CLOSE WINDOW

GT3699: mya ngan med pa'i sgo nas klu btul pa'i le'u
Wyliee-texts produced with BDRC’s OCR application

ཡོན་ཏན་གྱིས་བསྒྱུར་ཅིང་། དགེ་སློང་རིན་ཆེན་བཟང་པོས་བཅོས་ནས་ཞུས་ཏེ་གཏན་ལ་ཕབ་པ།། @#།། རྒྱ་གར་སྐད་དུ། ཨ་ཤོ་ཀ་མུ་ཁ་ནཱ་ག་བི་ན་ཡ་པ་རིཙྪི་དཾ། བོད་སྐད་དུ། མྱ་ངན་མེད་པའི་སྒོ ་ནས་ཀླུ་བཏུལ་བའི་ལེའུའོ།། འདི་ལྟར་རྗེསུ་ཐོབ་ཏེ། སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་ཏེ་བ་ན། གྲོང་ཁྱེར་པྱ་ཏ་ལཱི་པུ་ཏཱར་རྒྱལ་པོ་མྱ་ངན་ལས་འདས་མེད་ཅེས་བྱ་བ་འཁོར ་ལོ་སྒྱུར་བའི་རྒྱལ་པོ་བཞི་ཆ་ལ་དབང་བྱེད་པ་ཞིག་བྱུང་བར་གྱུར་ཏོ།། དེས་ནོར་གྱི་དོན་དུ་ཚོང་པ་ལྔ་བརྒྱ་བཀུག་ནས་སྨྲས་པ། ཤེས་ལྡན་དག་ཁྱེད་སོང་ལ་རྒྱ་མཚོ་ཆེན་པོ་ནས་རིན་པོ་ཆེ་སྣ་ཚོགས་པ་ལོང་ལ་ཤོག་ཅིག། གང་གི ་ཚེདེ་དག་རིམ་གྱིས་སོང་སྟེ་རྒྱ་མཚོ་ཆེན་པོར་ཕྱིན་ནས། རིན་པོ་ཆེ་དང་། གསེར་དང་། དངུལ་དང་། རྡོ་རྗེ་དང་། བཻ་ཌཱུརྱ་དདྱ། ཤིང་ཀ་ཤི་ལཱ་དང་། བྱི་རུ་ལ་སོགས་པ་རིན་པོ་ཆེའི་ཚོགས་དུ་མ་སྲ་དེ་དག་གིས་གྲུ་ཡོངསུ་བཀང ་སྟེ་འཛམ་བུའི་གླིང་དུ་ཕྱོགས་ཏེ་ཆས་སྷོ།། དེ་དག་ལོག་ནས་འོངས་པ་ན་རྒྱ་མཚོའི་དཀྱིལ་དུ་ཀླུས་གྲུ་བཅོམ་ནས། དེ་ནས་ཚོང་པ་དེ་དགྲ་སྲོག་གི་ལྷག་མཱ་འབའ་ཞིག་དང་གྲུས་འོངས་ཏེ། གང་གི་ཚེ་རིམ་གྱིས་གྲོང་ཁྱེར་པ་ཏ་ལི ་པུ་ཏྲར་ཕྱིན་པ་དང་། རྒྱལ་པོ་མྱ་ངན་མེད་ཀྱིས་ཚོང་པ་རྣམས་འོངས་སོ་ཞེས་ཐོས་སོ།། དེ་སྐད་ཅེས་བྱ་སྟེ། རྩ་ཡིས་མེ་ནི་ངོམས་མི་སྲེག། རྒྱ་མཚོ་ཆུ་ཡིས་ངོམས་པ་མེད།། འདིར་ནི་ལྷ་ཡུལ་ཡིད་འོང་བས།། འགྲོ་རྣམས ་དབང་དྲུག་ངོམས་པ་མེད།། ཅེས་བྱ་བ་ཡིན་པས་དེ་འདོད་པའི་རྒྱུས་སེམས་བསྐྱེད་ཅིང་ནོར་དུ་མ་དགྲམ་པའི་གནས་བྱའོ་སྙམ་དུ་བསམས་ཏེ། དེ་ནས་དེས་རྫིང་བུ་དང་བཅས་པའི་སྐྱེད་མོས་ཚལ་དུ་གནས་རྒྱན་ཐམས་ཅད་ཀྱིས ་བརྒྱན་པ། བ་དན་དང་རྒྱལ་མཚན་བསྒྲེང་བ། བླ་བྲེ་དང་། གོས་ཀྱིས་སྤྲས་པར་ཡིད་དུ་འོང་བའི་སྤོས་རྣམས་ནི་བཏུལ། གངས་ལྟར་བསིལ་བའི་ཆུས་གང་བའི་རྫིང་བུ་ནུ་ཤེལ་ལྟ་བུའི་ཕྱེ་མ་དང་ལྡན་པ་ཨུཏྤལ་དང་། པདྨ ་དང་། ཀུ་མུ་ཏ་དང་། པུཎྜ་རཱི་ཀ་རྣམས་ཀྱིས་ཁེབས་པ། ངང་པ་དང་། ཁུ་བྱུག་དང་། རྨ་བྱ་དང་། ནེ་ཙེ་དང་། རི་སྐེགས་དང་། ངུར་པ་དང་། ཀཱ་ལ་དིངྐ་དང་། ཤང་ཤཱང་ཏཱིའུ་དང་། བྱཱ་སྐྲོད་སྙན་པ་སྒྲོགས་པས་ཉམས་དགའ་བི། ་བི་ཝ་ང་དང་། གླིང་བུ་དང་། ཌཱ་རྔ་དང་། སྒྲ་བཟངས་དང་། འཁར་རྔ་དང་། བ་ཊ་ཧ་དང་། རྔ་བོ་ཆེ་དང་། དུང་རྣམས་རྒྱུན་ཏུ་བརྡུང་བུ། བློན་པོ་དང་། གྲོང་མཱི་དང་། ལྗོངས་ཀྱི་མི་དང་། སྐྱེ་བོ་རྣམས་ནི་འདུས། དགེ་སྦྱོང་དང་བྲམ ་ཊཱི་དང་། ཀུན་ཏུ་རྒྱུ་དང་། གཅེར་བུ་བ་དང་། ཀུན་ཏུ་འཚོ་བཱ་ལ་སོགས་པ་ངོ་མཚར་གྱིས་འདུས་ཏེ། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། ཤང་ཀ་ཤི་ལ་དང་། བྷུ་རུ་དང་། མུ་ཏཱཾག་དམར་པོ་དང་། མུ་ས་ལ་གོར་བ་དང་། ་ཨིནྡྲ་ནཱི་ལ་དང་། མཐོན་ཀ་ཆེན་པོ་ལ་སོགས་པའི་རིན་པོ་ཆེའི་བྱེ་བྲག་རྣམས་བལྟ་བར་བྱའོ་སྙམ་མོ།། དེ་ནས་རྒྱལ་པོ་ནོར་དགྲམས་འདུག་སྟེ་ཚོང་པ་ལྔ་བརྒྱ་པོ་དེ་དག་ཀྱང་རྒྱལ་པོའི་དྲུང་དུ་འོངས་པ་དང་། ཐམས་ཅད་སྟོང ་གམིགས་གཅིག་པུ་དང་ལྡན་ཞིང་གཅེར་བུར་གནས་སོ།། རྒྱལ་པོས་སྨྲས་པ། ཅིའི་ཕྱིར་འདི་ལྟ་བུའི་གནས་སྐབས་སུ་གྱུར། ཚོང་པ་རྣམས་ཀྱིས་སྨྲས་པ། ལྷ་གྲུབཅོམ་པས་འདི་ལྟར་གྱུར་ཏོ།། རྒྱལ་པོས་སྨྲས་པ། ་གང་གིས་གྲུ་བཅོམ་པར་གྱུར།། ཚོང་བ་རྣམས་ཀྱིས་སྨྲས་པ། བ་ཚྭ་ཅན་གྱི་རྒྱ་མཚོན་གནས་པའི་ཀླུས་བཅོམ་ལགས་སོ།། རྒྱལ་པོས་སྨྲས་པ། བདག་གིས་ཇི་ལྟར་བསྒྲུབ་པར་བྱ།། ཚོང་པ ་རྣམས་ཀྱིས་སྨྲས་པ། ལྷ་ཆེན་འདྲི་ཡོངསུ་བཙལ་དུ་གསོལ།། གལཱ་ཏེ་ཚོལ་བར་མི་མཛད་ན། ཕྱིས་ནས་ཡང་ཚོང་པ་འགའ་ཡང་རྒྱ་མཚོ་ཆེན་པོར་འཇུག་པར་མི་འགྱུར་རོ།། དེའི་ཚེ་འཁོར་དེ་ན་དགེ་སློང་དབང་པོ་ཞེས་བྱ་བ ་བསོད་ནམས་ཚོ་བ་ཞིག་ཡོད་དེ། དེ་རྒྱལ་པོ་དང་ཧ་ཅང་ཡང་མི་རིང་བ་ཞིག་ནུ་འདུག་པར་གྱུར་ཏོ།། རྒྱལ་པོས་ཚེ་དང་ལྡན་པ་དབང་པོ་ལ་སྨྲས་པ། སློབ་དཔོན་བདག་གིས་འདི་ལ་ཇི་ལྟར་བསྒྲུབ་པར་བགྱི། ཚེ་དང་ལྡན་པ་དབང ་པོས་སྨྲས་པ། རྒྱལ་པོ་ཆེན་པོ་ཟངས་མའི་བྱང་བུ་ལ་ཡི་གེ་བྲིས་ལ་རྒྱ་མཚོར་རྫོངས་ཤིག། ཅི་ཙམ་ན་རྒྱལ་པོས་ཟངས་མེ་ལ་སྤྲིང་ཡིག་ཏུ་བྲིས་ཏེ་སྨྲས་པ། ས་འདི་རྒྱ་མཚོས་གཏུགས་པ་སྐྱོ་ང་།། རྒྱལ་པོ་སྟོབས་ལྡན་མྱ་ངན ་མེད།། རབ་ཏུ་དྲག་ཅིང་བཙན་པ་ཡིས།། ནོར་ཁྱེར་མཚོར་གནས་གང་ཡིན་པ།། དེ་དག་འདིར་ནི་མྱུར་པ་རུ།། ང་ཡི་དྲུང་དུ་བསྐྱལ་བར་བགྱི། ཞེས་ཡི་གེར་བྲིས་ཏེ། ཟངས་མའི་བྱང་བུ་རྒྱ་མཚོར་བསྒྱུར་རོ།། དེ་ནས་ཀླུ་མེ་རངས ་ནས། རྒྱ་མཚོ་ནས་སླར་འཛི་མྦུའི་གླིང་དུ་བསྒྱུར་རོ།། དེ་ནས་རྒྱལ་པོའི་ཕོ་ཉས་ཟངས་མའི་བྱང་བུས་དེ་བླངས་ནས་སླར་པ་ཏ་ལི་པུ་ཏྲར་འོངས་ཏེ། རྒྱལ་པོ་ལ་སྐབས་དེ་བསྙད་པོ་དང་། དེ་ནས་རྒྱལ་པོ་མྱ་ངན་མེད་སེམས ་ཁོང་དུ་ཆུད་ནས་མཚན་མོ་སྟན་གྱི་སྟེངས་སུ་ཉལ་ཏེ། ཇི་ལྟར་འདི་ལ་བསྒྲུབ་པར་བྱ་སྙམ་དུ་སེམས་སོ།། དེ་ནས་ན་མཁའི་དཀྱིལ་ན་གནས་པའི་ལྷས་རྒྱལ་པོ་ལ་སྨྲས་པ། རྒྱལ་པོ་ཆེན་པོ་སྡུག་བསྔལ་མ་བྱེད་ཅིག། ་འཇིག་རྟེན་གསུམ་མཆོག་ལྷ་མིས་མཆོད།། སྟོབས་ཕྱུག་ཆུ་སྲིན་རྒྱལ་མཚན་ཅན།། མཐར་བྱེད་བདེ་གཤེགས་སྐུ་གདུང་ལ།། མཆོད་པ་རྣམས་ཀྱིས་རབ་མཆོད་ཀྱིས།། དེ་རྗེས་ཁྱོད་ཀྱི་དགོས་འགྲུབ་འགྱུར།། ལྷ ་གཉིས་པས་སྨྲས་པ། གང་ཞིག་བྱ་མིན་རྒྱལ་ཆེན་མྱ་ངན་མི་མཛད་པར།། སྔགས་དང་རིགསྔོ་སྔགས་སྨན་སྦྱོར་མ་བགྱིད་པར།། མི་དབང་དབང་དུ་བྱ་བར་ནུས་འགྱུར་བ།། བདེ་གཤེགས་བསྟན་ལ་ལྷགས་པར ་གུས་པ་ཡིས།། དེ་ཡིས་ཀླུ་རྒྱལ་གོང་ཡིན་དབང་དུ་འགྱུར།། དེ་ནས་ཞག་གཉིས་པ་ལ་རྒྱལ་པོ་མྱ་ངན་མེད་སྒྲ་དཀྲུས་ཏེ། གོས་དཀར་པོ་བགོས་ནས་དྲྀ་དང་། མེ་ཏོག་དང་། ཕྲེང་བ་དང་། བྱུག་པ་རྣམས་ཐོགས་ནས ་ཚིག་འདི་སྐད་ཅེས་སྨྲས་སོ།། ཕྱོགས་མཚམས་མཁའ་བཞུགས་རྫུ་འཕྲུལ་ལྡན།། ཤར་གྱི་ཕྱོགས་དང་གཞིན་བཞུགས་ལ།། བདག་ནི་གསོལ་འདེབས་སྤྱན་འདྲེན་གྱིས།། བདག་ལ་ཐུགས་རྗེས་གཟུང་དུ་གསོལ།། ་རྒྱལ་པོས་དེ་སྐད་ཅེས་སྨྲས་མ་ཐག་ཏུ་ཤར་ཕྱོགས་དང་། ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་རྣམས་ནས་དགྲ་བཅོམ་པ་སྟོང་ཕྲག་དྲུག་ཅུ་བྱོན་ཞིང་འདུས་པར་གྱུར་ཏོ།། རྒྱལ་པོས་མེ་ཏོག་དང་སྤོས་དང་། ་དྲི་དང་། བྱུག་པ་རྣམས་ཐོགས་ནས། དེ་བཞིན་གཤེགས་པའི་སྐུ་གདུང་ལ་མཆོད་པས་བྱས་ཏེ། དེ་ནས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་པ། ནད་པ་དང་ནི་རྒྱས་དང་སྡུག་ཕོངས ་གཞན་ཡང་འཆི་གཟིགས་ནས།། རྒྱལ་བྱས་ཡུལ་དང་འབྱོར་པ་བཙུན་མོའི་འཁོར་དང་ཉེ་དུ་སྤངས།། ས་བདགོ་ཟས་གཅིང་དྲུང་གཤེགས་བསྐྲད་ནས་རྒྱལ་པོའི་དཔལ་སྤངས་པ།། བཅོམ་ལྡ་ན་དེ་ལ་བདག། ་གུས་དང་བས་དེ་ཡི་སྐུ་གདུང་མཆོད།། གོང་གི་སྟོབས་ཀྱིས་བདུད་ནི་ཤིན་ཏུ་སྟོབས་ལྡན་བལྟ་བར་དཀའ་རྣམས་བཅོམ།། གང་གི་བཱ་ར་ཎ་སེར་འཁོར་ལོ་ལེགས་བསྐོར་སྲིད་སྤང་ཞི་བཱར་མཛད།། གང་གིས་ལྔ་སྡེ་སྐྱེ ་བའི་སྡུག་བསྔལ་གྱིས་གདུངས་འཆི་བ་བཀྲོལ།། ཤཱཀྱ་ཐུབ་དེའི་སྐུ་གདུང་དཔེ་མེད་འདི་ལ་བདག་གིས་ཡང་དག་མཆོད།། གང་ཞིག་གང་དུ་མྱ་ངན་འདས་གཤེགས་འདིར་ནི་མར་མེ་འགགས་པ་བཞིན ་གླང་པོ་སྟོང་སྟོབས་ལས་ལྷག་དེ་ནི་མི་རྟག་སྟོབས་ཀྱིས་ཕྱི་མར་བརླག། ས་བདག་མཆོག་གིས་ཆ་བརྒྱད་མཉམ་བགོས་སྐུ་གདུང་ཡང་དག་མཆོད་གྱུར་པ།། དེ་ཡི་སྐུ་གདུང་དཔེ་མེད་འདི་ནི་འཇིག་རྟེན་མཁས་པས ་ཡང་དག་མཆོད།། དེ་ནས་དགེ་སློང་གི་དགེ་འདུན་ལ་གདུགས་ཚོད་དྲངས་ནས་མཆོད་དོ།། དེ་ནས་རྒྱལ་པོས་ཚེ་དང་ལྡན་པ་དབང་པོ་ལ་སྨྲས་པ། འཕགས་པ་ཅི་ཞིག་མཆོག་ཏུ་བསྒྲུབ་པར་བགྱི། ཚེ་དང་ལྡན ་པ་དབང་པོས་སྨྲས་པ། རྒྱལ་པོ་ཆེན་པོ་དྲང་པོ་ནི་ཁྱོད་ཀྱི་གཟུགས་གཉིས་པ་ཀླུའི་གཟུགས་ཏེ། སྐུ་གཟུགས་ལེགས་པ་གཉིས་མཛོད་ལ་གསེར་གྱི་སྣོད་ཆེན་པོ་བྱས་པའི་ནང་དུ་དེ་གཉིས་སྩོལ་ཅིག་དང་དེ་ལས ་མངོན་སུམ་དུ་གཟིགས་པར་འགྱུར་རོ།། དེ་བཞིན་དུ་བྱས་ཏེ། ཕྱིས་རྒྱལ་པོས་བལྟས་པ་དང་། ཀླུའི་གཟུགས་འདུག་པ་ལ་རྒྱལ་པོའི་གཟུགས་ཕྱག་བྱེད་པ་རྒྱལ་པོས་མཐོང་ངོ་།། རྒྱལ་པོ་ཡིད་ལ་གཅགས་པར ་གྱུར་པ་དང་། ཚེ་དང་ལྡན་པ་དབང་པོས་སྨྲས་པ་དང་། རྒྱལ་པོ་ཆེན་པོ་དུས་འདྲིར་ཡང་དང་ཡང་དུ་ཉི་མ་རེ་རཾ་ལ་ཁྱད་པར་གཟིགས་པར་འགྱུར་རོ།། ཇི་ལྟ་ཇི་ལྟར་རྒྱལ་པོས་དེ་བཞིན་གཤེགས་པ་ལ་མྱེ་ཏོག་དང་། ་ཕྲེང་བ་དང་། དྲི་དང་། སྤོས་དང་། བྱུག་པ་རྣམས་ཀྱིས་མཆོད་ཅིང་དགེ་སློང་གི་དགེ་འདུན་ལ་ཡང་རང་གི་ལགུ་ནས་བཟའ་བ་དང་བཅའ་བ་རྣམས་ཚིམ་པར་བསྟབས་ཤིང་རྒྱ་ཆེར་མཆོད་པར་བྱས་ཏེ། ཆོས་ཀྱང་གུས ་པར་མཉན་པ་དེ་ལྟ་དེ་ལྟར་རྒྱལ་པོའི་གཟུགས་ལངས་པ་ལ་ཀླུའི་གཟུགས་ཕྱག་འཚལ་བར་གྱུར་ཏོ།། ཡང་དེའི་རྗེས་ལ་ཀླུའི་གཟུགས་དེ་ཡན་ལག་ཐམས་ཅད་ཀྱིས་རྒྱལ་པོའི་གཟུགས་ལ་ཕྱོག་འཚལ་བར་གྱུར་པ ་མཐོང་བས་དེ་རྒྱལ་པོ་ཡིད་རབ་ཏུ་དགའ་བར་གྱུར་ཏེ། ཚེ་དང་ལྡན་པ་དབང་པོ་ལ་སྨྲས་པ། ཀྱེ་མ་དཀོན་མཆོག་གསུམ་མཆོད་པའི།། འབྲས་བུ་ཅི་འདྲ་འདི་ལ་གཟིགས།། རྒྱ་མཚོའི་ནོང་ན་གནས་པའི་ཀླུ། ་བདག་གིས་བཏུལ་ཞིང་འདི་དབང་གྱིས།། བློ་གྲོས་ཆུང་བའི་མྱི་རྣམས་ཀྱང་།། སུ་ཞིག་སངས་རྒྱས་མཆོད་མི་བགྱིད།། གང་ཞིག་འབྲས་བུ་ཕྲལ་བསྐྱེད་ལ།། སུ་ཞིག་ཡིད་ཀྱིས་སེམས ་མི་བགྱིད།། བདག་ཉིད་ཆེ་འཐོབ་འདོད་པའི།། ལྷ་རྣམས་དང་ནི་མི་རྣམས་ཀྱིས།། རྫོགས་པའི་སངས་རྒྱས་ཡང་དག་མཆོད།། སྐྱེ་བ་ཟད་ཅིང་ཡང་སྲིད་མེད།། སློབ་དཔོན་དབང་པོས་སྐབས་ལ་བབ་པར་ཤེས ་ནུས་སྨྲས་པ། རྒྱལ་པོ་ཆེན་པོ་ཟངས་མའི་ཡི་གེ་ཡང་དྭ་སྤྲིངས་པའི་རིགས་སོ།། རྒྱལ་པོས་ཡངས་ཟངས་མའི་ཡི་གེ་དེ་སྐུར་ན་སོ་བཏང་ངོ་།། དེ་རྒྱ་མཚོར་བསྒྱུར་བ་དང་། ཀླུའི་རྒྱལ་པོས་ཡི་གེ་དེ་སྤྱི་བོས་བླངས ་སྷོ།། དེ་ནས་རྒྱལ་པོ་ལ་ལན་མང་དུ་ལྷ་ཚོང་པ་དེ་དག་འདིར་རྫོངས་ཤིག། སོ་སོའི་རིན་པོ་ཆེ་གླང་ལགས་པ་བསྐུར་ལ་སླར་བརྡྷང་ངོ་ཞེས་སྨྲས་པ་དང་། དེ་ནས་རྒྱལ་པོ་འོ་ཕོ་ཉ་སླར་འོངས་ནས་རྒྱལྔ་པི་ལ ་ཕྱིན་དེ་སྨྲས་པ་དང་། དེ་ནས་རྒྱལ་པོས་ཆུང་པ་བོས་ནས་སྨྲས་པ། ཁྱེད་ཅག་སྔོས་སོའི་རིན་པོ་ཆེ་གང་ཡིན་པ་ལོ་དྱ་ལ་སྐྱེར་ཤོག་ཅིག། དེ་ནས་གནས་བརྟན་དབང་པོས་རྒྱལ་པོ་ལ་བརྒྱད་པ་ཆོས་ཀྱི་རྒྱུལ ་པོ་ལ་ས་རྡུལ་ངན་པ་འབུལ་བར་བྱེད་པ་ཡིན་མོད། དེ་ནས་རྒྱལ་པོས་གནས་བརྟན་དབང་པོ་ལ་སྨྲས་པ། སློབ་དཔོན་འོ་ན་ཇི་ལྟར་བསྒྲུབ་པར་བགྱི། གནས་བརྟན་དབང་པོས་སྨྲས་པ། ཁྱོད་ལ་ཆད་པོ་ཡིན ་གྱིས་རང་གི་ཕྲག་པ་ལྔ་ཁུར་ལ་འདིར་སྒྲོལ་ཅིག་ཅེས་ཟངས་མ་ལ་ཡི་གེ་སྨར་བཏང་བར་གྱིས་ཤིག། དེ་ནས་རྒྱལ་པོས་སྙིང་ཡིག་དུ་བྲིས་པ། ཛཾསྟྲ་གླིང་གི་དབང་ཕྱུག་དམ་བྱའི་དཀའ་བཅུག་བྱའི་ཆད་པར་རང་གི ་ཕྲག་བར་ཁུ་ལ་སྒྲོལ་ཅིག་ཅེ་སཱ་ཡི་གེ་བཏང་བ་དང་། ཡཱི་གེ་བཀླགས་མ་ཐག་ཏུ་ཀླུའི་རྒྱལ་པོ་སྐྲག་པར་གྱུར་ནོས་སྨྲས་པ། ལྷ་དེ་ལྟ་ལོགས་ན་གདུག་ས་བདུན་ན་འཚོལ་མཆིའོ།། དེ་རྒྱལ་པོས་ཐོས་པ་དང་། པ་ཏ་ལི ་བྲྀ་ཏཱའི་གྲོང་ཁྱེར་ཐམས་ཅད་དུ་དྲིལ་བསྒྲགས་ཏེ།། གང་ཞིག་གྲོང་ཁྱེར་འདི་ན་གནས་པའི་སྐྱེས་པ་དང་བུད་མེད་བསོད་ནམས་ཀྱི་ཁྱད་པར་དང་། རྒྱལ་པོའི་རྣམ་པར་འཕྲུལ་པ་མཐོང་བར་འདོད་པ་དག་ཞག་བདུན་པ་ལ་རྒྱལ ་པོའི་ཕོ་བྲང་དུ་ཤོག་ཅིག། དེ་ནས་རྒྱལ་པོས་ཞག་བདུན་པ་ལ་གླིང་ཁྱོར་པ་རྣམས་དང་། བློན་པོ་དང་། གྲོང་རྡལ་དང་། ལྗོངས་ཀྱི་མིས་ཡོངསུ་གོང་བར་བསྐོར་ཏེ། རྒྱལ་པོའི་རྫུ་འཕྲུལ་ཆེན་པོ་དང་། མཐུ་ཆེན་པོ་དང་འབྱོར ་པ་ཆེན་པོས་འཁོར་གྱི་ཁྱམས་སུ་སོང་ནས་སེངྒའི་ཁྲི་ལ་འདུག་གོ། དེ་ནས་ཀླུའི་རྒྱལ་པོ་ཀླུ་དུ་མུསྱ་ཡོངསུ་བསྐོར་ནས་མིའི་ཆ་བྱད་དུ་སྤྲུལ་ཏེ། རང་རང་གི་ཕྲག་པ་ལ་རིན་པོ་ཆེའི་ཁུར་ཐོགས་ནས་རྒྱལ་པོ་ཆེན་པོ་མྱ་ངན་མདོག ་ལ་བ་དེར་སོང་སྟེ་ཕྱིན་ནས་ཁུར་རྣམས་ཕོག་ནས་རྐང་པ་གཉིས་ལ་ཕྱག་བྱས་སོ།། སྐྱེ་བོའི་ཚོགས་ཆེན་པོ་དེ་དག་ངོ་མཚོར་དུ་གྱུར་ནས། སྔོན་མ་མཐོང་བ་མཐོང་ངོ་ཞེས་ཅ་ཅོའི་སྒྲ་སྒྲོགས་ཏེ་འདི་སྐད་ཅེས་ཀྱང་སྨྲསོ།། ་འདི་འདྲའི་བསོད་ནམས་སྟོབས་ཀྱིས་ནི།། རྒྱལ་པོ་ཡོངསུ་གཟུང་བར་གྱུར།། སྐྱེ་བོ་རྣམས་ནི་ངོ་མཚར་སྐྱེས།། ལྷ་རྣམས་དང་ནི་འདི་རུ་ཡང་།། ཕུན་སུམ་ཚོགས་པ་འདོད་པ་ཡིས།། བསོད་ནམས ་གང་ཡིན་ཞེས་བྱ་བ།། འདི་ལྟའི་བྱེ་བྲག་སུ་མི་བསྒྲུབ།། བྱསམ་དུ་མྱེད་པའང་གྲང་བསམས་པ།། དོན་དེ་འབད་པ་མེད་པརུ།། མི་རྣམས་ལ་ནི་འབྲས་བུར་སྨིན།། རྐང་ཐང་གླང་ཆེན་མྱོས་པ་དང་།། རྟ་དང་ཤིང་རྟས་རྒྱ་མཚོ་ན།། ་གནས་པའི་ཀླུ་དོང་ལྷན་ཅིག་གཡུལ།། སྟོབས་ཚེ་ན་སྣ་ཚོགས་མཚོན་ཆས་མིན།། སྡུག་བསྔལ་མགྲོ་བོའི་གདེངས་ཀ་ཅན།། བསོད་ནམས་རང་བཞིན་འདི་འདྲ་བའི།། ཞུགས་པ་ཡི་ནི་ངེས་བཅིངས་ནས།། མྱ་ངན་མེད ་རྒྱལ་ཞལ་མཐོང་བ།། བཀའ་དྲིན་པསམས་པས་རྗེས་མཐུན་འཇུག། དེས་ཀྱང་དེ་དག་སྣ་ཚོགས་པའི་བཀའ་བས་འོངས་པ་མཐོང་ནས། བཅོམ་ལྡན་འདས་ཀྱིས་བཀྲའི་ཡོན་ཏན་རྗེསུ་བརྗོད་པ། བཅོམ་ལྡན་འདས་ཀྱིས ་འདི་སྐད་གསུངས།། བསོད་ནམས་ཨེ་ཡིས་མི་ཚིག་སྟེ།། རླུང་གི་འཇིགས་པར་མི་འགྱུར་རོ།། ན་སཆུ་ཀྱི་འདུའི་འགྱུར་ས་ཞི་ན་བྱེ་མི་འགྱུར།། རྒྱལ་པོ་དང་ནི་ཆོམ་རྐུན་གྱིས།། དབྲོག་ཏུ་མེད་པར་བསོད་ནམས་གནས།། སྐྱེས་པ་དང་ནི་བུད ་མེད་ཀྱིས།། དབྲོག་པར་ནུས་པ་མ་ཡིན་ནོ།། བསོད་ནམས་བདེ་བ་སྐྱེད་པའི་གཏེར།། འདིར་ནི་ལུས་པར་མི་འགྱུར་ཏེ།། གང་དང་གང་དུ་སྐྱེས་པ་རུ།། དེ་དང་དེར་ནི་རྗེསུ་འབྲང་།། དེ་ནས་བློན་པོ་གཞན་ཞིག་ངོ་མཚར་སྐྱེས ་ནས་འདི་སྐད་ཅེས་སྨྲས་སོ།། ཡོངསུ་བསྐོར་བའི་འཁོར་དབུས་ན།། བསོད་ནམས་རྒྱན་གྱི་རྒྱལ་པོ་མཛེས།། སྐར་མའི་ཚོགས་ཀྱིས་ཡོངས་བསྐོར་བའི།། སྟོན་ཀ་ཡི་ནི་ཟླ་བ་བཞིན།། ཆུ་དང་མཁའ་ལ་འགྲོ་བའི་རླུང་།། བསོད ་ནམས་ཀྱིས་ནི་ངེས་ཕམ་བྱས།། ས་ལ་གནས་པའི་དགྲ་ཡི་ཚོགས།། བསོད་ནམས་ཀྱིས་ནི་ཟད་པར་བྱེད།། ཇི་ལྟར་ཡིད་ལ་བསམ་པ་ཡིས།། བདེ་བ་བསོད་ནམས་ཀྱིས་ཐོབ་བྱེད།། བསོད་ནམས་འདི་ནི་བསགས་བཱ་རུ། ་སེམས་དྲང་ལྡན་པ་སུ་མི་བྱེད།། སྨྲས་པས་གྲུབ་ཅེས་བྱ་བའི་བློན་པོས་སྨྲས་པ། བཅོམ་ལྡན་འདས་ཀྱིས་འདི་སྐད་གསུངས།། བསོད་ནམས་འདི་ནི་དག་བྱེད་ཡིན།། བསོད་ནམས་ངེས་པར་འབབ་སྟེགས་ཏེ།། མཐོ་རིས་སུ ་ནི་འགྲོ་བའི་ལམ།། མི་རྣམས་བདེ་རོལ་བསོད་ནམས་ཡིན།། བསོད་ནམས་རྣལ་འབྱོར་པ་རྣམས་ཀྱི།། མྱ་ངན་འདས་པར་འགྲོ་བའི་ལམ།། ཡང་བློན་པོ་གསུམ་པ་གཞན་ཞིག་གིས་སྨྲས་པ། བསོད་ནམས་ཀྱིས་ནི་ཁྱོད་ཀྱི ་བཞིན།། ཟླ་བ་དངས་པ་ཤར་དང་མཚུངས།། རྒྱ་མཚོའི་ནང་དུ་ཞུགས་པ་ཡང་།། བསོད་ནམས་ཀྱིས་ནི་གཏོར་མ་མཆིས།། ཡིད་དུ་འོང་བ་ཐོབ་བྱེད་པས།། བསོད་ནམས་འགྲོ་བས་ཕྱག་བྱས་འོས།། བསོད་ན་མྱས་ཡང་དག ་བསགས་པ་ལ།། འབད་པར་མི་རྣམས་སུ་བྱེད་པ།། བསོད་ནམས་ཀྱིས་རྒྱལ་སྐྱེས་བུ་ནི།། རྟ་ཡིས་མ་ཡིན་གླང་པོས་མིན།། ཤིང་རྟས་བསོད་ནམས་ལས་རྒྱལ་མིན།། མདའ་དོང་རལ་གྲིས་མ་ཡིན་ནོ།། ནོར་རྣམས་དང ་ནི་ཡུལ་དང་ནི།། གཡུལ་གྱིས་བསོད་ནམས་ལས་རྒྱལ་མིན།། བསོད་ནམས་ཀྱིས་ནི་རྒྱལ་བ་ལ།། རིགས་དང་སྟོབས་དང་གཟུགས་ཀྱིས་མིན།། བསོད་ནམས་ཀྱིས་འཕགས་མི་རྣམས་ཀྱི།། ་སྔ་རྣམས་གསུམ་གྱི་སྟེང་ན་གནས།། བསོད་ནམས་མི་རྣམས་གནས་ཡིན་ཏེ།། བསོད་ནམས་ཐར་པ་ཐོབ་བྱེད་མཆོག། བསོད་ནམས་འཇིག་རྟེན་གྲགས་བྱེད་ཡིན།། དེ་ཕྱིར་བླ་མེད་བསོད་ནམས་བཙལ།། མཐོ་རིས་ཐོབ ་བྱེད་ངན་སོང་སྤོང་།། མེ་ཡིས་རྟག་ཏུ་བརྟེན་བྱ་སྟེ།། མཁས་པས་བསོད་ནམས་བྱ་བ་ཡིན།། དེ་ནས་རྒྱལ་པོས་ཚོང་པ་དེ་དག་རྣམས་ལུ་སྨྲས་པ། ཁྱེད་རང་རང་གི་རིན་པོ་ཆེ་རྣམས་ཁྱེར་ཅིག། དེ་ནས་དེ་དག་གིས་བླངས ་ནས་རྒྱལ་པོ་ལ་རབ་ཏུ་བསྟབས་ཏེ། གཞན་ཡང་ལྷའི་སྦྱོར་བས་ལགས་ཀྱི།། ལྷོ་རྣམས་འདི་དག་ལེགས་པར་སྣོམས་ཤིག། རྒྱལ་པོས་སྨྲས་པ། བདག་ལ་ཆུང་ཟད་ཀྱང་དགོས་པ་མེད་ཀྱིས་ཁྱེར་ལ་སོང་ལ་ཐེ་ཚོམ ་མེད་པོར་ལོངསྲ་སྤྱོད་ཅག། དེ་ནས་རྒྱལ་པོས་རབ་ཏུ་དགའ་བའི་ཡིད་ཀྱིས་དཀོན་མཆོག་ལ་བསྟོད་པ་འདི་སྐད་ཅེས་སྨྲས་སོ།། ཨེ་མའོ་སངས་རྒྱས་ཨེ་མའོ་ཆོས།། ཨོཾ་མའོ་བསྟན་པ་ཕུན་སུམ་ཚོགས།། ས་རྡུལ་སྙིམ ་གང་ཕུལ་བ་ཡིས།། རྣམ་པར་སྨིན་པོ་འདི་འདྲ་ཐོབ།། དེ་ནས་རྒྱལ་པོས་ཡང་སྨྲས་པ།། དིང་འདིར་ཀླུ་ནི་བདག་དབང་གྱུར།། ཐུབ་ཆེན་ཁྱོད་ཀྱིས་བཀའ་དྲིན་ལས།། ལེགས་སྤྱོད་རྒྱལ་པོ་བདག་བགྱིད་པ།། བདག་གིས ་སྐྱེ་བ་འབྲས་བཅས་ལགས།། ཡོན་ཏན་མཆོག་ལྡན་ཐུབ་པ་ཡིས།། བསྟན་མཆོག་འདི་ལ་སུ་མི་འཇུག། དཔེར་ན་ས་བོན་རྡུལ་བཏབ་པས།། འབྲས་བུ་ཆེན་པོ་སྐྱེད་བྱེད་ན།། རིན་ཆེན་ཕུལ་བ་སྨོས་ཅི་འཚལ།། དེ་ནས་ཀླུ ་ཆོས་ལ་སྦྱར་ནས་སླར་སོང་ངོ་།། མྱ་ངན་མེད་པའི་སྒོ་ནས་ཀླུ་བཏུལ་བའི་ལེའུ་རྫོགས་སོ།། ། རྒྱ་ག་ར་སྐཾ་གྱི་མཁན་པོ་གནས་བརྟན་ཨ་ཛཱི་ཏོ་ཤྲཱྀ་བྷ་དྲ་དང་། དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར་བྱ།། ་གནས་བརྟན་སྤྱན་དྲངས་ལ་བཞུགས། @#།། རྒྱ་གར་སྐད་དུ། སྠ་བཱི་རོ་བ་ནི་མནྟ་ན། བོད་སྐད་དུ། གནས་བརྟན་སྤྱན་དྲངས་པ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། བཙུན་པ་རྣམས་དགོངས་སུ་གསོལ།། དགོངས་ནས ་