒྱུད་ལས་ཀྱང་གསུངས་པ། ཆོས་རྣམས་སྐྱེ་མེད་ཡི་གེ་གནས ་མེད་པ། ཚིག་ཏུ་བརྗོད་མེད་ཡིད་ཀྱི་ཡུལ་མེད་ལས།། འདི་ལྟར་སྐྱེས་པའི་ཆོས་རྣམས་རབ་ཏུ་གསུངས།། དེ་ལྟར་ཆོས་ནི་སྐྱེ་བ་མེད་པའོ་ཞེས་གསུངས།། དེ་ནས་སྔོན་གྱི་སྨོན་ལམ་གྱིས་སྟོབས་ཀྱིས་སྣ་ཚོགས་པའི་སེམས ་ཅན་གྱི་སེམས་ཇི་ལྟར་འདུལ་བའི་དབང་གིས་ཆོས་ཀྱི་སྐུ་ལས་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་སྤྲོས་ཏེ། སེམས་ཅན་མ་ལུས་པའི་དོན་བྱེད་དོ།། གཞན་དུ་ཡང་ལུང་ལས། ཕྱག་ཆེན་པོའི་དབང་དེ་ལས།། ཇི་ལྟར་ཤེས་པའི་བདེ ་བ་ཆེན་པོ།། དེ་ཡིས་དབང་གིས་འདི་ཡིན་ཏེ།། དཀྱིལ་འཁོར་དེ་ནི་གཞན་མ་ཡིན།། ཇི་ལྟར་སྒྱུ་མ་རྨི་ལམ་བཞིན།། ཇི་ལྟར་དྲི་ཟའི་གྲོང་ཁྱེར་བཞིན།། དེ་ལྟར་དཀྱིལ་འཁོར་སེ་ལ་བར།། གོམས་པར་གྱུར་ན་དེ་ལྟར་མཐོང་།། ཞེས ་གསུངསོ།། དེ་ལྟར་ཁམས་གསུམ་ཐམས་ཅད་ནི་དཀྱིལ་འཁོར་གྱི་བདག་ཉིད་དེ་ཆུ་ཟླ་དང་འདྲ་བར་རྟེན་འབྲེལ་ལས་སྐྱེས་པར་ཤེས་ནས་དབང་པོ་སྒོ་མི་འགོག་ཅིང་གང་ལ་ཡང་མི་བརྟེན་པ་ཐེ་ཚོམ་དང་བྲལ་བའི་རྣལ་འབྱོར་པས ་ལྷའི་ང་རྒྱལ་ཇི་ལྟ་བར་བདེ་བར་སྤྱོད་པར་བྱེད་དོ།། འདི་ལྟ་སྟེ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་དེ་གསུངས་པ། འདི་ནི་ཁམས་གསུམ་མིན་ཏེ་གཞལ་ཡས་ཁང་པ་ཡིན།། སྲོག་ཆགས་མིན་ཏེ་རྒྱལ་བའི་འཁོར་ལོའི་གཙོ་བོ་ཡིནྡ།། ཡུལ ་མྱིན་དབང་པོ་མིན་ཏེ་འབྱུང་བ་ལ་སོགས་མིན།། གཟུགས་ལ་སོགས་པ་མ་ཡིན་ཆོས་ཉིད་བདག་ཉིད་དོ།། དེ་ནས་དཀྱིལ་འཁོར་པ་ཡང་འདིའོ་སྣ་ཚོགས་དཀྱིལ་འཁོར་འཁོར་ལོ་ཤེས་ཏེ་ཅི་སྟེ་འཁྲུལ་པར་བྱས་པ་ཡིན། དམ ་ཚིག་གི་ཕྱག་རྒྱའི་བཤད་པའོ།། དེའི་ཕྱིར་དག་པའི་དྲན་པ་ཐམས་ཅད་ནི་བར་ཆད་ཐམས་ཅད་སྤོང་བའི་རྣམ་པར་དག་པ་ནི་རྡོ་རྗེའི་ར་བ་ལ་སོགས་པའོ།། ཆོས་ཐམས་ཅད་ནུ་མཁའ་ལྟ་བུར་རྣམ་པར་དག་པས་ཆོས་ཀྱི་འབྱུང ་གནསོ།། ཆོས་ལ་གོས་པ་མེད་པར་རྣམ་པར་དག་པས་སྣ་ཚོགས་པདྨའོ།། ཆོས་ཐམས་ཅད་རང་བཞིན་མེད་པ་གཉིསུ་མེད་པའི་ཡེ་ཤེས་ལྷ་རྣམ་པར་དག་པ་ནི་སྣ་ཚོགས་རྡོ་རྗེའོ།། རྣམ་པར་སྣང་མཛད་བཙུན་མོ་དང ་ལྡན་པ་རྣམ་པར་དག་པས་གཞལ་ཡས་ཁང་ངོ་།། རྣམ་པར་ཤེས་པའི་ཚོགས་བརྒྱད་རྣམ་པར་དག་པས། ཆོས་སྣ་ཚོགས་དབྱེར་མེད་པའོ།། དེ་བཞིན་གཤེགས་པ་དང་དེ་བཞིན་ཉིད་ལ་རང་བཞིན་མེད་པར་གནས་པ ་ཟུར་བཞི་མཉམ་པའོ།། དྲན་པ་ཉེ་བར་གཞག་པ་བཞི་རྣམ་པར་དག་པ་ནི་ཤར་ཕྱོགས་ཀྱི་སྒོའོ།། ཡང་དག་པར་སྤོང་བ་བཞི་རྣམ་པར་དག་པ་ནི་ལྷོ་ཕྱོགས་ཀྱི་སྒོའོ།། རྫུ་འཕྲུལ་གྱི་རྐང་པ་བཞི་རྣམ ་པར་དག་པ་ནི་ནུབ་སྒོའོ།། དབང་པོ་ལྔ་རྣམ་པར་དག་པ་ནི་བྱང་གི་སྒོའོ།། བསམ་གཏན་བཞི་རྣམ་པ་དག་པ་ནི་རྟ་བབས་བཞིའོ།། ཏིང་ངེ་འཛིན་བཞི་རྣམ་པར་དག་པ་ནི་སྙམ་བུ་བཞིའོ།། ཆོས་ཟབ་མེ་ལ་བཟོད་པ ་རྣམ་པར་དག་པ་ནི་ལྷ་མོ་བཅུ་དྲུག་གོ། གསུང་རབ་ཡན་ལྐོག་དགུ་རྣམ་པར་དག་ནི་དྲིལ་བུ་དང་འཕྱན་ལ་སོགས་པའོ།། བྱང་ཆུབ་ཀྱི་ཡན་ལག་བདུན་རྣམ་པར་དག་པ་ནི་དྲི་བ་དང་དྲ་བ་ཕྱེད་པ་དང་ཉི་མ་དང་ཟླ་བའོ།། ་རྔ་ཡབ་དཀར་པོ་བཅུ་རྣམ་པར་དག་པ་ནི་དགེ་བ་སྙིང་རྗེ་འཛིན་ཅིང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཕུན་སུམ་ཚོགས་པའི་མཆོག་རྣམ་པར་དག་པ་ནི་བུམ་པ་བརྒྱད་དོ།། ཐམས་ཅང་ངུ་མ་བཅིངས་ཤིང་སྱཱང ་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྡོ་རྗེའི་ལམ་ཆོས་ཀྱི་འཁོར་ལོ་རྣམ་པར་དག་པ་ནི་རྡོ་རྗེའི་ཕྲེང་བ་ནག་པོའོ།། གཟུགས་ལ་སོགས་པ་རྣམ་པར་དག་པ་ནི་མཐའ་ཡས་ཤིང་དཔེ་མེད་པ་ཀུན་ཏུ་འདོད ་པའི་ཡོན་ཏན་ལྔའོ།། ཆོས་ཀྱི་དབྱིངས་རྣམ་པར་དག་པ་ནི་མཆོད་པ་རྣམ་པ་ལྔའོ།། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་རྣམ་པར་དག་པ་ནི་སྒོའི་ངར་དཔྱངས།། འཕགས་པའི་ལམ་ཡན་ལག་བརྒྱད་རྣམ་པར་དག་པ ་ནི་ཀ་བ་བརྒྱད་དོ།། ཆོས་ཐམས་ཅད་སེམས་མེད་པ་རྣམ་པར་དག་པ་ནི་དུར་ཁྲོད་བརྒྱད་ཀྱིས་བརྒྱན་པའོ།། འདོད་ཆགས་ཆེན་པོ་རྣམ་པར་དག་པ་ནི་པདྨ་དམར་པོ་འདབ་མ་བརྒྱད་པའོ།། ལྟེ་བ་ལ་རང་བཞིན་གཉིསུ ་མེད་པ་དེ་ཁོ་ན་ཉིད་དྲུངས་འབྱིན་པ་རྣམ་པར་དག་པ་ནི་ཚངས་པ་ལ་སོགས་པ་བཞིའི་གང་ན་ནོ།། སེམས་ཅན་ཐམས་ཅད་ཀྱི་རྒྱུད་འཁོར་ཞིང་མ་རིག་པའི་མུན་པས་མི་དགེ་བའི་འདམ་དུ་བྱིང་བ་དེ་གསལ་བའི་ཕྱིར ་བྱང་ཆུབ་ཀྱི་སེམས་ཀྱི་མྱུ་གུ་བསྐྱེད་པ་རྣམ་པར་དག་པ་ནི་ཚངས་པ་ལ་སོགས་པའི་སྟེང་དུ་ཉི་མའི་དཀྱིལ་འཁོར་རོ།། འཇིག་རྟེན་གྱི་ཆོས་བརྒྱད་དུ་བཤད་པ་རྣམ་པར་དག་པ་མི་ཕྱོགས་བརྒྱད་ན་བཞུགས་པའི་ལྷའི ་གདན་ནོ།། སེམས་ཅན་གྱི་ཉོན་མོངས་པའི་མེ་ཞི་བ་རྣམ་པར་དག་པ་ནི་ཟླ་བའི་གདན་ནོ།། གཟུགས་ཀྱི་ཕུང་པོ་དང་། གཏི་མུག་ཆེན་པོ་དང་། མེ་ལིང་ལྟ་བུའི་ཡེ་ཤེས་དང་། གཟུགས་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན ་པ་དང་། འཇིགས་ཚེགསུ་ལྟ་བ་དང་། ཤེས་བྱ་སྒྲིབ་པ་རྣམ་པར་དག་པཱ་ནི་གཻ་རཱིའོ།། སེར་སྣ་རྣམ་པར་དག་པ་ནཱི་རོ་ཧི་ཏའོ།། ཉོན་མོངས་པ་དྲུག་རྣམ་པར་དག་པ་ནི་གྲི་གུག་གོ།། ཚེར་བཱའི་ཕུང་པོ་དང་། ང་རྒྱལ་དང ་ཕྲ་མ་དང་། མཉམ་ཉིད་ཀྱི་ཡེ་ཤེས་དང་། ཚུལ་ཁྲིམས་དང་། མཐར་འཛིན་པར་ལྟ་བ་དང་། ཉོན་མོངས་པའི་བསྒྲིབ་པ་རྣམ་པར་དག་པ་ནི་ཙཽ་རཱིའོ།། ཡན་ལག་དགུ་རྣམ་པར་དག་པ་ནི་རྔེའུ་ཆུང་ངོ་།། གཽཏ་མུག ་རྣམ་པར་དག་པ་ནི་ཕག་པའོ།། འདུ་ཤེས་ཀྱི་ཕུང་པོ་དང་། འདོད་ཆགས་ཆེན་པོ་དང་། སོ་སོར་རྟོག་པའི་ཡེ་ཤེས་དང་། ལོག་པར་ལྟ་བའི་དང་། སྐྱེ་བའི་སྒྲིབ་བྱ་དང་། བཟོད་པའི་དང་། དྲི་རྣམ་པར་དག་པ་ནི། ་བེཏྟཱ་ལིའོ།། ཕྲ་དོག་རྣམ་པར་དག་པ་ནི་རུ་སྦལ་ལོ།། སྟོང་པ་རྣམ་པར་དག་པ་ནི་ཐོད་པའོ།། འདུ་བྱེད་ཀྱི་ཕུང་པོ་དང་། ཕྲག་དོག་དང་། བྱ་བ་ནན་ཏན་གྷི་ཡེ་ཤེས་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ལས་ཀྱི་སྒྲིབ་པ་དང་བསམ ་གགཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། རོ་རྣམ་པར་དག་པ་ནི་གྷསྨ་རཱིའོ།། ཞེ་སྡང་རྣམ་པར་དག་པ་ནི་སྦྲེལ་ལོ།། འདོད་ཆགས་སྦྱོར་བ་ནི་རྣམ་པར་དག་པ་ནི་ག་བུར་རོ།། སའི་ཁམས་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། ་བྱམས་པ་ཆེན་པོ་དང་། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ནི་པུ་ཀྐ་སཱིའོ།། ང་རྒྱལ་རྣམ་པར་དག་པ་ནི་སེང་གེའོ།། ལུས་ངག་ཡིད་རྣམ་པར་དག་པ་ནི་དགྲ་སྟའོ།། ཆུའི་ཁམས་དང་། རྣམ་པར་ཐར་པའི་སྒོ་མཚན ་མོམ་མེད་པ་དང་། སྙིང་རྗེ་ཆེན་པོ་དང་། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ནི་སྭ་བ་རཱིའོ།། བྱང་ཆུབ་ཀྱི་སེམས་རྣམ་པར་དག་པ་ནི་དགེ་སློང་ངོ་།། མི་བརྗོད་པའི་དྲན་པ་རྣམ་པར་དག་པ་ནི་གསིལ་བྱེད་དོ།། མེའི་ཁམ ་དང་། རྣམ་པར་ཐར་པའི་སྨོན་པ་མེད་པ་དང་། དགའ་བ་ཆེན་པོ་དང་། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ནི་ཙཎྜ་ལཱིའོ།། ཉོན་མོངས་པའི་ཐ་བ་རློག་པར་བྱེད་པས་ན་ཐོད་པའོ།། མི་ཤེས་པ་གཅོད་པར་བྱེད་པས ་འཁོར་ལོའོ།། རླུང་གི་ཁམསྣ་དང་། རྣམ་པར་ཐར་པའི་སྒོ་འདུས་མ་བྱས་དང་། བཏང་སྙོམས་ཆེན་པོ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ནི་ཌོམྦི་ནཱིའོ།། ཡེ་ཤེས་དག་པའི་ཕྱིར་ན་རྡོ་རྗེའོ།། བདུད་ཚོགས ་གཅིག་གི་ངོ་བོ་དག་པས་ནི་སྡིགས་མཛུབ་བོ།། རྣམ་པར་ཤེས་པའི་ཕུང་པོ་དང་། ཞེ་སྡང་ཆེན་པོ་དྲག་པ་དང་། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ཚུལ་ཁྲིམས་དང་བརྟུལ་ཞུགས་ཀུན་ཏུ་སྤྱོད་པ་དང་། རེག་བྱ་དང་། བརྩོན ་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། གཟུགས་རྣམ་པར་དག་པ་ནི་དཔལ་ཧེ་རུ་ཀའོ།། བྱམས་པའི་སེམས་རྣམ་པར་དག་པོ་ནི་ནག་པོའི་ལུས།། སྙིང་རྗེ་རྣམ་པར་དག་པ་ནི་མིག་དམར་བའོ།། མི་བསྐྱོད་པ་དང་། ལུས་ངག ་རྣམ་པར་དག་པ་ནི་དམོར་པའོ།། རྣམ་པར་ཐར་པ་བརྒྱད་རྣམ་པར་དག་པ་ནི་ཞལ་བརྒྱུད་པའོ།། དེ་ལ་དཔུང་རྣམ་པར་དག་པ་ནི་གཡོན་དམར་པོའོ།། ཞི་བ་དག་པ་ནི་གཡས་དཀར་པོའོ།། མི་བསྟོད་པ་དང་། སྣང་བ ་ཡིས་དང་། རིན་ཆེན་འབྱུང་ལྡནྡྷ་དང་། རྣམ་པར་སྣང་མདྷིད་དང་། དོན་ཡོད་གྲུབ་པོ་རྣམ་པར་དག་པ་ནི་འཁོར་ལོ་དང་། རྣ་ཆ་དང་། མགུལ་བརྒྱནཱ་དང་། དཔུང་རྒྱན་དང་། སྐཱ་རཱཿསོ།། རྡོ་རྗེ་སེམས་དཔའ་རྣམ་པར་དག ་པ་ནི་ཐལ་བས་བྱུགས་པའོ།། ཁྲོ་བོ་ནི་འདུལ་བར་དཀའ་བའི་གདུལ་བྱ་འདུལ་བའོ།། ནང་དུ་འཛུམ་པ་ནི་སྐྲ་ཁམས་པ་གྱེན་དུ་བརྫེས་པའོ།། རང་བཞིན་མེད་པ་རྟོགས་པ་ནི་སྤྱི་བོར་སྣ་ཚོགས་རྡོ་རྗེའོ།། རིགས་ལྔར ་རྟོགས་པ་ནི་དཔྲལ་བར་ཐོད་པ་ལྔའོ།། སྟོང་པ་བཅུ་དྲུག་ནི་ཕྱག་གོ། ཐབས་དང་ཤེས་རབ་ནི་གཡོན་པ་དང་གཡས་པཱ་ན་ལྷ་ལ་སོགས་པའི་ཐོད་པའོ།། གློ་དང་། དབུགས་མི་བདེ་བ་དང་། སྙོམ་པ་དང་། ཁྲག ་ནད་དང་། མཛེ་དང་། འབྲུམ་བུ་དང་། མཚན་པའི་ནང་དང་། མཆེར་པའི་ནད་ནི་གླང་པོ་ལྀ་སོགས་པའི་དག་པའོ།། སེམས་ཅན་ཐམས་ཅད་ཀྱི་གློ་ལ་པགས་པའི་ནད་བསལ་བའི་ཕྱིརརོ།། དབང་ཕྱུགས་ཐམས་ཅད་གྲུབ་པར་བྱ་བའི ་ཕྱིར་རྣམ་པར་དག་པ་ནི་ས་ལ་སོགས་པ་བརྒྱད་པའོ།། ཨཱ་ལི་ཀཱ་ལི་རྣམ་པར་དག་པ་ནི་བརྒྱ་ཕྱེད་ཀྱི་ཐོད་པའི་ཕྲེང་བའོ།། བསྡུ་བའི་དངོས་པོ་བཞི་རྣམ་པར་དག་པ་ནི་པའོ།། བྱང་ཆུབ་ཀྱི་ཡན་ལག་བདུན་རྣམ་པར་དག་པ་ནི་པགྲ ་པོའོ།། བདེན་པ་བཞི་རྣམ་པར་དག་པ་ནི་རུས་པའོ།། ཤ་ནི་སྤྲོས་མོའོ།། ཁྲག་ནི་རི་ཁྲོང་མའོ།། ཁུ་བ་ནི་གཏུམ་མོའོ།། གཡུང་མོའི་རྐང་དང་ཚིལ་ངག་གོ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་ནི་དཀར་མོ་ལྲྀ ་སོགས་པ་བཞིའོ།། སྤྲུལ་པ་དང་། ལོངས་སྤྱོད་དང་། ཚྭས་རྣམ་པར་དག་པ་ནཱི་སྐུ་གསུམ་མོ།། བདེ་བ་ཆེན་པོའི་སྐུ་རྣམ་པར་དག་པ་ནི་ཁོང་དུ་དྲན་པའོ།། ཁམས་གསུམ་མ་ལུས་པ་ད་མིགས་པ་མེད་པའི་དོག་པར་བྷ་བ་ནི་སྐྱེ ་ཀྲུཀླུང་ཕྱེད་པའོ།། ངོས་ཐམས་ཅད་རྣམ་པར་རིག་པ་ནི་རྐང་པ་ཡ་གཅིག་གི་མཐེ་བོང་ཉི་མ་ལ་རེག་པའོ།། ཆོས་ཐམས་ཅད་བདག་མེད་པོ་རྣམ་པར་བྱང་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་བདག་མེད་པ ་མེད་ཀྱི་སྐྱོན་དག་པར་བྱ་བ་ནི་གྲི་གུག་གོ།། དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ་དག་པ་ནི་མགོ་བོའི་པདྨའི་སྣོད་ངོ་།། བདུད་བཞིའི་ཁྲག་དག་པར་བྱས་པ་ནི་ཀཱ་པཱ་ལ་ཁྲག་གིས་བཀང་བའོ།། རིགས་ལྔ་དག་པ་ནི་ཐོད་པའི ་ཕྲེང་བའོ།། སྲིད་པ་དང་མྱ་ངན་ལས་འདས་པའི་ངོ་བོ་ནི་ལག་པའོ།། བདེན་པ་གཉིས་རྣམ་པར་དག་པ་ཞབས་གཉིས་སོ།། སྟོང་པ་དང་སྙིང་རྗེ་དབྱེར་མེད་པའི་རང་བཞིན་དུ་ཉམསུ་མྱོང་བ་དང་གྲུབ་པའི་མཐའ་དག་པ་ནི་ཕྱི་རོལ་ཏུ ་ཐཐིབས་དང་ཤེས་རབ་སྙོམས་པར་འཇུག་པ་ངེས་པར་བསྟན་པའོ།། ཉིན་མོ་དང་མཚན་མོ་རྣམ་པར་དག་པ་ནི་ཐབས་དང་ཤེས་རབ་ཀྱི་རྣམ་པར་དག་པའོ།། དབྱུ་གུ་དྲུག་ཅུ་རྩ་བཞི་དང་། ཐུན་བརྒྱད་དང་། འཕོ་བ་བཅུ་དྲུག ་དང་། རྩ་སུམ་ཅུ་རྩ་གཉིས་རྣམ་པར་དག་པ་ནི་ཅི་རིགས་པར་རོ།། སྤྲུལ་པ་ལ་སོགས་འཁོར་ལོ་བཞིའི་འདབ་ལ་ལ་གནས་པ་ནི་དེ་ལྟར་དགྱེས་པའི་རྡོ་རྗེའི་དམ་ཚིག་གི་རྣལ་འབྱོར་པས་རྡོ་རྗེ་དང་གྲི་གུག་འཛིན་པས ་སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་དུ་གཏོར་མ་བྱིན་གྱིས་བརླབ་པར་བྱའོ།། དེ་ལ་ཆོས་ཀྱི་འབྱུང་གནས་གྲུ་གསུམ་དུ་པདྨ་དམར་པོ་འདབ་མ་བརྒྱད་ཀྱིས་བརྒྱན་པ་དབུས་དང་སྟེང་དང་འོག་ཏུ་བལྟའོ།། དེ་ལ ་དབུས་ཀྱི་པདྨ་འདབ་བརྒྱད་ལ་ཤར་གྱི་འདབ་མ་ལ་དབང་པོའོ།། མིག་སྟོང་པ་ཕྱག་ན་རྡོ་རྗེའོ།། གླང་པོ་ཆེ་དཀར་བའི་གདན་ཅན་ནོ།། ལྷར་གཤིན་རྗེ་ཕྱག་ན་དབྱུག་པའོ།། ནག་པོ་མ་ཧེའི་གདན་ཅན་ནོ།། ནུབ་ཀྱི་འདབ ་མ་ལ་ཆུ་ལྷ་དཀར་པོའོ།། ཆུ་སྦྱིན་གྱི་གདན་ཅན་ནོ།། ཕྱུག་ན་ཞུགས་པ་ཅན་ནོ།། བྱང་གི་འདབ་མ་ལ་གནོད་སྦྱིན་སེར་པོ་བྱི་ལའི་གདན་ཅན་ནོ།། ཕྱག་ན་དཔལ་འབྲས།། དེ་རྣམས་ཐམས་ཅད ་འཛིན་པྱ་རིནྡ་པོ་ཆེའི་ཅོད་པན་ཅན་ནོ།། གཤིན་རྗེ་ཉི་མའི་གདན་ཅནྡ་དང་ཉི་མའི་འོད་དོ།། ལྷག་མ་ཟླ་བའི་གདན་དང་ཟླ་བའི་འོད་དོ།། དབང་ལྡན་གྱི་འདབ་མ་ལ་སྭ་བདག་སྤྱན་གསུམ་པ། རལ་པོ་དང་ཅོད་པནཱ་ཙཱ་ནེ།། ་ཁྱུ་མཆོག་གི་གང་ན་ཅན་ལག་ན་རྩེ་གསུམ་དཀར་པོའོ།། སྟག་གི་པགས་པའི་གོས་འཛིན་པ། ཐལ་བའི་རྡུལ་གྱིས་བྱུགས་པ། རུས་པ་རྒྱན་ཅན། ཟླ་བའི་གདུན་དང་དེའི་འོང་ངོ་།། མེའི་འདབ་མ་ལ་མེའི་ལྷ ་གསུས་པ་འཕྱང་བ་ཤིན་ཏུ་དམྦར་སེར་རཾ་ལ་ཞེན་པཱ། བགྲང་འགྲེང་དང་སྤྱི་བླུགས་འཛིན་པ། རལ་པའི་ཙངྒ་པནཱ་ཅན། ཉི་མཱའི་གདན་དང་དེའི་འ་།། ཆོས་གོས་གྱོན་པའོ།། བདེན་བྲལ་གྱི་འདབ་མ་ལ་སྲིནྡ་པ ་དུམྦཱར་སེར་གྱོན་དུ་འཁྱིལ་པ་གྲི་གུག་དང་ཐོད་པ་འཛིན་པའོ།། སྨིན་མ་འཁྱིག་པ་དང་བཅས་པ་ནག་པོ། ཉི་མའི་འོད་དང་དེའི་གདན་ཙནྡ་ནོ།། རླུང་གི་འདབ་མ་ལ་རླུང་ལྷ་ཕྱག་ནཱ་རྒྱལ་མཚན་ལྗང་གུ་དང་རིན་པ ་ཚེའི་ཅོད་པན་ཅན། རི་དགས་ལ་ཞེན་པ། ཟླ་བའི་འོད་དང་དེ་ཉིད་ཀྱི་གདན་ཅན་ནོ།། རྒྱན་ཐམས་ཅད་འཛིན་པ། ལྟེ་བ་ལ་སའི་ལྷ་སེར་པོ་བཟང་པོའི་སྟན་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། བུམ་པའི་ལག ་དང་། ཟླ་བའི་སྟན་ལ་ཟླ་བའི་འོད་དེ།། ཡི་དགས་ཀྱི་བསྐོར་ནས་གནས་པའོ།། སྟེང་གི་ཆོས་འབྱུང་ལ་གནས་པའི་འདབ་མ་བརྒྱད་ལ། ཤར་གྱི་འདབ་མ་ལྔ་ཟླ་བ་དཀར་པོའོ།། རྟ་དཀར་པོའི་གང་ན་ཅན་ནོ།། རིན་པོའི ་ཅོད་པན་ཅན་ལག་ན་ཀ་མུ་ཏའོ།། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཟླ་བའི་གདན་དང་ཟླ་བའི་འོང་ངོ་།། ལྷོའི་འཔ་མ་ལ་ཉི་མ་ངམར་པོ་ཕྱག་བཞི་པ་པདྨ་འཛིན་པ། རྟ་ལྗང་གུ་ལ་ཞོན་པ། རིན་པོ་ཆེའི་ཅོད་པན་ཅན ་རྒྱུན་ཐམས་ཅད་ཀྱིས་བརྒྱན་པ། རང་གི་འོད་ཅན་ནོ།། ཉི་མ་དང་ཟླ་བ་ཉེ་བར་མཚན་པ་དང་། ཕྱོགས་དང་ཕྱོགས་མ་ཡིན་པའི་མཚོན་པ་མིག་དམར་དང་། གཟའ་ལག་དང་། ཕུར་བུ་དང་། པ་བ་སངས་དང་། ་སྤེན་པ་དང་། སྒྲ་གཅན་དམར་པོ་དང་། སྡེ་བསངས་དང་། སེ་ར་པཾ་དང་དཀར་པོ་དང་། ནགཱ་པཾ་དང་། དུ་བྷའི་འོད་དང་། རང་རང་གི་སྤྱན་དང་། མ་ན་མ་དང་། རྒྱན་ཙཱ་ནཱ་ནོ། དབུས་ཀྱི་ལྕི་བ་ལྱ་ཚངས་པ་ཞལ་བ ་པུ། ཕྱག་བཞི་པ། དབྱུག་པ་གསུམཱ་འཛིན་པ། མེ་འཇིགས་པའི་ཕྱག་ན་བགྲང་ཕྲེང་དང་སྤྱི་བླུགས་འཛིན་པ། སེར་པོ་དང་པཱ་ལ་ཞོན་པ། ཟླ་བའི་གདན་དང་། ཟླ་བའི་འོད་དོ།། མཆོད་ཕྱིར་ཐོགས་འཆང་བ། ལུས ་སྦོམ་པོ། རལ་པ་ཐུང་བ། ཚངས་རིས་ཀྱིས་བསྐོར་བ། མདུན་ན་འོདོན་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། འོག་མིན་ལ་སོགས་པ་ང་རང་གི་གཟུགས་བརྟན་པར་བྱའོ།། འོག་ཏུ་ཆོས་འབྱུང་ལ ་གནས་པའི་པདྨ་འདབ་མ་བརྒྱད་པོ་རྣམས་ལ་ཕྱོགས་དང་ཕྱོགས་མཚམས་སུ་རིམ་པ་ལྟར་སྟོབས་ཀྱི་རྒྱུ་ལྷུང་གུ་དང་། དུང་སྐྱོང་སྡེར་པོ་དང་། མཐའ་ཡས་སེར་པོ་དང་། ནོར་རྒྱས་ཀྱི་བུ་དམར ་པོ་དང་། འཇོག་པོ་དང་། རིགས་ལྡན་སོར་པོ་དག་དང་། པདྨ་སེར་པོ་དང་། པདྨ་ཆེན་པོ་དཀར་པེ་དག་སྟེ། བརྒྱད་པོ་དེ་དག་ནི་རིན་པོ་ཆེའི་ཙིད་པན་ཅན། མིའི་གདོང་པ་ལ་རྒྱན་ཐམས་ཅད་དང་། གདེངས་ཀ་དང་ལྡན་པ། ་ལྷ་མ་ཡིན་དང་། སེམས་ཅན་དམྱལ་བ་དང་ལྷན་ཅིག་པའོ།། ལྟེ་བ་ལ་ལྷ་དཀར་པོ་མིའི་ཐུད་པ་ཅན་མིའི་གདེངས་ཀ་ཅན་ཏེ། དེ་དག་ཐམས་ཅད་ནི་པདྨ་གསུམ་ལ་ཏེ། རང་གི་སྙིང་གའི་ས་བོན་ལས་བྱུང་བའི ་དཀར་མོས་བཀུག་ནས་ཆོམ་རྐུན་མོས་པདྨའི་སྟེང་དུ་བཅུག་ལྔ། རོ་ལངས་མས་ལྕགས་སྒྲོག་གི་བཅིངས་ཏེ་ཟ་ཕོད་མས་དབང་དུ་བྱ་བ་ནི་དྲིལ་བུས་དབང་དུ་བྱས་ལ་དབུས་ཀྱི་པདྨ་ལ་གནས་པ་རྣམས་ནི ་རང་རང་གི་མདོག་དང་། རྟ་གྲོས་དང་། མཚན་མ་དང་། དབྱིབས་ཡོངསུ་གྱུར་ན་སྟྭཾ་ས་བོ་ནི་གྱི་ཡི་གེ་ལས་སྐྱེས་པའི་ནག་པོ་མི་བསྐྱེད་པོའི་ཅོད་པན་ཅན་ནོ།། སྟེང་དུ་གནས་པ་རྣམས་ནི་རང་རང་གི་གཟུགས་དང ་གཟུགས་ཀྱི་ངོ་བོར་གྱུར་ཏེ་ཡི་གེ་ཨ་ལས་སྐྱེས་པ་དཀར་པོ་རྣམ་པར་སྣང་མཛད་ཀྱི་ཅོད་པན་ཅན་ནོ།། འོག་ནས་གནས་པ་རྣམས་ནི་རང་རང་གི་གཟུགས་སྤངས་ཏེ་ཡི་གེ་ཨ་ལས་སྐྱེས་པ་དམར་པོ་སྣང་བ ་མཐའ་ཡས་ཀྱི་ཅོད་པན་ཅན་ནོ།། པདྨ་གསུམ་ལ་གནས་པ་དེ་དག་ནི་ལག་ན་རྡོ་རྗེ་དང་དྲིལ་བུ་འཛིན་པ་གདོང་གཅིག་པ་རང་སྣང་བའི་རིག་མའི་ཡན་ལག་གིས་འཁྱུད་པ་གཡས་བརྐྱང་བས་སྟན་ལ་གནས་པར་བལྟའོ།། ། ་འདི་རྣམས་བརྟན་པར་བྱ་སྟེ། དེ་རྣམས་ལ་ཨོཾ་པྲ་བ་ར་སཏྐཱ་ར་ཨརྒྷཾ་པ་ཏཱིཙྪ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱི་དུང་ཕོར་གྱི་ནང་དུ་ཕྱག་རྒྱས་མདུན་དུ་མཆོད་ཡོན་བྱིན་ནས་སྔ་མ་བཞིན་དུ་བདུད་རྩི་མྱོང་བའི་ཆོ་གས་གཏོར་མ་ཉེ་བར་སྤྱོད་པ ་བདུང་རྩ་ཉིད་དུ་བསྒྲུབས་ལོ། ཨོཾ་ཨཱིནྡྲ་ཛཱ་མ་ཛ་ལ་ཛཀྑ། བྷཱུ་ཏ་བཻ་ཧ་ནི་བྷྲྀ་ཨུ་རཱཀྵི། ཙནྡ་སྱཱཛྫཱ་མ་ད་བཔྤ་ཏཱ་ལ་པཱ་ཏཱ་ལ་ཨརྡྷ་སོཔྶ་སཱཧཱ་ཞེས་བྱ་བ་འདིས་དེ་རྣམས་བསྟོད་ཅིང་དྲིལ་བུ་དཀྲོལ་ལོ།། གཏོར་མ་ཉེ་བར་སྤྱོད་པ་དེ་ནི་ཡི་གེ ་ཧཱུཾ་ལས་སྐྱེས་པའི་ནས་འབྲས་ཙམ་གྱི་རྡོ་རྗེའི་ལྕེའི་འོད་ཟེར་གྱི་སྦུ་གུས་དྲངས་ལ་རྣལ་འབྱོར་པ་བདག་བཟའ་ཞིང་དེ་དག་ལ་ཡང་བཟའ་བ་སྦྱིན་ནོ།། དེ་དག་ཀྱང་ཧཱུཾ་ལས་འོད་ཟེར་གྱི་ལྕེའི་སྦུ་གུས་དྲངས་ཏེ་དེ་ནས་ཇི་ལྟར་བར་བདེ ་དཱ་མྱང་བོར་བསམ་པར་བྱ་སྟེ། ཨི་དཾ་བ་ལཾ་དྷུཉྩུ་ཛྙེ་གྷ་ཕུལླ་དྷུ་བྷཱུ་མཱཾ་སྱ་པཱཾདྡྷ། ཨམྣཱ་སཔྶཱ་ཀ་ཛྙཱ་སཱ་དྷ་ཁཱནྡྷི་ཁུ་ཎི་ཕྱེ་ཊ་གཱ་ཏ་ཞེས་བྱ་བ་ལཱ་སྒོ་བར་དྲིལ་བུ་གནས་བཞིར་དཀྲོལ་ལོ།། ཨཽ་ཨ་ཀཱ་རེ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱཏྨ་ནུཏྤནྣ་ཏྭཱཿ། ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་ཚིམ་པར་བྱའོ།། ཀོརྨྨ་རྀ་ཎྀ་རེནྡི་ཨ་བོ་ལཱྀ། མྲྀ་མྦུམཱུ་ཎི་རི་ཀིཀྐོ་ལཱ། གྷ་ཎ་ཀྲི་པཱཊྚི་ཧོ་བཛྲ་ཨཾ་ཀ་རུ་ཎི་ཀི་ཨ་ཨི་ནཱ་རོ་ལཱ། ཏ་ཧི་བ་ལ་ཁཛྫི་ཨི་གཱ་ཌོ་མ་ཨ་ཎཱཾ་བིཛྫ་ཨི་ཨ~ཾ་ཨཽ། ་ཧ་ལེ་ཀཱ་ལཱཾཉྫ་ར་པཱ་ཎེ་ཨ་ཨི་དུདྷུ་ར་ཏཱ་ཧཾ་བཛྫི་ཨ་ཨི། ཙ་ཨུ་ས་མ་ཀཙྪ་རི་སིཧྨ་ཀུདྡཱ་རཱ་ལཱ་ཨི་ཨ་ཨི། མཱུ་ལ་ཨཱ~ཾན?