CLOSE WINDOW

GT3695: slob ma la springs pa'i 'grel pa
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཤྲཱིཥྞ་ལེ་ཁ་བྲྀཏྟི། བོད་སྐད་དུ། སློབ་མ་ལ་སྤྲིངས་པའི་འགྲེལ་པ། སངྱས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚ་ལོ།། ཐུབ་དབང་སྲུས ་བཅུས་བཞུགས་ཀུན་ལ།། རབ་ཏུ་གུས་པས་རྟག་བཏུད་ནས།། སློབ་མུ་རྣམས་ལ་ཕན་དོན་དུ།། སློབ་མའི་སྤྲིང་ཡིག་རྣམ་པར་དབྱེ།། འདིར་འཕྱགས་པ་ཟླ་བ་དེ་ནི་བདག་དང་གཞོན་གྱི་གྲུབ་པའི་མཐའ་རྒྱ་མཚོའི ་ཕ་རོ་ལྟ་སེན་པ། ཤེས་བྱ་ཐམས་ཅད་ཀྱི་གཟུགས་བརྙན་ཤེས་པའི་མེ་ལོང་ལ་རབ་ཏུ་སྣང་བ། རིག་པའི་གནས་ཐམས་ཅད་ལ་ཚོགས་པ་དང་ཐོགས་པ་མེད་པ་དབང་འབྱོར་པ། མང་དུ་ཐོས་པའི་བདུད་རྩིའི ་ཉིད་ཁུས་བློ་གྲོས་ཀྱི་དབང་པོ་རྒྱས་པ། ས་ཆེན་པོ་ལ་ཡང་དག་པར་བཞུགས་པས་བདུད་ཀྱི་འཚེ་བ་དང་བྲལ་བ། གཅིག་ཏུ་ཐེག་པ་ཆེན་པོ་ལྷུར་ལན་པས་ཐེག་པ་གཞོན་ལ་འདོད་པ་མེད་པ། བདག་དང་གཞན ་མཉམ་པར་སྒོམ་པས་འགྲོ་བ་ཐམས་ཅད་ལ་ཕན་པ་དང་བདེ་བར་ཞུགས་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་མཐར་བྱུང་བ། བརྩོན་འགྲུས་ལྷོད་པ་མེད་པ། ཆོས་ཐམས་ཅད་བདག་མེད་པར་མཉམ་པ་ཉིད ་རབ་ཏུ་རྟོགས་པ་དང་། དཀོན་མཆོག་གསུམ་གྱི་རིག་གོང་ནས་གོང་དུ་རྒྱས་པར་བྱ་བའི་ཕྱིར། རབ་ཏུ་གཞོལ་བ། བདག་ཉིད་འདོད་པའི་འདམ་ལས་བརྒལ་ནས་གཞན་ཡང་བསྒྲལ་བར་བཞེད་པ་སྟེ། རང་གི་སློང ་མ་ཁྭ་དགེ་སློང་གི་བརྟུལ་ཞུགས་དོར་ཏེ་རྒྱལ་པོའི་བུ་མོ་དང་འདོད་པ་རྟེན་པ་ལས་སླར་ཟློག་པའི་ཕྱིར་དེ་ལ་གདམས་པ་སྤྲིངས་པའི་ཐོག་མར་སྟོན་པ་ལ་བསྟོད་པ་ནི་རྒྱུ་ཕུན་སུམ་ཚོགས་པ་གང་གིས ་ཞེས་ཚིག་སུ་བཅད་པ་གཅིག་གྷོ། སངྱས་རྒྱུས་བཅོམ་ལྡད་འདས་གང་གིས་བདུད་བརྟུལ་ནཱས་མཛད་པ་ཤིན་ཏུ་དཀའ་སྤྱང་མཛད་པ་ནི་ཇི་སྐད་དུ། ལྕེ་ཆེན་ཐིག་ལ་མཆོག་མ་ལ།། ཆགས་པ་སྐྱེས་པས་གདོང་བཞི་བྱུང་།། བདུད ་ཀྱི་བུ་མོའི་སྒེག་པ་ཡིས།། ཁྱོད་ཀྱི་བ་སྤུའི་རྩེ་མོ་གཡོས་ཞེས་བཤང་པ་ལྟ་བུའོ།། འོ་ན་སྟོན་པའི་དཀའ་སྤྱད་དཔག་ཏུ་མེད་པ་མ་ཡིན་ནཱ་མ། འདི་ཁོ་ནས་སྟོན་པ་ཇི་ལྟ་བུ་ཞེ་ན། གདམས་པའི་ཡུལ་སློབ་མ་དེ་བུད་མེད་ལྕི་ཆགཱས ་པ་བཟློག་པའི་ཕྱིར་རོ།། འབྲས་བུ་ཕུན་སུམ་ཚོགས་པ་ནི། བཀྲ་ཤིས་ཞེས་པ་རྐང་པ་གཉིས་སོ།། བཀྲ་ཤིས་པ་ནི་སྤྲུལ་པའི་སྐུའོ།། ཡིད་དུ་འོང་བ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ།། རྨད་དུ་བྱུང་བ་ནི་ཆོས་ཀྱི་སྐུའོ།། ཡང་ན་སྟོན་པའི ་ཐུགས་དང་། གཽ་སྨྱུང་དང་། སྒྱུ་སྟི་རིམ་པ་བཞིན་ནོ།། ཡང་ན་སྤངས་པ་དང་། ཡེ་ཤེས་དང་ཆེ་བ་ཉིད་དེ། རིམ་པ་དེ་ལ་སྒྲིབ་གཉིས་ནི་མྱི་ཤེས་པ་ཡིན་ལ། དེ་དག་སྤངས་པ་ནི་བཀྲ་ཤིས་པའོ།། མི་ཤེས་པ་ནཱ་ཡིད་དུ་མི་འོང་བ་ཡིན་ལ ་ཡེ་ཤེས་ནི་ཡིད་དུ་འོང་བའོ།། ཆེ་བོ་ཉིད་ནི་འཇིག་རྟེན་གསུམ་ན་གཙོ་བོར་གྱུར་པས་རྨད་དུ་ཐུང་བའོ།། བསོད་ནམས་ཆུང་ངུའི་སྐྱེ་བོ་ནི་ཆོས་ཀྱི་རྒྱུན་གྱི་ཏིང་འཛིན་མཐོབ་པ་རྣམསོ།། མཐོང་བ་རྙེད་པར་དཀའ་བ་ནི་ཇི་སྐད་དུ། ཇི་ལྟར་ཆུ ་ཡི་སྣོད་ཆག་ན། ཟླ་བའི་གཟུགས་བརྙན་མི་སྣང་བ། དེ་བཞིན་སེམས་ཅན་ངན་པ་ལ།། སངས་རྒྱས་གཟུགས་ཀྱང་མི་སྣང་ངོ་།། ཞེས་བཤད་པ་ལྟ་བུའོ།། འོ་ན་སུ་ལ་སྣང་ཞེ་ན། མོས་པ་སྤྱོད་པའི་སྐྱེ་བོ་དང་། འཕགས་པ ་ཉན་ཐོས་རྣམས་ལ་སྤྲུལ་པའི་སྐུ་ཁོ་ན་སྣང་ངོ་།། མཚན་མ་མེད་པའི་སར་ཞུགས་པའི་བྱང་ཆུབ་སེམས་དཔའི་རྣམས་ལ་ལོངས་སྤྱོད་རྫོགས་པའི་སྐུ་ཁོ་ནའོ།། མཚན་མུ་དང་བཅས་པའི་སར་ཞུགས་པའི་བྱང་ཆུབ་སེམས་དཔའ ་རྣམས་ལ་དེ་གཉིས་ཀ་སྣང་ངོ་།། སངས་རྒྱས་ཀྱི་ས་ལ་ནི་ཆོས་ཀྱི་སྐུ་ཁོ་ནར་ཟད་ཀྱིས་གཉིས་པོ་མེད་དོ།། དེ་སྐད་དུ་ཡང་། སྦྲུལ་ཡོད་ལོངས་སྤྱོད་རྫོགས་པ་མེད།། ལོངས་སྤྱོད་རྫོགས་ཡོད་ཅིག་ཤོས་མིང་།། ལོངས་སྤྱོད་རྫོགས ་དང་ཅིག་ཤོས་ཡོད།། ལོང་སྣ་སྤྱོང་རྫོགས་དྲང་ཅིག་ཤོས་མེད། དེ་ལ་མོས་པ་བརྟན་རྣམས་དང་། མཚན་ན་མེད་པ་ནས་། རྣམ་བངས་པ་བཞིན་ནས་དང་།། སུང་ས་རྒྱས་ཉིད་དང་གོ་རིམས་བཞིན། ཞེས་པ་ལྟ་བུའོ།། བྱམས་པ་ཕུན་སུམ་ཚོགས ་པ་ནི། འཇིག་རྟེན་ཞེས་རྐང་པ་གཉིས་སོ།། འཇིག་རྟེན་པ་རྣམས་མངོན་པར་འདོད་པའི་ར་པ་བསྒྲུབས་པ་ནི་དེ་དག་མཐོ་རིས་དང་ཐར་པ་ལ་བཀོད་པའོ།། ཡང་ན་ལོངས་པ་དང་ཕྲད་པས་མིག་ཐོབ་པ་ལྀ་སོགས་པའོ།། རོ་གཅིག ་ནི་རྒྱུན་མ་ཆད་པར་རོ།། ཡང་ན་རང་དོན་དང་མ་འདྲེས་པའོ།། སྙིང་རྗེ་ཕུན་སུམ་ཚོགས་པ་ནི་གང་ཞིག་རྟག་ཏུ་ཞེས་ཚིག་སུ་བཅད་པ་གཅིག་གོ།། དེ་ཉིད་རང་གི་བདེ་བ་སྒྲུབ་པ་དང་སྡུག་བསྔལ་སེལ་བ་ཡང་ཡིན་ཏེ། སྲིད་པར ་གནས་ཀྱི་བར་དུ་མྱ་ངན་ལས་མི་འདའ་བར་འདུག་པ་ཡིན་ནོ།། ཕྲིན་ལས་ཕུན་སུམ་ཚོགས་བྱ་ནི་གང་ཞིག་གཞན་གྱིས་ཞེས་ཚིགསུ་བཅད་པ་གཅིག་གོ། སྟོན་པ་ནི་སྔོན་རྒྱལ་པོ་ཟླ་འོད་དུ་གྱུར་པ ་གང་ཞིག་བྲམ་ཟེའི་ཁྱེའུ་ལེའུ་དུརྩ་དབུ་སྐྱོང་བ་གྲཱལྤཱན་གྱི་དོན་དུ་དབུགས་ནགས་ཀྱི་ལྗོན་ཤིང་ལྔ་བ.རིངས་ཏེ་བྲམ་ཟེ་གཅོད་དུ་བཅུག་པ་ནི་ཤིང་དེའི་ལྷས་གེགས་བྱས་པའི་ཚེ་པདྨ་འདམ་གྱིས་མ་གོས་པོ་ལྟ་བུ་སྱཱ་དང་བྲྀ་མ ་ལ་ཆགས་སྡེང་མེད་པོར་དགྱེས་པའོ།། སྟོན་པ་ཉིད་ཀྱི་དོན་དུ་གདུགས་དཀར་པོ་གཅིག་གིས་ཏེ། འཛིན་པ་པོའི་རང་གི་ལུས་ཁེབས་པ་ལྟ་བུར་ས་ཐམས་ཅད་ཀྱང་རང་གི་རྒྱུ་ལ་སྲིད་ཁབས་ཀྱང་། དེ་ལ་རལ་གྲི་སོ་བརྟུ་ར་བ་རྣོན ་བོས་ཡན་ལག་ལ་སོགས་པ་གཅོད་པ་ལྟར་དགེ་བའི་བྱར་ཆུད་དུ་དགོངས་སོ།། ཡང་ན་སྡུག་བསྔལ་གྱི་རྒྱུད་དགོངས་སོ།། ཡོན་ཏན་ཕུན་སུམ་ཚོགས་པ་ནི། ཟླ་བ་ཞེས་ཚི་གློ་སུ་བཅད་པ་གཅིག་གོ། ཟླ་བ་ནི་ཚེས་གཅིག་ནས ་ཆེར་འཕེལ་བ་དང་། འོད་གསལ་བ་དང་། བཅོ་ལྔའི་ཚེ་དཀྱིལ་འཁོར་རྫོགས་པ་དང་། མུན་པ་སེལ་བ་དང་། གཅིག་ཏུ་རྒྱུ་བ་དང་། ཡིད་དུ་འོང་བ་དང་། ལྟ་བ་པོའི་མིག་ལ་ཕན་པ་དང་། ལུས་ལ་བསིལ་བ་དང་། ་ན་མཁའ་ལ་འཆར་བ་སྟེ་ཆོས་དགུ་དང་ལྡན་པ་བཞིན་དུ་སྟོན་པ་ཡང་ངོ་།། དེ་ལ་ཡོན་ཏན་ནི་གསུམ་སྟེ། སྐུ་དང་། གསུང་དང་། ཐུགས་ཀྱིའོ།། ཆེར་འཕེལ་བ་ནི་བཅུ་མན་ཆད་དོ།། གསལ་བ་ནི་ཤེས་བྱ་ཐམས་ཅད་མངོན ་སུམ་དུ་སྣང་བའོ།། རྫོགས་པ་ནི་སངས་རྒྱས་ཀྱི་སར་རོ།། ཉེས་པའི་མུན་པ་སེལ་བར་མཛད་པ་ནི་གདུལ་བྱའི་མ་རིག་པ་སེལ་བའོ།། གཅིག་པུ་ནི་ཞིང་གཅིག་ཏུ་སངས་རྒྱས་གཉིས་མི་འབྱུང་བའོ།། དེ་ཅིའི་ཕྱིར་ཞེ་ན། ་འགྲན་ཟླ་མེད་པའི་ལས་བསགས་པ་དང་། གདུལ་བྱ་རྣམས་སྟོན་པ་བླང་དྲོར་ལྡོག་པ་དང་། བྱ་དག་འདྲེན་པ་མེད་པ་རྣམས་ཀྱི་འདྲན་པ་བྱེད་པར་གྱུར་ཅིག། ཅེས་སྨོན་པ་གྲུབ་པའི་ཕྱིར་རོ།། དེ་སྐད་དུ་ཡང་ལྷན་ཅིག་གཉིས ་མིན་སངས་རྒྱས་བཞིན་ཞེས་བཤད་དོ།། ཡིད་དུ་འོང་བ་ནི་སྐུ་བྱད་ལྟ་བས་ཆོག་མི་ཤེས་པའི་ཕྱིར་རོ།། དེ་སྐད་དུ་ཉེ་བར་ཞི་ལ་ཡིད་དུ་འོང་།། འབར་ལ་གནོད་པ་མཛད་མཱི་མངའ།། དུལ་ལཱ་རྔ་མོ་བརྗིད་ཆེ་བ་ཡཱི།། སྐུ་འདིས་སུ་ཞིག ་ད་མི་མཛད།། ཁྱོད་ཀྱིས་སྐུ་ནི་གང་གིས་ནི།། ལན་བརྒྱར་མཐོ་ང་དྲང་གང་ཞིག་གིས།། དང་པོ་མཐོང་བ་དེ་གཉིས་ཀ། འདྲ་བར་མི་ནི་མགུ་བར་མཛད།། ཁྱོད་ཀྱི་སྐུ་ནི་མཛེས་པའི་ཕྱིར།། ལྟེ་བྱས་མི་ངོམས་རང་བཞིན་བས། ་མཐོང་ངོ་ཅོག་ནི་ཕྱི་ཕྱིར་ཞིང་།། དགའ་བ་སྐྱེད་པར་མཛད་པ་ལགས་ཞེས་བཤད་པ་ལྟ་བུའོ།། འཇིག་རྟེན་ནི་ཁམས་གསུམ་མོ།། ཕན་པར་བརྩོན་པ་ནི་དེ་དག་སྡུག་བསྔལ་རྒྱུ་དང་བཅས་པཾ་ལས་བཟློག་ནས།། བདེ་བ་རྒྱུ་དང ་བཅས་པ་ལ་དགོད་པོས་ན་ལེ་ལོ་མེད་པའོ།། བསལ་བ་བྱུང་བ་ནི་དེ་སྐད་དུ་ཡང་།། ཁྱོད་ཐོས་པས་ནི་སྤྲོ་བ་སྐྱེ།། མཐོང་བས་དད་པ་སྐྱེ་བར་འགྱུར།། ཁྱོད་གསུང་ཐོས་པ་ས་དགའ་འགྱུར་ཏེ། བསྟན་པས་རྣམ་པར ་གྲོལ་བར་མཛད་ཅེས་པ་དང་། བསྒྲགས་པས་སྡིག་པ་འཕྲོག་པར་མཛད།། ཁྱོད་དྲན་པས་ནི་རངས་པར་འགྱུར།། བཙལ་བས་བློ་གྲོས་སྐྱེ་འགྱུར་ཏེ།། ཡོངསུ་ཤེས་པས་རྣམ་པར་འདག། ཁྱོད་ལ ་བསུ་བས་དཔལ་དུ་བྱེད།། བསྟེན་པས་བློ་གྲོས་མཆོག་དུ་འགྱུར།། བརྟེན་ན་འཇིགས་པ་མེད་པར་མཛད།། བསྙེན་བཀུར་བགྱིས་པས་བདེ་བར་འགྱུར་ཞེས་བཤད་པ་ལྟ་བུའོ།། དེ་ཤར་བ་ནི་སངས་རྒྱས་འཇིག་རྟེན་དུ་བྱོན་པའོ།། ་བསིལ་བར་མཛད་པ་ནི་གདུལ་བྱ་རྣམས་ཀྱི་མེ་གསུམ་ཞི་བར་མཛད་པ་སྟེ། དེ་སྐད་དུ་ཡང་། རེ་ཞིག་དྲང་པོར་ཁྱོད་ཀྱི་གསུང་། ཉན་པ་རྣམས་ཀྱི་ཡིད་འཕྲོག་མཛད།། དེ་ནས་ཡིད་ལ་བསམས་བཞིན་ནས།། ཆགས་དང་གཏི་མུག ་རྣམས་ཀྱང་སེལ་ཞེས་བཤད་པ་ལྟ་བུའོ།། དེ་ལྟར་སངས་རྒྱས་ལ་བསྟོད་ནས།། ཆོས་ལ་བསྟོད་པའི་ཉེས་པའི་འཇོམས་པ་ནི།། བསྟན་པ་ཞེས་ཚིགསུ་བཅད་པ་གཅིག་གོ། རིན་ཆེན་མཆོག་བཻ་ཌཱུརྱ་ནི་བཟང་བ་དང་། འཕྱོན་མེད ་པ་དང་། མཆིང་བུ་རྣམ་པར་དག་པ་དང་། ཀླུའི་གཙུག་གི་རྒྱན་དུ་གྱུར་པ་དང་། ཀླུའི་གནས་འོག་གི་མུན་པ་རབ་རིབ་སེལ་བ་སྟེ། ཆོས་ལྔ་དང་ལྡན་པ་དེ་བཞིན་དུ་བསྟན་པ་ཡང་ངོ་།། དེ་ལ་བསྟེ་ན་པ་ནི་གཉིས་ལས་རྟོགས ་པའི་ཆོས་དང་སྦྱར་ན་བཟང་བ་ནི་ཏིང་འཛིན་ནོ།། འཕེན་མེད་པའི་ཚུལ་ཁྲིམས་ཏེ། ཇི་སྐད་དུ། རྣམ་དག་ཡོན་ཏན་བཞི་ལྡན་ནོ།། འཚལ་ཁྲིམས་དེ་རྒྱས་འཕེན་མ་བྱུང་།། དེ་ཡི་གཉེན་པོ་ཞི་ལ་བརྟེན་ཞེས་བཤད་པ་ལྟ་བུའོ།། རྣམ་པར ་དག་པ་ནི་ཤེས་རབ་བོ།། ལུང་གི་ཆོས་དང་སྦྱར་ན་མདོ་སྡེ་དང་། འདུལ་བ་དང་། མངོན་པ་སྟེ་གོ་རིམས་བཞིན་ནོ།། ཆེན་པོ་ནི་རིགས་ཙཱ་ནཱ་གསུམ་མོ།། མནོས་པ་ནི་ཐོས་པ་ལ་སོགས་པ་བྱེད་པའོ།། སའི་གཏིང་ན་གནས་པ ་ནི་བསམ་གཏན་དགུ་ན་སྤྱོད་པ་རྣམས་ཀྱི་ཡིད་ལ་གནས་པའོ།། རབ་རིང་ནི་མི་ཤེས་པ་གཉིས་པའོ།། ལེགས་པར་སྒྲུབ་པ་ནི། ཆོས་ཀྱི་སྤྲིན་དོ་ཞེས་ཚིག་སུ་བཅད་པ་གཅིག་གོ། ཆར་སྦྱིན་ནི་ན་མཁའ་ལ་གཡོས་པ་དང་། ཆར ་གྱི་རྒྱུར་གྱུར་པ་དང་། ཆར་ཆུ་དེ་ཡང་རོ་གཅིག་པ་དང་། ཚ་བའི་གདུང་བ་སེལ་བ་དང་། སྣོད་ཀྱི་དབང་གིས་རོ་དུ་མར་འགྱུར་པ་སྟེ། ཆོས་ལྔ་དང་ལྡན་པ་བཞིན་དུ་བསྟན་པ་ཡང་ངོ་།། ཕན་པ་མཛད་པ་ནི་སྔ་མ་ལྟར་རོ།། མྱ་ངན་ནི ་འཁོར་བའོ།། འདས་པ་ནི་དེ་ལས་བརྒལ་བར་རོ།། མཆོག་ནི་ངེས་པ་དོན་དམ་པར་དག་པ་ཡིན་པའི་ཕྱིར་རམ། འདུས་མ་བྱས་པའི་ཕྱིར་རོ།། དེའི་རྒྱུ་ནི་དེས་དེ་མ་ཐོབ་པ་ཐོབ་པར་བྱེད་པའོ།། རོ་གཅིག་པ་ནི་ཆོས་ཐམས་ཅད ་བདག་མེད་པ། ཐ་མི་དད་པའོ།། ཡང་ན་ཐེག་པ་གཅིག་དུ་ཐ་མི་དད་པ་སྟེ། ཇི་སྐད་དུ། ཤཱ་རིའི་བུ་ངོ་ལ་དད་པར་གྱིས་ཤིག། ངེས་པར་ཟུངས་ཤིག། ཤཱ་རིའི་བུ་དེ་བཞིན་གཤེགས་པ་ལཱ་ནི་རྫུན་གསུང་བ་མྱི་མངའོ།། ཤཱ ་རིའི་བུ་ཐེག་པ་ནི་འདི་གཅིག་པུ་ཁོ་ནར་ཟད་དེ། འདི་ལྟ་སྟེ། སངས་རྒྱས་ཀྱི་ཐེག་པའོ་ཞེས་གསུངས་པ་ལྟ་བུའོ།། གདུང་བ་སེལ་བ་ནི་སྡུག་བསྔལ་དང་ཉོན་མོངས་པ་སྤོང་བའོ།། སྣོད་ནི་ཉན་པ་པོའི་དབང་པོ་ཐ་དད་པ་འམ། ་རིགས་ཐ་དད་པའོ།། རོ་རྣམས་དུ་མར་འགྱུར་བ་ནི་ཐེག་པ་གཉིས་སམ། གསུམ་མམ། བཞིར་འགྱུར་བའོ།། དེ་སྐད་དུ་ཡང་། ལྷ་ཡི་ཐེག་དང་ཚངས་པའི་ཐེག། བདེ་བར་གཤེགས་ཉན་ཐོས་རང་རྒྱལ ་གྱི་རྣ་ཐེག་པ་ཐ་དད་ངས་བཤད་དོ་ཞེས་གསུངས་པ་ལྟ་བུའོ།། འོ་ན་སྔར་རོ་གཅིག་ཏུ་ཅེས་ཐེག་པ་གཅིག་ཏུ་བཤད་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། གོ་རིམས་བཞིན་དུ་ངེས་པའི་དོན་དང་། དྲང་བའི་དོན་གྱིས་དབང་དུ་བྱས ་པའི་ཕྱིར་རོ།། དེ་ལྟར་ཆོས་ལ་བསྟོད་ནས། དགེ་འདུན་ལ་བསྟོད་པའི་བསམ་པ་ཕུན་སུམ་ཚོགས་པ་ལ་བསྟོད་པ་ནི། སྣོད་ཡངས་ཞེས་རྐང་པ་ཕྱེད་དང་གཉིས་སོ།། རྒྱ་མཚོ་ཆེན་པོ་ནི་འབབ་ཆུའི་སྣོད་དུ་གྱུར་པ་དང་། རྒྱ་ཆེ་བ་དང་། ཟབ་པ ་དང་དྲྀ་མ་མེད་པ་དང་། བླ་འོག་གསལ་བ་དང་། གྲུ་གཟིངས་ལ་སོགས་པ་འདེབས་པ་ན་ཁུར་བཟོད་པ་དང་། ཁྲུས་དང་བཏུང་བ་ལ་སོགས་པ་ཉེ་བར་སྤྱད་པ་དང་། ཉ་དང་རུས་སྦལ་ལ་སོགས་པའི་གནས་སུ་གྱུར་པ་སྟེ། ཆོས་བརྒྱད ་དང་ལྡན་པ་བཞིན་དུ་དགེ་འདུན་རྣམས་ཀྱང་ངོ་།། དེ་ལ་དགེ་འདུན་ནི་རྒྱུད་ཡོན་ཏན་གྱི་སྣོད་དུ་གྱུར་པ་དང་། ཡངས་པའི་བསྡམ་པ་ནི་ཚད་མེད་པ་བཞི་ཡིད་ལྔ་བྱེད་པ་སྟེ། སེམས་ཅན་ཐམས་ཅད་ལ་དམིགས་པའི་ཕྱིརརོ།། ཟབ་པའི ་བསམ་པ་ནི་བདག་མེད་པ་གཉིས་ཡིད་ལ་བྱེད་པ་སྟེ་གཏིང་དཔ་ག་དཀའ་བའི་ཕྱིར་རོ།། དྲི་མ་མེད་པའི་བསམ་པ་ནི་དྲི་མ་དྲུག་དང་བྲལ་བའི་ཕྱིར་རོ།། ཇི་སྐད་དུ། གཞན་ཡང་ཉོན་མོངས་དྲི་མ་དྲུག། སྒྱུ་དང་གཡོ་དང་རྒྱགས ་པ་དང་། དེ་བཞིན་འཚིག་དང་ཁོ་ན་འཛིན་དང་།། རྣམ་འཚེའོ་ཞེས་བཤད་པ་ལྟ་བུའོ།། གསལ་བའི་བསམ་པ་ནི་ཉོན་མོངས་པའི་མུན་པ་སེལ་བའི་ཕྱིར་རོ།། སྦྱོར་བ་ཕུན་སུམ་ཚོགས་པ་ནི་ཁུར་ཀུན་བཟོད་པ་ཞེས་རྐང་པ་ཕྱེད་དང ་གསུམ་མོ།། དེ་ལ་ཁུར་བཟོད་པ་ནི་གཞན་གྱི་དོན་བྱེད་པ་ན་སྐྱོབ་མེད་པའོ།། དེ་སྐད་དུ་ཡང་། དཔེར་ན་རབ་དུལ་སྟོབས་ལྡན་གླང་པོ་ཆེ།། ཁྱ་ལ་རྣམས་ཁྱེར་ཀྱང་སྐྱོ་བར་འགྱུར་བ་མེད།། དེ་བཞིན་བྱང་ཆུབ་སེམས་དཔའ་རབ་དུལ ་བ། སེམས་ཅན་ཁུར་གྱིས་སྐྱོ་བར་འགྱུར་པ་མེད།། ཅེས་པ་དང་། ཡང་སེམས་ཅན་ཁུར་ཆེན་མགོ་ལ་ཁྱེར་བ་ཡིས།། སེམས་པ་མཆོག་ནི་དལ་གྱིས་འགྲོ་མི་མཛེས།། བདག་གཞན་འཆིང་པ་སྣ་ཚོགས་རབ་བཅིངས་པས ་བརྩོན་པ་བརྒྱ་འགྱུར་གྱིས་ནི་བྱ་བར་རིགས།། ཞེས་བཤད་པ་ལྟ་བུའོ།། སྐྱེ་བོ་ཀུན་གྱི་དགེ་འདུན་ལ་ལེགས་པར་སྒྲུབ་པ་ཐམས་ཅད་དོ།། ཉེ་བར་སྤྱད་བྱ་ནི་མཐོ་རིས་དང་ཐར་པའོ།། དེ་གནས་པ་ནི་དེ་ཐོབ་པའི་རྟེན་བྱེད་པའོ།། ། ་འོ་ན་དགེ་འདུན་ནི་འགྲོ་བ་གཞོན་གྱི་རྟེན་ཅན་ཡང་མ་ཡིན་ནམ། མིའི་གཟུགས་ཅན་ཁོ་ནར་བརྗོད་པ་ཇི་ལྟ་བུ་ཞེ་ན། ཕལ་ཆེ་བའི་ཕྱིར་རོ།། དེ་ལྟར་མཆོད་པར་བརྗོད་ནས། གདམས་དག་བརྗོད་པའི་དམ་པའི་ཆོས་མི་འཛིན་པའི ་ཉེས་པ་ནི། གང་དག་ཅེས་ཚིགསུ་བཅད་པ་གཅིག་གོ། བསྟན་པ་འདིར་མི་འཇུག་པ་གང་དག་སྐྱེ་བ་ནི་མངལ་ལ་སོགས་པོ་འབྱུང་བའོ།། གོ་བཞིན་མོད་གྱུར་བའོ།། ཤིང་ནི་སྲོག་གྱུར་བའོ།། བདུད་རྩི་ནི་དམ་པའི་ཆོས་སོ།། དེ་ཐོས་པས་ཐོབ་པའོ། ་མྱི་བྱེད། བསམ་པས་མི་སྤྱོད། སྒོམ་པས་འཛིན་པར་མི་བྱེད་པའོ།། ཡང་ན་བསླབ་པ་གསུམ་དང་རིམ་པ་བཞིན་ནོ།། ཡང་ན་དགའ་བུ་གླུ་སུམ་དྲུང་སྦྱར་རོ།། ཡང་ན་ཐེག་པ་གསུམ ་དང་ངོ་།། དེ་ལ་ཉེས་པ་ཅི་ཡོད་ཅེ་ན། དེ་དག་ཉེས་མང་ཞེས་རྐང་པ་གཉིས་སོ།། གཟུང་ནས་བཏང་བའི་ཉེས་པ་ནི་འགྲོ་བ་ཀུན་གྱི་ཞེས་ཚིགསུ་བཅད་པ་གཅིག་གོ།། མིག་ནི་ཆོས་ཏེ། ལམ་དང་ལམ་མ་ཡིན ་པ་མཐོང་བར་བྱེད་པའི་ཕྱི་རོ།། དྲི་མ་མེད་པའི་ལུང་ནི་དྲི་མ་མེད་པའི་བརྗོད་བྱེད་ཡིན་ལ། རྟོགས་པ་ནི་དེའི་རྒྱུ་ཡིན་པའི་ཕྱིར་རོ།། ས་གསུམ་ནི་ཁམས་གསུམ་མོ།། གཟུང་ནས་མ་བཏང་བའི་ཕན་ཡོན་ནེ། བྱང་ཆུབ་ཅེས་རྐང་པ་བཞིའོ།། ་བསླབ་པའི་གཞི་བཅས་པ་ནཱི། སྒྲུབ་པ་དང་སྦྱང་བར་ཁས་བླང་སྣ་པྲ་རྣམས་སོ།། རྐང་ཚུགས་སྟོན་པ་ནི་ཁས་བླངས་པ་རྣམས་མི་ཉམས་པར་བྱེད་པའོ།། གོ་འཕང་ཆེན་པོ་ནི་མཐོ་རིས་སོ།། གོ་འཕང་ཐོབ་པ་ནི་ཐར་པའོ།། ་སུ་གཉུག་མྱུར་ལྷུང་བ་ནི་མི་ཁོམ་པར་སྐྱེ་བའོ།། ཚུལ་ཁྲིམས་ནི་སྲིད་པའི་རྒྱ་མཚོ་ལུས་བརྒལ་བའི་རྟེན་བྱེད་པའི་གཟིངས་སུ་གྱུར་པའོ།། ལོག་ཏུ་འོངས་པ་ནི་དེ་ཐོབ་པའོ།། སྤོང་བ་ནི་དེ་དག་སྟོང་པའམ་ཉམས་པའི ་བྱེད་པའོ།། སྤོང་མདོ་ཉེས་པ་ཅིར་འགྱུར་ཞེ་ན། འཕགས་པའི་ཞེས་རྐང་པ་གཉིས་སོ།། གཡང་ས་ནི་ངན་འགྲོར་འགྲོ་བ་སྟེ། བདེ་འགྲོ་ནས་ཐུར་དུ་རིང་དུ་ལྷུང་བའི་ཕྱིར་རོ།། དེ་སྐད་དུ་ཡང་། འདི་འོག་སྟོང་ཕྲག ་ཉི་ཤུ་ན།། མནར་མེད་པའོ་དེ་ཙམ་མོ་ཞེས་པ་དང་། ཡང་དཔག་ཚད་སྟོང་དུ་ལྷུང་བ་ཡི།། ཡུན་རིངས་གཡང་ས་སྨོས་ཅི་དགོས།། ཞེས་བཤད་པ་ལྟ་བུའོ།། ལྡང་བར་བརྩོན་པ་ནི་གཡང་ས་དང་། མུན་པ་ནས ་ཐར་པར་འདོད་པའོ།། ཚུལ་ཁྲིམས་ལ་སོགས་པའི་ཡོན་ཏན་རྒྱུན་མི་འཆད་པ་ར་མཉུག་མའམ། ནཱར་མར་བརྟེན་པར་བྱ་བའི་འདྲེན་པ་སྟེ། སྦྱང་ཐག་གམ་ཞགས་པ་ལྟ་བུའོ།། བར་མ་དོར་འདོར་བ་ནི་དེ་སྤོང་བ ་དོར་མོད་ཉེས་པ་ཅཅིར་འགྱུར་ཞེ་ན། དེ་དག་ཅེས་རྐང་པ་གཅིག་གོ།། ལམ་དྲི་ལྟར་བསྒྲུབ་པའི་ཐབས་སྟོན་པ་ན་ཚུལ་བཞིན་ཡིད་ལ་བྱེད་པ་ལ་ནི། གང་དག་ཅེས་ཚིགསུ་བཅད་པ་གཅིག་གོ།། ཐར་པ་ཚོལ ་བ་གང་དག་གཅིག་པུར་གནས་སམ། འང་གི་སྒྲས་མང་པོའི་ཚོགས་ན་གནས་ཀྱང་རུང་། ཡི་ད་ཀྱིས་རབ་རྟགས་ནི་འདི་སྙམ་དུ་བདག་གིས་སྒོ་གསུམ་ལས་གསུམ་པོ་གང་ལ་འཇུག་སྙམ་དུ་སྤྱོད་པའོ།། དེ ་ལྟར་སྤྱད་པས་སྒོ་གསུམ་དགེ་བ་ལ་འཇུག་ན་དེ་ལ་སྦྱོར་ཞིང་གྲཉིས་ལ་འཇུག་ན་དྭེ་དག་ལ་བཟློག་པར་བྱའོ།། ཞེས་སྟོན་པ་ན། ཡང་དག་ལུས་དང་ཞེས་རྐང་པ་གཅིག་གོ།། ཡང་དག་པའི་ལམ་ནི་དག་བའོ།། ལྷན ་ཅིག་ནི་ཡུལ་དང་དུས་ཀུན་ཏུའོ།། མཉམ་པར་འགྲོ་གས་པ་ནི་དེ་ལུས་དང་སྲོག་གི་ཕྱིར་ཡང་མི་འདོར་བའོ།། ཡང་ན་དེ་ལ་མཚུངས་པར་སློབ་པའོ།། དེས་ཕན་ཡོན་ཅི་ཐོབ་ཅེ་ན། ས་སྟེང་ཞེས་རྐང་པ་གཉིས་པའོ།། ་ས་སྟེངས་དཀྱིལཱ་ན་སྠཱ་མི་རྣམས་ཀྱི་དབུས་ནའོ།། གཙོ་བོར་གྱུར་པ་ནི་དག་བྱ་སྒྲུབ་པའོ།། དམ་པ་ནི་མི་དགེ་བ་སྤོང་བའོ།། ཡང་ན་ཚུལ་ཁྲིམས་ནི་མྦྷ་བྷྱོ་བ་བ་ཐོབ་པར་བྱེད་པ་དང་། ཐོབ་པ་མི་ཉམས་པར ་བྱེད་པ་སྟེ། ཚིག་གཉིས་དང་རིམ་པ་བཞིན་ནོ།། སློབ་མ་མཆོག་ནི་དེ་ལེན་པའོ།། བླ་མ་ནི་དེ་སྦྱིན་པའོ།། བཀུར་པ་ཉིད་དུ་འགྱུར་ཏེ། དེས་དེ་ལ་སྒྲུབ་པའི་མཆོད་པ་ཕུལ་བའི་ཕྱིར་རོ།། ངོ་ཚ་ཤེས་པ་ནི་ངོ་ཚ་ཞེས་ཚིགསུ་བཅད་པ ་གཅིག་གོ། དཔེར་ན་མ་ནི་བུའི་ལུས་བསྐྱེད་པ་དང་། རིགས་བཙུན་པ་དང་། བུ་ལ་གཡོ་མི་བྱེད་པ་དང་། བུ་ལ་བྱམས་པ་དང་། བུའི་རྗེ་སུ་འབྲངས་པ་དང་། བུ་ལ་བདེན་པོར་སྨྲ་བ་དང་། བུ་ལ་གཞུད་ལུགས་ཆེ་བ་དང་། བུ ་སྐྱོང་བ་ལ་དགའ་བ་དང་། བྲན་མོ་ལ་སོགས་པ་ཟིལ་གྱིས་གནོན་པའི་གཟི་བརྗིད་ཆེ་བ་དང་། རང་གི་སྲོག་གཏོང་གི་བུ་མི་གཏོང་བ་སྟེ། ཆོས་བཅུ་དང་ལྡན་པ་བཞིན་དུ་ངོ་ཚ་ཤེས་པ་ཡང་ངོ་།། ངོ་ཚ་ཤེས་པ་རྣམས་ནི་རང་གི ་སྲེག་བདེ་བླག་དུ་གཏོང་བར་བྱེད་ཀྱི། དམ་བཅས་པའི་བསླབ་པ་རྣམས་མི་གཏོང་བ་ཡིན་ཏེ། མདོ་ལས་དགེ་ཚུལ་ཕ་ལ་བུ་མོས་གསོལ་བ་བཏབ་པ་ན་ཚུལ་ཁྲིམས་ཀྱི་དོན་དུ་རང་གི་སྲོག་དོར་བའི་གཏམ་རྒྱ་ཆེར་གསུངས་པ ་ལྟེ་བུའོ།། ཁྲེལ་ཡོད་པ་ནི་རྀ་ཤིག་ཞེས་ཚིགསུ་བཅད་པ་གཅིག་གོ། དམ་བཅའ་བ་བཏང་མོདདོ་ཉེས་པ་ཅིར་འགྱུར་ཞེ་ན། རེ་ཞིག་སྐྱེ་བོ་ཀུན་གྱི་དཔྱས་དང་ཞེས་སྨོས་ཏེ། མཛའ་བ་དང་མི་མཛའ་བ་དང་། བར་མ་ཐམས་ཅད ་ཀྱིས་ཉེས་པ་སྒྲོགས་པའམ། སྡིག་པའི་འགྲོ་བ་ནི་ངན་སོང་རྣམས་ཏེ་དེ་དག་ནི་མྱི་དགེ་བ་ལས་སྐྱེས་པའི་ཕྱིར་རོ།། རུང་བཞིན་རྣལ་མ་བོར་བ་ནི་སྔོན་གྱིས་གྲལ་སོ་དང་ཆོས་དང་ཟང་ཟིང་གཱི་ལོངས་སྤྱོད་ལས་ཉམས་པའོ།། མཁས ་ལ་ས་སྟེང་ནི་ཚུལ་ཁྲིམས་ཉམས་པ་དེ་ཁོ་ན་སྡུག་བསྔལ་ཆེའི།། དེ་ལས་མ་གཏོགས་པའི་སྡུག་བསྔལ་གཞན་ཅི་ཡོད།། ལམ་མི་སྒྲུབ་པའི་ཉེས་པ་སྟོན་པའི་སྲེད་པས་སླུ་བར་འགྱུར་བྱ་ནི། གང་ཞིག་མེས་ཚིགསུ་བཅད་པ ་གཅིག་གོ།། ཆོས་ཀྱི་ལམ་ནི་ཐེག་པ་གསུམ་སྟེ། རིགས་ཅན་གསུམ་གྱིས་བགྲོད་པར་བྱ་བའི་ཕྱིར་རོ།། རྒྱ་ཆེན་པོ་ནི་ཕྱན་ཡོན་ཤིན་ཏུ་རྒྱ་ཆེ་བའོ།། ཡང་ན་ཐེག་པ་ཆེན་པོའོ།། དོར་མདོ་ཉེས་པ་ཅིར་འགྱུར་ཞེ་ན། འཁོར ་བའི་རྒྱ་མཚོ་ཞེས་རྐང་པ་གཉིས་སོ།། གར་མཁན་གྱི་ལུས་ཀྱི་བྱེད་པ་མི་རྟག་པ་དང་འདྲ་བར་རོ།། དགའ་བ་ནི་རྗེ་སུ་ཆགས་པའོ།། བསླུས་པ་ནི་མཐོ་རཱིས་དང་ཐར་པ་ལས་ཉམས་པའོ།། འཁོར་བར་འཁྱམས་པར་འགྱུར་པ་ནི། གང ་ཞིག་འཁོར་བྱའི་ཞེས་ཚིགསུ་བཅད་པ་གཅིག་གོ།། རྟག་ཏུ་འགྱུར་པ་ནི་འགྲོ་བ་གཅིག་ནས་གཅིག་ཏུ་འཕོ་བའོ།། བསྟི་བ་ཙམ་ནི་འདོད་པའི་ཡུལ་ལྔ་ཐོབ་པའོ།། མཉམ་པ་ནི་ལྷ་དང་མི་རྣམས་སོ།། མི་མཉམ་པ་ནི་ངན ་འགྲོ་རྣམས་སོ།། འཁྱམས་མེད་ཉེས་པ་ཅིར་འགྱུར་ཞེ་ན། སྡུག་བསྔལ་གྱིས་གཟིར་པར་འགྱུར་ཞེས་སྟོན་པ་ན། ཐོག་མར་མིའི་དབང་དུ་བྱས་ནས་མངལ་གྱི་སྡུག་བསྔལ་ནི། ཤིན་ཏུ་མི་བཟད་ཅེས་ཚིགསུ་བཅད་པ་གཅིག ་གོད་སྐྱེ་བའི་སྡུག་བསྔལ་སྟོན་པའི་ཤིན་ཏུ་དོགས་པ་ནི།། དྭེ་ནི་ད་ཞེས་རྐང་པ་གཉིས་སོ།། སྲོག་ཡང་བ་ནཱི། འོན་ཀྱང་ཞེས་པ་རྐང་པ་གཉིས་སོ།། མི་གཙང་བས་གཟིར་བ་ནི་མི་གཙང་ཞེས་རྐང་པ ་གཉིས་སོ།། ལུས་དང་སེམས་ཉམས་པར་འགྱུར་པ་ནི་གནོད་པ་ཞེས་རྐང་པ་གཉིས་སོ།། སྔོན་གྱི་དྲན་པ་སྤོང་བ་ནི་མངལ་གྱི་སྡུག་བསྔལ་རྣམས་བརྗེད་པའོ།། བྱིས་པའི་སྡུག་བསྔལ་ནི་ལུས་ཞེས་རྐང་པ་གཉིས་སོ།། ་ཉེ་བར་སྤྱོད་པ་ཀུན་ལ་མི་འབོངས་པ་ནི་དེས་སྒོ་གསུམ་གྱི་ལས་ཡོངསུ་རྫོགས་པར་མི་ནུས་པའོ།། དར་ལྷ་བབ་པའི་སྡུག་བསྔལ་སྟོན་པའི་སྦྱོར་བ་ཉམས་པ་ནི་དར་ལ་བབ་ཅེས་རྐང་པ་གཉིས་སོ།། སྦྲུལ་གདུག་ནི་འདོད ་ཆགས་ལོ་སོགས་པའོ།། གནས་གྱུར་ནི་རྟེན་བྱེད་པའོ།། མུ་ནི་མཐའ་སྟེ་འདོད་པ་ལྔའོ།། བག་རྐྱོང་བ་ནི་ངོ་ཚ་བ་དང་འཇིགས་པ་མེད་པའོ།། སྤྱོད་མོད་ཉེས་པ་ཅིར་འགྱུར་ཞེ་ན། བསམ་པ་ཉམས་པ་ནི། བསམ་བརླག ་ཅེས་ཚིགསུ་བཅད་པ་གཅིག་གོ། དགེ་བའི་བསམ་པ་བརླག་པ་དེ་ནི་སཾ་དར་ལ་བབ་པ་དེ་ནས་ཀྱང་རྐྱང་རྒན་པར་ལྷུང་ངོ་།། མི་གཅིག་དཔྱོད་པ་མི་འདོར་བ་ནི་སྒོ་གསུམ་མ་ཞི་བར་སྤྱོད་པའོ།། དེ་མི་འདོར་བ་ཅིའི་ཕྱིར་ཞེ་ན།། ་རྒ་ཤི་མེད་པར་ལྟ་བའི་ཕྱིར་ཞེས་སྟོན་པ་ནི། བྱིས་པ་བདག་ལུས་ཞེས་རྐང་པ་གཉིས་སོ།། ལམ་ལས་ཉམས་པ་ནི། རྨོངས་པ་ཞེས་ཚིགས་སུ་བཅད་པ་གཅིག་གོ། དེ་ལྟར་སེམས་པ་མེད་ན་ཉེས་པ་ཅིར་འགྱུར་ཞེ་ན། ་རྨོངས་པ་ཞེས་སྨོས་ཏེ། བླང་བྱ་དང་དོར་བྱ་མི་ཤེས་པའོ།། ལམ་བཟང་ནི་སྦྱིན་པ་ལ་སོགས་པ་སྟེ། འབྲས་བུ་ཡིད་དུ་འོང་བྱ་འབྱིན་པའི་ཕྱིར་རོ།། ལམ་མིན་ནི་མི་དགེ་བ་སྲོག་གཅོད་པ་ལ་སོགས་པ་སྟེ། འབྲས་བུ་ཡིད ་དུ་མི་འོང་བ་འབྱིན་པའི་ཕྱིར་རོ།། བབ་དགུ་ནི་རྩཝ་ཤིང་ལ་སོགས་པ་གླང་པོའི་ལམ་དུ་བབ་པ་ཐམས་ཅད་ཕྱེ་མར་རློག་ཅིང་འགྲོ་བ་བཞིན་དུ་མཐོ་རིས་དང་ཐར་པ་ཕྱེ་མྱུར་རློག་ཅིང་ངན་སོང་འཁོར་བར་འགྲོ་བའོ།། རྒ་བའི་སྡུག ་བསྔལ་སྟོན་པའི་དགའ་བོས་ལུས་དབང་སྒྱུར་བ་ནི། དེ་ནས་དེ་ནི་ཞེས་ཚིགས་སུ་བཅད་པ་གཅིག་གོ།། དར་ལ་བབ་པ་ནི་དེ་ནས་མི་གཙིགས་པ་དེ་ནིའོ།། དགེ་བོའི་ཆོས་འགྲིབ་པར་འགྱུར་པ་ནི། འོན་ཀྱང་ཞེས་རྐང་པ་གཉིས ་སོ།། མཱི་དགེ་བ་འཕེལ་བར་འགྱུར་བ་ནི། རྨོངས་པ་ཞེས་རྐང་པ་གཉིས་སོ།། རང་གིས་ཕུན་སུམ་ཚོགས་པ་ཉམས་པར་འགྱུར་པ་སྟོན་པ་ན་སྒྲ་ཉམས་པ་ནི་དེ་ནས་དེ་ནི་ཞེས་ཚིགསུ་བཅད་པ་གཅིག་གོ། དགོད་པ་བཞིན་དུ ་ཞེས་པ་ནི་སྐྱེ་བོ་རྣམས་དགོད་པའི་ཚེ་སོ་དཀར་པོ་སྣང་བ་བཞིན་དུ་རྒས་པས་སྐྲ་དཀར་པོ་སྣང་བྱའོ།། ལུས་དང་བསམ་པ་ཉམས་པ་ནི་དེ་ནས་དེའི་ལྷ་ཚིགས་ཞེས་ཚིགསུ་བཅད་པ་གཅིག་གོ། བློ་བསླད་པ་ནི་སེམས་འཁྲུགས ་ཤིང་དྲན་པ་ཉམས་པའོ།། འགྲོ་བ་ཉམས་པ་ནི་ཡུལ་ནས་གཞན་དུ་འགྲོ་བ་ན་མཁར་བ་འམ་བཞོན་པ་མེད་ན་འགྲོ་མི་ནུས་པའོ།། དེ་སྐད་དུ་ཡང་། ཁ་ལོ་སྒྱུར་བ་མི་རིད་ཉམ་ཆུང་ཞིང་། ཤ་ཁྲག་བསྐམས་ཤིང་རྒྱུ་ལྤགས་ཉི་ཚེས ་དཀྲིས། མཱ་གོ་དཀར་ས་རྒལ་ལུས་ནི་རབ་སྐེམ་ལ།། མཁར་བར་བརྟེན་ཅིང་མི་བདེ་ཁྱོགས་འགྲོ་སུ་ཞེས་གསུངས་སོ།། དེངས་པ་ནི་མདངས་ཡལ་བའོ།། ཤིག་ཤིག་པོ་ནི་ཚིགས་རྣམས་འཁྲུལ་པའོ།། ་དབང་པོ་ཉམས་པ་ནི་དབང་པོ་ཞེས་རྐང་པ་གཅིག་གོ། འདོད་པ་བརྟེན་པ་ཉམས་པ་ནི། ཡུལ་ལ་ཞེས་རྐང་པ་གཅིག་གོ། འཇིགས་པ་བསྐྱེད་པ་ནི། གནས་སྐབས་ཞེས་རྐང་པ་གཉིས་སོ།། རྒ་བའི་གནས་སྐབས་གང་དུ ་དར་ལ་ཁྱབ་པ་འདི་འགྲོ་བར་འགྱུར་བའོ།། འཆི་བའི་སྡུག་བསྔལ་སྟོན་པ་ན་འགྱོད་པའི་སྡུག་བསྔལ་བ་ནི།། བདག་གིས་ཞེས་ཚིགསུ་བཅད་པ་གཅིག་གོ། འདི་མ་བྱས་པ་ནི་དགེ་བ་མ་བྱས་པའོ།། དེ་ལ་བྱས་པ་ནི་སྡིག་པ་དེ ་སྤྱད་པའོ།། འགྲོ་བ་ཉམས་པ་ནི་བདེ་འགྲོ་ནས་ལྷུང་བའོ།། འཕྲིགས་པར་མ་གྱུར་པ་ནི་དེ་ལྟར་མ་ཤེས་པའོ།། མྱ་ངན་གྱི་སྡུག་བསྔལ་བ་ནི་མྱ་ངན་ཞེས་ཚིགསུ་བཅད་པ་གཅིག་གོ། རྡོ་རྗེ་བསྣུན་པས་ལུས་ལ་གནོད་པ་ད་ལྟ ་བུར་སྐྱ་མྱ་ངན་སྐྱེ་བས་སེམས་ལ་གནོད་པའོ།། གནད་གཅོད་པས་སྡུག་བསྔལ་བ་ནི། གནད་ཀྱིས་ཤིས་སུ་ཞེས་པའི་ཚིགསུ་བཅད་པ་གཅིག་གོ།། ཟས་དང་གོས་ལ་སོགས་པས་བ་དེ་བ་ལྷུར་བྱས་ནས་བཀྲེས་སྐོམ ་དང་ཚེ་གྲངས་ལ་སོགས་པ་བསྲུང་བར་བྱས་པའོ།། ཡིད་དུ་འོང་བ་ནི་གཅེས་ཕངས་སུ་འཛིན་པའོ།། འདྲིས་པ་ནི་ཐོག་མ་མེད་པ་ནས་ང་ཡི་ལུས་སྙམ་དུ་ཞེན་པའོ།། གཤིན་རྗེས་གཟུང་བས་སྡུག་བསྔལ་བ་ནི། གཤིན ་རྗེའི་ཞགས་པས་ཞེས་ཚིགསུ་བཅད་པ་གཉིས་སོ།། ཆོ་ངེས་འདེབས་ན་དེ་ཉེ་དུ་རྣམས་ཀྱིས་ཐོས་པས་གྲོགས་བྱེད་པར་འགྱུར་རོ་ཞེ་ན་དེ་ཡིས།། ཞེས་རྐང་པ་གཉིས་སོ།། གཤིན་རྗེས་གཟུང་མོད་ཉེས་པ་ཅིར་འགྱུར་ཞེ་ན།། ་དགྲོད་དཀའ་ཞེས་རྐང་པ་བཞིའོ།། དུས་ཀྱི་ཞགས་ནི་འཆི་བའི་དུས་ཀྱི་ཚེའོ།། དེ་ལྟར་མིའི་སྡུག་བསྔལ་བསྟན་ནསོ། ངན་འགྲའུ་སྡུག་བསྔལ་བསྟན་ནས། ངན་འགྲོའི་སྡུག་བསྔལ་སྟོན་པའི་ཡི་དགས་ཟླས་ལ་སྒྲིབ་པ་ཅན་གྱི ་སྡུག་བསྔལ་ནི། མི་བཟད་པ་སྐོམ་པས་ཞེས་ཚིགས་སུ་བཅད་པ་གཅིག་གོ། ཕྱིའི་སྒྲིབ་པྱ་ཅན་གྱི་སྡུག་བསྔལ་སྟོན་པའི་རི་ར་བོ་ཕྱིན་ཅི་ལོག་ཏུ་སྣང་བ་ནི།། དུས་རླབས་ཞེས་ཚིག་སུ་བཅད་པ་གཅིག་གོ། རླུང་གིས་ཆུ ་བསྐྱོད་པའི་དུས་སུ་རླབས་ཆེན་པོ་ལངས་པས་ཆུ་གྱེན་དུ་འཐོར་བས་རི་རྩེ་བསིལ་བའོ།། ཆུ་བོ་ཕྱིན་ཅི་ལོག་ཏུ་སྣང་བ་ནི། ཆུ་གཏེར་ཞོས་ཚིགས་སུ་བཅད་པ་གཅིག་གོ། ཆུ་གཏེར་ནི་རྒྱ་མཚོ་སྟེ་ཆུ་མི་བཟད་པའི་འབྱུང་གནས་སུ ་གྱུར་པའི་ཕྱིར་རོ།། ཆར་སྤྲིན་ཕྱིན་ཅི་ལོག་ཏུ་སྣང་བ་ནི། འདི་ནི་ཞེས་ཚིག་སུ་བཅད་པ་གཅིག་གོ། ཆ་གྲང་ཕྱིན་ཅི་ལྡོག་ཏུ་སྣང་བ་ནི། ཚྭ་བས་ཉེན་ལ་ཞེས་རྐང་པ་གཉིས་སོ།། དེ་ལྟར་ཕྱིན་ཅི་ལོག་ཏུ་སྣང་བའི་རྒྱུ་ནི་ཤིན་ཏུ་ཞེས ་རྐང་པ་གཉིས་སོ།། ནང་གི་སྒྲིབ་པ་ཅན་གྱི་སྡུག་བསྔལ་ནི། ཁབ་མིག་ཙམ་ཞེས་ཚིགསུ་བཅད་པ་གཅིག་གོ། དེ་ལྟར་ཡི་དགས་ཀྱི་སྡུག་བསྔལ་བརྗོད་ནས། དམྱལ་བའི་སྡུག་བསྔལ་སྟོན་པའི་ཁྱིས་འཆེ་བ་ནི་རལ་པའི ་ཞེས་ཚིགས་སུ་བཅད་པ་གཅིག་གོ།། སྤུ་གྲིས་སྨྲས་པ་ནི། སྱཱ་གྣི་ཞེས་རྐང་པ་གཉིས་སྷོ།། ཁྲོན་པར་ལྟུང་བ་ནི། རྩེ་གསུམ་ཞེས་རྐང་པ་གཉིས་སོ།། གཤིན་རྗེའི་ཁུ་བས་ཐུ་བ་ནི། དེ་བས་དེ་འཇིགས་པའོ།། ་ལོ་མའི་རལ་གྲིས་བཤད་པ་ནི་ཉིན་མཚན་ཞེས་ཚིགསུ་བཅད་པ་གཅིག་གོ། དེའི་ཚེ་དུད་མོ་ཁོ་ན་བཤེས་ཡིན་གྱི་དེ་ལས་གཞན་པའི་བཤེས་མེད་པས་དེ་བརླག་པར་གནས་སོ།། བུད་མེད་འབར་བས་འཁྱུད་པ་ནི། བུད་མེད་ཅེས ་ཚིགས་སུ་བཅད་པ་གཅིག་གོ། འཁྲིགས་པ་ནི་སྔ་མ་མ་ཤི་བར་ཕྱི་མ་སྐྱེ་བའོ།། ལུགས་གིས་འཇོམས་པ་ནི་རི་དང་ཞེས་ཚིགས་སུ་བཅད་པ་གཅིག་གོ། ཤལ་མ་ལཱིའི་གནོད་པའི་ཡར་འཇིགས་པའི་ཚེ་ཚར་མསུ་གནོད་པ་ནི ་བབུསེ་ཁྱི་ཞེས་ཚིགསུ་བཅད་པ་གཅིག་གོ། སྦྲུལ་གྱིས་གནོད་པ་ནི་གཤིན་རྗེའི་ཞེས་རྐང་པ་གཉིས་སོ།། བྱས་གནོད་པ་ནི། གསོན་པོར་ཞེས་ཚིགསུ་བཅད་པ་གཅིག་གོ། མུར་འབབ་པའི་ཚེ། ཚེར་མས་གནོད་པ་ནི་ཐུར་དུ། ་ཞེས་རྐང་པ་གཉིས་སོ།། མཚོན་གྱིས་གནོད་པ་ནི། དེ་ན་ཞེས་རྐང་པ་གཉིས་སོ།། བྱས་འཚེ་བ་ནི། དེ་ཆེ་ཞེས་རྐང་པ་གཉིས་སོ།། གཡང་སར་ལྷུང་བ་ནི། ཁ་ཅིག་རི་བོའི་ཞེས་རྐང་པ་གཅིག་གོ། ཟངས་སུ་བཙོས་པའི་ནི། ་ཁ་ཅིག་འབྲུ་མར་ཞེས་རྐང་པ་གཅིག་གོ།། ས་གཞི་འབར་བར་ལྟུང་བ་ནི་གཞན་དག་ཞེས་རྐང་པ་གཉིས་སོ།། འབྲུ་སྦྲང་གིས་ཟ་བ་ནི། ཁ་ཅིག་འབུ་སྦྲང་ཞེས་རྐང་པ་གཉིས་སོ།། འོ་ན་དེ་ལྟར་སྡུག་བསྔལ་ཆེན་པོས་བཅོམ ་བ་རྣམས་འཆི་འཕོ་བར་མི་འགྱུར་བ་ཅི་སྟེ་ཞེ་ན། དེ་དྲུག་གསོན་པའི་རྒྱུ་ནི་ལས་ཀྱིས་ཞེས་རྐང་པ་གཉིས་སོ།། ལས་ནི་མི་དགེ་བའོ།། འཚོ་བ་ནི་སྲོག་གོ།། ཐོགས་པ་ནི་དེས་བཟུང་བའོ།། རང་གི་ཡན་ལག་བསྐྱོད་པ ་ཙམ་ཡང་།། གསོན་པ་ནི་བདག་ཉིད་འཆི་བར་སྨོན་ཀྱང་མི་འཆི་བའོ།། དེ་ལྟར་ཆེ་བའི་དམྱལ་བ་བསྟན་ནས། གྲང་བའི་དམྱལ་བ་སྟོན་པའི་ཆུ་བུར་ཅན་ནི་ལྷགས་པ་ཞེས་རྐང་པ་ཕྱེ་དང་གསུམ་མོ།། ཆུ་བུར་རྡོལ་བ་ནི། རྡོལ་བ ་ཞེས་རྐང་པ་ཕྱེ་དང་གཉིས་སོ།། སོ་ཐཱ་མ་ཐུམ་པ་ནི་ཀོས་ཐག་ཅེས་ཚིགས་སུ་བཅད་པོ་གཅིག་གོ། ད་ནི་རབ་ཏུ་ཚ་བ་བྱེ་བྲག་ཏུ་སྟོན་པའི་མིའི་གནོད་པ་ནི། དམྱལ་མེས་ཞེས་རྐང་པ་གཉིས་སོ།། དམྱལ་བའི་སྲུངསེམས ་འཚེ་བ་ནི། རུས་གོང་ཞེས་རྐང་པ་གཉིས་སོ།། མནར་མེད་པའི་སྡུག་བསྔལ་སྟོན་པའི་མདོར་བསྟན་པ་ནི། གཉིས་ལས་ཕྱིའི་གནོད་པ་ནི། ལ་ལར་ཞེས་རྐང་པ་གཉིས་སོ།། གང་གི་གནོད་པ་ནི་བྲང་གི་ཞེས་རྐང་པ ་གཉིས་སོ།། རྒྱས་པར་བཤད་པ་ཡང་གཉིས་ལས། ནང་གི་གནོད་པ་ནི། གློ་ནས་ཞེས་ཚིག་སུ་བཅད་པ་གཅིག་གོ། ཕྱིའི་གནོད་པ་ནི། སྡུག་བསྔལ་ཞེས་ཚིགསུ་བཅད་པ་གསུམ་མོ།། དེ་ལས་གནས་ཁང་གི ་གནོད་པ་ནི། སྡུག་བསྔལ་ཞེས་ཚིགས་སུ་བཅད་པ་གཅིག་གོ། མདའི་གནོད་པ་ནི། མདའ་ཆེན་ཞེས་རྐང་པ་གཅིག་གོ།། དབྱུག་པས་གནོད་པ་ནི། དམྱལ་བའི་སྲུང་མས་ཞེས་རྐང་པ་གཅིག་གོ།། ཁུ་བ་འ ་བའི་གནོད་པ་ནི། ལྕགས་ཞུན་ཞེས་རྐང་པ་དྲུག་གོ། སྤྱིའི་དོན་བསྡུ་བ་ནི་སྐྱེ་བོ་ཞེས་ཚིགས་སུ་བཅད་པ་གཅིག་གོ། དེ་ལྟར་དམྱལ་བའི་སྡུག་བསྔལ་བསྟན་ནས། དུད་འགྲོའི་སྟོན་པ་དེས་དལ ་འབྱོར་རྙེད་པར་དཀྲུའ་བྱ་ནི། སྐྱེ་བོ་ཞེས་ཚིགས་སུ་བཅད་པ་གཅིག་གོ།། འཚལ་སྤྱོད་པ་ནི་མཱི་དགེ་བ་བྱེད་པའོ།། དེ་ཉེས་པ་ཙིརརྱ་འགྱུར་ཞེ་ན། བརྒྱ་ལསཾ་ཞེས་སོ།། འཇིག་རྟེན་འགྲོ་བྱ་མཐའ་ཡས་བྱེ་བ་འཕྱེས་རྣམས་སུ་དུང ་འགྲོར་སྐྱེའི།། མིའི་དངོས་པོ་ཤིན་ཏུ་རྙེད་པར་དཀའ་བ་ཉིད། མྱིའི་ནང་ན་ཡང་སྨད་པོར་སྐྱེ་བ་ནི། གལཽ་ཏཾ་ཞེས་རྐང་པ་གཅིག་གོ། དུད་འགྲོ་གཅིག་ནས་གཅིག་ཏུ་བསྐྲད་པ་ནི། དུད་འགྲོ་ཞེས་རྐད་པ་ཕྱེད་དང་གཉིས་སྷོ།། དེ་ནིས ་དམྱལ་བར་ལྷུང་བ་ནི། གང་གིས་ཞེས་རྐང་པ་ཕྱེད་དང་གཉིས་སོ།། དེ་ལྟར་ཐེག་པ་ཐུན་མོང་གི་ལམ་སྒྲུབ་པ་གདམས་ནས། ཐེག་པ་ཆེན་པོའི་ལམ་སྒྲུབ་པ་ལ་གདམ་སྭ་པ་བརྗོད་པ་ན་སྒྲུབ་པའི་རྟེན་ནི་གང་ཞིག་ཅེས་ཚིགས་སུ ་བཅད་པ་གཅིག་གོ། གང་ཞིག་ནི་དྲལ་འབྱོར་རོ།། སྐྱེ་བ་ནི་སེམས་ཅན་རྣམས་ལ་དེར་བྱིང་བ་དང་། དེ་ལ་ཆལ་དཀའ་བས་རྒྱ་མཚོའོ།། བྱང་ཆུབ་མཆོག་གི་ས་བོན་དགེ་བ་ནི་དེ་སྐྱེ་བ་སྟེ། ཇི་སྐད་དུ། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ་ཞེས་གསུངས་པ་ལྟ་བུའོ།། དགེ་བ་ནི་དེས་བསྐྱེད་པ་སྐྱེད་ཅིང་མི་ཉམས་པར་བྱེད་པའོ།། སྒྲུབ་པར་བྱེད་པའི་ལམ་སྟོན་པ་ནི། བདེ་གཤེགས་ཞེས་རྐང་པ་གཉིས་སོ།། མི་མ་ཡིན། ་པས་བསྒྲུབ་པར་མི་ནུས་པ་ནི།། ལཱམ་དྭེ་ཞེས་རྐང་པ་གཉིས་སྷོ།། མི་རྣམཱསྟུ་ལམ་སྒྲུབ་པ་ལ་སྦྱར་བ་ནཱི་མིའི་དངོས་པོ་ཞེས་རྐང་པ་གཉིས་སྷོ།། ལམ་ལ་འཇུག་པའི་སྒྲོ་མི་རྟག་པ་ཡིད་ལ་བྱེད་པ་ན་སྐད་ཅིག་གི་མི་རྟག་པ་ནི། ་མར་མེ་ཞེས་རྐང་པ་གཉིས་སོ།། གློ་བུར་གྱི་མི་རྟག་པ་ནི། འདི་ནི་ཞེས་པའི་ཚིག་སུ་བིཅད་པ་གཅིག་གོ།། རྒྱུན་གྱི་མི་རྟག་པ་ནི་སོག་ཅེས་ཚིག་སུ་བཅད་པ་གཅིག་གོ། སྒྲུབ་པའི་གྱནས་ནི། ཟླ་བའི་ཞེས་ཚིག་སུ་བཅད་པ ་གཅིག་གོ།། སྒྲུབ་པའི་གྲོགས་ནི། ནགས་མཐོང་ཞེས་ཚིག་སུ་བཅད་པ་གཅིག་གོ། དགའ་བའི་ནགས་ཚལ་ནི་སུམ་ཅུ་རྩ་གསུམ་རྣམས་ལ་ཡོད་པའོ།། སྒྲུབ་པའི་ཆ་རྐྱེན་ཕུན་སུམ་ཚོགས་པ་སྟོན་པ་ནི། ནགས་ཀླུང་ཞེས ་ཚིགསུ་བཅད་པ་གཅིག་གོ། ཆུ་གཙང་ནི་དཱི་རྙོག་པཱ་དཱང་སྲོག་ཆགས་མེད་པའོ།། ངོགས་བདེ་བ་ནཱི་འགྲམ་གཉིས་ཀྱང་ངོ་།། དབེན་པ་ནི་འདུ་འཛི་ཉུང་བའོ།། དེ་ནཱ་སྐྱིད་པ་གང་ཡིན་པ་དེ་ནི་སུམ་ཅུ་རྩ་གསུམ་པའི་ལྷའི་བུ་མོའི་ལུས ་ལྷའི་སྤོས་དང་སྨན་དྲི་ཞིམ་པོས་བྱུགས་པའི་མགོ་བོའི་ལནཱ་བུའི་རྒྱན་དུ་ཐོགས་པ་མེད་ཏོག་གི་ཚོགས་མཛེས་པ་ཟིལ་གྱིས་གནོན་པའི་རྒྱུན་དང་ལྡན་པ་ལྷའི་ཆུ་ལྔ་འང་ཡོད་པར་འགྱུར་རམ། རྒྱུན་དང་ལྡན་པའི་ལྷའི་ཆུ་ནི་སུམ ་ཅུ་རྩ་གསུམ་པའི་མཚེའུ་དལ་གྱིས་འབབ་པ་ཡིན་ནོ།། ཤིང་ཕུན་སུམ་ཚོགས་པ་ནི། རྩ་བ་འབྲས་བུ་ཞེས་ཚིགསུ་བཅད་པ་གཅིག་གོ། ཉམས་དགའ་ནི་ཡིད་དུ་འོང་བའོ།། བས་མཐའ་ནི་གྲོང་ཟད་པའི་མུར་ཐུག་པའོ།། ་གཅིག་པུ་ནི་གྲོགས་མེད་པར་རོ།། དམྱལ་འདོང་ནི་ཁྱིམ་གྱི་གྲོང་འདབ་བམ་ཆུང་མ་སྟེ། འབྲས་བུའི་མིང་རྒྱུ་ལ་བཏགས་པའོ།། བསླུས་མེད་གནས་པ་ནི་དེས་བྲིད་པར་མི་ནུས་པའོ།། དེ་དག་གི་དོན་བསྡུས ་བྱ་ནཱི་དཱ་རི་སུལ་ཞེས་ཚིགས་སུ་བཅད་པ་གཅིག་གོ། དེ་ལ་གནས་ཀྱི་དོན་བསྡུ་བ་ནི་རི་སུལ་ཞེས་རྐང་པ་གཅིག་གོ། ཤིང་གི་དོན་བསྡུ་བ་ནི། ཉེར་སྤྱོད་ཅེས་རྐང་པ་གཅིག་གོ། ཆུའི་དིན་བསྡུ་བ་ནི། ཆུ་ངོགས་ཞེས་རྐང་པ་གཉིས ་སོ། དུ་རི་སུལ་ཡངས་པ་ནི་གཙང་རོང་དང་ངམ་གྲོག་ལ་སོགས་པ་མེད་པའོ།། ཉེར་སྤྱོད་རྒྱ་ཆེ་བ་ནི་དེར་འཆག་པ་དང་འདུག་པ་ལ་སོགས་པ་བག་ཡོངས་སུ་སྤྱོད་པའོ།། ཉན་པ་ནི་ཐོས་པའི་ཚེ་རྣ་བར་འཕྲོད་པའོ།། ཇི་ལྟར་སྟན་ཞེས ་ལྟར་རོ།། ཕུ་ཆུ་བདག་ཅག་སྐོམ་པས་ཉོན་མོངས་ཤིང་སྡུག་བསྔལ་བའི་ཡུལ་མིན་ཏེ། འཐུངས་ན་ངོམས་པས་བདེ་ཞིང་སྐྱིད་པའི་ཡུལ་ཡིན་ཞེས་འགྲོན་ལ་སྒྲོགས་པ་བཞིན་ཆུ་སྒྲ་འབྱིན་པའོ།། སྒྲུབ་པའི་བར་ཆུང་སྦེད་བླ་ན། ་འདོད་པའི་ཉེས་པ་ཡིད་ལ་བྱེད་པ་ནི། འདོད་པ་རྣམས་ཞེས་བྱ་བ་ལ་སོགས་པའོ།། དེ་ལ་འདོད་པ་རྣམས་སྣང་ལ་རང་བཞིན་མེད་པ་ནི།། འདོད་པ་རྣམས་འབྱོར་དང་ཞེས་རྐང་པ་གཉིས་སོ།། འདོད་པའི་འབྲ་སྡུ་ཡིད་དུ་མྱི་འོང ་བ་ནི། རྨི་ལམ་ལྟ་བུ་ཞེས་རྐང་པ་གཉིས་སོ།། ངན་སྤྱོད་འཁྲུལ་པ་ནི་མི་དགེ་བ་བཅུ་བྱེད་པའོ།། དེ་ལ་ཆགས་པ་ནི་འདོད་པ་ལ་སྲེད་པའོ།། འདོད་པའི་བདེ་བ་ཡིད་དུ་མི་འོང་བ་ནི། ཡུལ་དང་ཞེས་ཚིགསུ་བཅད་པ་གཅིག་གོ།། དུག ་བྱས་འདོད་པ་ཉེས་དམིགས་རྒ་བ་ནི་དུག་དང་ཞེས་རྐང་པ་གཉིས་སོ།། དེའི་གཏན་ཚིགས་ནི་དུག་ནི་ཞེས་རྐང་པ་དྲུག་གོ།། དེ་ལྟར་འདོད་པ་དང་ཡུལ་གྱི་ཉེས་པ་བརྗོད་ནས། འདོད་བྱེད་ཡུལ་ཅན་གྱི་ཉེས་པ་སྟོན་པ་ནི། ཇི་ལྟར་ཞེས ་ཚིགསུ་བཅད་པ་གཅིག་གོ།། རྙེད་པ་གྲུབ་པ་མེད་པ་ནི་རྩ་ལོ་མ་ཟོས་པའོ།། དེ་དང་འདྲ་བར་བདེ་འགྲོར་གྲུབ་པ་མེད་པར་ངན་འགྲོར་ལྟུང་བའོ།། དེ་ལྟར་འདོད་པ་སྤྱིའི་ཉེས་བསྟན་ནས། ཁྱད་པར་དུ་ལྷའི་འདོད་པའི་ཉེས་དམིགས ་སྟོན་པའི་མཚེའུ་ལ་ཆགས་པའི་ཉེས་པ་ནི། ལྷའི་བུ་མོ་ཞེས་ཚིགསུ་བཅད་པ་གཅིག་གོ། འཕྲལ་ཐབས་བླངས་པ་ནི་རང་གི་ཕུན་སུམ་ཚོགས་པས་དྲེགས་པའོ།། ལྗོན་ཤིང་ལ་ཆགསྔོ་བའི་ཉེས་པ་ནི། དགའ་ཚལ་ཞེས་ཚིགས ་སུ་བཅད་པ་གཅིག་གོ། དཔག་བསམ་གྱི་ཤིང་ནི་བཞི་སྟེ། བཟའ་བཏུང་དང་། གྲོས་དང་། རྒྱན་དང་། རོལ་མོ་དཔག་བསམ་གྱི་ཤིང་ངོ་།། ས་ལ་ཆགས་པའི་ཉེས་པ་ནི། རྐང་བཞག་ཅེས་ཚིགསུ་བཅད་པ་གཅིའོ།། དེ་ལ་ན ་བཞག་ན་རྣམས་ཞེས་སོར་བཞིས་དས་སར་གྲུང་ན་བྱེ་གན་པ་འགྱུ་རོ།། རེག་ན་བྱེད་པ་ནི་ལུས་ལ་ཕན་འདོགས་པའོ།། ཁང་བཟང་ལ་ཆགས་པའི་ཉེས་པ་ནཱི། དྲིལ་བུ་ཞེས་ཚིགསུ་བཅད་པ་གཅིག་གོ།། ཁང་པ་དེའི་སྟེང་ག ་ནས་དྲིལ་བུ་མཛེས་པ་འཁྲོལ་ཞིང་མུ་ཏིག་གི་ཕྲེང་བའི་ཚོགས་འཆང་བ་འོད་ལྷག་གི་བའི་གཞལ་མེད་ཁང་དུ་ཞུགས་ཏེ། ལྷ་ཡུལ་དེར་འདོད་པ་ལྔ་བགྲོད་ནས་ཏེ་ལོངས་སྤྱོད་བྱས་ནས་ཀྱང་ངོ་།། ཕར་མཐའ་སྟེ་ཐར་ཐབས ་མེད་པའི་ནང་དུའོ།། དཔུང་ཕྱུག་ལྔ་ཆགས་པའི་ཉེས་པ་ནི། གང་དུ་ཞེས་ཚོགསུ་བཅུད་པ་གཅིག་གོ། རྣམ་པར་རྒྱལ་བྱེད་ཀྱི་ཁང་བཟང་གང་དུ་རྒྱལ་ཆེན་རིས་བཞི་དང་། སུམ་ཅུ་རྩ ་གསུམ་བྱའི་ལྷ་དང་། ཀླུ་དང་། མི་འམ་ཅིའི་སྤྱི་བོས་བརྒྱ་བྱིན་གྱི་རྐང་པ་ལ་གཏུགས་ནས། དེ་དག་གིས་མགོ་བོའི་རྒྱན་གཙུགས་གཱི་ནོར་བུ་མོར་གྲོད་ཀྱི་འོད་ཀྱི་ཚོགས་ཀྱིས་རྐང་རྟེན་ཏེ་གདན་ཁྲི་དམར་པོར་གྱུར་པའོ། ་དེ་ཡང་འགྲོ་བ་དྲན་པར་འགྲོ་བྱར་འགྱུར་པ་ནི་དོན་སོང་དུ་ལྷུང་བ་སྟེ། ཇི་སྐད་དུ། བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ནི། ལས་ཀྱི་དབང་གིས་ཕྱིར་ཡང་ས་སྟངས་ལྟུང་ཞེས་བཤད་པ་ལྟ་བུའོ།། སྲོག་ལ་ཆགས ་བའི་ཉེས་པ་ནཱི་མེ་ཏོག་ཅེས་ཚིགསུ་བཅད་པ་གཅིག་གོ། འཚོ་བ་ནི་སྒྲོག་གོ། དེ་མ་འགགས་པར་དུ་སེམས་ཅན་གསོན་པར་འཚོ་བའོ།། སྡུག་བསྔལ་བ་ལ་བདེ་བར་རློམ་པའི་ཉེས་པ་ནི་སྡུག་བསྔལ་ཞེས་ཚིགས ་སུ་བཅད་པཱ་གཅིག་གོ། ང་རྒྱལ་བྱེད་མྱོད་ཉེས་པ་ཙི་རཱ་འགྱུར་ཞེ་ན། དྭེ་ནི་ཞེས་རྐང་པ་གཉིས་སོ།། འཁོར་བ་ལ་ཆགས་པའི་ཉེས་པ་ནི། དེ་ན་གཾ་ཤིན་རྗེ་ཞེས་ཚིགསུ་བཅད་པ་གཅིག་གོ།། ལོག་པར་སྨོནྡ་པ་ནི་སྦྲིད་པ ་དང་སྲིད་པའི་ཡོ་བྱད་ཐོབ་པར་འདོད་པའོ།། དེ་ཉིད་འཇིགས་པའི་རྒྱུ་ཡིན་པས་འཇིགས་པ་ཞེས་བྱའོ།། སྡུག་བསྔལ་བ་ལ་བདེ་བར་རློམ་པའི་དཔེ་དགོད་པ་ནི་དམྱལ་རྣམས་ཞེས་ཚིག་སུ་བཅད་པ་གཅིག་གོ།། དམྱལ ་པ་དེ་ཉིད་ཤི་ན་ཅི་མ་རུང་སྙམ་པ་ཐོབ་བསྣུན་པས་མཆོག་དུ་བདེ་བ་ཡིན་པར་སེམས་སོ།། དོན་དེ་དང་འདྲ་བར་སྦྱར་བ་ནི། དེ་བཞིན་ཞེས་ཚོགསུ་བཅད་པ་གཅིག་གོ།། རྟག་ཏུ་ནི་མྱ་ངན་ལས་འདས་པ་མ་ཐོབ་ཀྱི་བར་དུའོ།། ། ་རེ་ཞིག་ཙམ་ཞིག་ནི་ལྷ་དང་མིར་སྐྱེས་པ་ནིའོ།། ཇི་ཞིག་ལྟར་ཏེ་བསོད་ནམས་བསགས་པའི་དབང་གིས་ངན་འགྲོའི་སྐྱེ་ཤིའི་འཁྲུལ་འཁོར་མེད་ནས། སྐད་ཅིག་སྟེ། བདེ་འགྲོ་ནས་མ་ལྷུང་བར་དུ་ངན་འགྲོའི་སྡུག་བསྔལ ་གཉུག་མར་བཟོད་དཀའ་མེ་ལྕེ་ལྟ་བུ་ཞི་འགྱུར་ན། ལྷ་དང་མིའི་འཇིག་རྟེན་ཐམས་ཅད་བདེ་བ་ཁམ་འགའ་སྟེ། ལྷ་དྲོང་མིའི་འདོད་པ་ལྔ་ལ་ཡང་སྲེད་པར་བྱེད་དོ།། ལམྲ་སྒྲུབ་པའི་རང་བཞིན་གཉེན་པོ་སྒོམ་པ་ནི་འཁོར་བ ་སྡུག་བསྔལ་དུ་ཡིད་ལ་བྱེད་པ་ནི། ཇི་ལྟ་ཇི་ལྟར་འགྲོ་བ་ཀུན་ན་ཞེས་ཚིག་སུ་བཅད་པ་གཅིག་གོ། སྟུག་པོ་ནི་ཤས་ཆེ་བའོ།། སྲབ་མོ་ནརི་ཤས་ཆུང་བའོ།། མི་སྤུ་ག་པར་ཡིད་ལ་བྱ་བ་ནི་ཇི་ལྟ་ཇི་ལྟར་སྡུག་པ་ཞེས ་ཚིགས་སུ་བཅད་པ་གཅིག་གོ། མཆེད་པ་ནི་འཕེལ་བའོ།། ཞིལ་བ་ནི་འགྲིབ་པའོ།། ཝཱར་ལ་བུད་མེད་སྡུག་པར་སྨྲ་བའི་འབྲས་བུ་ནི། བུད་མེད་ཅེས་ཚིགསུ་བཅད་པ་གཅིག་གོ། ལུས་ནི་པདྨ་ལྟར་འཇམ། བྱད ་བཞིན་ཟླ་བ་ལྟར་མཛེས། མིག་ནི་ཨུཏྤལ་ལྟར་དཀར་ནག་ཕྱེད་ཅེས་མགོ་སྐྱོམ་པའོ།། སྒྲོམ་མོད་ཉེས་པ་ཙིར་འགྱུར་ཞེ་ན། སྐྱེན་ངག་མཁན་གྱི་བརྫུན་དེའི་ཞེས་རྐང་པ་གཅིག་གོ། མི་བཟད་པ་དེ་གང་ཞིག་ཅེ་ནཽ། ད ་དག་ཅེས་རྐང་པ་གཅིག་གོ། མི་རྟག་པར་ཡིད་ལ་བྱེད་པ་ནི་སེམས་ཅན་མི་རྟག་པ་ནི། འགྲོ་བ་ཞེས་ཚིག་སུ་བཅད་པ་གཅིག་གོ། སྣོད་མི་རྟག་པ་ནི་གང་གི་ཞེས་ཚིག་སུ་བཅད་པ་གཅིག།། ་ལོངས་སྤྱོད་མི་རྟག་པ་ནི་སྡུག་བསྔལ་བ་དང་། བདེ་བ་དང་། སྐྱེ་གནས་ལ་ལོངས་སྤྱོད་པ་སྟེ། རིམ་པ་བཞིན་སྔོན་ཆད་ཅེས་པ་རྐྱང་པ་གཅིག་དང་། གཅིག་དང་། གཉིས་སོ།། བྱམས་པ་དང་སྙིང་རྗེ་ཡིད་ལ་བྱེད་པས་ཉེ ་དུ་ལ་བྱམས་པ་བསྒོམ་པ་ནི། སྐྱེ་བ་ཞེས་ཚིགསུ་བཅུད་པ་གཅིག་གོ།། གྲོགས་ལ་བྱམས་པ་སྒོམ་པ་ནི།། གང་དག་ཞེས་ཚིགསུ་བཅད་པ་གཅིག་གོ། དུས་ཀྱིས་རིམ་པ་ནི་སོག་ལ་སོགས་པའོ།། མཉམ་པ་ནི ་རིག་སོ་ལ་སོགས་པས་མཚུངས་པ་དང་འགྲོགས་པའོ།། མི་མཉམ་པ་ནི་མཐོ་བའམ་དམའ་བ་དང་འགྲོགས་པའོ།། གཉེན་པ་ཤེས་ལ་སྙིང་རྗེ་བ་སྒོམ་པ་ནི། ཉེ་དུ་ཞེས་ཚིགསུ་བཅད་པ་གཅིག། སེམས་ཅན་ཐམས ་ཅད་ཉེ་དུ་ཡིན་ན་དགྲ་དང་བར་མཱ་ལ་ཉེ་དུར་ངོ་མ་ཤེས་པ་ཇི་ལྟ་བུ་ཞེ་ན། སྐྱེ་ཤི་ཞེས་རྐང་པ་གཉིས་སོ།། མེ་ལ་བྱམས་པ་སྒོམ་པ་ནི། བྱིས་པ་ཞེས་ཚིགས་སུ་བཅད་པ་གཉིས་སོ།། བུའི་ཆེད་དུ་ལུས་ཀྱི་མཐའ་སྣ་ཚོགས ་ལ་འབད་པས་ངལ་བ་མང་པོ་སྟོན་ཀྱང་བུ་ལ་བྱམས་ལ་སྟེན་པ་དེ་དག་རང་གཞན་གྱི་དོན་བྱེད་པའི་སྐབས་འདིར་བུ་ཤིན་ཏུ་མ་རབས་ཤིག་ཡོད་དུ་ཟིན་ནའང་མ་དེ་སྤོང་ཞིང་འདོར་བར་སུ་ཞིག་སྤྲོ་སྟེ་སྤྲོ་བར་མི་བྱའོ།། དེ ་ལྟར་བྱམས་པ་དང་སྙིང་རྗེ་བསྒོམས་པའི་ཐབས་བསྟན་ནས། གོམས་པའི་ཕན་ཡོན་སྟོན་པའི་སྙིང་རྗེའི་ཕན་ཡོན་ནི། འགྲོ་བ་སྡུག་བསྔལ་ཞེས་ཚིགས་སུ་བཅད་པ་གྲཅིག་གོ།། སྡུག་བསྔལ་མི་བཟད་པ་མང་པོ་ནི་སྡུག ་བསྔལ་ཆེན་པོ་གསུམ་མམྱ། བརྒྱད་དམ། བརྒྱ་རྩ་བཅུ་ལ་སོགས་པའོ།། དབང་མེད་པ་ནི་མི་འདོད་བཞིན་དུ་འབྱུང་བའོ།། སྐྱེ་བས་མེད་པ་ནི་སྡུག་བསྔལ་སེལ་བའི་གྲོགས་མེད་པའོ།། གཞན་སྡུག་བསྔལ་བའི་དོན ་དུ་བདེག་གི་སྡུག་བསྔལ་བཟོད་པ་གྲོང་ཡིན་པ་ཏེ་བདེ་བའི་རྒྱུ་ལ་གནས་པས་བདེ་ཞེས་སྐྱེས་མཆོག་གསུང་ངོ་།། ཐ་ན་སྐད་ཅིག་ཙམ་ཡང་གཞན་ལ་བཟའི་བཏུང་བྱིན་ནས་དེས་བཀྲེས་སྐོམ་དང་བྲལ་བ་དང་། གོས་བྱིན ་པས་ཚ་གྲང་དང་བྲལ་བས་དེ་མགུ་ཞིང་རངས་པར་བྱས་པ་དེས་བདག་དགའ་བ་གང་ཡིན་པ་དེ་དང་འདྲ་བར་སྙིང་རྗེ་གོམས་པ་འདི་ན་གང་ཞིག་ཡོད་དེ་མེད་དོ།། བྱམས་པའི་ཕན་ཡོན་ནི་གཞན་ཕན་ཞེས་ཚིགསུ་བཅོད་པ ་གཅིག་གོ། གཞན་ལ་མྱ་ངན་ལས་འདས་པའི་ཕན་ཡོན་དང་། ལྷ་མིའི་བདེ་བ་བསྐྱེད་པར་བརྩོན་པས་དགའ་བ་རྙེད་པ་གང་ཡིན་པ་དཱ་ནི་སྟེ་དེ་དང་མཉམ་པ་ཡུལ་ལྔའི་བདེ་བའི་ལོངས་སྤྱོད་ལྷུར་ལེན་པ་རྣམས་ཀྱིས་ཇི་ལྟར ་ཐོབ་ཅེས་འོག་མ་དང་སྦྱར་རོ།། དེ་ལྟར་ཕན་ཡོན་བསྟན་ནས། སྤྱོད་པ་སྟོན་པའི་བྱམས་པའི་སྤྱོད་པ་གཞན་བདེ་བ་སྒྲུབ་པ་ལ་བརྩོན་པ་ནི་ཤིན་ཏུ་རྙེད་པ་སླ་ཞེས་ཚིགས་སུ་བཅད་པ་གཅིག་གོ།། བྱམས་པའི་སྤྱོད་པ་བྱེད་པ་འདི ་ཁོ་ནའོ།། ཀླས་པ་ནི་རང་གི་དྲོན་ལྷུར་ལྡན་པ་རྣམས་པས་དེ་མཆོག་ཏུ་གྱུར་པའོ།། གཞན་བདེ་བ་བསྒྲུབ་པ་ལ་གཞོལ་བ་ནི། ཉི་མ་རླབས་ཆེན་ཞེས་ཚིག་སུ་བཅད་པ་གཅིག་གོ། དེ་འདྲ་ཞེས ་བྱ་བ་ནི་ཉི་མ་དང་ས་དང་མཚུངས་པའོ།། གཅིག་ཏུ་གཞོལ་བ་ནི་རང་དོན་དང་འདྲེན་མས་མ་ཡིན་ནོ།། ཡང་ན་གཅིག་པུ་གཞོ་ལ་ཏེ་གྲོགས་ལ་མི་བལྟོས་པར་རོ།། སྙིང་རྗེའི་སྤྱོད་པ་སྟོན་པའི་གཞན་གྱི་སྡུག་བསྔལ་སེལ ་བརྩོན་པ་ནི། འཇིག་རྟེནོ་ཞེ། ས་སུ་བཅད་པ་གཅིག་གོ།། གཞན་གྱི་དོམ་ཚིག་སུ་བཅད་པ་གཅིཀོ།། གཞན་གྱི་སྡུག་བསྔལ་སེལ་བ་ན་བདེ་བ་ནི། གཞལ་ཕན་པར་ཞེས་ཚིཚིགསུ་བཅད་པ་གཅིག་གོ།། རང་སྨིན་ནས་གཞན་སྨིན་པར་བྱེད་པ་ནི། རྒལ་བར ་འགྱུར་ཞེས་ཚིགས་སུ་བཅད་པ་ཅག་གོ། དེ་ལྟར་བྱམས་པ་དང་སྙིང་རྗེ་ཡིད་ལ་བྱེད་པ་བཤད་ནས། བསླབ་པ་གསུམ་བརྟན་པར་བྱེད་པ་འཆད་པ་ནི་དེ་ལྟར་ཞེས་བྱ་བ་ལ་སོགས་པའོ།། ཚུལ་ཁྲིམས་བསྡོགས་པ་ནི། དེ་ལྟར ་ཞེས་རྐང་པ་གཅིག་གོ།། རཱ་དང་བ་སོ་ལ་སོགས་པའི་རྒྱན་གསེར་དང་། དངུལ་ལ་སོགས་པའི་རིན་པོ་ཆེའི་རྒྱན་མཆོག་ཏུ་གྱུར་པ་ལྟར་ལེགས་སྤྱད་དེ། ཚུལ་ཁྲིམས་ནི་རྒྱན་གྱི་མཆོག་གོ།། དེ་སྐད་དུ་ཡང་། ཚུལ་ཁྲིམས་དྲང ་ལྡན་པ་རྒྱན་རྣམས་ཀུན་གྱི་མཆོག་ཅེས་གསུངས་སོ།། ཤེས་རབ་བསྔགས་པ་ནི། གསལ་བའི་ཞེས་རྐང་པ་གཅིག་གི། ནོར་བུ་དང་མར་མོ་ལ་སོགས་པའི་གསལ་བའི་ནང་ན་ཉི་ཟླ་གསལ་བ་མཆོག་ཡིན་པ་ལྟར་ཤེས ་རབ་ནི་ཤེས་བྱ་གསྔལ་བར་བྱེད་པས་མཆོག་གོ། དེ་ལ་ཕན་ཡོན་ཅི་ཡོད་ཅེ་ན། ཞི་བ་བདུད་རྩི་ཡངས་ཞེས་སྨོས་ཏེ། མྱ་ངན་ལས་འདས་པ་ཆེན་པོ་འཐོབ་ཅེས་བྱ་བའི་ཐ་ཚིག་གོ། དེ་སྐད་དུ་ཡང་ཐུབ་པ་ཁྱེད་ཀྱིས་ཡེ་ཤེས ་ཀྱིས། སྣང་བས་མི་ཤེས་རོབྱ་རཱིབ་དྲག། འཇོམས་པའི་ཐ་ནྨ་ཉི་མཱཾ་ཡཱུཏྨ།། མྨེ་ཁྱཱནྨཙྪམྦྷ་ཡང་མི་ཕོད་དོ།། ཞེས་བྱཤད་དོ།། ཏིང་ངེ་འཛིན་བསྔགས་པ་ནི། དགའ་བོའི་ཞེས་རྐང་པ་གཅིག་གོ། མི་རྣམས་ཀྱི་དགའ་བའི་ནང་ན། ་འཁོར་ལོ་སྒྱུར་བའི་དགའ་བ་མཆོག་ཡིན་པ་ལྟར། ཏིངངེ་འཛིན་ནི་ཤིན་ཏུ་སྦྱངས་པོའི་དགའ་བ་དང་ལྡན་པས་མཆོག་གོ།། འོ་ན་དེ་སུས་རྙེད་པར་འགྱུར་ཞེ་ན། བྱས་པ་གཟོ་བ་རྣམས་ཀྱིས་རྙེད་པར་སླའི། བྱས་པ་མི་གཟོ་བས་རྙེད ་པར་དཀའ་བའོ།། ད་གསུམ་གྱིས་འབྲས་བུ་མྱ་ངན་ལས་འདས་པའི་འབྲས་བུ་བསྔགས་པ་ནི། བཀྲ་ཤིས་ཞེས་རྐང་པ་གཅིག་གོ། གཟའ་དང་རྒྱུ་སྐར་དང་ཚེས་གྲངས་བཟང་པོ་ལ་སོགས་བཀྲ་ཤིས་པ་རྣམས་ཀྱི་ནང་ན་གང ་གིས་འདོད་པའི་དོན་གྲུབ་པའི་བཀྲ་ཤིས་མཆོག་ཡིན་པ་ལྟར་ཞི་བ་སྟེ་མྱ་ངན་ལས་འདས་པ་ནི་སྡུག་བསྔལ་དང་། ཉོན་མོངས་པ་དང་བྲལ་བས་མ་ཆོག་གོ།། འོན་ཏེ་སྡུག་བསྔལ་དང་བྲལ་བ་ཙམ་ཡིན་གྱི་བདེ་བ་མ་ཡིན་ནམ ་ཞེ་ན། བདེ་བ་རྒྱུན་སྟེན་ཞེས་སྨོས་ཏེ་བདེ་བའི་རྒྱུན་མི་འཆད་པས་སོ།། དེ་ལྟར་རྟོགས་པའི་ཆོས་བསྔགས་ནས། ལུང་གི་ཆོས་བསྔགས་པ་ནི། བདེ་བར་གཤེགས་པའི་ཞེས་ཚིགསུ་བཅད་པ་གཅིག་གོ།། དེ་ལ་བརྟེན་ན ་ཕན་ཡོནྡ་ནི་ཡོད་ཅེ་ན། ལྗོན་ཤིང་ཞེས་རྐང་པ་གཅིག་གོ།། འབྲུས་བུ་རྒྱུ་ཆེན་ནི་མཐོ་རིས་དང་ཐར་པའོ།། བྱོ་ན་གསུང་གི་དོན་ནམ་ཚིག་གང་བརྟེན་ཞེ་ན། བདེ་གཤེགས་ཞེས་རྐང་པ་གཉིས་སོ།། ་སྦྲང་མ་མྱེ་ཏོག་བཞག་ནས་སྦྲང་རྩི་ལེན་པ་ལྟར་རོ།། དེ་ལྟར་གདུམས་ངགྲ་རྒྱས་པར་བརྗོད་ནས་མདོར་བསྡུས་ཏེ་བཤད་པའི་འགྲོ་བ་སྤྱི་ལ་གདམས་པ་ནི། སྐད་ཅིག་ཅེས་ཚིགསུ་བཅད་པ་གཅིག་གོ། སྐད་ཅིག་ལ་ལུས ་འཇིག་ལྗོངས་སྤྱོད་ཟད་ཅིང་རྟག་ཏུ་སྟེ། གཉེན་པོ་སྐྱེས་ཀྱི་བར་དུ་སེམས་གཡེང་ཞིང་འཁྲུག་པར་བྱེད་པའི་ཡུལ་ལྔ་པོ་རྣམས་སྦྱོངས། ཞི་བའི་བདེ་འབྲས་ཐོབ་པར་བྱེད་ཅིང་འཆི་བའི་ཚེ་བྱ་མེད་པར་བྱེད་པ་གཅིག་པུ་གྲོགས ་ལ་མི་བལྟོས་པར་དབེན་སྟེ་འདུ་འཛི་མེད་པ་བསྟན་ན། བདག་དང་གཞན་འཁོར་བ་ལས་རྣམ་པར་ཐར་པ་མྱ་ངན་ལས་འདས་པའི་སྒོ་མོ་དབྱེ་བའི་གེགས་བསྟན་པ་ལྟོ་བུའི་གཏི་མུག་སྟེ་རྨོངས་པ་དང་། འཁྲུག་པ་སྟེ་སྡུང ་པབ་དང་། འབྲུ་རིབ་སྟེ་ཆགས་བྱ་སོལ་ཏེ་སྤོངས། ཕྱིར་རྟ་རྣམས་རང་བཞིན་གྱིས་གཉིད་ཆེ་ཡང་རྟའི་མཆོགྲོ་ནང་ཤེས་ནི་རྟེའུ་སྟེ་ཕྲུ་གུ་ནས་བག་རྣོན་ཆེ་བས་ཤིན་ཏུ་ཡུན་རིང་པོར་གཉིད་ལོག་པར་འགྱུར་བ་མི་ཡཱན་ཏེ། རྟིང ་ཟད་གཉིད་ལོག་ནས་རྩ་ཆུ་ལ་སྤྱོད།། དེ་བཞིན་དུ་སངས་རྒྱས་ཀྱི་སློབ་མ་རྣམས་ཀྱང་འདོད་པ་ལ་ཡུན་རིང་པོ་བསྟེན་པར་མི་བྱེད་དེ། ཅུང་ཟད་བསྟན་ཀྱང་དེས་སྐྱོ་བར་བྱས་ནས་དགེ་བ་སྤྱོང་ངོ་དོ།། དེ་ལྟར་སྐྱེ་དགུ་སྤྱི་ལ་གདམས ་ནས། སློབ་མ་ལྱ་བྱེ་བྲག་ཏུ་འདོམས་པ་ནི་ཤིང་ཆེན་པོ་ལྟ་བུར་ཆོས་དགུ་དང་ལྡན་པར་གྱིས་ཤིག་ཅེས་བརྗོད་པ་ནི། ཁྱོད་ཅིགས་ཅེས་ཚིགསུ་བཅད་པ་གཅིག་གོ། དཔེར་ནཱ་ཤིང་ཆེན་པོ་སྡོང་པོའི་ལྟ་བུ་ནི་བརྟན་པའོ།། གལ ་པ་ལྟ་བུ་བཟོད་པའོ།། དུལ་བ་ནི་ལོ་མ་ལྟ་བུའོ།། ཞི་གན་སུ་ནརྀ་མེ་ཏོག་ལྟ་བུའོ།། ཤེས་རཱ་བ་ནི་ཡལ་ག་ལྟ་བུའོ།། རྒྱུ་རབ་ཏུ་སྨིན་པཱ་ནི་ལྷོ་བྲནྡ་མྱུ་གུ་ལྟ་བུའོ།། སྨོན་ལམ་ནི་རྩེ་མོ་ལྟ་བུའོ།། ཚུལ་ཁྲིམས་ནི་གྲིབ་མ་ལྟ་བུའོ།། ་རང་ཞི་སྟེ་མྱ་ངན་ལས་འདས་པ་ནི་འབྲས་བུ་ལྟ་བུའོ།། མཚོ་ཆེན་པོ་ལྟ་བུར་ཆོས་བཅུ་གཅིག་དང་ལྡན་པར་གྱིས་ཞོ་ས་བརྗོད་པ་ནི། ཁྱོད་ཅིག་ཅེས་ཚིགསུ་བཅད་པ་གཅིག་གོ། དཔེར་ན་མཚོ་ཆེན་པོ་ཡངས་པ་ལྟར ་ཤེས་རབ་རྒྱ་ཆེ་བ་དང་། གསལ་བ་ལྟར་ཤེས་བྱ་གསལ་བ་དང་། བྱིན་གྱིས་གཞོལ་བ་ལྟར་དགེ་བ་ལ་གཞོལ་བ་དང་། གཏིང་ཟབ་པ་ལྟར་ཆོས་ཟབ་མོ་རྟོགས་པ་དང་། རབ་ཏུ་དང་བ་ལྟར་དང་པའི་དད་པ་དང་ལྡན་པ ་དང་། རྟག་ཏུ་བསིལ་བ་ལྟར་ཉོན་མོངས་པའི་གདུང་བ་ལས་བསིལ་བ་དང་། སྦྲུལ་གདུག་པའི་སྙིང་གི་བག་ཞད་མེད་པ་ལྟར་དུག་གསུམ་མེད་པ་དང་། མེའི་འཇིགས་པ་སྤངས་པ་ལྟར་ངན་འགྲོའི་འཇིགས་པ་སྤངས ་པ་དང་། རང་བཞིན་གྱིས་རབ་ཏུ་གཙང་བ་ལྟར་ཚུལ་ཁྲིམས་ཀྱིས་གཙང་བ་དེ་ང་། སྐེམ་པ་གཅོད་པ་ལྟར་སྲིད་པ་གཅོད་པ་དང་། གྲུ་གཟིངས་འདེགས་པའི་ཁུར་བཟོད་པ་ལྟར་གཞན་དོན་བྱེད་པའི་ཁུར་བཟོད ་པའོ།། ཆུར་སྤྲིན་ཆུན་པོའི་ལྟ་བུར་ཆོས་དྲུག་དང་ལྡན་པར་གྱིས་ཤིག་ཅེས་བརྗོད་པ་ནི། ཁྱོད་ཅིག་ཅེས་ཚིགསུ་བཅད་པ་གཅིག་གོ།། དཔེར་ན་ཆར་སྤྲིན་ཆེན་པོ་དེས་མེ་ཏོག་ལ་སོགས་པ ་ལཱ་ཕ་ན་འདོགས་པ་ལྟར་སྐྱེ་བོ་མང་པོ་སྡིག་པ་ལས་བཟློག་སྟེ། དགེ་བ་ལ་བཀོད་ནས་ཕན་འདོགས་པ་དང་། འབྲུག་གི་སྒྲ་སྒྲོགས་པ་ལྟ་བུར་འཁོར་བའི་སྡུག་བསྔལ་གྱིས་མི་འཇིགས་པ་དམ་པའི་ཆོས་སྨྲ ་བྱའི་སྒྲ་ཆེན་སྒྲོགུས་པ་དང་། ཆར་ཆེན་པོ་འབབ་པ་ལྟར་གྲགས་པ་རྒྱ་ཆེན་པོས་ཁྱབ་པ་དང་། ཆར་དེ་རླུང་གི་ཤུགས་དྲག་པོས་བསྐྱོད་པ་ལྟར་སེམས་སྙིང་རྗེའི་རླུང་གིས་བསྐྱོད་པ་དྲུང་། སའི་རྡུལ་ལྡང་བ་ཞི་བ་ལྟར ་ཉོན་མོངས་པོའི་རྡུལ་རབ་ཏུ་ཞི་བར་བྱེད་པ་དང་། གྲིབ་མས་ས་སྟེང་བརྒྱུན་པ་ལྟར་ཚུལ་ཁྲིམས་ཀྱིས་སྒོ་གསུམ་བརྒྱན་པོའོ།། དེ་ལྟར་གདམས་ངག་བརྗོད་ནས། དེ་ལས་བྱུང་བའི་དགེ་བ་པ་སྟོ་བྱེའི་ལེགས་པ ་གྲུབ་པར་བསྔོ་བ་ནི། བདག་གིས་ཞེས་ཚིག་སྨེ་བཅུད་པ་གཅིག་གོ། བདེ་གཤེགས་སྤྱོད་པ་ནི་དྲང་པོ་སེམས་བསྐྱེད་པ་ནས་ཐ་མ་མྱ་ངན་ལས་འདས་པའི་བར་རོ།། རྟག་ཏུ་བདེ་བ་ནི་ཇི་སྲིད་འཚོའི་བར་དུ་ནང ་མེད་པའོ།། ལོ་ངེས་སྤྱོད་བཟང་པོ་ནི་ལོག་པར་འཚོ་བ་མེད་པའོ།། ཡིད་ལ་རེ་བ་འབྱོར་པ་ནི་འདོད་པའི་དོན་ཐམས་ཅད་གྲུབ་པའོ།། གཞན་ལ་ཕན་པར་དགའ་བ་ནི། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས ་བསྒྲལ་ནས་བདེ་བ་ལ་འགོད་བྱར་སྤྲོ་བའོ།། ཀུན་མཁྱེན་ནི་ཤེས་བྱ་ཐམས་ཅད་ཐུགས་སུ་ཆུད་པའོ།། བགྲོད་པར་ཤོག་ཅེས་པ་ནི་དེ་ཐོབ་པར་སྨོན་པའོ།། ཉེས་པ་ཞི་བར་བསྔོ་བ་ནི་དམྱལ་བ་ཞེས་ཚིགས་སུ་བཅད་པ ་གཅིག་གོ།། དམྱལ་བའི་ངམ་གྲོགས་དང་གཡང་ས་ལག་མཐིལ་ལྟར་མཉམ་མུན་ནག་སྣང་གསལ་ལུས་ལ་མེ་འབར་བ་རབ་ཏུ་ཞི་བ་དང་། རོ་མྱགས་ལ་སོགས་པའི་འདམ་རྗེབ་བསྒོམས་ནས་དྲེར་འཁྲུངས་ཤིང་སྐྱེས་པའི ་པདྨའི་ལོ་མས་ཁེབས་ཤིང་རྩ་བའི་ཁྱེའུ་སོ་ཐེན་པ་དང་། རོ་མྱགས་ཀྱི་འདམ་དེ་གཙང་ཞིང་དྲི་ཞིམ་གྱུར་ནས། ཕྱོགས་དེར་པདྨ་ཁ་བྱེ་བས་ས་རྣམས་རྣམ་པར་བརྒྱན་པ་དང་། དམྱལ་བ་རྣམས་བདེ་བ་རྒྱས་ཤིང་བཱ་སམ ་པ་བཟང་ལ་རླུང་བསེར་བུའི་བྱད་བཅོས་ཆུར་ཟིམ་འབབ་པས་ཚ་བའི་གདུང་བ་ཞི་བར་ཤོག། སྟོན་པ་འབྱུང་བར་བསྔོ་བ་ནི། བདུད་དཔུང་ཞེས་ཚིག་སུ་བཅུད་པ་གཅིག་གོ།། སྒྲོགས་པ་ནི་དམ་པའི་ཆོས་སྟོན་པའོ།། ལྷའི་ཆུ་ནི ་མཚེའུ་དལ་གྱིས་འབབ་པའོ།། རྩེ་མོ་ནི་དེར་ལྷ་དང་ལྷ་མོ་རྣམས་རྩེ་བས་ནང་ཕན་ཚུན་དགའ་བ་བྱེད་པ་པས་ཀྱང་གདུལ་བྱ་རྣམས་དགའ་བྱར་མཛད་པའོ།། གདུལ་བྱ་དེ་དག་ཀྱང་གང་ཞེ་ན། ལྷ་དང་མི་འདུལ་བ་ཞེས་སྨོས་སོ།། ་གང་གི་ཕྱིར་གདུལ་ཞེ་ན། སྐྱེ་ཤི་ཞེས་རྐང་པ་ཕྱེད་དོ།། གང་གིས་འདུལ་ཞེ་ན། སངས་རྒྱས་དག་ཅེས་རྐང་པ་ཕྱེད་དང་གཉིས་སོ།། བརྣག་པ་བཞིན་ཞེས་བྱ་བ་ནི་གདུལ་བྱ་རྣམས་གང་ལ་མོས་པའི་སྐུར་རོ།། ནམ ་ཞར་ཞེས་པ་ནི་རྟག་ཏུའོ།། བསྟན་པ་རྒྱུས་པར་བསྔོ་བ་ནི། འགྲོ་བ་ཞེས་རྐང་པ་གཅིག་གོ། དེའི་འགལ་རྐྱེན་མེད་པར་བསྔོ་བ་ནི།། འཆི་བདག་ཅེས་རྐང་པ་གཅིག་གོ།། མཐུན་རྐྱེན་ཚོགས་པར ་བསྔོ་བ་ནི་འཕགས་པའི་ཞེས་རྐང་པ་གཉིས་སོ།། འཕགས་པའི་སྐྱེ་བོ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་རྣམས་སོ།། འོ་ན་རང་སངས་རྒྱས་འཕགས་པའི་སྐྱེ་བོ་མ་ཡིན་ནམོ་ཞེ་ན། ཡིན ་མོད་ཀྱི། དེ་ནི་ལུས་ཀྱི་ཆོས་སྟོན་ཀྱི་ངགྲ་གིས་མི་སྟོན་པས་གཏམོ་ཚོགསྣ་མེད་དོ།། གཏོམ་ཚོགས་ནི་ཐེག་པ་གསུམ་མོ།། སྤེལ་བ་ནི་གོང་ནས་གོང་དུ་རྒྱས་པའོ།། དེ་ལྱ་ཕན་ཡོན་ཅི་ཡོད་ཅེ་ན། ཞི་བའི་བདུད་རྩི ་ཞེས་སོ།། ཞི་བའི་བདུད་རྩིའི་ཆར་གྱིས་བསིལ་བས་དོན་བྱས་ཤོག། ཞི་བའི་བདུད་རྩིའི་ཟླ་བའི་སྣང་བ་རབ་བཟང་དོན་བྱས་ཤོག། ཅེས་ཚིག་རྣམ་པར་སྦྱར་རོ།། བདག་གི་སློབ་མའི་སྤྲིང་ཡིག་འདི། རྟོགས་ཤིང་ཅུང ་ཟ་བཤད་པ་ལུས། དགེ་བ་དྲི་མེད་གང་ཐོབ་དེས། འགྲོ་ཀུན་རྣམ་པར་གྲོལ་བར་ཤོག། སྐྱོབ་མ་ལ་སྤྲིངས་པའི་འགྲོལ་པ་སློབ་དཔོན་མཁས་པ་ཆེན་པོ་ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས་རང་གི་སློབ་མ་རྣམས ་ལ་ཕན་པའི་དོན་དུ་མཛད་པ་རྫོགས་སྷོ།། ། རྒྱ་གར་གྱི་མཁན་པོ་བི་ནཱ་ཡ་ཙན་དྲ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ་