CLOSE WINDOW

GT3696: slob dpon sangs rgyas gsang pas bod rje 'bangs dang khong btsun rnams la brdzangs pa'i spring yig
Wyliee-texts produced with BDRC’s OCR application

འཕགས་པ་འཛུམ་དཔལ་ལ་ཕྱག་འཚལ་ལོ།། བོད་ཀྱི་སྤུར་རྒྱལ་མགོ་ནག་ཡོངས་ཀྱི་རྗེ།། ཁྲི་སྲོང་ལྡེ་བཙུནྡ་ཨག་ཚོམ་མེས་ཀྱི་སྲས།། རླུང་ནམ་འཕྲུལ་གྱི་རྒྱལ་པོའི་དཔོན་པོ་ཡིས།། སློང་བཙོན་ཟླུམ་པོ་སྤྱན ་རཱས་གཟིགས་ཀྱི་སྐུ།། བྱང་ཆུབ་སེམས་དཔའི་སྐུ་རྒྱུད་གདུང་མ་ཆད།། འགྲོ་དྲུག་ནུད་ན་ཤེས་རིག་ཆེ་བའི་མི།། དུག་ལྔ་སྡོང་པོ་རྒྱུད་དྲུག་ཀུན་གྱི་གཞི།། ཁྲི་རྗེ་ཐོག་བཙན་མན་ཆད་རྒྱུ་མ་ཡིན།། དགེ་བཅུ་ཐ ་ཁྲིམས་བཙུགས་ནས་དུལ་བར་མཛད།། རིགས་ཀྱི་སྤྲུལ་པ་ཁྲི་སྲོང་ལྡེ་བཙུནྡ་གྱིས།། འགྲོ་བའི་མུན་པའི་སྐར་ཁུང་དབྱེ་སླད་དུ། རྒྱ་གརཾ་ཡུལ་གྱི་རྡོ་རྗེ་གདན་སྟེངས་སུ།། སྡེ་སྣོད་གསུམ་པོ་ཤཱཀྱ་ཐུབ་པས ་གསུངས།། ཀུན་དགའ་བོ་ལ་སོགས་པའི་འཁོར་རྣམས་སྨིན།། འཛམ་བུའི་གླིང་གི་སྙིང་པོའི་དབུས་སུ་གྱུར།། བསོད་ནུམས་ཆེ་བའི་མཁས་པ་གྲངས་ཀྱི་སྨིན།། དེ་གསན་ཐུགས་ཀྱི་རུས་པ་བཅས་ནས་ནི།། བསོད ་ནུམས་ཆུང་བའི་རྒྱལྔ་ཁམས་སྨིནྡ་བྱའི་ཕྱིར།། འཕགས་པའི་རིགསཱ་ཅན་མ་ལུས་ཀུན་བཙལ་ཏེ།། བཻ་རོ་ཙ་ན་སྐ་བ་དཔལ་བརྩེགས་དང་།། ཀླུ་ཡི་རྒྱལ་མཚན་ཡེ་ཤེས་སྔ་དང་ནི།། ཨ་ར་ཨ་རོ་མཉྫུ་ལ་སོགས་ལ།། ་ནོར་གྱི་དམ་པ་གསེར་དངུལ་དབྱིག་བསྐོར་ནས།། རྒྱ་གར་ཡུལ་གྱི་དམ་ཆོས་ལན་དུ་བརྫངས།། བོད་ཀྱི་མུན་རུ་མ་ནག་པོའི་སྐར་ཁུང་ཕྱེ།། སྲིད་ཀྱི་ཆབ་སྲིད་མངའ་ཐང་གུང་ལ་རེག། བུད་དྷ་གུ་ཧྱ་བདག ་དངོསྡེ་གློ་བཱ་དགའ།། ཆབ་སྲིད་ཡོ་བ་ཀུན་གྱི་གཞུང་སྲོང་ཞིང་།། སྤྲུལ་པའི་རྒྱུན་མ་ཆད་པའི་ནང་ནཱ་ལྔ།། ཁྲི་སྲོང་ལྡེའུ་བཙན་མངའ་བདག་ཞལ་སྔ་ནས།། མི་ཆོས་ལྷ་ཆོས་མངའ་ཐུང་རྩེ་རུ ་ཆིབ།། རིན་ཆེན་འབར་བའི་སྐུ་ཡི་ཕུང་པོ་ལྔ།། རླུང་མ་བྲིས་བད་ཀླན་འདུས་པའི་ནད་ཆེན་དང་།། སྟོང་ཕྲག་བརྒྱད་ཅུའི་གེགས་ཀྱིས་མཱ་བཙལ་བར།། འཇམ་དཔལ་དེང་ནི་མུ་རི་ཏ་ལ་ཁུམས།། ཡས་ཀྱི་ས་ནས ་བདག་འདྲ་སྤྱན་འདྲེན་ལ།། སྐུ་གཉེར་ལགས་ཏེ་བདག་ལ་དབང་མ་མཆིས།། འཕགས་པ་འཇམ་དཔལ་ཞལ་ནས་བོད་ཡུལ་དུ།། ཁྱོད་ཀྱི་ཕྱིན་ན་སྲོག་དུང་འབྲལ་པ་གསུངས།། བདག་ན་དབང་མད་ཁྲི་ལན་སྐྱེས་ལན ་དུ།། མན་ངོག་ཡཽ་ག་ཨ་པ་ཏ་ར་བརྫངས།། བང་ཆེན་མི་གཉིས་པོ་ཡི་རྩ་དཱ་ལན་དུ།། མངོན་པར་བྱང་ཆུབ་པ་ཡི་ཏནྟ་བཤད།། ཕྱི་ནང་གཉིས་ཀྱི་ལག་ལེན་མེང་པོ་ཀུན།། གཅིག་ཀྱང་མ་ལུས་དགོས་པ་ཐམས་ཅད ་བརྫངས།། གཟིགས་རྟོག་མཛད་ལ་གཞན་དུ་ཤོར་ར་རེ།། བོད་ཀྱི་མི་ནཱི་སྤྲིན་ལ་ཚོར་སྦྱིན་ཏེ།། མཐོང་བ་ཐམས་ཅ་ལ་འུར་བྱེད་པར་འགྱུར།། ཉས་དམིགས་ཆ་མེད་ད་མཱཾ་ཆོས་སྟོང་པར་བྱེད།། དམྱལ་རྒྱུ་མང་ཞིང ་འབྲས་བུ་བརླག་པར་མཆིའོ།། ཕྱི་ནང་གཉིས་ཀྱི་ལག་ལན་སྦ་བར་མཛོད།། རྩེད་ལོ་སྐྱེས་ལན་གཉིས་ཀྱི་འགྲོ་དོན་མཛོད།། ཁྲི་སྲོང་ལྔ་བཙན་ཡས་ཀྱི་ཡང་དཔོན་གྱི།། རཀཾ་ཤ་གཉིས་ཀྱི་བུ་གཉི་ས་ཕྱོགས ་རིགས་གཅོད། བོད་ཀྱི་རྒྱལ་ཁམས་སྲིད་ཀྱི་མཁར་བུ་ཡང་།། ཞེ་དཔོན་མན་ཆད་སྲིད་མཁར་ཞིག་པར་མཆིའོ།། ཞབས་འདེགས་ཉུང་ཞིང་དམངས་མོ་ཆུང་མར་ལེན།། མཐའ་ཡི་ཁ་བཞིན་ཀུན་ཏུ་གྲོང་སློངས་བྱེད།། ་རྒྱལ་པོའི་དབྱར་ནི་ནུས་པའི་རྩ་འཇོ་འབུལ།། དུ་མངས་མོ་ཚུལ་ཤིང་གྲོང་བཟན་སློང་བར་མཆི།། ཡར་འགྲོ་མར་འགྲོ་མགྲོན་པོ་མཐའ་དག་དང་།། བཙམ་པ་འཇམ་ཡང་རྒྱལ་ཁམས་མི་བཞིན་དུ།། ངོ་མཚར་མི་ཆེ་ཞེས་ནི ་མི་ཕྱོགས་པར།། མགྲོན་པོ་ཇི་བཞིན་རྒྱུ་ཉལ་བྱེད་པར་མཆིའོ།། ཕྱོགས་བཞིར་བསྒྱུར་བའི་མཁས་པས་བསྒྱུར་བའི་ཚེས།། རྒྱལ་པོ་སྨོས་ཤིང་ཡོན་ཏན་བརྗོད་པའི་ཕྱིར།། སྡེ་སྣོད་གསུམ་པོའི་བཀའ་བརྒྱུད་མ་ལུས་པ།། ་མངའ་བདག་ཕྱིར་སྨོས་དཔོན་སྲས་དྲིན་དུ་མཆིའོ།། སྐུ་ཤུགས་ཆུང་ལ་བཀའ་རྒྱུས་རྩོ་མ་ལུས་པ།། ལྔ་བཅུ་རྩ་དགུའི་བར་དུ་བསྒྱུར་བར་མཛོད།། དྲུག་ཅུ་ན་ནཱི་འཇིག་རྟེན་འདས་ནས་ནི།། རྒྱལ་ཁམས་ག་ཞན་དུ་སྐྱེ་བ་བཞེས ་པར་མཆིའོ།། འགྲོ་བ་རིགས་དྲུག་མཐེ་དམན་གར་སྐྱེ་བ།། རང་བྱུང་རིག་པའི་རྒྱལ་པོ་རང་དབང་ཆེ།། རྗེས་ཀྱི་ཤེས་པ་ཤེས་པའི་ནང་ན་འབུལ།། སེམས་ཀྱི་མཚན་ཉིད་ཤེས་པ་ཕྱུག་ཅེས་མཆིའོ།། དེའི་ཕྱིར་སེམས་ཀྱི ་མཚན་ཉིད་ལེགས་པར་རྟོགས།། སེམས་ནི་ཁང་ནང་སྤྲེའུ་གློག་སྟེ་རིགས་དྲུག་རྒྱ།། མཐོན་དམན་གང་འགྲོ་རང་སེམས་ཉིད་དབང་ཆེ།། ལེ་ལོ་མ་མཛད་རང་སེམས་ལྟས་ཤེས་མཆིའོ།། གྲོས་ཀྱི་གདམས་ངག་མན་ངག ་བསྟན་པ་ནི།། རྒྱལ་པོ་ཉུང་ན་བྲིན་ཕྱི་བ་གཞིས་བསྙུངས།། བཙུན་མོ་གཅིག་ལ་དང་དུ་བཞེས་པ་ནི།། འཕྲ་མྱིག་གཡུས་སྦྲུ་བརྒྱུན་ཅིང་མཛེས་པ་དང་།། གཅིག་སེམས་གཅིག་ལ་ཆགས་ན་། ་ཤཱ་ཚ་མཆིའོ།། སྦྱིན་པོ་གདོང་དམར་བྱེད་ཀྱི་རྒྱལ་ཁྲིམ་ས་མི།། དམ་ཚིགས་ཉམས་ཤིང་མནའ་ལ་མི་འཛེམ་ལ།། ཤེས་པ་རགས་ཤིང་ཁོང་ན་ནུང་པ་ཡིས།། སྔར་བྱས་ཁྱད་དུ་གསོད་པར་འོང་ཞེས་མཆིའོ།། ཡོད་ཆེ ་ཚ་།། འད་ནི་ལུ་བ་ཀྱི་9། ཤིང་བུ་དྷི་ལ་ཕྱེས་མི་སྐྱེ་བ་འཁྲུངས།། ཤིང་ལ་གནོད་ཀྱིས་འཆད་པ་ཤོལ་ཚིག་མཆིའོ།། གཙུག་ལག་ཁང་དོང་མཆོད་རྟེན་ཁང་བཟངས་རྣམས།། སྡིག་པ་ཀུན་ལ་གནོད་དེས་ལུས་ང ་ཡིན།། དུམ་ཆོས་བསྒྱུར་བ་ཞུ་ཐུག་རྟག་ཏུ་མཛོད།། ལན་གཅིག་དུས་སུ་ཚད་མར་བྱེད་པར་མཆིའོ།། རྒྱལ་པོའི་རང་བཞིན་གཞན་དང་སྒྲ་མི་བྱ།། ཟུག་ཐུབ་གཟེབས་ལ་རབ་ཏུ་བརྟན་པར་མཛོད།། ཐུགས་ཆེན་ནང་བྷྱོན ་དཔའ་བའི་མི་རྣམས་སོལ།། དགོས་དོན་གཅེས་སྤྲས་ལྷག་པར་སྲོས་ཤེས་མཆིའོ།། སྲིད་ལ་གནོད་པའི་གྲོསྭཱ་ད་ནི་མི་སྙེན་པོར།། ཁེངས་པོར་མི་བྱ་ཞི་དུལ་བསྒྱུར་ཞིང་སྒྲ།། གཅིག་དང་བྱ་དགའ་བློན་པོ་རྣམས་ལཱ་ནི། ་ཙང་མ་ཆེ་རན་ཙམ་བྱ་ཞེས་མཆིའོ།། བློན་པོའི་འདོད་པོ་ཆུ་བཞིན་མི་ཟད་པས།། སྲིད་ཀྱི་མཁར་ནི་འཇིག་པའི་ཉེན་མཆིས་ཏེ།། སྲིད་ཀྱི་གལ་བ་བབ་པའི་དུས་ན་ནི།། སྲས་ལ་མི་ཕངས་སྡོག་ལ་མི་འཛེམ་མཆིའོ།། ་གྷུར་བཱ་མྦྷི་ཐཱ་སྤྱན། རླུང་བ་སྐྱེད་བྱ་དང་།། ཕྱུང་ཅུ་མྦུ་། ཁྱུད་དུ་ཁྱུམ་ལ་རྣལ་བརྗོད།། སྲད་བྷ་ཀྲཱི་ནྱཱ་མྱང་འརྗོད་ཅིང་ཟད་མི་ཤེས།། དཀོན་མརྙོག་གསུམ་ནི་སྤྱན་ལྷུང་མཛོད་ཅེས་རྒྱནའོ།། ཐེག་པ་ཀུན་ལ་འཇུག་སྐུར ་ཀུ་ན་གྱི་སྒོ་ནས་འབྲས་བུ་ཐོབ་མོད་ཀྱི།། གསང་སྔགས་རྡོ་རྗེ་ཐུག་པ་དྲང་དུ་བཞེས།། བཀྲི་བའི་དོན་དུ་ཀུན་ལའང་སྤྱད་ཚུལ་བསྟན།། རྡོ་རྗེ་ཐུག་པ་དང་དུ་ཞེས་མཆིའོ།། མཐའ་ལྟོ་བལ་རིགས་ཤེས་པ་ཡོད་པ་ལ།། ཡིད ་ཚེ་སྔ་མ་མཛད་བྲང་སོ་བཞུགས་གནས་རྣམས།། ཀུན་ཏུ་མུ་སྤོ་ཕུང་བྱའི་གཉེན་མཆིས་ཏེ།། ཅལ་ཅོལ་མ་མཛད་ཙོ་ག་བཞུགས་ཤེས་མཆིའོ།། བཙུན་མོ་རྣམས་དྲང་བུད་མེད་གཞན་དག་ལ།། འདོད་ཆགས་རང་བཞིན ་ཕྱི་ཕྱིར་འདོད་པའི་ཕྱིར།། ཐུགས་ཀྱི་ཁུག་ལ་ཧ་ཅང་སྤྱད་མི་བྱ།། ང་ཁྱོད་བསྲོ་ཞིང་མཐོ་དམན་མེད་པར་མཆིའོ།། ཡིད་ཆེས་མེད་པར་དགོས་དོན་བསྒྲུབ་མི་བྱ།། ཟས་ཀྱི་སྦྱོར་ཤློམྲ་ཞིམ་པོས་དགོས་མི་བསྟནྡ།། ཞེསས ་ཕྱོགས་པའི་འཕངས་ལྷ་ཉེ་རིང་མེད།། གཞན་གྱིས་མཐོང་བོར་མ་ཡིན་གྲང་གཞན་དུ།། གཉེན་པོས་བདག་ཀྱང་འགྲོ་བར་མི་མཆིའོ།། རྒྱལ་པོས་རང་བཞིན་རྒྱ་མཚོ་ཡི་ལྟ་བུ།། ཞ་ལག་ཕྱོགས་བཞིར་རྒྱས་པས ་སློར་ཡང་འདུ།། རྒྱལ་པོས་རང་བཞིན་དེ་བཞིན་ཡོངས་ཀྱིས་བསྒྲུབས།། རྒྱ་མཚོས་ཀུན་སྤངས་ཆོས་ཀྱི་འགྲོ་དྲུག་སྤངས།། ཞ་ལག་ཕྱོགས་བཞིར་དོན་བྱེད་སྐུ་གདུང་རྙེད།། སོ་སོ་སྣང་ཡང་སླར་ཡང་དུས་བཞིན ་དུ།། རླན་གྱིས་མྱུ་གུ་བསྐྱེད་བཞིན་གྲོས་རྒྱུ་བསྐྱུད།། ཆུ་ཡི་འབྲས་བུ་བསྒྲུབ་ལྟར་དམ་ཆོས་བསླབ།། རྒྱ་མཚོ་མ་གཡོས་བཞིན་དུ་གཡོ་བྱ།། ཆུ་ནི་མཉེན་པ་བཞིན་དུ་ཁྱོད་མཉེན་བྱ།། རྒྱ་མཚོ ་གཏིང་དཔག་དཀའ་བཞིན་ཚད་མི་བཟུང་།། ཆུ་ཆེན་བཟློག་ཐབས་མེད་བཞིན་སྲིད་ལ་བྱ།། རྒྱ་མཚོ་ཀུན་ལ་ཁྱབ་བཞིན་དང་ལག་བསྐྱེད།། ཆུ་འཐུང་ངོམས་པ་བཞིན་དུ་གཞན་ངོམས་བྱ།། རྒྱ་མཚོས་ཆུ་རྣམས་སྡུད་བཞིན ་འཁོར་རྣམས་བསྡུ།། ཆུར་ནི་གཟུགས་བརྙན་གསལ་བཞིན་གསལ་བར་བྱ།། རྒྱ་མཚོ་ཡོན་ཏན་ཛི་ལྟར་ལྡན་པ་བཞིན།། རྒྱལ་པོ་གཅིག་གི་སྐུ་ལུ་ལྡན་གྱུར་ན།། པུ་རྒྱལ་བོད་ཀྱི་རྒྱལ་པོའི་མངའ་བདག་རྒྱུད།། མྱུགོ ་ནག་ཡོངས་ཀྱི་རྗེ་རུ་བསྐོས་ཤེས་མཆིའོ།། འོལ་འབྱུང་གདམས་ངག་སྤྱན་སྔར་བརྫངས་པ་འདི།། མངའ་བདག་རྒྱལ་པོའི་མུན་པའི་སྐར་ཁུང་མཛོད།། དུས་མིན་རྟག་ཏུ་ཐུགས་ལ་གདགས་པར་ཞུ། བློན་པོ་རྣམས ་ལ་བརྫངས་པ།། ཁོང་ངལ་སྨྲས་པ་བཙན་ན་བློན་པོའི་རབ་ཏུ་ཆུད།། བུ་སྲོང་ཁྱི་འབྱིན་མི་ཡིས་ཁྲོང་བརྣ་ཡིན།། སོ་ནམ་བརྒྱ་ཡིས་ཚོད་ན་ཀུན་ཀྱང་དྲག་པར་འགྱུར།། དྲང་འཇམ་མྱིག་ཐག་བྱེད་ན་སྲིད་མཐའ་ཡིན།། ་མཁས་བཙུན་བསྔགས་པ་ཁྱད་དུ་མི་གསོད་བུ་ཚའི་གཏེར།། ཁོང་སྡུག་ཁ་འཇམ་བྱེད་པའི་བློན་པོ་འཇིགས།། འོ་བྱམས་བནྡེ་འཁུར་བའི་བློན་པོ་ཆོས་དང་ལྡན།། ཀུན་ལ་སྙོམས་པར་ཟས་ཀྱིས་བསྟེན་པ་གཞན། ་མ་བྱམས།། གདུལ་ཞིང་གཏད་པ་ཐུབ་པའི་མི་ནི་གྲོགས་པོར་བཅོཾ་ལ།། འཕྲལ་དུ་འཁྲོས་པ་ལན་མི་ལྗོན་པ་དགྲར་མི་བྱ།། དགྲ་ཐུབས་ཟབ་མོ་དྲག་ལ་བྱསླུ་པ་རང་ལའོ།། ཉེ་དཔུང་མ་བཤིག་གཅིག་ཏུ་བསྡུས་ནཱ་དགྲ་ཡང ་འཇིགས།། བློ་གཏད་མི་ལ་བུ་བཞིན་བརྟན་པར་བྱེད་པའི་མི་ནི་རིང་པོ་ཡིན།། ཁ་ཚགས་དམ་ལ་ཟས་སྒོ་ཡངས་ནས་ཡུལ་མི་རྩི།། ཕུར་མིའི་མི་ལ་སྤྱི་ཆེད་དང་དུ་བླངས་ན་སྨྲས་པ་ཉན།། ཡོན་ཏན་ཅན་གྱི་མི་ལ་བཀུར ་བསྟི་བྱས་ན་བསོད་ནམས་ཆེ།། ཤེས་རབ་ཅན་གྱི་མི་ལ་བསླབ་སྦྱང་བྱས་ན་མཁས་པར་འགྱུར།། དགའ་བའི་མི་ལ་གཙམ་པར་ཕབ་ནས་སྨྲས་ན་ཁོང་བློ་གཏོད།། ཆུང་མེ་ཇི་ལྟར་མཛངས་ཀྱང་གྲོས་བློ་གཏིང་མི ་གཏད། སྐྱེས་བུ་ཀུན་ཏུ་གྲགས་པ་ཐ་ཤལ་ཚེ་ན་ཉམས།། ཅི་ལའང་ཚོད་ཟིན་སྒྲིན་ཁར་མྱི་འདོར་རང་ལུགས་བྱེད་པ་བཟང་།། སྔར་བྱས་འགྱོད་པ་མེད་པར་ཤེས་པ་མི་ཡ་བློན་པོ་ཡིན།། དགྲ་ཐབས་མཁས་ལ་རལ་ཀ ་བྱེད་པ་བློན་པོ་དཔའ་བོ་ཡིན།། ཁྭ་འཇམ་ཆེ་ལ་ཁོང་བརྣ་ཆུང་བའི་མི་ལ་བློ་མི་གཏད།། སྐྱོན་ཐོས་རྣ་ལ་གཟོན་ལོ་གཡོས་པ་མེད་ན་གཽདེང་པོ་ཆེ།། ཕ་མ་དཀོན་མཆོག་ཕུད་དུ་འཁུར་ན་རང་གི་ལྟང།། ངན་པ་རྣམས་ལ ་ཞོ་སས་ཕྱོགས་ན་དམན་པའི་བཞི།། དགྲ་ལ་སྲན་དུ་འཛུགས་ན་ཕྱིས་དགྲ་འཇིགས།། ཁོང་པརྣ་ཆུང་བའི་མི་ལ་གཉེར་མི་གཏད།། ཆུང་མ་མདོག་སྡུག་ཕོ་དད་ཆེ་བ་བླང་མི་བྱ།། སྒྱེའུ་སྲིད་གུད་དུ་བྱེད་པའི་ཆུང་མ་གཤིན ་པའི་རྟགས།། དྲུག་འཇམ་ཁོང་ཡངས་སྨྲས་པ་བཙུན་ཏཱི་ཞི་ན་མཛངས།། དཔྱའ་ཞིང་ཕྱོགས་ཆེ་བློ་གཏང་ཐུབ་པ་པོ་ཞེས་བྱ།། ཚིག་མཁས་དགྲ་ལ་གནག་ནཱ་གཉེན་གྱི་རག་འཇིགས་ཆེ།། མ ་དོན་བྱེད་པ་རང་དོན་བཞིན་དུ་འབད་ན་གཡོ་སྒྱུ་རླུང་།། རང་དྲོན་བཞག་ནས་མི་དོན་བྱེད་པ་ངོ་མི་རྟག། ངོ་དགའ་སྒྲོ་ཞིང་ཁ་ཊ་མ་དོ་མཱི་ཌྷག་ན་ཁྱོ་གའི་མི།། འཇམ་ལ་གོས་གལ་གཅོད་ཞི་བཙུན་ན་གྲོས་ཟླ་བྱ།། དཔའ་ལ ་གད་རླུང་ལེག་པ་གཅོང་པས་ལམ་གྲོ་གས་བྱ།། ཉེ་རིང་གང་དུ་འགྲོ་ཡང་གྲོགས་དང་འགྲོགས།། སྐྱེ་རླུང་ཁྲི་ཚོགས་དམ་པའི་ལྟ་ཁོར་ནི་སྒྱིད།། ཕ་ཁྲུ་བཟང་པོའི་བུ་ཆིང་ནུ་པ་པོས་ཚིག་རྗེ།། འཕྲལ་དུ་ཁྱོད་གྱོང་ང་རོ ་ཆེ་བའི་མྱི་དྲང་འགྲོགས་པ་བྱུང་།། པ་ཚན་བཟང་པོའི་གསབ་དུ་སྐྱེས་པའི་ངན་པ་རང་མཐོང་ཆེ།། ཁྱུ་དམན་ཁྱིམ་ཚེས་ཀུན་ལ་སྡང་བའི་མི་ནི་གླིང་།། མནའ་མ་རྣམས་དང་མཁོན་པར་བྱེད་པའི་བཱ་ཤ་ལླེ་ཐག་ཡིན།། དྲན ་ལས་བུ་ཕོས་བྱས་ན་གྲོས་རཾ་འཁྲུག་པ་རེ།། ཕར་དུན་བུ་རུ་ངན་ནི་གྲོས་འཇུག་འཐབ་མོས་བྱེད།། སྔོན་དུ་དཔའ་བྱོ་ཐོད་རྒྱལ་བྱས་ན་སྐྱེས་བུར་འགྱུར་ཏེ་དགྲ་ཡང་རྩི།། མི་བཙན་རྫུན་དུ་སྤྲོས་པའི་ཚིག་མི་བཙུན།། སྒྲ་མཉན ་པའི་ངག་ཏུ་སྤྲོ་བ་བླུན་པོ་ཡིན།། རང་ཤེས་ཆུང་བ་ཡོན་ཏན་ཅན་ལ་སྨོད་པ་ངན་པ་ཡིན།། ཕ་མེས་ཡོན་ཏན་སྨོས་ཤིང་རང་བུ་ངན་པ་ལ་ཉེས་ཡིན།། ཁོང་གྱོང་གཉེན་ལ་སྡང་བ་བུ་ལོན་བྱོལ་སོང་ཡིན།། བྱིས་པ ་མྱོ་པ་རང་མཐོ་དུ་ཆེ་བ་གློན་པ་ཡིན།། བཅོལ་བ་མེད་པའི་ལུས་ལ་འཇུག་པ་སྨྱོན་པ་ཡིན།། ཟ་ངོར་འཁྲུག་དྲན་བྱེད་པ་ཕུང་བ་ཡིན།། བསྒོམ་ཆེན་རྣམས་ལ་བརྡུངས་པ།། ཚུལ་འཆོས་མི་བྱ་ཤེས་པའི་ས་མི་བཟུང ་སྡེ་སྣོད་གསུམ་པོ་ཀུན་ལ་ལྟ་རྟོག་བྱ།། བལྟས་པའི་ཚིག་ལ་མི་རྟག་དོན་ལ་ད་བྱེད།། ལུང་ལ་མཁས་པའི་སློབ་དཔོན་རྣམས་ལ་དང་འགྲོགས།། སྒོམ་ཚུན་ཡིན་ཞེས་ཕུག་ཏུ་ཡོང་མི་འདུག། ཡིད་ཆེས་མེད་པར ་པེར་བསྒོམ་པར་ཚུལ་མི་བཙོས།། ཐོ་ཚུམ་བཅད་ཅིང་མཁས་པའི་ཞལ་ཡང་བལྟོ།། ཐེ་ཚོམཆོད་ཅིང་རྒྱོ་ལ་སྣང་བ་དང་།། སྒོམ་པའི་གྲོལ་སྒྲིབ་ཆོད་ཅིང་དྲོན་ཤེས་ཤིང་།། རུ་སྦྲུལ་ཁོ་གྲོ་རེ་ནང་ན་འདུག་པ་དང་།། རྒྱ ་བསྐུམ་འདུག་འགྲོ་གཞུན་གྱིས་མོ་མཐོང་ལྟར།། འཁོར་གྱིས་སླེབ་སེར་མ་ཡིན་དབེན་པར་འདུག། སྙིང་པོ་དོན་ལས་ཉིན་མཚན་འབྱུང་མཱི་བྱ།། ཆུང་མ་གཤིན་ཡང་བསྒོམ་གཡོག་བྱ་བ་མིན།། འདྲ་ལོང་དེ་དྲན་པར་འཁོར ་དུ་ཙྪིན་མི་རུང་།། རང་སེམས་དབང་དུ་བཙུགས་ལ་ཡེངས་མི་བྱ།། གྷ་ཡང་དང་བྱིང་མྱིགས་ཡོང་ཞིག་ཡོད་གྱུར་ན།། ཚུལ་འཚོ་སྒྱུ་མི་བྷྱོ་བླ་མ་རྣམས་ལ་དྲི།། ཐམས་ཅད་མཱནྟམ་བློའི་སྙིང་པོར་གྱུར་པའི་རྟགས། ་གཅིག་ལའང་ཆགས་ཐོགས་མི་མངའ་མཉམ་པར་འགྱུར།། དེ་འདྲའི་བསྒོམ་ཚོན་སངས་རྒྱས་རྣམས་དང་མཚུངས།། དུས་མིན་རྟོག་ཏུ་སེམས་ལ་གདམས་ངག་འདི།། བསྒོམ་ཚན་རྣམས་ཀྱི་སེམས་ལ་ཤར ་བར་སྨོན་ད་སྤྱིའི་བནྡེ་རྣམས་ལ་བརྫངས་པ།། མི་དགེ་བཅུ་སྤངས་དགེ་བ་བཅུ་ལས་ནཱི།། ལུས་དྲུག་ཡིད་གསུམ་དུས་བཞིར་གཡོ་མི་བྱ།། དམ་ཆོས་ཟབ་མོའི་ཕྱིར་ནི་སྲོག་གི་བོར།། མཁས་སུ་རེ་ཞེས་ཤེས ་པའི་ས་མི་བཟུང་།། བདག་གིས་ཤེས་ཀྱང་ཐེ་ཚོམ་གཞན་ལ་དྲི།། ཆོས་ཀྱི་སྲེད་པ་ས་གསུམ་སེམས་པ་བཞིན།། ངོམས་པར་མི་བྱ་ཤེས་རབ་གསུམ་གྱིས་བསླབ།། ངེས་པར་རང་ལོ་མེད་པར་གཞན་མི་བསླབ།། བསྲུང་བ་རྣམ་པ ་ཞིང་ཚིགས་བཞིན་དུ་བསྲུང་།། རྡོ་རྗེ་སློབ་དཔོན་ཡི་དམ་ལྷ་ལྟར་བཀུར།། མན་ངགྲ་ཟབ་མོ་མྱིག་གི་འབྲས་ལྟར་གཅེས།། ཐེག་པ་ཀུན་ལ་མཁས་ཀྱང་གསང་ཐེག་ལ།། གཞན་ཤེས་དེ་ལ་མ་འབྱོར་བནྡེ་ནི།། ཐེག་གཞན་ཤེས ་ཀྱང་གསང་ཐེག་མ་འབྱོར་ན།། གསེར་འདོད་བོད་པ་བརྙེད་པ་ཇི་བཞིན་ནོ།། ཉོན་མོངས་ལྔ་པོ་སྐྱེ་རྒྱུད་མེ་ཆོད་པར།། བཙུན་པར་སྐྱེ་རྒྱུད་གཅོད་པ་སྙིང་རེ་རྗེ།། ཉོན་མོངས་མ་སྤོངས་བཙུན་པ་གཉིས་མི་འཕྲུགས།། ས་བོན་རུལ་པའི ་འབྲས་བུ་ཇི་བཞིན་ནོ།། ཉོན་མོངས་ལྔ་པོ་དུག་སྡོད་མ་བསྒྱེལ་བར།། སྐུར་ནས་ལྷ་ཕྱག་འཚལ་བ་སྙིང་རེ་རྗེ།། དུག་སྡོང་མ་སྐྱེལ་ཟེ་བསྲུངས་གཉིས་མི་འཕྲུགས།། སྐྱེར་ཚེ་དར་གྱིས་ཕུར་བ་ཇི་བཞིན་ནོ།། ཉོན་མོངས་ལྔ་པོ་དབྱིངསུ ་མ་བསྐོར་བར།། མཆོད་རྟེན་བསྐོར་བ་བྱེད་པ་སྙིང་རེ་རྗེ།། ཆོས་དབྱིངས་མ་མཐོང་བསྐོར་བ་གཉིས་མི་འཕྲུགས།། མར་འདོད་ལྷོ་ཁངབ་ཀྱིས་བསྐོར་ཇི་བཞིན་ནོ།། ཉོན་མོངས་ལྔ་པོ་རྣམ་པར་མེ་དག་པར།། གདོང་བཀྲུས་ལག་པོ་བསྙལ ་བ་སྙིང་རེ་རྗེ།། རྣམ་པར་མ་དག་འཁུ་བ་གཉིས་མི་འཁྲུགས།། པྲེ་ཀུ་ནས་ཀྱི་བཅད་པ་ཇི་བཞིན་ནོ།། ཉོན་མོངས་ལྔ་པོ་ཞི་བར་མ་བྱས་པར།། ཆོས་ཉིད་ཞི་བར་ལྟ་བ་སྙིང་རེ་རྗེ།། ཞི་བར་མ་བྱས་ལྟ་བུ་གཉིས་མི་འཕྲུགས།། ཆར ་མྱ་གནམ་སྡོང་ལྗང་བུ་ཇི་བཞིན་ནོ།། ཉོན་མོངས་ལྔ་པོ་མགོ་བྲོ་མ་བྲེགས་པར།། མགོ་ཟླུམ་དཔུང་ཟླུམ་བྱེད་པབྷྲི་རེནྡྷེ།། ཉོན་མོང་སོ་མ་བྲེགས་མྦྷ་གོདྷམཱ་གྷཉིས་མི་འབྱུགས།། ཨནཱ་ནཱ་ག་ནང་ནོ་བནྡྷས་ཚོལུ་ཇི་བཞིན་ནོ།། ཉོན་མོངས ་པོ་དུལ་བར་མི་བྱས་པར།། ཕ་རོལ་དག་དཔུད་འཇོམས་པ་སྙིང་རེ་རྗེ།། དུལ་བར་མ་བྱས་དགྲ་བཅོམ་གཉིས་མི་འཕྲུགས།། རི་གཟར་རྦབ་ཤོར་འཛིན་པ་ཇི་བཞིན་ནོ།། ཆོས་ཉིད་ཟབ་མོ་ལྟེ་བས་ཀློང་དུ་བྱ།། སྤྱོད་པས་འགྲོ་དོན་བསྡམ ་གཏན་རྒྱུན་མི་གཅང་།། ཡེ་ཤེས་རལ་གྲིས་སྐྱེ་རྒྱུད་བཅད་པར་རིགས།། ཉོན་མོངས་ལྔ་པོ་ལྡང་བ་གནས་སུ་བསྟིམ།། ཡང་ལྡང་ཡང་ལྡང་བྱེད་ན་ཆོས་ཉིད་བསྡམ།། མཉམ་པའི་དོན་བསམ་པའི་གཏོན་ལ་གཞུགས། རང་དབང་མེད་པར ་གཞན་དབང་བསྐུར་མི་བྱ།། དུས་གསུམ་ཆོས་ཀྱི་མཚན་ཉིད་བློ་ལ་བཞག། གསང་སྡིགས་ཟབ་མོ་གྲོང་ཡུལ་མི་ལ་ནི།། བསྟན་པར་མི་བྱེ་ཊ་དྲིལ་ཡོངས་མི་རུང་།། ཡས་ར་མས་ལུག་མཁས་ཤེས་བསད་མི་བྱ།། ཕོ་མོ་མང་པོའི ་ནང་དུ་བསྒྲུབ་པ་བྱེད་པ་ཁྲིལ།། ཟས་ནོར་གསང་སྔགས་ཟབ་མོ་ཡོན་དུ་འཚོང་བ་སྤྱོས།། གསང་སྔགས་བསམ་གཏན་ཡི་དམ་ཉིད་དུ་ཉོ་ཚོང་ངོ་བྱེད་པ་མེད།། བནྡེའི་རང་བཞིན་གྲོང་གི་དབུས་མི་འདུག། ཚོང་ལ་མི་བཟའ་སྡིག་པའི་རྨང ་གཉིར་འགྲོ།། ཕོ་བླ་མི་བྱ་ཆུང་མའི་དད་ཀྱང་བསྐྱུང་།། བེའུ་མང་མོ་མི་བསྲེལ་སྡིག་པའི་རྒྱུ།། ཉིན་མཚན་མེད་པར་འགྲོ་དོན་བྱེད་འདོད་པས།། རང་སེམས་དག་ན་འདོད་པའི་དོན་ལ་འགྲུབ།། མི་ནག་སྐྱེ་བོ ་མང་པོའི་འགྲོ་དོན་ཡང་།། ཚོད་ཡོད་མི་བྱ་བསམ་གཏན་ཉིད་དུ་བྱ།། འདི་རྣམས་མ་ནོར་ཤེས་པ་བནྡེ་ཡིན།། ཉིན་རེ་བཟླས་པ་མི་བཅད་སྐྱི་དུབ་ཀྱང་མི་བྱ།། རྩེ་ཅིག་དང་དུ་བླངས་པ་བྱ་བ་ཡིན།། མཁས་པའི་རང་བཞིན་དོན ་ལ་མཁས་པ་ཡིན།། ཚིག་ལ་མཁས་པོ་ནེ་ཙེ་ཚིག་ཟློས་མཁས།། རྩེ་གཅིག་ཡང་དག་བདེན་པའི་རླུང་ལ་སཱ་ནི།། རང་སེམས་དཔང་དུ་བཙུགས་ལ་ཉམས་མི་བྱ།། ཉིན་མཚན་མེད་པར་ཆོས་ཀྱི་དོན་ལ་ནི།། དུས་གསུམ་འདུ ་འབྲལ་མེད་པར་ཏིང་འཛིན་བྱ།། ཤེས་པ་ཆེ་ཡང་མཁས་པའི་ས་མི་བཟུང་།། རྡོ་རྗེ་སློབ་དཔོན་ཡི་དམ་ལྷ་བཞིན་དུ།། ཁུར་ཞིང་རྩེ་གཅིག་ཡཱ་དམ་ཉིད་དུ་བྱ།། དེ་དང་མི་འབྲལ་རྩེ་གདུང་ཚེ་མར་འགྲོགས།། བདེན་པ་སྟོན་པའི ་རྡོ་རྗེ་སློབ་དཔོན་ནི།། མིག་གི་འབྲས་ལྟར་བཀུར་བའི་རླུང་བཞིན་ལ།། གཱཡོག་འཁོར་ངན་པ་སློབ་དཔོན་སྤོང་བྱེད་པ།། ཉན་བྱེད་མྱི་དེ་ཐུན་པོ་སྤྲེའུ་ཞེས་བྱ།། འདི་རྣམས་བདག་གིས་མདོ་ཙམ་བཱསྟནྡ་པཱ་འདི།། བོད་ཀྱི་རྒྱལ་ཁམས ་བནྡེའི་སེམས་ལ་ནི།། གདམས་ངག་འདི་ནི་ཤར་བར་སྨོན།། སློབ་དཔོན་ཆེན་པོ་སངས་རྒྱས་གསང་བས་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྔ་བཙན་རྗེ་འབངས་དང་ཁོང་བཙུན་རྣམས་ལ་བརྫངས་པའི་སྤྲིང་ཡིག་གོ།། ་