CLOSE WINDOW

GT372: dpal kye rdo rje'i sgrub pa'i thabs rab tu gsal ba zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། པྲ་ཀཱ་ཤཱ་ནཱ་མ་ཤཱཾ་ཧེ་བཛྲ་སཱ་དྷ་ནཾ། བོད་སྐད་དུ། དཔལ་ཀྱེ་རྡོ་རྗེའི་སྒྲུབ་པའི་ཐབས་རབ་ཏུ་གསལ་བ་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལོ།། མགོན་པོ་སྟོང་དང་སྟོང ་མིན་གྱི།། རང་བཞིན་ཕྱག་གཉིས་ལྷན་ཅིག་སྐྱེས།། སྐུ་མདོག་དཀར་ཞིང་ཞལ་གཅིག་པ།། ཧེ་རུ་ཀ་དཔལ་ཕྱག་བྱས་ནས།། དེ་ལས་ཡོངས་གྱུར་རྣམ་པ་ནི།། བཅུ་དྲུག་པ་དང་ཕྱག་དྲུག་སོགས།། དེ་བཞིན་དུ་ཡང་བདག་མེད་མ།། ་སྔགས་པས་དེ་རྣམས་སྦུབས་ཐབས་བརྗོད།། དེ་ལ་དཔལ་ལྡན་སློབ་དཔོན་མཚོ་སྐྱེས་ཞབས་ཀྱིས་མཛད་པའི་སྣ་ཚོགསོ་བའི་ཀྱེ་རྡོ་རྗེའི་སྒྲུབ་པའི་ཐབ་སྤྱི་མདོར་བསྡུས་པ་རྡོ་རྗེ་སྒྲོན་མོ་ཞེས་བྱ་བ་དཔལ་ཛཱ་ལན་དྷ་རི་པའི་ཞབས་ཀྱིས་མཛད་དོ།། ་འདི་ཉིད་བཟང་པོའི་ཞབས་ཀྱིས་ཞེ་སྡང་རྡོ་རྗེའི་སྒྲུབ་པའི་ཐ་བྲ་མེད་པར་དེ་དང་དེའི་དོན་གསལ་བ་ཁོ་ནའོ།། དེ་ལྟ་ན་ཡང་བློ་ཞན་པ་དག་གིས་དེ་ཐོས་ནས་བསྒོམ་པར་བྱ་བར་མི་ནུས་སོ་ཞེས་རྣམ་པར་བསམས་ནས། དེ་སྒྲུབ་པའི་ཐབས ་དང་། མདོར་བསྡུས་པ་དང་། ཞེ་སྡང་རྡོ་རྗེའི་སྒྲིབ་པའི་ཐབས་རྣམས་ལས་ཡང་དག་པར་དྲངས་ཏེ་བློ་ཞན་པ་དག་གི་རང་གི་ཡིད་ལ་ཡང་དག་པར་ཡིད་ཆེས་པར་བྱ་བའི་ཕྱིར་དུ་བདག་གི་རྩ་བའི་རྒྱུད་ཀྱི་རྗེ་སུ་འབྲངས་ནས་བསྐྱེད་པ་དང ་རྫོགས་པའི་རིམ་པའི་སྒྲུབ་པའི་ཐབས་བསྲེ་བར་བྱའོ།། ཀྱེ་རྡོ་རྗེར་ཡང་གསུངས་པ།། བསྐྱེད་པ་ཡི་ནི་རིམ་པ་དང་། རྫོགས་པ་ཡི་ཡང་རིམ་པ་ཉིད།། རིམ་གཉིས་མཚུངས་པ་ལ་བརྟེན་ནས།། རྡོ་རྗེ་ཅན་གྱི་ཆོས་བསྟོན་ཏོ།། ་ཞེས་པའོ།། དེ་ལ་རྫོགས་པའི་རིམ་པའི་སྒྲུབ་པའི་ཐབས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་མདོ་གཞན་གྱི་རྗེ་སུ་འབྲངས་ནས་ཀྱང་ཁོང་དུ་ཆུད་པར་བྱའོ།། དེ་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ ་གཉིས་རྣམ་པར་དག་པའི་སྒྲུབས་པའི་ཐབས་ཀྱི་མདོ་ནི་སུམ་ཅུ་རྩ་གཉིསུ་ཛཱི་ལན་དྷ་རི་པའི་ཞབས་ཀྱིས་གསུངས་ཏེ། དེ་ཡང་རིམ་གྱིས་འཆད་པར་འགྱུརརོ།། དང་པོར་རེ་ཞིག་སྡིག་པ་བཤགས་པ་དང་། གསུམ་ལ་སྐྱབསུ་འགྲོ་བ་དང་། གསོ ་སྦྱོ་གི་བར་དུ་བཟུང་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ལེགས་པར་བསླབས་པ། རྡོ་རྗེའི་བླ་མ་མཉེས་པར་བྱས་ནས་དཔལ་ཀྱེ་རྡོ་རྗེར་གསུངས་ཤིང་ཇི་སྐད་དུ་བཤད་པའི་ཆོ་གས་དཀྱིལ་འཁོར་དུ་ཞུགས་ཤིང་རིམ་པ་ཇི་ལྟ་བ་བཞིན་དུ་ཡོངསུ ་དབང་བསྐུར་བ། སླར་ཡང་བླ་མ་རྗེ་བཙུན་ཡང་དག་པར་བསྙེན་པ། འདིའི་རྒྱུད་ཐོས་ནས་ཡང་དག་པའི་དེ་ཁོ་ན་ཉིད་སྟོང་པ་ཉིད་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ཐོབ་ཅིང་། ཀྱེ་རྡོ་རྗེ་བསྒོམ་པར་བྱའོ་ཞེས་བླ་མའི་རྗེ་སུ་གནང་བ་ཐོབ་པ། ་སེམས་ཅན་ཐམས་ཅད་ཀྱི་དོན་ལ་བརྩོན་པའི་བློས། དཔལ་ཀྱེ་རྡོ་རྗེའི་སྒྲུབ་པ་བྱེད་པར་འདོད་པའི་རྣལ་འབྱོར་པས། ཡིད་དང་རྗེསུ་མཐུན་པའི་སྦས་པའི་གན་སུ། སྣ་ཚོགས་རྡོ་རྗེས་མཚན་པའི་བདེ་བའི་སྟན་གྱི་དབུས་རྡོ་རྗེའི་སྐྱིལ་མོ ་ཀྲུཀླུང་གིས་འདུག་ནས། དྲོད་ཐོབ་པར་གྱུར་པ་ཇི་སྲིད་པར་དཔལ་ཀྱེ་རྡོ་རྗེ་བསྒོམ་པར་བྱའོ།། དྲོད་ཅུང་ཟད་ཡང་དག་པར་ཐོབ་པ་ནི་བདུད་རྩི་ལྔ་ལ་སོགས་པའི་དམ་ཚིག་བསྟེན་ཅིང་། ཤེས་རབ་མཚན་མ་ཐོབ་པ་བཀུག་ལ་ཡང་དག་པོར་བཟུང ་ནས་རང་གིས་འདོད་པའི་ལྷ་བསྒྲུབ་པར་བྱའོ།། ཤྲཱི་ཧེ་རུ་ཀ་ཧཾ་ཞེས་བརྗོད་ནས་འཆང་པར་འགྱུར་བའི་རང་གི་འདོད་པའི་ལྷར་དམིགས་ཏེ་རང་གི་སྙིང་གའི་པདྨར་རེ་ཕ་ཡོངསུ་གྱུར་པའི་ཉི་མ་ལ་ཧཱུཾ་ཡིག་སྔོན་པོ་འོད་ཟེར་ལྔ་དང་ལྡན་པ་བལྟ་བར ་བྱའོ།། དེ་ལས་རྣམ་པར་འཕྲོས་པའི་འོད་ཟེར་རྣམས་པ་ལྔ་རྣམས་ཀྱིས་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་སྣང་བར་བྱས་ནས། གཽ་རཱི་ལ་སོགས་པའི་རྣལ་འབྱོར་མའི་འཁོར་ལོས་ཡོངསུ་བསྐོར་བའི་རང་གི་འདོད་པའི་ལྷ་དང་། བླ་མ་དང་། ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱང་སྤྱན་དྲངས་ཏེ། མདུན་གྱི་ན་མཁར་བསམས་ནས། ཕྱི་དང་གསང་པོ་དང་། དེ་ཁོ་ན་ཉིད་ཀྱི་མཆོད་པའི་ཁྱད་པར་རྣམས་ཀྱི་ཡང་དག་པར་མཆོད་པར་བྱའོ།། དེ་ལ་རང་གི་ས་བོན་ལས་རྣམ ་པར་སྤྲོས་པའི་པི་ཝཱང་མ་ལ་སོགས་པ་ཆོས་མའི་མཐར་ཐུགས་པའི་ལྷ་མོ་བཅུ་དྲུག་པོ་འཆད་པར་འགྱུར་བའི་རང་རང་གི་རྣམ་པ་དང་ཕྱག་དང་མ་དང་ཞབས་རྣམས་ཀྱིསོ་ཞེས་པ་ཕྱིའི་མཆོད་པའོ།། དེའི་འཁོར་ལོར་གནས་པའི་གཽ་རཱི་ལ་སོགས་པའི ་ལྷ་མོ་ཕྱག་ན་དམ་ཚིག་གིས་རྫས་སྟོབས་པ་བསྒོམ་པ་ནི་གསང་བའི་མཆོད་པའོ།། བདག་མེད་མ་དང་སྙོམས་པར་ཞུགས་པའི་བདེ་བ་རྗེ་སུ་མྱོང་བ་ལས་སྤྲོ་བ་དང་སྡུད་པའི་སྐུ་ནི་དེ་ཁོ་ན་ཉིད་དེ། དེ་ཉིད་དེ་ཁོ་ན་ཉིད་ཀྱི་མཆོད་པའོ།། ་ཡང་དག་པར་མཆོད་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སྡིག་པ་བཤགས་པ་ལ་སོགས་པ་བྱའོ།། ཐོག་མ་མེད་པ་དང་ལྡན་པའི་འཁོར་བར་སྐྱེ་བ་བརྒྱུད་པ་རྣམསུ་འཁོར་བ་ན་སྡིག་པའི་ལས་གང་ཞིག་བྱས་པ་དང་བྱེད་དུ་བཅུག་པ་དང་། ་རྗེ་སུ་ཡི་རང་བ་ནི་བཤགས་པ་བགྱི་སྟེ། ཉིད་ཀྱིས་དེ་ཐམས་ཅད་སླན་ཅད་ངེས་པར་མི་བགྱིའོ།། སྐྱེ་བོ་ཐམས་ཅད་དང་། དེ་བཞིན་དུ་འཇིག་རྟེན་པའི་ལྷ་རྣམས་དང་། བསེ་རུ་ལྟར་སྤྱོད་པའི་སངས་རྒྱས་རྣམས་ཀྱི ་བསོད་ནམས་དང་ཉན་ཐོས་ཀྱི་སངས་རྒྱས་དང་། རྫོགས་པའི་སངས་རྒྱས་སྐྱོབས་པ་རྣམས་ཀྱིས་བསོད་ནམས་ལ་ངོ་བོ་ཉིད་ཀྱིས་རྗེ་སུ་ཡི་རང་ངོ་།། གང་ཞིག་རྗེསུ་ཡི་རང་བ་དང་ལྷན་ཅིག་ཏུ་གྱུར་པའི་བསོད་ནམས་ཀྱང་བླ་ན་མེད་པ་ཡང་དག་པར ་རྫོགས་པའི་བྱང་ཆུབ་གང་ཡིན་པར་རྫོགས་པའི་བྱང་ཆུབ་གང་ཡིན་པར་བསྔོ་བར་བགྱིའོ།། སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སླད་དུ་ལྷན་ཅིག་སྐྱེས་པའི་དགའ་བའི་བདེ་བའི་ཁང་པར་བཅོམ་ལྡན་འདས་ཁམས་གསུམ་པོ ་གཅིག་པའི་སྒོ་དཔལ་ཧེ་རུ་ཀ་དཔའ་བོ་སངས་རྒྱས་དང་། དེས་བསྟན་པའི་དཀྱིལ་འཁོར་དང་སྔགས་དང་ཕྱག་རྒྱ་ལ་སོགས་པའི་ཆོས་དང་། དེའི་འཁོར་ལོར་གནས་པའི་གོ་རཱི་ལ་སོགས་པའི་ལྷ་མོའི་ཚོགས་ཀྱི་དགེ་འདུན་ལ་ཡང་བྱང་ཆུབ ་ཀྱི་སྙིང་པོ་ཇི་སྲིད་བར་དུ་སྐྱབསུ་མཆིའོ།། སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའི་རྒྱུར་གྱུར་པ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་མཚན་ཉིད་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར ་མེད་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བགྱིའོ།། བླ་ན་མེད་པའི་ལམ་ལ་བརྟེན་པར་བགྱི་སྟེ། འདི་ལྟ་སྟེ། རྡོ་རྗེ་ཐེག་པ་ལའོ།། སླར་ཡང་སེམས་ཅན་དེ་རྣམས་ཐམས་ཅད་བདེ་བར་བྱ་བའི་ཕྱིར་དུ་བོདག་དང་བདག་གི་སྦྱིན་པར་བགྱིའོ།། ་མཆོད་པའི་འཁོར་ལོ་ཞེས་བྱ་བ་མདོ་དང་པོའོ།། ཀྱེ་རྡོ་རྗེར་ཡང་གསུངས་པ་ན་མཁར་རྗེ་བཙུན་བལྟས་ནི།། རྡོ་རྗེ་སྐྱེ་བ་སྙིང་རྗེ་ཆེ།། རྒྱན་རྣམས་ཐམས་ཅད་འཛིན་པ་ཡཱི།། ལྷ་མོ་བརྒྱད་རྣམས་ཀྱིས་མཆོད་བྱ།། དེ་ལ། གོ་ནཱི་རི་དགས ་མཚན་མ་འཛིན།། ཆོམ་རྐུན་མ་ནི་སྙི་མའི་སྣོང་།། རོ་ལངས་མ་ནི་ཆུ་ལག་མ།། གྷསྨ་རཱི་མ་སྨན་འཛིན་ཞིང་།། པུཀྐ་སཱི་ཡི་ལགས་ན་སྟོབས།། རི་ཁྲོད་མ་ནི་རོ་འཛིན་གྱུར།། ཙཎྜ་ལཱི་ནི་ཅང་ཏེའུ་བརྡུང་།། གཡུང་མོས་འཁྱུད ་བབར་རབ་སྟོན་བྱ་ཞེསོ།། སླར་ཡང་གསུངས་པ། གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་མཆོད་པར་བྱའོ་ཞེས་པ་ལ་སོགས་པ་རྒྱས་པར་རོ།། དེའི་རྗེ་སུ་ཐོག་མ་མེད་པའི་སྲིད་པའི་འཁོར་ལོར་འཁོར་བ་རྣམསུ་སེམས་ཅན་ཐམས་ཅད ་བདག་གི་མ་དང་བཅས་སྤྱན་དང་སྙིང་མོ་ལ་སོགས་པའི་རང་བཞིན་ནོ་ཞེས་ཡོངསུ་བརྟགས་ནས། དེ་རྣམས་ལོ་བུ་གཅིག་པ་ལྟར་དགའ་བོའི་མཚན་ཉིད་ཀྱི་བྱམས་པ་ཆེན་པོ་བསྒོམ་པར་བྱའོ།། དེ་ནས་དེ་ཐམས་ཅད་འཁོར་བའི་རྒྱ་མཚོར་ལྷུང ་ཞིང་སྐྱབས་མེད་པའི་མཐོང་ནས་འཆི་མ་ཆེར་འཁྲུགས་ཅིང་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་འདོན་པར་མངོན་པར་འདོད་པའི་རང་བཞིན་གྱི་སྙིང་རྗེ་ཆེན་པོ་བསྒོམ་པར་བྱའོ།། དེ་ནས་ཡང་དགའ་བ་ཐོབ་པའི་རྣལ་འབྱོར་པས་དཔལ་ཧེ་རུ ་ཀ་ལ་སོགས་པ་ཁྱད་པར་དུ་འཕགས་པའི་ཐབས་མཐོང་བ་ལས་བདེ་བ་ཐམས་ཅད་སྟོབས་པའི་རང་བཞིན་གྱི་དགའ་བ་ཆེན་པོ་བསྒོམ་པར་བྱའོ།། དེའི་རྗེ་སུ་གྲུབ་པའི་བདག་ཉིད་དཔལ་ཧེ་རུ་ཀའི་རྣམ་པར་བྱས་ནས་རྙེད་པ་ལ་སོགས་པར ་འཛིན་པ་ནི་རིག་པ་མ་ཡིན་ནོ་ཞེས་འཇིག་རྟེན་གྱི་ཆོས་བརྒྱད་དང་བྲལ་བའི་མཚན་ཉིད་ཀྱི་བཏང་སྙོམས་ཆེན་པོ་ཡང་བཞི་པར་བསྒོམ་པར་བྱའོ།། ཚངས་པའི་གནས་པ་བཞིའོ།། དེ་དང་བར་བྱེད་པར་ཐ་མལ་པའི ་ལུས་མེད་པར་བལྟས་ནས་ཡེ་ཤེས་ཀྱི་སྣང་བ་རྡོ་རྗེའི་ཏིང་ངེ་འཛིན་གྱི་རྣལ་འབྱོར་གྱིས། ཤྲཱི་ཧེ་རུ་ཀ་ཞེས་པའི་ཡི་གེ་བཞིའི་དོན་ལ་མངོན་དུ་ཕྱོགས་ཤིང་བསྒོམ་པར་བྱ་སྟེ། དམ་པའི་མན་ངག་ལས་སོ།། འདི་ཉིད་མི་གཙང་བ་མེད་པའོ།། ་ཞེས་པ་མཆོག་གོ། དེ་ལྟར་ནི་ཛཱ་ལནྡྷ་རི་བིའི་ཞབས་ཀྱི་རྣམ་པར་བཤད་པ་མདོར་བསྡུས་པ་རྡོ་རྗེ་སྒྲོན་མ་ལས། འདི་ལྟར་གྱུར་པའི་སྔགས་པ་མཆོག་གི་བསྒྲུབས་པ་ལས་། བརྩམས་ནས། མཁས་པ་ཆོས་དབྱིངས་བདག་ཉིད་ཀྱི།། ་རོནཱི་དང་པོར་བསྒོམ་པར་བྱ།། དྲི་མེ་སྟེང་དུ་རྣལ་འབྱོར་པ།། གནས་ནསྭཱ་ཧེ་རཱ་ཀ་ཉིད་བསྒོམ།། དེའི་དོན་ནི་དེར་གནས་ནས་ཤྲཱི་ཧེ་རུ་ཀི་བཛྲ་ཞེས་པའི་ཡི་གེ་དྲུག་གི་དོན་ལ་མངོན་དུ་ཕྱོགས་པར་བྱ་ཞིང་། དེ་ནས་དམ་པའི་མན་ངག་ལས། ་ཤྲཱི་ཧེ་རུ་ཀ་ཞེས་པའི་ཡི་གེ་བཞིའི་དོན་ཡེ་ཤེས་ཀྱི་སྣང་བ་རྡོ་རྗེའི་ཏིང་ངེ་འཛིན་གྱི་རྣལ་འབྱོར་མངོན་པར་བསྒོམ་པར་བྱ་ཞེས་པ་ནི་མཆོག་གོ། དེ་ནས་ལྷན་ཅིག་སྐྱེས་པའི་མགོན་པོར་བཞེངས་པར་བསམས་ཏེ། སྐད་ཅིག་གི་སངས་རྒྱས་ཀྱི ་ཁང་པའི་དབུས་སུ་བཾ་གྱི་ཡི་གེས་བརྗོད་པའི་རྡོ་རྗེ་སེམས་དཔའ་དཀར་པོ་ཞི་བ་ཆེན་པོ་རོལ་པའི་ཅོང་པན་ཅན་རྡོ་རྗེ་སྐྱིལ་མོ་ཀྲུང་དང་ཆོས་ཀྱི་ཕྱག་རྒྱ་དང་ལྡན་པའི་ཕྱག་གཉིས་པ། མཚན་སུམ་ཅུ་རྩ་གཉིས་འཛིན་ཞིང་དཔེ་བྱད་བརྒྱད་ཅུས ་རྣམ་པར་སྤྲས་པ། ལྷན་ཅིག་སྐྱེས་པའི་ཧེ་རཀྵ་རྣམ་པར་བསྒོམ་མོ།། དེའི་དཀར་པོ་ཉིད་ལ་སོགས་པའི་གཟུགསུ་ཇི་ལྟར་རིག་པར་བྱ་ཞེ་ན། མཚན་མ་ཞལ་སོགས་སྔ་མ་བཞིན།། ཟླ་བ་ཆུ་ཤེལ་ནོར་བུའི་འོད།། ཅེས་ལེའུ་བརྐྱང་པར ་གསུངས་པ་ལས་སོ།། སྔོན་བཞིན་ཞེས་པ་ནི། ཇི་ལྟར་མ་རིག་པའི་བག་ཆགས་ཡོངསུ་གྱུར་པ་ལས་སྲ་བ་ལ་སོགས་པའི་རྣམ་པས་བསྐལ་པ་དང་པོ་པ་རྣམས་ཀྱི་གཟུགས་ཏེ། དེ་ལྟ་བུ་ཡིནོ་ཞེས་པ་ལྷན་ཅིག་སྐྱེས་པའོ།། འདིར་ཟླ་བ ་གྲགས་པའི་ཞབས་ཀྱིས་རྡོ་རྗེ་སེམས་དཔའ་རྫོགས་པའི་མདོར་ཡང་གསུངས་ཏེ། སྟོང་པ་ཉིད་དུ་མོས་པ་ཐ་མལ་པའི་ལུས་ཀྱི་ང་རྒྱལ་དོར་ནས་སྐད་ཅིག་གི་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་གཟུགས་མདོག་དཀར་པོར་མོས་པ་བྱའོ།། ་འདིའི་མདོ་ནི་དཔལ་གསང་བ་འདུས་པའི་ལེའུ་གསུམ་པ་ལས། ན་མཁའི་དབྱིངས་ཀྱི་དབུས་བཞུགས་པར།། སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ།། འོད་ཟེར་སྦྱིན་གྱི་བཀོད་པ་ཆེ།། སངས་རྒྱས་འབར་བའི་འོད་དང་མཉ་མོ།། ཞེསོ།། ་འདི་ཉིད་དུ་ཡང་བཅོམ་ལྡན་འདས་ཀྱིས་ལེའུ་བརྒྱད་པ་ལས་གསུངས་ཏེ། ཨཱ་ལི་ཀཱ་ལི་མཉམ་སྦྱོར་བ།། རྡོ་རྗེ་སེམས་དཔའ་ཡཱི་ནི་གང་ན།། ཞེས་པའོ།། འདིར་འདིའི་དོན་བརྗོད་པར་བྱ་སྟེ། ཨཱ་ལི་དང་ཀཱ་ལི་ནི་ཟླ་བ་དང་ཉི་མ་སྟེ་གཟུང ་བ་དང་འཛིན་པ་དག་ཏུ་བླ་མའི་མན་ངག་དང་ལུང་ལས་ཀྱང་ཤེས་པར་བྱའོ།། དེ་དག་གི་མཉམ་པར་སྦྱར་བ་ནི་འདྲེས་ནས་འཛིན་པ་མ་རིག་པ་ཞེས་པའི་ཐ་ཚིག་སྟེ། དེ་མིང་ཕྱིར་ནོ་དེ་ཡང་མེད།། ཅེས་པའི་ནུས་པ་ཉིད་ལསོ།། ་མེད་པར་དགག་པའི་འཇུག་པས་ཐམས་ཅད་སྟོང་པ་དེ་ཉིད་གདན་ཏེ། གདན་དང་། གཞི་དང་། བསྐྱེད་པའི་གནས་ཞེས་པའི་ཐ་ཚིག་གོ། སླར་ཡང་ཀྱེ་རྡོ་རྗེར་གསུངས་པ། འགྱུར་མེད་ལས ་བྱུང་སྐུ་ཡི་ནི།། ཧཱུཾ་ཕཊ་ཡི་གེ་འང་འདོད་མི་བྱ། ཞེས་སོ།། འདིའི་དོན་ནི་འདི་ཡིན། འགྱུར་བ་ནི་རྣམ་པར་ཉམས་པ་སྟེ། འགྱུར་བ་མེད་ནི་རྣམ་པར་ཉམས་པ་ཐམས་ཅད་སྟོང་པ་མི་གཙང་བའི་ལུས་མེད་དོ།། དེ་ལྟར་ན་དེ་ལས ་བྱུང་བ་ཡང་དེ་ཡིན་ལ་སྐུ་ཡང་དེ་ཡིན་ཏེ་དེ་ལྟ་བུའོ།། འོད་གསལ་བ་ལས་བྱུང་བའི་རྡོ་རྗེ་སེམས་དཔའ་དེ་ཡི་ནི་ཧཱུཾ་ཕཊ་ཡི་གེ་འང་འདོད་པར་མི་བྱ་སྟེ། གང་ག་ཕྱིར་འང་གསེལ་བ་ལས་བྱུང་བའི་རྡོ་རྗེ་སེམས་དཔའ་དེ་ཡ་ན ་ཧཱུཾ་ཕཊྭཱཾ་ཡི་གེ་འང་འདོད་པར་མི་བྱ་སྟེ། གང་གི་ཕྱིར་འོད་གསལ་བ་དོར་ནས་གཞན་ཧཱུཾ་ཡིག་ལ་སོགས་པ་རྣམས་ནི་རྒྱུ་ཉིད་མ་ཡིནོ།། རྫོགས་པའི་གཟུགས་ཉིད་ཀྱི་ཕྱིར། དེ་ཡཾ་སྟེ་བཅོམ་ལྡན་འདས་ཀྱིའོ་ཞེས་པ་ནི་མངོན་པར་འདོད ་པའི་དོན་ཏོ།། སླར་ཡང་ཛཱ་ལན་དྷ་རི་པའི་ཞབས་ཀྱིས་གསུངས་ཏེ། ཨཱ་ལི་ཀཱ་ལྀ་མཉམ་པར་སྦྱོར་བ་ནི་རང་བཞིན་མེད་པའི་རྣལ་འབྱོར་གནས་མཆོག་སྟེ། རོ་ཞེས་པའི་དོན་མཆོག་གི་རྡོ་རྗེ་སེམས་དཔའི་རྡོ་རྗེའི་གདན་ནོ།། ་དེ་ལྟར་ནི་འཕགས་པ་ལྷའི་ཞབས་ཀྱིས། སེམས་ནི་སེམས་བྱུང་ལ་ཐིམ་བྱ།། སེམས་བྱུང་མོ་རིག་པ་ལ་སྟེ།། དེ་ཡང་འོད་གསོལ་བར་འགྲོ་ལ།། སྲིད་པ་གསུམ་པོ་འདིར་འགག་གོ།། འོད་གསལ་བ་ལས་སྟོང་པ་ཆེ།། ་ཞེས་པ་ལ་སོགས་རྒྱས་པར་རོ།། འཕགས་པ་བརྒྱད་སྟོང་པར་ཡང་གསུངས་ཏེ། གང་ཆོས་ཐམས་ཅད་ལ་ཉེ་བར་དམིགས་པ་མེད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་དེ་ཉིད་སངས་རྒྱས་ཀྱི་སྐྱེད་པར་བྱེད་པའོ་ཞེསོ།། འདིས་ནི ་མཆོག་དང་ལྷན་ཅིག་སྐྱེས་པ་ཡང་བཤད་པ་ཡིནོ།། བསྐྱེད་པའི་རིམ་པའི་ཕྱོགས་ལ་ནི་ཧཱུཾ་ཡིག་ལ་སོགས་པ་རྣམས་ཀྱང་རྒྱུད་ཉིད་དེ། ཧཱུཾ་གི་ཡི་གེ་གྱུར་བལྟས་ནས།། ཞེ་སྡང་བདག་ཉིད་རྣམ་བསྒོམ་བྱ།། ཞེས་ལྷའི་ལེའུ་ལས་གསུང ་པའི་ཕྱིར།། འདིར་བསྐྱོད་པའི་རིམ་པ་ལ་བརྟེན་ནས་ཇི་ལྟར་རིགས་པར་རྫོགས་པའི་རིམ་པ་སྟེ། དེའི་ཕྱིར་སོམ་ཉི་མི་བྱའོ།། བཅོམ་ལྡན་འདས་ཀྱི་ནི་སྐལ་པ་མེད་པའི་སེམས་ཅན་རྣམས་ལོ་བརྟེན་ནས་མན་ངག་སྦ་བའི ་དོན་དུ་བསྟན་པ་ཡི་ནོ།། སྒྲ་ལ་སོགས་པ་རྣམས་ཀྱི་རྣམ་པ་གཞན་དུ་བསྟན་པ་ལས་ཏེ་འདི་དང་འདྲིས་དེ་གོ་བར་བྱའོ།། ཤྲཱི་ཧེ་རུ་ཀ་བཛྲ་ཞེས་པའི་ཡི་གེ་དྲུག་པོ་འདི་ནི་བཾ་ཡིག་གིས་ངེས་པར་བཤད་པ་སྟེ། མཆོག་ལས་རྡོ་རྗེ་སེམས་དཔ ་ལྷན་ཅིག་སྐྱེས་པ་ཧེ་རུ་ཀར་བཤདོ།། དེའི་སྙིང་གར་ཏྲི་ཡིག་སྟེ། ཡི་གེའི་ར་ཡོངསུ་གྱུར་པ་ལ་ཉི་མའོ།། དེའི་ཟླ་ཕྱེད་དང་ཐིག་ལེ་ཡོངསུ་གྱུར་པ་ལས་ཡོངསུ་རྫོགས་པའི་ཟླ་བའི་དཀྱིལ་འཁོར་རོ།། དེའི་དབུས་སྐྱེ་འགྲོ ་སྐྱེ་བའི་ས་བོན་ཛ་ཡིག་ནི་ཧཱུཾ་ཡིག་ཏུ་གྱུར་པར་བསྟན་ཏེ། ཁ་དོག་ནག་པོ་འཇིགས་པ་ཆེན་པོ་བལྟས་ནས་ཧཱུཾ་ཡོངསུ་གྱུར་པ་ལས་རྡོ་རྗེའོ།། དེའི་ལྟེ་བར་གནས་པའི་ཧཱུཾ་གི་དེ་ཁོ་ན་ཉིད་བསྒོམ་པར་བྱའོ།། དེའི་རྗེས་སུ་ཉི ་མ་ལ་སོགས་པའི་ཧཱུཾ་ཡོངསུ་གྱུར་པས་ཟླ་བའི་གཟུགས་བརྙན་ཙམ་དུ་བསྒོམས་ཏེ། འཆང་བར་འགྱུར་བའི་མན་ངག་གིས། དེ་ལས་རྣམ་པར་སྤྲོས་པའི་ཞེ་སྡང་རྡོ་རྗེ་འཇིགས་པ་ཆེན་པོ་ན་མཁའ་ལ་བལྟས ་ནས། དེ་ཞུགས་པ་ལས་རང་གི་འདོད་པའི་ལྷའི་གཟུགསུ་བསམ་པར་བྱ་སྟེ། གཙོ་བོའོ།། དེ་ལྟར་ཡང་བཟང་པོའི་ཞབས་ཀྱི་སྐུ་རྡོ་རྗེའི་རྒྱུད་ལས་ཕྱུང་ནས་གསུངས་ཏེ། རང་གི་སྙིང་གར་རེ་པ་བསྒོམ།། དེ་ལས་བྱུང་བའི་ཉི་མ་དཀྱིལ ་འཁོར།། དེ་ཉིད་དུ་ནི་ཧཱུཾ་ཉིད་ཀྱང་།། ཐབས་དང་ཤེས་རབ་རང་བཞིན་ཅན།། ཁ་དོག་ནག་པོ་འཇིགས་ཆེན་པོ།། ཧཱུཾ་ཡིག་ལས་ནི་རྡོ་རྗེར་གྱུར།། རྡོ་རྗེ་ལྟེ་བའི་དབུས་གནས་པར།། ཧཱུཾ་གི་དེ་ཉིད་སླར་བསྒོམ་བྱ།། འདི་དག་ཐམས་ཅད ་ཡོངསུ་གྱུར་པས་མནྟ་ངག་ཇི་ལྟ་བས་ཟླ་བའི་གཟུགས་བརྙན་བསྒོམ་པར་བྱ་སྟེ་འཆད་པར་འགྱུར་བའི་མན་ངག་གིས། དེ་ལས་སྤྲོས་ནས་སྟེང་དུ་རྡོ་རྗེ་ཅན་འཇིགས་པ་ཆེན་པོ་ན་མཁའ་ལ་བལྟས་ནས་རབ་ཏུ་ཞུགས་པས་རང་གི ་འདོད་པའི་ལྷའི་བདག་ཉིད་དུ་གྱུར་ཞེསོ།། ཛཱ་ལན་དྷཱ་རཱི་པའི་ཞབས་ཀྱིས་ཀྱང་རྩ་བའི་རྒྱུད་ལས་ཕྱུང་ནས་གསུངས་ཏེ། སེམས་དཔའི་གཟུགས་བནྡྷ་ནི་ལས་བྱུང་བའི།། དཀྱིལ་འཁོར་དབང་པོ་བསྒོམ་པར་བྱ།། ཞེས་སོ་ཞེས་པ ་རང་གི་འདོད་པའི་ལྷའོ།། ཇི་ལྟར་ཞལ་བརྒྱད་ལ་སོགས་པའི་འཇིགས་པ་ཆེན་པོ་ཞེ་སྡང་རྡོ་རྗེ་བསྒོམ་པར་བྱས་ནས་ཧཱུཾ་ལས་བྱུང་བའི་འབར་བའི་ཕྲེང་བ་འཁྲུགས་པའི་ཁྲོ་བོ་བཅུ་པོ་རྣམས་ཤར་ལ་སོགས་པའི་ཕྱོགས་ཐམས་ཅད ་དུ་སྤྲོ་བར་བྱའ་སྟེ། དེ་ལ་ཤར་དུ་གཤིན་རྗེ་མཐར་བྱེད་རྣམ་པར་སྣང་མཛད་ཀྱི་དབུ་རྒྱན་ཅན་ནག་པོ་ཆེན་པོ་ཕྱག་ན་རྡོ་རྗེ་ཐོ་བའོ།། ལྷོར་ཤེས་རབ་མཐར་བྱེད་རིན་ཆེན་འབྱུང་ལྡན་གྱི་དབུ་རྒྱན་ཅན་དཀར་པོ་ཆེན་པོ་དབྱུག་པ ་དཀར་པོ་འཛིན་པའོ།། ནུབ་ཏུ་པདྨ་མཐར་བྱེད་འོད་དཔག་མེད་ཀྱི་དབུ་རྒྱན་ཅན་དམར་པོ་ཆེན་པོ་ཆུ་སྐྱེས་དམར་པོ་འཛིན་པའོ།། བྱང་དུ་བགེགས་མཐར་བྱེད་མི་བསྐྱེད་པོའི་དབུ་རྒྱན་ཅན་སྔོན་པོ་ཆེན་པོ་ཁ་དགྱེས་པའི་རྡོ་རྗེ ་འཛིན་པའོ།། དབང་ལྡན་དུ་མི་གཡོ་བ་ནགོ་པོ་ཆེན་པོ་རལ་གྲི་འཛིན་པའོ།། མེར་འདོད་པའི་རྒྱལ་པོ་ནག་པོ་ཆེན་པོ་རྡོ་རྗེ་ལྕགས་ཀྱུ་འཛིན་པའོ།། བདེན་བྲལ་དུ་དབྱུག་པ་སྔོན་པོ་ནག་པོ་ཆེན་པོ་དབྱུག་པ་སྔོན་པོ་འཛིན་པའོ།། ་རླུང་དུ་སྟོབས་པོ་ཆེ་ནག་པོ་ཆེན་པོ་རྩེ་གསུམ་འཛིན་པ་སྟེ། མི་གཡོ་བ་ལ་སོགས་པ་རྣམས་ནི་མི་བསྐྱོད་པའི་དབུ་རྒྱན་ཅནོ།། སྟེང་དུ་གཙུག་ཏོར་འཁོར་ལོས་སྒྱུར་བ་སེར་པོ་བདག་པོ་རྣམ་པར་སྣང་མཛད་དེ་འཁོར་ལོ་སེར་པོ་འཛིན ་པའོ། འོག་ཏུ་གནོད་མཛེས་རྒྱལ་པོ་དུ་བའི་མདོག་ཅན་ཐུགས་ཀྱི་དབང་པོས་དབུ་རྒྱན་པ་གཏུན་ཤིང་འཛིན་པ་འཇིགས་པར་བྱེད་པ་བསྡམ་པར་བྱ་སྟེ། ཁྲོ་བོ་དེ་རྣམས་སྤྱན་གསུམ་པ་སྐྲ་སེར་སྐྲ་གྱེན་དུ་བརྫེས་པ། སྣ་ཚོགས ་པའི་སྦྲུལ་གྱི་བརྒྱན་པ། ཕྱག་གཉིས་པ། ཞལ་གཅིག་པ། ཐུང་ཞིང་གསུས་ཁྱིམ་ཆེ་བ། གཡོན་པ་ན་སྡིགས་འཛུབ་དང་བཅས་པའི་ཞག་པ་འཛིན་པ། རྣམ་པར་འགྱུར་བའི་ཞལ་ཅན་བསམ་པར་བྱའོ།། འོན་ཀྱང ་འདོད་པ་ཅན་དང་། མི་གཡོ་བ་ནི་རོལ་པ་སྟེ་ལྷའི་རྒྱན་གྱིས་བརྒྱན་པའོ།། སླར་ཐམས་ཅད་སྣ་ཚོགས་པདྨ་དང་ཉི་མ་དང་གཡོན་བརྐྱང་བའི་སྟོབས་ཀྱི་གནས་པར་བལྟ་བར་བྱའོ།། དེ་ལྟར་ཁྲོ་བོའི་རྒྱལ ་པོ་བཅུ་པོ་རྣམས་མཚུངས་པར་རང་རང་གི་གན་སུ་སྤྲུལ་པའི་བདག་ཉིད་གཤིན་རྗེ་མཐར་བྱེད་ལ་སོགས་པའི་ཁྲོ་བོ་བཅུའི་གཟུགསུ་བཀོད་ནས་མངོན་དུ་ཕྱོགས་པར་གྱུར་པས་ཐལ་མོ་སྦྱོར་བ་བྱས་ནས་རྐང་པ་བརྒྱད་པའི་ངང་སྙིང་པོ ་དང་ཉེ་བའི་སྙིང་པོའི་སྔགས་ཀྱིས་སྔོན་དུ་བསྟོད་དེ། བདག་ཅག་རྣམས་ཀྱིས་ཅི་ཞིག་བགྱི་ཞེས་སྨྲ་བ་བལྟ་བར་བྱའོ།། དེ་ནས་ཞི་བ་ལ་སོགས་པའི་ལས་ཀྱི་དབྱེ་བས་བཀའ་སྦྱིན་ཏེ། ཨོཾ་སུ~ཾ་མ་བྷ་ནི་སུ་མ་བྷ་ནི་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞ ་བ་ཡ་གྲྀཧྞཱ་པ་ཡཱ་ཧཱུཾ། ཨཱ་ན་ཡ་ཧོཿབྷ་ག་ཝནྡི་དྷཱ་རཱ་ཛཱ་ཧཱུཾ་ཕཊ་ཞེས་མཁའ་འགྲོ་མ་རྡོ་རྗེ་གུར་ལས་གསུངས་པའི་སྔགས་ཀྱི་བཀའ་སྦྱིན་པར་བྱའོ།། རྡོ་རྗེ་འཛིན་པའི་བཀའ་ཡང་དག་པར་བཟུང་ནས་དེ་དང་དྭེ་རཾ་རང་ཉིད་སོང་སྟེ། དབང ་བོ་ལ་སོགས་པའི་བགེགས་ཀྱི་ཚོགས་རྣམས་མགྲིན་པོ་རྡོ་རྗེའི་ཞགས་པས་བཅིངས་ཤིང་རང་རང་གི་མཚོན་ཆ་རྣམས་ཀྱིས་སྐྲག་བཞིན་དུ་བཟུང་ནས་ཕྱོགས་བཅུའི་སྤྲུལ་པ་རྣམས་ལ་གཏད་དེ་རྡོ་རྗེ་འཛིན་པ་ལ་མངོན་དུ་ཕྱོགས ་ནས་གནས་པར་བལྟའོ།། དེ་ལ་བགེགས་ཀྱི་ཚོགས་འདི་རྣམས་ནི་དབང་པོ་དཀར་པོ་ས་བསྲུངས་དཀར་པོ་ལ་ཞོན་པ་མིག་སྟོང་པ་ལུས་མཛེས་པ་རིན་པོ་ཆེའི་ཅོད་པན་ནོ།། གཤིན་རྗེ་ནག་པོ་མ་ཧེ་ལ་ཞེན་པ་སྭཱ་སེར་སྐྱ་སྐྱེ ་དུ་བརྫེས་པ་ཐུང་ཞིང་གསུས་ཁྱིམ་ཆེ་བའོ།། ཆུ་ལྷ་དཀར་པོ་ན་མཁའི་མདོག་ཅན་གྱི་རུ་སྦལ་ལ་ཞོན་པ་ལུས་མཛེས་ཤིང་མགོ་བོས་གདེངས་ཀ་དང་ལྡན་པའོ།། ལུས་ངན་སེར་པོ་མི་ལ་ཞོན་པ་ལུས་མཛེས་པ་རིན་པོ་ཆེའི་ཅོད་པནོ།། ་དབང་ལྡན་དཀར་པོ་གླང་པོ་ལ་ཞོན་པའི་རལ་པའི་ཅོད་པན་ཅན་ཐུང་ཞིང་གསུས་པ་ཆེ་བའོ།། མེ་ལྷ་དམར་པོ་ར་ལ་གནས་པ་མགོ་བོར་རལ་པའི་ཅོད་པན་ཅན་ལུས་ཐུང་བའོ།། སྲིན་པོ་དུ་བའི་མདོག་ཅན་རོ་ལ་གནས་ཤིང ་སྐྲ་གྲོལ་བ་ཐུང་བའོ།། རླུང་ལྷ་སྔོ་བསངས་ཁ་ཤྭ་སྡེ་བོ་ལ་གནས་པ་རིན་པོ་ཆེའི་ཅོད་པན་ཅན་ལུས་མཛེས་པའོ།། སྟེང་དུ་མེས་པོ་སེར་པོ་ངང་པ་ལ་ཞོན་པ་རལ་པའི་ཅོད་པན་ཅན་ཐུང་ཞིང་གསུས་པ་ཁྱིམ་ཆེ་བའོ།། འོག་ཏུ་སའི་ལྷ་མོ་སེར ་མོ་འདམ་སྐྱེས་ལ་གནས་པ་ལུས་མཛེས་པ་རིན་པོ་ཆེའི་ཅོད་པན་ནོ།། བགེགས་འདི་རྣམས་ནི་གཤིན་རྗེ་གཤེད་ལ་སོགས་པ་རྣམས་ཀྱིས་བཟུང་བ་ལས་བྲེང་ཤ་མཐོན་ཏེ་གཞན་དུ་སྐྱབས་ཚོལ་བར་བལྟའོ།། དེའི་རྗེས་སུ་རང ་གི་སྙིང་གའི་ས་བོན་ལས་ཁྲོ་བོ་སྨད་གདུང་གི་རྣམ་པ་སྐུ་མདོག་ནག་པོ་འཇིགས་པ་ཆེན་པོ་འཇིག་དུས་ཀྱི་མེ་ལྟེར་བཟོད་པར་དཀའ་བ་བདུད་རྩི་འཁྱིལ་པའི་རྣམ་པ་ཅན་སྤྲོས་ཏེ་བགེགས་ཀྱི་ཚོགས་ཀྱི་མགོ་བོར་བསམས་ནས་བཀའ་བསྒོས ་པ་ལས། ཨོཾ་གྷ་གྷ། གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཱན། ཀཱི་ལ་ཡ་ཀཱི་ལ་ཡ། སརྦ་པཱ་པ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི། སརྦ་དུཥྚནྡི་གྷྲྀ་ནཱཾ་ཀ་ཡ་ཝཱཀ་ཙིཏྟ་བཛྲོ་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཞེས་པའི་སྔགས་ཀྱིས་ཕུར་བུ་གདབ་བོ།། ་དེའི་རྗེས་སུ་ཁྲོ་བོ་ཐམས་ཅད་ཀྱི་བདག་ཉིད་ཀྱི་མཚན་མ་ཡོངསུ་གྱུར་པབ་རྡ་རྗེ་ཐོ་བས་བརྡུང་།། ཨོཾ་བཛྲ་མུངྒ་ར་བཛྲ་ཀཱི་ལཱ་ནཱ་ཀོ་ཊ་ཡ་ཨཱ་ཀོ་ཊ་ཡ་ཧཱུཾ་ཕཊ་ཞེས་པ་བརྡུང་བའི་སྔགས་ཏེ། སྔགས་འདིས་ཕུར་བུ་འདི ་ཇི་སྲིད་འཛིན་མའི་མཐིལ་དུ་སོན་པར་གྱུར་པར་གདབ་པ་སྟེ་ཕུར་བུའོ།། དེ་ནས་རང་རང་གི་སྤྲུལ་པ་རྣམས་ཀྱི་ལྷན་ཅིག་ཏུ་ཁྲོ་བ་སྤྲོས་པའི་མེ་རྣམས་ཀྱིས་བགེགས་འཁོར་དང་བཅས་པ་བསྲེགས་ཏེ་ལྷག་མ་མེད་པར་བྱས་པར་བལྟའོ།། དེ་ལྟར་བརྡུད ་ནས་ལྷག་མེད་པར་བྱས་ཏེ་བགེགས་མེད་པར་གྱུར་པའི་ཕྱི་ནས། སྔོན་དུ་རེ་ཕས་ཉི་མ་རྣམས་བསྒོམས་ནས། ཉི་དེར་ཧཱུཾ་བྱུང་སྣ་ཚོགས་རྡོ་རྗེ་ཆེ།། རྡོ་རྗེ་དེ་ཉིད་ཀྱིས་ནི་རཱ་བ་དང་།། གུར་བཅིངས་པ་ཡང་རྣམ་པར་བསྒོམ་པར་བྱ།། ་འདིར་ཡང་ཡིག་གིས་རྡོ་རྗེའི་མདའ་དང་། དྲཱ་བ་དང་རྡོ་རྗེའི་བླ་རེ་དང་། རྡོ་རྗེའི་རང་བཞིན་གྱི་ས་གཞི་ཡང་སྟེ། རྒྱ་མཚོའི་མཚམས་ཀྱི་མཐིལ་ལ་ཐུག་པར་བསམ་པར་བྱའོ་ཞེས་པ་བསྲུང་བའི་འཁོར་ལོའོ།། དེ་ནས་འཆང་པར ་འགྱུར་བའི་རིམ་གྱིས། གང་ཕྱིར་ཡིད་ཀྱིས་མི་བསྒོམ་པར།། འགྲོ་བ་ཐམས་ཅད་བསྒོམ་པར་བྱ། ཞེས་བྱ་བ་ལ་སོགས་པ་བསྲུང་བ་ཆེན་པོ་སྟོང་པ་ཉིད་རྣམ་པར་བསྒོམས་ནས་ཨོཾ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝཱཏྨ་ཀོ་ཧཱུཾ། ཞེས་པ་དངོས་པོ ་མ་ལུས་པའི་སྙིང་པོ་བསྡུས་པའི་སྔགས་བརྗོད་པར་བྱའོ།། དེ་ནས་བསྲུང་བའི་འཁོབོ་དང་། ཁམས་གསུམ་པོ་དང་། རཱ་བ་ལ་སོགས་པ་སྣང་བ་མེད་པར་བལྟའོ།། དེའི་དབུས་སུ་ན་མཁའ་ཁྱབ་པའི་ཤེས་རབ་ཨེ་ཡིག་གི་རྣམ་པ་ཅན ་དཀར་པོ་བསྒོམ་པར་བྱའོ།། དེའི་དབུས་སུ་སྣ་ཚོགས་རྡོ་རྗེའི་སྟེགས་བུའི་དབུས་སུ་ཡཾ་ཡིག་ལས་སྐྱེས་པའི་རླུང་གི་དཀྱིལ་འཁོར་སྔོན་པོ་ཟླ་བ་ཕྱེད་པའི་རྣམ་པ། དེ་ནས་རཾ་ཡིག་ལས་སྐྱེས་པའི་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ། དེ ་ནས་བཾ་ཡིག་ལས་སྐྱེས་པའི་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། དེའི་སྟེང་དུ་ལ~ཾ་ཡིག་ལས་སྐྱེས་པའི་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ། དེའི་དབུས་འཇུག་པའི་རྣམ་པར་ཤེས་པོ་རིག་པར་བྱས་ནས་འབྱུང་བ་ཆེན་པོའི་དཀྱིལ་འཁོར་དེ ་ཐམས་ཅད་ཡོངསུ་གྱུར་པ་ལས་སྐད་ཅིག་གི་ཁང་པ་བརྩེགས་པ་དུར་ཁྲོད་བརྒྱད་ཀྱིས་བརྒྱན་པ་བསམ་པར་བྱ་སྟེ། དེ་ལ་གོ་རི་མ་ཇི་ལྟ་བ་བཞིན་དུ། ཤིང་དང་། གནོད་སྦྱིན་དང་། ཕྱོགས་སྦྱོང་དང་། ཀླུ་དང་། སྤྲིན་དང་། རི་དང་། མཆོད ་བརྟེན་དང་ལྡན་པའི་དུར་ཁྲོད་བརྒྱད་བཤད་པར་བྱ་སྟེ། ཤར་དུ་གཏུམ་དྲག་ཅེས་བྱ་བའི་དུར་ཁྲོད་དོ།། དོར་ཤིང་ཤི་རཱི་ཥ་དང་། གནོད་སྦྱིན་གླང་པོའི་གདོང་དཀར་པོ་དང་། ཕྱོགས་སྐྱོང་བརྒྱ་བྱིན་དཀར་པོ་དང་། ཀླུ་ནོར་རྒྱས་སེར་པོ་དང་། ་སྤྲིན་སྒྲོགས་པ་ཞེས་བྱ་བ་ཁ་དོག་སྣ་ཚོགས་པ་དང་། རི་རབ་གྲུ་བཞི་པ་རིན་པོ་ཆེའི་རང་བཞི་དང་། མཆོད་རྟེན་དཀར་པོ་རྡོ་རྗེ་ཞེས་བྱ་བ་ནས་སོ།། ལྷོར་ལྷག་མ་ཅན་ཞེས་བྱ་བའི་དུར་ཁྲོད་ཆེན་པོའོ།། དེར་ཤིང་ཙུ་ཏ་དང་། གནོད་སྦྱིན་མ ་ཧེའི་གདོང་བ་ཅན་ནག་པོ་དང་། ཕྱོགས་སྐྱོང་གཤིན་རྗེ་ནག་པོ་དང་། ཀླུ་པདྨ་དཀར་པོ་དང་། སྤྲིན་འཁྱིལ་པ་ཁ་དོག་སྣ་ཚོགས་པ་དང་། རི་མ་ལ་ཡ་དཀར་པོ་དང་། མཆོད་རྟེན་ནག་པོ་རྡོ་རྗེ་ཞེས་བྱ་བ་གནསོ།། ནུབ་ཏུ་འབར་ཞིང་འཁྲུག ་བ་ཞེས་བྱ་བའི་དུར་ཁྲོད་ཆེན་པའོ།། དེར་ཤིང་མྱ་ངན་མེད་དང་། གནོད་སྦྱིན་ཆུ་སྲིན་གྱི་གདོང་བ་ཅན་དཀར་པོ་དང་། ཕྱོགས་སྐྱོང་ཆུ་ལྷ་དཀར་བ་དང་། ཀླུ་ཀཀྵོ་ཀ་དམར་པོ་དང་། སྦྱིན་འཇིགས་པ་ཞེས་བྱ་བ་ཁ་དོག ་སྣ་ཚོགས་པ་དང་། རི་ཀཻ་ལ་ཤ་དཀར་པོ་དང་། མཆོད་རྟེན་དཀར་པོ་ཆགས་པའི་རྡོ་རྗེ་ཞེས་བྱ་བ་གན་སོ།། བྱང་ངུ་རི་བོའི་ཕུག་ཅེས་བྱ་བའི་དུར་ཁྲོད་ཚོན་པོའོ།། དེར་ཤིང་ཨ་ཤྲཱིདྠ་དང་། གནོད་སྦྱིན་མའི་གདོང་པ་ཅན་དཀར་པོ་དང ་ཕྱོགས་སྐྱོང་ལུས་ངན་སེར་པོ་དང་། ཀླུ་འཇོག་པོ་ནག་པོ་དང་། སྤྲིན་འུར་འུར་སྒྲོགས་པ་ཁ་དོག་སྣ་ཚོགས་པ་དང་། རི་མན་དར་ལྗང་གུ་དང་། མཆོད་རྟེན་དཀར་པོ་འདུ་བྱེད་རྡོ་རྗེ་ཞེས་བྱ་བ་གནསོ།། དབང་ལྡན་དུ་དཔལ་མོའི་ནག ་ཞེས་བྱ་བའི་དུར་ཁྲོད་ཆེན་པོའོ།། དེ་རཾ་ཤིང་ནྱ་གྲོ་དྷ་དང་། གནོད་སྦྱིན་པ་ལིང་གི་གདོང་ཅན་དཀར་པོ་དང་། ཕྱོགས་སྐྱོང་དབང་ཕྱུག་ཆེན་པོ་དཀར་པོ་དང་། ཀླུ་དུང་སྐྱོང་ཞེས་བྱ་བ་སེར་པོ་དང་། སྤྲིན་གཏུམ་པོ་ཞེས་བྱ་བའི་ཁ་དོག ་སྣ་ཚོགས་པ་དང་། རི་དབང་ཆེན་ནག་པོ་དང་། མཆོད་རྟེན་དཀོར་པོ་ཐུགས་ཀྱི་རྡོ་རྗེ་ཞེས་བྱ་བ་གནས།། མོར་དྲག་ཏུ་རྒོད་པ་ཞེས་བྱ་བའི་དུར་ཁྲོད་ཆེན་པོའོ།། དེར་ཤིང་ཀ་རཉྫ་ཀ་དང་། གནོད་སྦྱིན་རའི་གདོང་པ་ཅན་དམར ་པོ་དང་། ཕྱོགས་སྐྱོང་མེ་ལྷ་དམར་པོ་དང་། ཀླུ་པདྨ་ཆེན་པོ་སྔོ་བསངས་དང་། སྤྲིན་སྟུག་པོ་ཞེས་བྱ་བོ་ཁ་དོག་སྣ་ཚོགས་པ་དང་། རི་སྤོས་དང་དོད་ལྡན་པ་སེར་པོ་དང་། མཆོད་རྟེན་དམར་པོ་སྐུ་རྡོ་རྗེ་ཞེས་བྱ་བ་གནས།། བདེན་བྲལ་དུ་འཇིག ་བའི་མུན་པ་ཞེས་བྱ་བའི་དུར་ཁྲོད་ཆེན་པོའོ།། དེར་ཤིང་ལ་ཏཱ་པན་ཊི་དང་། གནོད་སྦྱིན་ནག་པོ་དོམ་གྱི་གདོང་པ་ཅན་དང་། ཕྱོགས་སྐྱོང་སྲིན་པོ་ནག་པོ་དང་། ཀླུ་མཐའ་ཡས་ཞེས་བྱ་བ་དཀར་པོ་དང་། སྤྲིན་གང་བ་ཅན་ཞེས་བྱ་ཁ་དོག་སྣ་ཚོགས་པ ་དང་རི་གསེར་ཞེས་བྱ་བ་དང་། མཆོད་རྟེན་དཀར་པོ་རིན་ཆེན་རྡོ་རྗེ་ཞེས་བྱ་བོ་གནསོ།། རླུང་དུ་ཀི་ལི་ཀི་ལི་སྒྲོགས་པའི་དུར་ཁྲོད་ཆེན་པོའོ།། དེར་ཤིང་ཨརྫུ་ན་དང་། གནོད་སྦྱིན་ལྗང་གུ་རི་དགས་ཀྱི་གདོང་བ་ཅན་ཞེས་བྱ་བ་དང་། ཕྱོག ་སྤྱོང་རླུང་ལྷ་སྔོ་བསངས་དང་། ཀླུ་རིགས་ལྡན་ཁྲ་བོ་དང་། སྤྲིན་ཆར་འབེབས་ཞེས་བྱ་བ་ཁ་དོག་སྣ་ཚོགས་པ་དང་། རི་དཔལ་གྱི་རི་ཞེས་བྱ་བ་སྔོན་པོ་དང་། མཆོད་རྟེནྡོ་ལྗང་ཀུ་ཆོས་ཀྱི་རྡོ་རྗེ་ཞེས་བྱ་བ་གནསོ།། གནོད་སྦྱིན་འོ ་རྣམས་ནི་རྫུ་འཕྲུལ་པོ་ཅན་ཞལ་གཅིག་པ་ཕྱག་གཉིས་པ་ཤིང་ལས་ལུས་ཕྱེད་འཐོན་པ་དག་སྟེ། ཕྱག་གཡོན་པ་རྣམས་ན་ཁྲག་གིས་ཡོངསུ་གང་བའི་མིའི་ཐོད་པ་འཛིན་ཞིང་གཡས་པའི་ཕྱག་གིས་པདྨས་རོ་སྣ་ཚོགས་པ་འཛིན ་པའི་རྣམ་པར་བསམས་པར་བྱའོ།། འདི་རྣམས་ནི་རྩཝ་ལྗང་གུ་དང་། ཤིང་སྣ་ཚོགས་པ་སྟུག་པོ་དང་། མྱུ་གུ་དང་། འདབ་མ་དང་། མེ་ཏོག་རྣམ་སར་པས་བརྒྱན་ཞིང་། བྱ་རོག་དང་། ཀོ་ཀི་ལོ་དང་། འུག་པ་དང་། ནེ་ཙོ་དང་། ་ཤ་རི་ཀ་དང་། པོ་ཏ་ཀ་དང་། བོ་ཏི་ཀཱ་དང་། བྱ་རྒོད་ལ་སོགས་པའི་སྣ་ཚོགས་པའི་བྱའི་ཚོགས་ཀྱིས་ཉེ་བར་བརྒྱན་པ། སེང་གེ་དང་། སྤྱང་ཀི་དང་། སྟག་དང་། དོམ་དང་། ཕགས་ལ་སོགས་པའི་རི་དགས་སྣ་ཚོགས་པས་ཡོངས ་གང་གྷ། ཏྲཾ་བཟང་པོ་ཅན་གྱི་མེ་ཏོག་སྣ་ཚུགས་པའི་དྲི་ཞིམ་པོས་འཁྲུགས་པར་བྱས་པ། སྦྲུལ་སྣ་ཚོགས་པའི་ལང་ལོང་གི་འཇིགས་པར་བྱུད་པ། རུས་པ་དང་། མག་བོ་དང་། ཀེང་རུས་དང་། ཐོད་པཱ་དང་། ་རོ་ལ་སོགས་པ་རྣམས་ཀྱིས་གནས་སྣ་ཚོགས་པའི་ཡུལ་སོ་སོར་བརྒྱན་ཞིང་། སླར་ཡང་ཡུལ་སོ་སོ་རྣམསུ་ལྷ་ཁང་དང་། གཙུག་ལག་ཁང་དང་བསམ་གཏན་གྱི་ཁང་པ་དང་། རྫིང་བུ་རྣམས་ཀྱིས་ཉེ་བར་བརྒྱན་པ། དམ་ཚིག ་གིས་བརྡ་དང་ལྡན་པའི་སེམས་ཀྱིས་ཚོགས་པའི་ཨ་བ་དྷུ་དྷི་བ་དང་། ཨོཾ་ཝ་དྷཱུ་ཏྲཱཾ་མོ་དང་། བསམ་གཏན་པ་དང་། བསམ་གཏན་མ་དང་། གནོད་སྦྱིན་དང་། གནོད་སྦྱིན་མོ་དང་། ཡི་དགས་དང་། ཡི་དགས་མོ་དང་། སྲིན་པོ་དང ་སྲིན་མོ་དང་། གྲུལ་བྲམ་དང་། གྲུལ་བུམ་མེ་དང་། འབྱུང་པོ་དང་། འབྱུང་མི་དང་། མཁའ་འགྲོ་དང་། མཁའ་འགྲོ་མ་དང་། དཔའ་བྷྱོ་དང་། དཔ་མོ་དང་ལྡན་པ། རྒོད་པ་དང་། སྒྲེགས་པ་དང་། རྣམ་པར་སྒེག་པ་དང ་འབྱུང་པ་དང་། འོ་བྱེད་པ་དང་། སེནཱ་མོ་འདེབས་པའི་ཀུན་ཏུ་དགའ་བ་ལ་སོགས་པ་ཐོབ་པའི་སྒྲཁའ་འགྲོ་དང་། མཁའ་འགྲོ་མའི་ཚོགས་རྣམས་ཀྱིས་ཡོང་སུ་གང་བ། དེའི་རྗེས་སུ་ཀུན་ཏུ་དགའ་བའི་སེམས་ཀྱིས་ཁ ་ཅིག་རྡོ་རྗེའི་རྐང་པས་གོར་བྱེད་དོ།། ཁ་ཅིག་ནི་རྡོ་རྗེའི་གླུ་ལོན་ནོ།། ཁ་ཅིག་ནི་སྣ་ཚོགས་པའི་དམ་ཚིག་གིས་ཀུན་ཏུ་སྤྱོད་པ་ལ་ཀུན་ཏུ་སྤྱོད།། ཁ་ཅིག་ནི་བདུད་རྩི་ལྔ་དང་སྒྲོལ་མ་ལྔ་ཟ་བར་བྱེད་དོ།། ཁ་ཅིག་ནི་སྣ་ཚོགས་པའི ་གོས་སྟོབས་པར་བྱེད་དོ།། ཁ་ཅིག་ནི་སྣ་ཚོགས་པའི་སེམས་ཅན་རྣམས་སྐྲག་པར་བྱེད་དོ།། ཁ་ཅིག་ཆང་འཐུང་བར་བྱེད་པར་ཡང་འདིར་བལྟ་བར་བྱའོ།། གཞན་ཡང་། ཛྲ་དྷཱ་ཀ་དང་། ཌ་མ་རུ་དུང་། རྔ་བ་ཊ་ཧ་དང་། རྔ་མརྡ་ལ ་དང་། རྔ་ཛྷ་ཛྷ་ར་དང་། པི་ཝང་དང་། གླིང་བུ་དང་། ཆུ་ལང་ལ་སོགས་པའི་སིལ་སྙོན་སྣ་ཚོགས་པ་རྣམས་ཀྱི་སིལ་སྙན་འཁྲོལ་བར་བྱེད་པ། སླར་གྲུབ་དང་། རིག་པ་འཛིན་པ་དང་། རིག་པ་འཛིན་མ་དང་། ལྟོ་ཕྱེ་ཆེན་པོ་དང་། ་ལྟོ་འཕྱེ་ཆེན་མོ་དང་། མི་འམ་ཅི་དང་། མི་འམ་ཅི་མོ་དང་། དྲི་ཟ་དང་། དྲི་ཟ་མོ་ལ་སོགས་པ་དུ་མ་དང་། ལྷ་དང་། ལྷ་མ་ཡིན་དང་། ན་མཁའ་ལྡིང་གི་ཚོགས་རྣམས་འཁྲིགས་ཤིང་ཀི་ལི་ཀི་ལིའི་སྒྲ་དང་། འཇིགས་ཤིང ་བུར་འུར་སྒྲོགས་པས་ཤིན་ཏུ་འཇིགས་པར་བྱེད་པ། དེ་ནས་ཡང་གར་གྱི་རོ་དགུས་ཡིད་འཕྲོག་པར་བྱེད་པ། རོ་ལངས་དང་འབྱུང་པོའི་ཚོགས་དང་ལྡན་པའི་དུར་ཁོད་ཆེན་པོ་བརྒྱད་པོ་རྣམས་ནི་རྣམ་པར་ཤེས་པ་བརྒྱད་རྣམ་པར ་དག་པ་བསམ་པར་བྱའོ་ཞེས་པ་ཛཱ་ལན་དྷ་རི་པོའི་ཞབས་ཀྱིས་གསུངས་པ་སྟེ་དུར་ཁྲོད་དོ།། དེའི་དབུས་སུ་བཤད་པའི་རླུང་ལ་སོགས་པ་འབྱུང་བ་ཆེན་པོ་བཞི་ཡོངསུ་གྱུར་པ་ལས་ཁང་པ་བརྩེགས་པ་སྟེ། འདིའི་གྲུ་བཞི་ཉིད ་དང་། རྡོ་རྗེའི་ཐིག་ནི་དབང་པོ་ལྔ་རྣམ་པར་དག་པའོ།། སྒོ་བཞི་ནི་དྲན་པ་ཉེ་བར་བཞག་པ་བཞི་རྣམ་པར་དག་པའོ།། རྟ་བབས་བཞི་ནི་ཡང་དག་པར་སྤོང་བ་བཞི་རྣམ་པར་དག་པའོ།། སྟེགས་བུ་བཞི་ནི་རྫུ་འཕྲུལ་གྱི་རྐང་པ་བན ་རྣམ་པར་དག་པའོ།། གྲུ་བཞི་དང་། དོ་ཤལ་ཕྱེད་པ་ནི་སྟོབས་ལྔ་རྣམ་པར་དག་པའོ།། འཕགས་པའི་ལམ་ཡན་ལག་བརྒྱད་རྣམ་པར་དག་པ་ལས་ཀ་བ་བརྒྱད་དུ་རབ་ཏུ་བརྟག་སོ།། བྱང་ཆུབ་ཀྱི་ཡན་ལག ་བདུན་རྣམ་པར་དག་པ་ལས་སྒོ་ལོགས་དང་མདའ་ཡབ་དང་། གདུགས་དང་རྔ་ཡོབ་དང་བླ་རེ་དང་དྲིལ་བུ་དང་བ་དན་རྣམས་ཀྱང་།། དེ་ལྟར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམ་པར་དག་པ་ལས་རྟེན་ཅིང་འབྲེལ་བར་འབྱུང་བ་ཐར ་པ་ཆེན་པོའི་གྲོང་རྣམ་པར་སྣང་མཛད་རྣམ་པར་དགུ་པ་འོད་གསལ་བའི་རང་བཞིན་ཏེ་རྩེ་མོ་བཅུ་གཉིས་པའི་སྣ་ཚོགས་རྡོ་རྗེའི་སྟེགས་བུའི་སྟེང་དུ་བསམ་པར་བྱའོ།། དྲི་ལ་ཤར་གྱི་རྩེ་མོ་གསུམ་ནི་དཀར་པོ་དང་། ལྷོ་སེར་པོ་དང ་ནུབ་དམར་པོ་དང་། བྱང་ལྡིང་གུ་དང་། སྟེགས་བུའི་དབུས་ཀྱི་ཁ་དོག་ནི་སྔོན་པོར་བསམ་པར་བྱའོ།། གླུ་བཞི་དང་ཐིག་ལ་སོགས་པ་རྣམས་ནཱི་ཏྲཱཾ་ལན་དྷ་རི་བའི་ཞབས་ཀྱི་མཛད་པའི་བསྡུས་པའི་རྣམ་པར་བཤད་པ་ལས་ཁོང་དུ་ཆུད ་བར་བྱའོ།། ད་ནི་ལྷ་མཽ་བཅུ་དྲུག་པ་རྣམས་རྣམ་པར་དགོད་པ་བརྗོད་པར་བྱའོ།། རྡོ་རྗེ་ཐིག་ཉིད་དང་། རྩིག་པ་ལྔ་པོ་དེ་རྣམས་ལས་ཕྱི་རོལ་གྱི་ལྷའི་སྣམ་བུ་ལ་སྒོའི་རྩ་བ་ནས་བརྩམས་ཏེ་ལོགས་གཉིས་གཉི་སུ་གཱ་ཡས་བསྐོར་གྱིས ་རྗེས་སུ་རིམ་པས་རྣལ་འབྱོར་མོ་གཉིས་གཉིས་ཏེ་ཟླ་བ་དང་ཉི་མའི་དབུས་སོན་པའི་རང་རང་གི་མིང་གི་ཡི་གེ་དང་བཻ་ཟླ་ཆོས་དང་ཐིག་ལེ་དང་ལྡན་པའི་ས་བིན་ལས་རྫོགས་པའི་མཆོད་པའི་ལྷ་རྣམས་རང་རང་གི་མིང་གི་རྣམ་པ་ཅན་དུ ་གནས་པ་ནི་འདི་ཝཱ་སྟེ། པི་འངྐ་མཱ་ནི་སེར་མོ་དང་། གླིང་བུ་མ་ནི་དམར་མོ་དང་། རྔ་ཟླུམ་མ་ནི་དུ་བའི་མདོག་དང་། རྫ་རྔ་མ་ནི་དཀར་མོ་དང་། བཞད་མ་ནི་སེར་མོ་དང་། སྒེག་མོ་ནི་དམར་མོ་དང་། གླུ་ནི་དམར་མོ་དང་། གར་མཱ་ན ་ཁ་དོག་སྣ་ཚོགས་མཾ་དང་། མེ་ཏོག་མ་ནི་དཀར་མོ་དང་། བདུག་བྱོས་མ་ནི་ནག་མོ་དང་། མར་མེ་མ་ནི་གསེར་ལྟ་བུ་དང་། དྲི་མྱཱ་ནི་སེར་མོ་དང་། མེ་ལོང་མ་ནི་དཀར་མོ་དང་། རོ་མ་ནི་དམར་མོ་དང་། རེག་བྱ་མ་ནི་ལྗང ་གུ་མ་དང་། ཆོས་མཱ་ནཱི་དཀར་མོ་སྟེ་འདི་རྣམས་ཐམས་ཅད་ཟླ་བའི་གདུན་ལ་གནས་པ་ཆ་བཅུ་དྲུག་རྣམ་པར་དག་པར་བལྟ་བར་བྱའོ།། འདི་རྣམས་ཀྱིས་བརྒྱན་པའོ་ཞེས་པ་ཁང་པ་བརྩེག་ཤི་མ་ན་འདབ་མོ་སྣ་ཚོགས ་པའི་པདྨའི་ཟེའུ་འབྲུའི་སྟེང་དུ་བདུད་བཞི་གན་རྒྱལ་དུ་གཡས་དང་གཡོན་དུ་མགོ་བོ་སྟེ། ཕུང་པོ་དང་། ཉོན་མོངས་པ་དང་། འཆི་བདག་དང་། ལྷའི་བུར་མངོན་པར་བརྗོད་པ་རྣམས་བལྟ་བར་བྱའོ།། དེ་ལ་ཕུང་པོའི་བདུད་ནི ་ཚངས་པ་དང་། ཉོན་མོངས་པའི་བདུད་ནི་ཁྱབ་འཇུག་དང་། འཆི་བདག་གི་བདུད་ནི་དབང་ཕྱུག་ཆེན་པོ་དང་། ལྷའི་བུའི་བདུད་ནི་ལྷའི་དབང་པོ་སྟེ། བདུད་བཞི་པོ་རྣམས་ཀྱི་སྙིང་གར་ཉི་མས་མནོན་པའོ།། ཤར་ལ་སོགས ་པའི་ཕྱོགས་ཀྱིས་འདབ་མ་རྣམས་ཚངས་པ་དང་། དབང་པོ་དང་། ཉེ་དབང་དང་། དྲག་པོ་རྣམ་སོ།། དབང་ལྡན་ལ་སོགས་པའི་ཕྱོགས་བྲལ་གྱི་འདེབས་མ་རྣམསུ་གཤིན་རྗེ་དང་། ལུས་ངན་དང་། བདེན་བྲལ་དང་། ཐགས ་བཟང་རིས་ཀྱང་ངོ་།། འདི་རྣམས་ཀྱི་སྙིང་གར་ཡང་ཟླ་བ་བརྒྱད་ཀྱིས་མནན་པ་སྟེ། འདབ་མ་སྣ་ཚོགས་པདྨ་ལ་སོགས་པ་ནས་ཐགས་བཟང་རིས་ཀྱིས་མཐར་ཐུག་པ་ནི་ཁང་པ་བརྩེགས་པ་རྫོགས་པའི་དུས་ཉིད་དུ་རྫོགས་པའོ།། ་གང་གི་ཕྱིར་ན་རྟེན་ཅིང་འབྲེལ་པར་འབྱུང་བ་བསམ་གྱིས་མི་ཁྱབ་པ་ཉིད་ཀྱི་ཕྱིརརོ།། སྙིང་གར་ཉི་མའི་སྟེང་དུ་ཨ་ཡིག་ལ་སོགས་པའི་དབྱངས་གཉིས་འགྱུར་ཡོངསུ་གྱུར་པས་མཚན་སུམ་ཅུ་རྩ་གཉིས་གསལ་བར་བྱེད་པའི་ཟླ་བའི་དཀྱིལ་འཁོར་མེ་ལོང་ལྟ་བུའི ་ཡེ་ཤེས་ཀྱི་རང་བཞིན་ནོ།། དེའི་སྟེང་དུ་ཀ་ལ་སོགས་པའི་ཡི་གེ་སུམ་ཅུ་རྩ་བནི་ཌ་ཌྷ་ད་དྷ་ཡ་ལ་ཞེས་པའི་ཡི་གེ་དྲུག་དང་བཅས་པ་ལུགསུ་འབྱུང་བ་དང་ལུགས་ལས་བཟློག་བླ་ཉིས་འགྱུར་དུ་བྱས་ནས་ཡི་གེ་བརྒྱད་ཅུ་ཡོངསུ་གྱུར་པ་ལས་ཉི་མའི ་དཀྱིལ་འཁོར་ཏེ་དཔེ་བྱད་བརྒྱད་ཅུ་གསལ་བར་བྱེད་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་དུ་བལྟའོ།། དེ་ཁ་སྦྱར་བའི་དབུས་སུ་ཧཱུཾ་དང་ཨཾ་གི་ས་བོན་གཉིས་ཡོངསུ་གྱུར་པའི་ཐོད་པ་དང་གྲི་གུག་དེ་དག་ཉིད་ཀྱི་མཚན་པ་ནི་སོ་སོར་རྟོགས་པའི ་ཡེ་ཤེས་སོ།། དེ་ནས་ས་བོན་ཉིད་ལས་རྣམ་པར་སྤྲོས་པའི་འོད་ཟེར་གྱི་དྲ་བ་རྣམས་ཀྱིས་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་སྣང་བ་བྱས་ནས་ཡང་བཀུག་སྟེ་དེ་ཉིད་དུ་ཞུགས་པ་ལས་ཐམས་ཅད་གཅིག་པ་ཉིད་ནི་བྱ་བ་གྲུབ་པའི་ཡེ ་ཤེས་སོ།། གཅིག་པ་ཉིད་ཡོངསུ་གྱུར་པས་སྐད་ཅིག་གིས་བདག་ཉིད་འཆད་པར་འགྱུར་བའི་སྐུ་མདོག་དང་མཚན་མ་ལ་ལོགས་པས་རྫོགས་པའི་རང་གི་འདོད་པའི་ལྷ་དཔལ་ཧེ་རུ་ཀའི་གཟུགས་སམ་ཕྱག་བཅུ་དྲུག་པ་དང་། ཕྱག་དྲུག་པ ་དང་། ཕྱག་བཞི་པ་དང་། ཕྱག་གཉིས་པ་རྒྱུ་རྡོ་རྗེ་འཛིན་པའི་གཟུགས་དང་། དེ་བཞིན་ཁོ་ནར་རྫོགས་པའི་བདག་མེད་ལ་སོགས་པ་ཕྲག་པར་འཁྱུད་པ་ནི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ་ཞེས་རྣམ་པ་ལྔས་མངོན་པར་རྫོགས་པ ་བྱང་ཆུབ་པའོ།། ཤར་ལ་སོགས་པའི་ཕྱོགསུ་རིམ་པས་སྙིང་གར་ཟླ་བ་རྣམས་ལ་དེ་བཞིན་ཁོ་ནར་ཟླ་བ་དང་ཉི་མ་སྦྱར་བའི་དབུས་སུ། གཾ་ཙཾ་བཾ་གྷྲྀ་པཾ་ཤཾ་ཙཾ་ཌཾ་ཞེས་པའི་ས་བོན་བརྒྱད་པོ་བལྟ་བར་བྱའོ།། དེ་ནས་ཡོངསུ་གྱུར་པའི་གོ་རཱི་ལ་སོགས་པ་རྣམས ་ཀྱི་མཚན་མ་ནི། གྲི་གུག་དང་། ཅང་ཏེའུ་དང་། རུས་སྦྲུལ་དང་། སྦྲུལ་དང་། སེང་གེ་དང་། དགེ་སློང་དང་། འཁོར་ལོ་དང་། རྡོ་རྗེ་སྟེ་ས་བོན་དེ་དག་ཉིད་ཀྱིས་བྱིན་གྱིས་བརླབས་པར་བསམ་པར་བྱའོ།། དེ་ཐམས་ཅད་ཡོངསུ་གྱུར་པའི་རྣམ་པ ་ལྔས་མངོན་པར་རྫོགས་པར་བྱང་ཆུབ་པས་གཽ་རཱི་ལ་སོགས་པ་ཡང་སྐུ་མདོག་དང་མཚན་མ་ལ་སོགས་པ་འཆད་པར་འགྱུར་བའི་རིམ་པས་རྫོགས་པར་བྱའོ་ཞེས་པ་རྒྱུའི་དཀྱིལ་འཁོར་རོ།། དེ་ལྟར་རང་གི་འདོད་པའི་ལྷའི་རྣམ་པ་རྫོགས་ནས ་བདྲུག་མེད་མཱ་ལ་སོགས་པའི་མཁའ་འགྲོ་མའི་འཁོར་ལོ་ཡང་སྟེ་རང་གི་རིག་མ་དང་ལྷན་ཅིག་རོ་གཅིག་ཏུ་སྙོམས་པར་ཞུགས་པར་བལྟ་བར་བྱའོ།། ཏིང་ངེ་འཛིན་དམ་ཚིག་གི་འོད་ཟེར་གྱིས་བཀུག་པའི་དྲི་ཟའི་སེམས་ཅན་བདེ་བ་ཆེན་པོའི་རང ་བཞིན་ཧོཿཡིག་དམར་པོའི་ཕྲེང་བ་གཉིས་ཀྱིས་བསྐོར་བ། འཁོར་ལོའི་མཁའ་འགྲོའི་ལམ་ནས་རབ་ཏུ་ཞུགས་ནས། བཅོམ་ལྡན་འདས་རང་གི་རིག་མ་དང་ལྷན་ཅིག་འདོད་ཆགས་ཆེན་པོས་རྗེསུ་ཆགས་པ་ལས་ཤིན་ཏུ་མཆོག་གི་བདེ་བ་ཆེན་པོའི ་རོར་ཞུ་བ་ས་བོན་གྱི་གཟུགས་ཀྱིས་གནས་པར་གྱུར་པའོ་ཞེས་པ་ཞུ་བ་ལྷུང་བའོ།། དེ་ནས་པུཀྐ་སཱི་ལ་སོགས་པའི་ལྷ་མོ་བཞི་པོ་རྣམས་འཁོར་ལོའི་བདག་པོ་མེད་པར་མཐོང་ནས་མྱ་ངན་གྱི་གདུངས་ཏེ་བདང་། ་ཅག་ནི་མགོན་མེད་པའོ་ཞེས་ཤེས་ནས་ཡིད་མི་བདེ་བ་ཆེན་པོ་ཐོབ་པས་ཤིན་ཏུ་སྨྲེ་སྔགས་ཀྱིས་ཐུགས་རབ་ཏུ་སད་པར་བྱེད་པའི་རྡོ་རྗེའི་གླུ་རྣམས་ཀྱིས་བཅོམ་ལྡན་འདས་སློང་བར་བྱེད་དོ།། ཁྱོད་བཞེངས་རྗེ་བཙུན་སྙིང་རྗེའི་ཡིད།། ཅེས་པ་ལ ་སོགས་པའི་ཚིགསུ་བཅད་པ་བཞིའི་དོན་བརྗོད་པར་བྱ་སྟེ། ཁྱོད་བཞེངས་རྗེ་བཅུ་ནི་སྙིང་རྗེའི་ཡིད།། པུཀྐ་སཱི་བདག་ཡོངས་སུ་སྐྱོབས།། སྟོང་ཉིད་རང་བཞིན་དོར་ནས་ནི།། བདེ་ཆེན་སྦྱོར་བས་བདག་འདོད་མཛོད།། ཞུ་བར་ལྷུང་བའི་ཏིང་ངེ་འཛིན ་ལས་བཞེད་པ་སྟེ་བདག་ལ་ཁྱོད་ཀྱིས་བྱམས་པ་ཆེན་པོའོ།། ཁྱོད་མེད་ན་ནི་བདག་འགུམ་པས།། ཀྱེ་རྡོ་རྗེ་ཁྱོད་བཞེངས་ཤིག། སྟོང་ཉིད་རང་བཞིན་ཉིད་དོར་ནས།། རི་ཁྲོད་མ་ཡི་བྱ་བོ་བསྒྲུབས།། ཤེས་པ་དག་ལ་ཁྱོད་ཀྱི་སྙིང་རྗེ་ཆེན་པོའོ།། ་དགར་ག་ཙོ་འཇིགས་རྟེན་འགྲོན་གཉེར་ན།། ། སྟོང་པ་ཉིད་ལོ་བཞུགས་སམ་ཅི།། ཁྱོད་མེད་ཕྱོགས་ནི་མི་འཚལ་བས།། གདོལ་པ་མོ་བདག་ཞུ་བ་བགྱིད།། ཅེས་པ་དེ་ལས་བཞེངས་ཤིག་སྟེ་བདག་ལ་ཁྱོད་ཀྱིས་དགའ་བ་ཆེན་པོ ་བདག་གིས་ཁྱོད་མི་འཁྲུལ་ཤེས།། ཀྱེ་མ་མིག་འཕྲུལ་ཅན་ཁྱོད་བཞེངས།། གཡུང་མོ་བདག་ནི་གྲོང་ཁྱེར་མ།། སྙིང་རྗེ་ཆད་པར་མ་མཛད་ཅིག། ཅེས་པ་བདག་ལ་ཁྱོད་ཀྱིས་བཏང་སྙོམས་ཆེན་པོའི་གནས་པའོ།། བཅོམ་ལྡན་འདས ་རང་གི་རིག་མ་དང་ལྷན་ཅིག་འདོད་ཆགས་ཆེན་པོ་རྗེ་སུ་ཆགས་པ་ལས་ཤིན་ཏུ་མཆོག་གི་བདེ་བ་ཆེན་པོར་རོར་ཞུ་བ་ས་བོན་གྱི་གཟུགས་ཀྱི་གནས་པར་གྱུར་པའོ་ཞེས་པ་འདིའི་དོན་རྣམ་པར་སྤྱད་པར་བྱ་སྟེ། ཅི་ཞུ་བ་དེ་ཐོག་མར་དེ་ཉིད་ཐ་མལ་པའི ་ལུས་མེད་པར་བལྟས་ནས་ཨེ་ཤེས་ཀྱི་སྣང་བ་རྡོ་རྗེའི་ཏིང་ངེ་འཛིན་གྱི་སྦྱོར་བས་གང་བཅོམ་ལྡན་འདས་ལྷན་ཅིག་སྐྱེས་པ་ཧེ་རུ་ཀ་ཡིན་ནམ། དེ་ཡོངས་སུ་གྱུར་པའི་ཕྱག་བཅུ་དྲུག་པ་ལ་སོགས་པའི་གཟུགས་ཡིན། གཉི་ག་ལྟར་ཡང་མི་རིགས ་བ་སྟེ། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་དག་ནི་རུས་པ་དང་། རྐང་ལ་སོགས་པ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ་ཞེས་ཁ་ཅིག་རྣམ་པར་རྟོག་ན། དྲི་ཟའི་སེམས་ཅན་རབ་ཏུ་ཞུགས་པ་ལས་ཞུ་བར་གྱུར་པ་དེ་ཉིད་དུ་ཞུ་བ་ཡིནོ།། ཇི་ལྟར ་ཡན་ལག་བཅུ་གཉིས་ལ་རྟེན་ནས་མ་དང་ཕ་ཡང་དག་པར་སྦྱོར་བ་ལས་ཁུ་བ་དང་ཁྲག་དེ་དག་འདྲེས་པར་གྱུར་པ་ནི་ཞུ་བ་ཡིན་པ་དེ་བཞིན་དུ་འདིར་ཡང་སྟེ། འདི་ལྟར་བཅོམ་ལྡན་འདས་ཞུ་བ་ཞེས་པ་དྲི་ཟའི་སེམས་ཅན་ཞུ་བ་ཡིན་པ་ན་བཙོ ་ལྡན་འདས་ཞུ་བའོ་ཞེས་སྨྲ་བ་ནི་རིགས་པ་མ་ཡིན་ནོ།། ཉེ་བར་བཏགས་པ་ལས་བཅོམ་ལྡན་འདས་དང་ལྷན་ཅིག་གཉིསུ་མེད་པར་བྱས་ནས་བརྗོད་པར་བྱ་སྟེ། དངོསུ་ན་ཞུ་བ་མ་ཡིནོ།། དེ་ལྟར་རིག་པ་ཡང་མ་ཡིན་ཏེ། ཞུ་བ་ལ ་སོགས་པ་མེད་པའི་ཕྱིར།། ཞུ་བ་ལྷུང་བའི་སྒྲས་སྔར་མེད་པའི་སེམས་ཅན་སྐྱེ་བ་ཡང་བརྗོད་པ་མ་ཡིནོ།། དེའི་ཕྱིར་ཞུ་བ་ལྷུང་བའི་སྒྲས་ཕྱག་བཅུ་དྲུག་པ་ལ་སོགས་པ་མ་ཡིན་ཞིང་ལྷན་ཅིག་སྐྱེས་པ་རྣམ་པར་བཞག་པར་བྱའོ།། ་འདི་ཉིད་མཚོ་སྐྱེས་ཞབས་ཀྱིས་གསུངས་པ་ནི། ས་བོན་གྱི་གཟུགས་ཀྱིས་གནས་པར་གྱུར་པ་ཞེསོ།། དེ་བཞིན་དུ་ཡང་ཛཱ་ལན་དྷ་རི་པའི་ཞབས་ཀྱིས་ལྷའི་རྣམ་པས་མ་དག་པའི་ལུས་མེད་པ་སྟེ། མ་དག་པའི་ལུས ་མེད་པ་ན་དག་པའི་སྤྲུལ་པའི་སྐུར་བརྟག་པ་ཙམོ།། དེ་ཡི་ཡང་མེད་པ་ན་བདུད་རྩི་ཞུ་བའི་ཐིགས་པ་བཞི་དུ་དལ་སྒྱུ་མ་ལྟ་བུའི་རྣམ་པར་ཤེས་པའི་གཟུགས་ཀྱིས་གནས་པ་སྟེ། འདི་ཉིད་སྒྱུ་མ་ལྟ་བུའི་རྣམ་པར་ཤེས་པའི་སྨོན་ལམ་གྱི་རྟེན་ནོ།། ཇི་ལྟར་སྒྲ ་མརང་དང་གཞན་གྱི་ཤེས་པ་དང་ཡང་དག་པར་རིག་པ་མེད་ན་ཡང་དོན་གྱི་བྱ་བ་བྱེད་དོ།། དེ་བཞིན་དུ་རྣམ་པར་ཤེས་པའི་སྒྱུ་མ་ནི་ཡུན་རིང་པོར་སྨོན་ལམ་གྱི་ཤུགས་ཀྱིས་དོན་བྱེད་པའི་དབང་གིས་བཞེངས་པ་སྟེ་རྨི་ལམ་སད་པ་བཞིན་དུ། དེ་ལ་འདིར ་བཞེངས་པའི་རིམ་པ་ནི་རྣམ་པ་ལྔའི་རབ་ཏུ་སྦྱོར་བ་ལས་ཏེ། དེར་བདུད་རྩི་ཞུ་བའི་ཐིག་པ་དང་འདྲ་བ་སྒྱུ་མ་ལྟ་བུའི་རྣམ་པར་ཤེས་པ་དེ་ཡོངསུ་གྱུར་པ་ལས་རྣམ་པར་ཤེས་པ་ལྔའི་རང་བཞིན་དེར་ཨཱ་ལི་ཡོངསུ་གྱུར་པའི་མེ་ལོང་ལྟ་བུའི་ཡེ་ཤེས ་ཏེཟླ་བའོ།། ཀཱ་ལི་ཡོངསུ་གྱུར་པའི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ་ཉི་མའོ།། དེ་དག་གི་དབུས་སོན་པའི་ས་བོནོ།། དེ་ཡོངསུ་གྱུར་པའི་མཚན་མ་དེས་མཚན་པ་ནི་སོ་སོར་རྟོག་པར་བརྗོད་པར་བྱ་སྟེ། ཐམས་ཅད་གཅིག་པ་ནན་ཏན་ཏཱཾ།། གཟུགས ་རྫོགས་དག་པའི་ཆོས་ཉིད།། དེ་ལ་ཡེ་ཤེས་ལྔའི་རང་བཞིན་བྱང་ཆུབ་ཀྱི་སེམས་ལས་ལངས་པའི་འོད་ཟེར་རྣམས་ཀྱིས་རྒྱུ་བ་དང་བཅས་པའི་མི་རྒྱུ་བ་བཀུག་ནས་དེ་ཉིད་དུ་དཀྱིལ་འཁོར་བ་དང་རོ་མཉམ་དུ་བྱས་ནས་བྱང་ཆུབ་ཀྱི་སེམས ་སྟོན་ཁའི་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་བལྟ་བར་བྱའོ་ཞེས་པ་ནི་རྣལ་འབྱོར་ཞེས་བྱ་བའི་ཏིང་འཛིན་ཏོ།། དེའི་རྗེ་སུ་སྐད་ཅིག་གིས་དེ་ཡོངསུ་གྱུར་པའི་ལྷན་ཅིག་སྐྱེས་པའི་གཟུགས་བརྙན་སྟོན་ཁའི་རི་བོང་འཛིན་པའི་རྣམ་པ་མཐའ་ཡས ་བའི་འཇིག་རྟེན་གྱི་ཁམས་རབ་ཏུ་གསལ་བར་བྱེད་པ་ཆོས་ཀྱི་ཕྱག་རྒྱ་དང་ལྡན་པ་ཡེ་ཤེས་ལྔའི་རང་བཞིན་སྒྱུ་མ་ལྟ་བུའི་ལྷན་ཅིག་སྐྱེས་པ་ཧེ་རུ་ཀའི་ཕྱག་གཉིས་པོ་བལྟ་བར་བྱའོ་ཞེས་པ་ནི་རྗེ་སུ་རྣལ་འབྱོར་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ་བཞེད ་བའོ།། འདི་ལྟར་རྗེ་སུ་རྣལ་འབྱོར་རྫོགས་པར་བྱོས་ནས་ཕུང་པོ་དང་ཁམས་དང་། སྐྱེ་མཆེད་རྣམས་ལ་རྡོ་རྗེ་མ་ལ་སོགས་པ་ནུས། མཁའ་སྤྱོད་མོའི་མཐར་ཐུག་པ་རྣམས་ཀྱི་ས་བོན་དགོད་པར་བྱའོ།། འདི་ལྟ་སྟེ། གཟུགས་ཀྱི་ཕུང ་པོ་ལ་རྡོ་རྗེ་མའི་ཨཾ་དགོད་པར་བྱའོ།། ཚོར་བའི་ཕུང་པོ་ལཱ་གོ་རཱིའི་ཨོཾ་ངོ་།། འདུ་ཤེས་ཀྱི་ཕུང་པོ་ལ་ཆུའི་རྣལ་འབྱོར་མའི་ཨོཾ་ངོ་།། འདུ་བྱེད་ཀྱི་ཕུང་པོ་ལ་རྡོ་རྗེ་མཁའ་འགྲོ་མའི་ཨུཾ་ངོ་།། རྣམ་པར་ཤེས་པའི་ཕུང་པོ་ལ་བདག་མེད ་ནཱའི་ཨི་ངོ་།། ཤ་བ་པུཀྐ་སཱིའི་ཨཱུ་དགོད་དོ།། ཁྲག་ལ་རི་ཁྲོད་མའི་རྀ་ངོ་།། བྱང་ཆུབ་ཀྱི་སེམས་ལ་གདོལ་པ་མྦུའི་རཱྀ་ངོ་།། རུས་པ་ལ་གཡུང་མྦོའི་ལྀ་ངོ་།། སྐྱེ་མཆེད་དགོད་པ་ཡང་བརྗོད་པར་བྱ་སྟེ། གཟུགས་ཀྱི་སྐྱེ་མཆེད་ལ ་གཽ་རཱྀ་གཞན་གྱི་ལཱྀ་དགོད་པར་བྱའོ།། སྒྲ་ལ་ཆོམ་རྐུན་མའི་ཨོཾ་ངོ་།། དྲི་ལ་རོ་ལོངས་མའི་ཨཾ་ངོ་།། རོ་ལ་གྷསྨ་རཱིའི་ཨཽ་ངོ་།། རེག་ལ་ས་སྤྱོད་མའི་ཨཽ་ངོ་།། ཆོས་ཀྱི་ཁམས་ལ་མཁའ་སྤྱོད་མའི་ཨཾ་ངོ་།། ལེའུ་དགུ་པར་ཡང་བཅོམ ་ལྡན་འདས་ཀྱིས་གསུངས་པ། གཟུགས་ཕྱུང་རྡོ་རྗེ་མ་རུ་གྱུར། ཞེས་པ་ལ་སོགས་པ་སྟེ་དགོད་པའོ།། མངོན་པར་རྟོགས་པའི་རིམ་པ་འདི་ཉིད་ཀྱང་རྩ་བའི་རྒྱུད་དུ། དང་པོར་སྟོང་ཉིད་བྱང་ཆུབ་སྟེ།། གཉིས ་བ་ལ་ནི་ས་བོན་བསྡུ།། གསུམ་པ་གཟུགས་བརྙན་རྫོགས་པ་སྟེ།། བཞི་པ་ཡི་གེ་དགོད་པའོ།། ཞེས་སོ།། མྱ་ངན་ལས་འདས་པའི་སྐུ་འཛིན་པའི་དོན་དང་། གདུལ་བྱའི་སྐྱེ་བོ་མི་སྤང་བའི་དོན་དུ་ཕུང་པོ་ལ་སོགས་པ་དགོད་པའི་ཤིན ་ཏུ་རྣལ་འབྱོར་རྫོགས་པར་བྱས་ནས། རྣལ་འབྱོར་ཆེན་པོ་ཡང་དག་པར་བརྩམ་པར་བྱ་སྟེ། ལྟེ་བ་དང་། སྙིང་ག་དང་། མགྲིན་པ་དང་། དཔྲལ་བར་ཡང་པདྨ་བཞི་པོ།། འདབོ་མ་དྲུག་ཅུ་རྩ་བཞི་དང་། བརྒྱད་དང་། བཅུ་དྲུག་དང་། སུམ ་ཅུ་རྩ་གཉིས་གོ་རིམས་བཞིན་དུ་བསམས་ནས། དེ་རྣམསུ་ཨཾ་ཧཱུཾ་ཨོཾ་ཧཾ་རྣམ་པར་བཀོད་དེ། སྐུ་དང་། གསུང་དང་། ཐུགས་བྱིན་གྱིས་བརླབས་པར་བསམ་པར་བྱའོ།། མགོ་བོར་ཨོཾ་ཡིག་དཀར་པོ་བསམས་ནས་དེ་ལས་སྐུ་རྡོ་རྗེའི ་ཚིགས་ཀྱིས་ན་མཁའ་གང་བ་ས་བོན་དེ་ཉིད་དུ་ཞུགས་པ་ལས་གསུངས་རྡོ་རྗེར་གྱུར་པའོ།། ཨོཾ་ཀཱ་ཡཻ་བཛྲཱ་ཏཱ་ཀཱཿསརྦ་དྷརྨཱཿཀཱ་ཡ་བོཛྙཱཏྨ་ཀོ་ཧཾ་ཞེས་བརྗོད་དོ།། ངགཱ་གི་ལམ་དུ་ཨཱཿཡིག་དམར་པོ་བསམས་ནས་དེ་ལས་གསུང་རྡོ་རྗེའི ་ཚོགས་ཀྱིས་ནམ་མཁའ་གང་བ་ས་བོན་དེ་ཉིད་དུ་ཞུགས་པ་ལས་གསུང་རྡོ་རྗེར་གྱུར་པའོ།། ཨོཾ་ཝཱཀྵེ་ཛཱ་ཏྨ་ཀཱ། སརྦ་དྷརྨཱཿཝཱཀྵེ་རྨཱ་དྷ་ཀེ་ཧ~ཾ་ཞེས་བརྗོད་དོ།། སྙིང་གར་ཧཱུཾ་ཡིག་ནག་པོ་བསམ་ནས་དེ་ལས་ཐུགས་རྡོ་རྗེའི་ཚོགས་ཀྱི་ན་མཁའ་གང ་ས་བོན་དེ་ཉིད་དུ་ཞུགས་པ་ལས་ཐུགས་རྡོ་རྗེར་གྱུར་པའོ།། ཨོཾ་ཙིདྡྷ་བཛྲཱདྦྷ་ཀཱཿསརྦྦ་དྷརྨ་ཤྲཱིཏྟ་བཛྲ་ཏྨ་ཀོ་ཧཾ་ཞེས་བརྗོད་དོ།། བཅོམ་ལྡན་འདས་ཀྱིས་སྔགས་ཀྱི་ལེའུར་ཡང་གསུངས་པ། ཨོཾ་ཨཱཿཧཱུཾ་ཞེས་པ་སྐུ་དང་གསུང་དང་ཐུགས་བྱིན ་གྱིས་རློབ་པའི་སྔགསོ་ཞེས།། རྣལ་འབྱོར་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ་འདི་རྣམས་ཀྱི་མཐར་ཐུག་པ་ནི་དགོད་པའོ།། བཅོམ་ལྡན་འདས་མ་ལ་ནི་དགོད་པ་ཇི་ལྟ་བུར་གྱུར་པ་དེ་བཞིན་ཏེ་རིགས་ལྔའི་ཆས་ཤིན་ཏུ་ལྷག་པའོ།། ་སྔར་གསུངས་པའི་རིམ་པས་ཧེ་རུ་ཀའི་རྣམ་པ་བཞི་པོ་རྣམས་ཀྱི་ནང་ནས་རང་གི་འདོད་པའི་ལྷ་ཤེས་རབ་དང་སྙོམས་པར་བཞུགས་པའི་བདག་ཉིད་སྐུ་མདོག་ནག་པོ་འཇིགས་ཆེན་པོ་ཞེ་སྡང་གི་བདག་ཉིད་ཅན་བལྟ་བར་བྱའོ།། ་སྔར་གསུངས་པའི་རིམ་པ་ནི། སེམས་དཔའི་གཟུགས་བརྙན་ལས་བྱུང་བའི།། དཀྱིལ་འཁོར་དབང་པོ་བསྒོམ་པར་བྱ། ཞེས་གསུངས་པ་ལས་སོ།། དེ་ནས་འཆུང་བར་འགྱུར་བའི་རིམ་པས་མཚན་མ་ལ་སོགས་པ་ཅན ་བསམས་ནས་དམ་ཚིགས་གསུམ་བཙལ་བར་བྱ་སྟེ། དེ་ལ་བདག་ཉིད་དམ་ཚིག་རྡོ་རྗེ་འཛིན་པའི་གཟུགས་ཉིད་དོ།། རང་གི་སྙིང་གར་ཉི་མ་ལ་བདག་ཉིད་དམ་ཚིག་པ་བཞིན་དུ་ཡེ་ཤེས་ཀྱི་དམ་ཚིག་དང་། དེ་ཐུགས་ཀར ་ཏིང་ངེ་འཛིན་གྱི་དམ་ཚིག་ཡི་གེ་ཧཱུཾ་བསམ་པར་བྱའོ་ཞེས་པ་ཞེ་སྡང་གི་བདག་ཉིད་དོ།། དེ་ལྟར་དམ་ཚིག་གསུམ་གྱི་བདག་ཉིད་དུ་གྱུར་ནས་རིགས་ལྔའི་ཆ་དང་ལྡན་པར་བྱའོ།། ཤེས་རབ་རྙེད་ནས་མི་གཡོ་ཞིང་། བསྒྲུབ་པོ་ལ ་བུས་མཉེན་གཤིན་པ།། སེམས་ཅན་ཀུན་ཕན་ཚོལ་བ་ཅན།། ཀླུ་མཚན་རྣམས་ཀུན་དང་ལྡན་པའོ།། དེའི་མགོ་བོར་ཨཾ་ཡིག་དང་། སྙིང་གར་ཧཱུཾ་ཡིག་དང་། ལྦུ་བར་སྣ་ཡིག་དང་། བཪྵ་ཟུང་ལ་ཨཱཿཡིག་དང་། ང ་པ་དག་ལ་ཧ་ཡིག་ཀྱང་དགོད་དོ།། བཅོམ་ལྡན་འདས་མའི་ཡན་ལག་དགོད་པ་ཡང་བརྗོད་པར་བྱ་སྟེ། གཟུགས་ཕུང་རྡོ་རྗེ་མར་ནི་གྱུར།། ཚོར་བ་ལ་ནི་དཀར་མོ་དྲན།། འདུ་ཤེས་ཆུའི་རྣལ་འབྱོར་མ།། འདུ་བྱེད་རྡོ་རྗེ་མཁའ་འགྲོ་མ།། རྣམ་ཤེས ་ཕུང་པོའི་ཚུལ་གྱིས་ནི།། བདག་མེད་རྣལ་འབྱོར་མ་གནསོ།། ས་ནི་པུཀྐ་སཱིར་བཤད་དེ།། ཆུ་ཁམས་རི་ཁྲོད་མ་རུ་དྲན།། མེ་ནི་གཏུམ་མོར་ཤེས་པར་བྱ།། རླུང་ནི་གཡུང་མོ་རབ་ཏུ་གྲགས།། གཟུགས་ལ་དཀར་མོར་རྟག་ཏུ་བཤད།། སྒྲ་ལ ་ཆོམ་རྐུན་མ་རབ་གྲགས།། དྲི་ཡི་ཆ་ལ་རོ་ལངས་མ།། རོ་ལ་གྷསྨ་རཱི་རབ་གྲགས།། རེག་ལ་ས་སྤྱོད་མར་བཤད་དེ།། ཆོས་ཀྱི་ཁམས་ལ་མཁའ་སྤྱོད་མ།། དེ་ལྟར་འདི་རྣམས་ཀྱི་ས་བོན་ཡང་དག་པར་དགོད་པར་བྱས་ནས་པདྨ་དང་རྡོ་རྗེ་བྱིན ་གྱིས་བརླབས་པར་བྱའོ།། ཨཿཡིག་གིས་པདྨ་དགའ་བ་སྦྱིན་པར་བྱེད་པར་བསམས་ནས་པདྨའི་མཛོད་ཀྱི་ཟེའུ་འབྲུའི་བུ་གར་ཧཱུཾ་ཡིག་རྣམ་པར་བསམ་པར་བྱའོ།། དེའི་རྗེ་སུ་ཧཱུཾ་ཡིག་ལས་བྱུང་བའི་རྡོ་རྗེ་བསྒོམ་པར་བྱ་ཞིང་དེའི་ནོར་བུའི་བུ་གར་ཧཱུཾ། ་ལེག་བསམས་ནས་སླར་ཡང་། ཨོཾ་བདྨ་སུ་ཁཱ་དྷི་ར་མ་ཧཱ་རཱ་ག~ཾ་སུ་ཁརྗོད། ཙ་ཏུ་རཱ་ནནྟ་དྷམྨཱ་ཤཱ་ཧཱུ~ཾ་ཧཱུ~ཾ་ཀཨཱརྱཾ་ཀུ་རུ་ཥ་ཀྱེ། ཨོཾ་བཛྲ་མེ་ཏཱ་དྭེ་ཥ་ན་ཏུ་ནཱ་ནརྫ་དཱ་ཡ་ཀ་ཁ་ག་སུ་ཁེ་ཀེ་ར་སི་ནཱི་པཱུ་ཧཱ་དྷྲྀ་ཀཱ་ཙྱཻ་ཀུ་རུ་འམོ་ཞེས་པའི་སྔགས་ཀྱིས་བྱིན་གྱིས་བརླས་པའི ་བྱའོ།། ཕྱི་རོལ་ཏུ་ཕྱག་རྒྱ་མེད་ན་ཡིད་ཀྱི་སྤྲུལ་པའི་ཕྱག་རྒྱ་རྙེད་ནས་དེ་ཡང་རིགས་ལྔའི་ཆ་དང་ལྡན་པའི་རིམ་པ་དང་པོ་ཉིད་དུ་བྱས་ནས། རྗེ་སུ་ཆགས་པ་བརྩམ་པར་བྱའོ།། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བཱཏྨ་ཀཱསྠཱ་རྦཱ་དྷརྨྨཿོཾ་སརྦ་ཏ་ཐཱ་ག་ཏཱ་ནུ ་རཱ་ག་ཎ་བཛྲ་སྭ་བྷཱ་བཱཏྨ་ཀོ་ཧཾ་ཞེས་བྱས་ནས། གསུང་རྡོ་རྗེའི་ང་རྒྱལ་གྱིས་ཧཱུཾ་ཡིག་བརྗོད་དེ། རྡོ་རྗེ་གཡོ་བར་བྱའོ།། སྟོང་པ་ཉིད་དུ་སྨོས་པ་ལ་སོགས་པ་ནས་དགའ་བའི་བདེ་བའི་མཐར་ཐུག་པ་ནི་དང་པོར་སྦྱོར་བ་ཞེས་བྱ་བའི་ཏི་འཛིན་ཏོ།། འདི་ཡང ་ཤེས་རབ་དང་ཐབས་དང་རོ་གཅིག་པཱི་བདེ་བ་ཆེན་པོ་འབྱུང་བའི་བྱང་ཆུབ་ཀྱི་སེམས་ཕཊ་ཡིག་གིས་རྣམ་པར་སྤྲོས་པས་བསམས་ནས་མཆོད་པ་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་པཱུ་ཛཱ་བཛྲ་སྭབྷཱ་ཝཱཏྨ་ཀཿསརྦ་དྷརྨྨ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་པཱུ་ཛ་བཛྲ་སྭ་བྷཱ་ཉྫཏྠ ་ཀོ་ཧཾ་ཞེས་པ་འདི་ཡིསོ།། ནམ་མཁའ་ལྡིང་གི་ཕྱག་རྒྱ་འཛིན་པའི་རྣལ་འབྱོར་པས་པདྨའི་མཛོད་ཀྱི་ནང་དུ་སོན་པའི་བྱང་ཆུབ་ཀྱི་སེམས་དེ་ལྕེ་ཡིས་བླངས་ནས། དེ་བཞིན་གཤེགས་པ་ཐམས་ཅད་དང་རྡོ་རྗེ་དང་རྣལ་འབྱོར་མའི་རང་བཞིན་གྱི་བདག་ཉིད ་མཆོད་པར་བྱའོ།། གལ་ཏེ་ལེགས་པར་བསླབས་པར་གྱུར་པའི་ཕྱག་རྒྱ་མེད་ན་ནི་མི་བྱ་བ་ཁོ་ན་སྟེ་གཞན་དུ་ན་རྩ་བའི་ལྟུང་བར་འགྱུརརོ།། དེའི་རྗེ་སུ་བྱང་ཆུབ་ཀྱི་སེམས་ཀྱི་རྡུལ་ཕྲ་མོ་གང་ཅུང་ཟད་གནས་པ་དེ་ཡོངསསུ་གྱུར་པ་ལས་འཁོར་ལོ ་དང་བཅས་པའི་རྗེ་བཙུན་བསྒོམ་པར་བྱ་སྟེ་བསྲུབས་པར་བྱ་བའི་སྦྱོར་བ་ལ་སོ།། རྡོ་རྗེ་འཛིན་པའི་ཧཱུཾ། བཅོམ་ལྡན་འདས་མིའི། ཨ་གཽ་རྨི་ག། ཆོམ་རྐུན་མའི་ཙ། རོ་ལངས་མའི་བཾ། གྷསྨ་རཱིའི་གྷེ། ཐུན་ནཱའི་བཾ། རི་ཁྲོད་མོའི་ཤེ། གཏུམ་མར ་6། གསུང་མ་ར་ཌ་ཞེས་པའི་སྔགས་འདི་རྣམས་ཀྱིས་དབྱུང་བར་བྱ་སྟེ། ཕྱུང་ནས་ཀྱང་འགྲོ་བའི་དོན་མཛད་ཅིང་བཀུག་ནས་དེ་བཅོམ་ལྡན་འདས་ཀྱི་འཁར་ལའི་མཁའ་འགྲོའི་ལམ་ནས་ཞུགས་པ་ལས་འོ་མ་དང་ཆུ ་ཇི་ལྟ་བ་དེ་བཞིན་དུ་བཅོམ་ལྡན་འདས་འཆད་པར་འགྱུར་བའི་རིམ་པས་བཞུགས་པའོ།། བཅོམ་ལྡན་འདས་མ་དང་བཅོམ་ལྡན་འདས་མ་ཡང་སྟེ། གཽ་ནཱི་ལ་སོགས་པ་རྣམས་ཀྱང་རང་རང་གི་གདན་རྣམསུ་བསམས་པར་བྱའོ་ཞེས་པ་ནི ་དབྱུང་བའོ།། དེ་ལ་ཕྱག་བཅུ་དྲུག་རྣམས་ནི་སྟོང་པ་ཉིད་བཅུ་དྲུག་རྣམ་པར་དག་པའོ།། གཡས་ཀྱི་ཕྱག་བརྒྱད་ན་གནས་པའི་པདྨའི་སྣོད་བརྒྱད་རྣམ་སུ་གོ་རིམས་ཇི་ལྟ་བ་བཞིན་དུ་གླང་པོ་ཆེ་དང་། རྟ་དང་། བོང་བུ་དང་། གླང་དང་། རྔ་མོ་དང ་མི་དང་། ཤ་རཱ་བྷ་དང་། བྱཾ་ལ་རྣམསོ།། དེ་བཞིན་དུ་ས་དང་། ཆུ་དང་། རླུང་དང་། མེ་དང་། ཟླ་བ་དང་། ཉི་མ་དང་། གཤིན་རྗེ་དང་། ནོར་སྦྱིན་རྣམས་ཀྱང་གཡོན་གྱི་པདྨའི་སྣོད་བརྒྱད་རྣམསུ་རིམས་པ་ཤེས་པར་བྱའོ།། བློ་དང་དེ ་བཞིན་དབུགས་མི་བདེ།། སྨྱོ་ཟད་མཛེ་དང་རྐང་པ་དང་།། མཚེར་པ་མཆིན་པའི་རང་བཞིན་གྱིས།། ཐམས་ཅད་འདི་ཉིད་རབ་ཏུ་གྲགས། ཞེས་པ་ཉོན་མོངས་པ་བརྒྱད་རྣམ་པར་དག་པ་ལས་གླང་པོ་ཆེ་ལ་སོགས་པ་འཛིན་པ་རྣམས་སོ།། ་ས་ལ་སོགས་པ་ནས། ནོར་སྦྱིན་གྱི་བར་དུ་ནི་དབང་ཕྱུག་བརྒྱད་རྣམ་པར་དག་པས་སོ།། འདི་ལྟ་སྟེ། སྐུའི་དབང་ཕྱུག་གསུང་གི་དབང་ཕྱུག་དང་།། དེ་བཞིན་ཁོ་ནར་ཐུགས་ཀྱི་དབང་ཕྱུག་ཀྱང་།། རྫུ་འཕྲུལ་དང་ནི་ཀུན་འགྲོའི་དབང་ཕྱུག་དང་། ་འདོད་དང་བྱེད་པོ་ཡོན་ཏན་བརྒྱད་པའོ།། སྐུ་མཐའ་ཡས་པ་ནི་སྐུའི་དབང་ཕྱུག། ཐམས་ཅད་ཀྱི་སྐད་ཅིག་ཏུ་སྨྲ་བ་ནི་གསུང་གི་དབང་ཕྱུག་གོ། སེམས་ཅན་ཐམས་ཅད་ཀྱི་སེམས་ཤེས་པ་ནི་ཐུགས་ཀྱི་དབང་ཕྱུག་གོ།། རྫུ་འཕྲུལ་གྱི་མཐའ་ཡས་པའི་འདི ་རྟེན་གྱི་ཁམས་ལྟ་བ་ནི་རྫུ་འཕྲུལ་གྱི་དབང་ཕྱུག་གོ། འཇིག་རྟེན་གསུམ་པོ་གཅིག་པའི་སྐུ་ནི་ཀུན་ཏུ་འགྲོ་བའི་དབང་ཕྱུག་གོ།། ཨཱཙྪིའི་སྒྲས་ནི་འདོད་པ་གསུངས་ཏེ། འདོད་པས་སེམས་ཅན་རྣམས་ཀྱི་བདེ་བ་ཆེན་པོ་སྐྱེད་པར་བྱེད་པ་ནི་འདོད་པའི་དབང་ཕྱུག། ་བྱེད་པོ་ནི་རྡོ་རྗེ་འཆང་ཆེན་པོ་ཞེས་པ་བྱེད་པོའི་དབང་ཕྱུག། ལྷའི་རྣམ་པས་སྤྱོད་པ་ནི་ཡོན་ཏན་གྱི་དབང་ཕྱུག་གོ། པདྨའི་སྣོད་ནི་སྙིང་རྗེའི་རྣམ་པར་དག་པ་ལས་ཡིན་ལ། ཕྱག་རྣམས་ནི་སྟོང་པ་ཉིད་རྣམ་པར་དག་པོ་ལས་ཏེ། འདིས་ནི་སྟོང་པ་ཉིད ་དང་སྙིང་རྗེ་དབྱེར་མེད་པ་ཉིད་དུ་རིག་པར་བྱས།། བྱམས་པའི་ཐུགས་ལས་ཡོན་ལག་གནག། ཞལ་བརྒྱད་རྣམ་པར་ཐར་པ་བརྒྱད། རྣམ་པར་དག་པཱ་ལས་ཏེ། སྡང་བ་སྒྲུབ་པར་བྱེད་པའི་དོན་དུ་ཞལ་དང་པོ་ནི་ནག་པོའོ།། དབང་གི་དོན་དུ་གཡོན་པ ་དམར་པོའོ།། གཡས་ཀྱི་དཀར་པོ་ནི་ཞི་བ་སྒྲུབ་པའོ་ཞེ་སྡང་ལ་སོགས་པ་བྱུང་བ་རྣམ་པར་ཉམས་པའི་དོན་དུ་རྒྱབ་ཏུ་སྟེང་གི་ཞལ་ནི་རྣམ་པར་གཙིགས་པ་དུ་བའི་མདོག་གོ། བདུད་བཞི་རྣམ་པར་གཞོམ་པའི་དོན་དུ་སླར་གཡོན་གྱི་ཞལ་གཉིས་ནག ་བོ་སྟེ། གཡས་ཀྱི་ཞལ་གཉིས་ཀྱང་དེ་བཞིནོ།། ཞལ་ཐམས་ཅད་ཉིད་མཆེ་བ་གཙིགས་པ། འཁྱོག་པོའི་སྨིན་མ་དང་བཅས་པ། འཇིགས་པའི་དུས་ཀྱི་མེ་འབར་བ། འཁྲུག་པའི་འོད་ཅན་འཇིགས་པ་ཆེན་པོ་སྟེ། ཁྲོ་བོའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར།། ་ཞལ་སོ་སོ་ལ་དམར་ཞིང་ཟླུམ་པའི་སྤྱན་གསུམ་སྟེ་སྙིང་ལས་ནི་དམར་པོ་ཉིད།། རྡོ་རྗེ་གསུམ་གྱི་སྤྱན་གསུམ་གྱིས་དུས་གསུམ་ཡོངསུ་ཤེས་པ་ལས་ནི་སྤྱན་གསུམ་ཉིད།། དེ་ལྟར་སྤྱན་ཉི་ཤུ་རྩ་བཞིས་ཕྱུག་པའོ།། དར་དབྱངས་བཅིངས ་ཤིང་གྱེན་དུ་བརྫེས་པའི་སྒྲ་ནི་སེར་སྐྱ་ཏེ་འདོད་ཆགས་ལ་སོགས་པའི་འདོད་ཉོན་མོངས་པ་མ་ལུས་པ་སྲེག་པར་བྱེད་པའི་ཕྱིར།། འགྲོ་བའི་དོན་བྱེད་པའི་ཕྱིར་སྤྱི་བོར་སྣ་ཚོགས་རྡོ་རྗེས་མཚན་པའོ།། ཕུང་པོ་ལྔ་པོ་རྣམས་ཀྱི་རང་བཞིན་མེད་པ་ཉིད་རྟོགས ་པར་བྱ་བའི་ཕྱིར་དུ་དཔྲལ་བའི་སྟེང་དུ་མགོ་བོ་སྐམ་པོ་ལྔའི་ཕྲེང་བས་བརྒྱན་པའོ།། དེ་བཞིན་གཤེགས་པ་ལྔ་རྣམ་པར་དག་པ་ལས་འཁོར་ལོ་དང་། རྣ་རྒྱན་དང་། མགུལ་རྒྱན་དང་། ལག་གདུབ་དང་། སྐ་རགས་ཏེ་ཕྱག་རྒྱ་ལྔ་དང་ལྡན་པའོ།། ་རྡོ་རྗེ་སེམས་དཔའ་རྣམ་པར་དག་པ་ལས་ཐལ་བ་ཡང་ངོ་ཞེས་པ་ཕྱག་རྒྱ་དྲུག་ཏུ་རབ་ཏུ་གྲག་སོ།། ཆོས་ཐམས་ཅད་ལ་དམིགས་པ་མེད་པ་རྟོགས་པར་བྱ་བའི་ཕྱིར་དུ་ཡང་དག་པར་རྫོགས་པའི་ཡེ་ཤེས་རྣམ་པར་དག་པ་ལོས་གཅེར་བུའོ།། བསྡུ ་བའི་དངོས་པོ་བཞིས་ཞབས་བཞིའོ།། བྱང་ཆུབ་ཀྱི་སེམས་ཤིན་ཏུ་ཐོབ་པའི་ཕྱིར་ཉི་མའི་དཀྱིལ་འཁོར་ལ་ཞབས་གཉིས་ཀྱིས་སྐྱིལ་ཀྲུང་ཕྱེད་པ་ཏཱཎྜ་བེའི་སྟབས་འཆང་བ་ཉིད་དོ།། འདི་ཉིད་ཁམས་གསུམ་པོ་མ་ལུས་པ་གཅིག་པའི་སྐུར་རྟོག ་པར་བྱ་བའི་ཕྱིར་ཞབས་ཀྱིས་མཐེ་བོང་གཅིག་པུ་གཙུགས་པའོ།། དེ་ལྟ་བུ་ཁོ་ནར་བགེགས་རྣམ་པར་ཉམས་པ་ལས་གཡོན་བསྐུམ་པའི་ཞབས་འཆང་བའོ།། ཨཱ་ལི་ཀཱ་ལིའི་ཡི་གེ་རྣམ་པར་དག་པ་ལས་ཡི་གེ་ལྔ་བཅུས་བཀྲ་བ་ཁྲག ་རབ་ཏུ་འཛག་པའི་མགོ་བོ་རློན་པའི་ཕྲེང་བ་ཕྲག་པ་ལ་བཀོད་པ་སྟེ་ཟུང་དུ་འཇུག་པའི་ལམ་ཉེ་བར་བསྟན་པས་ན་མགོ་བོའི་ཕྲེང་བ་ཕྲག་པ་ལའོ།། སྒེག་པ་དཔའ་བ་མི་སྡུག་པ།། དྲུག་ཤུལ་རྒོད་དང་འཇིག་སུ་རུང་།། སྙིང་རྗེ་ངོ་མཚར་ཞི ་རྣམས་ཀྱིས།། གར་གྱི་རོ་དགུ་ལྡན་པ་ཉིད། ཞེས་པ་སྟེ། དེ་ལ་བདག་མེད་མ་དང་ལྷན་ཅིག་རོ་གཅིག་པ་ཉིད་དུ་སྒེག་པའོ།། དུར་ཁྲོད་ན་བཞུགས་པ་ནི་དཔའ་བའོ།། ཁྲི་གཉེར་གཙིགས་པ་ཉིད་ནི་མི་སྡུག་པའོ།། འབར་བའི་འོད་ཉིད་ནི ་དྲག་ཤུལོ།། ཞལ་རྣམ་པར་རྒྱས་པ་ཉིད་ནི་རྒོད་པའོ།། མགོ་བོ་རློན་པའི་ཕྲེང་བ་ཉིད་ནི་འཇིག་སུ་རུང་བའོ།། སེམས་ཅན་རྗེ་སུ་འཛིན་པའི་སེམས་ཉིད་ནི་སྙིང་རྗེའོ།། སྒྱུ་མའི་གཟུགས་ཉིད་ངོ་མཚར་བའོ།། འདོད་ཆགས་ལ་སོགས་པའི ་ཉོན་མོངས་པ་ཉིད་ནི་ཞི་བ་སྟེ་དེ་རྣམས་དང་ལྡན་པའོ།། བརྒྱད་གཉིས་ཀྱི་ལོའི་རྣམ་པས་རོལ་པའི་སྐུ་བདག་མེད་མ་དང་སྙོམས་པར་ཞུགས་པའི་བཅོམ་ལྡན་འདསུ་བདག་ཉིད་བལྟ་བར་བྱའོ།། བཅོམ་ལྡན་འདས་ཇི་ལྟ་བ་དེ་ལྟར་བཅོམ ་ལྡན་འདས་མ་ཡང་སྟེ་འོན་ཀྱང་ཕྱག་རྒྱ་ལྔ་དང་ལྡན་པ་མི་མགོ་སྐམ་པོའི་ཕྲེང་བས་བརྒྱན་པའི་སྐུ་ལྷ་དང་ལྷ་མ་ཡིན་གྱི་ཁྲག་གིས་གང་བའི་ཐོད་པ་ཕྱག་གཡོན་ན་འཛིན་པ་ཉོན་མོངས་པ་མོ་ལུས་པ་གཅོད་པའི་ཕྱིར་གྲི་གུག་འཛིན་པའོ།། ་ཁམས་གསུམ་པ་གཅིག་པའི་ངོར་རྟོགས་པར་བྱ་བའི་ཕྱིར་དུ་ཞལ་གཅིག་མ། བཅོམ་ལྡན་འདས་ཀྱི་སྨད་ཀྱི་རོ་ཡང་དག་པར་མྱང་བར་བྱེད་པ། ཞབས་གཡོན་བརྐྱང་བས་མཆོག་ཏུ་བདེ་བ་ཆེན་པོའི་དགའ་བོས་བཅོམ་ལྡན་འདས་དང ་སྙོམས་པར་ཞུགས་པ་བསམ་པར་བྱའོ།། ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པར་དག་པས་ཀྱེ་རྡོ་རྗེ་ཕྱག་དྲུག་པ་སྟེ་ཞལ་གསུམ་པ་རྩ་བའི་ཞལ་ནག་པོ། གཡོན་དམར་པོ། གཡས་དཀར་པོ། གཡོན་གྱི་ཕྱག་གཉིས་དག ་གིས་རྩེ་གསུམ་དང་རྡོ་རྗེ་དྲིལ་བུ་འཛིན་པ། གཡས་ཀྱི་ཕྱག་གཉིས་ངག་གིས་རྡོ་རྗེ་དང་གྲི་གུག་འཛིན་པ། ཕྱག་ལྷག་མ་ངག་གིས་གྲི་གུག་དང་ཐོང་བར་བཅས་པ་རྡོ་རྗེ་ལྕགས་སྒྲོག་མ་ལ་སྙོམས་པར་ཞུགས་པ་རོ་མནན་པ་བལྟ་བར་བྱའོ།། ་ཡང་བདུད་བཞི་རྣམ་པར་དག་པ་ལས་ཀྱེ་རྡོ་རྗེའི་ཕྱག་བཞི་པ་སྟེ་གཡས་ཀྱིས་རྡོ་རྗེ་འཛིན་པ་གཡོན་གྱིས་ཐོད་ཁྲག་ཕྱག་ལྷག་མ་དག་གིས་རྡོ་རྗེ་ཕགས་མོ་ལ་སྙོམས་པར་ཞུགས་པ། ཞལ་གཅིག་པ་རོ་མནན་པ་བསམ་པར་བྱའོ།། ཡང ་ཀྱེའི་རྡོ་རྗེའི་ཕྱག་གཉིས་པ་ནི་གཡོན་གྱིས་ཐོད་པ་དང་ཁ་ཊྭཱཾ་ག། གཡས་ཀྱི་རྡོ་རྗེའི་རོ་མནན་པ་བལྟ་བར་བྱའོ།། ཕྱག་དྲུག་པ་ལ་སོགས་པ་འདི་རྣམས་ཀྱི་ཤེས་རབ་མ་ནི་རྡོ་རྗེ་མ་སྟེ། ལྷག་མ་ནི་ཕྱག་བཅུ་དྲུག་པ་བཞིན་ཏེ་སྐུ་མདོག་དང་རྒྱན་ལ་སྩོ། ་པ་དང་ཧཱུཾ་ལས་བྱུང་བ་ལ་སོགས་པའི་གཟུགསུ་བལྟ་བར་བྱའོ།། དེ་བཞིན་དུ་རྡོ་རྗེ་ལྕགས་སྒྲོག་མ་ལ་སོགས་པ་རྣམས་ཀྱི་ཡང་དག་མེད་མ་བཞིན་ཏེ་མིང་ཙམ་ཐ་དད་པའོ།། ཐམས་ཅད་ཁ་ཊྭཱཾ་ག་ལ་འཁྱུད་པས་གནས་པ་ནི་ཐམས་ཅད་ཀྱི ་ཡིན་པར་བལྟ་བར་བྱའོ།། དེ་ལྟར་གྱུར་པའི་བཅོམ་ལྡན་འདས་རང་གི་འདོང་པའི་ལྷའི་རྣམ་པར་བསམས་ནས་བསྲུབ་ཅིང་བསྲུབ་པའི་སྦྱོར་བ་ལས་ལྷ་མོའི་འཁོར་ལོ་གང་ཡིན་པ་ཐོག་མར་དབྱུང་བར་བྱ་སྟེ། དེ་ལ་ཤར་ལ་སོགས་པའི་ཕྱོག ་དང་སྐུ་མདོག་དང་མཚན་མ་ལ་སོགས་པའི་རིམ་པ་རྣམ་པར་དག་པའི་སྒོ་ནས་རྟོགས་པར་བྱའོ།། དེ་ལ་ཤར་གྱི་སྒོར་གདུལ་བྱ་བདུད་ཀྱི་སེམས་ཅན་སད་པར་བྱ་བའི་གཾ་ཡིག་ལས་སྐྱེས་པའི་གཽ་རཱི་ནག་མོའོ།། ལོག་པར་ལྟ་བ་གཅོད་པར་བྱ་བའི་ཕྱིར་གཡས ་ཀྱི་ཕྱག་ན་གྲི་གུག་འཛིན་པ། འཁོར་བའི་བག་ཆགས་ཉམས་པར་བྱ་བའི་ཕྱིར་གཡོན་པས་ཉ་རོ་ཧཽ་ཏ་འཛིན་པ། ཚངས་པ་མནན་པ། གཟུགས་ཀྱི་ཕུང་པོའི་རང་བཞིན་དུ་བསམ་པར་བྱའོ།། ལྷོར་གདུལ་བྱ་འདོད་ཆགས་ཀྱི་སེམས་ཅན་སད་པར་བྱ་བའི་ཕྱིར་ཅེ ་ཡིག་ལས་སྐྱེས་པའི་ཆོམ་རྐུན་མ་སྐུ་མདོག་དམར་མོའོ།། ཤེས་རབ་དང་ཐབ་ཀྱི་བདག་ཉིད་ཅན་རྟོགས་པར་བྱ་བའི་ཕྱིར་ཕྱག་གཡས་ན་ཅང་ཏིའུ་འཛིན་པ། གཏི་མུག་གཞོམ་པོའི་དོན་དུ་གཡོན་ན་ཕག་པ་འཛིན་པ། བརྒྱ་བྱིན་མནན་པ་ཚོར་བའི་ཕུང ་བོའི་རང་བཞིན་དུ་བལྟ་བར་བྱའོ།། ནུབ་ཏུ་སེམས་ཅན་རྣམས་ཀྱི་རྒྱས་པའི་དོན་དུ་བཾ་ཡིག་ལས་སྐྱེས་པའི་རོ་ལོངས་མ་གསེར་གྱི་མདོག་ཅན་ནོ།། སྟོང་པ་ཉིད་རྟོགས་པར་བྱ་བའི་ཕྱིར་གཡས་ན་རུ་སྦྲུལ་འཛིན་པ། སྙིང་རྗེའི་རང་བཞིན་ཅན་རྟོགས་པར་བྱ ་བའི་ཕྱིར་གཡོན་ན་པདྨའི་སྣོད་འཛིན་པ་ཉེ་དབང་ལ་ཞོན་པ་འདུ་ཤེས་ཀྱི་ཕུང་པོའི་རང་བཞིན་དུ་རྣམ་པར་རྟགས་པར་བྱའོ།། བྱང་དུ་མངོན་སྤྱོད་ཀྱི་ལས་རབ་ཏུ་བསྒྲུབ་པའི་དོན་དུ་གྷཾ་ལས་སྐྱེས་པའི་ཟ་ནུས་མ་ནོར་བུ་མརྒང་ལྟ་བུའོ།། ཞེ་སྡང་རྣམ་པར་དག ་བ་ལས་གཡས་ན་སྦྲུལ་འཛིན་པ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཁོང་དུ་ཆུད་པའི་དོན་དུ་གཡོན་པས་རྣལ་འབྱོར་ལྷུང་བཟེད་འཛིན་པ། དྲག་པོ་ལ་ཞོན་པ་འདུ་བྱེད་ཀྱི་ཕུང་པོའི་རང་བཞིན་དུ་བསྒོམ་པར་བྱའོ།། དབང་ལྡན་དུ་རྨུགས་པའི་ལས ་རབ་ཏུ་རྟོགས་པའི་ཕྱིར་དུ་པཾ་ལས་སྐྱེས་པའི་པུཀྐ་སཱི་སྐུ་མདོག་སྔོན་མོའོ།། ང་རྒྱལ་རྣམ་པར་སྦྱང་བའི་དོན་དུ་ཡང་གཡས་ན་སེང་གེ་འཛིན་པ། བདུད་ཀྱི་སྡེ་རྣམ་པར་འཇོམས་པའི་ཕྱིར་དང་མི་མཛའ་བ་མ་ལུས་པ ་གཅོད་པའི་ཕྱིར་དུ་གཡོན་པས་དགྲ་སྟ་འཛིན་པ། གཱ་ཤིན་རྗེ་མནན་པ། སའི་ཁམས་ཀྱི་རང་བཞིན་དུ་ཤེས་པར་བྱའོ།། མར་ཞི་བའི་སེམས་ཅན་རབ་ཏུ་སང་པར་བྱེད་པའི་ཕྱིར་དུ་ཤཾ་ཡིག་ལས་སྐྱེས་པའི་ཤ་བ་ནཱི་དཀར་མེའོ།། མེ་ལོང་ལྟ་བུ་ལ་སོགས ་པའི་ཡེ་ཤེས་ལྔ་པོ་རྣམས་རབ་ཏུ་སད་པར་བྱེད་པའི་ཕྱིར་དུ་གཡས་ན་དགེ་སློང་འཛིན་པ། གཉིས་སུ་མེད་པའི་ཡེ་ཤེས་ཁོང་དུ་ཆུད་པའི་ཕྱིར་དུ་གཡོན་ན་འཁོར་སིལ་འཛིན་པ། ལུས་ལ་ཞོན་པ། ཆུའི་ཁམས་ཀྱི་རང་བཞིན་དུ་བལྟ་བར་བྱའོ།། ་བདེན་བྲལ་དུ་རེངས་པ་རབ་ཏུ་བསྒྲུབ་པའི་དོན་དུ་ཙ་ཡིག་ལས་སྐྱེས་པའི་གཏུམ་མོ་ན་མཁའ་སྔོ་བསངས་མའོ།། དྲེགས་པའི་སེམས་ཅན་རབ་ཏུ་སང་བར་བྱེད་པའི་ཕྱིར་དུ་ཡང་གཡས་ན་འཁོར་ལོ་འཛིན་པ། ཐེ་ཚོམ་གྱི་ཤེས་པའི་ཆ་གཅོད་པའི་ཕྱིར ་དང་མི་ཤེས་པའི་དྲི་མ་རྩ་བ་ནས་མེད་པའི་དོན་དུ་གཡོན་པས་གཽ་ཤོལ་འཛིན་པ། སྲིན་པོ་མནན་པ། མེའི་ཁམས་ཀྱི་རང་བཞིན་དུ་བསྒོམ་པར་བྱའོ།། རླུང་དུ་དོན་སྣ་ཚོགས་པ་སོ་སོར་རྟོགས་པའི་ཕྱིར་དུ་ཊཾ་ཡིག་ལས་སྐྱེས་པའི་ཌོམྦི་ནཱི་སྒྲ ་ཚོགས་མདོག་གོ།། བསམ་པ་མ་རུངས་པའི་སྐྱེ་བོ་རབ་ཏུ་སད་པའི་ཕྱིར་དང་མི་ཕྱེད་པའི་ཡེ་ཤེས་རྟོགས་པའི་ཕྱིར་དུ་གཡས་པས་འབར་བའི་རྡོ་རྗེ་འཛིན་པ། གདུག་པ་མ་ལུས་པ་བསྡིགས་པའི་ཕྱིར་དུ་གཡོན་པས་སྡི་གོས་མཛུབ་འཛིན ་ཐགས་བཟང་རིས་ལ་ཉམ་པར་ཞོན་པ། རླུང་གི་ཁམས་ཀྱི་རང་བཞིན་དུ་བསམ་པར་བྱའོ།། ཡེ་ཤེས་ཀྱི་ཕྱག་རྒྱའི་ཕྱོགས་ལ་བདག་མེད་མ་ཕྱུང་ནས་རྗེ་བཙུན་ལ་རབ་ཏུ་ཞུགས་པར་བསམ་པར་བྱའོ།། དེ་བཞིན་དུ་བདག་མེད་པའི་ཕྱིར་ས་སྤྱོད ་མ་དང་མཁའ་སྤྱོད་མ་ཡང་ངོ་།། བཟང་པོའི་ཞབས་ཀྱི་དེ་གསུངས་པ། ས་སྤྱོད་མ་དང་མཁའ་སྤྱོད་མ་དང་བདག་མེདོ་མ་ཡང་སླར་རྗེ་བཙུན་ལ་ཕྱུང་བའི་རྗེསུ་གཞུག་ཅིང་ཞུགས་པར་བསམ་པར་བྱའོ།། དེ་ཕྱུང་བའི་རྗེ་སུ་གཞུག་པ་དོག་དང ་བའི་མཚན་ཉིད་ཀྱི་ཕྱིར་དེ་བཞིན་དུ་གཽ་རཱི་ལ་སོགས་པ་གཞན་དང་གཞན་རྣམས་ཕྱུང་བའི་རྗེསུ་གཞུགས་པར་ཤེས་པར་བྱའོ།། འདི་རྣམས་ཀྱིས་ནི་ཇི་སྲིད་ཡན་ལག་དགོད་པའི་དེ་སྲིད་དུ་དབྱུང་བའོ་ཞེས་པ་འདི་གསུངས་པ་ཡིན་ནོ།། འདི ་རྣམས་ཐམས་ཅད་དམར་ཞིང་ཟླུམ་པའི་སྤྱན་གསུམ་པ། སྠ་སེར་སྣ་གྱེན་དུ་བརྫེས་པ། ཞལ་མཆེ་བ་གཙིགས་པ། གཅེར་བུ་ཕྱག་རྒྱ་ལྔ་དང་ལྡན་པ། སྐྱིལ་ཀྲུང་བྱེད་པའི་དྷརྠཱ་བས་ཟླ་བའི་གདན་ལ་གནས་པ། དྲག་མོ་བརྒྱད་གཉིས་ཀྱི ་ལོའི་རྣམ་པ་མའོ།། བྱང་ཆུབ་ཀྱི་སེམས་ཕྱུང་བ་ལས་ཡང་དག་པར་བྱུང་མ། བཅོམ་ལྡན་འདས་དང་འདོད་པ་དང་འདོད་པ་ལ་སྙོམས་པར་ཞུགས་པ་བལྟ་བར་བྱའོ།། དཱ་ནཱི་གོ་རཱི་ལ་སོགས་པ་རྣམས་ཀྱི་གདན་བརྒྱད་ཀྱི་རྣམ་པར་དག ་པ་བརྗོད་པར་བྱ་སྟེ་འདོད་ཆགས་དང་། རིག་མ་དང་། འཛག་པ་དང་། བཏུང་བ་དང་། བཟའ་བ་དང་། གཉིད་དང་། རྟོག་གེ་དང་། དད་པ་རྣམསུ་མངོན་པར་ཞེན་པ་གཅོད་པའི་ཕྱིར་ཚངས་པ་ལ་སོགས་པ་ནས་ཐག་བཟོང་གི་མཐར་ཐུག ་ངབ་གདན་བརྒྱད་པོ་རྣམས་གསུངས་པ་ཡིན།། དུ་ལྟར་དེ་སྤྱད་དུ་བསྟན་པ་ཀྱིལ་འབར་གྱི་འཁོར་ལའི་ནང་དུསན་པའ་མ་མའ་ཆགས་ཀྱི་ཡང་སུ་བསྐོར་བའི་རང་གི་སྦྲུ་ལས་རྣམ་པར་སྨྲས་པའི་འད་ཟེར་གྱིས་ཆགས་ཀྱིནམ ་མཁའི་མཐིལ་ཁྱབ་པར་ཡང་དག་པར་རྣམ་པར་བསྒོམ་པར་བྱ་ཞིང་ཡེ་ཤེས་ཀྱི་འཁོར་ལོ་དགུག་པར་བྱའོ།། བདག་ཉིད་དམ་ཚིགས་གི་ཐུགས་ཀའི་པདྨར་དྷུ་ལས་བྱུང་བའི་ཐོད་པར་གནས་པའི་ཉི་མ་ལ་ཧཱུཾ་ཡིག་སྔོན་པོའི་འོད་ཟེར་གྱི་ལྕགས་ཀྱུ་ནཿ ་ཀྱིས་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་སྣང་བར་བྱས་ནས་ཡེ་ཤེས་ཀྱི་འཁོར་ལོ་ཡང་མདུན་དུ་བཀུག་པར་རྣམ་པར་བསམས་པ་སྟེ་མཆོད་ཡོན་དང་ཞབས་གསིལ་ལ་སོགས་པ་ཕུལ་ནས་ཡང་དག་པ་མཆོད་ཅིང་སྟོང་པ་ཡང་བྱས ་ཛཿཧཱུཾ་བཾ་ཧོཿཞེས་པ་འདིས་དགུག་པཱ་དང་གཞུག་པོ་དང་བཅིང་བ་དང་མཉེས་པར་བྱའོ།། དེ་ནས་ཨོཾ་བཛྲ་གཽ་དྷཱི་ཨཱ་ཀཪྵ་ཡ་ཛཿ། ཨོཾ་བཛྲཱི་ཙཽ་རཱི་པྲ་པྲེ་ཤ་ཡ་ཧཱུཾ། ཨོཾ་བཛྲ་བེཏྟཱ་ལཱི་བནྡྷ་ཡ་བཾ། ཨོཾ་བཛྲ་གྷསྨཱ་རཱི་ཏྭོ་ཥ་ཡ་ཧཱུ~ཾ། ཞེས་པས་ཇི་ལྟ་བའི ་ལམ་ནས་ཡེ་ཤེས་ཀྱི་འཁོར་ལོ་དམ་ཚིག་འཁོར་ལོ་ལ་གཞུག། འདིས་དཔལ་ཧེ་རུ་ཀའི་ང་རྒྱལ་བརྟན་པར་བྱའོ།། གལ་ཏེ་ཡང་བདག་ཉིད་དམ་ཚིག་པ་བཞིན་དུ་ཡེ་ཤེས་ཀྱི་དམ་ཚིག་གོ།། དེ་ལྟ་ན་ཡང་ཡེ་ཤེས་ཀྱི་འཁོར་ལོ་གཞུག་པ་དང ་བབར་མེད་པར་ཡེ་ཤེས་ཀྱི་དམ་ཚིག་ཞལ་གཅིག་ཕྱག་གཉིས་པ་དམར་པོ་རང་འོད་ཀྱི་ཤེས་རབ་སྟེ་རང་གི་སྙིང་གར་བསམ་པར་བྱའོ།། དེའི་སྙིང་གར་ཏིང་ངེ་འཛིན་གྱི་མགོན་པོ་ཡང་ངོ་།། དེ་ནས་བཅོམ་ལྡན་འདས་མ་ཡང་དེ་བཞིན་ཏེ་ཡེ ་ཤེས་ཀྱི་དམ་ཚིག་གི་སྙིང་གི་པདྨ་དང་ཟླ་བ་ལ་གནས་པའི་ཨཾ་ཡིག་ལས་སྐྱེས་པའི་གྲི་གུག་ལ་གནས་པའི་ཨཾ་ཡིག་བལྟ་བར་བྱའོ།། རྣལ་འབྱོར་མ་བརྒྱད་རྣམས་ཀྱི་དེ་བཞིན་དུ་ཡེ་ཤེས་ཀྱི་དམ་ཚིག་གི་སྙིང་གར་པདྨ་དང་ཟླ་བ་རྣམསུ་རང་རང ་གི་ས་བོན་ལས་སྐྱེས་པའི་མཚན་མ། སླར་ཡང་ཟླ་བ་ལ་གནས་པའི་ས་བོན་གྱིས་བྱིན་གྱིས་བརླབས་པ་བལྟ་བར་བྱའོ་ཞེས་པ་ཡེ་ཤེས་ཀྱི་འཁོར་ལོའོ།། ཡེ་ཤེས་ཀྱི་འཁོར་ལོ་དང་དམ་ཚིག་གི་འཁོར་ལོ་དག་གཅིག་ཏུ་བྱས་པའི་དུས་སུ་རང ་གི་སྐུ་ལས་རྣམ་པར་སྤྲོས་པའི་འོད་ཟེར་རྣམས་ཀྱིས་བཀུག་པའི་དེ་བཞིན་གཤེགས་པ་ལྔ་པོ་དཔལ་ཧེ་རུ་ཀའི་གཟུགས་ཐོབ་པ་རྣམས་དང་རྡོ་རྗེ་རྣལ་འབྱོར་མ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་དང་ཁྲོ་བོ་ལ་སོགས་པ་རྣམས་ཀྱང་ནམ ་མཁའ་ལ་མངོན་དུ་བལྟས་ནས་མངོན་པར་དབང་བསྐུར་བར་གསོལ་བ་གདབ་སྟེ། ཨ་བྷིའིཉྩ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏཱ་ཞེས་པས་སོ།། དེ་བཞིན་གཤེགས་པ་ལྔ་པོ་དེ་རྣམས་ཀྱང་བདུད་རྩི་ལྔས་གང་བའི་རྣམ་པར་རྒྱལ་བའི་བུམ་པ་ལ་སོགས ་པ་རྣམས་ཀྱིས། ཇི་ལྟར་བལྟམ་པ་ཙམ་གྱིས་ནི། དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར།། ལྷ་ཡི་ཆུ་ནི་དག་པ་ཡིས།། དེ་བཞིན་བདག་གིས་ཁྲུས་བགྱིའོ།། ཞེས་གསུང་ཞིང་འཁྲུ་བར་མཛད་དོ་ཞེས་པ་མངོན་པར་དབང་བསྐུར ་བའོ།། དེ་ནས་དམ་ཚིག་རྡོ་རྗེའི་རྣལ་འབྱོར་མ་རྣམས་ཀྱིས་རྡོ་དྲོའི་སྒྲ་སྒྲོགས་པར་བྱེད་དོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སླར་ཡང་དགའ་བའི་བདག་ཉིད་དུ་གཟིགས་པར་མཛད་དོ།། ཁྲོ་བོ་ལ་སོགས་པ་རྣམས་ཀྱིས་དགའ་བ ་མཛད་དོ།། ན་མཁའ་ལ་སྣ་ཚོགས་པའི་དྲི་བཟང་པོ་ཅན་གྷཾ་མེ་ཏོག་གིས་ཆར་འབབ་པར་འགྱུར་རོ།། གུར་ཀུམ་དང་ཙན་དན་གྱི་ཆར་དང་རིན་པོ་ཆེ་སྣ་ཚོགས་པའི་ཆར་རབ་ཏུ་འབབ་བོ།། གར་དང་སིལ་སྙན་དང ་གླུ་དང་བསྟོད་པའི་སྒྲས་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་རྣམས་ཀྱི་སྟེང་དུ་ཅ་ཅོའི་སྒྲ་ཆེན་པོ་འབྱུང་བར་འགྱུརརོ།། དབང་བསྐུར་བ་ན་བཅོམ་ལྡན་འདས་ཀྱི་སྤྱི་བོར་ཐུགས་ཀྱི་དབང་པོར་འགྱུར་ཏེ་བཅོམ་ལྡན་འདས་མའི་ཡང་དེ་བཞིནོ།། ་གཽ་རཱི་ལ་སོགས་པ་རྣམས་ལ་མི་བསྐྱོད་པ་དང་། རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང་ལྡན་དང་། འོད་དཔག་མེད་ཀྱིས་རྒྱས་གདབ་པར་བྱའོ།། སླར་ཡང་སངས་རྒྱས་དེ་རྣམས་ཁོ་ནས་པུཀྐ་སཱི་ལ་སོགས་པ་རྣམས་དེ་བཞིནོ།། དེ་ནས ་བི་ཐང་མ་ལ་སོགས་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་རང་རང་གི་མཆོད་པའི་ཁྱད་པར་རྣམས་ཀྱི་གཙོ་བོ་ལ་མཆོད་པར་བྱའོ།། དེ་ནས་རྗེསུ་སྤྱན་མ་ལ་སོགས་པ་རྣམས་ཀྱིས་གླུའི་བསྟོད་པས་བསྟོད་པར་ཡང་འགྱུར་ཏེ། རྣལ་འབྱོར ་མཱ་ཚོགས་གློགས་མྱོས་ཡོངས་བསྐོར་ཁྱོད།། ཁྱོད་ནི་རང་གི་ཐུགས་ལ་མཆོག་བརྙེས་པ།། དེས་ནི་རྒྱུ་དང་མི་རྒྱུའི་འགྲོ་ཀུན་མཛེས།། སྙིང་རྗེའི་ཐུགས་ཀྱིས་སེམས་ཅན་བསད་པར་མཛད།། ཧེ་རུ་ཀ་དཔལ་རྒྱལ་པོ་མིག་འཕྲུལ་གྱི།། ་རློས་པས་བྱེབ་བ་སྒྲིངས་ལ་བློན་པའི་རྒྱས་མཛད་། དེ་ཞིན་གཤེགས་པ་དང་བྱང་ཆུབ་སེམས་པའི་དང་གྀ་མ་དང་སྤྱི་མོ་དང་ཟླབ་མོ་སོགས་པ་རྣམས་ཀྱིས་ཀྱ་རྣམཁའ་ལ་བཞུགས་མས་མེད་སྦྱང་བ་དང་རང་པ་བརྒྱད་པ ་བའི་སྔགས་རྣམས་ཀྱིས་མངོན་པར་བསྟོད་པར་འགྱུརརོ་ཞེས་གདབ་པོ།། དེ་ནས་མ་མོའི་ཚོགས་ཀྱི་དབུས་སུ་རིག་མ་དང་ལྡན་པའི་རྡོ་རྗེ་ཅན་བདུད་རྩི་ཟ་བ་རྫོགས་པར་བྱས་ཏེ། ཡཾ་ཡིག་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་ཟླ་བ་ཕྱེད་པའི་རྣམ་པའོ།། ་དེའི་སྟེང་དུ་རཾ་ཡིག་ལས་སྐྱེས་པའི་མེ་དམར་པོ་གྲུ་གསུམ་མོ།། དེའི་སྟེང་དུ་ཨཿཡིག་ལས་སྐྱེས་པའི་མགོ་བོ་གསུམ་གྱི་སྟེང་དུ་པདྨའི་སྣོད་ཕྱི་དཀར་བ་ནང་དུམོར་བ་ཨཱཿཡིག་གིས་བྱིན་གྱིས་བརླབ་པ་ཡང་ངོ་།། དེའི་ནང་དུ་བུཾ་ཡིག་ལ ་སོགས་པའི་སྔགས་ཀྱིས་བཅའ་བ་དང་བདུད་རྩི་ལྔ་དང་སྒྲོན་མ་ལྔ་ཡང་རྫོགས་པར་བྱས་ནས་ཨོཾ་ཡིག་གིས་བྱིན་གྱིས་བརླབ་པ་ཡང་ངོ་།། དེའི་སྟེང་དུ་ཧཱུཾ་ཡིག་ལས་བྱུང་བའི་རྡོ་རྗེ་ཅན་དཀར་པོ་བལྟ་བར་བྱའོ།། དེའི་རྗེས་སུ་རླུང་གི ་བསྐུལ་བའི་མེ་ཚ་བ་ཉིད་ལས་དངུལ་ཆུའི་རོའི་རྣམ་པ་བཞིན་དུ་གྱུར་པའོ།། ཨོཾ་ཨཱཿཧཱུཾ་གཱི་ཡི་གེ་རྣམས་ཀྱིས་སྦྱང་བ་དང་རྟོགས་པ་དང་། འབར་བར་བྱས་ནས་མཐའ་ཡས་ཤིང་མུ་མེད་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ ་ལ་སོགས་པ་རྣམས་ལ་རྗེ་སུ་ཆགས་པར་བྱས་ནས་འཇིག་རྟེན་གྱི་ཁམས་རྣམསུ་སོང་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག་སྟེ་དེ་ཉིད་དུ་བཞུགས་པ་ལོས་གཅིག་ཏུ་བྱས་ནས་དེ་ཉིད་རྡོ་རྗེས་དཀྲུགས་པས་རོ་མཉམ་པར་བྱས་ཏེ་རྡོ་རྗེ་ཡང ་བདུད་རྩི་ལ་ཐིམ་པར་བལྟ་བར་བྱ་སྟེ། རྡོ་རྗེ་དང་ཆུ་སྐྱེས་སྦྱོར་བ་ལས་བསིལ་བར་གྱུར་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་བདུད་རྩི་ཡང་ཞུགས་པའོ།། རྫོགས་པ་དེ་ཁོ་ན་ཉིད་གསུམ་གྱིས་བྱིན་གྱིས་བརླབས་ཀྱིས་ལག་པའི་བླུགས ་གཟར་གྱིས་བླངས་ནས་ཧཱུཾ་ལས་བྱུང་བའི་ལྗགས་རྡོ་རྗེའི་འོད་ཟེར་གྱིས་དྲངས་ཏེ་བདུད་རྩི་དེ་ཞི་བ་ལ་སོགས་པའི་ལས་ཀྱི་དབྱེ་བས་ཏིང་ངེ་འཛིན་གྱི་དམ་ཚིག་ལ་སྦྱིན་སྲེག་བྱའོ།། དེ་ནི་དཀྱིལ་འཁོར་བ་ལ ་དེ་དང་འདྲ་བར་བསམ་མོ་ཞེས་པ་བདུད་རྩི་མྱང་བའོ།། དེའི་རྗེསུ་དཀྱིལ་འཁོར་གྱི་བདག་པོ་དང་། དཀྱིལ་འཁོར་དེ་ལས་སྤྲོས་པས་ལྷའི་སྤྲུལ་པ་དུ་མ་གང་དང་གང་ན་གདུལ་བར་བྱ་བ་ཡོད་པ་དེ་དང་དེར་སོང་ནས་དེ་རྣམས་བཏུལ ་ཏེ་སླར་འོངས་ནས་སྤྲུལ་པ་རྣམས་རྡོ་རྗེ་ཅན་གྱི་རང་རང་གི་སྐུ་ལ་ཉེ་བར་བསྡུ་བར་བྱའོ་ཞེས་པ་འགྲོ་བའི་དོན་ནོ།། དབྱུང་བ་ལ་སོགས་པ་ནས་འགྲོ་བའི་དོན་གྱི་མཐར་ཐུགས་པ་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང ་ངེ་འཛིན་ཏོ།། དེའི་རྗེས་སུ་མཚོ་སྐྱེས་ཞབས་ཀྱིས་ཁ་དོག་ནི་ལས་ཀྱི་དབྱེ་བས་དབྱེ་བར་བྱའོ་ཞེས་པ་ནི་ཡན་ལག་དྲུག་སྤྲས་པ་སྟེ། བཟང་པོའི་ཞབས་ཀྱིས་སླར་ཅུང་ཟད་གསལ་བར་མཛད་དེ་ཧཱུཾ་ཡིག་ལས་གྱུར་པའི་ཁ་དོག ་སྟེ་ཇི་ལྟར་རིགས་པར་རབ་ཏུ་སྦྱོར་བ་ལས་ཞེས།། འདི་ཡང་ཛཱ་ལན་དྷ་རི་པའི་ཞབས་ཀྱིས་རྒྱས་པར་རྣམ་པར་བཤད་དེ། འདི་ལྟ་སྟེ། རི་བོང་ཅན་དང་ཉི་མ་ཁ་སྦྱར་བའི་དབུསུ་སྔགས་ཀྱི་འཁོར་ལོ་སྒྱུར་བུ་ཆེན་པོའི་ས་བོན་གྱི་ཡི་གེ་བལྟས་ནས་ཡན ་ལག་དྲུག་བསྒོམ་པར་བྱའོ།། འདིས་འདི་གསུངས་པ་ཡིན་ཏེ། བདག་ཉིད་དམ་ཚིག་གི་ཐུགས་ཀར་པདྨ་ལ་གནས་པའི་ཟླ་བ་དང་ཉི་མའི་དབུས་སུ་སོན་པོའི་ཧཱུཾ་ཡིག་ལས་སྤྲོས་པའི་འོད་ཟེར་གྱི་ཚིགས་རྗེ་སུ་ཞུགས་པ་ལས་དང་པོར་ཏིང་ངེ ་འཛིན་གྱི་མགོན་པོ་ནག་པོ་བསྒོམ་པར་བྱའོ།། དེ་ཡོངསུ་གྱུར་པ་ལས་ཐིག་ལེའི་གཟུགསུ་བསམས་ནཱ་དེ་འོད་ཟེར་རྣམས་བཅོམ་ལྡན་འདས་ཀྱི་བ་སྤུའི་བུ་ག་ལས་ཕྱུང་སྟེ་དཀྱིལ་འཁོར་དང་དཀྱིལ་འཁོར་པ་ཐམས་ཅད་ལ་མངོན་པར་ཁྱབ་པ ་བྱས་པ་ལས་ཆེར་གནག་པར་བལྟ་བར་བྱའོ།། འདི་ལྟར་གཉིས་པར་དམར་པོ་དང་། གསུམ་པར་སེར་པོ་དང་། བཞི་པར་ལྗང་གུ་དང་། ལྔ་པར་སྔོན་པོ་དང་། དྲུག་པར་དཀར་པོ་ཡང་སྟེ། ཞི་བ་ལ་སོགས་པའི་ལས་ལ་ཇི་ལྟར་རིགས ་པཔར་ཤེས་པར་བྱའོ་ཞེས་པ་ཡན་ལག་དྲུག་གོ། ཡན་ལག་དྲུག་བསྒོམ་པར་བྱས་ནས་དེ་ནས་འོད་གསལ་བ་བརྩམ་པར་བྱ་སྟེ། ཨཱ་ལི་ཀཱ་ལིའི་ཕྲེང་བར་སྤྲོས་པའི་དབུགས་དབུགས་ཀྱི་ལམ་ནས་ཕྱུང་སྟེ། འཐོན་པའི་འོད་ཟེར་རྣམས་ཀྱིས ་མཚན་དང་དཔེ་བྱད་ཡང་དག་པར་སྤུངས་ནས་རྒྱུ་བ་དང་བཅས་པའི་མི་རྒྱུ་བ་གཅིག་ཏུ་གྱུར་ནས་གཽ་རཱི་ལ་སོགས་པ་རྣམས་དང་བདག་མེད་མཱ་ཡེང་སྟེ་རང་ལ་འཇུག་པའི་བདག་ཉིད་ཀྱི་གང་ཡང་རྡོ་རྗེ་འཆང་གི་གོ་འཕང་དུ་བརྟགས་ཤིང་དེ་ཐམས ་ཅད་འོད་གསལ་བར་བལྟ་བར་བྱ་སྟེ་དངོས་པོ་ཐམས་ཅད་ལས་སོ།། འདི་ཉིད་ལས་འཆད་པར་འགྱུར་བའི་འོད་གསལ་དུ་འཇུག་པའི་རིམ་པས་ལྷན་ཅིག་སྐྱེས་པའི་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་བྱ་སྐུ་མདོག་དཀར་པོར་བསམས ་ནས་དེའི་ཐུགས་ཀར་ས་བོན་བསམ་པར་བྱའོ།། དེའི་རྗེ་སུ་འོད་གསལ་དུ་འཇུག་པའི་རིམ་པ་ནི་གཽ་རཱི་ལ་སོགས་པ་རྣམས་བྱང་ཆུབ་ཀྱི་སེམས་ལས་རྣམ་པར་སྤྲོས་པའོ་ཞེས་ཤེས་པར་བྱས་ནས་དང་པོར་གོ་ནཱི་ནི་བཅོམ་ལྡན་འདས་ཀྱི་བ་སྤུའི། ་གཟུགས་ཀྱི་ཕུང་པོ་ལ་གཞུག་སོ།། དེ་ལྟར་ཆོམ་རྐུན་མ་དང་། རོ་ལངས་མྱ་དང་། གྷསྨཱ་ནཱི་དང་། བདག་མེད་མ་ཡང་སྟེ་ཇི་ལྟར་རིགས་པར་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཕུང་བ ་རྣམས་ལ་གཞུག། དེ་བཞིན་དུ་པུཀྐ་སཱི་ལ་སོགས་པ་རྣམས་ནི་ས་ལ་སོགས་པ་རྣམས་ལ་གཞུག། དེཿཕྱི་རོལ་གྱི་དཀྱིལ་འཁོར་འཇུག་པ་སྟེ། དེ་ནས་བཅོམ་ལྡན་འདས་ཀྱི་ནང་དུ་གནས་པའི་ཕུང་པོ་ལྔ་པོ་རིམ་གྱིས་འཇུག་པ་ནི་གཟུགས་ཀྱི་ཕུང ་བོ་ལྔ་པོ་རིམ་གྱིས་འཇུག་པ་ནི་གཟུགས་ཀྱི་ཕུང་པོ་དང་ཚོར་བའི་ཕུང་པོ་དག་ནི་འདུ་ཤེས་ཀྱི་ཕུང་པོ་ལ་སྟེ། དེ་འདུ་བྱེད་ཀྱི་ཕུང་པོ་རྣམས་དང་། དེ་ཡང་རྣམ་པར་ཤེས་པ་ལ་སྟེ་བདག་མེད་མ་ཡང་ངོ་།། དེར་ས་སྤྱོད་མ་དང་མཁའ་སྤྱོད་མ་ཡང ་ཕྱོགས་གཉིས་ཐོབ་པ་ལས་འོད་གསལ་བར་འགྲོའོ་ཞེས་འོད་དེ་མྱ་ངན་ལས་འདྲེས་པ་ཐམས་ཅད་སྤྱོད་པ་ཇི་སྲིད་པར་རོ།། དེ་བཟངས་པའི་ཞབས་ཀྱིས་གསུངས་པ། སྔགས་པས་ཕུང་པ་ལྔ་རང་བཞིན་གྱིས་འོད་གསལ་བར་བསམ་པར ་བྱ་སྟེ་དཀྱིལ་འཁོར་པ་ཐམས་ཅད་བླངས་ཤིང་སླར་རང་གི་ཡུལ་བསྡུས་པས་སོ།། འདིས་དེའི་ས་བོན་གྱི་ཡི་གེ་དང་ཟླ་བ་དང་ཉི་མ་དག་ཀྱང་འདྲེས་པར་གྱུར་པས་བདུད་རྩིའི་རང་བཞིན་འོད་ཟེར་གྱི་ཕུང་པོའི་རྣམ་པ་མེར་མེའི་རྩེ་མོ་ལྟ་བུར་རིམ ་གྱིས་རྗེས་སུ་མི་དམིགས་པར་བྱའོ་ཞེསོ།། འདིར་ཛཱ་ལན་དྷ་རི་པའི་ཞིབས་ཀྱིས་མཚོ་སྐྱེས་ཞབས་ཀྱི་རྣམ་པར་བཤད་པར། འདིས་དེའི་ས་བོན་གྱི་ཡི་གེ་དང་ཟླ་བ་དང་ཉི་མ་དག་ཀྱང་འདྲེས་པར་གྱུར་པ་ཞེས་པ་འདིས་ཡེ་ཤེས་གསུམ་པོ་མེད ་པར་བསྟན་ཏོ།། བདུད་རྩིའི་རང་བཞིན་ཞེས་པ་འདིས་ནི་ལྷན་ཅིག་སྐྱེས་པའི་གནས་སྐབས་བརྟན་པོར་མཛད་དོ་ཞེས་པ་ལ་སོགས་པའི་གཞུང་གི་རྣམ་པར་བཤད་པ་འདིས་ནི་འོད་གསལ་བ་འབའ་ཞིག་རྣམ་པར་བཤད་པ་ཡིན་གྱི་བཞེངས་པ་འབའ་ཞིག ་གསུངས་པ་ནི་མ་ཡིན།། དེ་བཟང་པོའི་ཞབས་ཀྱིས་གསུངས་པ། དེའི་རྗེསུ་ཟླ་བ་དང་ཉི་མ་དང་ས་བོན་ངག་གཅིག་ཏུ་གྱུར་པ་ལས་སྐད་ཅིག་གི་རབ་ཏུ་འབར་བའི་འོད་ཟེར་གྱི་ཕུང་པོའི་རྣམ་པར་བསམ་པར་བྱས་ནས་རིམ་གྱིས་མར་མེའི་རྩེ་མོ་ལྟ་བུར ་གྱུར་པ་དེའི་རྗེསུ་ཆུ་ཤིང་གི་སྙིང་པོའི་རྣམ་པར་དེ་སྲིད་དུ་བསམ་པར་བྱ་སྟེ་དམིགས་པ་མེད་པར་གྱུར་པ་ཇི་སྲིད་པར་རོ།། སྐབས་འདིར་འདི་དྲན་པར་བྱ་སྟེ། དེར་ནི་ཐེག་མ་དབུས་མཐའ་མེད།། སྲིད་མེད་མྱ་ངན་འདས་པ་མེད།། བདགུ་མེད་གཞན་ནཾ ་མེད་པ་སྟེ།། འདིར་དེ་མཆོག་ཏུ་བདེ་ཆེན་ནོ།། ཞེས་པ་འོད་གསལ་བའོ།། དེ་ནས་འོད་གསལ་བ་ལས་རྣམ་པར་བཞེངས་པ་སྟེ། འོད་གསལ་བ་དེ་ནི་མཆོག་གི་རྣལ་འབྱོར་ཏེ་བཞེངས་པའི་རྒྱུའོ།། འདི་ཉིད་སྐད་ཅིག་གིས་ལྷན་ཅིག་སྐྱེས་པའི ་ཧེ་རུ་ཀའི་གཟུགས་ཀྱི་ཡེ་ཤེས་སྐྱེ་བ་མཚན་སུམ་ཅུ་རྩ་གཉིས་འཆང་ཞིང་དཔེ་བྱད་བརྒྱད་ཅུས་བརྒྱན་པ་གྲིབ་མ་དང་སྒྱུ་མ་དང་མཚུངས་ཤིང་ཞི་བར་བསམས་ནས་ཡེ་ཤེས་ཀྱི་སྣང་བ་རྡོ་རྗེའི་རང་བཞིན་ཉིད་ཀྱི་དཀྱིལ་འཁོར་གྱི་དབང་པོ་བསྡུས ་པས་བསྒོམ་པར་བྱའོ།། རྡོ་རྗེ་འཆང་གིས་ཀྱང་གསུངས་པ། སེམས་དཔའི་གཟུགས་བརྙན་ལས་བྱུང་བའི།། དཀྱིལ་འཁོར་དབང་པོ་བསྒོམ་པར་བྱ། ཞེས་སོ།། སྔགས་བཟླས་པའི་རྒྱུར་ཕྱག་བཅུ་དྲུག་པ་ལ་སོགས་པའི་གཟུགས་ཀྱི་བཅོམ ་ལྡན་འདས་པ་དང་པོར་རྫོགས་པར་བྱས་ནས་མཁའ་འགྲོ་མའི་འཁོར་ལོ་སྔར་བཞིན་དུ་བསམ་པར་བྱའོ།། འདི་ལྟར་སྔ་དྲོ་དང་གུང་དང་ཕྱི་དྲོ་དང་མཚན་མོ་བྱེད་པ་སྟེ། ཐུན་བཞི་པོ་རྣམས་ཀྱིས་འམ་པས་བསྒོམ་པའི ་པའི་རིམ་པ་བསྟན་པ་ཡཾ་ནོ།། བསྒོམ་པས་དུག་ན་སྔགས་བཟླས་པར་བྱའོ།། དེའི་རིམ་པ་ནི་འདི་ཡིན་ཏེ་འཁོར་ལོའི་དབུས་སུ་ཁ་སྦྱོར་གྱིས་སྦྱོར་བས་བདག་ཉིད་དཔལ་ཧེ་རུ་ཀའི་རྣམ་པར་བསྒོམས་ནས་དཀྱིལ་འཁོར་གྱི་དབང་ཕྱུག་དང་དཀྱིལ ་འཁོར་པ་རྣམས་ཀྱི་སྔགས་ཀྱི་ཡི་གེ་རྣམས་བཅོམ་ལྡན་འདས་མའི་ཞལ་ནས་འཐོན་ནས་བཅོམ་ལྡན་འདས་ཀྱི་ཞལ་དུ་ཞུགས་ཏེ་ཨ་བ་དྷཱུ་ཏཱིལྀ་ལཱཾ་དང་རྡོ་རྗེའི་ལམ་ནས་པདྨར་ཞུགས་པས་སྔགས་ཀྱི་ཡི་གེ་རྣམས་འོད་ཟེར་དང་བཅས་པ ་སླར་ཡང་བཅོམ་ལྡན་འདས་མའི་ཞལ་ནས་རང་གི་ཞལ་དུའོ་ཞེས་པའི་རིམ་པས་སོ་ཉིད་ཀྱིས་ཞི་བ་ལ་སོགས་པ་ཕྱེ་བའི་ཁ་དོག་གི་སྦྱོར་བས་མོ་སྐྱོ་བའི་བར་དུ་བཟླས་པར་བྱའོ་ཞེས་པ་ནི་ཁྱོགས་ཀྱིས་བཟླས་པའོ།། སྙིང་གར་ཉི་མ་ལ་སྔགས ་ཀྱི་ཡི་གེ་རྣམས་འོད་ཟེར་དང་བཅས་ཤིང་མགོ་བོ་གྱེན་དུ་ཕྱོགས་པ་འཁོར་ཡུག་གི་རྣམས་པས་ཉེ་བར་བསྐོར་པོ་བསམ་ཞིང་བསམ་པར་བྱའོ་ཞེས་པ་ནི་གོང་བུའི་བཟླས་པའོ།། དཀྱིལ་འཁོར་གྱི་དབང་ཕྱུག་དང་། དཀྱིལ་འཁོར་པ་རྣམས ་ཀྱི་སྔགས་ཀྱི་ཡི་གེ་དེ་རྣམས་ཐམས་ཅད་དུ་སྒྲ་རིང་པོས་འབྱིན་པར་བྱེད་པ་ཡིད་ཀྱིས་རྟོགས་པར་བྱའོ་ཞེས་པ་ནི་དམ་ཚིག་གི་བཟླས་པའོ།། སྙིང་པོ་དང་ཉེ་བའི་སྙིང་པོ་དང་ཕྲེང་བའི་སྔགས་ལ་སོགས་པ་མན་ངག་ལས་བཟླས་པ་ཡང་སླར་བྱ་བ ་ཡིན་ནོ།། དེ་ལ་སྔགས་ནི་འདི་ཡིན་ཏེ། ཨཾ་དེ་བཱ་པི་ཙུ་བཛྲཱ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཕྱག་བཅུ་དྲུག་པའོ་འོ།། ཨོཾ་ཀཾ་ཊཾ་ཀི་ཊི་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཕྱག་དྲུག་པའི་འོ།། ཨོཾ་ཛྭ་ལ་ཛྭ་ལཱ་བྷཱུ་ཙཱ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཕྱག་བཞི་པའི་འོ།། ཨོཾ་ཏྲཻ་ལོཀྱཱ་ཀྵེ་པ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ ་སྱཱ། དྲུག་གཉིས་པའི་འོ།། ཐམས་ཅད་ཉིད་ཀྱི་སྟོང་བའོ།། སླར་ཡོ་ཉེ་བའི་སྙིང་བ་ནི་ཨོཾ་བཛྲ་ཀརྷ་ར~ཾ་ཧེ་བཛྲཱ་ཡེ་ཧྲཱིནྟཧཱ་ཕཊ། ཨོཾ་ཨཱིཥྚ་ན་ནཱ་ཡ་བིདྡྷོནྟ་ཀེ་ཤ་ཝན་མ་ན་ཙཎྜི་ཨོཾ་ཏི་ན་དྷཱི་ཡེ། ཊོ་ཤ་བྷུ་ཛཱ་ཡ་ཀྲཱིཥྛ་ཛཱ་མཱ་ཏ་ཝབུཾཥེ། ཀེ་བྷཱུ་ལམ ་ལཱ་ནཾ་ཀཾ་དྷཱ་རི་ཎེ། ཨཱ་དྷཱ་ཏ་ཀྲུ་ར་ཙཾདྦྷ་ཡ། ཨརྡྷེནྡྲ་དཥྚི་ཎེ་ཨཻ་མཱ་ར་ཡ་མཱ་ར་ཡ་ཀཱ་ར་ཡ་ཀཱ་ར་ཡ། གརྫ་ཡ་གརྫྫ་ཡཾ། ཏརྫ་ཡ་ཏརྫ་ཡ། ཤོ་ཥཱ་ཡ་ཤོ་ཥ་ཡ། སབྟ་སཱ། ག་རཱན་བནཱ་དྷ་བན་དྷ། ནཱ་གཱཉྫ་ཀཱཾ། གྲྀཧྞ་གྲྀཧྞ། སཻརྦ་ཤ་ཏཱཾ། ཧ་ཧཱ་ཧཱཾ་ཧཱཾ་ཧུ ་ཧཱུཾ་ཧེ་ཧེ་ཧོ་ཧཽ་ཧཱུ~ཾ་ཧཿ་ཕཊ་སྭཱ་ཧཱ། ཞེས་པ་ནི་བཅོམ་ལྡན་འདས་ཀྱི་རྩ་བའི་སྔགས་ཉིད་དང་ཕྲེང་བའི་སྔགསོ།། ཨོཾ་ཨཥྚ་ན་ནཱ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་པཱ~ཾ་གོརྡྷ་ཀེ་ཤ་ཝནྣ་ན~ཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཙ་ཏུཪྵི་ཤ་ཏི་ནཻ་ཏཱ་ཡཻ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཥོ་ཊ་ཤྲཱི་བྷུ་ཛཱ་ཡེ་ཧཱུཾ་ཧཱུཾ་ཧཱུཾ། ་ཕཊ། ཨོཾ་ཀྲྀཥྞ་དྷཱི་མཱ་ཏ་ཝེ་པུ་ཥེ་ནཱཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཀ་པཱ་ལ་མཱ་ལཱ་ནེ་ཀ་དྷཱ་རི་ནེ་ཏྲཱ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱུདྒྷ་ཏ་ཀཱ་ར་ཙཱིཏྟ་ཡ་ཧཱུ~ཾ་ཧཱུཾ་ཧཱུ~ཾ་ཕཊྚ། ཨོཾ་ཨཱརྡྷེནྣ་དཾཥྚི་ཎཱཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ས~ཾ་བྱཱ་ནི་བཅོམ་ལྡན་འདས་ཀྱི་རྐང་པ་བརྒྱད་པའི་སྔགསོ།། ཨོཾ་ཨཻ་ནཻ་རདྦྷ་ཧཱུཾ ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཌཱ་ཀི་ནེ་ཡེ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པ་བཅོམ་ལྡན་འདས་མའོ་སྙིང་པོ་དང་ཉེ་བའི་སྙིང་པོའི་སྡིགསོ།། ཨོཾ་ཨཾ་ཨཱཾ་ཨིཾ་ཨཱཾ་ཨུཾ་ཨོཾ་རི་རཱྀ་ལི་ལཱྀ་ཨེ་ཨ~ཾ་ཨོཾ་ཨཱཾ་ཨཾ་ཕཊ་སྭཱ་ཧཱ་ཞེས་པ་ནི་བཅོམ་ལྡན་འདས་མའི་རྩ་བའི་སྔགསོ།། ་ཨོཾ་ཨ་ཨཱཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨེ་ཨཱཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨུཾ་ཨཱུ་ཧཱུཾ་ཧཱུཾ་ཕཊ། ཨོཾ་རྀ་རཱི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ལྀ་ལཱི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨོཾ་ཨོཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨོ་ཨོཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཾ་ཧཱུཾ་ཧཱུཾ་ཕཊ། ཞེས་པ་ནི་བཅོམ་ལྡན་འདས་མའི་རྐང་པ ་བརྒྱད་པའི་སྔགསོ།། འདིར་ཛཱ་ལན་དྷ་རཱི་བའི་ཞབས་ཀྱིས་གསུངས་པ། གལ་ཏེ་གཽ་རཱི་པ་ལ་སོགས་པའི་རྣམས་ཀྱིས་སྔགས་བཟླ་བར་བྱ་བ་དེའི་ཚེ་དེ་ལ་འཁྱུད་པར་བྱ་སྟེ་བཅོམ་ལྡན་འདས་མ་ཡང་དེའི་གདན་ལ་བསམ་པར་བྱའོ།། དེ་ལ་སྔགས་ནི་འདི ་ཡིན་ཏེ། ཨོཾ་བཛྲ་གཽ་རཱ་ཡེ་ཧཱུ~ཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཙཽ་རཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་བཛྲ་བེཏྟཱ་ལཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་གྷསྨ་རཱཾ་ཨོཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་པུཀྐ་སཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཤ་བ་རཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཙཎྜ་ལཱི་ཡེ་ཧཱུཾ་ཧཱུཾ་ཕ ་སྭཱཧཱ། ཨོཾ་བཛྲ་ཌོམྦི་ནཱི་ཡེ་ཧཱུཾ་ཧཱུ~ཾ་ཕཊ་སྭཱ་ཧཱ། ཞེས་པའོ།། ད་ནི་གཏོར་མའི་དེ་ཁོ་ན་ཉིད་བརྗོད་པར་བྱ་སྟེ། སྟོང་པ་ཉིད་དུ་མོས་པས་ལྷན་ཅིག་སྐྱེས་པའི་ཧེ་རུ་ཀའི་རྣམ་པར་བསྒོམས་ནས་སྔར་བཤད་པའི་རིམ་པས་སེམས་དཔའི་གཟུགས་བརྙན་ལས ་བྱུང་བའི་ཁྲོ་བོའི་དབང་པོ་ཞལ་བརྒྱད་པ་ལ་སོགས་པ་འཇིགས་པ་ཆེན་པོ་ཞེ་སྡང་རྡོ་རྗེར་རྣམ་པར་བསྒོམ་པར་བྱའོ།། དེ་ལྟར་རྣལ་འབྱོར་པ་ཞེ་སྡང་རྡོ་རྗེའི་ཏིང་ངེ་འཛིན་ལ་གནས་བཞིན་དུ་ཨོཾ་ཡིག་ལས་བྱུང་བའི་ཁྲོ་བོ་བཅུ་པོ་འབར་བའི་ཕྲེང་བ ་འཁྲུགས་པ་ཐམས་ཅད་ཕྱུང་ནས་ཤར་ལ་སོགས་པའི་ཕྱོགས་རྣམསུ་གཤིན་རྗེ་གཤེད་ལ་སོགས་པ་བཀྱེ་སྟེ་དབང་པོ་ལ་སོགས་པའི་བགེགས་ཀྱི་ཚོགས་རྣམས་བཀུག་ནས་ཨོཾ་སུམྦྷ་ནི་སུམྦྷ་ནི་ཞེས་པ་ལ་སོགས་པའི་སྔགས་ཀྱིས་བཀའ་བསྒོ ་སྟེ་ཞི་བ་ལ་སོགས་པའི་ལས་ཀྱི་དབྱེ་བས་སོ།། དེའི་རྗེས་སུ་གླང་པོའི་སྣོད་ཡོངསུ་གྱུར་པ་ལས་རྡོ་རྗེ་དང་། སའི་སྣོད་དུ་ཡོངསུ་གྱུར་པ་ལས་རྡོ་རྗེ་དང་། དྲིལ་བུ་ཡང་བསམ་པར་བྱ་སྟེ་དེ་ལྟར་གཞན་རྣམས་ཀྱི་ཡང་སྦྱར་བར་བྱའོ།། དེ་ལྟར་རྡོ་རྗེ་དང ་དྲིལ་བུ་འཛིན་པའི་བློ་བཟང་གིས་འདབ་མ་བརྒྱད་པའི་པདྨ་གསུམ་སྟེང་ནས་སྟེང་དུ་ཡི་གེ་གསུམ་ལས་རྫོགས་པའི་ཐར་པའི་གྲོང་ཁྱེར་གསུམ་བསམ་པར་བྱའོ།། དེར་ནི་རྣམས་ཉིད་ཀྱིས་བཀུག་པའི་བགེགས་རྣམས། ཨོཾ་ཨིནྡ་ཛ་མ་ཛ་ལ ་ཛཀྵ་བྷཱུ་ད་བིཧྨ་བཱ་ཨུ་རཀྵ་ཙནྡ་སུཛྫ་མཱ་དྱ་པཔྤ་ཏ་ལ་པཱ་ཏཱ་ལེ་ཨཥྚ་སཔྤ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་བོས་ནས་དགུག་པ་ལ་སོགས་པ་བྱའོ།། ཨོཾ་བཛྲ་གཽ་རཱི་ཨ་ཀཪྵ་ཡ་ཛཿོཾ་བཛྲ་ཙི་ནཱི་པདྨ་ཏྲ་ཡེ་པྲ་བེ་ཤ་ཡ་ཧཱུཾ། ཨོཾ་བཛྲ་བེཏྟཱ་ལཱི་སྭ་སྭཱ་སྠ ་ནེའུ་ཀྲོ་དྷ་བན་དྷི་ན་བན་དྷཱ་ཡཽ། ཨོཾ་བཛྲ་གྷཤྨ་རཱི་ཝ་ཤཱ་གྷཎྜ་ཡཱ་ཝཱ་ཤྲཱི་ཀུ་རུ་ཧོཿཞེས་བྱས་ནས་བལྟ་བར་བྱའོ།། དེ་ལ་བར་གྱི་གྲོང་དུ་ཤར་གྱི་འདབ་མ་ལ་དབང་པོ་ལག་པ་ན་རྡོ་རྗེ་ཟླ་བའི་གདན་ལ་ཟླ་བའི་འོད་ཅན་རྒྱན་ཐམས་ཅད་ཀྱིས ་བརྒྱན་པའོ།། ལྷོར་གཤིན་རྗེ་ལག་ན་དབྱུག་པ་སྟེ་ཉི་མའི་གདན་ལ་ཉི་མའི་འོད་ཅན་ནོ།། ནུབ་ཏུ་ཆུ་ལྷ་ལག་ན་ཀུ་མུ་ད་དང་ཟླ་བའི་གདན་ལ་ཟླ་བའི་འོད་ཅན་བརྒྱན་ཐམས་ཅད་འཆང་བའོ།། བྱང་དུ་གནོད་སྦྱིན་ཏེ་ལག་ན་ཤྲཱི་ཕ་ལ་དང་ཟླ ་བའི་གདན་ལ་ཟླ་བའི་འོད་ཅན་རྒྱན་ཐམས་ཅད་འཆང་བའོ།། དབང་ལྡན་གྱི་འདབ་མ་ལ་འབྱུང་པོའི་བདག་པོ་མིག་གསུམ་པ། ལག་པ་ན་རྩེ་གསུམ་དང་སྟག་གི་ལྤགས་པའི་གོས་འཆང་བ་ཐལ་བས་སྲེ་བོར་གྱུར་པའི་ལུས་རུས་པའི་རྒྱན་ཐམས ་ཅད་ཀྱིས་བརྒྱན་པ་ཟླ་བའི་གདན་ལ་ཟླ་བའི་འོད་ཅན་ནོ།། མེའི་འདྲབ་མཱ་ལ་མེ་ལྷ་གསུས་པ་ཆེ་བ་བཀྲུང་ཕྲེང་དང་སྤྱི་བླུགས་འཛིན་པ། ཉི་མའི་གདན་ལ་ཉི་མའི་འོད་ཅན་བླ་གོས་བགོས་པའོ།། བདེན་བྲལ་གྱི ་འདབ་མར་སྲིན་པོ་ཤཱང་ལང་དང་ཐོད་པ་འཛིན་པོ་ཁྲོ་ཞིང་སྨིན་མ་འཁྱོག་པོ་དང་ལྡན་པ་རོའི་སྟེང་དུ་ཉི་མའི་གདན་ལ་ཉི་མའི་འོད་ཅན་ནོ།། རླུང་གི་འདབ་མར་རླུང་ལྷ་ལག་ན་རྒྱལ་མཚན་དང་རྒྱན་ཐམས་ཅད་འཆང་བ་ཟླ་བའི་གདན་ལ་ཟླ་བའི ་འོད་ཅན་ནོ།། པདྨའི་ཟེའུ་འབྲུ་ལ་སའི་ལྷ་མོ་སེར་མོ་ལྷའི་གོས་དང་རྒྱན་ཐམས་ཅད་འཆང་བ་ལག་ན་བུམ་པ་སྟེ་ཟླ་བའི་གདན་ལ་ཟླ་བའི་འོད་ཅན་ཡི་དགས་རྣམས་ཀྱང་སའི་ལྷ་མོ་ལ་ཀུན་ནས་བསྐོར་ཏེ་གནས་པའོ།། དབང་པོ་ལ ་སོགས་པ་རྣམས་ཀྱི་ཁྱད་པར་གཞན་ནི་བསྲུང་བའི་འཁོར་ལོར་གང་བཤད་པ་དེ་འདིར་རྟོགས་པར་བྱ་ལ། འདིར་གང་བཤད་པ་དེ་ཡང་འདིར་བཤད་པར་བྱའོ།། དབང་པོ་ལ་སོགས་པ་ལྔ་རྣམས་ཀྱིས་གཡེན་པས་སྦྲུལ་ཞགས་འཛིན་པ། སླར་ཐམས ་ཅད་གཡས་བརྐྱང་བའི་ཞབས་ཀྱི་གནས་པར་བསམ་ནས་ཧཱུཾ་ཡིག་གིས་མི་བསྐྱོད་པའི་རྣམ་པར་བལྟ་བར་བྱའོ།། སྟེང་དུ་ཆོས་འབྱུང་དུ་གནས་པའི་པདྨ་འདབ་མ་བརྒྱད་པོ་རྣམསུ་ཤར་གྱི་འདབ་བརྒྱད་པོ་རྣམས་ཤར་གྱི་འདབ་མ་ལ་ཟླ ་བ་དཀར་པོ་རྟ་དཀར་པོ་ལ་ཞོན་པ་ལག་ན་ཀུ་མུ་ད་སྟེ་རྒྱན་ཐམས་ཅད་འཆང་བ་ཟློ་བའི་གདན་ལ་ཟླ་བའི་འོད་ཅན་ནོ།། ལྷོའི་འདབ་མ་ལ་ཉི་མ་དམར་པོ་ཕྱག་དག་གིས་པདྨ་འཛིན་པ་རྟ་ལྗང་གུ་ལ་ཞོན་པ་རིན་པོ་ཆེའི་ཅོད་པན་ཅན་རྒྱན་ཐམས ་ཅད་ཀུན་ནས་རྫོགས་པ་ཉི་མའི་གདན་ལ་ཉི་མའི་འོད་ཅནོ།། ཉེ་བའི་མཚན་ཉིད་ཀྱི་ཕྱིར་ཟླ་བ་དང་ཉི་མ་དག་གིས་ལྷག་པ་ལ་སོགས་པ་བཟུང་ངོ་།། ནུབ་ཀྱི་འདབ་མ་ལ་ལྷག་པ་སེར་པོ་བྱི་བ་སེར་པོ་ལ་ཞོན་པ་ཉི་མའི་གདན་ལ་ཉི་མའི་འོད ་ཅན་ལག་ན་མདའ་སྟེ་རིན་པོ་ཆེའི་ཅོད་པན་ནོ།། བྱང་གི་འདབ་མ་ལ་པ་སངས་སྔོན་པོ་རིན་པོ་ཆེའི་ཅོད་པན་ཅན། མདུང་འཛིན་པ་ཉི་མའི་གདན་ལ་ཉི་མའི་འོད་ཅན།། དབང་ལྡན་གྱི་འདབ་མ་ལ་བཀྲ་ཤིས་དམར་པོ་སྐྲ་གྱེན་དུ་གྲོལ་བ ་པདྨ་འཛིན་པ་ཉི་མའི་གདན་ལ་ཉི་མའི་འོད་ཅན་ནོ།། མེའི་འདབ་མ་ལ་ཕུར་བུ་ཤིན་ཏུ་རིན་པོ་ཆེའི་ཅོད་པན་བེ་ཅོན་འཛིན་པ་ཉི་མའི་གདན་ལ་ཉི་མའི་འོད་ཅན་ནོ།། བདེན་བྲལ་གྱི་འདབ་མ་ལྔ་སྤེན་པ་ནག་པོ་སྐྲ་སེར་སྐྱ་རྩེ་གསུམ ་འཛིན་པ་ཉི་མའི་གདན་ལ་ཉི་མའི་འོད་ཅན་ནོ།། རླུང་གི་འདབ་མ་ལ་སྒྲ་གཅན་དང་འཇུག་རིངས་ཏེ་ཆེར་གནག་པ་དང་དུ་བུའི་མདོག་འཁོར་ཞིང་འཁོར་བས་བཀུག་ནས་ཟ་བའི་རྣམ་པ་ཅན་གྱི་ལག་པ་ཉི་མའི་གདན་ལ་ཉི་མའི་འོད ་ཅན་ནོ།། པདྨ་འདབ་མ་བརྒྱད་པའི་ཟེའུ་འབྲུའི་དབུས་སུ་ཚངས་པ་སེར་པོ་གདོང་བཞི་པ་ལག་པ་བཞི་པ་དབྱུག་གུ་གསུམ་འཛིན་པ་དང་མི་འཇིགས་པའི་ཕྱག་ཕྱག་ལྷག་མ་དག་གིས་ཕྲེང་བ་དང་སྤྱི་བླུགས་འཛིན་པ་དང་པ་ལ་ཞོན་པ ་ཟླ་བའི་གདན་ལ་ཟླ་བའི་འོད་ཅན་མཆོད་ཕྱིར་ཐོགས་མ་དང་ལྡན་པ་ཐུང་ཞིང་ལུས་རྒྱས་པ་རལ་པ་ཅན་ཏེ་ཚངས་རིས་དང་ཚངས་པ་མདུན་ན་འདོན་དང་ཚངས་ཆེན་ལ་སོགས་པ་ནས་འོག་མིན་གྱི་མཐར་ཐུག་པ་རྣམས་ཀྱིས་ཆང ་པ་ལ་ཀུན་ཏུ་བསྐོར་ནས་གནས་པར་རྣམ་པར་བསམས་ཨོཾ་ཡིག་གིས་སྐུ་རྡོ་རྗེའི་རྣམ་པས་རྫོགས་པར་བལྟ་བར་བྱའོ།། དེའི་རྗེས་སུ་འོག་ཏུ་ཆོས་འབྱུང་དུ་གནས་པའི་པདྨ་འདབ་མ་བརྒྱད་པོ་རྣམསུ ་ཕྱོགས་དང་ཕྱོགས་བྲལ་གྱི་རིམ་པས་ཏེ་དེ་ལ་ནོར་རྒྱལ་སྡེར་པོ། ཀླུ་པདྨ་དཀར་པོ། ཀླུ་སྟོབས་ཀྱི་རྒྱ་དམྱུར་པོ།། ཀླུ་འཇོག་པོ་ནག་པོ། ཀླུ་དུང་སྐྱོང་སེར་པོ། ཀླུ་པདྨ་ཆེན་པོ་སྔོ་བསངས། ཀླུ་མཐའ་ཡས་དཀར་པོ། ཀླུ་རིགས་ལྡན་ཁྭ ་བོབོ། བརྒྱད་པོ་འདི་རྣམས་ཀྱང་རིན་པོ་ཆེའི་ཅོད་པན་ཅན་མིའི་གདོང་ཅན་རྒྱན་ཐམས་ཅད་འཛིན་པ་མགོ་བོར་གདེངས་ཀས་བརྒྱན་པ་ལྷ་མ་ཡིན་དང་དམྱལ་བའི་སེམས་ཅན་དང་བཅས་པ་དེའི་ཟེའུ་འབྲུ་ལ་ཡང་ཀླུ་ལྷག་མ་དཀར་པོ་རིན་པོ ་ཆེའི་ཅོད་པན་ཅན་མིའི་གདོང་པ་ལ་གདེངས་ཀ་དང་ལྡན་པ་སྟེ་དེ་རྣམས་འདི་ལྟར་བརྟན་པར་བྱས་ནས་ཨཱཿཡིག་ཡོངསུ་གྱུར་པ་ལས་གསུང་རྡོ་རྗེའི་རྣམ་པར་བལྟ་བར་བྱ་ཞིང་དཔལ་ཧེ་རུ་ཀའི་གཟུགས་ཀྱིས་ཐམས་ཅད་དུ་སྦྱར་བར ་བྱའོ།། ཡང་ན་ལས་ཐམས་ཅད་པའི་དོན་དུ་ཕྱག་དང་ཞལ་དང་སྐུ་མདོག་ལ་སོགས་པ་གསུངས་ཏེ། ཞི་བ་ལ་སོགས་པའི་ལས་ལ་བདག་ཉིད་ཀྱི་གཟུགས་ཇི་ལྟ་བ་དེ་བཞིན་དུ་དེ་རྣམས་ཀྱི་བྱའོ།། དེ་ལྟར་ཀུན་ཏུ་བས་མོ་ནས ་སྐུ་དང་ཐུགས་དང་གསུང་རྡོ་རྗེ་དཔལ་ཧེ་རུ་ཀའི་གཟུགས་ཐོབ་པ་རྣམས་ལ་མཆོད་ཡོན་ལ་སོགས་པ་དབུལ་བར་བྱ་སྟེ་དེ་ལ་ཀུ་ཤའི་ཆུན་པོས་མགོ་བོ་ལ་བསང་གཏོར་དང་། ཕྱག་རྒྱས་ཞབས་ལོ་ཞབས་བསིལ་དང་། ལག་པ་གཙྪ། ་པར་གནས་པའི་དུང་ལག་པ་གཡས་པས་བཀབ་ནས་ཞལ་དུ་འཐེར་འཐུང་དང་། ཕྱག་རྒྱས་མགོ་བོ་ལ་མཆོད་ཡོན་ཏེ་ལནྡྲ་གསུམ་དུའོ།། ཨོཾ་པ་ཝ་ར་སཏྐཱ་ར་དང་། པྲ་ཏིཙྪ་སྭཱ་ཧཱའཾ་བར་དུ་ཨརྒེ་ལ་སོགས་པ་བཅུག་སྟེ་འདི་དང་དེ་རྣམས་ཀྱིས ་ཐམས་ཅད་ཕུལ་ནས། ཨེ་དཾ་བ་ལཾ་བྷཱུཉྫ་ཛཾངྒ་པུལླ་དྷཱུ་པ་མཱཾ་སཽ་པི་བྷཱ་ཨམྦྷ་ཀཱདྡྷེ་སབྷཱ་སཱ་དྷ་ཁཎྜཾ་ཁུ་ཎི་ཕེ་ཊ་གཱ་ད། ཞེས་པ་འདིས་སོ།། ཕྱེད་སྔ་མས་བཟའ་བའི་ཞལ་ཟས་དང་། ཕྱིད་ཕྱི་མས་ནི་བྱ་བ་ཡང་ངོ་།། དེའི་རྗེས་སུ་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ ་འཛིན་པའི་སྔགས་བྱས་པར་བསྐོར་ལ་སོགས་པའི་རྣམ་པས་ཐོག་མ་ཉིད་དུ་རྡོ་རྗེ་གསོར་ཞིང་གནས་བརྒྱད་རྣམསུ་དྲིལ་བུ་བསིལ་བ་བྱས་ནས་མན་ངག་གིས་བདུད་རྩིར་བྱས་པའི་གཏོར་མོ་སྦྱིན་པར་བྱའོ།། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦྦ་དྷརྨཱ ་ཏཱ་མཱ་དྱཱ་ནུཏྤནྣ་ཏྲཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ་ཞེས་བརྗོད་དེ་འདི་ཉིད་ཀྱིས་ཀུན་ཏུ་ཚིམ་པར་ཡང་བྱས་ནས་ཐུན་མཚམསུ་སྙན་པའི་གླུ་ཡང་བླང་བར་བྱ་ཞིང་རྩ་བའི་སྔགས་ཀྱིས་བསྟོད་ནས་ཡི་གེ་བརྒྱ་པོ་བརྗོད་དོ།། དེ་ལ་གླུ་ནི་འདི་ཡིན་ཏེ། ཀོ་ལླ ་ཨི་རེཊྚི་ཨ་བཽ་ལཱ། མུ་མྦྷ་ནཱི་རེ་ཀཀྐོ་ལཱཾ། ག་ཎཱ་ཀྲྀ་པི་ཌ་ཧཾ་བཛྲ་ཨིཀྵ་རུ་ཎེ་ཀི་ཨ་ཨི་ན་རཽ་ལཱ། ཏ་ཧི་བ་ལ་ཁདྡྷཾ་ཨི་གཱ་ཌོ་མེ་ཨ་ནཱ་བིཛྫ་ཨིཾ་ཨ་ཨཱཾ། ཧ་ལྀ་ཀ་ལིཉྫ་ར་པ་ཎཾ་ཨ་ཨི། དུ་དྷར་བཛྫི་ཨ་ཨི། ཙ་ཨུ་སཾ་མཱ་ཀཱཙྪ་རཱི་སཾཏྐཱ་ཀཱ་དྷུ་ར ་ལཱ་ཨི་ཨ་ཨི། མཱ་ལ་ཨཽ་ཨིན་དྷ་ཎ་ཤཱ་ལིཉྫ་ཏ་ཧཾ་བྷ་རུ་ཁཱ་ཨཻ་ཨ་ཨི། ཕེཾ་ཁ་ཎ་ཁེ་ཊ་ཀ་རནྟེ་སུང་དྷ་སུདྡྷ་ན་མུ་ཎཾ་ཨ་ཨི། ནི་ར་སུ་ཨངྒ་ཙ་ཌཱ་བཱི་ཏ་ཧཻ་ཛ་ས་རཱ་བ་པ་ཎཾ་ཨ་ཨི། མ་ལ་ཡ་ཛ་ཀུནྡུ་རུ་པཱ་ཊ་ཨི་ཌིརྟྲྀ་མ་ཧིརྟྟ་བཱ་ཛྙཱཾ་ཨ་ཨཻ། ་དེ་ལ་རྩུ་བའི་སྔགས་ནི་འདི་ཡིན་ཏེ། ཨོཾ་ཨཥྚ་ན་ནཱ་ཡ། ཞེས་པ་ལ་སོགས་པའོ།། དེ་ལ་ཡི་གེ་བརྒྱ་པའི་སྔགས་ནི་འདི་ཡིན་ཏེ། ཨོཾ་ཤྲཱི་ཧེ་རུ་ཀ་སྠཱ་ཡ་མ་ནུ་པཱ་ལ་ཡ་ཧེ་རུ་ཀ་ཏྲེ་ནོ་བ་ཏིཥྛ་ཌྷོ་མེ་བྷ་ཝ་སྱཱ་ཏོ ་ཥྱོ་མེ་བྷ་ཝ་བ་སུ་པོ་ཥྱོ་མེ་བྷ་ཝ་ཨ་ནུ་རཀྟོ་མེ་བྷ་ཐ་སརྦ་སིད་དྷིམྨེ་པྲ་ཡཙྪ་སརྦ་ཀེརྨྨ་སུཾ་ཙ་མེ་ཙིཏྟ་ཤྲེ་ཡ། ཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿབྷ་ག་ཝན་སརྦ་ཏཱ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་ཧེ་རུ་ཀོ་བྷ་ཝ་མ་ཧཱ་སཾ་མ་ཡ་སཏྭ་ཨཱཿདེའི་རྗེ་སུ་བདེན་པའི་བྱིན། ་གྱིས་བརླབས་པར་བྱས་ནས་རྗེ་སུ་རྩེ་བས་འདོད་པའི་དོན་གྱི་གསོལ་བ་བཏབ་སྟེ་གཤེགསུ་གསོལ་ལོ།། དེ་ལ་བདེན་པའི་བྱིན་གྱིས་བརླབས་ནི།། ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་།། དེས་གསུངས་དག་ཀྱང་ཚད་མའི་མཆོག་ཡིན ་ཏེ། བདེན་པ་འདི་ཡིས་ལྷ་མོ་དེ་དག་རྣམས།། བདག་ལ་རྗེ་སུ་འཛིན་པའི་རྒྱུར་འགྱུར་ཤོག། བདག་ལ་རྗེ་སུ་བརྩེ་བ་ནི། མགོན་པོ་ཀུན་རྟོགས་ཆགས་བཅོམ་སྙིད་གཞི་མཉམ་ལ་ཆགས།། དངོས་ཀུན་ངོ་བོ་ཉིད་ཀྱིས་མཁ ་དང་མཚུངས་པར་གཟིགས།། ཤིན་ཏུ་ལྕི་བའི་སྙིང་རྗེའི་ཆུས་བརླན་རྒྱུས་པའི་ཐུགས།། ལྷ་མོ་རྣམས་ཀྱིས་བདག་ལ་རྗེས་རྩེར་མཛད་ཅིག་མཛོད།། གཤེགས་པ་ནཱི་ཨོཾ་བཛྲ་མུཿཡིསོ།། ཨོཾ་ཨཱཿཧཱུཾ་ཕཊ་ཕཊ་ཕཊ་ཞེས་པ་འདི་རྣམ ་ཀྱི་ཨོཾ་ཡིག་གིས་སྨོན་ལམ་མོ།། ཨོཾ་ཡིག་གིས་ཚིམ་པར་བྱེད་པའོ།། ཕཊ་ཡིག་གསུམ་གྱི་ཉེ་བར་བསྡུ་བར་བྱའོ།། རྣལ་འབྱོར་པ་རྣམས་དགེ་སློང་གཏོར་མ་འདིས།། གལ་ཏེ་འབྱུང་པོ་ཐམས་ཅད་མཆོད་བྱེད་པ།། དེ་ཚེ ་དེ་རྣམས་དྲི་མེད་བདེར་འགྱུར་ཏེ།། འགྲོ་བ་རྣམས་སུ་འབྱོར་དང་ལྷ་ཡང་དགའ།། དབང་དང་མངོན་སྤྱོད་དགྲ་སྟེ་འཇིག་པ་དང་།། བསྐྲད་པ་དང་ནཱི་བསད་དང་དགུག་པ་དང་།། ནི་རྒྱས་བདེ་བ་འདི་རྣམས་དོན་དུ་ནི།། འབྱུང་བའི་ཚོགས་ལ་རྟག ་ཏུ་གཏོར་མ་སྦྱིན། ཞེས་པ་ནི། ལས་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་འཁོར་ལོའི་དབུསུ་གནས་པའི་སྔགས་པའི་ལྟེ་བ་དང་། སྙིང་ག་དང་། དེ་བཞིན་དུ་མགྲིན་པ་དང་། དཔྲལ་བར་ཡང་གོ་རིམ་བཞིན་དུ། ་བདབ་མ་དྲུག་བཅུ་རྩ་བཞི་དང་། བརྒྱད་དང་། དེ་བཞིན་དུ་བཅུ་དྲུག་དང་། སུམ་ཅུ་རྩ་གཉིས་པའི་པདྨ་བཞི་པ་བསམས་ནས་ལྟེ་བར་ས་བོན་བསམས་པར་བྱའོ།། གཏུམ་མེའི་གཟུགས་མར་མེའི་རྩེ་མོ་ལྟ་བུར་འབར་བས་ཆོས ་ཀྱི་འཁོར་ལོར་གནས་པའི་དེ་བཞིན་གཤེགས་པ་ལྔ་རྣམས་དང་སྤྱན་མ་ལ་སོགས་པ་ཡང་བསྲེགས་ནས་ཨཱ་ལི་དང་ཀཱ་ལི་དག་འབྱུང་བ་དང་རྔུབ་པ་དང་ལྡན་པ་ལོངས་སྤྱོད་རྫོགས་པའི་འཁོར་ལོ་དང་བདེ་བ་ཆེན་པོའི་འཁོར་ལོ ་དང་། རྣམ་པར་ཤེས་པའི་གཟུགས་ཅནཱ་ཧཱུཾ་ཡིག་ཀྱང་བསྲེགས་པ་ལས། དེ་ནས་བདེ་བ་ཆེན་པོའི་རྒྱུར་གྱུར་པའི་བྱང་ཆུབ་སེམས་བླངས་ཏཱཾ་བཅོམ་ལྡན་འདས་དང་ལྷན་ཅིག་ཏུ་དེ་ལྟར་རོ་གཅིག་ཏུ་བྱས་ནས་སླར་ཟླ་བ་དང ་ཉི་མ་དང་ཐོད་པ་ཡང་བཟུང་ནས་སྙིང་གའི་ས་བོན་ལ་རབ་ཏུ་གཞུག་པར་བྱའོ།། ནཱ་ད་དང་བཅས་པའི་འབར་བའི་སོ་བོན་དེ་ནི་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་དུ་གྱུར་པ་དེ་བཅོམ་ལྡན་འདས་ཀྱིས་གསུངས་པ། ་ཐིག་ལེ་རྡོ་རྗེ་སེམས་དཔར་འགྱུར།། ཟླ་ཕྱེད་རྣམ་པར་སྣང་མཛད་འདོད།། རེ་ཁ་རིན་ཆེན་བདག་པོ་ཉིད།། ཧ་ཡིག་གིས་ནི་འོད་དཔག་མེད།། ཨུ་ཡིག་དོན་ཡོད་གྲུབ་པ་ཡང་།། ཤེས་ནས་རྒྱལ ་བ་ལྔ་བདག་ཉིད།། ཅེས་སོ།། སླར་ཡང་ནཱ་ད་མར་མེའི་རྩེ་མོ་ལྟ་བུར་ཕྱུང་སྟེ་ཕྲག་དོག་གི་རང་བཞིན་ཅན་ཨུ་ཡིག་ནི་ཆགས་པའི་རང་བཞིན་ཅན་ཧ་ཡིག་ལའོ།། དེའི་རྗེ་སུ་ཧ་ཡིག་ནི་སེར་སྣའི་རང་བཞིན་ཅན་རེ་ཁཱ་ལའོ།། དེ་ནས་རེ་ཁཱ ་ཡང་གཏི་མུག་གི་རང་བཞིན་ཅན་ཟླ་བ་ཕྱེང་བ་ལའོ།། ཟླ་བ་ཕྱེད་པ་ཡང་ཞེ་སྡང་གི་རང་བཞིན་ཅན་ཐིག་ལེ་ལ་སྟེ། ཐིག་ལེ་ཡང་ནཱ་ད་ལ་བསྡུ་བར་བྱ་ཞིང་། ནཱ་ད་ཡང་ཕྲ་མོའི་རྩེ་མོར་བསྒོམ་པར་བྱའོ།། འདིས་སེམས་བརྟན་པར ་གྱུར་པས་ན་ལྷུན་གྱིས་གྲུབ་པས་དེ་བཞིན་གཤེགས་པའི་བཀོད་པ་དང་། རྣལ་འབྱོར་མའི་དྲ་བ་དང་། དཀྱིལ་འཁོར་གྱི་འཁོར་ལོ་ཡང་རྒྱས་པརརོ་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་ཁྱད་པར་བྱེད་པ་སྤྲོ་བར་བྱའོ།། འདི་ཉིད ་ཀྱང་ཛཱ་ལན་དྷ་རི་པའི་ཞབས་ཀྱིས་སྦས་པས་གསུངས་པ། འདི་ཉིད་ལས་བཞེངས་ནས་ཆོས་ཀྱི་དབུསུ་སྣ་ཚོགས་པདྨ་ཡང་བསམ་པར་བྱའོ།། དེའི་འདབ་མ་བརྒྱད་རྣམསུ་བརྒྱད་པ་རྣམས་ཀྱི་དབང་ཕྱུག་ཀྱང་སྟེ་དེའི་ཐུགས་ཀར་ས ་བོན་བསམ་པར་བྱའོ།། ས་བོན་ལས་ནཱ་དའི་རྩེ་མོའི་མཐར་བསྒོམ་པར་བྱ་ཞིང་སེམས་བརྟན་པར་བྱེད་པའི་དོན་དུ་རྩེ་མོ་ཕྲ་བའི་མཐར་བསམ་པར་བྱའོ།། དེ་ཡིས་ལྷན་ཅིག་གཅིག་ཏུ་འབྱུང་བས་སེམས་བརྟན་པར་འགྱུར་བ ་ལ་ཐེ་ཚོམ་མི་བྱའོ།། སེམས་བརྟན་པ་ཙམ་གྱིས་དེ་བཞིན་གཤེགས་པའི་བཀོད་པ་དང་རྣལ་འབྱོར་མའི་དྲ་བ་ཡང་ཤིན་ཏུ་རྒྱས་པར་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་ཁྱབ་པར་བྱེད་པ་སྤྲོ་བར་བྱ་སྟེ་གང་ལས་ན། རང་། ་གི་མཚན་མ་ལོས་སྤྲོ་བ་སྟེ་བསམ་གྱིས་མི་ཁྱབ་པའི་མགོན་པོ་དཀྱིལ་འཁོར་གྱི་བདག་ཉིད་ཅན་ཞེས།། ཆོས་ཀྱི་སྒྲས་དོན་རྣམ་པ་གཉིས་བསྟན་ཏེ་མན་ངག་གི་ལྟ་བ་ལས་ཁོང་དུ་ཆུད་པར་བྱའོ།། མཚན་མ་ཡང་ཉུངས་ཀར ་སྦོམ་པོ་ཙམ་དུ་བསམ་པར་བྱའོ་ཞེས་བྱ་བ་ཕྲ་མོའི་རྣལ་འབྱོར་ཞེས་བྱ་བའི་ཏིང་ངེ་འཛིན་དུ་བཤད་པར་བྱའོ།། འདི་ཉིད་ལས་བཞེངས་པ་ལས་གལ་ཏེ་རྣལ་འབྱོར་པ་ཕྱག་གཉིས་པ་ཀྱེ་རྡོ་རྗེའི་རྣལ་འབྱོར་གྱིས་གོ་ཆ་གཉིས ་བྱས་ནས་གནས་པར་བྱའོ།། དེ་ལ་འཁོར་ལོའི་གཟུགས་ཀྱི་མི་བསྐྱོད་པོའི་མགོ་བོར་ཧཱུཾ་ངོ་།། ལྷའི་རྣ་རྒྱན་གྱི་རྣམ་པས་འོད་དཔག་མེད་ནི་རྣ་བ་དག་ལ་ཧྲཾའོ།། མགུལ་གྱི་ཕྲེང་བའི་རྣམ་པས་རིན་ཆེན་དབང་པོ་ནི་མགྲིན་པར་ཏྲཾ་། ་ལག་གདུབ་ཀྱི་རྣམ་པས་སྣང་མཛད་ནཱཾ་ལག་པ་དག་ལ་ཨོཾ་མོ།། སྐ་རིགས་ཀྱི་རྣམ་པས་དོན་ཡོད་གྲུབ་པ་ནི་རྐེད་པ་ལ་ཁཾ་མོ།། ཐལ་བའི་རྣམ་པས་རྡོ་རྗེ་སེམས་དཔའ་ནི་ཡན་ལག་ཐམས་ཅད་ལ་ཧཾ་སྟེ་གོ་ཆ་བསྡམ་པར་བྱའོ།། མིག ་དག་ལ་ནི་གཏི་མུག་རྡོ་རྗེ་མི་ནི་ཨཾ་ངོ་།། རྣ་བ་དག་ལ་ཞེ་སྡང་རྡོ་རྗེ་མ་ནི་ཨཱཾ་ངོ་།། སྣ་ལ་སེར་སྣ་རྡོ་རྗེ་མ་ནི་ཨི་དུ་བཤད་དོ།། ཁ་ལ་འདོད་ཆགས་རྡོ་རྗེ་མ་ནཾ་ཨཱཾ་ངོ་།། རེག་ལ་ཕྲག་དོག་རྡོ་རྗེ་མ་ནི་ཨུཾ་ངོ་།། ཡིད་ལ་བདོག་མེད་རྣམ། ་འབྱོར་མ་ནི་ཨཾ་ངོ་།། སེམས་དཔའ་ཆེན་པོ་པོ་ཆ་རྣམས་ཀྱིས་རྣམ་པར་དག་པ་བྱའོ་ཞེས་པ་ནི་དགོད་པ་གཉིས་པའོ།། །། དེ་བཞིན་གཤེགས་པ་དང་རྡོ་རྗེ་རྣལ་འབྱོར་མ་ནི ་ལས་བསྒྲུབས་པ་འདི་ཡིས་ལུསཱ་ལ་གྷོ་ནཱ་གྱོན་ནས་རྣལ་འབྱོར་པ་སེང་གེ་བཞིན་དུ་གནས་པར་བྱ་སྟེ་ཕྱག་གཉིས་པའི་ཀྱེ་རྡོ་རྗེའི་རྣལ་འབྱོར་གྱིས་འཇིག་རྟེན་གསུམ་གྱི་གཞལ་ཡུས་ཁང་གི་ནང་དུའོ།། དེ་ལྟར་ཡང་ཀླུ་གྲུབ ་ཞབས་ཀྱི་ས། སྲིད་གསུམ་མ་ཡིན་འདི་ནི་ཁང་བརྩེགས་སྲོག་ཆགས་མ་ཡིན་འདི་རྣམས་རྒྱལ་བའོ།། བདག་ནི་མི་མིན་འཁོར་ལོའི་དབང་པོ་ཡུལ་མིན་དབང་པོ་མིན་ལ་སུ་སོག་མིན།། བདག་ཉིད་གཟུགས་ལ་སོགས་དང ་ཆོས་ཉིད་ཀྱང་མིན་དེ་སླད་དེ་རྣམས་དཀྱིལ་འཁོར་པ།། སྣ་ཚོགས་འདི་རྣམས་དཀྱིལ་འཁོར་འཁོར་ལོར་བསྡུས་ཕྱིར་ཀྱེ་སེམས་འཁྲུལ་པར་འགྱུར་བ་ཅི། ཞེས་པཞུགས་པའོ།། དེའི་རྗེས་སུ་གང་ཅུང་ཟད་རྙེད་པའི་བཟའ་བ་དང ་བཅའ་བའམ་བཏུང་བ་འམ་ལ་སོགས་པའི་རྫས་རྙེད་པ་རྣལ་འབྱོར་པས་སྔར་བཞིན་དུ་སྦྱངས་ཤིང་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ནས་བདུད་རྩི་མྱང་བའི་ཆོ་གས་བཟའ་བར་བྱའོ་ཞེས་པ་བཟའ་བའོ།། རྩ་བའི་རྒྱུད་ཀྱི ་རྗེས་སུ་འབྲང་ནས་གནས་པ་དང་རྒྱུ་བ་བདག་གིས་བརྗོད་པར་བྱ་སྟེ་དེ་ལྟར་ནི། རྐམ་དང་རྨོངས་དང་འཇིགས་དང་ཁྲོ།། ངོ་ཚའི་བྱ་བའང་རྣམ་སྤང་བྱ།། བདག་ཉིད་གཉིད་ནི་སྤངས་ནས་ན།། ཐེ་ཚོམ་མེད་པར་སྤྱོད་པ་བྱ།། ་འདི་ཉིད་ལུས་ཀྱི་སྦྱིན་པ་བྱིནྡ་ནས་ནི།། ཕྱི་ནས་སྤྱོད་པ་ཀུན་ཏུ་བརྩམཱ།། སྐལ་དང་བསྐལ་མྱེད་རྣམ་དཔྱད་པསྫ།། དྭེ་ལས་སྦྱིན་དང་སྦྱིན་བྱ་མཱིན།། བཟའ་བཅཝའ་དེ་བཞིན་བཏུང་བ་ནཱི།། ཇི་ལྟར་རྙེད་པ་འམ་བཟའ་བར ་བྱ། འདོད་དང་མི་འདོད་རྣམ་རྟོག་ཕྱིར།། འཛིན་པའི་ཆ་ནི་ཚ་བ་མིན།། རིགས་ལྔ་པོ་ནི་མཉམ་སྦྱོར་བར།། རིགས་གཅིག་ཏུ་མི་རྟག་པར་བྱ།། རིགས་ནི་དུ་མ་ཉིད་ཀྱིས་ནི།། ཇི་བཞིན་དབྱེ་བ་བསྐྱེད་བྱ་མིན།། ཤིང་གཅིག་གམ་ནི་དུར་ཁྲོད ་དང་།། དེ་བཞིན་མཚན་མོ་མ་མེའི་ཁྱིམ།། ཡང་ན་སྐེ་བོ་མེད་པ་དང་།། བས་མཐར་བསྒོམ་པ་དགེ་བར་བརྗོད།། གལ་ཏེ་སྤྱོད་པར་བྱེད་འདོད་ན།། དྲོད་ནི་ཅུང་ཟད་ཐོབ་པ་ནའོ།། གལ་ཏེ་དངོས་གྲུབ་འགྱུར་འདོད་ཡོད།། འདིས་ནི་སྤྱོད ་བྱ་སྤྱད་པར་བྱ།། ཞེས་རྒྱས་པར་རྀ་སྤྱོད་དོ་ཞེས་པ་ནི་སྤྱོད་པ་དང་ཀུན་ཏུ་སྤྱོད་པའོ།། གནས་པའི་ཐ་སྙད་ནི་ཀུན་ཏུ་སྤྱོད་པ་ཞེས་པའི་ཐ་ཚིག་གོ། དྲོད་ཅུང་ཟད་ཐོབ་པ་ལ་བལྟོས་པ་ཡང་གསུངས་པ། རྣལ་འབྱོར་པ་ཐ་མས་ཀྱང་མཚན ་མོ་རང་གི་གནསུ་ཤིན་ཏུ་སྤྱོད་པ་བྱ་སྟེ་ཇི་སྲིད་ཅུང་ཟད་ཐོབ་པར་གྱུར་པར་རོ།། འདི་གང་ལས་ཞེ་ན། ཇི་བཞིན་དབྱེ་བ་བསྐྱེད་བྱ་མིན། ཞེས་པའི་གསུང་ལས་སོ་ཐོབ་པ་ན་བྱ་བ་འམ། མི་བྱ་བ་ནི་རང་དབང་ཉིད་དེ་འདི་སྤྱོད་པའོ།། ་ནས་ཐུན་མཚམས་གཞན་ལ་ཉོལ་བར་འདོད་པས་དཔལ་ཧེ་རུ་ཀའི་རྣལ་འབྱོར་ལ་མངོན་དུ་ཕྱོགས་པར་བྱས་ནས་སེང་གེ་བཞིན་དུ་ཉལ་བར་བྱའོ་ཞེས་པ་ཉལ་བའོ།། ལྡང་པོའི་དུས་སུ་ཡང་པུཀྐ་སཱི་ལ་སོགས་པའི་གྲུས་བསྐུལ ་བ་ལས་ལངས་པ་ན་སྔར་བཤད་པའི་རིམ་ཉིད་ཀྱིས་མཆོད་པའི་འཁོར་ལོ་ལ་སོགས་པ་ནས་སྤྱོད་པའི་མཐར་ཐུགས་པ་ཐམས་ཅད་ཐུན་གསུམ་དུ་བྱ་སྟེ་ཇི་སྲིད་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པ ་མངོན་སུམ་དུ་བྱས་པའི་བར་དུའོ།། བསྐྱེད་པའི་རིམ་པ་མངོན་སུམ་དུ་བྱས་པ་ལས་ལས་དང་པོ་པའི་རྣལ་འབྱོར་པ་ས་བརྒྱད་ཀྱི་དབང་ཕྱུག་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་འོང་བའོ།། བཅོམ་ལྡན་འདས་ཀྱིས་ཀྱང་གསུངས་པ ་ཇི་སྲིད་བསྒོམ་ལ་སྦྱོར་འགྱུར་བ།། དེ་སྲིད་དང་པོའི་ལས་ཅན་ཡིན།། དང་པོའི་ལས་ཀྱི་སྦྱོར་བས་ཀྱང་།། ས་བརྒྱད་པ་ནི་ཐོབ་པར་འགྱུར། ཞེས་པ་སླར་ཡང་ལངས་པའོ།། འདི་རྣམས་ཀྱིས་ནི་སྒྲུབ་པའི་ཐབས་ཀྱི་མདོ་སུམ་ཅུ་རྩ ་གཉིས་རྣམ་པར་བཤད་དོ།། དེ་ལ་མདོ་གང་ཞེ་ན་འདི་ལྟ་སྟེ། མཆོད་པའི་འཁོར་ལོ་དང་། ཚངས་པའི་གནས་པ་བཞི་དང་། མཆོག་དང་། ལྷན་ཅིག་སྐྱེས་པ་དང་། རང་གི་འདོད་པའི་ལྷ་དེ་ང་། བསྲུང་བའི་འཁོར་ལྷོ་དང་། ་སྟོང་པ་ཉིད་དུ་མོས་པ་དང་། དུར་ཁྲོད་དང་། ཁང་པ་བརྩེགས་པ་དང་། རྒྱུའི་དཀྱིལ་འཁོར་དང་། ཞུ་བ་ལྷུང་བ་དང་། བཞེངས་པ་དང་། དགོད་པ་དང་། ཞེ་སྡང་གི་བདག་ཉིད་དང་། སྤྲོ་བ་དང་། ཡེ་ཤེས་ཀྱི་འཁོར་ལོ་དང་། ་དབང་བསྒྱུར་བ་དང་། རྒྱས་གདབ་པ་དང་། བདུད་རྩི་མྱང་བ་དང་། འགྲོ་བའི་དོན་དང་། ཡན་ལག་དྲུག་དང་། འོད་གསལ་བ་དང་། བཞེངས་པ་དང་། སྔགས་བཟླས་པ་དང་། གཏོར་མའི་དེ་ཁོ་ན་ཉིད་དང་། ཕྲ་མོའི་རྣལ་འབྱོར ་དང་། དགོད་པ་གཉིས་པ་དང་། བཞུགས་པ་དང་། བཟུའ་བ་དང་། སྤྱོད་པ་དང་། ཉལ་བ་དང་། སླར་ཡང་ལངས་པའོ།། ། དེ་ནས་རྟོགས་པའི་རིམ་པ་བྲི་བར་བྱ་སྟེ། ཆོས་ཀྱི་སྒྲས་དོན་རྣམ་པ་གཉིས ་བསྟན་ཏེ་མན་ངག་ཇི་ལྟ་བ་ལས་ཁོང་དུ་ཆུད་པར་བྱའོ་ཞེས་གང་གསུངས་པ་འདིའི་དོན་ཏོ།། མན་ངག་ཀྱང་འདི་ཡིན་ཏེ་བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱིས་སེམས་བརྟན་པར་བྱེད་པའི་དོན་དུ་རྡོ་རྗེའི་བུ་གར་མཚན ་མ་ཉུངས་ཀར་སྦོམ་པོ་ཙམ་དུ་རྣམ་པར་བསམས་ནས་དེའི་དཀྱིལ་འཁོར་གྱི་དབང་ཕྱུག་བསམ་པར་བྱའོ།། རིམ་པ་འདི་ཉིད་ཀྱིས་རྫོགས་པའི་རིམ་པ་བསྒོམ་པ་པོ་ཟླ་བ་དང་ཉི་མ་དང་ཐོད་པ་དང་ས་བོན་ལ་སྩོགས་པ་ལ ་མི་བལྟོས་པར་སྐད་ཅིག་གིས་རྣམ་པས་རང་གི་འདོད་པའི་ལྷའི་རྣམ་པར་རྫོགས་པའི་གཟུགས་རྫོགས་པར་བྱས་ཆོས་ལས་སྟེང་དུ་སྣའི་རྩེ་མོར་ཉུངས་ཀར་བསམ་པར་བྱའོ།། ཉཝངས་ཀར་ཞེས་པ་ནི་སྲོག་རྩོལ་གྱི་ཀུན་ཏུ ་རྟོག་པ་སྟེ་དེ་ཡང་ཉིན་མཚན་དུ་རྒྱུ་བའི་རིམ་པས་ཁྲི་ཕྲག་གཉིས་དང་བརྒྱ་ཕྲག་བཅུ་དྲུག་ཏུ་འགྱུརརོ།། དེ་བསྒོམ་པ་རབ་མཐར་ཐུག་པའི་རིམ་པ་དེ་ཉིད་ཀྱིས་སྲོག་རྩལ་འགོག་པའི་ཕྱིར་བཟང་བ་ལ་སོགས་པའི་རྣམ་པས ་དེའི་རང་བཞིན་བརྒྱད་ཅུ་དང་བཅས་པ་འགོག་སྟེ་མེད་པར་དགུག་པའི་འཇུག་པས་སོ།། དེ་ནས་ཡང་སྤྲོ་བ་དང་སྤྱད་པའི་སྒྲ་རྡོ་རྗེ་འཆང་འབྱུང་བ་ཡིན་ཏེ་འདི་ནི་མེད་པར་དགག་པ་དང་མ་ཡིན་པར་དགག་པའི་བདག་ཉིད་དོ།། ་དེ་དང་འདིས་ཀྱང་ས་བརྒྱད་ཀྱིས་དབང་ཕྱུག་ཉིད་དུ་རབ་ཏུ་གྲུབ་པོ།། ཛྭཱ་ལན་དྷཱ་རཱི་པའི་ཞབས་ཀྱིས་དེ་གསུངས་པ། དེའི་རྗེ་སུ་བལྟ་བ་ལས་སྟེང་དུ་འགྲོ་བར་བསམ་པར་བྱའོ།། ཇི་འདོད་པས་དམིགས་པ ་མེད་པར་སྣ་ལས་རྔུབ་པ་བསམ་པར་བྱའོ།། དེ་བཞིན་ཁོ་ནར་དབྱུང་བ་ན་འོག་ཏུ་དམིགས་པ་མེད་པ་ཇི་སྲིད་པར་རོ།། ཇི་ལྟར་འདོད་པའི་སྒྲ་ནི་རྟོགས་པ་སྡེ་དེ་ལྟ་བུའི་མན་ངག་ནི་ཤིན་ཏུ་སྦས་པ་ཡིན་ནོ་ཞེས་པ་རྡོ་རྗེ་བཟླས ་པའོ།། འདི་སྟེ་འདི་གསུངས་པ་ཡིན་ཏེ་བསྐྱེད་པ་དང་རྫོགས་པའི་རིམ་པ་དག་གིས་ལུས་དང་ངག་དང་སེམས་བརྫུན་པ་ཉིད་དུ་རྟོག་པཱ་ལ་བརྟེན་ནས་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ལ་འཇུག་གོ ་དེས་བདག་བྱིན་གྱིས་བརླབས་པ་ཡང་ཁོང་དུ་ཆུད་པར་བྱའོ།། ཧཱུཾ་རྡོ་རྗེར་ཡང་གསུངས་པ། རྡོ་རྗེ་སྙིང་པོས་གསཔཱ་པ། ཐབས་གང་གིས་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བཱིགྱི་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ ་པ། དཀྱིལ་འཁོར་འཁོར་ལོ་སོགས་ཐབས་དང་།། བདག་བྱིན་བརླབས་པའི་རིམ་པས་ཀྱང་། ཞེས་པ་རྡོ་རྗེའི་བཟླས་པ་སྟེ་རིམ་པ་གཉིས་པའོ།། ད་ནི་བདོག་བྱིན་གྱིས་བརླབས་པའི་རིམ་པ་རྟོགས་པར་བྱ་སྟེ་དེ་ལ་དཀྱིལ ་འཁོར་གྱི་འཁོར་ལོ་ལ་སོགས་པའི་ཐབས་རྟོགས་པར་བྱས་པ་ལས་བརྟན་པའི་ལུས་དང་ངག་དང་སེམས་ནི་བདག་གི་སྒྲས་མངོན་པར་བརྗོད་པར་བྱ་བ་ཡིན་ལ། དེ་རྣམས་ཀྱིས་བྱིན་གྱིས་བརླབ་པ་ནི་ཕན་ཚུན་སོ་སོ་མ ་ཡིན་པའི་རྣམ་པས་སྐྱེས་པའི་ལུས་ལ་སོགས་པ་དབྱེར་མེད་པ་གང་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུས་བརྒྱན་པའི་སྐུ་དམིགས་པ་མེད་པའི་བདེ་བའི་ཁང་པ་ཁྱད་པར་དགའ་བའི་མཚན་ཉིད་སྒྱུ་མ་ལྟ་བུའི་ཡེ་ཤེས་ལྷན་ཅིག་སྐྱེ ་པའི་དགའ་བའི་ཡེ་ཤེས་རྣམ་པར་དག་པ་དེ་ནི་བདག་བྱིན་གྱིས་བརླབ་པར་བརྗོད་དེ་ལོངས་སྤྱོད་རྫོགས་པའོ།། ཅི་ལྟར་ན་དེའི་ལུས་ལ་སོགས་པ་དབྱེར་མེད་པ་ཡིན་ཞེ་ན། བརྟག་པ་གཉིས་པའི་ལེའུ་བ་ནི་པར་གསུངས་པ། ལུས་སྤངས ་ནས་ནི་གཞན་དུ་ན།། ལུས་ནི་གནས་པ་མཐོང་མི་འགྱུར།། དཔལ་འདུས་པར་ཡང་གསུངས་པ།། ལུས་ཀྱི་རྣམ་པས་སེམས་དང་། སེམས་ཀྱི་རྣམ་པས་ལུས་དང་ངག་ཏུ་བརྗོད་པར་སེམས་ཁྱེད་ཀྱིས་བསྐྱེད་ཅིག་ཅེས་སོ།། ་འཕགས་པ་ལྷའི་ཞབས་ཀྱིས་ཀྱང་ལཱམ་གྱི་སྙིང་པོ་ལས་གསུངས་པ། གང་ཞིག་རང་བདག་ཉིད་ཀྱིས་འགྱུར།། དེ་འདིར་རང་བྱིན་བརླབས་པའོ།། གཉིས་པ་ཉིད་ལས་ངེས་གྲོལ་བ།། བདག་གི་སྒྲ་ཡིས་མངོན་བརྗོད་བྱ།། ་ལན་དྷ་རི་པའི་ཞབས་ཀྱིས་ཀྱང་།། རིགས་ཀྱི་ལེའུ་ལས་ཕྱུང་ནས་ལྗོངས་སྤྱོད་རྫོགས་པ་ཞེས་གསུང་སོ།། ལུས་ལ་ཡེ་ཤེས་ཆེན་པོ་གནས།། ཀུན་ཏུ་རྟོག་པ་ཐམས་ཅད་སྦྱངས།། དངོས་པོ་ཀུན་ལ་ཁྱབ་བྱེད་པ།། ལུས་ལ་གན ་ཀྱང་ལུས་སྐྱེས་མིན།། ལེའུ་བརྒྱད་པར་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། རང་རིག་འདི་ནི་ཡེ་ཤེས་ཏེ།། ངག་གི་ལམ་འདས་སྤྱོད་ཡུལ་ལོ།། འདི་ནི་བྱིན་བརླབ་རིམ་པའི་ཕྱིར།། ཀུན་མཁྱེན་ཡེ་ཤེས་དེ་རང་བཞིན།། ་བདག་བྱིན་གྱིས་བརླབ་པ་ཉིད་བཅོམ་ལྡན་འདས་ཀྱིས་བསྟན་པ་སྣ་ཚོགས་ལ་བལྟོས་ནས་མིང་གཞན་གྱིས་གསུངས་ཏེ། ལེའུ་བཅུ་པར། དེ་ཉིད་རྣམ་པར་ཤེས་པའི་ཚུལ།། སྐྱེས་བུ་སྔོན་རབས་དབང་ཕྱུག་དང་། ་བདག་དང་སྲོག་དང་སེམས་ཅན་དང་།། དུས་དང་གང་ཟག་ཉིད་དང་ཡང་།། དངོས་པོ་ཀུན་གྱི་རང་བཞིན་འདི།། སྒྱུ་མའི་གཟུགས་ཅན་ཡང་དག་གནས།། འཕགས་པ་ལ་མ་ཀར་གཤེགས་པར་ཡང་གསུངས་པ།། གང་ཟག་རྒྱུན་དང ་ཕུང་པོ་དང་།། རྐྱེནྡ་དང་རྡུལ་དང་དེ་བཞིན་དུ།། གཙོ་བོ་དབང་ཕྱུག་བྱེད་པོ་རྣམས།། སེམས་ཙམྦྷ་དུ་ནི་ང་སྨྲར་རོ།། འདིར་སྨྲས་པ་དང་། ལུས་ལ་ཡེ་ཤེས་ཆེན་པོ་གནས།། ཤེས་པ་ནི་ལུས་ནི་འདིར་སྤྲུལ་པའོ།། ལུས་དེ་ལ་གནས ་པ་སྟེ་བདག་བྱིན་གྱིས་བརླབ་པའི་མཚན་ཉིད་ཀྱི་ཡེ་ཤེས་ནི་ལུས་ལ་གནས་པར་འགྱུར་རོ།། དམིགས་པ་ཐམས་ཅད་ཉེ་བར་རྟོགས་པ་ཉིད་ཀྱི་ཕྱིར་དེའི་བདེན་པའི་རྣམ་པ་ནི་འདིའོ།། དེ་ཡོངསུ་མ་ཤེས་པཾ་ལས་ཕུང་པོའི་སྐྱེ་བ་བླངས ་པཡིན་ཏེ། ཅིའི་ཕྱིར་ཞེ་ན་སྔོན་དང་སྔོན་གྱི་བག་ཆགས་ཀྱི་ཕུང་པོ་འགགས་ནས་ལྷན་ཅིག་སྐྱེས་པའི་དགའ་བ་ལས་བག་ཆགསྟེ་འཛིན་པའི་བར་མ་དོའི་སྦྲིད་པའི་གཉེན་པོ་ཁྱད་པར་གྱི་དགའ་བའི་མཚན་ཉིད་ཀྱི་ཡེ་ཤེས་འབྱུང ་བ་ཡིན་ནོ།། དེ་ནས་ཤེས་རབ་དང་ཐབས་ཀྱི་པདྨ་དང་རྡོ་རྗེ་ཡང་དག་པར་སྦྱོར་བ་མཐོང་ནས་འདོད་པོ་ཉེ་བར་ལེན་པ་ལས་སྐྱེ་བ་སྟེ་འཛིན་པ་པོ་མེད་པའི་རང་བཞིན་མཆོག་ཏུ་དགའ་བའོ།། དེ་ནས་བཟུང་བར་བྱ་བས་སྟོང་པའི་ངགྲ ་བ་ཡང་ངོ་།། དེ་ནས་རླུང་སྟེ་སོ།། དེ་ནས་མེའོ།། དེ་ནས་ཆུའོ།། དེ་ལས་སའོ།། དེ་ནས་ཡང་ཕུང་པོ་ལྷ་རྣམས་དང་དབང་པོ་རྣམས་དང་ཡུལ་རྣམས་རིམ་གྱིས་འབྱུང་ངོ་།། དེ་དཔལ་ཀྱེ་རྡོ་རྗེའི་རྒྱུད་དུ་གསུངས་པ། རྡོ་རྗེ་སྙིང་པོས་འདི ་སྐད་གསོལ་ཞིང་བཤད་དེ། ཀྱེ་བཅོམ་ལྡན་འདས་ལུས་དེ་ལ་ཡེ་ཤེས་ཆེན་པོ་རང་བཞིན་གྱིས་དག་པ་ཇི་ལྟར་ན་འབྱུང་བའི་བདག་ཉིད་དུ་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ནི་བོ་ལ་དང་ཀཀྐོ་ལ་སྦྱོར་ཞིང་རེག ་པ་ལས་ཏེ་ངག་ཅིང་གཟོང་མ་ཉིད་ནས་རང་བཞིན་མེད་པར་འདིར་བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོ་མ་རྣམས་ལ་བདེ་བ་སྦྱིན་པས་གསུང་སོ།། ཁྲེམ་གཉེར་མེད་པའི་རང་བཞིན་དག། ཐམས་ཅད་ལུས་ལ་རྣམ་པར་གན་ས།། ཀྱེ ་བཅོམ་ལྡན་འདས་ཅིའི་སླད་དུ་འབྱུང་བ་ཆེན་པོའི་ཕུང་པོ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བོ་ལ་ཀཀྐོ་ལོ་སྦྱར་བའི།། རིག་པས་སྲ་བའི་ཆོས་ཀྱིས་ནི།། ས་ནི་དེ་ལས་སྐྱེ་བར་འགྱུར།། བྱང་སེམས་ཆུ་ཡི་རྣམ་པ ་ལས། ཆུའི་ཁམས་ཀྱང་འབྱུང་བར་འགྱུར།། བསྐྱེད་པ་ལས་ནི་དྲོད་ཀྱི་སྟེ།། འགྲོ་བས་རླུང་དུ་རབ་ཏུ་གྲགས།། བདེ་བས་ནམ་མཁའི་ཁམས་ཀྱང་ངོ་།། ལྔ་པོ་རྣམས་ཀྱང་ཡོངསུ་བསྐོར།། དེ་འདི་ལྟར་བཅོམ་ལྡན་འདས་ཀྱིས་གསལ ་བར་གསུངས་ཏེ། འབྱུང་བ་ལྔ་ཡི་རང་བཞིན་ལས།། ཀུནྡུ་རུ་ལ་ལྔ་རུ་འགྱུར།། དགའ་བ་ཆེན་པོ་གཅིག་ཉིད་ནི།། དབྱེ་བས་ལྔ་རུ་འགྲོ་བ་ཡིན།། བོ་ལ་ཀཀྐོ་ལ་སྦྱར་བ།། རེག་པས་སྲ་བའི་བག་ཆགས་ལས།། སྲ་བ་གཏི་མུག ་ཆོས་ཉིད་ཕྱིར།། གཏི་མུག་རྣམ་པར་སྣང་མཛད་འདོད་།། གང་ཕྱིར་བྱང་སེམས་གཤེར་བ་ལས།། གཤེར་བ་ཆུ་ཡིས་ཁམསུ་འདོད།། ཆུ་ནི་མི་བསྐྱོད་གཟུགས་ཉིད་ཕྱིར།། ཞེ་སྡང་མི་བསྐྱོད་འདྲེན་པའོ།། ་གཉིས་ཀྱི་བསྐྱོད་པའི་སྦྱོར་བ་ལས།། དྲོད་ནི་རྟག་ཏུ་སྐྱེ་བར་འགྱུར།། འདོད་ཆགས་དཔག་མཽད་རྡོ་རྗེ་ཡིན།། འདོད་ཆགས་དྲོད་ལས་འབྱུང་བར་འགྱུར།། ཀཀྐོ་ལར་ནི་གང་ཞིག་སེམས།། དེ་ནི་རླུང་གི་རང་བཞིན་ཅན།། ཕྲག་དོག་དོན་ཡོད ་གྲུབ་པ་ཡིན།། དོན་ཡོད་རླུང་ལས་འབྱུང་བའོ།། བདེ་བ་འདོད་ཆགས་ཁྲག་ཏུ་འགྱུར།། དགའ་བ་ན་མཁའི་མཚན་ཉིད་དེ།། ནཱ་མཁའ་སེར་སྣ་རྡོ་རྗེར་འགྱུར།། སེར་སྣ་ན་མཁའ་ལུས་བྱུང་བའི།། སེམས་ནི་ཆེན་པོ་གཅིག་ཉིད་ལ། ་ལྔ་ཡི་གཟུགས་ཀྱིས་མཚོན་པ་ཡིན།། རིགས་ནི་ལྔ་པོ་དེ་ཉིད་ལས།། སྟོང་ཕྲག་དུ་མ་སྐྱེས་པ་ཉིད།། དེ་ཕྱིར་འདི་དག་རང་བཞིན་གཅིག། བདེ་ཆེན་མཆོག་ཏུ་ཕན་པ་ཉིད།། འདོད་ཆགས་ལ་སོགས་སེམས་ལྔ་ཡི།། དབྱེ་བས ་ལྔ་རུ་འགྲོ་བར་འགྱུར།། དེ་ནས་ཡང་ཁམས་དང་ཕུང་པོ་དང་ཡུལ་ལ་སོགས་པ་རྣམས་ཀྱི་རང་བཞིན་མེད་པ་སྟེ་ངོ་བོ་ཉིད་ཀྱིས་གདོད་མ་ནས་མ་སྐྱེས་པའོ།། ཀྱེ་རྡོ་རྗེར་ཡང་གསུངས་ཏེ། རང་བཞིན་གདོད་ནས་མ་སྐྱེས་པ། ་བརྫུན་མིན་དེ་བཞིན་དུ།། ཐམས་ཅད་ཆུ་ཡི་ཟླ་བ་ལྟར།། འདོད་པས་རྣལ་འབྱོར་མས་ཤེས་གྱིས།། འདི་ལྟ་སྟེ་གཙུབ་ཤིང་དང་གཙུབ་སྟན་དང་སྐྱེས་བུའི་ལག་པའི་རྩོལ་བ་ལས་བློ་བུར་དུ་མེ་འབྱུང་བར་འགྱུརརོ།། མོ་འདི་ནི ་གཙུབ་ཤིང་ལ་མི་གནས། གཙུབ་སྟན་ལ་ཡང་མ་ཡིན། སྐྱེས་བུའི་ལག་པ་ཡང་ལ་ཡང་མ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་ཡོངསུ་བཙལ་ན་ཡང་ཡོད་པ་མ་ཡིན་པས། མེ་དེ་ཡང་བདེན་པ་ཡང་མ་ཡིན་ཞིང་བརྫུན་པ་ཡང་མ ་ཡིན་ནོ།། དེ་ལྟར་ཆོས་ཐམས་ཅད་རྣལ་འབྱོར་མས་ཡིད་ལ་གྱིས་ཤིག། དེ་ཕྱིར་དེ་རྣམ་པར་དག་པ་ན་སྟེ། ཕྱི་ནས་དེ་ཉིད་ཡང་དག་བཤད།། རྣམ་དག་ཡེ་ཤེས་རང་བཞིན་ཅན།། ཞེས་དབང་གི་ལེའུ་ལས་གསུངས་པ་ཉིད་ཀྱི་ཕྱིརརོ།། ་ཡང་འདི་ཉིད་དུ་གསུངས་པ། དང་པོར་དགའ་བ་འགྲོ་བའི་གཟུགས།། དེ་བཞིན་མཆོག་དགའ་བ་འགྲོ་བའོ།། དགའ་བྲལ་དགའ་བ་རང་འགྲོ་བ་ཉིད།། གསུམ་པོ་རྣམས་ལ་ལྡན་སྐྱེས་མེད།། འདི་ལཱ་མན་ངག་གིས་རྣམ་པར་བཤད་པོ་ནི ་མཚན་ཉིད་མེད་པས་བརྫུན་པ་སྟེ་འགྲོ་བའི་རྣམ་པར་དགའ་བའི་ཡེ་ཤེས་སྐྱེའོ།། དང་པོ་ལ་ནི་དེ་ཁྱད་པར་དུ་བཟུང་ནས་གསུངསོ།། མཆོག་ཏུ་དགའ་བའི་ཡེ་ཤེས་དེ་ནི་གཟུང་བར་བྱ་བ་དང་འཛིན་པ་པོའི་དངོས་པོ་དམིགས་ནས་འཛིན ་པཔའི་དོན་ཏོ།། དགའ་བྲལ་གྱི་དགའ་བ་ཡང་འདི་དང་འདིས་གསུངས་ཏེ། སེམས་དང་སེམས་ལས་བྱུང་བ་དང་མ་རིག་པ་རྣམས་ཀྱི་མི་མཐུན་པའི་ཕྱོགས་ཉིད་ཀྱི་ཕྱིརརོ།། བྱང་ཆུབ་ཀྱི་སེམས་འདི་ནི་རྣལ་འབྱོར་པའི་རང་རིག་པའི་ཡེ་ཤེས ་ཏེ་དེ་ནི་རྣལ་འབྱོར་པ་ཡེ་ཤེས་དང་ལྡན་པ་ལ་ཡིན་ན་དེའི་ཚེ་ན་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཇི་ལྟར་ཤེས་པར་བྱ། གང་དུ་རྟོགས་པར་བྱ་བ་ཡང་ཡིན་ནམ་ཞེ་ན། བརྗོད་པར་བྱ་སྟེ་བླ་མ་བསྙེན་བཀུར་བ་ལས་སྙོམས་པར་ཞུགས་པའི་དག ་བའི་རྣམ་པ་མངོན་སུམ་དུ་བྱས་ནས་གཞན་དུ་གཟུགས་ལ་སོགས་པའི་ཡུལ་རྣམསུ་ཡང་ཤེས་པར་བྱའོ།། དེ་ཀྱེ་རྡོ་རྗེར་གསུངས་པ། ཨེ་ཡིག་ཆ་བྱད་བཟང་པོ་གང་།། དབུས་སུ་བཾ་གྱིས་རྣམ་པར་བརྒྱན།། ་བདེ་བ་ཐམས་ཅད་ཀྱི་ནི་གནས།། སངས་རྒྱས་རིན་ཆེན་ཟ་མ་ཏོག། སྐད་ཅིག་དབྱེ་བས་ཕྱི་ཉིད་ལས།། དགའ་བ་དེ་ལ་སྐྱེ་བར་འགྱུར།། སྐད་ཅིག་ཤེས་ལ་བདེ་ཤེས་པ།། ཨེ་བཾ་ཡི་གེར་རབ་ཏུ་གནས།། སྣ་ཚོགས་དང་ནི་རྣམ་སྨིན་དང་། ་རྣམ་ཉིད་དེ་བཞིན་མཚན་ཉིད་བྲལ།། སྐད་ཅིག་བཞི་ལ་བརྟེན་ནས་ནི།། དེ་ལྟར་རྣལ་འབྱོར་པས་ཤེས་འགྱུར།། ཁྱོད་དང་འོ་བྱེད་ལ་སོགས་པ།། སྣ་ཚོགས་རྣམ་པ་སྣ་ཚོགས་བཤད།། རྣམ་པར་སྦྱིན་པ་དེ་ལས་བཟློག། བདེ་བའི་ཡེ ་ཤེས་བཟའ་བ་ཡི།། བདག་གིས་བདེ་བ་ཟོས་པར་ནི།། ལྟ་བ་རྣམ་ཉིད་དུ་རབ་གསུངས།། མཚན་ཉིད་བྲལ་བ་གསུམ་ལས་གཞན།། ཆགས་དང་ཚིགས་བྲལ་རྣམ་པར་སྤངས།། སྣ་ཚོགས་དང་པོའི་དགའ་བ་སྟེ།། རྣམ་སྨིན་ལ་ནི ་མཆོག་དགའ་བོ།། རྣམ་ཉིད་ལ་ནི་དགའ་བྲལ་དགའ།། ལྷན་གཅིག་སྐྱེས་དགའ་མཚན་བྲལ་ལའོ།། སློབ་དཔོན་གསང་བ་ཤེས་རབ་དང་།། བཞི་པ་དེ་ཡང་དེ་བཞིན།། དབང་ནི་བཞི་ཡིས་གྲངས་ཀྱིས་ནི།། དགའ་བ་ལ་སོགས ་རིམ་ཤེས་བྱ།། རྒོད་པ་དག་པ་སློབ་དཔོན་སྟེ།། ལྟ་བ་གསང་བ་དེ་བཞིན་ནོ།། ལག་བཅངས་ལ་ནི་ཤེས་རབ་ཉིད།། གཉིས་གཉིས་འཁྱུད་ལ་དེ་བཞིན་ཉིད།། སེམས་ཅན་རྣམས་ཀྱི་དངོས་གྲུབ་ཕྱིར།། དབང་ནི་རྣམ་པ་བཞི་རུ་བཤད།། ་གཏོར་དང་བཀྲུས་པ་ཞེས་བྱ་འདིས།། དེས་ན་དབང་ཞེས་བརྗོད་པར་བྱ།། ད་ནི་དགའ་བ་ལ་སོགས་པ་མཚན་ཉིད་ཀྱི་བརྗོད་པར་བྱ་སྟེ། དང་པོ་རེག་པར་འདོད་པ་དང་།། གཉིས་པ་བདེ་བར་འདོད་པ་དང་།། གསུམ་པ་འདོད་ཆགས་འཇིག་ཉིད ་ཕྱིར། བཞི་པ་འང་བསྒོམ་པར་བྱ་བ་མིན།། འདི་ཉིད་ནི། དགའ་བས་བདེ་བ་ཅུང་ཟད་དེ།། མཆོག་ཏུ་དགའ་བ་དེ་ལས་ལྷག། དགའ་བྲལ་དགའ་བ་ཆགས་བྲལ་འགྱུར།། ལྷག་མས་ལྷན་ཅིག་སྐྱེས་དགའོ།། དེ་ལྟར་ནི་འཕགས་པའི ་ལྷའི་ཞབས་ཀྱིས།། ཨེ་མ་བདེ་བ་ཨེ་མའོ་བདེ།། ཇི་ལྟ་ཇི་ལྟར་ཟ་བ་ན།། སེམས་ནི་མཆོག་ཏུ་འདོད་པ་སྟེ།། དགའ་བྲལ་དགའ་བ་ཙམ་ཡིནོ།། འདིས་འདི་གསུངས་པར་གྱུར་པ་ཡིན་ཏེ། མ་རིག་པའི་མི་མཐུན་ཕྱོགས་ཀྱི་མཚན ་ཉིད་དགའ་བྲལ་གྱི་དགའ་བ་ལ་ཉེ་བར་དམིགས་པ་གང་ཡིན་པའི་བདེ་བ་དེ་ཉིད་ཀྱིས་ཅུང་ཟད་གྲིབ་མའི་རྗེ་སུ་བྱེད་པའི་དཔེའི་བདེ་བ་དེས་མཚན་སུམ་ཅུ་རྩ་གཉིས་འཆང་ཞིང་དཔེ་བྱད་བརྒྱུད་ཅུས་བརྒྱན་པ་ཇི་ལྟར་མེ་ལོང་གི་ནང་དུ་རི་མོའི ་རྣམ་པ་ཉེ་བར་དམིགས་པ་དེ་བཞིན་ཉིད་དུ་མངོན་དུ་བྱེད་པ་ལོངས་སྤྱོད་རྫོགས་པའི་ཡེ་ཤེསུ་རྡོ་རྗེ་བླ་མའི་ཞལ་ལས་རིགས་པར་བྱའོ།། དེ་བཅོམ་ལྡན་འདས་ཀྱིས་གསུངས་པ། སྟོན་པ་སུམ་ཅུ་རྩ་གཉིས་མཚན།། ཁྱབ་བདག་དཔེ་བྱད ་བརྒྱད་ཅུར་ལྡན།། དེ་ལྟར་ཡང་ཀླུ་སྒྲུབས་ཞབས་ཀྱིས།། མེ་ལོངས་དྲི་མ་མེད་པར་ནི།། གཟུགས་བརྙན་གསལ་བར་བལྟ་བྱ་བཞིན།། དངོས་དང་དངོས་མེད་རྣམ་གྲོལ་བ།། ཤིན་ཏུ་བཀྲ་བའི་རྡོ་རྗེ་སེམས།། སློབ་མ་བཟང་ལ་བསྟན་བྱ་སྟེ། ་བདག་བྱིན་བརླབསུ་དེ་བརྗོད་བྱ།། དེ་ལྟར་ནཾ་འཕགས་པ་ལྷའི་ཞབས་ཀྱིས་ཀྱང་གསུངས་ལ།། དེ་ཡང་ཛཱ་ལན་དྷཱ་རི་པའི་ཞབས་ཀྱིས་རྒྱས་འགྲེལ་རྡོ་རྗེ་སྒྲོན་མྱུར་དྲིས་པ་འདི་ལྟ་སྟེ། ཇི་ལྟར་ཤིན་ཏུ་དང་བའི་མེ་ལོང ་ལ། གཟུགས་བརྙན་ཡན་ལག་ཀུན་ལྡན་གཟུགསུ་སྣང་།། དེ་བཞིན་མཚན་དང་དཔེ་བྱད་བརྒྱད་ཅུ་ཡིས།། ཕྱུག་པོ་རྡོ་རྗེ་འཆང་སྐུ་རྟགས་པ་ཉིད་ཞེས་པ་བདག་བྱིན་གྱིས་བརླབས་པ་སྟེ་རིམ་པ་གསུམ་པའོ།། ་ད་ནི་རྣམ་པར་དག་པའི་རིམ་པ་བརྗོད་པར་བྱ་སྟེ་སླར་ཡང་ཕྲེང་བ་དང་ཆུ་ལ་སོགས་པའི་དབང་གི་གོ་རིམས་ཀྱིས། མཐེ་བོང་སྲིན་ལག་ངག་གིས་དེ།། སློབ་མའི་ཁར་ནི་ལྟུང་བར་བྱ།། ཞེས་པ་འདིས་གསང་བ་ལ་སོགས་པའི་དབང་བསྐུར་བ ་བྱིན་ནས་གསུམ་པ་ཁྱད་པར་གྱིས་དགའ་བས་བདག་བྱིན་གྱིས་བརླབས་པའི་དགའ་བའི་རྣམ་པར་རྟོགས་པར་བྱས་ཏེ། བཞི་པ་དེ་ཡང་དེ་བཞིན་ནོ་ཞེས་པ་འདིས་དེའི་རྣམ་པར་དག་པ་ནི་མེད་པར་དགགས་པའི་འཇུག་པས་དེ་བཞིན་ཉིད་ཀྱི་རྣ ་པར་རྟོག་པར་བྱའོ།། དེ་ལ་རྣམ་པར་དག་པ་ནི་རྣམ་པ་གཉིས་ཏེ་གཟུགས་དང་གཟུགས་མ་ཡིན་པའི་ཕུང་པོ་ལོ་སོགས་པ་རྣམས་ཀྱི་ལྷའི་རྣམ་པར་དག་པ་དང་། གཞན་ནི་ལྷན་ཅིག་སྐྱེས་པའི་གཟུགས་རང་རིག་པའི་བདག་ཉིད་ཅན་བཟུང ་བར་བྱ་བ་ལ་སོགས་པའི་གཉེན་པོ་དགའ་བ་གསུམ་པོ་བདག་བྱིན་གྱིས་བརླབ་པའི་མཚན་ཉིད་ཐོབ་པ་གང་གི་རྣམ་པར་དག་པ་སྟེ་དེ་བཞིན་ཉིད་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་ནོ།། དེ་བཅོམ་ལྡན་འདས་ཀྱིས་གསུངས་པ། ་དངོས་པོར་གྲགས་པ་ཐམས་ཅད་ཀྱི།། རྣམ་དག་དེ་བཞིན་ཉིད་དུ་བརྗོད།། ཕྱི་ནས་རེ་རེའི་དབྱེ་བས་དེ།། ལྷ་རྣམས་ཀྱིས་ནི་བརྗོད་པར་བྱ།། གང་གསུངས་པ། ཕུང་པོ་ལྔ་དང་དབང་པོ་དྲུག། སྐྱེ་མཆེད་དྲུག་དང་འབྱུང་ཆེནཱ་ལྔའི།། མཚན་ཉིད་རང་བཞིན་གྱིས ་རྣམ་དག། མི་ཤེས་ཉོན་མོངས་སྒྲིབ་སྦྱང་བྱ།། རང་རིག་བདག་ཉིད་དག་པ་སྟེ།། དག་པ་གཞན་གྱིས་རྣམ་གྲོལ་མིན།། ཡུལ་རྣམས་དག་པའི་དངོས་ཉིད་ཕྱིར།། བདེ་བ་མཆོག་ནི་རང་རིག་པའོ།། འདིས་འདི་གསུངས་པ་ཡིན་ཏེ་བསྐྱེད་པའི་རིམ ་པ་ལ་བརྟེན་ནས་ལྷ་མོ་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་གཟུགས་ཀྱི་ཕུང་པོ་ལ་སོགས་པ་རྣམས་རྣམ་པར་གསུངས།། བདག་བྱིན་གྱིས་བརླབ་པའི་མཚན་ཉིད་ཐོབ་པའི་དགའ་བ་གསུམ་པོ་རྣམས་ཀྱི་རྣམ་པར་དག་པ་ནི་རང་རིག་པའི་བདག ་ཉིད་ཅན་དེ་བཞིན་ཉིད་དེ་དེར་སོན་ཞིང་དེ་རབ་ཏུ་ཞུགས་པ་ཞེས་པའི་དོན་ཏེ་འདིས་མྱ་ངན་ལས་འདས་པ་ཐམས་ཅད་སྟོང་པ་གསུང་སོ།། དེ་ཁོ་ན་ཉིད་ཀྱི་ལེའུ་ཡང་གསུངས་པ། དཔལ་ལྡན་དེ་བཞིན་ཉིད་གཤེགས་ཤིང་། ཞེས་པ་ལ་སོགས་པའོ།། ་སླར་ཡང་། ངོ་བོས་གཟུགས་མེད་མཐོང་བ་མེད།། སྒྲ་མེད་ཐོས་པ་པོ་ཡང་མེད།། དྲི་མེད་སྣོམ་པ་པོ་ཡང་མེད།། རོ་མེད་མྱོང་བ་པོ་ཡང་མེད།། སེམས་མེད་སེམས་ལས་བྱུང་བ་མེད།། དབང་གི་ལེའུར་ཡང་གསུངས་པ། མཆོག་ས ་བསྒོམ་པ་མེད་ཅིང་བསྒོམ་པ་པོ་ཡང་མེད།། ལུས་ཀྱང་མེད་ཅིང་བཟུང་བ་མེད་ཅིང་འཛིན་པའང་མེད།། ཤ་དང་ཁྲག་ཀྱང་མེད་ཅིང་བཤང་དང་ལྕི་བ་འང་མེད།། སྡུག་བྲོ་རྨོངས་མེད་གཙང་སྦྲ་མཆོད་ཕྱིར་ཐོགས་མེད་དང་།། ཆགས་མེད ་སྡང་བ་མེད་དང་རྨོངས་མེད་ཕྲག་དོག་མེད།། སེར་སྣ་མེད་དང་རྒྱལ་མེད་ཅིང་མཐོང་བྱ་མེད།། བསྒོམ་དང་སྦོམ་པོ་མེད་ཅིང་བཤེས་དང་དགྲ་མེད་ཅིང་།། ཁྲེམ་གཉེར་མེད་པའི་ལྷན་ཅིག་སྐྱེས་པ་སྣ ་ཚོགས་ཉིད་འདི་ཡང་ཅི་ལྟར་ཤེས་པར་བྱ་ཞེ་ན། འདི་ཉིད་དུ་ཡང་གསུངས་པ། གཞན་གྱི་བརྗོད་མིན་ལྷན་ཅིག་སྤྱོས།། གང་ལས་ཀྱང་ནི་མི་རྙེད་དེ།། བླ་མ་རྒྱུད་པ་ཉེར་བསྙེན་དང་།། རང་ལ་བསོད་ནམས་ལས་ཤེས་བྱ།། དེ་ལྟ་ན ་ཡང་ལྷན་ཅིག་སྐྱེས་པ་ལ་གང་དུ་ཡིད་ཆེས། བརྗོད་པར་བྱ་སྟེ། སྙོམས་པར་ཞུགས་པའི་ལྷན་ཅིག་སྐྱེས་པའི་གྲིབ་མའི་རྗེ་སུ་བྱེད་པ་ཉིད་ཀྱི་ཕྱིར་བླ་མའི་མན་ངག་ལས་ལྷན་ཅིག་སྐྱེས་པ་ཤེས་པར་བྱའོ།། དེ་བཅོམ་ལྡན་འདས་ཀྱིས ་གསུངས་པ། དེ་ལ་དེ་ཉིད་བསྟན་པར་བྱ།། མཆོག་མཐའ་དགའ་བྲལ་དང་། པོ་ཅན།། ཞེས་པ་སྟེ། གང་གི་དང་པོ་དགའ་བྲལ་ཡིན་པ་དེ་ནི་དགའ་བྲལ་དང་པོ་སྟེ་ལྷན་ཅིག་སྤྲོས་པའོ།། མཐར་བྱེད་དོ་ཞེས་པ་ནི་མཐའ་ཅན་ནོ།། ་མཆོག་ནི་རབ་ཀྱི་མཐའ་པ་སྟེ་དེ་ནི་དེ་ལྟ་བུ་ཡིན།། དགའ་བྲལ་དང་པོ་ཡང་ཡིན་ལ་མཆོག་མཐའ་ཅན་གང་ཡིན་པ་དེ་ནི་དགའ་བྲལ་དང་པོ་མཆོག་མཐའ་ཅན་ནོ།། རྒྱུད་རྣམས་ཀུན་ཏུ་སྤྲས་པ་སྟེ།། མཐའ་ཡིས་མཐར་ནི་རབ་ཏུ་གསལ ་རྡོ་རྗེ་མཆོད་པ་རབ་སྦྱར་ནས།། དེ་ལ་ལྷ་མོ་དེས་ཞུས་པ།། ལྷ་དེའི་སྐད་ཅིག་ཇི་ལྟར་ལགས།། གཙོ་བོ་ཆེན་པོ་བཤད་དུ་གསོལ།། དེར་ནི་ཐོགས་མ་དབུས་མཐའ་མེད།། སྲིད་མིང་མྱ་ངན་འདས་པ་མེད།། བདག་མེད་གཞན ་ནི་མེད་པ་སྟེ།། འདིར་དེ་བདེ་བ་ཆེན་པོའོ།། འདིར་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ།། ཇི་ལྟར་དབང་བསྐུར་གསོལ་བདབ་པའི།། སློབ་མའི་བྱ་བ་བཤད་པར་བྱ།། བླ་མ་ཕྱག་རྒྱ་ལྡན་མཐོང་ནས།། བརྟུལ་ཞུགས་ཅན་གྱིས ་བསྟོད་མཆོད་བྱ།། བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ།། རྡོ་རྗེ་རྣལ་འབྱོར་གཅིག་ཏུ་བརྩོན།། སྒྲུབ་པོ་ཕྱག་རྒྱ་ཐ་མི་དང་།། རྡོ་རྗེ་རྣལ་འབྱོར་ལས་བྱུང་བ།། ཇི་ལྟར་ཁྱེད་ནི་བདོག་ཉིད་ཆེ།། ཁྱབ་འག་ལ་ངག་ལའང་དེ་མཛོད་ཙོག། འཁོར་བ ་འདམ་གྱི་ཚོགས་ནང་དུ།། བྱིད་པ་སྐྱོབས་མེད་བདག་ལ་སྐྱབས། བཞིམ་པའི་བཟུའ་བ་བཏུང་བ་དང་།། བ་ལ་ཆུ་མཆོག་མཱ་ད་ལ།། བདུག་པཾ་ལྷ་བཤོས་ཕྲེང་བ་དང་།། དྲིལ་བུ་རྒྱལ་མཚན་བྱུག་པ་སྟེ།། སློབ་མ་དམ་པས་རྡོ་རྗེ ་འཛིན།། མཆོད་པ་འདི་རྣམས་ཀྱིས་མཆོད་དོ།། མཆོད་པའི་བར་མེད་སྟོན་པ་པོས།། འདིས་ལྷན་ཅིག་སྐྱེས་པའི་དགའ་བ་ཁོང་དུ་ཆུད་པར་བྱ་སྟེ། གང་ཕྱིར་ཡིད་ཀྱིས་མི་བསྒོམ་པར།། འགྲོ་བ་ཐམས་ཅད་བསྒོམ་པར་བྱ།། ཐམས ་ཅད་ཆོས་ནི་ཡོངས་ཤེས་ན།། བསྒོམ་པ་ཉིད་ནི་བསྒོམ་པ་མིན།། འདི་དང་འདི་ནི་བརྟན་པ་དང་གཡོ་བ་རྣམས་ཀྱི་ཡང་དེ་ཁོ་ན་ཉིད་དོ།། འདི་ལྟ་སྟེ། ཐམས་ཅད་ཐམས་ཅད་སྟོང་པ་ཞེས་བྱའོ།། དེ་བཅོམ་ལྡན་འདས་ཀྱིས་གསུངས ་པ། བརྟན་དང་གཡོ་བའི་དངོས་པོ་གང་།། རྩ་ལྕགས་འཁྲི་ཤིང་ལ་སོགས་རྣམས།། བདག་གི་དངོས་པོའི་རང་བཞིན་ལས།། དམ་པའི་དེ་ཉིད་ངེས་བསྒོམ་བྱ།། དེ་རྣམས་གཅིག་པུ་གཞན་ཡོད་མིན།། བདེ་བ་ཆེན་པོའི་རང་རིག ་པའོ།། མཆོག་ཏུ་དགའ་བ་ཡང་དག་ཐོབ།། སྣ་ཚོགས་སྤངས་པའི་སྐད་ཅིག་ལ།། སྟོན་པས་སྨྲས་པ་སེམས་དཔའ་ཆེ།། བདེ་བ་ཆེན་པོ་བཟུང་བར་གྱིས།། དེ་ལྟར་ཡང་འཕགས་པ་ལྷའི་ཞབས ་ཀྱིས་གསུངས་པ། དགའ་བ་ལ་སོགས་རིམ་པས་ཕྲ་མོ་ལ།། དམིགས་པ་ལ་ནི་བརྟེན་ནས་སྐད་ཅིག་མ།། ཟད་པར་འགྱུར་བ་བཞི་པའི་དུས་སུ་ནི།། ཨེ་མཱ་དམིགས་པ་ཞེས་བྱ་ཅི་ཞིག་ཡིན།། གང་ཡང་ཁྲེམ་གཉེར་མེད་པའི་བདེ ་བ་ནི། མྱོང་བའི་རྣམ་པར་གཞལ་བར་བྱ་བ་ཙམ།། དེ་ཡང་འཛག་པ་ཡང་སྟེ་དེ་ལ་ནཱི།། རྣམ་པར་བསྒྱིངས་པ་འབའ་ཞིག་དམིགས་པ་མེད།། ཨེ་མའོ་སྲིད་གསུམ་གང་བ་ཡི།། བདེ་བ་ཆེན་པོ་སྒེག་པ་སྟེ།། གང་གིས་རང ་དང་གྱི་ཚོར།། རྣམ་དབྱེར་མེད་པའི་སྐད་ཅིག་གོ། འདིས་འདི་གསུངས་པར་གྱུར་པ་ཡིན་ཏེ། གསུམ་པ་དགའ་བྲལ་གྱི་དགའ་བའི་དཔེ་ལས། བདག་བྱིན་གྱིས་བརླབས་པའི་བདེ་བ་འབྱུང་བ་ཉིད་དུ་རྟོག་པར་བྱས་ནས་དེ་ཉིད ་རྣམ་པར་དག་པ་ལས་དེ་བཞིན་ཉིད་ཀྱི་རྣམ་པར་ལྷན་ཅིག་སྐྱེས་པར་རྟོགས་པ་རུ་བྱ་བ་ཡིན་ནོ།། འདི་ནི་བཞི་པ་དེ་ཡང་དེ་བཞིན་ནོ།། ཞེས་པ་འདིའི་དོན་ཏོ།། སྙོམས་པར་འཇུག་པ་ཡོད་ན་ཡེ་ཤེས་གང་ཡིན་པ་ཐོག་མར་གསུངས ་པ་སྟེ། དེ་བཞིན་དུ་འདིར་ཡང་ལྷན་ཅེས་པ་རྟོགས་པ་ལས་དེ་ནི་དེ་ཡང་བཞི་པའི་ཡེ་ཤེས་སུ་འགྱུར་བ་དེས་ན་ལྷན་ཅིག་སྐྱེས་པ་བྱང་ཆུབ་ཀྱི་སེམས་ཀྱི་དཔེ་ལས་བདེ་བ་གང་ཡིན་པ་དང་ཡེ་ཤེས་གང་ཡིན་པ་ལ་ཡིད་ཆེས་པར་བྱའོ།། ་ལྷན་ཅིག་སྐྱེས་པའི་རིམ་མའི་རྗེ་སུ་བྱེད་པ་ཉིད་ཀྱི་ཕྱིར་དེ་ནི་དེ་ཁོ་ན་ཉིད་དུ་བཤད་པ་མ་ཡིན་གྱི་འབྱུང་བ་ཆེན་པོ་པའོ།། གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་ཀྱང་། གང་ཕྱིར་འབྱུང་བ་ཆེ་བདེ་བ།། དེ་ཕྱིར་བདེ་བ་དེ་ཉིད་མིན།། ཞེས་གསུང ་སོ། འདི་ཉིད་སློབ་མའི་དྲི་བའི་ཚིག། དངོས་གྲུབ་ཀུན་གྱི་གཏེར་གྱུར་པ།། བྱང་ཆུབ་སེམས་ནི་ལྷུང་གྱུར་ན།། ཕུང་པོ་རྣམ་ཤེས་བརྒྱལ་འགྱུར་བཱས།། མ་སྨད་དངོས་གྲུབ་གོ་ལ་ཡང་།། མཁའ་དབྱིངས་རྡོ་རྗེ་ཡང་དག་སྦྱོར།། རེག་ལས ་རྨད་འབྱུང་ཆེན་པོ་ཡི།། བདེ་བ་སྐྱེ་བ་གང་ཡིན་པ།། དེ་ནི་མཆོག་དགའི་བྱེང་པའོ།། ཞེས་པ་ལ། མཱ་སྨད་དངོས་གྲུབ་ག་ལ་ཡོད། ཅེས་པ་ནི་དེ་ཉིད་མཆོག་ཏུ་དགའ་བར་བཤད་པའི་ལྷན་ཅིག་སྐྱེས་པའི་དགའ་བ་ལས་ཕྱག་རྒྱ་ཆེན ་བོའི་བདག་ཉིད་ཅན་གྱི་དངོས་གྲུབ་བོ།། དམིགས་པ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་ན་མ་སྨད་པ་སྟེ་དེའི་ཕྱིར་ལྷན་ཅིག་སྐྱེས་པ་ཁོང་དུ་ཆུད་པའོ།། ཕུང་པོ་ལ་སོགས་པ་བརྒྱལ་བ་དེ་ཡོད་ན་ཡེ་ཤེས་གང་རྗེས་སུ་མྱོང་བ་ཡིན། དེས་ན ་བདག་བྱིན་བརླབས་པ་མ་དག་པར་བྱས་སོ།། དེ་བསྒོམ་པ་རབ་ཀྱི་མཐར་སོན་པ་ན་སྟེ་ཇི་སྲིད་ཕུང་པོ་ལ་སོགས་པ་མེད་པར་གྱུར་པ་དེ་སྲིད་དུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མངོན་སུམ་དུ་བྱེད་པར་མི་ནུསོ།། བཅོམ་ལྡན་འདས ་ཀྱིས་ཀྱང་གསུངས་པ། མཆོག་ཏུ་བདེ་བ་ཕུང་པོ་མེད། ཅེས་སོ།། འདི་ཉིད་ཀྱང་རྣལ་འབྱོར་མ་རྣམས་ཀྱིས་མཆི་བར་མངོན་པར་བརྗོད་དོ།། བཅོམ་ལྡན་འདས་ཀྱིས་ཀྱང་གསུངས་པ། ཇི་ལྟར་ཕ་ལས་བདེ་ཐོབ་པ།། དེ་ཡི་བདེ ་བ་རང་གི་བཟའ།། བདེ་བ་གང་གིས་འཆི་བ་སྟེ།། དེ་ཡི་བདེ་བ་བསམ་གཏན་བརྗོད།། འཆི་བ་ཞེས་བྱའི་རྣམ་རྟོག་ནི།། ཞེས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་བྱ་རྒྱུས་པར་རོ།། མང་དྷཱ ་སྨྲ་བས་ཅི་ཞིག་བྱ།། རྡོ་རྗེ་ཐེག་པའི་དེ་ཉིད་ལས་རྫས་ཀྱི་དངོས་པོར་ཡོད་ཅེས་པ་འང་།། རང་བཞིན་བརྟེན་ནས་དེ་ཉིད་དོ།། བརྟགས་པའི་དངོས་པོ་མེད་པ་སྟེ།། གཞན་གྱི་དབང་ནི་ཡོད་པ་ཡིན།། ཞེས་པ་སྟེ་ལ་སོགས་པའི་སྒྲས་གཞན་གྱི ་དབང་བཟུང་ངོ་།། རྒྱུ་གཞན་ལ་རྟེན་པས་ན་གཞན་གྱི་དབང་དང་གྲུབ་པ་ཡིན་ནོ།། གཞན་གྱི་དབང་ནི་འགྲོ་བའི་བདག་བྱིན་གྱིས་བརླབ་པའི་མཚན་ཉིད་དོ།། དེ་དྲུག་གི་དངོས་པོ་མེད་པ་ནི་ཡོངསུ་གྲུབ་པའི་གཟུགས་ལྷན་གཅིག་སྐྱེས ་པར་བཤད་པ་མྱ་ངན་ལས་འདས་པར་ཡང་གསུངས་ཏེ་ཐམས་ཅད་ཀྱིས་ཐམས་ཅད་དུ་ཐམས་ཅད་སྟོང་པ་ནི་མུ་སྟེགས་པ་རྣམས་ཀྱི་ཆ་ཤས་ཡིན་ནོ།། དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བཞིན་གཤེགས་པ་སྐྱེད་པོར ་མཛད་མའོ།། ཞེས་པ་རྣམ་པར་དག་པ་སྟེ་རིམ་པ་བཞི་པའོ།། །། ད་ནི་རྣམ་པར་དག་པ་ལས་ལྡང་བའི་རིམ་པ་རབ་ཏུ་བསྟན་པར་བྱའོ།། དེ་ལ་སྨྲས་པ། ལྡང་བ་ནི་བདག་བྱིན་གྱིས་བརླབ་པའི་མཚན།། ་ཉིད་ཀྱི་དགའ་བ་གསུམ་གྱི་བདག་ཉིད་མེད་པ་ཡིན་པའི་ཕྱིར་ཅི་ལྡང་བ་དེ་ནི་སུ་ཞིག་གི་ཡིན་པར་འགྱུར་ཞེ་ན་བརྗོད་པར་བྱ་སྟེ། བདག་བྱིན་གྱིས་བརླབས་པའི་མཚན་ཉིད་མེད་པ་ནི་སྐྱེས་པ་མེ་ཡིན་གྱི་གང་ཞིག་བག་ཆགས་དང ་བཅས་པའི་སྒྱུ་མ་ལྟ་བུའི་རྣམ་པར་ཤེས་པ་དེའི་ལྷན་ཅིག་སྐྱེས་པའི་དགའ་བ་བསྒོམ་པ་ལ་ཇི་སྲིད་འགོག་པ་མངོན་སུམ་དུ་མི་བྱེད་པ་དེ་སྲིད་དུ་ལྡང་བ་སྟེ་སྐྱེད་པར་ནི་མི་འགྱུར་རོ།། འདིར་ཡང་གསུངས་པ། ཕྱི་ནས་དེ་ཉིད་ཡང་དག ་བཤད།། རྣམ་དག་ཡེ་ཤེས་རང་བཞིན་ཅན། ཞེས་པའོ།། ཕྱི་ནས་ཞེས་པ་ནི་བདག་བྱིན་གྱིས་བརླབ་པའི་དེ་མ་ཐག་ཏུ་རང་རིག་པ་ལས་སྐྱེས་པ་ནི་དངོས་གྲུབ་པོ།། ཇི་སྐད་གསུངས་པ། རང་རིག་ལས་ནི་དངོས་གྲུབ་འགྱུར།། རང ་རིགས་ཕྱིར་ན་བསྒོམ་པའོ།། ཞེས་པའོ།། སླར་ཡང་གསུངས་པ། ཕྱག་རྒྱ་རྒྱུ་དང་སྦྱོར་བྲལ་ལས།། རྣལ་འབྱོར་སྙིང་རྗེ་ཐབ་སུ་འགྱུར།། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ།། བྱང་ཆུབ་སེམསུ་བརྗོད་པ་ཡིན།། འདི་ཉིད་བཅོམ ་ལྡན་འདས་ཀྱི་ཟུང་དུ་འཇུག་པ་ནི་འབྲས་བུར་གསུངས་པ་ཡིན་ནོ།། དེ་གསུངས་པ། རང་རིགས་ཡེ་ཤེས་དེ་ཉིད་འགྱུར།། རང་གཞན་ཡང་དག་རིག་པ་སྤངས།། མཁའ་མཉམ་རྡུལ་བྲལ་སྟོང་པ་ཉིད།། དངོས་དང་དངོས་མེད ་བདག་ཉིད་མཆོག། ཐབས་དང་ཤེས་རབ་ཤིན་ཏུ་འདྲེས།། ཆགས་དང་ཆགས་བྲལ་རྣམ་པར་འདྲེས།། དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག། དེ་ཉིད་མི་འགྱུར་དམ་པ་ཡིན།། དེ་ཉིད་ཐམས་ཅད་ཁྱབ་པ་པོ།། ལུས་ཀུན་ལ་ནི་རྣམ ་པར་གནས།། འདི་ཉིད་དུ་གསུངས་པ། དཔལ་ལྡན་དེ་བཞིན་ཉིད་གཤེགས་ཤིང་།། དེ་བཞིན་སླར་ཡང་བྱོན་པ་ཉིད།། འདིས་ནི་ཤེས་རབ་རིག་པ་ཡིས།། དེ་བཞིན་གཤེགས་པར་མངོན་སྤྱོད་བྱ།། དེ་ལ་རྡོ་རྗེ་སྙིང་པོས་གསོལ་པ།། ་ཐབས་གང་གིས་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བགྱི་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཀྱིལ་འཁོར་འཁོར་ལོ་སོགས་ཐབས་དང་།། བདག་བྱིན་བརླབ་པའི་རིམ་པས་ཀྱང་།། ཀུན ་རྫོབ་དོན་དམ་གཟུགས་ཅན་གྱི།། བྱང་ཆུབ་སེམས་ནི་རབ་ཏུ་བསྐྱེད།། ཀུན་རྫོབ་ཀུན་དུ་ལྟ་བུ་སྟེ།། དོན་དམ་བདེ་བའི་གཟུགས་ཅན་ནོ།། བུད་མེད་ཀློ་ལྔ་བདེ་བ་ཅན།། ཨེ་ཝཾ་ཡི་གེའི་རང་བཞིན་དུ།། བདེ་བ་སྲུང་བ་ཉིད་ཀྱི་ཕྱིར ་བདེ་བ་ཅནྡ་ཞེས་བརྗོད་པར་བྱ།། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་།། རྡོ་རྗེ་འཛིན་པ་རྣམས་ཀྱི་གནས།། འདི་ཉིད་འཁོར་བ་ཞེས་བྱ་སྟེ།། འདི་ཉིད་མྱ་ངན་འདས་པ་ཉིད།། འཁོར་བ་སྤངས་ནས་གཞན་དུ་ནི།། མྱ་ངན་འདས ་པ་རྟོག་མི་འགྱུར།། འཁོར་བ་གཟུགས་དང་སྒྲ་ལ་སོགས།། འཁོར་བ་ཚོར་བ་ལ་སོགས་པ།། འཁོར་བ་དབང་པོ་རྣམས་ཉིད་དེ།། འཁོར་བ་ཞེ་སྡང་ལ་སོགས་པ།། འདི་རྣམས་ཆོས་ནི་མྱ་ངན་འདས།། རྨོངས་ཕྱིར་འཁོར ་བའི་གཟུགས་ཅན་ཉིད།། རྨོངས་མེད་འཁོར་བ་དག་པས་ནི།། འཁོར་བ་མྱ་ངན་འདས་པར་འགྱུར།། འདིས་ཆོས་འདི་རྣམས་ཀྱི་རབ་ཏུ་མྱི་གནས་པའི་མྱ་ངན་ལས་འདས་པ་ཡོངསུ་མཁྱེན་པ་ལས་རྒྱལ་བ་མཆོག་རྣམས་ཀྱིས ་བདག་ཉིད་ཀྱི་སྐྱེ་བ་གསུངས་པ་ཡིན་ནོ།། གལ་ཏེ་གཞན་རྣམས་ཀྱི་བླ་མ་རྒྱུད་པའི་རིམ་པས་རང་བཞིན་ཡོངསུ་ཤེས་པར་འགྱུར་ཞིང་སོ་སོའི་སྐྱེ་བོ་རྣམས་ཀྱི་ཡིན་པ་དེའི་ཚེ་དེ་རྣམས་ཀྱི་བདག་ཉིད་འབའ་ཞིག་པ་ཡང་ཡིན།། ་བཅོམ་ལྡན་འདས་ཀྱིས་ཀྱང་གསུངས་པ། མ་ལུས་པ་ཡི་སེམས་ཅན་གྱི།། སྐྱེ་བ་གང་ལ་བརྗོད་བྱ་བ།། གང་ཕྱིར་སྤྲུལ་པ་གནས་བརྟན་ཕྱིར།། དེ་སྤྲུལ་པའི་སྐུ་ཉིད་ཡིན། ཞེས་པ་ལ་སོགས་པ་རྒྱས་པར་ཏེ། སྡེ་པ་སྡེ ་པབ་ཞེས་བཤད་པ།། ལྟོ་བ་གནསུ་བརྗོད་པར་བྱ།། སྐྱེ་གནས་འདོད་ཆགས་བྲལ་བར་འགྱུར།། མངལ་གྱི་ཁྲུ་མ་ཆོས་གོས་ཡིན།། དེ་བཞིན་མ་ནི་མཁན་པོའོ།། མགོ་བོར་ཐལ་མོ་སྦྱར་བ་ཕྱག། འགྲོ་བའི་བྱ་བ་བསླབ་པའི ་གནས།། དེ་བཞིན་སྔགས་བཟླས་ཨ་དང་ཧཾ།། སྐྱེ་གནས་འཁོར་ལོའི་ཡི་གེ་ཨ།། བདེ་ཆེན་གྱི་ཡང་ཡི་གེ་ཧཾ།། གཅེར་པུ་སྐྲ་དང་ཁ་སྤུ་བྲག། སྔགས་བཟླས་ཀྱང་ནི་དགེ་སློང་སྐྱེས།། ཚོགས་པ་འདི་རྣམས་ཀྱིས་སེམས ་ཅན། སངས་རྒྱས་ཉིད་དུ་ཐེ་ཚོམ་མེད།། ཟླ་བོ་བཅུ་ཡང་ས་རྣམས་ཡིན།། སེམས་ཅན་ས་བཅུའི་དབང་ཕྱུག་གོ། འདི་ཉིད་ཡེ་ཤེས་ཆེན་པོ་སྟེ།། ལུས་ཀུན་ལ་ནི་རྣམ་པོར་གནས།། གཉིས་དང་གཉིསུ་མེད་པའི ་ཚུལ།། དངོས་དང་དངོས་མེད་བདག་ཉིད་གཙོ།། བརྟན་དང་གཡོ་བ་ཁྱབ་ནས་གནས།། སྒྱུ་མའི་གཟུགས་ཅན་ཉིད་དུ་སྣང་།། དཀྱིལ་འཁོར་འཁོར་ལ་སོགས་ཐབས་ཀྱིས།། རྟག་ཏུ་ངེས་པར་འགྲུབ་པར ་འགྱུར།། ལུས་ལ་ཡེ་ཤེས་ཆེན་པོ་གནས།། ཀུན་ཏུ་རྟོགས་པ་ཐམས་ཅད་སྤངས།། དངོས་པོ་ཀུན་ལ་ཁྱབ་བྱེད་པ།། ལུས་ལ་གནས་ཀྱང་ལུས་སྐྱེས་མིན།། དེའི་ཕྱིར་བདག་བྱིན་གྱིས་བརླབ་པའི་དེ་བཞིན ་ཉིད་ལྔ་རབ་ཏུ་ཞུགས་པའི་དེ་མ་ཐག་ཏུ་སྐྱེ་བའི་རིམ་པ་ཤེས་པར་བྱ་སྟེ་རྣམ་པ་གཞན་དུ་ན་འཁོར་བ་ཟད་པ་ཙམ་ཁོ་ནརཱ་འགྱུརརོ།། འཁོར་བར་གནས་པའི་བར་དུ་ཡང་དམ་པའི་དོན་ཡང་དག་པར ་རྫོགས་པའི་ཐབས་དང་། སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་མཆོག་ཏུ་བདེ་བ་ཆེན་པོའི་མཚན་ཉིད་ཀྱི་འབྲས་བུ་རང་བཞིན་གྱིས་ཐོབ་པར་འགྱུར་བ་མཱ་ཡི་ནོ།། དེ་གསུངས་པ། བསྐྱེད་པའི་རིམ་པའི ་རྣལ་འབྱོར་གྱིས།། བརྟུལ་ཞུགས་ཅན་གྱིས་སྤྲོས་པ་བསྒོམ།། སྤྲོས་པ་རྨི་ལམ་ལྟར་བྱས་ནས།། སྤྲོས་པ་ཉིད་ནི་སྤྲོས་མེད་བྱ།། སྒྱུ་མ་ཇི་བཞིན་རྨི་ལམ་ནི།། ཇི་ལྟར་བར་མའི་སྲིད་ཇི་བཞིན།། རྟག་ཏུ་གོམས་པོའི་སྦྱོར་བ་ལས།། ་དེ་ལྟ་ཉིད་དུ་དཀྱིལ་འཁོར་སྣང་།། ཕྱག་རྒྱ་ཆེན་པོའི་དབང་བསྐུར་བར།། ཇི་ལྟར་ཤེས་པའི་བདེ་བ་ཆེན་པོ།། དེ་ཉིད་དེ་མྱང་བ་ལས་ཏེ།། གཞན་ལས་དཀྱིལ་འཁོར་འབྱུང་བ་མེད།། དེ་ལྟར་ཡང་། ཕུང་པོ་རྣམས་ཉིད་དྲི་མ་མེད་པའི ་དཀྱིལ་འཁོར་ཏེ།། རྣམས་ཅད་ལྷ་མོ་མང་པོར་རྣམ་པར་ངེས་ཤིང་རྟོགས།། དེ་ལ་དཔའ་བོ་ཧེ་རུ་ཀ་ཡང་ཡིན་པ་སྷོ།། འཇིག་མེད་སྐུ་སྟེ་དེ་བཞིན་ཉིད་ཀྱི་རོ་ཡིན་ནོ།། ཀྱེ་རྡོ་རྗེའི་རྒྱུད་དུ་ཡང་གསུངས་པ། བདེ་བ་ནག་པོ་བདེ་བྱ ་སེར་། བདེ་བ་དམར་པོ་བདེ་བ་དཀར།། བདེ་བ་སྔོན་པོ་བདེ་བ་ལྗང་།། བདེ་བ་ནག་པོ་རྒྱུ་མི་རྒྱུ།། བདེ་བ་ཤེས་རབ་བདེ་བ་ཐབས།། དེ་བཞིན་ཀུན་ཏུ་རུ་སྐྱེས་བདེ།། བདེ་བ་དངོས་དང་དངོས་མེད་པ།། རྡོ་རྗེ་སེམས་དཔའ་བདེ་བར་བརྗོད།། ་རྡོརྗེ་སྙིང་པོས་གསོལ་པ། རྫོགས་པའི་རིམ་པའི་རྣལ་འབྱོར་འདི།། དེ་ཡི་བདེ་བ་བདེ་ཆེན་འདོད།། རྫོགས་པ་བསྒོམ་པ་མེད་པ་ཡིས།། བསྐྱེད་པས་དགོས་པ་ཅི་ཞིག་ཡོད།། བཅོམ་ལྡན་འདས་ཀྱིས་བཀའ་སྩམ་པ། ཨོཾ་མ་བྱུང་ཆུབ ་སེམས་ཆེན་འདི།། དང་པའི་ཤུགས་ཀྱི་སྐུ་རབ་ཏུ་ཉམས།། ལུས་ཀྱི་དངོས་མེད་གང་ལས་བྱེད།། བདེ་བ་སྨྲ་བར་མི་ནུས།། ཁྱབ་བྱ་ཁྱབ་བྱིང་ཚུལ་གྱིས་ནི།། བདེ་བས་འགྲོ་བ་ཁྱབ་པ་ཡིན།། ཇི་ལྟར་མེ་ཏོག་ལ་གནས་།། ་མེ་ཏོག་མེད་ཕྱིར་ཤེས་མི་འགྱུར།། དེ་བཞིན་གཟུགས་ལ་སོགས་མེད་པས།། བདེ་བ་དམིགས་པ་ཉིད་མི་འགྱུར།། དངོས་དེ་དངོས་པོ་མེད་པ་ང་།། དངོས་པོ་རྟོགས་ཕྱིར་སངས་རྒྱས་པ་།། གང་ཞིག་ལྕེ་ལྟོས་ཉེར་འཚེ་དང་།། ་རྨོངས་པ་གང་གིས་བདག་མི་ཤེས།། རྗེ་བཙུ་ན་ལྷ་མིའི་བྷ་གར་ནི།། ཨེ་ཡི་རྣམ་པའི་ཆ་བྱད་གཟུགས།། སངས་རྒྱས་རིན་ཆེན་ཟ་མ་ཏོག། བདེ་བ་ཅན་དུ་རྟག་ཏུ་རྒྱུ།། འཆད་པ་པོ་ངོ་ཆོས་ཀྱང་ང་།། རང་གི་ཚོགས་ལྡན་ཉན་པ ་དང་། སྒྲུབ་བྱ་འགྲོ་བའི་སྟོན་པ་ང།། འཇིག་རྟེན་འཇིག་རྟེན་པ་ཡང་།། ལྷན་ཅིག་སྐྱེས་དགའི་རང་བཞིན་པ།། མཆོག་མཐའ་དགའ་བྲལ་དང་པོ་ཅན།། མུན་པ་ལ་ནི་མར་མེ་ལྟར།། དེ་བཞིན་བུས་ཀྱང་ཡིད་ཆེས་གྱིས།། ་སྟོན་པ་སུམ་བཅུ་རྩ་གཉིས་མཚན།། བཙུན་མོའི་བྷ་གོ་བདེ་ཅན་དུ།། ཁུ་བོའི་མིང་གི་རྣམ་པར་གནས།། གསུངས་པའི་རིམ་པ་འདི་ཉིད་ཀྱིས།། སྔགས་རྒྱུད་སོགས་དང་རྣལ་འབྱོར་ལ།། གང་གིས་ཧེ་རུ་ཀ་མི་ཤེས། ་དེ་ཡིས་ལྡོག་པར་ངལ་བའོ།། དེ་མེད་པས་ན་བདེ་མེད་འགྱུར།། བདེ་བ་མེད་ན་དེ་མེད་འགྱུར།། ནུས་མེད་ཉིད་ཕྱིར་ལྟོས་བཅས་ཏེ།། ལྷ་ཡི་རྣལ་འབྱོར་ལས་བདེའོ།། གང་ཕྱིར་ལུས་ལས་བྱུང་བས།། ་ན། སྒྱུ་ཞེས་བརྗོད་པར་བྱ་བ་ཡིན།། དེ་ཕྱིར་སངས་རྒྱས་དངོས་འགྱུར་མིན།། དངོས་མེད་ཚུལ་དུའང་འགྱུར་ཉིད་མིན།། ཞལ་ཕྱག་རྣམས་པོ་གཟུགས་ཅན་ཏོ།། མཆོག་ཏུ་དདོ་བས་གཟུགས་མེད་པ།། དེ་ཕྱིར་འགྲོ་ཀུན ་ལྷན་ཅིག་སྐྱེས།། རང་བཞིན་ལྷན་ཅེས་བརྗོད་བྱ།། རྣམ་པར་དག་པའི་སེམས་ཀྱིས་ནི།། རང་བཞིན་ཉིད་ནི་མྱ་ངན་འདས།། བཞིན་ལག་ཁ་དོག་དབྱིབས་ལས་ནི།། ལྷ་ཡི་རྣམ་པའི་གཟུགས་ནི།། སྐྱེ་བ་ཙམ་གྱིས་རྣམ་པར ་གནས།། འོན་ཀྱང་ཐ་མལ་བག་ཆགས་ལས།། དེའི་ཕྱིར་ལོངས་སྤྱོད་རྫོགས་པའི་ལུས་མྱེད་པས་གྲོལ་བ་མ་ཡིན་ཏེ།། དེ་ནི་གང་དུ་ཡང་འདོད་པར་བྱ་བ་མཱ་ཡི་ནོ།། ཐམས་ཅད་དུ་སྟོང་པ་ཉིད་ལས་ལྷན་ཅིག་སྐྱེས་པར་བཤད་པ་ན ་དངོས་པོས་གྲོལ་བ་དེ་ཡང་མ་ཡིན་ནོ།། དེའི་ཕྱིར་ཡོང་དེ་དག་གི་རྣམ་པར་གྲོལ་བ་ནི་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་ཐར་པའི་གཟུགས་བྱང་ཆུབ་ཀྱི་སེམས་མ་ཡིན་ནོ་ཞེས་བྱ་བར་ངེས་སོ།། དེ་ལྟར་ཡང་ཀླུ་སྦུབས་ཞབས ་ཀྱིས། དངོས་པོ་ཉིད་ཀྱིས་རྣམ་གྲོལ་བྱ།། དངོས་པོ་མེད་པས་འགྱུར་བ་མིན།། དངོས་པོའི་བདག་ཉིད་རྣམ་གྲོལ་ཏེ།། དངོས་དང་དངོས་མེད་ཡོངས་ཤེས་པས།། བཅོམ་ལྡན་འདས་ཀྱིས་ཡང་རྒྱུད་དུ་གསུངས་པ། རྡོ་རྗེ་སྙིང་པོ ་སྙིང་རྗེ་ཆེ།། དངོས་པོ་ཉིད་ཀྱིས་རྣམ་གྲོལ་ཞིང་།། དངོས་པོའི་འཆིང་བས་འཆིང་བར་འགྱུར།། དེ་ཡོངས་ཤེས་པས་གྲོལ་བ་ཡིན།། དངོས་པོ་མེད་པའང་ཡོངས་ཤེས་པས།། དངོས་པོ་བསྒོམ་འགྱུར་ཤེས་རབ་ཅན།། དངོས ་བོ་མེད་པའང་ཡོངས་ཤེས་པས།། ཧེ་རུ་ཀ་དཔལ་དེ་ལྟར་བསྒོམ།། ཡང་གསུངས་པ། ཤྲཱི་ཡིག་གཉིས་མེད་ཡེ་ཤེས་ཏེ།། ཧེ་ནི་རྒྱུ་སོགས་སྟོང་པ་ཉིད།། རུ་ཡིག་བཀོད་པ་དང་བྲལ་བ།། ཀ་ནི་གང་དུའང་མི་གནས་པའོ།། ་དེ་ལྟར་ཤེས་ནས་རྣལ་འབྱོར་པ།། གང་ཞིག་མཉམ་བཞག་བསྒོམ་བྱེད་པ།། བསོད་ནམས་ཞན་པས་མི་ཡས་ཀྱང་།། ཐེ་ཚོམ་མེད་པར་དེ་འགྲུབ་པོ།། མཉམ་པར་བཞག་པའི་རྣལ་འབྱོར་ཡང་རྣལ་འབྱོར་པ་ཐ་མའི་འོ།། ་བཟའ་དང་བཏུད་དང་ཁྲུས་བྱེད་དང་།། སང་དམ་ཉམས་ཡང་བསམ་པར་བྱ།། ཕྱག་རྒྱ་ཆེན་པོ་མངོན་འདོད་པས།། དེ་ལས་རྟག་ཏུ་འགྲོ་བར་འགྱུར།། ཞེས་པ་མཉྫུམ་པར་བཞག་པ་འདི་ནི་རྣལ་འབྱོར་པ་འབྲིང་པོའི་ཡིན ་ནོ། ཆེན་པོའི་སྤྱད་པ་སྤྱོད་པ་རྣམསྭཱ་ཀཱིས།། བཟའ་བཏུད་དྷཱི་ལྟར་སྟོད་པ་དང་།། བགྲོང་དང་བགྲོད་མྱིན་མཾ་སྤང་ཞིང་།། ཁྲུས་དང་གཙང་སྠཱ་མི་བྱ་སྟེ།། གྲོང་གི་ཆོས་ནི་སྤྱང་མི་བྱ། བློ་ལྡན་སྔགས་བཟླ་བ་ཉིད ་མིན། བསམ་གཏོན་དམིགས་པར་བྱ་ཉིད་མིན།། གཉིད་ནི་སྤང་བར་མི་བྱ་སྟེ།། དབང་པོ་རྣམས་ནི་མི་དགག་གོ། ཁ་ལ་ཐམས་ཅད་བཟའ་བར་བྱ།། རིགས་པ་ལ་ནི་མཉམ་པར་སྤྱད།། དགས་པོ་མེད་པའི་སེམས་ཀྱིས་ནི།། བཙུན ་མོ་ཐམས་ཅད་དགའ་བར་བྱ།། གྲོག་སཱ་ལཱ་དགའ་བར་མི་བྱ་ཞིང་།། དེ་བཞིན་གདུག་ལྔ་ཞེ་སྡང་མིན།། རྡོ་ཞིང་ས་ལས་བྱུང་བ་ཡི།། ལྷ་འདི་རྣམས་ལ་ཕྱག་མི་བྱ།། ཞེས་པ་ལ་སོགས་པ ་རྒྱས་པར་རོ།། དེ་ལྟར་ཡང་། སྔགས་ཀྱི་བཟླས་མེད་དཀའ་ཐུབ་མེད་ཅིང་སྦྱིན་སྲེག་མེད།། དཀྱིལ་འཁོར་པ་མེད་དཀྱིལ་འཁོར་ཡང་ནི་མེད་པ་སྟེ།། དེ་ནི་སྔགས་བཟླས་དཀའ་ཐུབ་དེ་ཡིན་སྦྱིན་སྲེག་དེ།། དེ་ནི་དཀྱིལ ་འཁོར་པ་སྟེ་དཀྱིལ་འཁོར་ཡང་ནི་དེ།། མདོར་བསྡུས་ནས་ནི་སེམས་སུ་འདུས་པའི་གཟུགས་ཅན་ནོ།། གཞན་དུ་ཡང་གསུངས་པ། ཇི་ལྟར་དཔའ་བོ་རྟོག་མེད་པས།། འཇིག་རྟེན་པ་ཡི་གནས་བཅོམ་ནས།། ་སྤྱོད་པ་ཐམས་ཅད་སྤྱད་པར་བྱ།། དེ་ཚེ་དེ་ཡི་སངས་རྒྱས་མཐོང་། ཞེས་པའོ།། དཔལ་ལྡན་ཧེ་རུ་ཀ་ཡིས་རྒྱུད་ཀྱི་རྒྱལ་པོར་གསུངས་པའི་བླ་མེད་རིམ་པ་ལྔ།། དཔལ་ལྡན་ཛཱ་ལན་དྷ་རེ་བཟང་པོའི་ཞབས་ཀྱིས་བཀོད། ་དང་བླ་མའི་གསང་བའི་བཞེད།། དེ་ཐོབ་སྐལ་བ་བཟང་ལ་ཡང་དག་གཞུང་བྱས་བསོད་ནམས་མཆོག་གང་ཐོབ་དེ་ལས།། མ་ལུས་སེམས་ཅན་ཕུང་པོའི་འགྲོ་བས་བླ་མེད་རིམ་ལྔ་ངེས་པར་ཐོབ་པར་ཤོག། ་དཔལྕེ་རྡོ་རྗེའི་སྒྲུབ་པའི་ཐབས་རབ་ཏུ་གསལ་བ་ཞེས་བྱ་བ་དཀྱིལ་འཁོར་ཆེན་པོའི་སློབ་དཔོན་དཔལ་སྒྲ་ཅན་གསང་བའི་ཞབས་ཀྱིས་མཛད་པ་རྫོགས་སོ།། ་འདི་ནི་ཚད་མེད་པའི་བསོད་ནམས་ཀྱི་དཔལ་ལ་བརྟེན་ནས། འཛམ་བུས་མཆིན་པའི་གླིང་གི་བྱང་ཕྱོགས་ཀྱི་རྒྱུད་ཀྱི་རྒྱལ་པོའི་སྲིད་ལ་མངའ་བསྒྱུར་ཞིང་། བསྟན་པ་ཆེན་པོ་ཆེ་ལ་སྲིད་ཞུ་དང་།། བྱ་བ་ལྷག་པར་བསྒྲུབ་པའི ་ཁུར་གྱི་མི་ངལ་བའི་ཆོས་ཀྱི་རྒྱལ་པོ་ཆེན་པོ། གྲགས་པ་འབྱུང་གནས་རྒྱལ་མཚན་དཔལ་བཟོང་པོས་ལུང་སྩོལ་ཞིང་། བདག་རྐྱེན་མཛད་ནས། རྒྱུ་གར་ཤར་ཕྱོགས་ཀྱི་པཎྜི་ཏེ་ཆེན་པོ་ཤྲཱི་བ་ན་རོངྒ་ཞབས་ཀྱི་ཞལ་མངའ ་ནས་དང་། བོད་ཀྱི་ལོ་ཙ་བ་འགོས་གཞོན་ནུ་དཔལ་གྱིས་ཕྱོགས་ལས་རྣམ་པར་རྒྱལ་བའི་ཕོ་བྲང་ཆེན་པོ་སྣ་གདོང་རྩེའི་གཙུག་ལག་ཁང་དུ་བསྒྱུར་བའོ།། ་