CLOSE WINDOW

GT3694: slob ma la springs pa'i 'phrin yig gi dka' 'grel
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཤི་ཥྱ་ལཱ་ཁ་ཊྚི་པཱ་ནད། བོད་སྐད་དུ། སློབ་མ་ལ་སྤྲིངས་པའི་འཕྲིན་ཡིག་གི་དཀའ་འགྲེལ་ཛ་མོ་སྒྲོལ་མ་ལ་ཕྱག་འཚལ་ལོ།། སློ་བ་མའི་སྤྲིང་ཡིག་རྟོགས ་དཀའ་བའི།། ཚིག་རྣམས་གསལ་བར་བྱས་པ་ཡིས།། སྐྱེ་རྨོངས་མི་ཤེས་སྤང་བྱའི་ཕྱིར།། དཀའ་འགྲེལ་བདག་གིས་བྱེ་བར་བྱ།། འགྲོ་བ་རྣམས་ལ་སྙན་པར་གྲགས་པ་ཡི།། ཟླ་བར་གྲགས་པའི་སློབ་མ་དཔའི ་བོ་རིན་ཆེན་གྲགས་ཞེས་བྱ་བ་བློན་པོས་རྒྱལ་སྲིད་ཀྱི་དོན་དུ་ཁྲིད་པ་ལ། དཔལ་ཙན་དྲ་གོ་མིའི་ཞལ་སྤུ་ནས་ཀྱི་ཕྲིན་ཡིག་འདིས་ཟློག་གོ་ཞེས་པ་ནི་གདམས་ངག་གོ། དེ་བཞིན་གཤེགས་པ་གང་གིས་སྔོན་གྱི་མཛད་པ ་སྤྱད་པ་རྣམས་རབ་ཏུ་བསྟོད་པས་བདུད་ཀྱིས་པ་མོ་རྣམས་ཀྱིས་བཞིན་པདྨའི་ནགས་ཚལ་ཟུམ་པར་བྱེད་པ་སྟེ། སྔོན་གྱི་མཛད་པ་ནི་སྟོན་སྤྱད་པ་སྟེ། དེར་སྤྱད་པར་མཛད་དོ།། རབ་ཏུ་བསྙད་པ་ནི་དབྱངས་ཀྱི་སྦྱོར་བས ་བསྙད་པའོ།། ལྷ་མོ་ནི་ལྷའི་ཁྱིམ་ཐུབ་མོའོ།། དུས་ཡུང་འདི་ལྟར་རོ།། ཟུམ་པར་བྱེད་པ་ནི་ཀུན་ནཱ་སཽ་ཟུམ་པར་བྱེད་པའོ།། བདུད་ནི་འདོད་པའི་ལྷ་ལ་སོགས་པའོ།། བཀྲ་ཤེས་ནི་ཕན་པཱ་དང་བཀྲ་ཤིས་པར་བྱེད་པའོ།། ་ཡིད་དུ་འོང་བ་ནི་བསྔགས་པ་དོང་ཡིད་བདེ་བར་བྱེད་པའོ།། སྐུ་ནི་ལུས་གང་ཡིན་པའོ།། ཤིན་ཏུ་ནི་མཆོག་ཏུའོ།། རྨད་དུ་བྱུང་བ་ནི་ངོ་མཚོར་བའོ།། ཤིན་ཏུ་ཡང་ཡིན་ལ་རྨེད་དུ་བྱུང་བ་ཡིན་ནོ།། གང་གིས་འཇིག་རྟེན ་པ་རྣམས་ཀྱི་མངོན་པར་འདོད་པ་རྫོགས་པ་ནི་ཡིད་ལ་རེ་བ་ཐོབ་པའོ།། གཞན་དོན་རོ་ནི་གཞན་དོན་མཆོག་ཏུའོ།། གཅིག་པུ་གཉིས་སུ་མེད་པ་ཡང་ཡིན་ལ་སྤྱོད་པ་ཡང་དེ་ཡིན་པས་གཞན་དོན་རོ ་གཅིག་པར་སྤྱོད་པའོ།། དབུ་ཅོད་པན་ཅན་ཉིད་ཀྱི་པདྨ་ནི་སྤྱན་གྱི་པདྨའོ།། བྱེ་བ་ནི་ཁ་བྱེ་བའོ།། དེས་ན་སྤྱན་གྱི་པདྨ་སྟེ་དེའོ།། རང་བཞིན་ནོ།། ཁེབས་པ་ཉིད་ནི་གཉིས་མེད་པའོ།། གདུགས་དཀར་པོ་གང་ཡིན་པ་ཇི་ལྟར་རལ་གྲི ་སོ་བདར་བས་ལུས་ཅན་སྡུག་བསྔལ་སྐྱེ་བར་བྱེད་པ་སྟེ། དེ་བཞིན་དུ་ས་གཞི་ཡང་གཞོན་གྱི་ལོངས་སྤྱོད་པོ་དང་ལྡན་པ་སྡུག་བསྔལ་བའོ།། བདེ་བ་ནི་དགའ་བའོ།། སྡུག་བསྔལ་ནི་མི་བཟོད་པའོ།། གང་ཞིག་ཐུགས་རྗེ་ཆེན་པོའི ་ཡོན་ཏན་བསྐྲུན་པ་འཛིན་པའོ།། སྤངས་པ་ནི་བྲལ་བར་གྱུར་པ་སྟེ། དེ་ལྟ་མོད་ཀྱི་དུའི་སྡུག་བསྔལ་དང་བདེ་བ་ཞེས་སྨྲསོ།། དེ་ཉིད་ཅེས་བྱ་བ་ནི་ཉོན་མོངས་གང་ཞིག་བདེ་བ་དང་སྡུག་བསྔལ་བས་ཀྱང་དེ་ཉིད་དེའི་བདེ་བ་དང་སྡུག ་བསྔལ་བ་སྟེ་རླུང་གི་རྒྱུད་དེ་དེ་ཡིས་སོ།། འཇིག་རྟེན་མངོན་པར་འདོད་པའི་རེ་བ་ནི་ད་མཆོག་ཏུ་སྒྲུབ་པར་བྱེད་པའོ།། གསལ་འབྱུང་ནི་གང་ཞིག་ཤར་བས་སོ།། དེའི་ཕྱོགས་གཅིག་ནི་ཡང་ཟླ་བ་ཕྱེད་དོ།། དཀར་བློ་ཡང་ཡིན ་ལ་ཕྱོགས་གཅིག་ཀྱི་ང་དེ་ཡིན་པས་སོ།། དེ་ལ་ཡོངསུ་རྫོགས་པ་ཡང་ཡིན་ལ་ཡོན་ཏན་ཡིད་དེ་ཡིན་པས་ངེས་བསལ་པོའོ།། ཉེས་པ་ནི་མཚན་མོའོ།། འདོད་ཆགས་ལ་སོགས་པ་ཡང་ཚུལ་ཁྲིམས་ཀྱིས་རིང་དུ ་སྤོང་བའོ།། ཡིད་དུ་འོང་བྱ་ནི་གང་དུ་དྭེ་ཡིས་ཡིད་དགའ་བར་བྱེད་པའོ།། རབ་ཏུ་གསལ་བ་ནི་གསལ་བར་སྐྱེད་པ་ཞེས་བརྗོད་དོ།། གཙུག་ནི་སྤྱི་བོའོ།། ལྟ་བུ་ནི་མཚུངས་པའོ།། ཉེས་པ་ནི་མཚན་མོའོ།། གདེངས་ཀ་ཉིད ་ནི་གང་ཞིག་གི་མགོ་བོ་ལ་ལུས་ཀྱི་རྟགས་ཡོད་པའོ།། བཟང་པོ་ནི་ཐར་པ་བགྲོད་པར་བྱེད་པའི་ཕྱིར་རོ།། འཕན་མེད་པ་ནི་ཉམས་པ་མེད་པོའོ།། རྣམ་པར་དག་པ་ནི་བསམ་པའི་སྟོབས་སོ།། ཙུལཱ་ནི་ངང་ཚུལ་ལོ།། གང ་ཡིན་པ་ནི་ཅི་ཞིག་སྟེ། བསྟན་པ་དེ་ནི་དཀའོ།། སའི་གཏིང་ན་གནས་པ་ནི་གནས་གང་ན་རབ་རིབ་མི་ཤེས་པ་སེལ་བར་མཛད་པ་སྟེ། དེ་སྤོང་བར་བྱེད་པའོ།། ཆོས་ཉིད་ནི་འབེབས་པར་བྱེད་པས་སྦྱིན་ཏེ། རྒྱུན་འབྱིན ་པར་བྱེད་པའོ།། གཡོས་པ་ནི་སྐྱེས་པའོ།། ཆོས་ཉིད་ནི་བདུད་རྩི་སྟེ། ཆོས་ཉིད་ཀྱི་བདུད་རྩི་ནི་ལེགས་པར་སྤྱོད་པའོ།། རོ་གཅིག་པ་ནི་རང་བཞིན་སྟེ་གང་ཞིག་ནི་ཆར་ཆུ་ཕབ་པས་སོ།། དེ་དོག་གིས་གདུངས་པ་བསོལ ་བ་ནི་མྱ་ངན་ལས་འདས་པའོ།། སྣོད་ཉིད་ནི་གཞི་ཉིད་དེ་རྟེན་ནོ།། རྟེན་དེ་ཡིས་བཅུད་དེ་སྣ་ཚོགས་པར་འགྱུར་པ་སྟེ། ཉན་ཐོས་ལ་སོགས་པའི་དབྱེ་བས་སོ།། སྣོད་ཡངས་པ་དང་ཟབ་པ་ནི་གཞོལ་བའོ།། དྲི་མ་མེད ་པ་དང་གསལ་ནི་སྦས་པ་མ་ཡིན་པའོ།། གནས་ནི་སེམས་ཀྱི་གནས་གང་ཡིན་པའམ། བཟོད་པ་ནི་དེ་གཞན་གྱི་གནོད་པ་བྱེད་པ་བཟོད་པ་ཞེས་བྱའོ།། དེ་ཞེས་བྱ་བ་ནི་ཆོས་ཀྱི་བདུད་རྩིའོ།། སྐྱེས་བུའི་གཟུགས་བྱང ་ནུབ་སེམས་དཔའ་དེ་ཉིད་མཚོ་ཆེན་པོ་ཞེས་བྱ་བའོ།། ཐོབ་པར་བྱེད་པ་ནི་ཐོས་པས་སོ།། མཐུན་པ་ནི་བསམ་པས་སོ།། འཛིན་པར་བྱེད་པ་ནི་བསྒོམས་པས་སོ།། ཆེན་པོ་ཡང་ཡིན་ལ་དྲི་ང་བ ་ཡང་ཡིན་བུས་དུགྣ་རྗེ་ནི་པཱིའོ།། ཡུན་རྙིངས་ནད་ཀྱིས་ཐེབས་པ་ནི་ཉེན་པའི་ནད་ཀྱིས་བཏོབ་པའོ།། སྨན་ཆེན་པོ་ནི་བདུད་རྩིའོ།། གང་ཞིག་གཟུང་ནས་ཡུང་འདོར་བ་ཞེས་བསྟན་པ་ནི་གང་གི་ཕྱིར་བསྟན་པ་གཅིག་པུ ་གཉིས་སུ་མེད་པའི་མིག་གོ། དྲྀ་མི་ནི་མིག་སཾརཱྀ་ལ་སོགས་པའོ།། ས་གསུམྦ་ན་གནས་པ་ནི་སྱ་གསུམ་མོ།། གཏི་མུག་ནི་མི་ཤེས་པ་སྟེ། གསོ་བ་ནི་རོལ་བར་བྱེད་པའོ།། རྨད་དུ་བྱུང་བ་ནི་གོང་ཞིག་ངོ་མཚར་བའོ།། ་ལྷག་པའི་ཚུལ་ཁྲིམས་ལ་སོགས་པ་བསླབ་པའི་གཞི་རྣམས་ལ་གནས་པའི་རབ་ཏུ་བྱུང་བ་ལ་སོགས་པའི་བཅས་པ་རྣམས་སྤངས་པའོ།། ངེས་པ་ཞེས་བུ་ནི་རིམོ་པ་ཐ་དད་པའོ།། བྱང་ཆུབ་ཉིད་ནི་སྦྱོར་བའོ།། དེའི་ཁང ་བཟང་འཛེག་པར་བྱེད་པཱ་ནཱི་སྐས་ཀའོ།། དེའི་ལམ་ནི་བགྲོད་པར་བྱེད་པའོ།། གནས་དེ་ཉིད་དུ་ངེས་པར་འཛེགས་བྱས་སོ།། དེ་ཉིད་དུ་རྐང་པ་ལ་བརྟེན་ནས་འཛེགས་པར་བྱེད་པ་སྟེ། གཽ་འཕང་ནི་ལམ་གྱི་ཁྱད་པར་དུའོ།། ་མཐོ་བ་ནི་ཆེ་བའོ།། ས་ནི་མི་དགེ་བའི་གནས་སོ།། ཕྱིན་གྱུར་ནི་སྤྱོད་པར་བྱེད་པའོ།། ལྡོག་པར་བྱེད་པ་ནི་ཐོབ་པ་སྤོང་བའོ།། སྐྱེ་བ་ཞེས་བྱ་བ་ནི་སྐྱེས་པའོ།། ཚུལ་ཁྲིམས་ཉིད་གཟིགས་ཏེ་ལག་དུ་འོངས་པོའོ།། འབྲོག ་དགོན་ནི་འཇིགས་པ་དང་། བགྲོད་དཀའ་བའོ།། ཡུན་རིངས་པ་ནི་དུས་སོ།། འཕགས་པ་ནི་དྲང་བའོ།། བྲལ་བ་ནི་དབེན་པའོ།། ཤིན་ཏུའི་སྒྲ་ནི་མཆོད་པར་བྱེད་པ་བཀག་པ་སྟེ། བཟང་པོའི་ལམ་ནི་བཟང་པོ་ཞེས་བྱ་བར ་འགྱུར་རོ།། རྒྱལ་བའི་ཡོན་ཏན་རྣམས་ཀྱིས་ཕྲེང་བ་ནི་ཕྲེང་དུ་སྦྱར་བ་སྟེ། རྒྱལ་བའི་ཡོན་ཏན་ཞེས་བྱ་བ་གཞུང་ཁྱ་ཅིག་ལས་བརྗོད་དོ།། གཉུག་མའི་ཐོབ་པ་ལས་པར་མ་དོར་འདོར་བྱ་ནི་དམྱལ་བ་ལ་སོགས་པའོ།། ་དེར་ལྟུང་བ་ནི་ཇི་ལྟར་འགྱུར་པ་དེ་ལྟར་འོག་ཏུ་ལྟུང་བར་འགྱུར།། ཤུགས་དྲོག་ནི་མྱུར་དུའོ།། འཁོར་བས་ན་འཁོར་བྱ་སྟེ། དེ་ཉིད་རིའོ།། དེའི་སུལ་ནི་དམའ་བའམ་གཞོལ་བའི་ཕྱོགས་སོ།། དེའི་ཁྲོད་ནི་གསེབ་དུའོ།། ། ་དེ་ཉིད་ནི་གཡང་སར་ལྷུང་བའི་གནསོ།། དེའི་ཕྱིར་དམ་པ་ནི་གཙོ་བོ་སྟེ་མཆོག་ཏུ་བརྩོན་པའོ།། མུན་ནག་ཐིབས་བྲོ་ནི་གང་དུ་མི་ཤེས་པས་སོ།། གཅིག་པུ་ཡང་ནི་དྲག་པའི་བཤེས་གཉེན་གྱིས་དབེན་པར་ཡང ་འདི་དག་བྱའོ།། ཞེས་ངེས་པར་རྟོགས་པར་བྱེད་པ་སྟེ། ལས་དང་བྱ་བ་རྣམས་སེམས་ཀྱིས་ཡང་དག་པརུ་བརྟག་པའོ།། ལྷན་ཅིག་ནི་མཚུངས་པར་རོ།། འགྲོགས་པ་ནི་དུས་ཤེས་པའི་དོན་ཏོ།། སྱ་ནི་འགྲོ་བ་སྟེ།། དེ ་ཉིད་ནི་དཀྱིལ་འཁོར་རོ།། དེའི་གཙོ་བོར་གྱུར་པ་ནི་ཅོད་པན་དུ་གྱུར་པོའོ།། འགྱུར་བ་ནི་ཐོབ་པའོ།། བླ་མ་ནི་ཆེན་པོ་ཉིད་དོ།། ངོ་ཚ་ནི་འཛེམ་པའོ།། ཡ་རབས་ནི་ཡང་དག་པའི་ལམ་ལ་གནས་པའོ།། དག་པ་ནི་དྲི་མ ་མེད་པའོ།། གཟི་བརྗིད་དང་ལྡན་པ་ནི་མཆོད་པར་འོས་པའོ།། སྲོག་ནི་ཚེའོ།། བདེ་བླག་ཏུ་ནི་འདིས་སོ།། བདེན་པ་ནི་དོན་ཇི་ལྟ་བ་བརྗོད་པའོ།། དེ་ལ་གནས་པ་ནི་གནས་པར་བྱེད་པའོ།། དགའ་བ་ནི་མཆོག་ཏུ་འཛིན ་པའོ།། དམ་བཅས་ནི་ཡང་དག་པའི་ལམ་དུ་བཟུང་བའོ།། དབྱེ་བ་ནི་སློང་བའོ།། སྡིག་པའི་འགྲོ་བ་དང་ལམ་ནི་ལམ་པོ་ཆེའོ།། ཆོས་ཀྱི་རང་བཞིན་ནི་ཆོས་ལས་བྱུང་བའོ།། རྒྱ་ཆེ་བ་ནི་ཡངས་པའོ།། ཐོབ་པ་ནི་བརྒྱན་པའོ།། འཁོར ་པ་ཉིད་བགྲོད་དཀའ་བའི་ཕྱིར་རྒྱ་མཚོའོ།། ལྡོག་པ་དང་འཇུག་པར་བྱེད་པ་སྟེ་དེ་ཉིད་གར་མཁན་འདྲ་བའོ།། དགའ་བ་ནི་འདོད་པའོ།། དེས་ན་ཀློང་འཁྱིལ་ཏེ་གཡོབ་པའོ།། འཁོར་བ་ཉིད་ནི་འཁོར་ལོ་སྟེ། འཁོར་བའི་བདག་ཉིད་ཡིན ་པའི་ཕྱིར་རོ།། བརྒྱ་ཕྲག་ཏུ་ནི་རྣམ་པ་བརྒྱའོ།། མི་བཟད་པ་ནི་བཟོད་པར་དཀའ་བའོ།། འགྲགས་པ་ནི་གང་བའོ།། འདུག་པ་ནི་ཉེ་བར་གྱུར་པའོ།། འཐིབས་པོ་ནི་མང་པོས་སོ།། ཞུགས་ནས་ནི་རབ་ཏུ་ཞུགས་ནས་སོ།། མནག་པ་ནི ་ཉམས་སུ་མྱོང་བས་སོ།། སྡུག་བསྔལ་ནི་མི་བཟོད་པས་སོ།། ལུས་ཡོངསུ་བསྐུམ་པས་ནཱི་ལུས་ཀུན་ནས་ཟླུམ་པོར་བྱས་པའོ།། དེར་ཞེས་བྱ་བ་ནི་མངལ་དུའོ།། དེ་ཞེས་བྱ་བ་ནི་སེམས་ཅན་ནོ།། གནས་པ་ནི་བཅིངས་པས་སོ།། མངལ ་ནི་མང་ན་ཏེ་ལུས་གང་ཞིག་མངལ་གྱི་ནང་དུ་དཀྲིས་པའོ།། བོད་པས་ནི་ཆེན་པོས་སོ།། མངལ་གྱི་གནས་སྐབསུ་སྔོན་གྱི་དྲན་པར་བྱེད་པ་ནི་ཇི་ལྟར་རྨ་ལ་བྱེད་པ་བཞིན་དུ་སྤོང་བ་བྱེད་པ་སྟེ། དེ་བཞིན་དུ་མངལ་གྱི་སྐྱོན་སྐྱུགས ་པ་དང་འདྲ་བ་བཞིན་དུ་སྤོང་ངོ་།། དེ་ནས་ཐཱ་དྲད་དུ་རྡོལ་ནས་དེ་ནི་མངལ་གྱི་གནས་ན་སྱ་བས་ཏིལ་མར་བཙིརཱ་སྤྱད་བཞིན་དུ་སྲ་བས་ཏིལ་མར་བཙིར་བ་ལྟར་བྱས་པས་སོ།། དེ་ནས་ནི་དེ་ལྟ་བུའི་རྣམ་པ་སྡུག་བསྔལ་ཉེ ་བྱར་ལོངས་སྤྱོད་ནས་གང་ཞིག་ཐོབ་པ་ནི་སྐྱེ་བའོ།། མི་འཕོངས་པས་ནི་བརྩེ་བས་སོ།། ཉེས་པར་སྤྱད་པས་ནི་བྱེ་བ་དཀའ་བ་ཞེས་བྱའོ།། དར་ལ་བབ་པ་ནི་རི་སྩོལ་གྱི་གསེབ་བོ།། ཡུལ་གྱི་སྦྲུལ་དུག་ནི་ཀུན་དུ་ཞེན་པས ་སོ་དེ་ཉིད་ནི་ཡུལ་ཏེ་དེའི་གནས་པས་སོ།། དེ་ནས་ཀྱང་ཞེས་པ་ནི་རི་སུལ་ནས་སོ།། ལྷུང་བ་ནི་ངན་འགྲོར་རོ།། བསམ་རླག་ནརྀ་མ་སྨིན་པའོ།། མིག་གཙིགས་པ་ནི་ཕྱིན་ཅི་ལོག་གོ། འཆི་བ་མེད་པ་ནི་འཆི་བ་དང་བྲལ་བ ་སྟེ། གང་ལ་དགའ་བ་དང་འཆི་བ་དེ་དག་ཡོད་པ་མ་ཡིན་པའོ།། རོལ་པ་ནི་སྒེག་པ་དང་མཚུངས་པར་ལྡན་པའོ།། སེམས་པ་ནི་ཤེས་པའོ།། ལམ་མིན་པ་ནི་ལམ་བདེན་པའོ།། དེའི་ཕྱིར་རྨོངས་པ་སྟེ་མི་ཤེས་པའོ།། བང ་དགུ་ནི་བྱ་བ་མངོན་སུམ་པའོ།། ཕྱེ་མར་རློག་པ་ནི་ལམ་ངན་པར་འཇུག་པར་བྱེད་པ་སྟེ། ཆུད་གསོན་པར་བྱེད་པས་སོ།། རྡོག་པས་མནན་པ་ནི་བྱ་བའི་གནས་སྐབསོ།། ཤིན་ཏུ་འདེབས་པ་བཞིན་དུ་འགྱུར་བྱ་སྟེ། དེ་བཞིན་དུ་དག ་བ་དང་བཅས་པས་སོ།། དེ་ནས་ཞེས་པ་ནི་གནས་སྐབས་གཞན་དུའོ།། མཐར་ཐུག་པ་ནི་དཔེའོ།། གཟུངས་པ་ནི་ཟ་བའོ།། བོད་པ་ནི་ཆེན་པོས་སོ།། གང་ཞིག་ཞི་བར་བྱེད་པའི་ཐབས་མེད་པ་ནི་རྒྱུ་མེད་པའོ།། དགའ་བ་ཉིད་ཀྱི ་རྗེས་སུ་སྐྱེས་པ་གང་ཞིག་ནུ་བས་སོ།། ཡང་ན་དགའ་བ་ཉིད་ཟ་བ་ཞེས་བྱ་བའོ།། དེ་ནས་ནི་དེ་མ་ཐག་ཏུའོ།། བྱེ་བ་ནི་ལྷོད་པར་འགྱུར་བའོ།། ཚིག་རྣམས་ནི་མདུད་པའོ།། བློ་བསླང་པ་ནི་ཟད་པར་འགྱུར ་བའོ།། ཉམས་འགྱུར་ནི་དམན་པོར་འགྱུར་པས་སོ།། འགྲོ་བ་ནི་རྐང་པའི་བྱ་བའོ།། ཟད་པ་ནི་ཆུད་ཟོས་པའོ།། འདི་ནི་ཀུན་ཏུ་འགྲོ་བའོ།། ཡོངསུ་ནི་ཀུན་ནས་སོ།། ཤིག་ཤིག་པོ་ནི་ལྷོད་པའོ།། འཕེལ་བ་ནི་བརྟན་པའོ།། ཆགས ་པ་ནི་རེ་བའོ།། རིམ་གྱིས་ཞུམ་ནས་ནི་མཐུ་མེད་པར་གྱུར་པའོ།། དབང་པོ་གང་ཞིག་ལ་ཡུལ་འཛིན་པ་མེད་པས་སོ།། ཉམས་པ་ནི་བྲལ་བ་སྟེ། གང་ཞིག་ལ་ནུས་པའི་སྤྲོ་བ་མེད་པས་སོ།། ཆགས་པ་ནི་ཞེན་པའོ།། འགྲོ ་པབར་གྱུར་པ་ནི་ཐོབ་པ་ཞེས་བྱའོ།། གནས་སྐབས་ནི་གནས་སྐབསོ།། གནས་སྐབས་དེ་ནི་གལ་ཏེ་དམྱལ་བར་འགྱུར་པ་སྟེ། དེའི་ཚེ་དམྱལ་བའི་འཇིགས་པ་དང་བཅས་པ་ཉིད་ནི་འཇིགས་སུ་རུང་བ་ཉིད་དོ།། འདིས་ནི་སྡུག ་བསྔལ་ཆེན་པོ་ཉིད་སྟོན་པར་བྱེད་པའོ།། འདི་ཞེས་པ་ནི་སྔར་བསྟན་པ་མ་བྱས་པའོ།། བྱས་པ་ནི་རྗེ་སུ་གནས་པའོ།། ཉམས་པ་ནི་ཆུད་ཟློས་པར་གྱུར་པའོ།། འགྲོ་བ་ནི་འདོད་པའོ།། རྡོག་པས་མནན་པཱ་ནི་རྡོག་པའི་གནས ་སྐབས་གང་ཡིན་པའོ།། དེའི་ཕྱིར་དེ་ལྟ་དེ་ལྟ་བུར་ཞེས་པ་ནི་དེ་ལྟར་ཡང་ཞེས་བྱའོ།། མཆོག་ཏུ་གདུང་བའི་རང་བཞིན་འདི་ཞེས་པས་ནི་ནིའི་རྐྱེན་ནོ།། གནོད་པ་ནི་ནི་ཆོས་སོ།། སྙིང་རྗེ་ཡོད་པས་ཞེས་པས་ནི་ཨ་ཙིའི་རྐྱེན་ནོ།། ་སྡུག་བསྔལ་ནི་ན་ཆུ་སྐྱེས་པས་སོ།། ཕྱི་རྒྱུན་ཅན་ནི་ཕྱི་མའི་ཆུའོ།། དེའི་རྗེས་ལ་ནི་ལུས་སྤོང་བར་འགྱུརརོ།། ཡིད་དུ་འོང་བ་ནི་འདོད་པའོ།། སྲུང་བ་ནི་སྐྱོ་བར་བྱེད་པའོ།། འབད་པ་ཡང་ཡིན་ལ་ལྷུར་བླང་བ་མང་བ་དེ ་ཡིན་པ་ཞེས་བྱ་བའོ།། ཆོས་ལ་སོགས་པ་དང་རང་འདོད་ཅེས་བྱ་བ་ནི་ཚིག་བསྡུ་བའོ།། གང་ཞིག་ཐ་དད་ནི་མི་འཚོ་བ་ནི་གནད་ཅེས་བྱའོ།། དེའི་གཤེས་ནི་གོནས་སོ།། དེར་གང་ཞིག་གིས་གཟིར་བར་བྱེད་པས་སོ།། ་མུན་རུང་ནི་མི་གསལ་བའོ།། ཤིན་ཏུ་མི་བཟད་པ་ནི་ཤིན་ཏུ་མཐོགས་པའོ།། ཆོ་ངེས་འདེབས་པ་ནི་དུད་མོས་འདེབས་པའོ།། ཙེ་ཏ་ནི་སླའོ།། ཕོ་ཉ་ནི་ཁྲོ་བའི་རྣམ་པའོ།། ཞུགས་པ་ནི་ཐག་པའི་ཁྱད་པར་རོ།། དམ་དུ་བཅིངས ་པས་ན་བཅིངས་པས་སོ།། སྐྱེ་བོ་ནི་བཤེས་སོ།། རང་གིས་བྱས་པའི་ངུ་བ་ཉིད་སྒྲ་དེ་ཡིན་པའི་ཕྱིར་རོ།། གདིར་བ་ཉིད་ནི་གཡེངས་པས་སོ།། ཁྲིད་པར་འགྱུར་བ་ནི་ཁྱར་བའོ།། མི་བཟད་པས་ནི་འཇིགས་པའི་ཚོགས་སོ།། ་མཚུངས་པར་དབྱུག་བྱས་བདའ་ཞིང་གང་དུ་ཁྲིད་པར་བྱེད་པའོ།། ཆུ་ཀླུང་ནི་ཆུས་གང་བའི་ཕྱོགས་སོ།། དེ་དག་པར་མ་ཆད་པ་ནི་ཁངས་པའོ།། དེར་བགྲོད་པར་དཀའ་བ་ནི་སྤྱད་པ་ར་དཀའ་བ་ནི་སྤྱད་པར་དཀའ་བའོ།། ནག་པོ ་ཞེས་པ་ནི་གནག་པའོ།། ངན་འགྲོའི་འབྲས་བུ་བསྟན་པོ་ནི་ཕྱིར་མཐོང་ནས་ནི་མངོན་སུམ་དུ་གྱུར་པའོ།། བཏུང་བར་འདོད་པ་ནི་བཏུང་བ་དོན་དུ་གཉེར་བའོ།། གང་ཡིན་པ་ནི་ཆུའོ།། དེ་ཉིད་སྲ་བའི་ཆུ་ཡང་ཡིན་ལ་ཉ་ལྕིབས ་མོ་ཡང་ཡིན་པས་དེ་དག་གོ།། ཚོགས་ནི་གཅིག་ཏུ་བྱས་པའོ།། དེའི་ནག་སུངས་ནི་ནགྲ་ཅེས་བྱའོ།། དེའི་འདམ་རྫབ་བོ།། དེས་གླང་བ་ནི་དེ་ལས་འཛེག་ཅིང་སྐྱེས་པའི་ཁྲག་དང་མི་གཙང་བའི་ཆུ་ཉིད ་ལས་འདྲེས་པས་སོ།། དུས་རླབས་ནཱི་དེའི་རླུང་འཁྲུགས་པས་སོ།། མཐར་ཐུག་པས་ནི་རི་རྩེའོ།། དེས་ན་བསིལ་བསོ་ནི་རཱི་རྩེའི་ཕྱོགས་གཅིག་གང་ཡིན་པའོ།། ཀུན་ནས་ཙན་དནྡོ་སྔོན་པོའི་ལྗོན་པ་གང་ཡིན་པའོ།། གློང ་གཱིགི་ཚེ་དེ་ལྟ་བུར་གྱུར་པའི་མཾ་ལ་ཡར་སྡིག་པ་བྱེད་པའི་སེམས་ཅན་དང་ཕྲད་བ་ན་དེའི་ཚེ་ནགས་བསྲེགས་མེ་ལྕེ་རྣོན་པོ་འཁྲིགས་པའོ།། རྩེ་མོ་ནི་འབར་བའོ།། དེ་ཡིས་དཀྲིགས་པ་ནི་དཀྲིས་པའི།། དེའི་མགལ་དུམ་འགྱུལ ་བའི་རྣམ་པ་མང་པོས་ཀྱང་། དེར་རང་རོང་ཅན་དུ་གྱུར་པ་ནཱ་སྟེ། སྣུ་ཐོ་བ་དང་དམའ་བར་གྱུར་པས་སྷོ།། འཇིགས་པ་ནི་འཇིགས་སུ་རུང་བའོ།། རླབས་ནི་རྒྱལ་བའོ།། དཔའ་ནི་གླིང་ངོ་།། དེ་དག་གྱེས་པ་ནི་དབའ་རླབས་ལས་སྐྱེས ་པའི་འགྱེས་པའོ།། དེས་སྐྱེས་པའི་དཔའ་དྲག་པོའི་དབུ་པ་ཉིད་ནི་གང་ཞིག་དགོད་པ་དེའི་སོ་གཙིགས་པའོ།། བས་གདུངས་པ་དྲང་རབ་ཏུ་གདུངས་པ་འཕེལ་བ་དང་ལྡན་པའི་དོན་ཏོ།། རྩུབ་པ་ནི་སྡུག་བསྔལ་སྦྱིན་པར ་བྱེད་པ་སྟེ། དེས་ན་འདི་ནི་མྱངོན་ཉིད་དོ།། དེ་ལ་སྤྲིན་ནི་ཚོགས་པའོ།། དེ་ལ་མཚུངས་པ་ནི་འཁོར་བའོ།། དེས་ན་བྱེ་ཚན་རྩུབ་པ་ཡང་དེ་ཡིན་ལ་མྱ་ངན་ཡང་དེ་ཡིན་པས་རླུང་མེར་གྱི་ཆུའི་ཕྱོགས་ཞེས་བྱ་བ་སྟེ།། ངོ་རོ་ར ་བཞིན་ནོ།། དུག་མི་བཟད་པ་ཞེས་ཀྱང་ཁ་ཅིག་ལས་བརྗོད་དོ།། ཁུག་རྣ་ནཱི་རྒྱས་པའོ།། དམར་རྩུབ་པ་ནི་ད་མརཱ་བའོ།། དྭེ་རཱ་ཞེས་པ་ནི་རྒུད་པའི་གླན་སུའོ།། ལྕགས་མདའི་ཆར་ནི་ཆུར་དུ་འབབ་པའོ།། དུད་འཐུལ ་འདབ་མར་བཅས་པ་དག་ཏུ་འགྱུར་རོ་ཞེས་བྱའོ།། དེར་ཡང་རྡོ་རྗེའི་ཕྱ་བོང་འཕྲོ་བ་ཕ་བོང་སྟེ། དེའི་ཚེ་ཚྭ་འཕྲོ་བཱ་ནི་གང་དུ་མེའི་དུམ་བུ་སྟེ། ཕྲེང་བ་ནི་ཚུར་དུ་མངར་བའོ།། དེའི་དམྦར་སེརུ་གྱུར་པའོ།། ཚ་བ་ནཱ་གདུང ་བའི་ཉེས་པ་སྟེ་སྡུག་བསྔལ་བའོ།། ཚར་འགྱུར་ནི་སྲེག་པར་བྱེད་པས་སོ།། ལྷགས་པ་ནི་བ་མཱ་སྟེ་དེ་དང་འདྲེས་པའི་རླུང་དམར་རོ།། ཚ་བ་ཡང་ནི་མི་ཡང་ངོ་།། ལས་མི་བཟད་པ་ནི་ཤིན་ཏུ་མི་བཟད་པའི་ལས་སོ།། འགྱུར ་བ་ནི་འབྲས་བུ་སྦྱིན་པའོ།། ཁྱབ་ཀྱི་ཁ་ནི་གེ་ང་ཞིག་གི་ཁའོ།། དཔག་ཚུད་མདྲ་པོ་ནི་ག་ཞིག་དཔག་ཚད་མང་པོ་དང་བཅས་པ་སྟེ། ལྟོ་བ་ཞེས་བྱ་བ་དང་སྦྱར་རོ།། དཔག་ཚུད་མང་འཇིགས་ནི་འཇིགས་སུ་རུང་བ་སྟེ། ་གང་ཞིག་གི་ལྟོ་བ་ནི་ནང་ངོ་།། ཉམ་ཐག་པ་ནི་སྒོམ་པསྔ་གཟིར་བའོ།། འདི་ཁ་སྟེ་དེའི་ཆེ་བའི་དུག་ཀྱིས་སོ།། ཡངས་པ་ཡང་ཡིན་ལ་མགྲིན་པ་ཡང་དེ་ཡིན་པས་སོ།། བསྐམས་པར་གྱུར་པ་ནི་ཆུའི་ཐིགས ་པའོད་འདི་ཉིད་ཕྱིན་པའི་ལྟུང་བར་གནས་སོ།། འགུགས་པ་ནི་ཀུན་དུ་འགུགས་པར་བྱེད་པའོ།། ཤིན་ཏུ་གང་བས་ན་གང་བའི་དོངོགས་སོ།། རབ་མེད་དེ་ནི་དམྱལ་བའི་ཆུའོ།། བུལ་ཏོག་ནི་ཆུས་གང་བའི་ངོགས་ནི་རབ་མེད ་ཀྱི་ངོགས་ཞེས་བྱའོ།། མི་བཟད་པ་ནི་མནག་དཀའ་བའོ།། རྩཝ་མོ་ནི་མཐའོ།། རྣོ་བ་ནི་ཤིན་ཏུ་རྣོ་བའོ།། མྲི་མཱཉམ་པ་ནི་དོག་སྟེ། གང་ནཱ་རྡོའི་ཕྲ་དྲོང་ཡོད་པའོ།། བདྲའ་བ་ནི་བདས་པའོ།། རལླ ་པའི་ཚོགས་མང་བ་ནི་སྐྲའི་ཚོགས་བསྒྱིངས་པོའོ།། ཁྱི་ཡང་ཡིན་ལ་བསྒྱིངས་པ་ཡང་ཡིན་ནོ།། ཁྱི་དེ་དག་གི་མཆེ་བ་ལྕགས་ཀྱུ་ཉིད་རྡོ་རྗེ་ཡིན་པས་རྡོ་རྗེའོ།། རྩེ་མོ་ནི་རྩེ་མོ་དེ་ཡིས་སོ།། དབང་པ་ནི་དབང་ལུས་གང་ཡིན་པའོ།། ། ་རྒྱུག་པ་ནི་སྐྲག་པར་ཤེས་པར་བྱ་བ་སྟེ། གང་ཞིག་ཁྱོད་པར་དུ་ལུས་གཏུབས་པས་སྐྱབས་མ་དམིགས་པའོ།། ལོ་མ་ཉིད་ནི་འདབ་མ་སྟེ། ལོ་མའི་འདབ་མ་དེའི་ནགས་ཚུལ་ལོ།། དེ་ན་ཁྱད་པར་ཅི་ཞིག་ཅེ་ན། སྤུ་གྲིའི་སོ ་གཏམས་པའི་འདབ་མའོ།། མདུང་དྲང་རྩེ་གསུམོ་དང་། མདུང་ཐུང་གི་མཚོན་ཆེའི་ཁྱད་པར་རོ།། མདུང་ཐུང་ནི་མདུང་ཐུང་ངོ་།། རལ་གྲི་ནི་རལ་གྲི་ཉིད་དོ།། དེ་ཉིད་དགོད་པ་དང་འདྲ་བོར་ཡོད་པ་སྟེ། ཁྲོན་པ་གང་ཞིག་ཏུ ་ཁྱད་པར་ཅི་ཞིག་ཅེ་ན། ཁཁྭ་སྟེ་བུག་པའི་སྒོའོ།། རྒྱལ་བ་ནི་གང་ཞིག་གཞན་ཕམུ་པའོ།། ལྟུང་བ་ནི་ཉེ་བར་གྱུར་པའོ།། གལ་ཏེ་ཞེས་བྱ་ནི་མཐུས་སོང་བའོ།། མཐུག་པ་ནི་བར་མཚམས་མེད་པའོ།། ལོ་མ་ནི་འདབ་མ ་གང་ཡིན་པའོ།། ཉི་ཚན་གྱིས་གདུངས་པའི་ཚ་བ་དེ་ཉིད་ཀྱིས་སྡུག་བསྔལ་མི་བཟོད་པ་སྟེ། བཟོད་པར་དཀ་བ་བའོ།། དེས་ཚད་པ་ནི་སྐྱོ་བའི་ལུས་གང་ཡིན་པའོ།། ཤིང་དེ་དག་གི་ལོ་མ་ཉིད་ནི་མཚོན་ཆ་དེ་དག་སྟེ། དེ ་དུག་བརྒྱ་དྲུག་ལྷུང་བས་གང་ཞིག་གི་ལུས་བཅད་པ་སྟེ། ཤིང་གི་རྩ་བུ་དེ་ཉིད་དུའོ།། མཐར་ཐུག་པ་ནི་བུས་མཐའ་སྟེ། ལྷགས་པ་ཡང་ཡིན་ལ་རྩེ་མོ་ཡང་དེ་ཡིན་པས་དེ་དག་བརྒྱ་ཕྲག་རྣམ་སོ།། དེ་དག་ནི་མི་རྟག་སྟེ། དེའི ་ཕྲེང་བྱ་ནི་གྲེལ་དུ་དངར་བྱའོ།། དེ་ཡིས་གཡེངས་པ་ཡང་ཡིན་ལ་འབར་བྱ་ཡང་ཡིན་པས་དེ་ཉིད་ལུས་ཏེ། དེས་ན་ལུས་ཀྱི་ཞགས་པས་སོ།། སོག་ལ་བཞིན་དུ་ནུབཱ་པའི་ལུས་ཤིན་ཏུ་རྩུབ་པ་འདི་དག་གིས་སོ།། དེ་དྲག་གོང ་ས་གོང་དུ་སྡུག་པས་སོག་ཆགས་དག་བཅུམ་ནས་འཁྱུད་པ་ཡིས་གཏོང་བར་ཇི་ལྟར་དམ་པར་འགྱུར་རོ།། རི་ཁ་སྦྱར་བའི་རི་སྟེ་རི་ཉིད་དང་འདྲ་བར་མཚུངས་པ་གང་ཡིན་པ་སྟེ། དེ་དག་ཀྱང་འཇིགས་སུ་རུང་བ་སྟེ་འཇིགས ་པར་བྱེད་པས་སོ།། འདུས་པའི་ཕྲག་སྟེ་ལུག་དེ་དག་གིས་འདུས་པའི་ཕྲག་ཏུ་སྟེ། དེ་དྲག་གི་ཟུད་དེ་ཡིས་འཇོམས་པོ་ནི་བཏགས་པ་སྟེ། དེས་ན་ཕྱེ་མར་བརླག་ཅིང་འཇོམས་པའོ།། དེ་ནས་ལུས་ཀུན་བཅོམ་པའི་དུས་དེར་སྐད ་ཅིག་གིས་ཅུང་ཟད་དེར། བསིལ་བས་རྟས་པ་སྟེ་ཕན་པས་སོ།། སྲོག་ནི་འཚོ་བ་གང་ཡིན་པའོ།། དེ་བཞིན་དུ་ཞེས་པ་ནི་འཁྱུད་པ་བཞིན་ནོ།། བས་ནི་བོ་སེ་རུ་གཅིག་གོ། བྲེད་པ་ནི་འཇིགས་པར་གྱུར་པས་སོ།། འདུས་པ་ནི་གཟུགས ་བརྙན་གྱི་ཕྱིར་རོ།། དེ་ལ་ཞེས་པ་ནི་ཤལ་མ་ལི་ལའོ།། ཁཱ་ནི་བྱ་རོག་གི། འབྱིན་པ་ནི་གཡོ་བར་བྱེད་པས་སོ།། བཙམ་པ་མེད་པ་ནི་སྟོབས་ཀྱིས་སོ།། དམ་ཞགས་ནི་བཅིངས་པས་སོ།། འཆི་བ་ནི་གཤིན་རྗེ་ཡིས་སྐེ་ནས་བཏབ ་པའོ།། འཛེག་པར་བྱེད་པ་ནི་ཤིང་ལ་འཛེག་པར་བྱེད་པའོ།། དྲན་པ་དང་བྲལ་བ་ནི་སེམས་ཉམས་པས་སོ།། དབང་པ་ནི་གཏུབས་པའོ།། ཉམ་ཐག་འབྱིན་པ་ནཱི་དུ་བའི་སྒྲའོ།། རྩེ་མོ་ནི་ཆ་ཤས་སོ།། ་མཚུངས་པ་ནི་མཉམ་པའོ།། ལྕགས་ནི་འདིར་ལྕགས་སོ།། དེར་ཡང་དྭེར་ཁ་གྱེན་དུ་ལྟས་པ་ནི་ཁ་གྱེན་དུ་བལྟས་པའོ།། མང་པོ་ནི་རབ་ཏུ་གང་བའོ།། སྦོམ་པ་ནི་མཐུག་པའོ།། རྣོན་པོས་ཕུག་པ་ནི་ཕུར་བུས་སོ།། འབབྲ་པར་མི་ནུས་པ་ནཱི ་ཐར་པར་མི་ནུས་པ་སྟེ། ཤལ་མ་ལི་ཉིད་ལས་སྷོ།། དུད་མོ་ནི་ཆོ་ངེས་འདོབས་པའོ།། འབར་བའི་ཟུག་རྔུ་ནཱི་དེ་གཞན་དབང་དུ་བྱེད་པའི་ཟུག་རྔུའོ།། ཀུན་དུ་དྲུངས་པཾ་ནཱི་བཏོན་པའོ།། རྒྱང་བ་ནི་ཐེམ་པ་སྟེ། ནང་གི་རྒྱུ་ལྷོ་གངྒཱ་ཡིན་པའོ།། ་ཁཱ་ནི་བྱཱའོ།། མཚོནྡ་ཆ་བདར་བ་ནི་མཱཆུ་གང་ཡིན་པའོ།། ཕྱེ་མ་ཚ་མྱོ་ཡང་ཡིན་ལ་ས་ཡང་དེ་ཡིན་པ་ཞེས་བྱིའོ།། གཞི་ནི་རྟེན་ནོ།། རྐང་པ་བཞག་པ་ནི་བོརརྱ་བྱའོ།། དེ་མི་ཐོབ་པ་ཉིད་ནི་སྐྲག་པ་ལྷུང་བར་འགྱུར་བའོ།། འཚེ་བ་ནི་སྲོག་དང ་བྲལ་པོའོ།། ལས་ཉིད་ཞགས་པ་བཞིན་པས་ཞགས་པོའོ།། ཐོགས་པ་ནི་གཟུང་བའོ།། འཕོ་བ་ནི་འཕྲོ་བོ་སྟེ།། གཞན་དུ་འགྲོ་བའོ།། ལྕིག་ལྕིག་ཆེན་པོ་ནི་དེས་བྱས་པའི་སྒྲ་ཆུང་ངུའོ།། དམྱིགས་པ་ནི་རྙིང་པའོ།། སྟོང་པ་ནཱི་སྟོངས་པའོ།། ་དུས་པ་ལ་ཡང་ཞེས་པ་ལ་སོགས་པའོ།། ཚིགས་སུ་བཅད་པ་གཉིས་སོ་ཡང་གནས་སོ།། ཞེས་པ་ནི་འདི་དག་ཉིད་ཀྱི་བྱ་བའོ།། གང་གྲང་བའི་སེམས་ཅན་དམྱལ་བ་རྣམས་སོ།། ཤིན་ཏུ་ནི་མཐར་ཐུག་པའོ།། འོ་དོད་ནི་སྐད་འབྱིན ་པའོ།། སྦྲེབས་པ་ནི་རྣམ་པ་ཐ་དད་པར་འགྱུར་བའོ།། འདྲར་ཤུང་ནི་གཡོ་བའོ།། བསྐུམ་པ་ནི་ལུས་ཟླུམ་པོར་བྱས་པ་གང་ཡིན་པའོ།། ལྷགས་པ་དཔེ་མེད་པ་ནི་འདྲ་བ་མེད་པ་གང་ཡིན་པའོ།། རྨ་བརྟོལ་བ་ནི་གང་ཞིག་འཛག ་བའོ།། ཆུ་བུར་བརྒྱ་ཕྲག་ལས་སྐྱེས་པའི་བག་ཆགས་ཀྱིས་ཟོས་པ་ནི་ཟོས་པའོ།། དེའི་དབང་པ་ནུ་ངིའི་ཕྱིར་འཇོག་པ་ནི་འཛག་པ་ནི་ལུག་པའོ།། རྐང་དང་ཞག་དང་བཅས་པ་དག་ཏུ་འཇུག་པ་ཞེས་པ་ནི་གང་དག་རྐང་དང་ཞག ་དུང་ཆུ་སེར་དང་བཅས་པ་རྣམས་སོ།། སྱོ་ཐ་མ་ནི་སོ་གང་དག་ཡིན་པ་རྣམསོ།། སྤུ་དང་བ་སྤུ་ནརྀ་ཅོ་དོ་དང་སྤྲོ་གང་ཡིན་པ་དག་གོ།། གཡེངས་པར་གྱུར་པ་ནི་ཕན་ཚུན་འབྲེལ་པའོ།། སེམས་མེད་པ་ནི་སེམས་དང་མི་ལྡན་པ་སྟེ།། ་བེམས་པོ་ནི་བཏང་སྙོམས་སུ་གྱུར་པའོ།། གནམ་མདོག་གྱུར་ཅེས་བྱ་བ་ལ་སོགས་པའི་ཚིགསུ་བཅད་པ་གཉིས་ཀྱིས་ནི་དམྱལ་མེ་ནས་ལྟུང་བ་དེ་འགྲོ་བའི་བྱ་བའི།། ཅི་ཞིག་ཏུ་གྱུར་པས་ཞེ་ན། རྣམ་པར་འཕྲོ་བ་ནི་འཁྲུགས ་པའོ།། མྱང་བ་ནི་མཐུག་པའོ།། ན་པ་ནི་དྲིང་པོ། ལོ།། གང་ཞིག་ངུ་བ་དེ་འཐུལ་བ་རྣམ་པར་གཡེངས་པ་གང་ཞིག་གིས་གནམ་མདོག་ཏུ་གྱུར་པའོ།། ཆེ་དགུ་ནི་འཕེལ་བྱའོ།། རྩེ་མོར་འབ་རཱ་པ་གང་ཡིན་པའི་ལག་པ་ནི་ལག་པི ་དེ་དག་གོ། མང་བ་ནི་ཚོགས་པའོ།། རྣམ་པར་ཕྲ་བ་ནི་སྟོན་པའོ།། ཕྱོགས་ཀྱི་དཀྱིལ་འཁོར་ནི་ཡུལ་ཁེབས་པ་གང་ཡིན་པའོ།། སྐྱོ་གཡའ་བ་ནི་འཇིག་སུ་རུང་བའོ།། འཇིགས་བྱེད་ནི་དབང་ཕྱུག་ཆེན་པོའི་ཁྱད་པར་རོ།། ་རབ་གར་ནི་གར་ཡང་ཡིན་པ་སྟེ། དེ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བའི་དོན་ཏོ།། གླང་ཆེན་པགས་པ་གྱོན་ཀྱེ་མ་ཀྱེ་ཧུད་ཟེར་བ་བཞིན། དེ་དག་ལ་འཇུག་ཅེས་པ་ནི་འཇིགས་བྱེད་ཀྱི་གླང་ཆེན ་བྱུགས་པའོ།། དེ་སུ་ཞིག་ཅ་ན་དམྱལ་བ་སྟེ་དེའི་རྣམ་པའོ།། ལ་ལཱར་ཞེས་པ་ནི་ཕྱོགས་གཅིག་ནུའོ་ཆེར་ནི་རྒྱས་པར་རོ།། སྐད་འགྲུའ་ན་དུས་ཐུང་བའོ།། རྩེ་ཞིལ་བ་ཞེས་པ་ནི་གནས་པའོ།། བསྐྲད་དུ་མྱེད་པ་ནི་འཕེལ་བའོ།། ་ཁོ་ང་ནི་དེའི་ནང་དུའོ།། བསྐལ་པའི་དུས་ཀྱི་མེ་ནི་འཇིག་པའི་དུས་ཀྱི་མེའོ།། སྐམ་པོ་ཞེས་པ་ལ་སོགས་པའི་ཚིགསུ་བཅད་པ་གཉིས་ཀྱིས་ནི་ཡང་སྡུག་བསྔལ་རྒྱུན་མི་འཆད་པར་ལྟུང་བར་བྱེད་པའོ།། ཡང་ཇི་ལྟ་ཞེ་ན། ་རྩཝའི་ཚོགས་ཀྱིས་ཡང་ངོ་།། གསེབ་གཞན་ནཱི་བར་མཚམ་སོ།། སྐྲོང་པ་ནི་ཕྱེ་བའོ།། ནར་པ་ནི་བརྐྱང་བའོ།། འདོད་པ་ནི་རི་བཱའོ།། དེའི་གཱསེབ་གཡོགས་པ་ནི་བཅད་པ་སྟེ། ལས་ཉིད་སྒོ་གླེག་སོ།། ཅི་ཞིག་གི་ཅེ་ན་བརྡྷ་མི ་ཕྲེངད་པས་སོ།། ཅིའི་ཕྱིར་བརྡ་མཱི་པྲད་ཅ་ན།། དེ་ཉིད་དུ་ད་དགྲ་རྙིངས་པཱ་གོང་བུར་གྱུར་པ་སྟེ། བཟོད་དཀའ་བའི་ཕྱིའོ།། དེ་བཞིན་དུ་ལུས་ཀྱི་རྩིབ་ལོག་སུ་ཟུག་པ་ཞེས་བརྗོད་དོ།། དུད་བཅས་བདུད་མར་བྱུང་བ་ནི་རྐན་གང་ཡིན་པ ་ནས་སོ།། མེ་ལྕེ་གང་ཡིན་པ་ནི་རྩེ་མོའོ།། གྲོལ་བ་ནི་བྱེ་བའོ།། མི་བཟད་པ་ནི་སྡུག་བསྔལ་བའི་ཕྱིར་རོ།། སྐད་ཅེས་འདོན་པ་ཉིད་ནི་སྐད་འདོན་པ་ཙམ་སྟེ་དེ་ཉིད་ལྷག་མའི་བྱ་བ་གང་ཡིན་པའོ།། ལྗགས་གཞུ་ཞུ་བ ་འཐུང་ཞེས་པ་ནི་བྱ་བ་སྟེ། མདའ་བོ་ཆེ་ནི་མཚོན་ཚྭའི་ཁྱད་པར་རོ།། ཆརུ་བཞིན་འབབ་པ་ནི་དེའི་ཕྱིར་རྗེས་ལའོ།། འཁྲིགས་པ་ནི་གཡོགས་པའོ།། རྣ་བ་ནི་ཉན་པའོ།། བུད་ཤིང་སྐམ་པོར་བཅེར་བ་ལྟ་བུ་ལས་མཆེད་པ་ནི་ལྟོས ་པ་མེད་པར་སྲེག་པར་བྱེད་པའོ།། ཅི་ཞིག་གིས་ཤེ་ན་མེས་སོ།། ཀུན་བྲེད་པ་ནི་རང་ངོ་།། རྡོལ་པ་ནི་མྲྀག་དང་མགོ་བོ་སྟེ། ཐོད་པ་ཡང་ཡིན་ལཱ་ཀླང་རྒྱས་ཀྱང་ཡིན་པས་མགོ་བོའི་ཀླད་པའོ།། སྡུག་གནག་ནཱི་དམར་སེ་ར་རོ།། ་འབར་བ་ནི་རྩེ་མོའོ།། དེ་དག་གི་དུས་གང་ཡིན་པའོ།། མཆད་པ་ནི་སྐྱེད་པར་བྱེད་པའོ།། ཡང་གང་གི་ཕྱིར་སྲོག་ནི་འཚོ་བའོ།། ཨུས་སྒྲུ་བ་ཉིད་ནི་པྱེ་ལའོ།། དེར་ཟད་པ་སེམས་ཅན་དེ་དག་ཉིད་དོ།། འདི་དག་ཉིད་ནི་མེ་ལ་སོགས ་པའི་དམྱལ་བའི་ལས་ཀྱི་དབང་དུ་བྱས་པ་མི་བཟད་པ་ཉིད་དུ་འགྱུར་རོ།། འདི་ཉིད་ལས་ཀྱི་དབང་དུ་བྱས་ནས་འཁྲུགས་པར་སྣང་བྱའོ།། སྤྱོད་པ་ནི་ཀུན་དུ་སྤྱོད་པ་གང་ཡིན་པའོ།། འཕྱེས་རྣམསུ་ནི་འཇིགས་པས་གཡེངས་པ ་རྣམས།། སྤྱོད་མཚུངས་ནི་གསོད་པར་བྱེད་པའོ།། སྐྱེ་བ་ནི་སྐྱེས་པའོ།། ངང་ཚུལ་ནི་སྤྱོད་པའོ།། ཐོབ་པོ་ནི་དམྱལ་བ་ལ་སོགས་པའོ།། དགེ་པ་ནི་ཞི་བའོ།། ལྷགས་པ་ནི་གཞན་གྱི་དོན་ཕུལ་དུ་བྱུང་བའོ།། ལམ་ནི་རྟེན་ནོ།། ་ན་མཁའ་ལྡིང་ནི་བྱ་ཁྱུང་ལ་སོགས་པའོ།། ཀླུ་ནི་ནོར་རྒྱས་ལ་སོགས་པའོ།། ལག་པས་འགྲོ་བས་ན་ལོག་འགྲོས་ཏེ་སྦྲུལ་ལོ།། བརྟུན་པ་ནི་བརྩོན་འགྲུས་དང་ལྡན་པའོ།། དོན་ནི་གོ་བགོས་པའོ།། བརྣག་པ་ནི་དམ ་བཅས་པའོ།། མའི་དངོས་པོ་སྲུ་བ་ནི་མངོན་པར་སླུ་བའོ།། རྙེད་གྱུར་ནི་ཐོབ་ནས་སོ།། ཤིན་ཏུ་འཇོམས་པ་ཉིད་ནི་དགེ་བའི་ལས་སོ།། ལས་དང་བྱེད་པ་པོ་གང་གིས་དེ་ཉིད་དམྱིགས་པ་ནི་བྱས་པས་སོ།། ་གླང་གི་ཕྱིར་གནས་པ་ནི་ཡུན་རིང་པོར་གནས་པ་སྟེ།། དེའི་ངེས་པ་མེད་པའོ།། ཤུགས་དྲག་རླུང་གྲིས་བསྐྱོད་པ་ནི་གཡོ་བ་སྟེ།། མར་མེའི་རྩེ་མོ་རླུང་གིས་བཏབ་པ་བཞིན་དུ་གཡོ་བས་སོ།། ཟུར་གྱིས་བལྟ་བསཽ་ཟུར་མིག ་གིས་ཏེ།། ཟུར་མིག་དུ་བྱས་པའོ།། དབྱུག་པ་ནག་པོ་གང་གིས་སོ།། སོ་གཱ་མེ་ཏོག་རྒྱས་པ་ནི་མེ་ཏོག་ཁ་བྱེ་བའོ།། མི་དགའ་བ་ནཱི་སྐྱོ་བའོ།། ཤིན་ཏུ་ནི་མཆོག་ཏུའོ།། ཟད་པར་འགྱུར་བ་ནི་གོད་པར་འགྱུར་བའོ།། རི་རྩ ་ནགས་ཀྱི་མཐོངས་དེ་རཾ་ནྀ་ཤིང་ལ་སྩོགས་མེད་པའི་ཕྱོགས་སོ།། དཀྱིལ་འཁོར་ནི་གཟུགསསོ།། རྒྱས་པ་ནི་ཡོངསུ་རྫོགས་པའོ།། ཆར་སྤྲིན་ཉིད་ནི་སྐ་རགས་ཏེ། རྐེད་པ་བཅིངས་པ་དང་གང་དག་ཡིན་པའོ།། ཉམས་དགའ་བ་ནི ་མཐོ་རིས་ཀྱི་སྐྱེད་མོས་ཆེལ་གང་ཡིན་པའོ།། ས་གཞི་དེ་ཉིད་བསྔགས་པའི་ཕྱིར་ཀཾ་ནི་རྐྱེན་སྦྱིན་ནོ།། ལྷ་མོ་ནཱཾ་ལྷའི་ཆུང་མ་ཞེས་བྱ་བའོ།། ཉམ་བགྲ་དུ་ནི་བདེ་བར་རོ།། མཛེས་པ་ནི་སྤང་བར་རོ།། བསྐལ་པ་བཟང་པོ་ནི་དགའ ་བྱེད་པའོ།། ལྷབ་ལྷུབ་མེད་པ་ནི་གཡོས་སྤྱོད་པ་མེད་པའོ།། རབ་བདེ་བ་ནི་ཤིན་ཏུ་དྲི་མ་མེད་པའོ།། དབེན་པ་ནི་སྐྱེ་བོ་མེད་པའོ།། དྲི་ཞིང་བསྐུས་པ་ནི་ཁྲུས་ཀྱིས་འདག་རྫས་སོ།། དེ་ནས་ལན་བུ་རྒྱན་དུ་ཐོགས་པ་ནི་རྒྱུན ་ལྡན་ནི་དེ་དག་ཕྲན་ཚུན་འདྲེས་པར་གྱུར་པས་སོ།། རྒྱུན་ནི་གང་ཞིག་མཐོ་རིས་ཀྱི་ཆུའོ།། དེ་དག་དགོད་པ་ནི་ཁ་བྱ་བས་སོ།། རང་ཉིད་རྩེ་བ་དང་རོལ་པས་ཉེ་བར་དགོད་པའི་རང་བཞིན་གང་ཡིན་པའོ།། ལྷ་ནི་ལྷ་མོའོ། ་སྐྱེ་བོ་ལྟ་བ་ལྟུ་བ་མེད་པ་ནི་གྲོགས་མི་ད་པའོ།། ཆུང་ང་བྲལ་བ་ནི་ངོགས་ཀྱི་གླེ་མའོ།། ཕུག་གིས་སྒྲོགས་པ་ནི་སྙན་པར་ཐོས་པའོ།། འདོད་ཆགས་དང་བྲལ་བ་ནི་སྲིད་པ་ལས་ཡིད་བྱུང་བའོ།། ཕུན་སུམ་ཚོག ་པ་ནི་འབྱོར་པའོ།། ཁོར་ཡུག་ནི་མཐར་ཐུག་པའི་ལོངས་སྤྱོད་པ་གང་ཡིན་པའོ།། ཕྲེང་ནི་གླལོ།། ཉེར་སྤྱོད་ནི་འཁོར་དུ་གནས་པའོ།། གང་དག་འདོད་པ་ལ་ཆགས་པ་རྣམས་ནི་དམྱལ་བར་ལྟུང་བར་འགྱུརརོ།། ་དག་འདོད་པ་སྤང་བར་བྱ་ཞེས་པ་ནི་ལྷག་མཾའོ།། དཔག་བསོམ་མཚུངས་པ་སྟེ། རྨི་ལམ་ཉིད་ན་དེ་དང་རྩེ་བ་ལ་སོགས་པ་རྙེད་པར་དཀའོ།། འཁྲུལ་པ་ནི་ནོར་པའོ།། སླུ་པ་ནི་སླུ་བར་བྱེད་པའོ།། བདེ་བ་ནཱི་དགའ་བའོ།། ་རྣམ་པར་སྨིན་པ་ནི་སྨིན་པའོ།། ཚ་བ་ནི་རྣོ་བའོ།། རྨོངས་པ་ཉིད་ནི་གཏི་མུག་པར་བྱེད་པ་དེའི་ཕྱིར་རོ།། འཐིབས་པོར་བྱེད་པ་ནི་ཀུན་དུ་སྤྱོད་པའོ།། ངེས་པར་བརྟགས་པ་ནི་རྣམ་པར་སྤྱད་པའོ།། མཆོག་ནི་བདེ་བ་སྦྱིན ་པར་བྱེད་པའོ།། མི་བཟད་པ་ནི་འཇིག་སུ་རུང་བའོ།། དུག་ཉིད་མི་འདོད་འདོད་པའི་འབྲས་བུ་སྦྱིན་པའོ།། དུག་ཉིད་དང་ལྡན་པས་ནི་དུག་ཉིད་རབ་ཏུ་ཞི་བར་བྱེད་པའོ།། དུག་སེལ་བ་ནི་སྨན་ནོ།། གསོར་རུང་བ་ནི་མཐུས ་བསྒྲུབས་པ་སྟེ། རིགས་པ་དང་ལྡན་པའི་སྦྱོར་བས་སོ།། རྨུགས་པ་ནི་སྲེད་པས་སོ།། རྙེད་པ་ནི་ཐོབ་པས་སོ།། ཀློངས་པ་ནི་གཡེངས་པས་སོ།། རྩེ་མྱོང་བ་ནི་རིགས་ཀྱི་མྱོང་བྱ་ལ་སོགས ་པཱའོ།། ལྷའི་བུ་མོ་ནི་ལྷ་མོ་རཱིའོ།། འཁྱམས་པ་ནི་འཁོར་པའོ།། ཕྲ་པས་སྨྲས་པའི་སྡུག་བསྔལ་མྱི་བཟང་བསྟན་དགོས་སོ།། དཔག་བསམྱ་ཤིང་ལོ་གདིང་བ་ཀུན་བཀྲམྱ་པཱ་ནི་ནག་བཏིང་བཱ་འི་ཚོགས་གང ་ཡིན་པའོ།། མཛེས་པ་ནི་ཡིད་དུ་བྱོང་བའོ།། རྩེ་བ་ནི་ལྷན་ཅིག་རྩེ་བར་བྱེད་པའོ།། རྩེ་མོ་ནི་རྣཾ་བྱའོ།། འཁྲུགས་པ་ནི་ཀུན་ནས་གཡེངས་པའོ།། རྐང་བཞག་ནི་གནས་སུའོ།། ནེམས་དང་པར་ནི་མཐོ་བ་དང་དམའ ་པའོ།། རྡུལ་ཉིད་ནི་རྡུལ་ལོ།། མེ་ཚིགས་ནི་ཐལ་ཚུན་གྱི་མེའོ།། ཚ་བཱ་ཉི་ནི་མེ་མར་མུར་དེ་ལྱའོ།། བྱེམ་བསྲེག་པ་ནི་མ་བསྲེས་པའི་ཚོགསོ།། ཞིག་པར་བྱེད་པ་ནི་རྐང་པ་དང་། བརྻ་དང་། ལག་པ་གང་ཡིན་པ་རྣམསོ།། མུན ་ནག་ཐིབས་པོ་ནཱི་མུན་ནག་གིས་གཡོགས་པས་སོ།། མི་བཟུང་པ་ནི་འཇིགས་པ་འབྱུང་བའོ།། གནས་པ་ནི་ཡུན་རིངས་པར་གནས་པ་གང་ཡིན་པའོ།། དཔག་མེད་ནི་ཆུང་མེད་པའོ།། མཐའ་དང་ཕ་རོལ ་དག་ཡོད་པ་མ་ཡིན་པ་གང་ཡིན་པའོ།། དྲིལ་བུ་འཁྲོལ་བ་ནི་ཁ་ནས་སྒྲ་འབྱིན་པའོ།། མཛེས་པ་ནི་བརྒྱན་པའོ།། འཁྲོལ་བ་ནི་དྲིལ་ཆུང་དེ་དག་གོ།། དེ་མུ་ཏིག་ཕྲེང་བའི་ཚོགས་ནི་ཞེས་པ་སྟེ། ལྷག་གེ་བ་ནི ་མཛེས་པའོ།། འོད་ནི་ལྷའི་ཁྱོགསོ།། མགོ་རྒྱན་ནཱི་ཅོད་པན་ནོ།། དམྱར་བ་ནཱི་ཁ་དོག་གོ། རྐང་རྟེན་ནི་རྐང་པའི་གདན་ནོ།། དེརརཱ་འགྲོ་བྱ་ནི་རབ་ཏུ་སྤྱོད་པའོ།། རབ་ཏུ་རྙིངས་པ་ཞེས་པྲ་ནཱི་ཨ་ཏ་ངི་ལ་ཨཱ་ན་རའི་རྐྱེན ་བྱིན་པའོ།། འཛག་པ་ནི་རྡུལ་འཛག་པ་སྟེ། རྡུལ་གྱིས་ལུས་པོ་ཀུན་གོས་པའོ།། དྲི་མ་ཆགས་པ་ནི་རྙིངས་པ་སྟེ། གོས་གང་ཡིན་པའོ།། དེ་བཞིན་དུ་སྙིང་རྗེས་སྨྲ་ཞིང་ཉེ་དུ་རྣམས་ཀྱི་ཚོགས་ལ་ལྟ་བའོ།། འགྱུར་བ ་ནཽ་ཐོ་ག་ཏྲ་སྟེ། ཤིན་ཏུ་སྡུག་བསྔལ་བའོ།། སྟུག་བསྔོལ་དེ་ནི་མི་རྣམས་ལ་མེད་དོ།། སྡུག་བསྔལ་གྱི་མ་ཚོགས་སྤུངས་པ་ནཱི་གྲང་བའོ།། དེ་ནི་གཤིན་རྗེས་འཇིག་སུ་རུང་བའོ།། བདྲེ་བར་མངོན་པའི་ང་རྒྱལ་བྱེད་པ་ནི ་བདེ་བའི་སྒྲོ་འདོགས་པའོ།། བྱེད་པ་ནི་པ་དྷྱེ་བའོ།། དེ་ལ་བདེ་བ་སྙམ་ང་རྒྱལ་བྱེད་པ་ནི་འཇོམས་པར་བྱེད་པའོ།། གཤིན་རྗེའི་ཁུར་འཇུག་པར་བྱེད་ཅེས་པའི་དོན་ཏོ།། དེ་ཞེས་པ་ནི་བདེ་བར་མངོན་བྱར་རློམ་པར་བྱེད ་པའོ།། གཤིན་རྗེ་ལ་སྦྱིན་པ་སྟཽ། སྲེད་པའི་རདྭ་བཞིན་བརྟན་པས་ཐིག་གུ་རིང་པོ་སྟེ། གང་ཞིག་དེའི་དོམ་གཞག་སྟེ། སྡོམ་པའོ།། བཏབ་པ་ནཱི་གཟུང་བའོ།། ལོག་པར་སྨོན་པ་ནི་དོན་དུ་གཉེར་བའོ།། འཇིགས་པོ ་ནི་འཛག་སུ་རུང་བའོ།། དབྱུག་པ་ནག་པོ་གང་ཞིག་གིས་སོ།། སྲེད་པ་ནི་གོས་པའོ།། མཆོག་ཏུ་ནི་ཕུལ་དུ་བྱུང་བ་ཉིད་དོ།། བདེ་བས་སེམས་པ་ནི་དམྱལ་བ་རྣམསོ།། ཁྲོས་ཏེ་གཟས་པ་ནི་བརྡེགས་པས་སོ།། ་མགོ་བསྟོད་པ་ནི་གང་དུ་སྐད་ཅིག་གོ། དབུགས་ཕྱིན་ཐོབ་པ་ནི་གང་ཞིག་གྲོལ་ཞིང་ཐར་པས་སོ།། བསྐོལ་བའི་ཚ་བ་ནི་རྗེསུ་འཆི་བྱས་སོ།། དེའི་དྲན་པ་ནི་དེ་ཉིད་མྱུར་བས་སོ།། ཟངས་ཆེན་ནི་བཤང་བའི་ཆུ ་གང་ཡིན་པས་སོ།། དེའི་ཕྱིར་ཡང་ཁ་ཅིག་ལས་སོང་པོ་ནི་རྣམ་པར་གཡེངས་པོ་ཞེས་ཀྱང་བརྗོད་དོ།། ཁམ་འགའ་ནི་ཁམས་ཅིག་གོ།། སྲེད་པ་ནི་ཞེན་པས་སོ།། མི་བཟད་པ་ནི་བཟོད་པར་དེཀའ་བའོ།། དབང་མེད་རྟག་ཏུ་ནི་གང་དུ ་བརྗིང་བྱས་བཅིངས་པ་སྟེ། དེ་ནི་རྟག་ཏུ་སྟེ་ཉིན་དང་མཚན་དུ་ཞེས་པའི་དོན་ཏོ།། ཅི་ཞིག་ལྟར་ནི་གཞན་དབང་དུའོ།། སྐྱེད་པ་ནི་སྐྱེད་པར་བྱེད་པའོ།། ཤིན་ཏུ་ནི་ཕུལ་དུ་བྱུང་བ་བསྣམས་པ་ཉིད་དོ།། རྣམ་འཕེལ་ནི་རྒྱས་པར་རོ།། བསྒོམ ་པུ་ནི་གོམས་པར་བྱས་པའོ།། རྩེ་མོ་ནི་འབར་བའོ།། མི་སྡུག་པ་ནི་མི་མཛེས་པའོ།། སྙོམས་བྱེད་པ་ནི་མཚུངས་པར་བྱེད་པའོ།། མི་བཟོད་པ་ནི་བཟོད་པར་དཀའ་ཉིད་དོ།། ཡིང་དེ་དག་གོ་ཁྲོ་བ་ནི་འགྲོ་བ་དྲུག་པ་རྣམས་ལ་སོ་གང་ཡང་རུང་བར ་སྨྱེསྐྱེ་བྱའོ།། མུ་སོང་བྷྱོ་ནི་མྱ་ཐོབ་པའོ།། མཛེས་པ་ནི་སྟུགྷྲ་བྷི་སྟེ། གང་ཞིག་དག་ར་བའོ།། དེ་སོང་ནི་དེ་ཏྟཨཱརྱ་ཡང་ངོ་།། འདོད་རྒྱགས་ནི་ཞེན་པའོ།། གནས་མ་བཅས་པ་ནི་གནས་པར་མ་བྱསྡུ་པ།། གླུ་ནས་ནི་གྲཝཞིའོ།། ཕྱོགས་ནི ་ཕྱོགས་གཅིག་གོ།། སོང་བ་ནི་བགྲོད་པར་བྱས་པའོ།། སྡུག་བསྔལ་གྱི་གང་བའི་ཕྱིར་དགང་དཀའ་བའོ།། ཉམས་སུ་མྱོང་བ་ནི་ཐོབ་པའོ།། འདོད་པ་དེ་དག་མེད་པ་ནི་རྒྱུར་གྱུར་པ་གང་ཞིག་གིས་ཚིམ་པ་ནི་ཞེན་པ་ལོག་པའོ།། ་ཉལ་བ་ནི་ཉལ་བར་བྱས་པའོ།། སྐྱེ་བ་བླངས་པས་ཞེས་བྱ་བའི་དོན་ཏོ།། ཡོངསུ་འཛིན་པ་ནི་ཡང་དང་ཡང་དུ་སྐྱེ་བུ་ལེན་ནོ།། རྒྱུ་རྒྱུན་ནི་ཤིན་ཏུ་རྒྱུས་པར་རོ།། འཇིགས་པ་ནི་འཇིག་སུ་རུང་བའོ།། གནས་ནི་གདེངས་ཀའོ།། ་སྡུག་བསྔལ་ཉམ་སུ་མྱོང་བ་ནི་ལུས་ཀྱིས་སོ།། གླང་ཞིག་དང་རྡུལ་གྱིས་བཙེས་བྱསོ།། ཚོགས་པ་ནི་བདག་ཉིད་དོང་ཚོགས་ནས་སོ།། ལྷན་ཅིག་འདུག་ནས་བྱ་གད་པར་བྱས་པ་དང་། རྩིས་པ་ནི་རྩེད་མོ་དང་། གླུ་ནཱི་རབ་ཏུ་བླངས ་པ་དང་། འཐུངས་པ་ནི་བཏུང་བ་བྱས་པ་དང་། གཅིག་ཏུ་ཞན་པ་ནི་ཚོགས་བྱས་སོ།། ཟོས་པ་ནི་བཟའ་བའོ།། དགའ་བ་མཐུན་ནི་བརྗོད་པས་སོ།། དུས་ནི་མེ་ཏོག་དང་ལྡན་པའོ།། དེངསྭ་པ་ནི་ཁྱེར་ནས་གཞུང་ཁོ་ཊྭཱཾག་ལས་ནི ་དུས་ཀྱི་རིམ་པས་ཞེས་པ་བརྗོད་དོ།། གནས་སྐབས་ནི་གནས་པའི་བྱེ་བྲག་གོ། མཉམ་པ་ནི་བདེ་བའི་སྦྱིན་པའོ།། ཅི་ཞིག་ལྟར་ནི་དཀའ་བས་ཞེས་པའི་དོན་ཏོ།། སྐྱེ་ཤི་ནི་སྐྱེས་པ་དང་ཤྲི་བའི་རྒྱུན་ཏེ། དེའི་འཕོ་བ་ནི་ཡང་དང་ཡང ་དུའོ།། སྣང་བཞིན་དུ་ཆུད་ཟོས་པའོ།། ཀློང་ནི་ཆུའི་འཁོར་བའོ།། གཅིག་ཐར་ནི་གཅིག་ཏུའོ།། འདི་ནི་ཉོན་ཐོས་རྣམས་སོ།། དཀའ་བ་བྱས་པ་སྟེ། དེའི་ཕྱར་བོར་པ་སྟེ། དེའི་ཕྱིར་བོར་བ་སྟེ་དོར་བར་བྱས་པའོ།། མཱི་ནུས་པ་ནི་རཱང ་དབང་དུའོ།། ནུ་ཞོ་ནི་འོ་མའོ།། བྱམས་པ་དང་རྗེསུ་འབྲེལ་པ་སྟེ། དེའི་མའོ།། ངལ་བ་རྩེ་བ་ལ་སོགས་པའོ།། གཅིག་པུ་བསྟེན་པ་ཞེས་བྱ་བ་ནི་རྐྱེན་སྦྱིན་ནོ།། མ་རབས་ནི་ཆོམ་རྐུན་ནོ།། གང་གི་ནི་མ་རྣམས་ཀྱིའོ།། འང་གི ་སྒྲས་ནི་སྤང་དུའོ།། བདག་གི་བུར་གྱུར་ཅེས་བྱ་བའི་སྐབས་གང་ཡིན་པའོ།། རྩེ་བག་སེམས་ནི་རྣམ་པར་གཡེངས་པས་སོ།། འདི་བླངས་པ་ནི་ཟོན་དང་བཅས་པའོ།། འདི་ལྟར་ནི་བྱིས་པའོ།། པད་པ་ནི ་པདྨ་དུ་བླངས་པ་དེ་སྲིད་དུའོ།། བཙའ་བ་ནི་ཐོབ་པའོ།། ཁོང་དུ་ནི་འཛིན་པ་ལ་སོགས་པས་སྡུག་བསྔལ་བ་ཉིད་དོ།། སྐྱབས་ནི་སྐྱོབ་པའོ།། བརྩེ་བའི་རང་བཞིན་ནི་གཞན་སྡུག་བསྔལ་བ་ནི་འདི་མི་སྲིད་པའོ།། འགྲོ་བ་བཟློག་པ་ནི ་བགྲོད་པའོ།། དབང་མེད་པ་ནི་གཡེངས་པའོ།། གཞན་ཞེས་པ་ནི་སེམས་ཅན་ནོ།། སྐད་ཅི་ག་ཀྱང་རངས་པར་བྱས་པ་ནི་དེ་དགའ་བ་གང་ཡིན་པ་དེ་དང་འདྲ་བ་སྟེ། མཚུངས་པར་ཡོད་པའོ།། དེ་ཅིའི་ཕྱིར་ཞེ་ན། བཀྲེས་པ་ནི ་ལྷོགས་པའོ།། སྲེད་པ་ནི་ཞེན་པའོ།། ཚ་བ་ནི་རྡུལ་འབྱུང་བ་གང་ཡིན་པའོ།། བྲལ་བ་ནི་མེད་པའོ།། དེས་དགའ་བ་བཞིན་སྡུག་པ་ནི་མཛེས་པ་གང་བའོ།། སྐྱེས་པ་ནི་རྒྱུའོ།། བཞོན་པ་ནི་གླང་པོ་ལ་སོགས་པའོ།། ཉེ་བར་ནམ ་བ་ནཱི་གཡོགས་ལ་སོགས་པའོ།། ཇི་ལྟར་ཡང་ནི་རྣ་བ་གྷྲ་གིས་ཀྱང་ངོ་།། ཤིན་ཏུ་ནི་འདུས་པསོ།། ནཱ་ནི་སྔོ་རྣམས་སོ།། དེའི་ཁིམ་འགའ་ནི་ཁམ་གཅིག་གོ། དེ་ཡང་མི་རྙེད་པའོ།། གང་འདོད་པ་ཇི་ལྟར་འགའ་ཞིག་ཏུའོ།། ་འདི་ནི་བསྡུས་པའོ།། བརྩོན་པ་པ་ནི་རྩོན་པར་བྱེད་པའོ།། རང་ནི་བདག་ཉིད་དོ།། བརྗོད་པ་ནི་ནུས་པའོ།། བདེ་བ་འདི་ཡང་འདིའོ།། སྐྱེས་བུ་ནི་སྐྱེས་བུའི་བྱེད་པའོ།། ངོ་མཚར་བ་ནི་རྨད་དུ་བྱུང་བའོ།། སྣང་བ་ནི་གསལ་བའོ།། ། ་མི་རྩེགས་པ་ནི་མ་ཆུད་པའོ།། མཁས་པ་ནི་ཀུན་བརྟགས་པསྟེ།། རང་བཞིན་དེ་འདྲ་བ་ནི་རང་གི་ངོ་བོ་དེའོ།། འདི་ནི་འདི་ལྟ་བུར་གྱུར་པའོ།། ཕན་དང་བདེ་བའི་རོ་ནི་དབུགས་འབྱིན་པའོ།། གཅིག་གཞོལ་བ་ནི་རོ་མྱང་བའོ།། མ ་རིག་པ་ནི་རྨོངས་པའོ།། དེ་ཉིད་ནི་དུ་བའོ།། དེ་ཉིད་ནི་མུན་པར་བྱེད་དོ་ཞེས་པ་ནི་མུན་པར་རོ།། དེའི་སྤྲིན་ནི་གཡོགས་པ་སྟེ། ཁྱབ་པས་ན་དེར་འཁྱིགས་པའོ།། བོང་བ་ནི་སྱའོ།། མ་ཐོ་བ་ནི་ཁྱད་པར་འགྲོ་བའི་འཁྲུགས་པར ་འགྱུར་བའོ།། ནང་དུ་ནི་སྤྱོད་པ་གང་ཡིན་པའོ།། ལྟུང་བ་ནི་དམོའ་བར་རོ།། ཐོད་ནི་དཀྲིས་པའོ།། ཐོད་ལ་མེ་མཆེད་འབར་བ་ལྟོ་བུ་ནི་མཚུངས་པའོ།། མགོ་དང་ཐོད་པ་མེ་ཤོར་བ་དང་མཚུངས་པ་ཞེས་པའི་དོན་ཏོ།། སྐྱེས་བུ་ནི ་སྐྱེས་བུའི་ཡོན་ཏན་དང་ལྡན་པ་ཞེས་པའི་དོན་ཏོ།། འཇུག་པ་ནཱི་ཞུགས་པའོ།། མནར་མེད་པ་ནི་ང་ལ་སོ་བ་དང་བྲལ་བའོ།། གང་བ་ནི་ཁྱབ་པའོ།། གཞན་གྱི་དོན་དུ་ནཱི་གཞན་གྱི་ཆེད་དུའོ།། གྲངས་དང་ཟླ་འོད་ལྟ་བུ་ནི་ཇི་ལྟ་བ ་མཽང་གིས་བསིལ་བར་འགྱུར་པ་ལྟ་བུའོ།། དགའ་བས་ལྟུང་བ་ནི་བ་སྤུ་ལྡང་བྱ་ནི་བ་སྲུ་སྟེ། ལུས་ཀྱི་བུ་སྤུ་ལྡང་བ་གང་ཡིན་པའོ།། ཁ་བྱ་བ་ནི་རྒྱས་པའོ།། པདྨ་ནི་འདམ་སྐྱེ་སོ་ཞེས་བྱ་བའོ།། དེ་ཉིད་ཀྱིས་ལྷག་གེ་བ་གང་ཡིན་པའོ།། ་འདུས་པ་ནི་གནས་པའོ།། མཁས་པ་ནི་སྐྱེས་བུ་དམ་པའོ།། ཆས་པ་ནི་བསྐོར་ནསོ།། དགའ་བའི་ཚལ་ནི་ལྷའི་སྐྱེད་མོས་ཚལ་ལོ།། བསྒྲལ་བའི་ཕྱིར་ནི་གཞུག་པའི་ཕྱིར་རོ།། རྒལ་བར་གྱུར་པ་ནི་བྱང་ཆུབ་སེམས་དཔར ་བསྟན་པ་སྟེ།། དམྱལ་བའི་ལས་ལས་ཡང་དག་པར་འདས་པའི་ཕྱིར་རོ།། དབའ་རླབས་ནི་ཐ་དད་པའོ།། དེའི་ཚི་ལ་ཚིལ་ནི་ཕན་ཚུན་འདྲེས་པར་གྱུར་པའོ།། དེས་རེག་པ་ནི་ཕྲད་པའོ།། དེས་ན ་བདེ་བའོ།། དེ་ལྟར་ན་རྣམ་པ་གཞན་གྱིས་ཞེས་བྱའོ།། བསྟེན་པར་བྱེད་པར་བྱེད་པ་ནི་བདག་ཉིད་དོ།། རྒྱན་གྱིས་ནི་ཕྱིར་སྤྱིར་རོ།། བརྒྱན་གྱུར་ནི་སྙིང་པོའོ།། ཞི་བ་ནི་དཔལོ།། བདུད་རྩི་ཉིད་ནི་བདུད་རྩི་སྟེ། ཡོན་ཏན་གྱི་རྟེན་ཡིན ་པའི་ཕྱིར་རོ།། ཡངས་པ་ནི་རྒྱ་ཆེ་བའོ།། གསལ་བྱ་ནི་མར་མེ་བཞིན་ནོ།། རྙེ་དོ་དཀའ་བས་ནི་སྡུག་བསྔལ་བས་རྙེད་པོའོ།། དགའ་བར་བྱེད་པའི་ཕྱིར་དགའ་བ་སྟེ་དགའ་བར་བྱེད་ཅེས་པའི་དོན་ཏོ།། ཞི་བ་ནི་ཐར་བྱའོ།། བཀྲིསཱ་ནཱི ་དགའོ་བའོ།། བསྟེན་པ་ནི་གོམས་པར་བྱེད་པའོ།། མེ་ཏོག་ཉིད་ནི་མེ་ཏོག་གོ། འབྲས་བུ་ནི་འབྱིན་ཕྱིར་བྱེད་པ་སྟེ། གང་གི་ཕྱིར་ལྗོན་ཤྲིང་རྣམས་ཀྱི་མེ་ཏོག་ཉིད་ནི་འབྲས་བུ་སྟེ། ལོ་མ་ལ་སོགས་བའོ།། དྲོན་ཚོགསྱ་ནི་མི ་རྟག་པ་ཉིད་རྗེསུ་གནས་པའོ།། སྦྲང་རྩི་ནི་མེ་ཏོག་གི་སྙིང་པོའོ།། མཆོག་ནི་རབ་ཏུ་གྱུར་པའོ།། དོན་དུ་གཉེར་བ་ནི་ལྟ་བའོ།། སྤོང་བ་ནི་འདོར་བའོ།། རྟག་ཏུ་ནི་རྒྱུན་དུའོ།། འཚེ་བ་ནི་རྙེད་དཀའ་བའི་ཉེས་དམིགས་སོ།། ་འཁྲུགས་པ་ནི་རྣམ་པར་གཡེངས་པ་སྟེ་དག་པ་ཉམས་པའི་ཕྱིར་རོ།། སྐད་ཅིག་ལ་འཇིགས་ནི་ཆུད་ཟོས་པ་སྟེ། དེས་སྣ་འདི་ལ་ཆགས་པ་ཡོད་པ་ཞེས་བྱ་བའོ།། དབེན་པ་ནི་མཐའ་གཅིག་ཏུ་ངེས་པའི་རང་བཞིན ་དེ། མཐའ་ཅིག་ཏུ་ཞི་བས་སམ་དབེན་པས་སོ།། སོལ་བ་ནི་སྤངས་པས་སོ།། རབ་རིབ་ནི་མི་ཤེས་པ་སྟེ། གཏི་མུག་རང་བཞིན་ནི་གཙུག་ཕུད་གང་ཡིན་པའོ།། ནི་ནི་གང་གི་ཕྱིར་རོ།། རྟེའུ་སྐྱེས་མ་ཐག་ནི་ཡུན་རིང ་པོར་གཉིད་སྟེན་པར་འགྱུར་དྭའ་མ་ཡིན་ནོ།། དེ་བཞིན་དུ་བསྒོམ་པའི་དུས་ན་ཡང་མི་ཤེས་པའི་གཉིད་ཡུན་རིང་པོ་རཾ་སྟེན་པ་མ་ཡིན་ནོ།། འདུལ་བ་ནི་བསླབ་བྱའོ།། ཆེ་བ་ནི་རྒྱས་པོར་རོ།། ཤིང་ནི་སྙིང་པོའོ།། བཟོད ་པ་ནི་གནས་སྐབསོ།། ལོ་མ་ནི་གཡོགས་པའོ།། སྨོན་ལྱམ་ནི་སྨོན་པའོ།། རྩེ་མོ་ནི་ཅོ་དོའོ།། སྲིད་པ་ནི་མྱ་དྲན་ཏེ། ཆུས་དབེན་པའི་ས་གཞིའོ།། གཅིག་ནི་གཙོ་བོ་སྟེ་གྲིབ་མ་ལ་སོགས་པ་ཕུན་སུམ་ཚོགས་པའོ།། ་གསལ་བ་ནི་གྲགས་པའོ།། ཡངས་པ་ནི་རྒྱ་ཆེ་བའོ།། མཚོ་ཟབ་པ་ནི་དེའི་གཏིང་དུའོ།། རབ་ཏུ་དང་པ་ནི་དྲི་མོ་མེད་པ་སྟེ། བསམ་པའི་གནས་སྐབས་སམ་སེམས་གང་ཡིན་པའོ།། པ་མོ་ནི་བསིལ་བའོ།། སྦྲུལ་གདུག་ནི ་ཆུ་སྲིན་ལ་སོགས་པའོ།། སྟིང་ནི་རྩཝ་ལ་སོགས་པའོ།། བག་མེད་པ་ནི་མུན་པའོ།། རབ་ཏུ་གཙང་པ་ནི་བདེ་བཱ་སྦྱིན་པའོ།། སྲེད་པ་ནི་ཞེན་པའོ།། བརྟུན་པ་ནི་ཀུན་ཏུ་དཀྲུགས་པའོ།། དེ་ཉིད་ཁུར་ཡིན་པས་ཁུར་ཚའོ།། སྨྲ ་བ་ནི་བརྗོད་པའོ།། གྲགས་པ་ནི་ཡོན་ཏན་གྲགས་པའོ།། རྒྱུན་ནི་འབྱུང་བའོ།། ཤུགས་དྲག་ནི་ཤུགས་ཀྱིས་འབབ་པའོ།། བསྐྱོད་པ་ནི་བསྐུལ་བའོ།། རྡུལ་རབ་ཞི་པ་ནི་རྡུལ་ཕྲན་ནོ།། གང་གིས་བསྒྲུབས་པ་ནི་ཐོབ ་པའོ།། དད་པ་ནི་གུས་པའོ།། རྟག་བདེ་བའི་ལོངས་སྤྱོད་ནི་གཟུགས་ལ་སོགས་པའི་ཡུལ་རྒྱས་པ་གང་ཡིན་པའོ།། རིམ་གྱིས་ནི་ཐོས་པ་ལ་སོགས་པསོ།། དགའ་བ་མེད་པ་ནི་སེམས་ཅན་ནོ།། འདིར་ཞེས་པའི ་དམྱལ་བའོ།། མཉམ་པ་ནི་འདྲ་བའོ།། པདྨ་སྣ་ཚོགས་པས་གླང་བའོ།། བཟོང་པོ་ན་དཔལོ།། རྒྱུས་ཤིང་ནི་རྫོགས་པར་རོ།། ཤོག་ཅིག་ནི་ཕུན་སུམ་ཚོགས་པར་རོ།། བརྣག་པ་བསམྱ་པའོ།། བདུད་དཔུང་ཕམ་པས་རྒྱོ་ངེས་འདེབས་པ་ནི ་སངས་རྒྱས་བྱུང་བ་གང་ཡིན་པས་སོ།། ལྷའི་ཆུ་ནི་ན་མཁའི་གང་བའོ།། དེ་ལ་རྩ་བ་ནི་རོལ་པོར་བྱེད་པསོ།། དེ་བཞིན་དུ་དགའ་བས་ན་དགའ་མཛད་དོ།། འདུ་བས་ནི་གན་དུ་འོངས་པའོ།། ལྷ་དང་མི་གང་དག་ཡིན་པའོ།། འཇོམས་པ་ནི ་མི་འཇུག་པའི་རང་བཞིན་ཏེ་བྱེད་པ་པོ་གང་ཡིན་པའོ།། ཆོས་ནི་གསུང་རབ་པོ།། དེ་ཡིས་ཀུན་དགོའ་བ་ནི་དགའ་བ་སྟེ་དེའི་རྒྱུན་ནོ།། དེ་ཉིད་ནི་དགའ་སྟོན་ཆེན་པོའོ།། འཕེལ་བ་ནི་གསལ་བའོ།། འཆི་བདག་ནི་གཤིན་རྗེའོ།། དོན་མེད་པ་ནི ་འབྲས་བུ་མེད་པའོ།། ཙན་དྲ་གོ་མའི་སྣང་བ་ནི་ཡེ་ཤེས་སམ་ཟླ་བའོ།། དོན་བྱས་པ་ནི་འབྲས་བུ་དང་བཅས་པའོ།། བསིལ་བ་ནི་རྣ་པའོ།། གཏམ་ཚོགས་ནི་ཀླགས་པ་ལ་སོགས་པའོ།། འཕེལ་པ་ནི་དེ་རྒྱུན་ནོ།། འཕགས་པའི་སྐྱེ་བོའི ་གཏམ་གྱིས་ནི་ཟླ་བའི་སྣང་བའི་དགེ་བར་གྱུར་པ་ཐོབ་པས་ཞེས་པའི་དོན་ཏོ།། སློབ་མེ་ལ་སྤངས་པའི་དཀའ་གྲེལ་སློབ་དཔོན་བཻ་རོ་ཙ་ན་རཀྵི་ཏས་མཛད་པ་རྫོགས་སོ།། ། ་རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཆེན་པོ་སུ་ག་ཏ་ཤྲཱི་མི་ཏྲ་དང་། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ། ་