| Wylie | e-texts produced with BDRC’s OCR application |
ཡེ་ཤེས་ཀྱིས་བསྒྱུར་བའོ།། ། དེ་མ་། རྒྱ་གར་སྐད་དུ། ཏཏྟྭ་ཙ་ཏུ་རུ་པ་དྭེ་ཤ་པྲ་སཾ་ན་དཱི་པཾ་ནཱ་མ། བོད་སྐད་དུ། དེ་ཁོ་ན་ཉིད་བཞི་པའི་མན་ངག་བསལ་བའི་སྒྲོན་མ་ཞེས། ་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱེག་འཚལ་ལོ།། གསང་བ་དེ་ཉིད་བཞི་ནི་མཁས་པས་མི་རྟོགས་དབྱིབས་ལཾ་མོས་པ་རྟོགས།། དགྱེས་པའི་རྡོ་རྗེའི་དངོས་གྲུབ་རིང་སྟེ་ལུས་དུབ་སྨིག་རྒྱུ་སྙེགས་པ་འདྲ།། དེ་བས་བླ ་མའི་རབ་མཆོག་ལུང་བསྟན་ཨོ་ཌྷྱ་ཎ་མཁན་པོའི་གཞུང་།། དེ་ཉིད་ཞི་བ་མདོ་ཙམ་ཤིན་ཏུ་མོས་པ་དམན་ལོ་བཤད་པར་བྱ།། དེ་ལ་བླ་མའི་རབ་མཆོག་ཨོ་ཊྚཎ་གྱི་མཁན་པོའི་གཞུང་གིས་དགྱེས་པ་རྡོ་རྗེའི་དངོས་གྲུབ་ཐོབ ་པར་འདོད་པས། དེ་ཁོ་ན་ཉིད་བཞི་ལ་བརྟེན་ནས་བསྒྲུབ་པར་བྱའོ།། དེ་བཤད་པར་བྱའོ།། དེ་ལ་དེ་ཁོ་ན་ཉིད་བཞི་ནི་ཕྱག་མཚན་དབྱིབས་ཀྱི་དེ་ཁོ་ན་ཉིད་བཞིན་ཕྱག་མཚན་དབྱིབས་ཀྱི་ང་ཁོ་ན་ཉིད་དང་། གནས་པ ་འཁོར་ལོ་བཞིའི་དེ་ཁོ་ན་ཉིད་དང་། བཀོད་པ་བྱང་ཆུ་ཀྱི་སེམྱོས་དགའ་བྷ་བཞིའི་དེ་ཁོ་ན་ཉིད་དང་། མཐར་ཐུག་པ་བཞི་པའི་དེ་ཁོ་ན་ཉིད་དང་བཞིའོ།། དེ་ལྔ་ད་མན་པ་ཕྱག་མཱན་དབྱིབས་ཀྱུ་ད་ཁ་ན་ཉིད་དང་བཞའ། ་དེ་ལ་དམན་པ་ཕྱག་མཚན་དབྱིབས་ཀྱི་དེ་ཁོ་ན་ཉིད་ནི་གཙོ་བོ་དང་འཁོར་གྱི་སུམ་ཅུ་རྩ་གཉིས་དང་། ཡུམ་གྱི་གསུམ་སྟེ་སུམ་ཅུ་རྩ་ལྔའོ།། ནང་རྟགས་ནི་ཕྱི་ཡིན་ལོ། ཕྱིའི་མཚན་མས་ནང་མཚོན་པར་བྱེད ་པའོ། དེ་ཡང་ཐབས་དང་ཤེས་རབ་བོ།། གཡས་དང་གཡེན་པའི་ཆ་སོ་སོར་ཕྱེ་བས་ཤེས་རབ་དང་ཐབས་སུམ་ཅུ་རྩ་གཉིས་སོ།། དེ་ལ་ནི་ཤེས་རབ་ལ་ཤེས་པར་བྱེད། རྟོགས་པར་བྱེད། མཚོན་པར་བྱེད་པས་ན་རིག་པ་བཅུ་དྲུག ་གོ། ཐབས་ཀྱི་སྙིང་རྗེས་བསྐྱོད་པར་བྱེད།། འདོན་པར་བྱེད་པས་ནཱི་ཕན་པར་བྱེད་པ་བཅུ་དྲུག་གོ། དེ་ལ་ཡང་གཙོ་བོའི་གཡོན་གྱི་ཐོད་པ་བརྒྱུད་ནི་ཡུལ་དང་ཡུལ་ཅན་ཏེ། ཆོས་ཉིད་གནས་པ་དང་། ཡེ་ཤེས་གསལ་བའི་རྟག ་སོ།། ཆོས་ཉིད་གནས་པ་ནི་ཐོད་པའོ།། ཡེ་ཤེས་གསལ་བྱའི་རྟགས་ནི་ལྷོ་བྱ་རྒྱུད་ཀྱི་གསལ་བར་བྱེད། རྟོག་ས་པར་བྱེད་དོ།། ཅི་ཞིག་ཅེ་ནོ། ཡུལ་དེ་ཉིད་གསལ་བར་བྱེད་པས་ན་གསལ་བར་བྱེད་པའོ།། དེ་གང་ལ་བརྩོན ་ནས་གསལ་བྱེད་ཅེ་ན། སའི་ལྷ་མོ་ལ་བརྟེན་པར་བྱེད་པའོ།། དེ་ནི་ཕྱག་རྒྱའོ།། དེ་ཡང་རྣམ་པ་ལྔ་སྟེ། དམ་ཚིག་དང་། ཡེ་ཤེས་དང་སྔགས་དང་། ལས་དང་། ཕྱག་རྒྱ་ཆེན་པོའོ།། དེ་དག་དང་རྟོག་ཏུ་མི་འབྲལ་བསུ་གཟུངས ་དེ་བས་ན་ལྷ་མཱཾ་དེ་ཡང་དེའི་རྟག་སྷོ།། སངས་རྒྱས་ཀུན་གྱི་དམ་ཚིག་ནི།། ཕྱག་རྒྱ་ལྔ་ལ་རབ་ཏུ་གནས།། ཤེས་བཤད་པའི་རྒྱུད་ལས་གསུངསོ།། དེ་ལྟར་ན་སྔགས་ཀྱི་ཕྱག་རྒྱ་ལ་བརྟེན་ནས། གྲོལ་བའི་ལམ་ཚོལ་བར་བྱེད་པས ་ན། ཕྱག་རྒྱ་ནི་ཙཎྜ་ལཱའིའོ།། དེ་ནི་མེ་ལྷའོ།། མེ་ལྷས་ཡོངསུ་གྲུབ་པར་བྱེད་པ་ནི་གཡོ་བ་རླུང་ཡིན་ལ་དེ་ནི་རླུང་གི་ལྷའོ།། དེས་ཡོངསུ་བསྐུལ་བས་གནས་པའི་མཚན་མ་ཐམས་ཅད་བསྲེགས་པས་ཟླ་བའི་རང་བཞིན་ཞུ ་བར་གྱུར་ལ།། ཞུ་བས་ཡོངས་སུ་སྣང་བ་དེ་ནི་ཟླ་བའི་ལྷ་ཡིན་ལ། ལུས་སེམས་སྙིང་རྗེས་བརླན་པ་ནི་ཆུའི་ལྷ་སྟེ། གང་གི་ཚེ་ཆུས་ཡོངསུ་ཚིམ་པའི་གནས་སྐབས་ན་དྲོ་བའི་རྟགས་ཤིན་ཏུ་གསལ ་འོད་སྣང་བ་ནི་ཉི་མའི་ལྷ་ཞེས་བྱའོ།། དེ་ལྟ་བུ་དེས་དགོས་པ་རྙེད་པར་འགྱུར།། རྙེད་པར་གྱུར་ན་གཤིན་རྗེས་ཕྱི་མཐར་བྱེད་ཅེས་པ་ལས་དེ་ལས་ཐར་ཏེ་སྤྲོ་བར་བྱ།། དེ་མཐར་ཕྱིན་ནས་དགོས་པ་ཡོང་སུ་གྲུབ་པའི་ནོར་འགྲུབ ་པཔར་འགྱུར་རོ།། གལ་ཏེ་ཡང་དང་ཡང་དུ་བསྒྲིམས་ཀྱང་འདོད་པའི་དོན་མ་རྙེད་ན་སྟེང་གིས་སྒོས་མི་འགྲུབ་པས་འོག་གི་སྒོ་ལ་བསླབ་པར་བྱ་བ་ཡིན་ནོ།། དེ་ཡང་ཚུལ་ཇི་ལྟར་བྱ་ཞེ་ན། ལྟེ་བའི་གནས་སུ་རྒྱན་གྱིས་འབབ ་པས་ཟླ་བ་དང་ཉི་མའི་ལྷ་ལས་བསྒྲུབས་པའི་སམྦྷ་ཊི་བསམས་ལ། དེའི་དབུས་སུ་བྱིན་དུ་ཤིན་ཏུ་ཕྲ་བ་བཞག་ལ། དེ་ཡང་ཡི་གེའི་མཚན་ཉིད་ཀྱིས་བཱ་ཐག་ལས་སུ་བཀྲི་ཞིང་། ཤིན་ཏུ་ཕྲ་བའི་བུ་ག་ནས་བ་ཐག་ཚུལ་དུ ་དབང་ཕྱུག་མ་ལ་གདབ་པར་བྱའོ།། དེ་ལྟ་བུ་དེ་ལ་རྣལ་འབྱོར་གྱིས་ཆུང་བ་དང་ཆེ་བར་སྣང་བ་དང་། འབྲོས་པར་ཤེས་པར་བྱས་ལ། རྩོལ་བྱས་ཇི་སྲིད་འདོད་པའི་དོན་མ་རྙེད་ཀྱི་བར་དུ་བསླབ་པར་བྱ་བ་ནི་ཉི་མ་དང་ཟླ་བའི ་ལས་སོ།། དེས་ཀྱང་མ་གྲུབ་ན་དེ་བཞིན་དུ་གནས་བཞི་ཀར་གོང་མ་ཉིད་ལྟར་བསླབ་པར་བྱ་བ་ནི་ཟླ་བ་དང་ཉི་མ་ལ་སོགས་པའོ།། དེས་ཀྱང་འདོད་པ་དང་མ་ཕྲད་ན་རྩེ་མོའི་རེག་པ་ལ་བསླབ་པར་བྱ་སྟེ།། དེ་ནི་མེ་དང་ཆུའི་ཝ ་ཤེས་བྱའོ།། དེ་ལྟ་བུའི་ཐབས་རྣམ་པར་བརྒྱད་ཀྱིས་འབྱུང་དུ་མ་བཏུབ་ན་བདག་ལ་བརྟེན་པ་སྟེ་གྲོལ་བའི་ལམ་གྱིས་མ་རྙེད་པས་ཆགས་པའི་ལམ་སྟེ། གཞན་ལ་བརྟན་པ་ལ་བསླབ་པར་བྱའོ།། དེས་ན་ལས་ཀྱི་ཕྱག་རྒྱ་ལ ་བརྟེན་པར་བྱའོ།། འདི་ནི་ཤིན་རྗེའི་ལས་སོ།། ཚད་དང་ལྡན་པའི་ཕྱག་རྒྱ་ལ་དམ་ཚིག་གནས་པར་བྱས་ཏེ་དེ་དང་མི་རྟོག་པའི་ངོ་བོའི་ཆ་ཅན་ཉམསུ་མྱོང་བའི་དེ་ལྔ་བསླབ་པར་བྱ་སྟེ། དེ་སྐད་དུ་དབོང་རིམ་པ་གསུམྦ་ལས།། ཞབས ་ཕྱག་སོར་མོས་མནན་བྱས་པ།། བུ་ག་ཡོད་ཀྱང་འཛག་མི་འགྱུར།། ཇི་སྲིད་སོར་མོ་བཏང་བ་ན།། དགོས་པ་ཆུང་ཡང་འབྱུང་བ་བཞིན།། བླ་མའི་མན་ངག་རྒན་པོ་ཡིས།། ཉི་མ་ཟླ་བ་གཟས་ཟིན་ཚེ།། བུ་ག་ཡོད་ཀྱང་འཛག་མི ་འགྱུར།། གཟའ་ལས་མཐར་ན་ཐིག་ལེ་འགོག། རོ་བཞི་ཤེས་པས་རཾ་བཞི་བྱ།། འདི་ནི་རྡོ་རྗེའི་བཟླས་པའོ།། ཞེས་འབྱུང་བས་ན། རོ་བཞི་ལ་བསླབས་པས་ཀྱང་དགོས་པ་རྙེད་པར་འགྱུརརོ།། གལ་ཏེ་དེས་ཀྱང་མ་རྙེད་ན་གྲོལ་བ ་དང་སྨིན་པ་ལ་སྐལ་བ་མེད་པས་འཕྲོ་བཅད་ལ། རང་ལྷག་པར་གནས་པའི་ལྷ་མོ་ལ་བསླབ་པར་བྱའོ།། རང་ལྷག་པར་གནས་པ་ནི་བདག་དྲང་གཞན་གྱི་གནས་ལས་ནཱ་ཡེ་ཤེས་གསལ་བའི་ངོ་བོར་གྱུར་ལ། སེམས་ཅན་གྱི ་དོན་གྱི་གནས་སྐབས་ཀྱིས་ཤེས་རབ་ཟབ་མོར་འགྱུར་བ་ལས་ལྷག་པའི་ལམ་དེ་ལ་བསླབ་པར་བྱ་བ་ཡིན་ཏེ། དེ་ཇི་ལྟ་བུ་ཞེ་ན། འདི་ཡང་གཤིན་རྗེ་སྟེ། ཅིའི་ཕྱིར་ན་འཆི་བར་བྱེད་པའི་ཕྱིར་རོ།། བདག་གི་རྣལ་འབྱོར ་རྫོགས་ནས་ཐུགས་ཀའི་འོད་ཀྱི་ཐམས་ཅད་བསྡུས་ཏེ། ཐུགས་ཉིད་ལ་གཞུག་པར་བྱའོ།། དེ་ནས་བདག་ཉིད་ཀྱང་སྙིང་ལ་ཞུགས་པ་དང་། ཧཱུཾ་དུ་གྱུར་ཏོ།། ཧཱུཾ་ཡང་རིམ་གྱིས་ཐིམ་ནས་ཐིག་ལེ་ལའོ།། ་དེ་ཡང་མེའི་རྩེ་མོ་ལྟ་བུ་ལ་གནས་པར་བྱའོ།། དེ་སྐད་དུ་མར་མེ་རྒྱུན་ཏུ་འབར་པ་དང་། ཆུ་བོའི་རྒྱུན་བཞིན་གནས་པར་བྱ་ཞེས་གསུངས་པས་སོ།། དེའི་དུས་སུ་ཇི་ལྟ་བུར་གནས་པར་བྱ་ཞེ་ན། ཟླ་བ་དང་ཉི་མ་གཟས་ཟིན་པ ་ཡང་མ་ཡིན། མ་ཟིན་པ་ཡང་མ་ཡིན། ཞབས་ཚགས་ཀྱང་མ་བོ་ལ། ཐིག་ལེ་ཡང་འགོག་པ་མ་ཡིན་ལ། ཤིན་ཏུ་ཆ་མཉམ་ལ་ཤེས་པ་རང་སྣང་དུ་བལྟ་བར་བྱ་བ་ཡིན་ནོ།། དེ་ལྟ་བུ་ཁ་གནས་ན་འདོད་པའི་དོན ་རྙེད་པར་འགྱུརརོ།། དོན་རྙེད་པར་གྱུར་ན་མི་རྟོག་པ་འབའ་ཞིག་ལ་བསློབ་པར་བྱའོ།། དེ་ལྟ་བུའི་འབད་པས་དགོས་པ་ཡོངསུ་གྲུབ་པ་ནི་བཞི་པའི་ཡིག་འབྲུ་ཡང་དག་པར་ཕེལ་བ་སྟེ། ནོར་སྦྱིན་གྲུབ་པ་ལྟ་བུའོ།། ་གཞན་ཡང་སེམས་ཅན་གྱིས་ལུས་ལ་ཡང་གནས་ཏེ། རྒྱུ་མེད་པའི་འབྲས་བུ་ནི་མི་སྲིད་པའི་ཕྱིར་རོ།། ཇི་སྐད་དུ། ལུས་ལ་ཡེ་ཤེས་ཆེན་པོ་གནས་ཞེས་པས་ན། ལུས་ནི་ཐོད་པ་སྟེ། རུས་པའི་གཞལ་ཡས ་ཁང་ངོ་།། དེ་ལ་གནས་པའི་ཆོས་ནི་ལྷ་བརྒྱད་དོ།། དེ་བས་ན་ས་ནི་གནས་པ་རྩའོ།། བརྗོད་པ་ལས་འདས་པ་དེའི་དངས་མ་དར་དཀར་གྱི་སྐུད་པ་ལྟ་བུ། རྔ་འབྲུམ་བརྒྱར་གཤེགས་པ་ལྟ་བུའི་མངོན་ཨ་བ་དྷཱ་ཏཱི་ལ ་སྟེ་གཡས་པ་སའི་ལྷའོ།། དེ་ཁྲག་གི་དྭངས་མ་མཚལ་ཅོག་ལ་མ་ལྕུ་བུ་དེས་སྤྱད་པར་བྱེད་པས་ཆུའི་ལྷའོ།། དེ་ལ་དབུགས་ཀྱི་མདངས་མ་གསེར་གྱི་རླངས་པ་ཙཱམ་གནས་པ་ནི་གཡོ་ཞིང་སྐྱོད་པར་བྱེད་པས་རང་གི་ལྷའོ།། ་ད་དྲོད་ཀྱི་དྲངས་མ་མཾ་ལོང་གི་འོད་བཞིན་གསལ་བར་གནས་པ་ནི་སྨིན་ཅིང་བརྟག་པར་བྱེད་པས་མེའི་ལྷའོ།། དེ་ལ་ཀུན་གཞི་རྣམ་པར་ཤེས་པའི་ངོས་གཞི་ཆུ་ཟླ་ལྟ་བུ་འམ། ཉི་མ་འོ་ཆར་ཀྭའི་དཀྱིལ་ལྟ་བུར་གསལ ་ལ་མ་བསྒྲིབས་པར་གནས་པ་ནི་ཉི་མ་དང་། ཟླ་བའི་ལྷ་ཞེས་བྱ་སྟེ། དེ་རྟོགས་པའི་དུས་ན་རྡོ་རྗེ་སེམས་དཔའ་ཡབ་ཡུམ་མོ།། ཐཱ་མལ་པའི་དུས་ན་ཀུན་གཞི་རྣམ་པར་ཤེས་པར་སྣང་ངོ་།། དེ་ནས་ཡང་དེ་མི་གསལ ་ཞིང་གསལ་བར་གྱུར་པའི་དུས་སུ།། སེམས་ཀྱི་སྣང་བ་ཐོབ་པ་འོམ། རྣམ་པར་ཤེས་པ་དང་དབང་པོ་རྣམས་འགགས་པའི་དུས་སུ་སྲིད་པ་བར་མ་དོའི་ཤེས་པ་དེ་ནི་རང་ལྷག་པར་གནས་པའོ།། དེ་ནི་གཤིན་རྗེའི་ལས ་ལྟ་བུའོ།། དེ་ནས་ཡང་སྐུ་གསུམ་གྱི་དུས་སུ་སྐྱེ་བའི་རིམ་པས་མངོན་པར་བྱང་ཆུབ་པ་ནི་ཐར་ཐུག་པའི་ཆོས་སོ།། དེ་ལྟ་བུ་ནི་ནོར་སྦྱིན་ལྟ་བུ་ཞེས་བྱའོ།། ཇི་སྐད་བཤད་པའི་རྒྱུད་ལས། རང་གི་ལུས་ལ་སངས་རྒྱས ་གནས།། གཞན་དུ་གང་ཡང་ཡོད་མ་ཡིན།། ལུས་ལས་གཞན་དུ་སངས་རྒྱས་འདོད།། མི་ཤེས་སྒྲིབ་པས་གཡག་ཚུལ་ལོ།། འདི་ཡིས་ཕྱོགས་གཅིག་སྤངས་ཕྱིར་སྨྲ། ཞེས་གསུངས་པས་ན་ཐ་མལ་པའི་ལུས། ་ལ་དེ་ལྟར་གནས་པས་ན་ཐ་མའི་པའི་ལམ་ཞེས་བྱ་བཱི་རང་བཞིན་དུ་ཤེས་པར་བྱའོ།། དེ་ལ་གཡས་པའི་ཐོད་པ་བརྒྱད་ནི་བྱམས་པ་ཆེན་པོ་སྟེ། བྱམས་པའི་རང་བཞིན་མི་འགྱུར་ལ། གཞིར་གྱུར ་པས་ཐོད་པར་སྣང་ལ། གཉིས་འཐུང་ལ་སོགས་པ་ནི་ཡེ་ཤེས་གོང་མུ་ལྟ་བུ་སྟོབས་སུ་གྱུར་པའི་དུས་ན། སྡུག་བསྔལ་རྣམ་པ་གསུམ་གྱི་སྐུ་གདུངས་པའི་སེམས་ཅན་རྣམས་སྐྱོབ་པར་མཛད་པས་ན། ཐབས་ཀྱི ་མཛད་སྤྱོད་དང་། རོལ་པའི་ཕྱིན་ལས་སུ་ཤེས་པར་བྱའོ།། དེ་ཡང་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་བའི་དོན་མཛད་པར་བཞེད་དོ།། གཙོ་བོའི་ཕྱག་མཚན་བཤད་ཟིན་ཏོ།། དེ་ནས་འཁོར་གྱི་བཤད་པར་བྱ་སྟེ། ་དེ་ཡང་བདག་དང་གཞན་གྱི་མན་ངག་དང་། ལས་རྣམ་པ་གསུམ་ལ་བརྟེན་པར་བྱ་བ་ཡིན་ཏེ། དེ་རྣམས་ཀྱང་ཐབས་དང་ཤེས་རབ་ལ་བརྟེན་པར་བྱ་བ་ཡིན་པས་ཐབས་དང་ཤེས་རབ་ཀྱི་ཁ་སྦྱོར་ཡིན་ལ ་ཁ་སྦྱོར་དེ་ཅིས་མཚོན་པར་བྱེད་ཅེ་ན། ཕྱག་རྒྱས་མཚོན་པར་བྱེད་དོ།། རྟགས་དང་མཚན་མ་གང་ཞེ་ན་རུ་སྦལ་ལོ།། དེ་ནས་ཕྱག་རྒྱ་ལ་བརྟེན་ནུས་འཐོབ་པར་བྱེད་དོ།། དེ་ནི་དམ་ཚིག་ལ་སོགས་པའོ།། བདག ་ལ་པོ་རྟེན་ལ་སྟེ་གྲོལ་བའི་སྐབསུ། འཁོར་ལོ་རྩིབས་བརྒྱད་པའི་ཕྱག་རྒྱ་དེ་ནི་སྔགས་ཀྱིའོ།། དེ་ལ་ཇི་ལྟར་ཤེས་པར་བྱ་ཞེ་ན། འཁོར་ལོ་ནི་བཞིའོ།། དེ་ལ་འདོད་པའི་དོན་མ་རྙེད་ཀྱི་བར་དུ་བསམ་པར་བྱ་བ་ནི་སྟེ ་གི་སྒོའོ།། དེས་འདོད་པའི་དོན་རྙེད་པར་གྱུར་ནཱ་རྟགས་འདི་རྣམས་འབྱུང་ངོ་།། གཡོ་བཱ་དང་འཕར་བ་དང་དབུགས་དང་འདྲར་བ་དང་རྡུལ་བ་དང་མྱོས་པ་དང་སྒྲ་འབྱུང་བ་དང་། མཚན་མ་དུ་བ་ལྟ་བུ་ཡང་འབྱུང་བར་འགྱུ་རོ།། ་གླང་གི་ཚེ་འདོད་པའི་རྟོགས་པ་སྐྱེས་པ་དེའི་ཚེ། ཕྱིའི་ཙིཎྜཱ་ལཱིའི་མཐར་ཕྱིན་པ་ཡིན་ཏེ། རྟོག་པ་སྔ་མ་ཉིད་ཕྱི་མའི་དག་ཡིན་པས། དེའི་ཚེ་སྒྲ་དེ་གྲི་གུག་གིས་གསད་པར་བྱཱ། དགྲ་གང་ལ་གནས་ནི་རྡོ་རྗེའི་དབྱིངས ་ཀྱི་དབང་ཕྱག་ལ་གནས་སོ།། དེ་ནས་འོག་གི་སྒོའི་གནས་ནོར་བུ་རིན་པོ་ཆེ་ལ་གནས་པའོ།། ཐིག་ལེ་ལ་ཞབས་ཚགས་ཀྱི་གུང་མས་ངག་གིས་བལྟ་བར་བྱ་བ་ཡིན་ཏེ། དེའི་ཚེ་ཌ་མཱ་རུ་ལྟ་བུའི་སྒྲས་སམ། ཁ་སྦྱོར ་གྱི་སྤྲོ་བར་བྱའོ།། སྤྲོས་པ་སྨྲར་འོངས་ཏེ་སྟེང་གི་སྒོ་ལ་ཞུགས་ནས་འོད་ཀྱི་གོང་བུ་གང་དུ་བསམ་པར་བྱ་ཞེ་ན། ཡང་གོང་གི་དེ་ཉིད་དུ་ཉི་ཟླ་ཡང་གཟིས་ཟི་ནོ་ཞབས་ཆགས་ཀྱང་མ་བོ་བར། ཀུན་ནས་སྦྲུལ་ཉལ་བ ་བ་བཞིན་དུ་རྒྱལ་པ་དང་། རེག་བྱ་འགགས་པ་སྙམ་བྱེད་པར་འགྱུར་རོ།། དེ་ལྟར་གྱུར་ན་གང་དུ་འགྲོ་བ་བྱེ་རུ་དྲང་ཞིང་བསླབ་པ་མཐར་ཕྱིན་པར་བྱའོ།། དེ་ལྟར་མཐར་ཕྱིན་པ་དང་རླུང་འགགས་པར་འགྱུརརོ། རླུང་གི ་འགགས་པའི་མཚན་ཉིད་ཀྱང་རིམ་པ་གསུམ་ལས་ཤེས་པར་བྱའོ།། དེ་ལྟ་བུའི་མན་ངག་དེས་འདོད་པའི་དོན་མ་རྙེད་ན་ཆགས་པའི་ལམ་སྟེ། ལས་ཀྱི་ཕྱག་རྒྱ་ལ་བརྟེན་ཏེ་བསླབ་པར་བྱའོ།། དེ་ཅིའི་ཕྱིར་ན། ་དགེ་སློང་སྟེ་ས་བོན་མི་གཞོལ་བར་ཡོངས་སུ་བདེ་བ་དེ་ལ་བསླབ་པར་བྱའོ།། དེ་ནས་སྟོབས་སུ་གྱུར་ཏོ།། བྲག་ཚ་བ་མེད་པར་གྱུར་ན་གདོད་སེང་གེ་ལྟ་བུ་ཡིན་པས་མི་རྟོག་པ་ལ་བསླབ་པར ་བྱའོ།། དེ་ཅིའི་ཕྱིར་ཞེ་ན། དབང་པོ་གཉིས་སྙོམས་པར་འཇུག་པའི་སྒོ་ནས་ཀྱང་དངོས་པོ་ཐམས་ཅད་རང་བཞིན་མེད་པ་བྱེད་པའི་ཕྱིར་རོ།། དེ་ལྟ་བུའི་བསྒོམ་པས་མངོན་པར་ཤེས་པ་རིམ་གྱིས་སྐྱེའོ།། དེ་ནི་དང ་པོར་ཤེས་རབ་ཟློག་བཅས་སྐྱེས་པ་ཡིན་ལ། དེ་ལ་བརྟེན་ཏེ་ཕྱིས་མཐར་ཕྱིན་པའི་གནས་སྐབས་ན་ཡེ་ཤེས་ལྔ་མངོན་སུམ་དུ་གྱུར་པས་རྡོ་རྗེའོ།། དེ་མངོན་སུམ་དུ་གྱུར་པའི་ཚེ་བདུད་བཏུལ་བར་གྱུར་པས་བསྡིག ་པའི་མཛུབ་མོའོ།། དེ་ནས་གྲོལ་བ་དང་ཆགས་པ་གཉི་གས་འབྱུང་དུ་མ་བཏུབ་སྟེ་འདོད་པ་མི་རྙེད་ན། རང་ལྷག་པར་གནས་པ་ལ་བསླབ་པར་བྱའོ།། རྟགས་ཅིས་ཤེ་ན། བརྟགས་པའི་ངོ་བོ་སྡོམ་པའི་གཟུགས ་ལྟ་བུའི་མར་མེ་འབར་བ་ལྟ་བུ་སྟེ། ཤིན་ཏུ་བག་ཚ་བ་མེད་པས་སེང་གེ་ལྟ་བུའོ།། དེ་ཅིའི་ཕྱིར་ཞེ་ན། འཐེར་རླུང་གི་ཚོགས་ཀྱིས་མི་སོང་པའི་ཕྱིར་རོ།། དེ་ལྟ་བུའི་ལམ་གྱིས་ཀྱང་བསྒོམ་པའི་ལམ་རྙེད་པར ་འགྱུར་རོ།། དེ་ལྟར་མཐར་ཕྱིན་ནས་སེམས་ཅན་གྱི་དོན་ཡོངས་སུ་སྨིན་པ་དང་སྣ་ཚོགས་པའི་སྐུས་དོན་མཛད་པ་ཡང་རོ་ཧི་ཏ་ལྟ་བུ་དང་། གསིལ་བྱེད་ལྟ་བུ་དང་ཕག་ལྟ་བུ་དང་སྟ་རེ་ལྟ་བུ་དང་ཐཾད་པ་ལྟ་བུ་དང་། སྡིགས ་མཛུབ་ལྟ་བུའོ།། དེ་ལྟར་སེམས་ཅན་གྱི་དོན་བསམ་གྱིས་མི་ཁྱབ་པར་མཛད་ཀྱང་། སྐྱོན་གྱིས་ཀྱང་མ་གོས་ལ་ཐུགས་མི་རྟོགས་པ་ལས་མ་གཡོས་པས་ཐོད་པ་གཉིས།། དེ་ལ་ཡུམ་གྱི་གསུམ་ནི་དགོས་པ་ཡོངས་སུ ་གྲུབ་པའི་དུས་ནཱ་གྲྀ་གུག་ནི་དམིགས་པ་མེད་པའི་ཡུམ་མོ།། ཐོད་པ་ཁྲག་གིས་བཀང་བ་ནི་དམིགས་པ་དང་བཅས་པའི་ཡུམ་མོ།། དེ་གཉིས་ཀྱིས་དབུགས་འབྱིན་ཏེ། ཆོས་ཀྱི་སྐུ་མངོན་སུམ་དུ་གྲུབ་ནས་ཀྱང་། སྐུ་ཉིད་རྣམ ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པས་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་རུ་བཞུགས་པ་ནི་བསྒྲུབ་པར་བྱ་བའི་ཡན་ལག་བདུན་དང་ལྡན་པ་འདོད་པ་ཁ་ཊྭཱཾ་གཱའོ།། དེ་ལྟ་བུའི་ཕྱག་མཚན་དམན་པའི་དབྱིབས་དེ་ཁོ་ན་ཉིད་བཤད ་ནས། ད་ནི་ལུས་ལ་ཡེ་ཤེས་ཆེན་པོའི་གནས་ཞེས་པས། ལུས་མེད་ན་འཁོར་ལོ་མི་དམིག་ས་པས་འཁོར་ལོ་མི་དམིགས་པས་འཁོར་ལོ་བཞིའི་དེ་ཁོ་ན་ཉིད་བཤད་པར་བྱ་སྟེ།། འཁོར་ལོ་ནི་རྩིའི་འཁོར་ལོའི་འཁོར་ལོ ་འོ། དེ་ཡང་རྒྱུ་མེད་པར་ལུས་ལ་རང་རྒྱུད་ཀྱིས་གནས་སམ་ཞེ་ན། རྟེན་དང་རྟེན་ཅན་གྱི་ཚུལ་དུ་གན་སྔོ།། དེ་ལ་རྟེན་གླང་ཞེ་ན། རྩའོ།། དེ་ཡང་གྲངས་དུ་ཞེ་ན། གཙོ་བོ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སོ།། དེ་ལྟས ་བརྒྱ་དྲུག་ཅུར།། དེ་ལས་བརྒྱ་ཉི་ཤུའོ།། དེ་ལས་སུམ་ཅུ་རྩ་གཉིས།། དོ་ནི་གཙོ་བའོ།། དེ་ལ་བརྒྱ་ཉི་ཤུ་ནི་འཁོར་ལོ་བཞིའོ།། དེའི་གནས་གང་དང་གང་ཞེ་ནི། ལྟེ་བ་དང་སྙིང་ག་དང་མགྲིན་པ་དང་སྤྱི་བོ་ལའོ།། ་གྲངས་ཇི་ལྟར་གནས་ཞེ་ནཱ། ལྟེ་བ་ལ་དྲུག་ཅུ་རྩ་བཞིའོ།། སྙིང་ག་ལ་བརྒྱད་དོ།། མགྲིན་པ་ལ་བཅུ་དྲུག་གོ། སྤྱི་བོ་ལ་སུམ་ཅུ་རྩ་གཉིས།། དབྱིབས་ཇི་ལྟ་བུ་ཞེ་ན། པདྨའི་འདབ་མ་ཉི་མའི ་འོད་དང་འཕྲོད་པ་ལྟ་བུ་རྒྱས་པ་བཀླག་དང་ལྡན་པའོ།། ཁ་དོག་ནི་ཉི་མ་དང་ཟླ་བའི་རྒྱུ་ལས་བྱུང་བའི་ཟླ་བའི་ནོར་བུ་ལྟ་བུ་ལ་བཞོན་མྱུར་གྱི་ཟོལ་སོང་བ་ལྟ་བུའོ།། ཚུ་ལྟ་ཇི་ལྟར་ཞེ་ན། ཐབས་དང་ཤེས་རབ་སྦྱར་བས ་ན་ཁ་སྦྱོར་གྱིས་གནས་པོས་སོ།། དེ་ལ་བརྟེན་ཅན་གྱི་མངོན་པར་བྱང་ཆུབ་པ་ལས་བྱུང་བས་འབྲས་བུ་མཚན་དང་དཔེ་བྱད་ཀྱི་ཡི་གེས་བརྒྱན་པ་ཞེས་བྱ་བའི་ཐ་ཚིག་གོ། གྲངས་སུ་ཇི་ལྟར་བཞག་ན་སྤྲུལ་པ ་ལྔས་ཨཱ་ལཾ་ཀཱ་ལི་ཡིས་སོ།། ཆོ་སཱ་ལ་མཱཚོནྣ་བྱའི་ཡི་གེའི་རིམོ་པཱ་ཡབ་ཡུམ་དགུའོ།། ལོངས་སྤྱོད་ལ་ཨོ་དང་། ཡོ་ར་ཝལ་ལྔའོ།། བདེ་བ་ཆེན་པོ་ལ་ཨཱུ་ལཱི་གཉིས་འགྱུར་རོ།། བཞི་པོ་དེ་ལ་གྲངས་ཀྱི་ངེས་པ ་ཇི་ལྟར་བཞག་ཅེ་ན། འཇིག་རྟེན་པའི་དུས་ཀྱི་ནཱའི་གྲངས་ཀྱིས་འཁོར་ལོའི་གྲངསུ་བཞག་གོ། དུས་ཀྱི་ཆ་ནི་གང་ཞེ་ན། ཐུན་ཚོད་དང་འཕོ་བ་དང་། ཆུ་ཚོད་དང་དབྱུ་གུའི་གྲངས་དང་མཐུན་ནོ།། དེ་ལ་ཐུན་ནི་བརྒྱད་དོ།། ་འཕོ་བ་ནི་བཅུ་དྲུག་གོ། ཆུ་ཚོད་ནི་སུམ་ཅུ་རྩ་གཉིས།། དབྱུ་དགུ་ནི་དྲུག་ཅུའོ།། དེ་བས་དེ་ལྟ་བུ་དེ་ཡང་འཁོར་ལོ་ཉིད་དོ།། འོ་ན་འཁོར་ལོ་བཞི་པོ་དེ་ལ་སྦལ་པ་དང་། ཆོས་དང་ལོངས་དང་བདེ་བ་ཆེན་པོ་ཞེས་ཅིའི ་ཕྱིར་བྱ་ཞེ་ན། ལྟེ་བ་གསང་བ་ནི་ཐམས་ཅད་ཀྱི་འབྱུང་གནས་ཡིན་པས་སྤྲུལ་པ་འབྱུང་བའི་གནས་པས་སོ།། སྙིང་ག་ནི་ཤེས་པའི་གནས་པས་ཆོས་ཀྱི་སྐུའོ།། མགྲིན་པ་ནི་རོ་དྲུག་མྱོང་ཞིང་ལོངས་སྤྱོད་པས་སོ།། སྤྱི་བོ ་ནི་བདེ་བ་ཆེན་པོའི་གནས་སམ་རྒྱུར་གྱུར་པས་སོ།། སྐད་ཅིག་མས་ཀྱང་རིམ་པར་བཞག་གོ། རྣམ་པ་སྣ་ཚོགས་དང་། རྣམ་པར་སྨིན་པ་དང་། རྣམ་པར་ཤེས་པ་དང་། མཚན་ཉིད་དང་བྲལ་བའི་རོམ་པས་སོ།། བདེན། ་པ་བཞི་ནི་སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་ལམ་མོ།། དེ་ཁོ་ན་ཉིད་བཞི་ནི་བདག་གི་དེ་ཁོ་ན་དང་། སྔགས་དང་། ལྷ་དང་། ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དོ།། དགའ་བ་བཞི་ནི་དགའ་བ་དང་མཆོག་ཏུ་དགའ ་བ་དང་། ཆད་པའི་དགའ་བ་དང་། ལྷན་ཅིག་སྐྱེས་པའི་དགའ་བའོ།། སྡེ་པ་བཞི་ནི་གནས་བརྟན་པ་དང་། ཐམས་ཅད་ཡོད་པར་སྨྲ་བ་དང་། མང་པོས་བཀུར་བ་དང་། དགེ་འདུན་ཕལ་ཆེན་ནོ།། དེ་ལྟ་བུའི་རིམ་པས ་ན་སྤྲུལ་པ་ལ་སོགས་པའི་མིང་དུ་གྲགསོ།། འོ་ན་འཁོར་ལོ་བཞི་པཾ་དེ་གང་གཱི་ངོ་བོ་ཡིན་ཞེ་ན། སྐུ་དང་གསུང་དང་ཐུགས་ཀྱི་ངོ་བོའོ།། ཨེ་བཾ་མཱ་ཡ་ཡིན་ཏེ། ཨེ་ནཱི་ལྷ་མོ་སྤྱན་ནོ།། བྱཾ་ནི་མཱ་མ་ཀཱི་ར་བརྗོད་དོ།། ་མཱ་ནཾ་གོས་དཀར་མོ་ཞེས་བྱ་བ། ཡ་ནཾ་སྒྲོལ་མར་བརྗོད་པས་སོ།། དེ་ལ་ཚུལ་ཇི་ལྟར་བཞུགས་ཤེ་ན~ཾ། སྤྲུལ་པ་ནི་ཤེས་རབ་སྟེ་ཆོས་ཀྱི་འབྱུང་གནསོ།། སྙིང་གི་པདྨ་ནི་དམ་ཚིག་གི་འཁོར་ལོ་ཞེས་བྱ་སྟེ། རྟག་ཏུ་ཆོས ་ཀྱི་དབྱིངས་མ་ལ་བལྟས་པས་ན་ཁ་སྦྱར་རོ།། འོ་ན་ཆོས་ཀྱི་དབྱིངས་མ་ཚུལ་ཅི་འདྲ་བ་ཞེ་ན། རྟག་ཏུ་དེ་བཞིན་གཤེགས་པ་ལྔའི་ལོངས་སྤྱོད་དོ།། དེ་ཇི་ལྟར་རྫོགས་ཤེ་ན། ལོ་བཅུ་དྲུག་གི་རྣམ་པ ་ལྟ་བུས་གཞོན་ནུའི་མདངས་དང་ལྡན་པ་གདུ་བུ་གསུམ་གྱིས་བརྒྱན་པས་སྒྲེགས་པ་ལ་སོགས་པའི་ཉམ་པ་དང་ལྡན་པ་འབྱུང་བའི་ཡི་གེས་ལྔས་བརྒྱན་པས་བྷ་ག་ཤིན་ཏུ་རྒྱས་པའོ།། ཇི་ལྟར་རྒྱས་ཤེ་ན་རྩཝ་ལྔ ་ནི་རོ་བཞིའི་གནས་སོ།། རོ་བཞི་ནི་བདེ་བའི་རོའོ།། དེའི་གནས་སུ་གྱུར་པས་རྒྱས་པའོ།། ལོངས་སྤྱོད་དུ་ཇི་ལྟར་འགྱུར་ན། བདེ་བ་ན་མཁའ་ལྟ་བུའི་གནས་སུ་གྱུར་པས་ལོངས་སྤྱོད་རྫོགས་པའོ།། དེ་ལ་རྟག་ཏུ་དམིགས ་ཤིང་འཛག་པས་ན་བདེ་བ་ཆེན་པོའོ།། ཇི་ལྟ་བུའི་བདེ་བ་ཆེན་པོ་ཞེ་ན། ལུས་དང་ཡིད་ལས་ཁྱད་པར་དུ་བྱས་པའི་ཏྲིང་ངེ་འཛིན་ལས་བྱུང་བ་ཁྱད་པར་ལྔ་དང་ལྡན་པའི་བདེ་བ་ཆེན་པོའོ།། ལས་གང་ཞེ་ན་དྲིལ་བུ ་ལས་རྒྱུན་མི་འཆད་པར་འབབ་པས་ན་མས་སུ་བྱེ་པ་ཆེན་པོར་གྱུར་པའོ།། དེ་ཡང་ཁ་སྦྱོར་གྱི་ངོ་བོ་བས་ཐབས་དང་ཤེས་རབ་བོ།། དེ་ལྟ་བུའི་འཁོར་ལོ་ཝེ་ཡེ་ཤེས་བདེ་བ་ཆེན་པོ་ཇི་ལྟར་ཐོབ་པར་བྱ་ཞེ་ན། ཡོངས ་སུ་བསྐོར་བས་རྙེད་པར་འགྱུར་རོ།། བསྐོར་བ་ནི་ཇི་ལྟར་བསྐོར་ཞེ་ན། བླ་མའི་མན་ངག་ལས། རླུང་མ་དང་། གཉིད་མ་གཉིས་གཙོ་བོ་སྤྲད་པར་བྱའོ།། དེས་རླུང་བསྐྱེད་དོ།། དེས་ཙཎྜ་ལཱི་རབ་ཏུ་འབར་བའོ།། དེས་སྤྲུལ་པ་རབ ་ཏུ་འབར་རོ།། དེས་དམ་ཚིག་གིས་རྟོག་པ་རབ་ཏུ་བསྲེགསོ།། དེ་ནས་ནཱ་ཆུང་ལ་རབ་ཏུ་བསྐོར་ནས་གཡས་ནུས་ཕྱུང་ནས་ཕྱིར་མཆོད་པའི་དོན་བྱས་ཏེ་གཡོན་དུ་ཞུགས།། དེ་ནས་བདེ་བ་ཆེན་པོའི་དཀྱིལ་འཁོར་ལ་གཡོན ་དུ་བསྐོར་ཏེ་གནད་ཀྱི་སྒོ་ཕྱེ་སྟེ། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་ཐུགས་ཀར་ཞུགས་ནས། ཡེ་ཤེས་ཀྱི་བདུད་རྩིར་གྱུར་ཏེ། སླར་བདུད་རྩི་ཁྱེར་ནས་ཛཱ་ལནྡྷ་ར་ཞེས་བྱ་བར་ཐིམ་པར་གྱུར་ཏོ།། དེས་ལོངས ་སྤྱོད་ཀྱང་ཁེངས། གཡོན་གྱིས་རྩེ་ནས་ཞུགས་ཏེ་སྤྲུལ་པ་ཡང་གསོས། དེ་ནས་གཡ་སུ་ཞུགས་ཏེ། ཕྱིར་ལོངས་སྤྱོད་ལ་ཐིམ་ནས་གདོང་དམ་ཚིག་གིས་དཀྱིལ་འ་ཁོར་ཡོངསུ་གསོས་སོ།། དེ་ནས་ཡང་སྤྲུལ་པ ་ལོ་ཐིམ་པར་ཆེར་འབར་ཏེ། ཡང་སྔོན་བཞིན་དུ་བསྐོར་བ་ཡང་སྐྲའི་རྩེ་མོ་བརྒྱུར་གཤེགས་པའི་ཚད་ཙམ་དུ་ཡར་འགྲོ་བ་དང་། མར་འགྲོ་བ་ཡང་མི་མཐོང་ངོ་།། དེ་ལྟར་བྱས་པས་འདོད་པའི་དོན་རྙེད་པར ་འགྱུརརོ།། དེ་ལྟར་ཡང་དང་ཡང་བྱས་ཀྱང་མ་རྙེད་ན་འཁོར་ལོ་བཞི་ལྔ་ཐིག་ལེ་བཞི་བྱས་ཏེ་བསླབ་པར་བྱའོ།། དེས་ཀྱང་མ་རྙེད་ན་ཨཱཾ་དང་ཧཱུཾ་ལས་བསླབ་པར་བྱའོ།། དེ་ལྟར་བྱས་པསོ་འདོད་པའི་དོན་རྙེད་པར་འགྱུརརོ།། ་རྙེད་པ་དེའི་ཚེ་རོ་བརྒྱད་སྐྱེ་ལ། སྐྱེས་པ་དེའི་ཚེ་གྲི་གུག་གིས་ལྷའི་བདུད་བསད་དོ།། དེ་ནས་ཡོངསུ་ཐིམ་པར་བྱ་བ་ཡིན་ལ། དེ་ནི་སྦྲུལ་འཁྱིལ་པ་དང་འདྲའོ།། དེ་ལྟོར་གྱུར་པས་སེང་གེ་ཕྲུག་གུ་གསོའོ།། ་དེ་ལྟ་བུའི་ངོ་བོ་དེ་ལ་འཁོར་ལོ་བཞི་ལས་མཐར་ཕྱིན་པ་ཞེས་བྱ་བ་བཤད་ཟིན་ཏོ།། དེ་ནས་ཅི་བཅོམ་ལྡན་འདས་བསྒྲུབ་པ་བྱ་བ་ལ་འཁོར་ལོ་ཁོ་ན་ཡིན་ནམ་སྙམ་པ་ལ། སྡོམ་པ་བཤད་པ ་ཡིན་པས་སོ།། བྱང་ཆུབ་ཀྱི་སེམས་དགའ་བ་བཞི་ལ་བསླབ་བྱར་བྱའོ།། དེ་ལ་དགའ་བོ་བཞི་ནི་རྒྱུན་ཆུ་ལ་དགའ་བ་དང་། མཆོག་ཏུ་དགའ་བ་དང་། དགའ་བྲལ་གྱི་དགའ་བ་དང་། ལྷན་ཅིག་སྐྱེས་པའི་དགའ་བའོ།། ་ཇི་ལྟ་བུའི་དགའ་བ་ལ་དགླ་བ་བཞི་ཞེ་ན། ཚོགས་པ་དང་ཚོགས་ཅན་ལས་སྐྱེས་པའི་འབྲས་བུ་མྱོང་བའི་རྣམ་གྲངས་ལ་ནི་དགའ་ཞེས་བྱའོ།། དེ་ཡང་ཇི་ལྟར་མྱོང་ཞེ་ན། དམ་ཚིག་གིས་དུས་མྱོང་བའི་དགའ་བ ་དེ་བཤད་པར་བྱའོ།། དེ་ཅིའི་ཕྱིར་རྒྱུན་ཆུའི་དགའ་བ་ཞེ་ན། འདོད་ཆགས་ཀྱི་བསྟན་བཅོས་ལས་སྐྱེས་པ་པདྨ་དང་། རྡོ་རྗེ་ཀུན་ནས་རེག་པ་ལ་ནི་རྣམ་པ་སྣ་ཚོགས་པོའི་སྐད་ཅིག་མ་ཞེས་བྱ་སྟེ། དེ་ལ་ཡུལ་དུ་བྱས ་པའི་ཤེས་རབོ་ཀྱི་ཡེ་ཤེས་ཞེས་བྱའོ།། དེ་ནུས་བསྐྱོད་པའི་རྐྱེན་གྱིས་ཡོངས་སུ་སྨིན་པར་གྱུར་པོའི་རྡོ་རྗེའི་རྐེང་པ་ལྔ་གནས་པ་ལ་ནི་མཆོག་ཏུ་དགའ་བོ་ཞེས་བྱའོ།། དེ་ནས་ཤེས་རབ་ཀྱི་མཛོད་ཁ་ག་མུ་ཁ་དང་། ་ནོར་བུ་ཀུན་རེག་པར་གྱུར་ཏེ་རྣམ་པོར་ཉེད་པའི་དུས་སུ་རྟོག་པོ་ཐམས་ཅད་དང་བྲལ་བར་གྱུར་པས་ན་དགའ་བྲལ་གྱི་དགའ་བ་ཞེས་བྱའོ།། དེ་ལ་གནས་སུ་ཐོབ་པའི་ཤེས་རབ་ཡེ་ཤེས་ཞེས་བྱའོ།། དེ་ལྟ་བུའི་རེག ་བྱཱབྱ་ལས་སྐྱེས་པའི་དགའ་བས་བདྲག་པོའི་རྐྱེན་བྱས་ནས། སྐད་ཅིག་མ་ཕྱི་མ་ལ་ནོར་བུའི་རྩེ་མོར་མཚན་ཉིད་ཐམས་ཅད་དང་བྲལ་བའི་ངོ་བོ་མི་རྟོག་པ་ཆུ་ཅན་དམིགས་པ་ཐམས་ཅད་དང་བྲལ་བ་སྐྱེས་པ་དེ་ལ་ལྷན ་ཅིག་སྐྱེས་པའི་དགའ་བ་ཞེས་བྱ་སྟེ། དེ་ལ་ཉམསུ་མྱོང་བའི་ཤེས་རབ་ཡེ་ཤེས་ཞེས་བྱའོ།། དེ་ལྟ་བུའི་དགའ་བྱ་བཞི་ལ་རྣམ་པ་གཉིས་ཏེ། ཤུ་ལོ་ཀའི་དགའ་བ་དང་། བྱུང་རིམས་གཉིས་སོ།། དེ་ཅིའི་ཕྱི་ཤུ་ལ ་ཀཞ་ནོ། ཤེས་རབ་དང་ཡེ་ཤེས་ཏེ། ཤེས་རབ་ནི་མྱ་ངན་ལ་སྣ་འདས་པར་བསྐྱེད་ལ། ཡེ་ཤེས་ནི་འཁོར་བའོ།། གཉིས་པ་མི་གནས་པ་ནི་དབུ་མ་བས་ནི་མཆོག་གོ། དེ་ལས་འདས་པས་ས་ཧ་ཛའོ།། དེ་ན ་དགྱེས་པའི་རྡོ་རྗེའོ།། དེ་བྱས་ན་ལྷན་ཅིག་སྐྱེས་པའི་དགའ་བ་ནི་ཐ་མར་བཞེད་དོ།། སྐུ་གསུང་ཐུགསུ་འདོད་པ་དག་ནི། ཆད་པ་ནི་སོང་བ་ལ་འཛིན་པར་འདོད་དོ།། དེ་སྐད་དུ་ཇི་ལྟར་འབྱུང་བ་ཁུ་བ་ཡིན།། ལྷན ་ཅིག་སྐྱེས་པ་རྣམ་པ་གཉིས།། དང་པོ་བུད་མོང་ཤེས་རབ་ཡིན།། ཐབས་ནི་གླེལ་སྐྱེས་བུ་བརྗོད་པ་ཡིན།། དེ་ནས་འདི་དག་རྣམ་པ་གཉིས།། དོན་དམ་ཀུན་རྫོབ་དེ་དབྱེ་བའོ།། དང་པོ་སྐྱེས་བུ་རྣམ་གཉིས་ཏེ།། ཁུ་བ་འམ ་ནི་དེ་བདེ་བའོ།། སྐྱེས་བུ་ཇི་ལྟར་ཤེས་རབ་ཀྱང་།། ཁུ་བ་འམ་ནི་དེ་བདེ་བའོ།། སྐྱེས་བུ་ཇི་ལྟར་ཤེས་རབ་ཀྱང་།། ཁུ་བ་འམ་དེ་ཡི་བདེ་བའོ།། དེ་ཡི་ཕྱིར་ན་དགའ་བ་ནི།། བཞིར་ནི་རབ་ཏུ་དབྱེ་བའོ།། གང་ཕྱིར་ལྷན ་ཅིག་སྐྱེས་རྣམས་བཞི།། རྫོགས་པའི་རིམ་པ་ཡི་ནི་ཕྱོགས།། མཆོག་ཏུ་དགའ་བ་རྣལ་འབྱོར་མ།། དགའ་བྲལ་དགའ་བ་ཐམས་ཅད་ནི།། དེ་བདེ་ཐབས་ཀྱི་ཐམས་ཅད་རླིག། བདེ་བ་ཅུང་ཟུང ་དགའ་བ་སྟེ།། མཆོག་ཏུ་དགའ་བ་དེ་བཱས་ལྷག། དགའ་བས་དགའ་བ་ཆགས་བྲལ་ཡིན།། ལྷན་ཅིག་སྐྱེས་དགའ་ཐ་མའོ།། ད་རིག་པར་འདོད་པ་སྟེ།། གཉིས་བདེ་བར་འདོད་པའོ།། གསུམ་པ་འདོད་ཆགས་འཛིན་པ་ཡིན།། དེ་ཕྱིར་བཞི ་པ་བསྒོམ་པར་བྱ།། མཆོག་ཏུ་དགའ་བ་སྲིད་པར་འདོད།། འདོད་ཆགས་བྲལ་ཕྱིར་མྱ་ངན་འདས།། དམན་པ་དགའ་པ་ཙམ་ཉིད་དོ།། དེ་དག་རྣམས་སྤངས་སཱ་ཧཱ་ས་ཛ།། འདོད་ཆགས་མེད་ཅིང་ཆགས་བྲལ་མེད།། དབུ་མར ་ཡང་ནི་མི་དམི་གོས་ལ།། འདི་ལ་ཐབས་དང་ཤེས་རབ་མེད།། ཡང་དག་དེ་ཉིད་རྟོགས་པའོ།། གཞན་གྱིས་མི་བསྐྱེད་ལྷན་ཅིག་སྐྱེས།། གང་ནས་ཀྱང་ནི་མི་རྙེད་དེ།། བླ་མའི་དུས་ཐབས་བསྟེན་པ་དང་།། བསོད་ནམས་ཀྱིས ་ནི་བདག་གིས་ཤེས།། ཞེས་གསུངས་སོ།། དེ་ལ་དགའ་བ་དེ་ལྟ་བུ་ལུ་བསླབ་པ་ནི་ནོར་བུའི་དཀྱིལ་དུ་བདེ་བ་ཕབ་ལ། འཁོར་ལོ་རེ་རེ་ལ་ཆ་བཞི་བཞིར་བརྩིས་པས། དེ་ལྟ་བུའི་དགའ་བ་རེ་རེ་ལ་བཞི་བཞིར་བརྩིས་པས ་རྣལ་འབྱོར་གྱི་འཕོ་བ་བཅུ་དྲུག་གོ། བྱང་ཆུབ་ཀྱི་སེམས་དགེ་བ་བཞིའི་དེ་ཁོ་ན་ཉིད་བཤད་ནས། དེ་ནས་བཞི་པའི་དེ་ཁོ་ན་ཉིད་བཤད་པར་བྱ་སྟེ། ཇི་ལྟ་བུའི་བཞི་པ་ཞེ་ན། གསུམ་པ་ལ་བལྟས་ཏེ་བསྒོམས་ནས ་ཐོབ་པ་རྡོ་མ་ལྡན་པ་ཞེས་བྷའོ།། དྱོ་ལྟ་བུའོ་ངོ་བོ་ཡང་ཛཾ་ལྟ་བུ་ཞིག་ཏུ་འགྱུར་གྲངས་ནཱ། ཡུལ་དུ་མཚན་པའི་བཞི་པཱ་དང་འདྲ་བར་མཱ་ནྱཱ་པཱའི་བནྡེ་བྷཱ་ནཱི། ཨཀྵ་ཨཱ། # ་ནཞེ། ཆོས་ཉིད་གནས་པོའི་ངོ་བོ་དང་། ཡེ་ཤེས་གསལ་བའི་ངོ་བོའོ།། དེ་ནི་ཆོས་ཉིད་ཇི་བཞིན་པ་དང་། སེམས་ཉིད་ཧཱུཾ་བཞིན་པའི་ངོ་བྱེའོ།། དྭེ་ཐ་མཱི་དད་པ་ནི་རྡོ་རྗེ་སེམས་དཔའ་སྟེ་ངོ་བོ་ཉིད་དག་པའི་སྐུའོ།། དེ་ལ ་སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ་ནི་གསང་སྔགས་ཀྱི་དེ་ཁོ་ན་ཉིད་དོ།། དེ་ལྟ་བུའི་ཡུལ་དོན་དམ་པའི་བདེན་པ་དེ་ནི། ཡུལ་དུ་མཚོན་པའི་གཞི་པ་སྟེ། དེ་ནྡོ་མཐར་ཐུགས་པའི་ཞེས་བྱའོ།། འོ་ན་ཙྱཻ་འདྲ་བཱར་མྱན ་ན། ཤེས་རབ་ཡེ་ཤེས་རྟོགས་པའི་དགའ་བ་དེས་མཚོན་ཏེ། བསྒོམ་པས་གཏན་ལ་ཕུབ་ནས་མངོན་སུམྦྷ་དུ་གྱུར་པའི་ཡན་ལག་བདུན་དང་ལྡན་པར་གྱུར་པའི་བསྒྲུབ་པར་བྱ་བ་མཐར་ཐུག་པ་དེ་ཐོག་མའི་ཆོས ་ཉིད་སྩལ་དུ་བྱས་པ་དང་། རྩ་བའི་རྣམ་པར་ཤེས་པ་གནས་དག་པའི་མེ་ལོང་ལྟ་བུའི་ཡེ་ཤེས་གསལ་དེའི་དཱི་བ~ཾ་དེ་དང་དབྱེར་མེད་པར་གྱུར་པ་ལ་ནི་འདྲ་བར་མཚོན་པོའི་བཞི་པ་ཞེས་བྱའོ།། དེ་ལྟ་བུའི་བཞི་པ་དེ ་དགའ་བའི་ངོ་བོ་དེས་མཚན་པར་བྱེད་ཤེས་པར་བྱེད་པས་ན་མཚན་ཅ།། ས་ད་རློན་པ་རྒྱུ་ལས། དམན་པ་འབྲིང་པོ་མཆོག་དང་ནི།། གཞན་ཡང་གང་དང་དེ་ཡང་ནི།། དེ་དག་ཐམས་ཅད་མཉ་མོ་ཉིད་དུ།། དེ་ཉིད་བསྒོམས ་བསྡུ་བལྟ་བར་བྱ།། དམན་པ་དངོས་པོ་ཕྲ་བའི་དོན།། མཆོག་གི་དངོས་པོ་བརྗོད་པ་སྟེ།། དབུ་མས་གཉིས་ནི་སྤངས་པའོ།། ཞེས་པ་ལ་སོགས་པའོ།། དེ་སྐད་དུ། བཤད་པའི་རྒྱུད་ལས་ཀྱང་། སྟོང་པ ་བསྒོམ་པར་མི་བྱ་སྟེ།། མི་སྟོང་པ་ཡང་མི་བསྒོམ་མོ།། རྣལ་འབྱོར་སྟོང་པ་སྤང་མི་བྱ།། སྟོང་པ་མིན་ཡང་མི་སྤང་ངོ་།། སྟོང་དང་མི་སྟོང་གཉིས་གཟུང་ན།། རྟོག་པ་མང་པོ་རབ་ཏུ་སྐྱེ།། ཡོངསུ་སྤངས་ནས་ཡང་དག་རྟོགས།། དེ ་ཕྱིར་དེ་གཉིས་སྤང་བར་བྱ།། གཉིས་པོར་གཞན་པ་ཡོངས་སྤངས་ནས།། རྣམ་པར་གྲོལ་བར་ངེས་པར་གནས།། བདག་ཏུ་ཡང་དག་རྟོགས་པ་འདི།། དེ་ཕྱིར་དེ་ཡང་དངོས་སྤང་བྱ།། ཞེས་གསུངས་པས།། དེ་མཐའ་གསུམ་ལ ་མི་རེག་པ་ནི་དེ་ཁོ་ན་ཉིད་བསྒོམ་པར་བཅོམ་ལྡན་འདས་ཀྱིས་ཉེ་བར་བསྟན་ཏེ། དེ་སྐད་དུ་ཡང་། གང་ལ་སྒོམ་པ་པོ་མེད་ཅིང་།། མི་བསྒོམ་པ་ཡང་ཡོད་མ་ཡིན།། བསྒོམ་པ་ཡང་ནི་བསྒོམ་པ་མེད།། དེ་ནི་དེ་ཉིད་བསྒོམ ་པར་བརྗོད།། འདི་ལྟར་སྭཱ་ཧ་ཛའི་དེ་ཁོ་ན་ཉིད་ཁོང་དུ་ཆུད་ཅིང་རྣམ་པར་སྤང་རྟོགས་ནས། དངོས་པོ་ཐ་དད་པ་མེད་པར་མཐོང་བ་རང་རང་གི་རང་བཞིན་དུ་ཆོས་ཐམས་ཅད་རྣམ་པར་བསྒོམ་པར་བརྗོད་དོ།། དེ་སྐད་དུ། འགྲོ་བ ་ཐམས་ཅད་བསྒོམ་པ་ནི།། གང་ཕྱིར་ཡིད་ཀྱིས་མ་བསྒོམས་པའོ།། ཐམས་ཅད་ཆོས་ནི་ཡོངས་ཤེས་ན།། བསྒོམ་པ་ཉིད་ནི་བསྒོམ་པ་མིན།། དངོས་གང་གཡོ་དང་མི་གཡོ་གེ། རྩཝ་ལྷག་ཁྱིལ་ཤིང་ཡལ་ག་སོགས།། དམ་པ ་དེ་ཉིད་ངེས་པར་བསྒོམ།། རང་གཾ་དངོས་པོ་རང་བཞིན་དུ།། དེ་ཡི་དམ་པ་གཅིག་ཡོད་མིན།། ཡང་དག་རང་རིག་བསྒོམ་པ་སྟེ།། རང་གི་རིག་པའི་རང་བཞིན་ལས།། མི་མཐུན་པ་ལས་སྐྱེས་པའོ།། ཞེས་པས་སོ།། དེ་ལྟ་བུའི་ཤཾ་པྲ ་ཏའི་བསྒོམ་པ་ལ་གནས་པས་མི་རྟོག་པ་རྒྱུན་མི་འཆད་པར་སྐྱེས་པ་དེའི་ཚེ་ས་བཅུ་ཐོབ་པ་ཡང་ཡིན་ལ། གང་གི་ཚེ་རྟོགས་པ་མེད་པའི་ཤེས་པ་རྒྱུན་མི་འཆད་པར་སྐྱེས་པོ་དེའི་ཚེ་ལུང་སྟོན་པའི་བཀའ་ལུང་སྟོན་པའི ་བཀའ་ལུང་འབྱུང་ལ། དེ་ནས་ཨ་བ་དྷཱུ་ཏཱིའི་སྤྱོད་པ་ལ་གནས་པ་རོ་འགྱུར་རོ།། སྤྱོད་པ་དེ་ལ་གནས་ནས་བསྐལ་པ་གྲངས་མེད་པར་སེམས་ཅན་གྱི་དོན་མཛད་ལ། ཡང་དེའི་ཚེ་ཉིད་ན་རྣལ་འབྱོར་མ་རིགས་ཅན་དང་ཡང་དག ་པའི་མཐའ་ལ་སྦྱོར་བར་མཛད་དོ།། དེ་ལྟར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་རྙེད་པ་ནི་དགོས་པ་ཡོངསུ་གྲུབ་པ་སྟེ། ཡན་ལག་བདུན་དང་ལྡན་པའི་རྣལ་འབྱོར་དུ་གྱུར་པ་ལ་ནི་འདྲ་བ་མཚོན་པོའི་བཞི་པ་ཞེས་བྱའོ།། གང་གིས ་དགོས་པ་ཡོངསུ་གྲུབ་པ་དེའི་ཚེ་སྟོན་པའི་བཞུགས་ཚུལ་ཇི་ལྟར་ཡིན་པ་ཡང་ཤེས་པར་བྱའོ།། དེ་ལྟ་བུའི་མན་ངག་ལ་ནི་བཞི་པའི་དེ་ཁོ་ན་ཉིད་ཅེས་བྱའོ།། དེ་ཉིད་བཞི་ནི་རྒྱུ་འབྲས་ཚུལ་དུ་ཁ་སྦྱོར་མི་ཕྱེད་པས།། དངོས ་དང་དངོས་མེད་བདེ་དང་སྡུག་བསྔལ་བྲལ།། གང་ཡང་མི་དམིགས་ཚུལ་དང་ལྡན་པ་འདི།། ཆོས་ཕྱིར་འབྲངས་པ་རྣམས་དང་ཕྲད་གྱུར་ཅིག། དེ་ཉིད་བཞི་རྟོགས་དགྱེས་པའི་རྡོ་རྗེ་མྱུར་ཐོབ་ནས།། ཁམས་གསུམ་སྐྱེ་བོ་ནང། ་པའི་ཚོགས་རྣམས་སོས་གྱུར་ཅིག། དེ་ཁོ་ནཱ་ཉིད་བཞི་པའི་མན་ངག་གསལ་བའི་སྒྲོན་མ་ཞེས་བྱ་བ་དཔལ་ཨོཊྚཎ་གྱི་ཡུལ་གྱི་དངོས་གྲུབ་གྲུབ་པའི་སློབ་དཔོན་ཆེན་པོ་ཏེ་ལླི་པའི་ཞལ་སྔ་ནས ་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པཾ་རཏྣ་ཤྲཱི་ཉིད་ཀྱི་ཞལ་སྔ་ནས་བསྒྱུར་ཅིང་བཤད་ནཱས་གཏན་ལ་ཕབ་པའོ།། ། ཚེའྀ་རྡོ་རྗེའི་སྒྲུབ་ཐབས་བཞུགས། རྒྱ་གར་སྐད་དུ། ཧེ་བཛྲ ་