་དྷ་ཎ་སཱ་ལེ་ཛྙཱ་ཏཱ་ཧཾ་བྷ་རུ་ཁཱ་ཨཾ་ཨ་ཨི། པྲེ་ཁ་ཎ་ཁེ་ཊ་ཀ་རནྟེ་ཤུདྡྷ་ཤུདྡྷ་ན་མུ ་ཏི་ཨ་ཨཻ། ནི་རཾ་ཤུ་ཨཾ་ག་ཙ་ཊཱི་ཝཱི་ཨ་ཨི་ཏ་ཧེ་ཛ་སྱཱ་ཪྵ་པཱ་པ་ཎི་ཨ་ཨཻ། མཱ་ལ་ཨ་ཛ་ཀུནྣ་རུ་བའི་ཊུ་ཨིཌྷི་བཾ་མ་ཏ་ཧིརྞྞ་ཨ་བཛྫི་ཨ་ཨི་ཞེས་བྱ་བ་རྡོ་རྗེའི་གླུ་ཡན་ལག་ཐམས་ཅང་ཡོངས་སུ་རྫོགས་ཤིང་ཡོངསུ ་རྫོགས་པཱར་བྱ་སྟེ། ཕྱི་ནས་འཐོར་འཐུང་བྱིན་ལ། ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡཱ། བཛྲ་སཏྭ་ཏྲཾ་ནོ་པ་ཏིཥྛ་དྲི་དྷོ་མོ་བྷ་བ། སུ་ཏོ་ཥྱོ་མེ་བྷུ་བ། སུ་པོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སརྦ་སིདྡྷི་མེ་པྲ་ཡཙྪ། སརྦ་ཀཿ ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧེ། བྷ་ག་བན་སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མི་མུཉྩ་བཛྲི་བྷཱ་བ། མཱ་ཧཱ་ས་མ་ཡ་ས་ཏྭ་ཨཱཿཞེས་བརྗོད་ལ་ཨ་མུཾཿཞེས་བྱ་བ་འདིས་གཤེགསུ་གསོལ་ལོ།། དེའིའཾ་ཌཱའཾ་ལ་བཟླའི་བར་བྱ ་བ་ལ་སོགས་པ་གཞན་ཡང་ཟ་བ་ཆོ་ག་འདིས་བཟའ་བར་བྱ་སྟེ། ལྟེ་བའི་ཐབ་ཁུང་གི་སྟེང་དུ་སྙིང་གའི་ཉི་མའི་མེ་ལ་བཟའ་བར་བྱ་བ་ལ་སོགས་པའི་རྫས་ཞུ་ཞིང་ལག་པའི་བླུགས་གཟར་གྱིས་སྦྱིན་སྲེག་བྱ་ཞིང་ཧཱུཾ་དཀོར ་པཾ་ལས་བྱུང་བའི་རྡོ་རྗེ་ནས་འབྲས་ཙམ་གྱིས་མཚན་པའི་རྡོ་རྗེའི་ལྕེས་སྐུ་གསུམ་གྱི་བདག་ཉིད་འཁོར་ལོ་དང་བཅས་པའི་ཧེ་རུ་ཀོའི་གཟུགས་ཅན་རྣལ་འབྱོར་པས་དགང་བླུགས་དབུལ་ལོ།། མགྲིན་པའི་སྒོ་ནས་དེ་དག ་ཐམས་ཅད་ཞུགས་ཤིང་ལྟོ་བའི་མེས་སྨིན་པས་བདུད་རྩིར་གྱུར་ཏེ། བདུད་རྩི་ངེས་འཁོར་དང་བཅས་པའི་བཅོམ་ལྡན་འདས་ལེགས་པར་ཚིམ་པར་འགྱུརརོ།། ནང་གི་བདག་ཉིད་ཀྱི་སྦྱིན་སྲེག་གི་ཆོ་གའོ།། རྒྱལ་བ་རྣམས་ཀྱིས ་དུག་པས་དག་པ་ཡོངསུ་རྫོགས་འདི་དག་རྟག་ཏུ་སྣང་གང་ལ།། གཟོད་ནས་སྐྱེ་འགག་མེད་པ་རང་གཞན་རྣམ་པར་བགྲང་བའི་རྟོགས་པ་བྱེད་པ་སྤངས།། བདེན་བརྫུན་སྤངས་ཤིང་གསལ་བ་སྲིད་དང་ཞི་བ་མཉམ་ཞིང་གཉིས།། ་མེད་ཚུལ་ངེས་པ།། དེ་ཡི་འཁོར་ལོའི་བདག་ཉིད་རྒྱལ་བའི་ཡོན་ཏན་གཞི་ཡིན་རྡོ་རྗེ་མཁའ་འགྲོ་ཐུབ་དབང་པོ།། དཔལ་ལྡན་ཁྲག་འཐུང་སྒྲུབ་ཐབས་ཤིན་ཏུ་རྒྱས་པ་དཔལ་ལྡན་རིན་ཆེན་ལྷ་མོའི་ཕྱིར་བྱས་པ།། ཡན། ་ལག་རིམ་པས་བྱས་འདིས་རྣམ་པར་དག་པའི་གཏོར་ཞེས་བཤད་པར་ཁས་བླངས་ནས།། བདག་གིས་བྱས་ལས་བསོད་ནམས་ཉེར་བས་གས་ངེས་པ་དེས་ནི་སྡུག་བསྔལ་རྣམ་བསལ་ནས།། འཇིག་རྟེན་གསུམ་གྱུར། ་སྐྱེ་བ་མྱུར་དུ་ཕྱག་རྒྱ་ཆེན་པོའི་གནས་སུ་འགྲོ་བར་ཤོག། བདག་གིས་སྒྲུབ་ཐབས་བརྩམས་པ་ཡིས།། དག་བའི་རྩ་བ་གང་ཐོབ་པས།། ཁམས་གསུམ་སེམས་ཅན་ཐམས་ཅད་ནི།། བདེ་གཤེགས་སྐུ་གསུམ་ཐོབ་པར ་ཤོག། དཔལ་ཀྱེ་རྡོ་རྗེའི་སྒྲུབ་ཐབས་ཀྱི་རྒྱལ་པོ།། སློབ་དཔོན་ཨ་བ་དྷཱུ་ཏཱི་པ་གཉིས་མེད་རྡོ་རྗེས་མཛད་པ་རྫོགས་སོ།། ་