| Wylie | e-texts produced with BDRC’s OCR application |
རྒྱུ་གར་སྐད་དུ། བྱཱགྷྲ་ཏ་པཱུ་ད་སཱུ་ཧྲིད་ལཾ་ཁནྡྷི་ཀྵ། བོད་སྐད་དུ། བཤེས་པའི་སྤྲིང་ཡིག་རྒྱུ་ཆེར་བཤད་པ་ཚིག་གླུས་ལ་བ། འཕགས་པ་འཛུམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ། ་ལོ།། སློབ་དཔོན་ཀླུ་གྲུབ་ཀྱིས་མཛའ་བོ་བད་སྤྱོད་ལ་སྤྲིང་ཡིག་ཡོན་ཏན་ཅན་འདི་བསྐུར་བས་ན་བཤེས་པའི་ཕྲིན་ཡིག་ཅེས་བྱའོ།། དེ་ལ་ཡོན་ཏན་རང་བཞིན་ཞེས་བྱ་བ་ནི་བོད་པ་སྟེ། སྔོན་གྱི་དགེ་བའི་རྩ་བ་ལས་ངེས་པོར་སྐྱེས ་པའི་ཕྱིར། རང་བཞིན་ནི་རྒྱུ་ཡིན་ནོ།། དེ་ཉིད་ཀྱི་ཕྱིར།། དགེར་འོས་ཞེས་འཆུད་པར་འགྱུར་ཏེ། གྲང་ཞིག་འདས་པའི་དུས་ན་དགེ་བ་བྱེད་བྱེད་པ་དེ་ནི། ད་ལྟར་བྱུང་བའི་དུས་ནཱ། བདེ་བའི་སྐལ་བ་ཅན་དུ་འགྱུར་རོ།། འདིས་ན་འདི ་དམ་པའི་ཆོས་མཉན་པའི་འོས་ཉིད་ཡིན་པར་བཤད་དེ།། དེ་ལྟ་བས་ན་ཁྱོད་ཀྱིས་འཕགས་པའི་དབྱངས་འདི་དགྲ་གསན་པའི་རིགསོ་སོ་ཞེས་བྱ་བ་ཡིན་ནོ།། དེ་དག་སུ་སྣ་ནི་བྱས།། ཅིའི་ཕྱིར་ནི་བྱས་ཤེ་ན། བདག་གིས་ནི་དེ ་བཞིན་གཤེགས་པའི་གསུང་པས་སྙད་ལས་བྱུང་བ་ཡི།། བསོད་ནམས་འདུན་སླད་འཕགས་པའི་དབྱངས་འདི་དག། ཅུང་ཟད་ཅིག་བསྡེབས་ཞེས་བྱ་བ་སྨོས་སོ།། དེ་བཞིན་གཽཤེགས་པོའི་གསུང་བསྙད་ཅེས་བྱ་བ་ནི། རབ་ཏུ ་བསྟན་པ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ལས་བྱུང་བའི་བསོད་ནམས་གང་ཡིན་པ་དེ་ལ་འདུན་པའི་ཕྱིར་བདག་གིས། འཕགས་པའི་དབྱངས་འདི་དག་བསྡེབས་ཤིང་སྦྱར་གྱིས། གསན་པའི་རིགས་སོ་ཞེས་བྱ་བ་ཡིན་ནོ།། འཕགས ་པའི་དབྱངས་ཞེས་བྱ་བ་ནི་ཚིགས་སུ་བཅད་པའི་མིང་ངོ་།། དེ་དག་ཀྱང་ཅི་ཙམ་ཞིག་ཅེ་ན། ཅུང་ཟད་ཅིག་ཅེས་བྱ་བ་སྨོས་ཏེ། འདིས་ནི་ཚིག་མངས་པའི་འཇིགས་པ་སྤོང་བར་བྱེད་དོ།། རྣམ་པ་གཞན ་དུ་ན། ཡོན་ཏན་རང་བཞིན་ཞེས་བྱ་བ་ནི་ཡོན་ཏན་གྱི་ངོ་བོ་ཉིད་ཅེས་བྱ་བའི་ཐ་ཚིག་སྟེ། འདིས་ནི་འདི་དགེ་བྱ་ཉིད་ཡིན་པར་བཤད་དོ།། དགེར་འོས་ཞེས་བྱ་བ་ནི་དགེ་བར་འོས་པ་ཉིད་དེ། དགེ་བའི་ས་བསམ་པ་ཅན་གང་ཡིན་པ་དེ་ནི།། ་དགེ་བར་འོས་པ་ཡིན་ནོ།། དེ་བས་ན་དམ་པའི་ཆོས་མཉན་པའི་རིགསོ་ཞེས་སྟོན་པར་བྱེད་དེ། དགེ་བ་ནི་དེ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ།། ལྷག་མོ་ནི་སྔ་མ་བཞིན་ནོ།། གལ་ཏེ་ཁྱོད་ཀྱི་སྙན་དངགས་བཟང་པོ་མ་ཡིན་པ་འདི ་དང་མི་ཉན་ནོ་སྙམ་དུ་སེམས་ན་དེའི་ཕྱིར། ཇི་ལྟར་བདེ་གཤེགས་སྐུ་གཟུགས་ཤིང་ལས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀྱང་ཞེས་བྱ་བའི་སྒྲ་ནི། རྡོ་བ་དང་འཇིམ་པ་ལ་སོགས་པ་བསྡུའོ།། ཅི་འདྲ་ཡང་རུང་ཞེས་བྱ་བ་འདིས་ནི ་བཟང་པོ་འམ་བཟང་པོ་མ་ཡིན་པ་ཡང་རུང་ཞེས་བྱ་བའི་ཐ་ཚིག་གི། ཇི་ལྟར་ཤིང་ལས་དེ་བཞིན་གཤེགས་པའི་སྐུ་གཟུགས་བྱས་པ་ཅི་འདྲ་ཡང་རུང་བཟང་བ་ནི་གཞི་པོའི་ཁྱད་པར་ལ་མཁས་པ་རྣམས་ཀྱིས་མཆོད་པར་བྱ་བ་ཡིན། ་པ་དེ་བཞིན་དུ་བདག་གི་སྙན་དངགས་འདི་ཡང་ངན་ཞིང་བཟང་པོ་མ་ཡིན་པ་ཡང་། དམ་པའི་ཆོས་ཀྱི་གཏམ་ལ་བརྟེན་པའི་ཕྱིར་བསྔགས་པར་བྱ་བ་ཡི་ན་ནོ་ཞེས་སྟོན་པར་བྱེད་དོ།། བསྔགས་པར་བྱ་བ་ཡང་ཡིན་པའི་ཕྱིར། མཉན ་པར་བྱ་བ་ཡང་ཡིན་ནོ་སྙམ་དུ་དགོངས་པ་ཡིན་ནོ།། འོན་ཏེ་ཡང་དུས་དེ་བཞིན་གཤེགས་པའི་ག། ཁྱུ་རྣམས་ཤེས་ཟིན་བ་སྟོད་པས། སྱཱང་སྟན་དགས་འདུས་ནི་ཟློག་བྱ་སྙན་དུ་སྙོམས་ན་དེན་ཕྱིར། ཐུབ་པ་ཆེན་པོའི་བཀའ་ནི་སྤྱན་དགུ་འོག། ་ཁྱོད་ཀྱི་ཐུགས་སུ་ལྟ་ཡང་ཆུད་མོད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་ཞེས་བྱ་བའི་སྒྲས་ནི་ཐོས་པ་དང་རབ་ཏུ་བཤད་པ་དང་བསྒོམས་པ་དྲུག་བསྡུའོ།། འདི་སྐད་དུ་ཁྱོད་ཀྱིས་ཐུབ་པ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཱཀཱ ་སྙན་པ་དག་ལྟ་ཐུར་ཆུད་མོད་ཀྱི། འོན་ཀྱང་སྙན་ངོགས་འདི་སྨད་པར་བྱ་བ་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ།། ད་ཅིའི་ཕྱིར་ཞེ་ན། རྡོ་ཐལ་ལས་བགྱིས་དགུང་ཟླའི་འོད་ཀྱིས་ནི།། ཆེས་དཀར་ཉིད་དུ་ཅི་སྟེ་མི་བགྱིད་ལགས་ཞེས་བྱ་བ་སྨོས་སོ།། ནི ་ཞེས་བྱ་བ་ནི་ལྟར་ཞེས་བྱ་བའི་ཐ་ཚིག་སྟེ། འདི་ལྟར་རྡོ་ཐལ་ལས་བྱས་པ་རང་བཞིན་གྱིས་དཀར་བ་ཡང་ཟླ་བའི་འོད་ཟེར་རྣམས་ཀྱིས་བཟླས་པ་བཞིན་དུ་དཀར་པོ་ཉིད་དུ་བྱེད་བྱས་བཀའ་སྩལ་ཟིན་པ་ལ་ཡང་བཟླས་ན། ཆེས་གསལ་བ་ཉིད ་དུ་འགྱུར་བས་སྙན་དང་གྲཝ་འདི་སྨད་པར་བྱ་བ་མ་ཡིན་ནོ།། དེ་ལ་ཉོན་མོངས་པ་དང་སྐྱེ་བ་བག་ཆགས་དང་བཅས་ཏེ་མེད་པའི་ཕྱིར། ཐུབ་པ་ཆེན་པོ་དེ་བཞིན་གཤེགས་པའོ།། ལེགས་པར་གསུངས་པའི་ཕྱིར་སྙན་པ་ཡིན་ནོ།། འདི་མན ་ཚད་རྒྱལ་བས་སངས་རྒྱས་ཆོས་དང་ཞེས་བྱ་བ་ལ་སོགས་པ་ནི་ཆོས་བསྟན་པ་ཡིན་ནོ།། སྡིག་པའི་ཆོས་ལས་རྒྱལ་བའི་ཕྱིར།། རྒྱལ་བ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཏེ་ཇི་སྐད་དུ། སྡིག་པའི་ཆོས་ལ་ང་རྒྱལ་བས།། དེ་བས ་ཉེར་འགྲོ་ད་རྒྱལ་བ། སྐྱེས་གསུང་པ་ལྟ་རུའོ།། རྗེས་དྲན་བྱ་དྲུགྶ། རབ་ཏུ་བཀའ་སྨྲས་སྐྱེས་བྱ་བ་དྲུག་གང་སྨོན་འད་ལྟ་སྟེ། སངྱས་རྒྱུས་རྗེ་སྒོ་དྲན་པ་དང་། ཆོས་རྒྱས་དྲན་པ་དང་། དགེ་འདུན་རྣ་པ་དྲན་པ་དང་།། ་གཏོང་བ་རྗེས་སུ་དྲན་པ་དང་། ཚུལ་ཁྲིམས་རྗེས་སུ་དྲན་པ་དང་། ལྷ་རྗེས་སུ་དྲན་པའོ།། དེ་ལ་སངས་རྒྱས་ལ་དམིགས་པའི་དྲན་པ་ཉིད་རྗེས་སུ་དྲན་པ་ཡིན་ཏོ།། དེ་བཞིན་དུ་ཐམས་ཅད་ལ་སྦྱར་རོ།། ཡང་རྗེསུ་དྲན་པ་དེ་དག་ཇི་ལྟར་བསྒོམ ་པར་བྱ་ཞེ་ན། རང་རང་གི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སངས་རྒྱས་ལ་སོགས་པའི་སོ་སོའི་ཡོན་ཏན་རྣམས་ཀྱི་རྗེསུ་དྲན་པ་དེ་དག་རྗེས་སུ་དྲན་པར་བྱ་ཞིང་ཡིད་ལ་བྱའོ།། ཞེས་བྱ་བའི་ཐ་ཚིག་གོ།། འདིར་ནི་སངས་རྒྱས་ལ་སོགས་པ ་ཉིད་རྗེས་སུ་དྲན་པ་དེ་དག་ཡིན་པར་བཤད་དེ།། རྗེས་སུ་དྲན་པའི་གནས་ཡིན་པའི་ཕྱིར་རོ།། དེའི་ཕྱིར་སངས་རྒྱས་ལ་སོགས་པ་དེ་དག་རང་གི་ཡོན་ཏན་གྱི་ཚོགས་རྣམས་ཀྱི་རྗེསུ་དྲན་པར་བྱའོ་ཞེས་བྱས་ན་ལེགས་པར་འབྱོར་པ་ཉིད་དོ།། ། ་ཡང་སངས་རྒྱས་ལ་སོགས་པའི་ཡོན་ཏན་གང་དག་ཡིན་ཞེ་ན། རེ་ཞིག་སངས་རྒྱས་ནི། འདི་ལྟར་དེ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིགས་པ་དང་ཞབསུ་ལྡན་པ། བདེ ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་སྟེ། དེ་ལྟ་བུ་ལ་སོགས་པ་ནི་དེ་བཞིན་གཤེགས་པའི་ཡོན་ཏན་ནོ།། འདི ་ལྟར་དེ་ནི་བཅོམ་ལྡན་འདས་ཞེས་བྱ་བ་ལ་ནི་འཇིག་རྟེན་ན་སྙན་པའི་གྲགས་པ་གང་ཡིན་པ་དེ་ནི་འདི་ལྟར་བཅོམ་ལྡན་འདས། འདི་ལྟར་དེ་བཞིན་གཤེགས་པ་ཞེས་ཚིག་ཐམས་ཅད་དང་སྦྱར་བར་བྱ་བྱ་སྟེ། འདི་ལྟ་བུ་ཡང་ཡིན། འདི་ལྟ ་བུ་ཡང་ཡིན་ཞེས་བྱ་བའི་ཐ་ཚིག་གོ།། དེ་ལ་འདོད་ཆགས་ལ་སོགས་པ་བཅོམ་པ་ཉིད་ཀྱིས་བཅོམ་ལྡན་འདས་སོ།། བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་པ་ལ། བར་ཆད་བྱ་བར་བརྩོན་པའི་བདུད་བཅོམ་པའི་ཕྱིར་ཡང་བཅོམ་ལྡན་འདས ་སོ།། རྣམ་པ་གཅིག་ཏུ་ན་འདི་ལ་སྐལ་པ་ཡོད་པས་ན་བཅོམ་ལྡན་འདས་ཏེ་དབང་ཕྱུག་ལ་སོགས་པ་དང་ལྡན་པའི་ཕྱིར་རོ།། དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་དངོས་པོ་ཇི་ལྟར་རྣམ་པར་གནས་དེ་དག་དེ་བཞིན་དུ་རྟོགས་ཤིང་ཐུགསུ་ཆུད ་པས་ན་དེ་བཞིན་གཤེགས་པའོ།། ཇི་སྐད་གསུངས་པ་དེ་དེ་ཁོ་ན་ལྟར་ཡིན་གྱི་གཞན་དུ་མི་འགྱུར་བའི་ཕྱིར་ཡང་དེ་བཞིན་གཤེག་པའོ།། དགྲ་བཅོམ་པ་ཞེས་བྱ་བ་ནི་ཉོན་མོས་པའི་དགྲ་བཅོམ་པའི་ཕྱིར་རོ།། འཁོར་བའི་འཁོར་ལོའོ ་རྩིབས་བཅོམ་པས་འདིའི་ཕྱིར་ཡང་དགྲ་བཅོམ་པའོ།། རྙེད་པ་དང་བཀུར་སྟིས་མཆོད་པར་འོས་པའི་ཕྱིར་ཡང་དགྲ་བཅོམ་པའོ།། ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་ནི་འདིས་ཆོས་རྣམས་ཡང་དག་པ་ཕྱིན་ཅི་མ་ལོག ་པར་ཀུན་ནས་སངས་རྒྱས་པོས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་སོ།། རིག་པ་དང་ཞབསུ་ལྡན་པ་ཞེས་བྱ་བ་ནི་རིག་པ་དང་ཞབསུ་ལྡན་པ་སྟེ། མཁྱེན་པ་དང་ཞབས་ལྟ་བུར་ཚུལ་ཁྲིམས་དང་ཏིང་འཛིན་དོག་དང་ལྡན་པའི ་ཕྱིར་རིག་པ་དང་ཞབསུ་ལྡན་པའོ།། བདེ་བར་གཤེགས་པ་ཞེས་བྱ་བ་ནི་མཛེས་པའི་གནས་སུ་གཤེགས་པའི་ཕྱིར་བདེ་བར་གཤེགས་པ་ཞེས་བྱའོ།། ཕྱིར་མི་ལྡོག་པར་གཤེགས་པའི་ཕྱིར་ཡང ་བདེ་བར་གཤེགས་པ་སྟེ། རིམས་ནད་ལེགས་པར་བྱང་བ་བཞིན་ནོ།། འཇིག་རྟེན་མཁྱེན་པ་ཞེས་བྱ་བ་ནི་འཇིག་པས་ན་འཇིག་རྟེན་ནོ།། དེ་ཡང་རྣམ་པ་གཉིས་ཏེ། སེམས་ཅན་གྱི་འཇིག་རྟེན་དང་སྣོད་ཀྱི་འཇིག་རྟེན་ནོ།། དེ་དག ་མཁྱེན་པས་ན་འཇིག་རྟེན་མཁྱེན་པ་སྟེ་སེམས་ཅན་གྱི་འཇིག་རྟེན་གྱི་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་རྣམ་པར་བཞག་པ་ཡོངས་སུ་མཁྱེན་པའི་ཕྱིར་དང་། སྣོད་ཀྱི་འཇིག་རྟེན་གྱི་ཡང་ས་རི་ལ་སོགས་པ ་འབྱུང་བ་དང་གནས་དང་ཆེད་ལ་སོགས་པ་ཡོངསུ་མཁྱེན་པའི་ཕྱིར་འཇིག་རྟེན་མཁྱེན་པ་ཞེས་བྱའོ།། རྣམ་པ་གཅིག་དུ་ན་འཇིག་རྟེན་གྱི་ཐ་སྙད་བཟང་པོ་ཡང་སུ་མཁྱེན་པའི་ཕྱིར་འཇིག་རྟེན་མཁྱེན་པ་ཞེས་བྱའོ།། སྐྱེས་བུ་འདུལ ་བའི་ཁ་ལོ་སྒྱུར་བ། བླ་ན་མྱེད་པ་བྱ་བ་ལ། གདུལ་བར་རུང་བ་ནི་གདུལ་བའོ།། དེ་དག་ནི་སྐྱེས་བུ་ཡང་ཡིན་ལྔ། གདུལ་བ་ཡང་ཡིན་པས་སྐྱེས་བུ་གདུལ་བའོ།། དེ་དོག་གི་ཁཾ་ལོ་བསྒྱུར་བ་ནི་སྐྱེས་བུ་འདུལྔ་པོའི་ཁ་ལོ་སྒྱུར་བ་སྟེ། ་དེ་དག་འདུ་ལ་བའི་ཕྱིར་རོ།། བླ་ནི་མེད་པ་ནི་ཉན་ཐོས་དང་རང་སངས་རྒྱས་དག་པས་ཁྱད་པ་དུ་འཕགས་པའི་ཕྱིར་ཏེ་འདུལ་བ་ནི་འདིར་འཕགས་པའི་ལམ་ཐོབ་པ་ཡིན་པར་རིག་པར་བྱའོ།། དེས་ནི་འདི་དུལ་བར་འགྱུར། ་ཏེ། ཡང་དསུ་རྒོད་ཀྱི་ངོ་བོར་མི་འགྱུར་བའི་ཕྱིར་རོ།། ལྷ་དང་མི་རྣམས་ཀྱི་སྟོན་པ་ཞེས་བྱ་བ་ལ་ལྷ་དང་མི་ཞེས་སྨོས་པ་ནི་དེ་དག་མཆོག་ཡིན་པའི་ཕྱིར་རམ། འཕགས་པའི་ལམ་གྱི་སྣོད་ཡིན་པའི་ཕྱིར་རོ།། ཕྱིན་ཅི་མ་ལོག་པར ་སྟོན་པའི་ཕྱིར་སྟོན་པ་སྟེ། དེ་བཞིན་གཤེགས་པའི་ཡོན་ཏན་འདི་ནི་བསམ་པ་ཇི་ལྟ་བ་བཞིན་ཆོས་སྟོན་པས་རབ་ཏུ་ཕྱེ་བ་ཡིན་པར་བསྟན་ཏོ།། སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་ནི། དེ་ཁོ་ན་ཉིད་ཐུགས་སུ་ཆུད་པའི་ཕྱིར ་སངས་རྒྱས་ཞེས་བྱ་སྟེ། ཚིག་གི་མཇུག་མི་མངོན་པར་བྱ་བའི་ཕྱིརརོ།། རྣམ་པ་གཅིག་ཏུ་ན་བློ་རྒྱས་པའི་ཕྱིར་ཏེ། པདྨོ་རྒྱས་པ་བཞིན་ནོ།། ཡང་ན་མི་ཤེས་པའི་གཉིད་གཉིས་སང་པོའི་ཕྱིར་ཏེ་སྐྱེས་བུ་གཉིད་སད་པ་བཞིན་ནོ།། འདི ་ནི་ཚིག་འདི་རྣམས་ཀྱིས་བསྡུས་པའི་དོན་ཡིན་ཏེ་རྒྱས་པོར་ནི་བསྟན་བཅོས་གཞན་དག་ལས་ཁོང་དུ་ཆུད་པར་བྱའོ།། སངས་རྒྱས་རྗེ་སུ་དྲན་པ་བཤད་ཟིན་ཏོ།། ཆོས་ཀྱི་ཡོན་ཏན་ནི་ལེགས་པོར་གསུངས་པ་ཡིན་ཏེ། འདི་ལྟ་སྟེ ་བཅོམ་ལྡན་འདས་ཀྱིས་ཆོས་ནི་ལེགས་པར་གསུངས་པ་ཡང་དག་པར་མཐོང་བ། ནད་མེད་པ་དུས་ཆད་པ་མེད་པ། འདི་མཐོང་བ་ལ་ཡོད་པ། ཉེ་བར་གཏོད་པ། མཁས་པ་རྣམས་ཀྱིས་སོ་སོ་རང་གི་རིག་པར་བྱ་བ་སྟེ། བསྟན ་པའི་ཆོས་དང་རྟོགས་པའི་ཆོས་ཞེས་བྱ་བ་ཆོས་རྣམ་པ་གཉིས་བསྟན་ཏོ།། དེ་ལ་བསྡུས་པའི་དོན་ནི་ལེགས་པར་གསུངས་པ་ཞེས་བྱ་བ་འདིས་ནི་ཐོག་མ་བར་དང་ཐ་མར་དགེ་བ་ཉིད་བསྟན་པའི་ཆོས་བཤད་ཅེས་བྱ་བ ་ཡིན་ཏེ། ཧ་ཅང་ཚིག་མངས་སུ་དོགས་པས་མ་སྤྲོས་སོ།། དགེ་འདུན་གྱི་ཡོན་ཏན་ནི་ལེགས་པར་ཞུགས་པ་ལ་སོགས་པ་ཡིན་ཏེ། འདི་ལྟ་སྟེ་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི ་ལེགས་པར་ཞུགས་པ། དྲང་པོར་ཞུགས་པ། རིགས་པར་ཞུགས་པ། མཐུན་པར་ཞུགས་པ་འདི་ལྟ་སྟེ། སྐྱེས་བུ་ཟུང་བཞི་དང་། སྐྱེས་བུ་གང་ཟག་བརྒྱུད་པོ་དག་ཡིན་ནོ།། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ ་འདུན་འདི་ནི་ཀུན་ཏུ་སྦྱིན་པའི་འོས་སུ་གྱུར་པ། རབ་ཏུ་སྦྱིན་པའི་འོས་སུ་གྱུར་པ། སྐོར་བར་བྱ་བའི་འོས་སུ་གྱུར་པ། ཐལ་མོ་སྦྱར་བའི་འོས་སུ་གྱུར་པ། འཇིག་རྟེན་གྱི་བསོད་ནམས་ཀྱི་ཞིང་བླ་ན་མེད་པ་ཞེས་བྱ་བ་ཡིན་ནོ།། ་འདིར་ཡང་བསྡུས་པའི་དོན་ནི་འཕགས་པའི་དགེ་འདུན་སློབ་དང་མི་སློབ་པའི་ཡོན་ཏན་རྣམ་པ་གཉིས་བསྟན་ཏེ་ལེགས་པར་ཞུགས་པ་ལ་སོགས་པ་ཚིག་བཞིས་ནི་སྒྲུབ་པའི་ཡོན་ཏན་བཤད་དོ།། ཀུན་ཏུ་སྦྱིན་པའི ་འོས་སུ་གྱུར་པཱ་ལ་སོགས་པས་ནི་མཆོད་པར་འོས་པ་ཉིད་ཀྱི་ཡོན་ཏན་བསྟན་ཏོ་ཞེས་བྱ་བ་ཡིན་ནོ།། གཏོང་བའི་ཡོན་ཏན་ནི་ཀྱེ་མ་བདག་སྐྱེ་དགུའི་སེར་སྣའི་དྲི་མ་ཀུན་ནས་ལངས་པ་རྣམས་ཀྱི་ནང་ནས་སེར་སྣའི ་དྲི་མ་དང་བྲལ་བའི་སེམས་ཀྱིས་གནས་ཤིང་མཆོད་སྦྱིན་འཁོར་མོར་བྱེད་པ་དང་། ལག་རྐྱོང་བ་དང་། རྣམ་པར་གཏོང་བ་ལ་དགའ་བ་དང་། སྦྱིན་པ་ལ་འགེད་པར་དགའ་བ་གང་ཡིན་པ་དེ་ནི་བདག་གིས་རྙེད་པ་ལེགས ་པཔུཔར་རྙེད་པ་ཡིན་ནོ་ཞེས་བྱ་བ་ཡིན་ཏེ། འདིར་ཡང་རང་གི་རྒྱུད་དུ་གཏོགས་པའི་སྦྱིན་པའི་ཡོན་ཏན་སེར་སྣའི་དྲི་མ་སྤངས་པ་དང་། སྦྱིན་པའི་ངང་ཚུལ་ཅན་དང་། ལུས་ཀྱི་བརྩོན་འགྲུས་བརྩམས་པ་དང་། དངོས་པོ ་ཡོངས་སུ་གཏོང་བ་དང་། དེ་ལ་མངོན་པར་དགའ་བ་ཞེས་བྱ་བ་རྣམས་བསྟན་ཏོ།། ཚུལ་ཁྲིམས་ཀྱི་ཡོན་ཏནི་ནི་བདག་གི་ཚུལ་ཁྲིམས་ནི་མོ་ཉམས་པ། སྐྱོན་མེད་པ། མ་འདྲེས་པ། མ་གོས་པ། རང་དབང་ཡོད་པ། མཁས ་པས་བསྔགས་པ། ཏིང་འཛིན་སྒྲུབ་པ་དག་ཡིན་ནོ།། ཞེས་བྱ་བ་ཡིན་ནོ།། འདིར་ཡང་རང་གི་རྒྱུད་དུ་གཏོགས་པའི་ཚུལ་ཁྲིམས་ཁོ་ནའི་ཡོན་ཏན་རྣམས་བསྟན་ཏེ། ཚིག་རྣམས་ཀྱི་དོན་འོག་ནས་བསྟན་པར་བྱའོ།། ལྷའི་ཡོན ་ཏན་ནི་རྒྱལ་ཆེན་རིགས་བཞིའི་ལྷ་དག་དང་། སུམ་ཅུ་རྩ་གསུམ་པ་ནས་གཞན་འཕྲུལ་དབང་བྱེད་ཀྱི་བར་དག་ཡོད་དོ་ཞེས་བྱ་བ་ཡིན་ཏེ། ལྷ་དེ་དག་རྣམས་དང་བདག་ཉིད་ཀྱི་ཡོན་ཏན་དག་རྗེ་སུ་དྲན་པར་བྱ་བ་ཡིན་ནོ།། དེ་ལ ་སྐྱེ་བའི་ལྷ་རྣམས་ཀྱི་སྐྱེ་བའི་རྒྱུར་གྱུར་པའི་ཡོན་ཏན་དང་། བདག་ཉིད་ཀྱི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་ཡོན་ཏན་རྣམས་ནི་ལྷའི་ཡོན་ཏནཱ་ཡིན་ནོ་ཞེས་བཤད་དེ། དོན་དུ་ན་འདི་རོ་རང་གི་སྟོན་རྣམས ་ཁོ་ན་ལྷའི་ཡོན་ཏན་དག་དང་མཚུངས་པར་བྱས་ནས་དྲན་པ་ནི་ལྷོ་རྗེསུ་དྲན་པ་ཞེས་བྱ་བར་བཤད་དོ།། རྗེས་སུ་དྲན་པའི་གནས་དྲུག་ནི་སེམས་དང་བར་བྱེད་པའི་ཕྱིར་དང་། བསོད་ནམས་ཆེན་པོའི་རྒྱུ་ཡིན་པའི་ཕྱིར། དང ་པོ་ཉིད་དུ་བསྟན་ནས། དེ་ལ་སེམས་མངོན་པར་དད་པས་དགེ་བ་བྱའོ་ཞེས་བསྟན་པའི་ཕྱིར། དགེ་བའི་ལུས་ལམ་བཅུ་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲས་བུ་ཡིད་འོངས་པའི་ཕྱིར་དག ་བའོ།། བྱ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་ལས་ཀྱང་ཡིན་ལ། བདེ་འགྲོའི་ལམ་ཡང་ཡིན་པས་ལོས་ཀྱི་ལམ་མོ།། ལས་ཀྱི་ལམ་བཅུ་པོ་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། སྲོག་གཅོད་པ་སྤོང་བ་དང་། མ་བྱིན་པོ་ལྡན ་པ་སྤོང་པོ་དང་། འདོད་པ་ལོག་པར་གཡེམ་པ་སྤོང་བ་དང་། རྫུན་དུ་སྨྲ་བ་སྤོང་བ་དང་། ཕྲ་མྱ་སྤོང་བ་དང་། ཚིག་རྩུབ་པོ་སྤོང་བ་དང་། ཚིག་བཀྱལ་པ་སྤོང་བ་དང་། བཱརྣ་བ་སེམས་མེད་པ་དང་། གནོད་སེམས་མེད ་པ་དང་། ཡང་དག་བྱའི་ལྟ་བ་སྟེ་དགེ་བའི་ལས་ཀྱི་ལམ་བཅུ་པོ་འདྲ་དག་བསྟེན་པར་བྱའོ།། ཡང་དེ་དག་ཇི་ལྟར་བསྟེན་པར་བྱ་ཞེ་ན། ལུས་དང་ནི། ངག་དང་ཡིད་ཀྱི་རྟག་ཏུ་ཞེས་བྱ་བ་ལ་སོགས་པ་མོས་ཏེ། དེ ་ལ་སྲོག་གཅོད་པ་སྤོང་བ་ལ་སོགས་གསུམ་ནི་ལུས་ཀྱི་རྟག་ཏུ་བསྟན་པར་བྱའོ།། རྫུན་དུ་སྨྲ་བ་སྤོང་བ་ལ་སོགས་པ་བཞི་ནཽ། ངག་གི་རྟག་ཏུ་བསྟེན་པར་བྱའོ།། བརྣབ་སེམས་མྱོད་པ་ལ་སོགས་པ་གསུམ ་ནི་ཡིད་ཀྱིས་རྟག་ཏུ་བསྟེན་པར་བྱའོ།། རྟག་ཏུ་ཞེས་བྱ་བ་འདིས་ནི་ལས་ཀྱི་བྱས་པོ་དང་བསགས་པ་སྟོན་པར་བྱེད་དོ།། དེ་ལ་ཇི་ལྟར་སྲོག་གཅོད་པར་འགྱུར་ཞེ་ནི། སྲོག་ཆགས་ཕ་རོལ་ཡང་ཡིན་ཡིན་པར་འདུ ་ཤེས། བསད་པའི་སེམས་ཀྱང་ཉེ་བར་གནས་པར་གྱུར་བརྩལ་བར་ཡང་བྱས། དེས་ཀྱང་ཤིན་སྲོག་བཅད་པ་ཡིན་ཏེ། སྡིག་པའི་ཁྱད་པར་ནི་གཞི་དང་བསམ་པ་དང་སྦྱོར་བའི་ཁྱད་པར་ལས་རིག་པར་བྱའོ།། ཇི་ལྟར་མ ་བྱིན་པར་བླངསྲ་པར་འགྱུར་ཞེ་ན། གཞན་གྱིས་ཡང་སུ་གཟུང་བ་ཡིན།། གཞན་གྱིས་ཡོངསུ་གཟུང་བར་ཡང་འདུ་ཤེས་བརྐུ་བའི་སེམས་ཀྱང་ཉེ་བར་གནས། གནས་ཀྱང་སྤགས་ན་མ་བྱིན་པར་ལེན་པ་ཡིན་ཏེ། འདིར་སྡིག ་པའི་ཁྱད་པར་ནི་རྫས་དེ་གེང་གི་ཡིན་པ་དེ་ཡི་ཁྱད་པར་དང་སྦྱོར་བ་དང་བསམ་པའི་ཁྱད་པར་ལས་རིག་པར་བྱའོ།། ཇི་ལྟར་འདོད་པས་ལོག་པར་གཡེམ་པར་འགྱུར་ཞེ་ན། བུད་མེད་གཞོན་གྱིས་བསྲུངས་པའམ། ཆོས ་ཀྱིས་བསྲུངས་པ་དང་། རང་གི་བུད་མེད་ལ་ཡང་དུས་མ་ཡི་ན་པ་དང་། གནས་མ་ཡིན་པ་དང་། ཡུལ་མ་ཡིན་པ་དང་། ཡན་ལག་མ་ཡིན་པ་འཁྲིག་པའི་ཆོས་བསྟེན་ན་འདོད་པས་ལོག་པར་གཡེམ་པ་ཡིན་ཏེ། འདིར་ཡང ་སྡིག་པའི་ཁྱད་པར་ནི་གཞི་དང་བསམ་པ་དང་སྦྱོར་བའི་ཁྱད་པར་ལས་རིག་པར་བྱའོ།། དེ་ལ་ཇི་ལྟར་བརྫུན་དུ་སྨྲ་བར་འགྱུར་ཞེ་ན། སླུ་བའི་བསམ་པ་དང་ལྟ་བའི་ཡིད་ལ་བཞག་ནས། དོན་མངོན་པར་གོ་བ་ལ་ཚིག་ཏུ་སྨྲ་བའམ། ་ལུས་ཀྱིས་རྣམ་པར་རིག་པར་བྱེད་ཀྱང་རུང་རྫུན་དུ་སྨྲ་བ་ཡིན་ཏེ། ཐེ་ཚོམ་ཟ་བའི་དངོས་པོ་ལ་ངེས་པ་བཞིན་དུ་སྨྲ་བ་ཡང་རྫུན་དུ་སྨྲ་བ་ཁོ་ན་ཡིན་ནོ།། འདིར་ཡང་སྡིག་པའི་ཁྱད་པར་ནི་བསླུ་བར་བྱ་བའི་ཁྱད་པར་དང་བསམ་པའི་ཁྱད ་པར་ལས་རིག་པར་བྱའོ།། ཅི་ལྟར་ཕྲ་མ་བྱས་པར་འགྱུར་ཞེ་ན། དབྱེ་བར་འདོད་པའམ་དབྱེ་བའི་བསམ་པས་འགའ་ཞོག་ལས་གཞན་ཞིག་ལ་མི་དགའ་བ་ཐོས་ནས་དེ་ལ་བསྙད་པར་གྱུར་པ་དང་། དེ་ལས ་ཐོས་ནས་འདི་ལ་བསྙད་པ་གྱུར་ན་ཡང་དག་པ་ཡང་རུང་། ཡང་དག་པ་མ་ཡིན་པ་ཡང་རུང་སྟེ། དེ་ལྟ་ན་ཕྲ་མ་བྱས་པ་ཡིན་ནོ།། ཡང་དག་པ་མ་ཡིན་པ་སྨྲས་ན་རྫུན་དུ་སྨྲས་པ་ཡང་ཅིའི་ཕྱིར་མི་འགྱུར་ཞེ་ན། ཁ་ཅིག་ན་རེ་འགྱུར་བ ་ཁོ་ནའོ་ཞེས་ཟེར་རོ་དེ་ནི་དེ་ལྟར་གཟུང་བར་མི་བྱ་སྟེ། ཅིའི་ཕྱིར་ཞེ་ན། འདི་དབྱེ་བའི་བསམ་པ་ཅན་ཡིན་གྱི། བསླུ་བའི་བསམ་པ་ནི་མེད་པས་སོ།། དེ་ལྟར་བྱས་ན་ཡང་དག་པ་མ་ཡིན་པར་ཚིག་རྩུབ་པོ་སྨྲ་ན་ཡང་རྫུན་དུ་སྨྲས་པར་མི ་འགྱུར་ཏེ། བསམ་པ་གཉིས་ཅིག་ཅར་མི་སྲིད་པའི་ཕྱིར་རོ།། ཇི་ལྟར་ཚིག་རྩུབ་པོ་སྨྲས་པར་འགྱུར་ཞེ་ན། ཁྲོས་པའི་སེམས་དང་ལྡན་པ། ཕ་རོལ་པོ་སྡུག་བསྔལ་བར་བྱ་བར་འདོད་པས། དོན་མངོན་པར་གོ་བ་ལ་ཚིག་ཏུ་སྨྲས་ན།། ་ཚིག་རྩུབ་པོ་སྨྲས་པ་ཡིན་ནོ།། དོན་མངོན་པར་མི་གོ་བ་ལ་ཚིག་བཀྱིལ་པར་འགྱུར་རོ།། ཇི་ལྟར་ཚིག་བཀྱིལ་པ་སྨྲས་པར་འགྱུར་ཞེ་ན། རྫུན་དུ་སྨྲས་པ་ལ་སོགས་པ་གསུམ་མ་གཏོགས་པ་ཚིག་གཞན་གང་ཞིག་ཉོན་མོངས ་པ་ཅན་གྱི་སེམས་ཀྱིས་བརྗོད་ན། དེ་ལྟར་ན་ཚིག་བཀྱིལ་པ་སྨྲས་པ་ཡིན་ནོ།། ལས་ཀྱི་ལམ་གསུམ་པོ་འདི་དག་ཀྱང་རྫུན་དུ་སྨྲ་བ་བཞིན་ལུས་ཀྱིས་ཀྱང་བྱེད་པ་སྡིག་པའི་ཁྱད་པར་ཡང་རྫུན་དུ་སྨྲ་བ་དང་འདྲ་བ་ཁོ་ནར་རིག་པར ་བྱའོ།། ཇི་ལྟར་བརྣབ་སེམས་སུ་འགྱུར་ཞེ་ན། གལ་ཏེ་བཞན་གྱི་གདོག་པ་དག་ལ་འདོད་པ་སྐྱེད་པར་བྱེད་ན་དེ་ལྟར་ན་བནབ་སེམས་སུ་འགྱུར་བ་ཡིན་ནོ།། ཇི་ལྟར་གནོད་སེམས་ཡིན་ཞེ་ན། གལ་ཏེ་སེམས་ཅན་གཞན་ལ་ཞེ་སྡང་ན ་དེ་ལྟ་ན་གནོད་སེམས་སུ་གྱུར་པ་ཡིན་ནོ།། ཇི་ལྟར་ལོག་པར་ལྟ་བར་འགྱུར་ཞེ་ན། གལ་ཏེ་ལས་དགེ་བ་དང་མི་དགེ་བ་རྣམས་ཀྱི་འབྲས་བུ་མེད་དོ།། སྙམ་དུ་ངེས་པར་སེམས་ན། དེ་ལྟ་ན་ལོག་པར་ལྟ་བར་འགྱུར་རོ།། ལས་ཀྱི་ལམ ་གསུམ་པོ་འདི་དག་གི་སྡིག་པའི་ཁྱད་པར་ནི་བསམ་པའི་ཁྱད་པར་ཁོ་ན་ལས་རིག་པར་བྱ་ལ་བརྣཔ་སེམས་ཀྱིས་ནི་དམིགས་པའི་དབང་གིས་ཀྱང་སྡིག་པའི་ཁྱད་པར་དུ་འདོད་དེ། མི་དགེ་བའི་ལས་ཀྱི་ལམ་བཅུ་པོ་འདི་དག་སྤོང་བའི ་དབང་གིས་དགེ་བ་བཅུའི་ལས་ཀྱི་ལམ་བསྟེན་པར་བྱའོ།། ཆང་རྣམས་ལས་ལྡོག་པར་མཛོད་ཅིག་ཅེས་བྱ་བ་ལ། ཆུང་ནི་ཁ་ན་མ་ཐོ་བ་ཆེན་པོའི་རྒྱུ་ཉིད་ཡིན་མོད་ཀྱི། སྤྱད་པ་ཁོ་ནས་མི་དགེ་བ་ཉིད་མ་ཡིན་པས་ལས་ཀྱི་ལམ་རྣམས ་ཀྱི་ནང་དུ་མ་བཤད་དེ་དེ་ལྟ་བས་ན་ལོགས་ཤིག་ཏུ་དགོག་པར་སྟོན་ཏོ།། མྱང་པོའི་ཚིག་ནི་ཆང་ནི་མྱོས་པོར་འགྱུར་པ་ཉིད་དུ་ཁྱད་པར་མེད་ཀྱང་རྒྱུའི་ཁྱད་པར་ལས་རིག་པར་བྱ་སྟེ། བཅོས་པའི་ཆང་ནི་བུ་རམ་ཆང་དང་། འབྲས་ཕྱིའི ་ཆང་དང་། སྦྲང་རྩིའི་ཆང་དང་། རྣམ་པ་གསུམ་མོ།། སྦྱར་བའི་ཆང་ནི་མེ་ཏོག་ལས་མནན་པ་ལ་སོགས་པ་ཡིན་པར་རིག་པར་བྱའོ།། དགེ་བའི་འཚོ་བ་ཡང་མངོན་པར་དགྱེས་པ་ཞེས་བྱ་བ་ནི་མཛོད་ཅེས་བྱ་བར་སྦྱར་ཏེ། དགེ ་བྱའི་འཚོ་བ་ནི་གཞན་ལ་མཱི་གནོད་པར་འཇུག་པ་གང་ཡིན་པའོ།། དེ་ལྟར་དགེ་བའི་ལས་ལ་རྣམ་པར་གནས་པས་བདོག་པ་ཇི་ལྟ་བ་བཞིན་སྦྱིན་པ་སྦྱིན་པར་བྱའོ།། ཞེས་བསྟན་པའི་ཕྱིར་ལོངས་སྟོད་གཔ ་བཱ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། སྤྱད་པར་བྱ་བ་ཡིན་པས་ལོངས་སྤྱོད་དེ་འདི་ནི་སྦྱིན་པར་བྱ་བའི་དངོས་པོ་ཟས་དང་སྐོམ་ལ་སོགས་པའི་ཚིག་བླ་དགས་ཡིན་ནོ།། ལོངས་སྤྱོད་དེ་དག་ཀྱང་མི་བརྟན་པའི་ཕྱིར་གཡོ་བའོ།། ངོམས ་མི་ཤེས་པའི་ཕྱིར། སྙིང་པོ་མེད་པ་སྟེ། འདིས་ནི་ལྗོངས་སྤྱོད་རྣམས་ལོ་ཀུན་ཏུ་འཛིན་པ་ཟློག་པར་བྱེད་དོ།། མཁྱེན་ནས་ཞེས་བྱ་བ་ནི་རྟོགས་པར་བྱས་ནས་སོ།། དགེ་སློང་ཞེས་བྱ་བ་ལ་སོགས་པ་ནི་སྦྱིན་པའི་ཞིང་རྣམ་པ་གསུམ ་སྟོན་ཏེ། སྦྱིན་གནས་ཀྱི་ཞིང་ནི་དགེ་སྦྱོང་དང་བྲམ་ཟེ་རྣམས་སོ།། སྙིང་རྗེའི་ཞིང་ནི་བཀྲེན་པ་རྣམས་སོ།། ཕན་འདོགས་པའི་ཞིང་ནི་བཤེས་པ་རྣམས་སོ།། ཚུལ་བཞིན་ཞེས་བྱ་བ་འདིས་ནི་གུས་པར་བྱས་པ་བསྟན་ཏོ།། དེ་ནི ་གཅིག་དྷཱ་རྣམ་པར་སྨིན་པ་ཡིད་དུ་འོང་བའི་རྒྱུ་ཡིན་པའི་ཕྱིར་ཏེ། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་བསོད་ནམས་གུས་པར་བྱས་པ་རྣམས་ཀྱི་རྣམ་པར་སྦྱིན་པ་ནི་འདོད་པ་སྡུག་པ། ཡིད་དང་ཐད་པ་སོ་སོར་མྱོང་བར ་འགྱུར་རོ་ཞེས་གསུངས་སོ།། སྦྱིན་པ་ལས་གཞན་པའི་གཉེན་མཆོག་མ་མཆིས་སོ།། ཞེས་བྱ་བ་འདིས་ནི་སྦྱིན་པ་ཆེན་པོ་འདོགས་པ་ཡིན་པ་ཉིད་དུ་སྟོན་ཏེ། འདིས་ནི་འདིར་སྦྱིན་པ་ལ་བསྟན་པ་ཡིན་པར་རིག་པར་བྱའོ།། ། ་ལོངས་སྤྱོད་རྣམས་ལ་མི་ལྟ་བས། ཚུལ་ཁྲིམས་ཡང་དག་པར་བླངས་ནས་བསྲུང་བར་བྱའོ།། ཞེས་བསྟན་པའི་ཕྱིར། ཁྱོད་ཀྱི་ཚུལ་ཁྲིམས་མ་ཉམས་མོད་མི་དམའ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། དེ་ལ་མ་ཉམས་པ་ནི ་ཇི་ལྟར་ཡང་དག་པར་བླངས་པ་ལས་གཅིག་ལས་ཀྱང་མ་འདས་བྱའི་ཕྱིར་རོ།། ཚུལ་ཁྲིམས་གཅིག་ལས་འདས་པོས་ནི་ཉམས་པར་འགྱུར་རོ།། བསླབ་པ་མང་པོ་ཞིག་ལྔས་འདུས་པས་ནི་སྐྱོན་ཅན་དུ་འགྱུར་རོ།། དེ་གཉི་ག ་མེད་པར་བསྟན་པའི་ཕྱིར། མ་ཉམས་མོད་མི་དམའ་ཞེས་བྱ་བ་སྨོས་ཏེ། ཚུལ་ཁྲིམས་སྐྱོན་ཅན་ནི་མོདདོ་དམའ་བ་ཡིན་ནོ།། མ་འདྲེས་ཞེས་བྱ་བ་ལ་ཚུལ་ཁྲིམས་འདྲེས་པ་ནི་མི་དགེ་བ་དང་། འདྲེན་མར་འདུག་པ་གང་ཡིན་པ ་སྟེ། དེ་མེད་པའི་ཕྱིར་མོ་འདྲེས་པའོ།། མཱ་སྔགས་པ་ནི་སྲིད་པ་དང་ལོང་སྣ་སྤྱོད་ཀྱི་དོན་དུ་ཡོངསུ་མ་བསྔོས་པའི་ཕྱིར་རོ།། ཚུལ་ཁྲིམས་འདི་ཉིད་རྣམ་པ་གཞན་དུ་མི་འགྱུར་བའི་ཕྱིར་མ་གོས་པ་ཞེས་བྱ་སྟེ། གོས་པ་ནི་རྣམ་པ་གན ་དུ་སྟོན་ནོ།། མ་ཉམས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་རང་དབང་ཡོ་པ་ཡིན་ཏེ། སྲིད་པའི་དྲན་ཉིད་ལས་ཐར་པའི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་ཚུལ་ཁྲིམས་དེ་ནི་མཁས་བུ་འཕགས་པ ་རྣམས་ཀྱི་བསྔགས་པ་ཡང་ཡིན་ལ། ཏིང་ངེ་འཛིན་སྒྲུབ་པར་བྱེད་པ་ཡང་ཡིན་ཏེ། ཚུལ་ཁྲིམས་དང་ལྡན་པའི་སེམས་མཉམ་པར་འཇོག་པའི་ཕྱིར། ཚུལ་ཁྲིམས་དེ་ལྟ་བུ་ཁྱོད་ཀྱིས་བསྟེན་པར་བྱའོ།། ཅིའི་ཕྱིར་ཞེ་ན། ཚུལ ་ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནཱི་ཞེས་བྱ་བའི་སྒྲ་ནི་འདི་ལྟར་ཞེས་བྱ་བའི་དོན་ཏོ།། ཇི་ལྟར་ས་ནི་འགྲོ་བ་རྒྱུ་བ་དང་མི་རྒྱུ་བའི་སྐྱེ་བ་དང་། གནས་པ་དང ་འཕེལ་བའི་རྒྱུར་གྱུར་པ་དེ་བཞིན་དུ་ཚུལ་ཁྲིམས་ཀྱང་ཏིངངེ་འཛིན་ལ་སོགས་པ་ཐམས་ཅད་ཀྱི་གཞི་རྟེན་ཡིན་ནོ།། འདིས་ནི་གུས་པ་བསྐྱེད་པའི་ཕྱིར་ཚུལ་ཁྲིམས་ཀྱི་སྐྱེས་བུ་བྱེད་པའི་འབྲས་བུ་བསྟན་ཏེ། དེ་ལྟར ་ཞིག་སྦྱིན་པ་དང་ཚུལ་ཁྲིམས་སྤྱིར་བཤད་པ་ཡིན་ནོ།། ད་ནི་ཐེག་པ་ཆེན་པོ་ལ་གཟུད་པའི་ཆེད་དུ་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པོས་བསྡུས་པ་རྣམས་བསྟན་པོའི་ཕྱིར། སྦྱིན་དང་ཚུལ་ཁྲིམས་ཞེས་བྱ་བ་ལ་སོགས། ་པ་སྨོས་སོ།། དེ་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པས། སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར། སྦྱིན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དེ་དང་འདྲ་བར་རིག་པར ་བྱའོ།། བཟོད་པ་ནི་འདིར་གཞན་གྱིས་གནོད་པ་བྱས་པ་ལ་མི་མཇེད་པའི་བཟོད་པ་དང་། སྡུག་བསྔལ་དང་དུ་ལེན་པ་ཞེས་བྱ་བ་བཟོད་པ་རྣམ་པ་གཉིས་སུ་བཞེད་དོ།། བརྩོན་འགྲུས་ནི་སེམས་ཅན་གྱི་དོན་དུ་སངས་རྒྱས ་ཀྱི་ཆོས་བརྩལ་བར་སྤྲོ་བའོ།། བསམ་གཏན་ནི་སེམས་ཅན་གྱི་དོན་བྱེད་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སྒྲུབ་པར་བྱེད་པའི་བསམ་གཏན་བཞིའོ།། ཤེས་རབ་ནི་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན ་ཤེས་པར་བྱེད་པ་དང་། སེམས་ཅན་རྣམས་ལ་དོན་ཕྱིན་ཙམ་ལྡོག་པར་རབ་ཏུ་སྟོན་པར་བྱེད་པའི་རབ་བྱེད་པ་གང་ཡིན་པ་སྟེ། ཤེས་རབ་དེ་ལྟ་བུ་ནི། ཉན་ཐོས་ལ་སོགས་པཱ་ལ་མེད་པའི་ཕྱིར་གཞལ་དུ་མྱེད་པ་ཞེས་བྱའོ།། ཕྱཝ ་རོལ་ཕྱིན་འདི་དག་སངས་རྒྱས་མཛད་ཅེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་འདི་རྣམས་སྒྲུབས་ཤིག་ཅེས་བྱ་བའི་ཐ་ཚིག་གོ། ཅིའི་ཕྱིར་ཞེ་ན། སྲིད་པའི་རྒྱ་མཚོའི། ཕ་རོལ་ཕྱིན་པ་རྒྱལ་བའི་དབང་པོ་མཛོད། ཅེས་བྱ་བ་སྨོསོ།། ། ་དེ་ལ་ཕ་རོལ་ཏུ་ཕྱིན་པ་མཛོད་ཅེས་བྱ་བ་ནི་ཕ་རོལ་ཏུ་སོན་པར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ།། གང་གིས་ཤེ་ན་སྲིད་པའི་རྒྱོ་མཚོའོ།། ཉན་ཐོས་དང་རངདྭ་སངས་རྒྱས་དག་ཀྱང་སྲིད་པའི་རྒྱ་མཚོའི་ཕ་རོལ་ཏུ་སྔོན་པོ་ཡིན་པས ་རྒྱལ་བའི་དབང་པོ་ཞེས་བྱ་བས་ཁྱད་པར་དུ་བྱེད་དེ། འདི་སྐད་དུ། ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་ནས། སངས་རྒྱས་ཉིད་ཐོབ་པར་ཁྱོད་ཀྱིས་ཀྱང་ཕ་རོལ་ཏུ་ཕྱིན་པ་རྣམས་རྫོགས་པར་བྱོས་ལོ། སངས་རྒྱས་སུ་གྱིས་ཤིག་ཅེས ་བཤད་པ་ཡིན་ནོ།། དེ་བཞིན་དུ་སྦྱིན་པ་ལ་སོགས་པ་དང་ལྡན་པའི་ཁྱིམ་པོ་དག་ཀྱང་ཡོད་པས་དེ་དག་གི་དགེ་བའི་ལས་གཞན་བསྟན་པའི་ཕྱིར། གང་ལ་ཕ་དང་མྱ་དག་མཆོད་བྱི་ཡི། རིགས་ཏེ་ཚངས་བཅས་ཞེས་བྱ་བ ་ལ་སོགས་པ་སྨོས་སོ།། དེ་ལ་རིགས་གང་ལ་ཕ་དང་མ་དགེ་མཆོད་པོའི་ཞེས་བྱ་བ་འདིས་ནི། རིགས་འདི་ལ་མི་དང་མི་མ་ཡིན་པས་བྱས་པའི་གནོད་པ་མེད་པར་སྟོན་ཏོ།། ཚངས་པ་དང་བཅས་པ་ཉིད་ཀྱིས་ནི་རིགས་དེ་ལྟོས ་བྱིན་གྱིས་བརླབས་པ་ཉིད་དུ་སྟོན་ཏོ།། སློབ་དཔོན་དང་བཅས་པ་ཉིད་ཀྱིས་ནི། བླ་མའི་ཁྱད་པར་གྱིས་བྱིན་གྱིས་བརླབས་པ་ཉིད་དུ་སྟོན་ཏོ།། གཞན་ཡང་མཐོང་བའི་ཆོས་དང་། ཚེ་ཕྱི་མའི་ཕན་ཡོན ་བསྟན་པའི་ཕྱིར། དེ་དག་ལ་མཆོད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་གཉིས་ལ་མཆོད་པ་ནི་དེ་དག་ལ་མཆོད་པའོ།། ཕེཾ་དང་མ་དག་ལ་མཆོད་པ་ནི་མཐོང་བའི་ཆོས་ལ་ཡང་གྲགས་པར་འགྱུར་ལཱ་ཕ་རོལ་ཏུ་ཡང ་མཐོ་རིས་སུ་འགྱུར་ཏེ། དེ་ལྟ་བས་ན་ཁྱིམ་ན་གནས་པས་བསྒྲིམས་ཏེ་ཕ་མ་དག་ལ་མཆོད་པ་བྱའོ་ཞེས་བྱ་བ་ཡིན་ནོ།། ཁྱིམ་ན་གནས་པ་རྣམས་ལ་དུས་ཐམས་ཅད་དུ་ཚངས་བྱེར་སྤྱད་པ་དཀའ་བའི་ཕྱིར་ཉིན་ཞག ་གཅིག་པའི་ཚངས་པར་སྤྱོད་པ་ལ་ཡང་སྦྱར་བའི་ཆེད་དུ་གསོ་སྤྱོང་ཡན་ལག་བརྒྱད་པ་བསྟན་པའི་ཕྱིར། འཚེ་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། དེ་ལ་འཚེ་བ་ནི་སྲོག་གཅོད་པའོ།། ཆོམ་རྐུན་ནི་མ་བྱིན་པར ་ལེན་པའོ།། འཁྲིག་པ་ནི་བཤད་པ་དང་གཙི་བ་དང་ཁའི་ལམ་དུ་ལོག་པར་སྒྲུབ་པའོ།། རྫུན་ནི་རྫུན་དུ་སྨྲ་བའོ།། ཆང་ནི་བཅོས་པའི་ཆང་དང་སྦྱར་བའི་ཆང་ངོ་།། དུས་མིན་ཟས་ནི་ཉི་མ་ཕྱེད་ཡོལ་ནས་དུས་སུ་རུང་བའི ་དངོས་པོ་སྤྱོད་པའོ།། མལ་སྟན་མཐོ་བ་ནི་ཁྲི་དང་ཁྲིའུ་ཚད་ལས་འདས་པའོ།། གླུ་དག་དང་། གར་ནི་འཇིག་རྟེན་གྲགས་པ་ཁོ་ནའོ།། སྤོས་དང་ཕྲེང་བ་སྤྱོད་པ་ནི་ཚ་བའི་དོན་དུ་བཀག་གཽ་དད་པ་འམ་ནད་གསོ་བའི་ཕྱིར ་ནི་མ་ཡིན་ནོ།། བརྒྱད་པོ་དེ་དག་ནི་གསོ་སྦྱོང་གི་ཡན་ལག་ཡིན་ནོ།། ཡང་འདི་དགུ་གང་གྲི་ཡན་ལག་ནཱ་ཤས་སུ་གྱུར་པ་ཡིན་པ་འདིའི་སྡོམ་པ་གཞན་གང་ཞིག་ཡོད་ཅེ་ན། འགའ་ཡང་མེད་དེ་འོན་ཀྱང་སྠིའི་རེ་རེ་ལ་ཡན་ལག ་ཅེས་བྱ་སྟེ། ཕྱི་མོ་ཡན་ལག་ལྔ་པ་བཞིན་ནོ།། ཡང་ཡན་ལག་འདི་ཉིད་དགྲ་བཅོམ་པའི་ཚུལ་ཁྲིམས་ཀྱི་རྗེ་སུ་བྱེད་པ་ཡིན་ནམ་ཞེ་ན། གང་གི་ཕྱིར་འདི་སྐད་དུ། དགྲ་བཅོམ་ཚུལ་ཁྲིམས་རྗེས་སུ་བྱེད་པ་ཡིས།། ཡན་ལག་བརྒྱད ་པོ་འདི་དག་དང་ལྡན་ན། ཞེས་བཤདྲ་ན་འདི་སྐད་དུ་ཡན་ལག་དང་པོ་འདི་སྐད་དུ་ཡན་ལག་དྲང་པོ་འདིས་བདག་འཕགས་པ་དག་བཅོམ་པ་དེ་དག་གི་ཚུལ་ཁྲིམས་ཀྱི་རྗེས་སུ་སློབ་པོ་རྗེ་སུ་བགྱིད་དོ་ཞེས་བྱ་བ་ལ་སོགས་པ་འབྱུང་། ་ཞེ་ན། འདིར་དགྲ་བཅོམ་པའི་ཚུལ་ཁྲིམས་ནི་ཡན་ལག་རྣམས་ཡིན་ལ། དགྲ་བཅོམ་པའི་ཚུལ་ཁྲིམས་ཀྱི་རྗེས་སུ་བྱེད་པ་ནི་གླེང་ཟག་ཡིན་པར་སྣང་ངོ་།། དེ་ལྟ་ཡིན་དང་འདིར་རྟེན་གྱི་བརྟེན་པ་བསྟན་ཏེ། དཔེར་ན་ཁྱེའུ་དག་སྒྲོགས་སོ ་ཞེས་བྱ་བ་ལྟ་བུ་ཡིན་པས་ཉེས་པ་མེད་དོ།། ད་ནི་གསོ་སྦྱོང་འདོད་སྤྱོད་ལྷ་ལུས་ཡིད་འོང་བ། ཞེས་བྱ་བ་ལ་སོགས་པས་གསོ་སྦྱོང་གི་སྡོམ་པ་འདིའི་རྣམ་པར་སྨིན་པའི་འབྲས་བུ་སྟོན་པར་བྱེད་དེ། འདི་སྐད་དུ། ཉིན་ཞག་གཅིག་པའི་གསོ ་སྦྱོང་གི་སྡོམ་པས་ནི་འདོད་པ་ན་སྤྱོད་པའི་ལྷ་དྲུག་གི་ནང་གར་འདོད་པར་སྐྱེ་བར་འགྱུར་རོ།། ཞེས་པོཤད་པ་ཡིན་ནོ།། སྐྱེས་པ་བུད་མེད་དག་ལ་ཞེས་བྱ་བ་ནི་སྐྱེས་པ་དག་དང་བུད་མེད་དག་ལ་སྦྱིན་པར་བྱེད་ཀྱི། གཞན་མ་ནིང་ལ་སོགས ་པ་ལ་ནི་མ་ཡིན་ཏེ། དེ་དག་ལ་སྡོམ་པ་སྐྱེ་བ་མེད་པའི་ཕྱིར་རོ།། བརྩོལ་བར་བགྱིད་ཅེས་བྱ་བ་སྦྱིན་པར་བྱེད་པའོ།། ཁྱིམ་པ་དེ་དག་ཉིད་ལ་བྱ་བ་ངན་པ་ལ་ཆགས་པའི་ཉེས་པསྟེ་སེར་སྣ་ལ་སོགས་པ ་འབྱུང་ལ། དེ་དག་ཀྱང་ངན་སོང་གི་རྒྱུ་ཡིན་པས་དེ་ལས་བཟློག་པར། སེར་སྣ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། དེ་ལྀ་སེར་སྣོ་ནི་སྦྱིན་པ་དང་མི་མཐུན་པར་རང་གཽ་ཕུན་སུམ་ཚོགས་པ་ལ་ཀུན་ཏུ་འཛིན་པའོ།། གཡོ་བ་ནི ་སེམས་གྱ་གྱུ་བ་སྟེ་གང་གིས་ན་རང་གིས་བསམ་པ་རབ་ཏུ་མི་བརྟན་པའོ།། སྒྲ་ནི་གཞན་བསླུ་བ་སྟེ་གང་གིས་ན་གཞན་རྨོངས་པར་བྱེད་པའོ།། ཆགས་པ་ནི་བདག་ལ་སྲེད་པ་དང་ལོངས་སྤྱོད་ལ་སྲེད་པའོ།། སྙོམ་ལས་ནི ་བརྩོན་འགྲུས་ཀྱི་མེ་མཐུན་པའི་ཕྱོགས་ཀྱི་ཆོས་ཏེ། ལེ་ལོ་ཞེས་པའོ་མངོན་པའི་ང་རྒྱལ་ནི་ཁྱད་པར་ཐོབ་པར་བྱ་བ་མ་ཐོབ་པར་བདག་གིས་ཐོབ་བོ་སྙམ་དུ་ང་རྒྱལ་བྱེད་པ་གང་ཡིན་པའོ།། འདོད་ཆགས་ནི་འཁྲིག་པ་ལ་སྲེད ་པའོ་ཡ་ཞེ་སྡང་ནི་སེམས་ཅན་རྣམས་ཀུན་ནས་མནར་སེམས་པ་སྟེ། ཆོས་བརྒྱད་པོ་དེ་དག་དང་། རིགས་ཀྱི་རྒྱགས་པ་ལ་སོགས་པ་ལྔ་དང་མི་དགེ་བའི་ཆོས་བཅུ་གསུམ་ལ་དགྲ་བཞིན་དུ་ལྟ་བར་བྱ་སྟེ། དེ་རྣམས་དང་ལྷན ་ཅིག་འགྲོགས་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། དེ་ལ་རྒྱགས་པ་ནི་ཆོས་དེ་རྣམས་ཀྱིས་སེམས་གཟེངས་རབ་ཏུ་མཐོ་བ་སྟེ། གང་གིས་ན་རེ་རོ་བ་བཞིན་དུ་ཆོས་དང་ཆོས་མ་ཡིན་པ་སྒྲུབ་པར་མི་འགྱུར་རོ།། དེ་ཉིད་ཀྱི ་ཕྱིར། རྒྱགས་པ་ནི། རང་གི་ཆོས་ལ་ཆགས་པའི་སེམས་ནི་ཡོངས་སུ་གཏུགས་པའོ།། ཞེས་འབྱུང་སྟེ་རང་གི་ཆོས་ལ་སོང་བའི་འདོད་ཆགས་ཀྱིས་དེ་ཁོ་ན་ལ་སེམས་དེ་ཡོངས་སུ་གཏུགས་ཤིང་ཡོངསུ་ཟད་པར་འགྱུར་གྱིས ་ཆོས་སམ་ཆོས་མ་ཡིན་པ་གཞན་བསྒྲུབ་པར་མི་འགྱུར་བ་ཡིན་ནོ།། ཞེས་བྱ་བའི་ཐ་ཚིག་གོ།། ཁྱིམ་པ་རྣམས་ལ་ཡང་བག་དང་བཅས་པར་བྱ་བ་ཡོད་པས་དེ་དག་དེ་ལ་དགོད་པར་བཞེད་ནས། བག་ཡོད་བདུད་རྩིའི་གནས ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བག་ཡོད་པ་ནི་མྱ་ངན་ལས་འདུས་པ་བདུད་རྩིའི་རྟེན་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། བག་མེད་པ་ནི་འཆི་བའི་གནས་ཡིན་ནོ།། ཇི་ལྟར་ཤེས་ཤེ་ན། ཐུབ་པས་བཀའ་སྩལ་ཏེ་ཞེས་བྱ་བ ་ལ་སོགས་པ་སྨོས་སྷོ།། དེ་བཞིན་གཤེགས་པས་བཀའ་སྩལ་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་སྟེ། བྱགོ་ཡོད་བདུད་རྩིའི་གནས་ཡིན་ཏེ། བག་མེད་པ་ནི་འཆི་བའི་གནས།། བག་ཡོད་འཆི་བར་མི་འགྱུར་ཏེ།། བག་མེད་པ ་ནི་རྟག་ཏུ་འཆི།། ཞེས་ཚིགསུ་བཅད་པ་དེ་བཀའ་སྩལ་བའི་ཕྱིར་རོ།། དེ་ལ་བག་ཡོད་པ་ནི་དགེ་བའི་ཆོས་བསྒོམ་པའོ།། བཟློག་པ་ནི་བག་མེད་པ་ཡིན་པར་རིག་པར་བྱའོ།། དེ་བས་ཁྱོད་ཀྱིས་དགེ་ཆོས་སྦྲེལ་སླད་དུ་ཞེས་བྱ ་པ་ནི་གང་གི་ཕྱིར་དེ་ལྟར་བག་ཡོད་པ་ཕན་ཡོན་ཚ་བ་དེའི་ཕྱིར་ཁྱོད་ཀྱིས་དགེ་བའི་ཆོས་སྤེལ་བར་བྱ་བའི་ཕྱིར་རྟག་ཏུ་བག་ཡོད་པར་བྱ་སྟེ། དགེ་བའི་ཆོས་ལ་གོམས་པ་དོར་བར་མི་བྱའོ་ཞེས་བྱ་བའི་དོན་ཏོ།། འོན་ཏེ་ཁྱོད ་ཀྱིས་ཁོ་བོའི་དོན་ཞིག་བྱ་བར་ཆད་ན། དང་པོ་ཉིད་ནས་ཅི་སྟེ་མ་སྨྲས། ཁོ་བོ་སྔར་བག་མེད་པར་གྱུར་ཟིན་པས། བག་ཡོད་པས་ཅི་བྱར་ཡོད་སྙམ་དུ་སེམས་ན། དེའི་ཕྱིར་གང་ཞིག་སྔོན་ཆད་བག་མེད ་གྱུར་པ་ལུས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་སྤྱད་དུ་གང་ཞིག་སྔོན་ཆུད་བག་མེད་པར་གྱུར་པ་དེ་ཡང་གལ་ཏེ་ཕྱིས་བག་ཡོད་པ་ལ་བརྟེན་ན་དོནི་མཛེས་པ་ཉིད་དེ། དཔེར་ན་ཟླ་བ་སྤྲིན་དང་བྲལ་བ་བཞིན་ནོ་ཞེས་བཤད ་པ་ཡིན་ནོ།། ཇི་སེམས་ཅན་དེ་ལྟ་བུ་འགའ་ཙམ་ལྷ་མཐོང་ངམ་ཞེ་ན། མཐོང་ངོ་ཞེ་བསྟན་པའི་ཕྱིར། དགེའ་བོ་སོར་ཕྲེང་ཞེས་བྱ་བཱ་ལ་སོགས་པ་སྨོས་སོ།། དགའ་བོ་ཞེས་བྱ་བ་ཤཱཀྱ་གཞོན་ནུ་འདོད་ཆགས་ཆེན་པོ་ཞིག ་ཡོད་དེ། དེ་ནི་རང་གི་ཆུང་མ་ལཱ་ཤིན་ཏུ་ལྷག་པར་ཆགས་པས་དེ་མེད་པར་ཐང་ཅིག་ཙམ་ཡང་དགོའ་མི་མྱོང་ངོ་།། དེ་འདྲེ་བ་དེ། དེ་བཞིན་གཤེགས་ཕྱིས་ཁྱིམ་ནས་ཁྲིད་དེ་རབ་ཏུ་ཕྱུང་ངོ་།། རབ་ཏུ་ཕྱུང་ཡང་དེ་ཁྭ་ཉིན་མཚན་དུ ་དེ་ཁོ་ན་ལ་རྗེ་སུ་རྟོག་པར་བྱེད་ཀྱི་ཆོས་ལ་ནི་མ་ཡིན་ནོ།། དེ་ལྟ་བུ་ལས་དེ་བཞིན་གཤེགས་པས་དགྲ་བཅོམ་པ་ཉིད་ཐོབ་པའི་བར་དུ་མཛད་དོ།། སོར་མོའི་ཕྲེང་བ་ཞེས་བྱ་བ་ནི་བྲམ་ཟེའི་བུ་ཞིག་གོ། དེ་ནི་བླུན་པོ་ཞིག་སྟེ་འདི ་ལྟར་དེས་ཆོས་སུ་འགྱུར་རོ་ཞེས་བྱ་བ་བླ་མའི་ལུང་མཉན་ནས་མི་དགུ་བརྒྱ་དགུ་བཅུ་རྩ་དགུ་བསད་དོ།། ཡང་ཕྱིས་དེ་བཞིན་གཤེགས་པས་རབ་ཏུ་ཕྱུང་ནས། ཁམས་གསུམ་ལས་འདོད་ཆགས་དང་བྲལ་བར་གྱུར་ཏོ།། ། ་མཐོང་ལྡན་ནི་མ་སྐྱེས་དགྲ་འོ།། དེ་ནི་ཞེ་སྡང་ཅན་ཞིག་སྟེ། འདི་ལྟར་དེས་མི་དགེ་བའི་གྲོགས་པོ་དང་ཕྲད་པ་དང་། སྔོན་གྱི་ཤ་འཁོན་ཆགས་པས་ཕ་ཆོས་དང་ལྡན་པའི་རྒྱལ་པོ་བསད་དོ།། དེ་ཡང་དག་པའི་བཤེས་གཉེན་དེ་བཞིན ་གཤེགས་པ་ཁོ་ན་ལ་རྟེན་ནས། དམྱལ་བའི་མེའི་བུད་ཤིང་ལས་ཐར་ཏོ།། རིགས་ཀྱི་བུ་བདེ་ལྡན་ཡིང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་དབང་གིས་གཞན་གྱི་ཆུང་མ་ལ་ཉལ་པོ་བྱས་པའི་ལེན་ལན་གྱིས། མ་བསད ་ནས་དེ་བཞིན་གཤེགས་པའི་བསྟན་པ་ཁོ་ན་ལཱ་བརྟེན་ཏེ་ཕོ་ལོང་བརྡབས་པ་དང་འདྲ་བར་དམྱལ་བའི་རྡོ་རྗེ་ལྔས་ཐར་ཏེ། མཐོ་རིས་ཀྱི་འཇིག་རྟེན་གྱི་བདེ་བུ་ཉམས་སུ་མྱོང་བར་གྱུར་ཏོ།། ཞེས་གྲགས་ཏེ། དེ་ལྟར་དགའ་བོ་ལ་སོགས ་པ་དེ་དག་ཀྱང་སྔོན་བྲག་མེད་པར་གྱུར་པ་ལས་ཕྱིས་བག་ཡོད་པའི་དབང་གིས་སྡུག་བསྔལ་གྱི་ཁྱད་པར་དེ་དང་དེ་ལས་ཐར་པས། ཁྱོད་ཀྱི་སྔོན་ཕྱག་མེད་པར་གྱུར་དུ་ཟིན་ཀྱང་ཕྱིས་བག་ཡོད་པར་བྱ་དགོས་སོ་ཞེས་བྱ་བ་ཡིནོ།། ། ་ཁྱིམ་པ་རྣམས་ལ་མི་འདོད་པ་དུ་མ་འབབ་པའི་དབང་གི་ཁྱོ་བ་མང་བའི་ཕྱིར་དེ་ལ་ས་འདུན་པ་བཟློག་པའི་ཆེད་དུ་བཟོད་པ་བསྟན་པར། འདི་ལྟར་བཟོད་པ་དང་མཚུངས་ཐུགས་དཀོའ་མ་མཆིས་པས་ཞེས་བྱ་བ་ལ་སོགས་པ་སྨོས ་སོ།། བཟོད་པ་དང་འདྲ་བའི་དཀའ་ཐུབ་ནི་མེད་ཀྱི་བཟོད་པ་ཁོ་ན་དཀའ་ཐུབ་ཐམས་ཅད་ཀྱི་མཆོག་ཡིན་ཏེ། བཟོད་པ་དཀའ་ཐུབ་དམ་པ་ཞེས་ཚིགས་སུ་བཅད། དེ་བཀའ་སྩལ་བའི་ཕྱིར། འདི་སྐད་དུ་བཟོད་པ་དང་ལྡན་པ་ཁོ་ན ་དཀའ་ཐུབ་ཅན་ཡིན་གྱི། སེམས་ཁྲོ་བས་ཉམས་ལ་རླུང་དང་ཆུ་དང་རྩ་བ་དང་འབྲས་བུ་ཟ་ཞིང་ལུས་སྐེམ་པ་དང་། རལ་པ་དྲང་ལོ་མ་དུང་ཤིང་ཤུན་དང་། ཧྲ་ཧྲུལ་གྱོན་པ་ནི་མ་ཡིན་ནོ་ཞེས་བཤང ་པ་ཡིན་ཏོ།། འདི་ལྟར་བཟོད་པ་དང་ལྡན་པས་ནི་ཉོན་མོངས་པ་རྣམས་གདུང་བར་བྱེད་ལ། ཅིག་ཤོས་ཀྱིས་ནི་ལུས་སོ།། ལུས་གདུངས་པ་ཙམ་གྱིས་ནི་བདེ་འགྲོ་ཡང་མོ་ཐོབ་ན་ཐར་པ་ལྟ་ཞིག་སྨོས་ཀྱང་ཅིང་གིས། གང ་གི་ཕྱིར་དེ་ལྟར་བཟོད་པ་ཕན་ཡོན་ཆེ་བ་དེའི་ཕྱིར།། ཁྱོད་ཀྱི་ཁྲོ་བའི་གོ་སྐབས་དབྱེ་མི་བགྱི།། བཟོད་པའི་ཡོན་ཏན་གཞན་ཡང་བསྟན་པའི་ཕྱིར།། ཁྲོ་བ་སྤངས་པས་ཕྱིར་མི་ལྡོག་པ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་སོ།། ཁྲོ ་བྱ་སྤངས་པས་ནི་གླང་གྲི་དབང་གིས་ན་ཡང་འདོད་པའི་ཁམས་སྡུག་བསྔལ་དུ་མི་དང་འབྲེལ་བར་འོང་བར་མི་འགྱུར་པ་ཕྱིར་མི་ལྡོག་པ་ཉིད་ཀྱང་འཐོབ་སྟེ། གནས་འདི་ལ་ནི་སངས་རྒྱས་ཞལ་གྱིས་བཞེས་སོ།། གཉའ་བོ་ཡིན ་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་འདི་ལྟ་སྟེ། ཁྲོ་བ་སྤོངས་ཤིག་དང་། ཁྱོད་ཕྱིར་མི་ལྡོག་པའི་གཉའ་བོར་གྱུར་པ་དྲ་ཡིན་ནོ་ཞེས་བྱ་བློ་ལྟ་བུའོ།། དེ་ལ་བཟོད་པ་གང་ཡིན ་ཞེ་ན་མི་ཁྲོ་བ་དང་། ཁྲོ་བ་སྐྱེས་ན་ཡང་དེའི་མོད་ཁོ་ན་ལ་ཞི་བར་བྱེད་ཀྱི་ཞེ་ལ་འཛིན་པར་མི་བྱེད་པ་གང་ཡིན་པའོ།། དེ་ལོ་ཁྲོ་བ་གང་ཞེ་ན། སེམས་ཅན་དང་སེམས་ཅན་མ་ཡིན་པ་དག་ལས་མི་འདོད་པ་ཉེ་བར་འབབ ་པ་ད་ལྟར་བྱུང་བ་ལ་བརྟེན་ནས། སེམས་གཏུམ་པ་གང་ཡིན་པ་སྟེ། ཚིག་པ་ཟུ་ཞེས་ཀྱང་བྱའོ།། བདག་ནི་འདིས་སྤྱོས་ཞེས་བྱ་བ་ལ་སོགས་པས་ནི་བཟོད་པ་ཁོ་ན་སྟོན་ཏོ།། ཁོན་དུ་འཛིན་པའི་ཡུལ་རྣམ་པ་བཞི་སྟོན་ཏོ།། ་འདིས་བདགེ་སྤྱོས་སོ།། འདིས་བདག་བཏགས་སོ།། འདིས་བདག་ཕམ་པར་བྱས་སོ།། འདིས་བདག་གི་ནོར་ཕྲོགས་སོ་ཞེས་དེ་ལྟར་ཁོན་དུ་འཛིན་ཅིང་དེ་ལྟར་གཞན་གྱིས་གནོད་པ་བྱས་པ་ཞེ་ལ་འཛིན་ན་ཁྲོ་བའི་ཉེས་རྩོམ ་འཁྲུག་ལོང་རྣམས་བསྐྱེད་དོ།། གང་གིས་སེམས་ལ་དེ་ལྟ་བུར་འཛིན་པ་མེད་ཅིང་ཁོན་དུ་འཛིན་པ་རྣམ་པར་སྤངས་པ་དེ་ནི་སེམས་ཀྱི་སྡུག་བསྔལ་མེད་པའི་ཕྱིར། བདེ་བར་གཉིད་ཀྱིས་ལྡོག་གོ།། ཅིག་ཤོས་ནི་སེམས་སྡུག ་བསྔལ་བར་འགྱུར་བའི་ཕྱིར་སྡུག་བསྔལ་ཞིང་གཉིད་ཀྱིས་ལོག་གོ། ད་ནི་སེམས་ཆུ་དང་ཞེས་བྱ་བ་ལ་སོགས་པས། སེམས་ཅན་སོ་སྒོའི་སྐྱེ་བོ་ཐམས་ཅད་ལ་ཡང་ཇི་སྐད་བཤད་པའི་དགེ་བ་དང་མི་དགེ་པའི་སེམས་དག ་ཀུན་ཏུ་འབྱུང་བས། དེ་ལྀ་ཁྱོད་ཀྱིས་དགེ་བ་ལ་ནི་སེམས་བརྟན་པར་བྱ་བ་ལ། མི་དགེ་བ་ལ་ནི་སེམས་མི་བརྟན་པར་བྱའོ་ཞེས་བྱ་བ་དེ་སྟོན་པར་བྱེད་དོ།། སེམས་ཅན་ཐམས་ཅད་ནི། ཆུ་ལ་རི་མོ་བྲིས་པ་ལྟ་བུ་དང་། ས་ལ་འི ་མོ་བྲིས་པ་ལྟ་བུ་དང་། རྡོ་ལ་རི་མོ་བྲིས་པ་ལྟ་བུ་རྣམས་པ་གསུམོ་སྟེ། དེ་ལྟར་སེམས་ཅན་རྣམ་པ་གསུམ་དུ་རིག་པར་བྱའོ།། ཆུ་ལ་རི་མོ་བྲིས་པ་ལྟ་བུ་ཡང་ཁ་ཅིག་ནི་མི་དགེ་བ་ལའོ།། ཁ་ཅིག་ནི་དགེ་བ་ལ་སྟེ། ་རྡོ་ལ་རི་མཱ་བྲིས་པའི་བར་ཡང་དེ་དང་འདྲའོ།། དེའི་ནང་ན་ཉོན་མོངས་པ་ཅན་རྣམས་ལ་ནི་དང་པོ་སྟེ། ཆུ་ལ་རི་མོ་བྲིས་པ་ལྟ་བུ་མཆོག་ཡིན་ལ། ཆོས་ལ་འདོད་པ་རྣམས་ཀྱི་ནང་ན་ཐ་མ་སྟེ། རྡོ ་ལ་རི་མོ་བྲིས་པ་ལྟ་བུ་མཆོག་ཡིན་ནོ།། དེ་བས་ན་ཁྱོད་ཀྱིས་མི་དགེ་བ་ནི་ཆུ་ལ་རི་མོ་བྱིས་པ་ལྟ་བུར་བྱས་ལ། དགེ་བ་ལ་ནི་རྡོ་ལ་རི་མོ་བྲིསྲེ་པ་ལྟ་བུར་བྱའོ་སྙམ་དུ་དགོངས་པ་ཡིན་ནོ།། ཇི་ལྟར་སེམས་ཅན་རྣམས་ཀྱི་སེམས ་རྣམ་པ་གསུམ་ཡིན་པ་དེ་བཞིན་དུ་ངག་ཀྱང་རྣམ་པ་གསུམ་མོ་ཞེས་བསྟན་པའི་ཕྱིར་རོ།། རྒྱལ་བས་སྟོང་ལ་འབབ་པ་དང་། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱལ་བས་ཚིག་རྣམ་པ་གསུམ་བཀའ་སྩལ་ཏེ། ཞེས་བྱ་བར ་སྦྱར་རོ།། དེ་དགྲ་གང་ཞེ་ན། སྦྲང་རྩི་མེ་ཏོག་མི་གཙང་ལྟ་བུའི་ཚིག་ཅེས་བྱ་བ་སྨོས་སོ།། དེ་དག་ཀྱང་སུའི་ཡིན་ཞེ་ན། སྙིང་ལ་འབབ་དང་བདེན་པ་དང་། ལོག་པར་སྨྲ་ལྡན་སྐྱེས་བུ་རྣམས་ཀྱིས་ནི། ཞེས་བྱ་བ་ལ་སོགས ་པོ་སྨོས་སོ།། ནཱིག་སྙན་པ་ནི་སྦྲང་རྩི་ལྟ་བུ་ཡིན་ནོ།། དེ་ཉིད་ཀྱི་ཕྱིར་སྙིང་ལྔ་འབབ་ཅིང་དག་པར་བྱེད་པས་སྙིང་ལ་འབབ་པ་ཞེས་བྱའོ།། ཚིག་བདྲེན་པ་དེ་ནཱི་མེ་ཏོག་ལྟ་བུ་སྟེ། བསྔགས་པར་བྱ་བ་ཡིན་པའི་ཕྱིར་རོ།། ་ཚིག་ལོག་པ་ནི་མི་གཙང་བ་ལྟ་བུ་སྟེ། སྨད་པའི་ཕྱིར་ཆོག་གསུམ་པོ་འདི་དག་གིས་ནང་ནས་ཐ་མ་སྤང་། ཚིག་གི་ཐ་མ་མི་གཙང་བ་ལྟ་བུ་སྟེ། དེ་ཁྱོད་ཀྱིས་སྤང་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ།། སེམས་ཅན་འཁོར ་བ་ན་འཁོར་པ་རྣམས་ཀྱི་སྤྱོད་པ་རྣམ་པ་བཞི་སྟེ། དེ་བས་ན་ཁྱོད་ཀྱིས་སྤྱོད་པ་མཆོག་ལ་གནས་པར་བྱའོ་ཞེས་དེ་ལ་སྦྱར་བའི་ཕྱིར། སྣང་ནས་སྣང་བའི་མཐར་ཐུག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། མདོ་ལས་ནི་སྣང་བ་ནས་སྣང ་བཱར་འགྲོ་བ་ཞེས་འབྱུང་ངོ་།། དེ་ལ་སྣང་བ་ནས་སྣང་བའི་མཐར་ཐུག་ཅེས་བྱ་བ་ནི་ལྷ་དང་མི་དབང་ཐང་ཆེན་པོ་རྣམས་ཀྱིན་དུ་སྐྱེས་ནས་ཡང་དེ་ཉིད་དུ་སྐྱེ་བ་གང་ཡིན་པའོ།། མུན་པ་ནས་མུན་པའི་མཐའ་ཞེས་བྱ་བ་ནི་ངན་འགྲོའི ་མི་དབང་ཐུང་ཆུང་ངུ་རྣམས་ཀྱི་ནང་དུ་སྐྱེས་ནས་ཡང་དེ་ཉིད་དུ་སྐྱེ་བ་གང་ཡིན་པའོ།། སྣང་བ་ནས་མུན་པའི་མཐར་ཐུག་ཅེས་བྱ་བྱ་ནི་ལྷ་དང་མི་དབང་ཐང་ཚོན་པོ་རྣམས་ཀྱི་ནང་དུ་སྐྱེས་ནས། ངན་སོང་གསུམ་དང་མི་དབང་ཐང་ཆུང ་པ་རྣམས་ཀྱི་ནང་དུ་སྐྱེ་བ་གང་ཡིན་པ་སྟེ་དཔེར་ན་འཇུངས་དགའ་ལྟ་བུའོ།། མུན་ནས་སྣང་བའི་མཐར་ཐུག་ཅེས་བྱ་བ་ནི་དྲན་སྲོང་གསུམ་དང་མི་དབང་ཐང་ཆུང་བ་རྣམས་ཀྱི་ནང་དུ་སྐྱེས་ནས་ལྷའི་འཇིག་རྟེན་དང་མི་དབང་ཐུང་ཆེན་པོ་རྣམ ་ཀྱི་ནང་དུ་སྐྱེ་བ་གང་ཡིན་པ་སྟེ། དཔེར་ན་ལྷའི་བུ་སྦལ་པ་ལྟ་བུའོ།། དེ་དག་ནི་གང་ཟག་བཞི་སྟེ། དེ་དག་གི་ནང་ནས་དང་པོ་མཛོད་སྣང་བ་ནས་སྣང་བར་འགྲོ་བར་མཛོད་ཅིག་ཅེས་བྱ་བའི་དོན་ཏོ།། ད་ནི་ཁྱིམ་པ་རྣམས་ནི་སེམས་ཅན་མིང ་པོ་དང་འགྲོགས་དགོས་ཏེ། དེ་བས་ན་དེ་དག་ལ་ཇི་ལྟར་རིགས་པར་སྒྲུབ་པ་བསྟན་པའི་ཕྱིར། དེ་དག་གི་སྤྱོད་པའི་ཁྱད་པར་བསྟན་པ་ནི། ཨ་སྨའི་འབྲས་བཞིན་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ཨ་མྲའི་འབྲས་བུ་ནི་རྣམ་པ ་བཞི་སྟེ། ལ་ལ་ནི་མ་སྨིན་པར་ཡང་ཕྱི་རོལ་ནས་སྨིན་པ་ལྟ་བུར་སྣང་ངོ་།། ལ་ལ་ནི་སྤྲིན་ཡང་སྔོན་པོའི་ངོ་བོ་དང་མ་བྲལ་བས་མྱ་སྦྱིན་པ་ལྟ་བུར་སྣང་ངོ་།། ལཱ་ལྷ་ནི་མཱ་སྨིན་པཱ་ལཱ་མ་སྨིན་པ་ཉིད་དུ ་སྣང་ངོ་།། ལ་ལ་ནི་སྦྱིན་པ་ལ་སྨིན་པ་ཉིད་དུ་སྣང་ངོ་།། དེ་དང་འདྲ་བར་གང་ཟག་ཀྱང་རྣམ་པ་བཞིར་རིག་པར་བྱ་སྟེ། དེ་ལ་དྲང་བྱོ་ནི་བསམ་པ་ཉམས་ལ་སྦྱོར་བྱ་ཕུན་སུམ་ཚོགས་པ་ཡིན་ནོ།། གཉིས་པ་ནི་སྦྱོར་བ་ཉམས་པ་ལ ་བསམ་པ་ཕུན་སུམ་ཚོགས་པ་ཡིན་ནོ།། གསུམ་པ་ནི་གཉི་ག་ཉམས་པ་ཡིན་ནོ།། བཞི་པ་གཉི་ག་ཕུན་སུམ་ཚིགས་པ་ཡིན་ནོ།། དེའི་ཁྱིམ་པ་རྣམས་ལ་ནི་འདོད་པས་ལོག་པར་གཡེམ་པ་སྡང་དཀའ་བའི་ཕྱིར་ལ། དེ་ཡང ་གཞན་གྱི་ཆུང་མ་མཐོ་ན་མངོན་དུ་འགྲོ་བ་ཅན་ཡིན་པས་དེ་ལས་བཟློག་པའི་ཕྱིར། གཞན་གྱི་ཆུང་མ་མི་ལྟ་ཞེས་བྱ་བ་ལ་སྩོགས་པ་སྨོས་སོ།། མདོ་ལས་ནི་བཙུན་པ་བུད་མེད་ལ་ཇི་ལྟར་བསྒྲུབ་པར་བགྱི་ཞེས་གསོལ་པ་དང་། ཀུན ་དགའ་བོ་མི་ལྟ་བས་སོ་ཞེས་བཀའ་སྩལ་ཏོ།། འདིར་ནི་ཁྱིམ་པའི་སྐབས་ཡིན་པས་གཞན་གྱི་ཆུང་མ་ཞེས་བཤད་དོ།། འོན་ཏ་ཇི་ཞིག་ལྟར་མཐོང་བར་གྱུར་ན། དེ་ལ་ཡུང་མ་དང་བུ་མོ་དྲང་སྲིང་མོའི་འདུ་ཤེས་བསྐྱེད་པར་བགྱིའོ།། ་དེ་ཡང་བབ་ཅོལ་དུ་མ་ཡིན་གྱི་འོན་ཀྱང་ན་ཚོད་དང་མཐུན་པར་རོ།། དེ་ལྟར་བསམས་ཀྱང་གལ་ཏེ་འདོད་ཆགས་སྐྱེ་བ་ལྟ་ན། ཆགས་གྱུར་ན། བུད་མེད་དེ་ལ་དྲི་ང་བ་དང་། སྒོ་དགུ་དོད་པ་དང་ཞེས་བྱ་བ་ལ་སོགས་པ་ཇི་སྐད་འཆང ་པར་བྱཱགྷཨཱརྱཱ་བུ་ལཱ་བཨཱརྱཱ། མི་གཙང་ཉིད་དུའང་ཡང་དག་བསམ་ཕྱུར་བགྱི། གླལ་ཏེ་མི་གནང་བ་ཉིད་དུ་བསམས་བྱིན་ཡང་གཙང་བའི་སེམས་བྱུང་ནཱ། དེའི་ཚེ་ཇི་ལྟར་བྱ་ཞེ་ནཱ། སེམས་བསྲུང་བར་བྱའོ།། ཞེས་བསྟན་པའི་ཕྱིརོ།། ་གཡོ་བོའི་སེམས་ནི་ཐོས་མཚུངས་བུ་ལྟེ་བུར་ཞེས་བྱ་བ་ལ་སོགས་པ་སྤྲོས་ཏོ།། འདི་སྐད་དུ། འཇིག་རྟེན་ནོ་ཐོས་པ་ལ་སོགས་པ་དོན་རྣོན་བོ་ཉིད་ཀྱི་སྲུང་བ་ངདེ་ཁོ་ན་བཞིན་དུ་ཁྱོད་ཀྱིས་སེམས་བསྲུང་བར་བྱའོ་ཞེས་བྱ་ཤ ་པ་ཡིན་ནོ།། འདི་ཡང་བསྲུངས་ན་བདེ་བ་ཐོབ་པར་འགྱུར་ཏེ། བཅོམ་ལྡན་འདས་ཀྱིས་འདི་སྐད་དུ། སེམས་དུལ་བས་ནི་བདྲེ་བ་འཐོབ་ཅེས་གསུངས་པ་ལྟ་བུའོ།། གཞན་ཡང་གདུག་བྱ་ལ་སོགས་པ་བཞིན་དུ་འདོད ་པའི་བདེ་བ་དག་ལཱ་ཡིད་འབྱུང་བར་གྱིས་ཤིག། དེ་ལ་གདུག་པ་ནི་སྦྲུལ་ལོ།། དེ་ནི་མཱ་རུངས་པ་ཉིད་ཀྱིས་ཡིད་འབྱུང་བའི་རྒྱུ་ཡིན་ནོ།། དུག་ནི་གསོད་པར་བྱེད་པའི་བདག་ཉིད་ཀྱིས་སོ།། མཚོན་ནི་སྡུག་བསྔལ་སྐྱེད་པའི་རྒྱུ་ཉིད ་ཀྱིས་སོ།། དགྲ་བོ་ནི་བདེ་བའི་གགས་བྱེད་པའི་རྒྱུ་ཉིད་ཀྱིས་སོ།། མ་ནི་གདུང་བར་བྱེད་པའི་རྒྱུ་ཉིད་ཀྱིས་སོ།། ཡུ་ལ་རྣམས་ཀྱང་བདག་དང་གཞན་ལ་གནོད་པའི་རྒྱུ་ཉིད་ཀྱིས་གདུག་པ་བཞིན་དུ་མ་རུངས་པ་ཡིན་ནོ།། དགེ་བའི ་ལས་ཆུད་གཟིན་པར་བྱེད་པ་ཉིད་ཀྱིས་དུག་བཞི་ན་དུ་གསོད་པར་བྱེད་པའི་བདག་ཉིད་ཡིན་ནོ།། ངན་སོང་འདྲེན་པར་བྱེད་པའི་ཕྱིར་མཚོན་བཞིན་དུ་སྡུག་བསྔལ་བསྐྱེད་པའི་རྒྱུ་ཡིན་ནོ།། ལྷ་དང་མིའི་ཕུན་སུམ་ཚོགས་པ ་ཐག་སྒྱིང་བར་བྱེད་པའི་ཕྱིར་དགྲ་པོ་བཞིན་དུ་བདེ་བའི་གྲགས་བྱེད་པའི་རྒྱུ་ཡིན་ནོ།། འགྱོད་པ་བསྐྱེད་པའི་ཕྱིར་མ་བཞིན་དུ་གདུག་པར་བྱེད་པའི་རྒྱུ་ཡིན་ནོ།། དེ་བས་ན། འདོད་པའི་བདེ་བ་ལ། ་ཡིད་འབྱུང་མཛོད། གཞན་ཡང་འདོད་པ་རྣམས་ནི་ཕུང་བསྐྱེད་པར་བྱེད་པ་སྟེ། དེའི་ཕྱིར་ཡང་འདོད་པའི་བདེ་བ་དག་ལ་ཡིད་འབྱུང་བར་གྱིས་ཤིག། ཡང་ན་ཅིའི་ཕྱིར་འདོད་པའི་བདེ་བ་ཉམ་སུ་མྱོང་བ་དག་ལ ་གདུག་པ་ལ་སོགས་པ་བཞིན་ཡིད་འབྱུང་བར་བྱ་ཞེ་ན། འདོད་པ་རྣམས་ནི་ཕུང་བ་བསྐྱེད་པ་སྟེ། ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ནི་ཞེས་བྱ་བའི་སྒྲ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ།། དེ་དག་ནི་ཉེ་བར་སྤྱོད་པའི་དུས ་ནུན་བདེ་བ་སྐྱེད་མོད་ཀྱི། འོན་ཀྱང་མཇུག་ཏུ་འཕུང་བ་སྐྱེད་པར་བྱེད་པ་ཁོ་ན་ཡིན་པས་མཁས་པ་རྣམས་ཀྱིས་ཁ་ཟས་དུག་ཅན་བཞིན་དུ་སྤོང་བར་བྱ་བ་ཁོ་ན་ཡིན་ནོ།། འདི་ལྟར་འདོད་པ་རྣམས་ནི་དང་པོ་དགའ་བར ་བྱེད་པ་ཉིད་ཀྱི་ཕྱིར་དང་ཐ་མར་ཡོངསུ་གདུང་བར་བྱེད་པོ་ཉིད་ཀྱི་ཕྱིར། རྒྱལ་བའི་དབང་པོས་ཀིམ་པའི་འབྲས་འདྲར་གསུངས། དཔེར་ན་ཀིམ་པའི་འབྲས་བུ་ཤུན་པ་ཅོམ་ཞིག་བཟང་གི་ནང་ངན་པ་དང་འདྲ་བའོ།། གཞན ་ཡོད་འདོད་པ་རྣམས་ནི་འཁོར་བར་འཆིང་བའི་རྒྱུར་གྱུར་པའི་ཕྱིར་སྤང་བར་བྱ་བ་ཁོ་ན་ཡིན་ནོ།། ཞེས་སྟོན་པར་བྱེད་དེ། དེའི་ལྕགས་སྒྲོག་གིས། འཁྲོ་བཱི་བཙོན་རར་འཇིག་རྟེན་འདི་དག་བཅིངས།། ཞེས་བྱ་བ་ནི་ཡུལ ་གྱི་ལྕགས་སྒྲོགས་གིས་འཁོར་བའི་བཙོན་རར་སེམས་ཅན་གྱི་འཇིག་རྟེན་འདི་བཅིངས་སོ་ཞེས་བྱ་བ་ཡིན་ནོ།། དུ་ནི་གང་ཞིག་དབང་པོ་ཚར་གཅོད་པར་བྱེད་པ་དེ་བསྔགས་པའི་སྒོ་ནས་དེ་ལ་སྲན་བསྐྱེད་པའི་ཕྱིར ་གང་དག་དབང་པོ་དྲུག་ཡུལ་རྣམས་ལ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡུལ་དང་ཕྲད་ནས་འགྱུར་བའི་ཕྱིར་དེ་ལ། མི་བརྟན་པ་ཞེས་བྱའོ།། ཡུལ་ལ་མངོན་པར་འདོད་པ་ཉིད་ཀྱིས་གཡོ་བ་ཡིན་ནོ།། གང་དག ་ཅིག་དབང་པོ་དྲུག་པོ་དེ་དག་ལས་རྒྱལ་བར་བྱེད་པ་དང་། གང་དག་ཅིག་འཐབ་མྱོའི་གཡུལ་ངོར་དགུའི་ཚོགསོ་ལས་རྒྱལ་བར་བྱེད་པ་དེ་དག་ལས། མཁས་ཤིང་འཛངས་པ་རྣམས་ནི། དང་པོ་དབང་པོ་ལས ་རྒྱལ་བར་བྱེད་པ་གང་དག་ཡིན་པ། དཔའི་རབ་ལགས་པར་འཚལ་ཏེ། འདོད་དོ་ཞེས་བྱ་བའི་ཐ་ཚིག་གོ། འདི་ལྟར་དུད་འགྲོ་ཡང་གཡུལ་ལས་རྒྱལ་བར་སྣང་སྟེ། དེ་དག་གིས་དབང་པོ་ལས་རྒྱལ་བར་བྱེད ་པར་མི་ནུས་སོ།། གང་ཡང་མི་གཙང་བ་ཉིད་དུའང་ཡང་དྲག་བསམ་པར་བགྱི་ཞེས་བཤད་པོ་དྲི་བསྟན་པའི་ཕྱིར། བུད་མེད་གཞོན་ནུའི་ལུས་ནི་ལོགས་ཤིག་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། དེ་ལོ་ལུས་ཞེས་བྱ ་བ་ཤེས་བྱའི་སྒྲ་ནི་ལུས་དྲི་ང་བ་ཞེས་བྱ་བ་ལ་སོགས་པའི་ཚུལ་དུ་རེ་རེ་དང་སྦྱར་བར་བྱའོ།། འདིར་ལུས་ནི་དྲི་དང་། དབྱིབས་དང་། མི་གཙང་བའི་རྟེན་དང་། ངོམས་མི་ཤེས་པ་དང་། ཁོང་ན་སྙིང་པོ་མེད་པའི་སྒོ་ནས ་བཟང་པོ་མ་ཡིན་པ་རྣམ་པ་ལྔ་སྨོས།། དེ་བས་ན་བུད་མེད་གཞོན་ནུའི་ལུས་འདི་ལྟ་བུ་ཡང་ལོགས་ཤིག་ཏུ་ལྟོས་ལ། རྒྱུན་ཀྱང་ལོགས་ཤིག་ཏུ་ལྟོས་ཤིག་དང་། དེས་ན་འདོད་ཆགས ་ཀྱི་མེ་ཞི་བར་འགྱུར་གྱི། གང་གཱི་ཙྪ་རྒྱུན་རྣམས་དང་། ལུས་གཅིག་ཏུ་བཟླུམས་ཏེ། བལྟས་པ་དེའི་ཚེ་ནི་འདོད་ཆགས་ཀྱི་མེ་མཆེད་པ་ཁོ་ནར་འགྱུར་བས་ཁྱོད་ཀྱིས་དེ་ལྟར་བལྟ་བར་མི་བྱའོ་སྙམ་དུ་དགོངས་པ་ཡིན ་ནོ། གཞན་ཡང་ངོམས་པ་བྱ་བའི་ཕྱིར་ཡུལ་ལ་ཉེ་བར་སྤྱོད་པར་འདོད་ན། འི་དོད་པ་རྣམས་ལ་ནི་བསྐལ་པ་བརྒྱ་ཕྲག་ཏུ་ཡང་ངོམས་པ་མེད་པས། དེ་དག་རྟེན་དེས་ཅི་བྱ་ཞེས་བསྟན་པའི་ཕྱིར། ཇི་ལྟར་མཛེ་ཅན ་སྲིན་བུས་ཉེན་པ་ཞེས་བྱ་བྱ་ལོ་སོགས་པ་སྨོས་སོ།། ཇི་ལྟར་མཛེ་ཅན་སྲིན་བུས་བཙུགས་པ་བསལ་བའི་ཕྱིར་མྱེ་བསྟེན་ཀྱང་ཞི་བྱར་མི་འགྱུར་བ་དེ་བཞིན་དུ་བྱིས་པ་དྲུགུ་འདོད་པའི་གདུང་བ་གསོལ་བུའི་ཕྱིར་ཡུལ ་རྣམས་ལས་བརྟེན་ཀྱང་ངོམས་བྱར་མི་འགྱུར་གྱི། རྣམ་པར་ཉམས་པར་འགྱུར་བ་འབའ་ཞིག་ཏུ་ཟད་དོ།། འདི་ནི་འདོད་པའི་འདོད་ཆགས་རྣམས་པར་ག་ནོན་པའི་སྦྱོར་བ་བཤད་པ་ཡིན་ནོ།། འདི་ཙམ་གྱིས་ནི་དེ ་ཀུན་ཏུ་འཆད་པ་མ་ཡིན་པས། ཁྱོད་དེ་ཀུན་བཅད་པར་འདོད་ན་ལམ་འདི་བསྒོམ་པར་བྱའོ།། ཞེས་བསྟན་པའི་ཕྱིར་རོ།། དོན་དམ་གཟིགས་པར་བགྱི་སླད་དངོས་རྣམས་ལོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་དམ ་པ་ནཱི་ས་ཀྱི་བ་ཉིད་ན་ནཱི་མྱ་ལོག་པའོ།། དེ་མཐོང་བར་བྱ་འི་ཕྱིར་ཏེ། དེའི་ཡུལ་ལྡན་གྱི་ཡེ་ཤེས་བ་སྐྱེད་པའི་ཕྱིར་ཤེས་བྱ་བའི་དོན་ཏོ།། དངོས་རྣམས་ལ། རྒྱུ་ལ་ཛྙཱནན་སྙིང་ལ་བགྱིད་པ་སྟེ། ཞེས་བྱ་བ་ནི་གཟུགས ་ལ་སོགས་པའི་ཕུང་པོ་དངོས་པོ་རྣམས་ལ་དམིགས་ནུས་ཚུལ་བནན་ཡིད་ལ་བྱེད་པ་སྟེ། དོན་དམ་པའི་ཤེས་སྐྱོ་བ་དང་མཐུན་པའི་ཡིད་ལ་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ།། འདིར་ཡང་ལ་བྱེད་པ་སྨོས་པས་ནི་སེམས ་དང་སེམས་ལས་བྱུང་བའི་ཚོགས་མཐཱའུ་དག་གཟུང་སྟེ། འདིར་གཙོ་བོ་བསྟན་པ་མཛད་པ་ཡིན་ནོ།། ཡིད་ལ་བྱ་བ་དེ་གོམས་མཛོད་ཅེས་བྱ་བ་ནི་ཕྱིན་ཅི་ལོག་པའི་ཚུལ་དུ་ཡང་དང་ཡང་མངོན་དུ་བྱས་ནས་མནོས་ཤིག ་ཅེས་བྱ་བའི་དོན་ཏོ།། དེ་ལྟར་བསྒོམས་ཏེ་ཅི་ཞིག་བྱ་ཞེ་ན། དྲི་དང་འདྲེ་བར་ཡོན་ཏན་ལྡན་པའི་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། དོན་དམ་པའི་ཡེ་ཤེས་བསྐྱེད་ཅིང་ཉོན་མོངས་པ་ཉེ་བར་ཞི་བའི་རིམ་གྱིས་སེམས་ཅན་རྣམས ་མྱ་ངན་ལས་འདའ་བའི་བདེ་བ་དང་སྤྲོད་པར་བྱེད་པ་གང་ཡིན་པ་འདི་ནི་ཡོན་ཏན་དེང་ལྡན་པའི་ཆོས་ཡིན་ཏེ། འདི་དང་འདྲ་བའི་ཆོས་གཞན་ནི་འཇིག་རྟེན་ན་འགའ་ཡང་མེད་པས་འདི་ཁོ་ན་ཆོས་ཐམས་ཅད་པས་ཡོན་ཏན ་དང་ལྡན་པ་ཡིན་ནོ།། ཡིད་ལ་བྱེད་པ་དེ་ཡང་ངེས་པས་འབྱུང་བའི་ཚེ་དང་མཐུན་པའི་གནས་སྐབས་ན་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པའི་རྣམ་པ་ཅན་ཡིན་པར་རིག་པར་བྱ་སྟེ། དེ་ནི ་འཕགས་པའི་ལམ་སྐྱེ་བུ་དང་མཐུན་པ་ཡིན་ནོ།། ད་ནི་ཤེས་པ་འདིའི་ཆེ་བའི་བདག་ཉིད་བརྗོད་པའི་ཕྱིར། སྐྱེས་བུ་རིགས་གཟུགས་ཐོས་དང་ལྡན་རྣམས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིགས ་དང་ལྡན་པ་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་ལ་སོགས་པར་སྐྱེས་པ་གང་དག་ཡིན་པ་དང་། གཟུགས་དང་ཁ་དོག་དང་། དབྱིབས་དང་མཚན་ཕུན་སུམ་ཚོགས་པ་གང་དག་ཡིན་པ་དང་། ཐོས་པ་དང་ལྡན་པ་བསྟན ་བཅོས་ཐམས་ཅད་ལ་འཇིགས་པ་མེད་པ་གང་དག་ཡིན་པ་དེ་དག་ཀྱང་། གལ་ཏེ་ཇི་སྐད་བཤད་པའི་ཤེས་པ་དང་ཚུལ་ཁྲིམས་དང་བྲལ་བ་འཇིག་རྟེན་ན་བཀུར་བ་མ་ཡིན་ཞིང་། གུས་པར་བྱ་བ་ཡང་མ་ཡིན་ལེ། ཡིད་བརྟན ་བར་བྱ་བ་ཡང་མ་ཡིན་གྱི། རིགས་ནས་ལ་སོགས་པ་མེད་དུ་ཟིན་ཀྱང་ཤེས་པ་དང་ཚུལ་ཁྲིམས་དང་ལྡན་མཆོད་པར་བྱ་བ་ཁོ་མ་ཡིན་པས། འདི་ཁོ་ན་ལྔ་འབྱེད་པར་བྱའི། རིགས་ལ་སོགས་པས་ང་རྒྱལ་ནི་མི་བྱའོ་སྙམ་དུ ་དགོངས་པཱ་ཡིན་ནོ།། འཇིག་རྟེན་མཁྱེན་པ་རྙེད་དང་མཱ་རྙེད་དང་། ཞེས་བྱ་བ་ལ་སོགས་བྱས་ནི་འཕགྲ་སེ་པའི་ལམ་སྐྱེ་བུ་དང་མཐུན་པ་ཁོ་ན་སྟོན་པར་བྱེད་དོ།། འཇིག་རྟེན་གྱི་ཆོས་ལྔ་གནས་པ་འཕགས་པའི་ལ་མྱ་སྒྲུ་བ ་མེད་པའི་ཕྱིར། འདིས་གདོན་མ་ཀྱི་ཆོས་རྣམས་ལོ་མཉམ་པ་ཉིད་དོ།། འདིར་འཇིག་རྟེན་གྱི་ཆོས་ནི་རྙེད་པ་མ་རྙེད་པ་ལ་སོགས་པ་ལ་ཡིད་བདེ་བ་དང་ཡིད་མི་འདི་བ་ཡིན་གྱི། རྙེད་པ་ལ་སོགས ་པ་ནི་མ་ཡིན་ཏེ། འཕགས་པ་རྣམས་ལ་ཡང་མངའ་བའི་ཕྱིར་རོ།། དེ་ལྟ་བས་ན་དམིགས་པའི་དབང་གིས་འཇིག་རྟེན་གྱི་ཆོས་རྣམ་པ་བརྒྱད་ཉིད་ཡིན་པར་རིག་པར་བྱའོ།། དེ་ལ་མི་སྙན་དང་སྨད་པ་ནི་ལྐོག་དང་ལྐོག་མ་ཡིན་པའི ་བྱེ་བྲག་ལས་རེག་པར་བྱའོ།། འཇིག་རྟེན་གྱི་ཆོས་བརྒྱད་པོ་འདི་དག་མགོ་སྙོམས་མཛོད་ཅེས་བྱ་བ་ནི་ཡིད་བདེ་བ་དང་ཡིད་མི་བདེ་བ་མསྐྱེད་ཅེས་བྱ་བའི་ཐ་ཚིག་གོ། དེ་ཉིད་ཀྱི་ཡིད་ཀྱི་ཡུལ་མ་ཡིན་པར་འགྱུར་ཏེ། གང་གི་ཕྱིར་དེ་དག ་གོ་གཞི་ཅན་གྱི་ཉོན་མོངས་པ་འདིའི་སེམས་འཁྲུགས་པར་བྱེད་པ་རྣམས་སྐྱེ་བར་འགྱུར་བ་ལྟ་བུརོ། རྙེད་པ་དང་མ་རྙེད་པ་ལ་སོགས་པ་འདིའི་ཡུལ་གྱི་དངོས་པོར་མི་འགྱུར་རོ།། གཞན་ཡང་འཇིག་རྟེན་ན་ཆོས་མ་ཡིན་པ་ཡང་ཆོས ་སུ་གྲགས་ཏེ། དྭེ་ལས་བཟློག་པའི་ཕྱིར་རོ།། ཁྱོད་ཀྱིས་བྲམ་ཟེ་དགེ་སློང་ལྷ་དང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱོད་ཀྱིས་དགེ་སློང་དང་བྲམ་ཟེ་དང་ལྷ་དུང་མགོན་པོ་ལ་སོགས་འདི་དག་གི་དོན་དུ་སྡིག་པ་མི་བྱའོ།། ཅིའི་ཕྱིར། ་དམྱལ་བའི་རྣམ་སྨིན་སྐལ་ནོད་འགའོ་མ་མཆིས་ཞེས་བྱ་བ་སྨོས་ཏེ། འདི་དྲག་གི་དོན་དུ་སྡིག་པ་བྱས་པ་ཡང་ཁྱོད་ཁོ་ན་དམྱལ་བའི་སྡུག་བསྔལ་ལ་སྦྱོར་བར་བྱེད་ཀྱི། མ་ལ་སོགས་པ་དེ་དགྲ་དམྱལ་བའི་སྡུག་བསྔལ་གྱི་སྐལ་བ་ལེན་པར ་མི་བྱེད་དོ།། གལ་ཏེ་བྲམ་ཟེ་ལ་སོགས་པའི་དོན་དུ་སྡིག་པོ་བྱས་རྣམ་པར་སྨིན་པ་མི་འདོད་པ་ཅན་དུ་གྱུར་ན། ཅིའི་ཕྱིར་དེའི་མོད་ལ་རྣམ་པར་སྨིན་པར་མི་འགྱུར་སྙམ་དུ་སེམས་ན། སྡིག་པའི་ལས་རྣམས་སྤྱད་པ་འགའ་ཡང ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྐད་དུ་སྡིག་པའི་ལས་ཀྱི་དེའི་མོད་ཁོ་ན་ལ་མཚོན་ཆ་བཞིན་དུ་གཅོད་པར་མི་བྱེད་མོད་ཀྱི། འོན་ཀྱང་འཆི་བའི་དུས་ལ་བབ་པ་ན་སྡིག་བྱའི་ལུས་ཀྱི་འབྲས་བུ་མངོན་པར ་འགྱུར་རོ།། ཞེས་བཤད་པ་ཡིན་ནོ།། དུས་དེའི་ཚེ་དགེ་པ་དང་མི་དགེ་བའི་ལས་གང་བྱས་པ་དྲི་མངོན་དུ་འགྱུར་ཏེ། དཔེར་ན་ཕྱེ་མ་འོད་ཀྱི་དུས་སུ་རོ་བརྩེགས་པ་རྣམས་ཀྱི་གྲིབ་ས་འབབ་པ་ལྟ་བུ་ཡིན་ནོ།། དེ་མཐོང་ནས་ཁ་ཅིག་ནི་བཞིན ་མདངས་གསལ་བཞིན་དུ་འཆིའོ།། གཞན་དྲུག་ནི་བཞིན་མདངས་ངན་པར་གྱུར་ནས་འོཆིའོ།། དེ་དགྲ་ཁོ་ན་ལ་དམིགསྐུ་ནུས་འཆི་འཕྱོས་པའི་སེམས་ཀྱིས་མཇུག་ཐོགས་སུ་ཉིང་མཚམས་སྦྱོར་བའི་སེམས་འབྱུང་སྟེ། དེ་ལྟར་ན་ལས་རྣམ ་པར་སྨིན་པར་འགྱུརརོ།། འབྲས་བུ་ནི་རྣམ་པར་སྨིན་པའོ།། དེ་ལྟར་འཇིག་རྟེན་གྱི་ཆོས་རྣམས་དང་ཕྲལ་ཏེ། འཕགས་པའི་ཆོས་ལ་དགོད་པར་བཞེས་ནས་དད་དང་ཚུལ་ཁྲིམས་ཞེས་བྱ་བ་ལ་སོགས་སོ།། དེ་ལ་དད་པ་ནི་ལས་དང་འབྲས ་བུ་དང་བདེ་བ་དང་དཀོན་མཆོག་ལ་མངོན་པར་ཡིད་ཆེས་པའོ།། ཚུལ་ཁྲིམས་ནི་མི་དགེ་བ་སྤོང་བ་ཡང་དག་པར་ལེན་པའོ།། དེ་ཡང་སྡོམ་པ་རྣམ་པ་བརྒྱད་དུ་རིག་པར་བྱ་སྟེ། འདི་ལྟ་སྟེ། དགེ་སློང་གི་སྡོམ་པ་དང་། དགེ་སློང་མའི་སྡོམ་པ ་དང་། དགེ་སློབ་མའི་སྡོམ་པ་དང་། དགེ་སྦྱོང་གི་སྡོམ་པ་དང་། དགེ་སྦྱོང་མའི་སྡོམ་པ་དང་། དགེ་སྙེན་གྱི་སྡོམ་པ་དང་། དགེ་སྟན་མའི་སྡོམ་པ་དང་། བསྙེན་གནས་ཀྱི་སྡོམ་པའོ།། གཏོང་བ་ནི་མཆོད་པ་དང་ཕན་གདགས་པར་འདོད ་པས་ཅི་རིགས་པར་དངོས་པོ་གཏོང་བ་གང་ཡིན་པའོ།། ཐོས་པ་ནི་དགེ་བའི་བསམ་པས་ཐར་པ་དང་། མཐུན་པའི་ཆོས་མཉན་པ་དང་འཛིན་པཱ་ཏེ། དྲི་མེད་ཅེས་སྨོས་པས་ནི་ཐོས་པ་རྣམ་པར་བྱང་བ་ཉིད་དུ་སྟོན་ཏོ།། ངོ་ཚ་ཤེས་པ་ནི་བདག་གི་དབང ་དུ་བྱས་ནས། ཁྱ་ན་མ་ཐོ་བས་འཛེམ་པ་གང་ཡིན་པའོ།། ཁྲེལ་ཡོད་པ་ནི་གཞན་གྱི་དབང་དུ་བྱས་ནས་ཁཱ་ན་མཱ་ཐོ་བས་འཛེམ་པ་གང་ཡིན་པའོ།། ཤེས་རབ་ནི་ཆོས་རྣམས་དང་རང་དང་སྤྱིའི་མཚན་ཉིད་རབ་ཏུ་རྣམ་པར་འབྱེད་པར་ཞུགས་པ ་གྲོང་ཡིན་པའོ།། དེ་དག་ནི་ནོར་བདུན་ལགས་པར་ཐུབ་པས་གསུངས་ཏེ། ཟག་པ་མེད་པའི་བདེ་བའི་རྒྱུ་ཡིན་པའི་ཕྱིར་དང་ཐུན་མོང་མ་ཡིན་པའི་ཕྱིར་རོ།། གསེར་ལ་སོགས་པ་འཇིག་རྟེན་གྲགས་པའི་ནོར་གཞོན་ནི། དོན་མ ་མཆིས་ཤིང་གསོབ་དང་ཡ་མ་བརླབ་སྟེ། ཉོན་མོངས་པ་ཉེ་བར་ཞི་བའི་རྒྱུ་མ་ཡིན་པའི་ཕྱིར་དང་ཐུན་མོང་ཡིན་པའི་ཕྱིར་རོ།། དེ་ལྟར་འཕགས་པའོ་ནོར་བསགས་པར་བཤད་ནས་དེ་ཆུད་མི་ཟིན་པའི་ཐབས། རྒྱན་པོ་འགྱེད་པ་ཞེས ་བྱ་བ་ལ་སོགས་པ་སྨོས་སོ།། དེ་ལ་རྒྱན་པོ་འགྱེད་པའི་ཆོས་ལོས་རྒྱུན་པོ་འགྱེད་པ་ལ་སོགས་པ་རྣམ་པ་དུ་མའོ།། ལུས་ལ་ལྟ་བྱ་ནི་དགའ་སྟོན་ལ་སོགས་པ་ལ་སྐྱེ་བོ་ཕལ་པོ་ཆེ་འདུས་པའོ།། ལེ་ལོ་ནི་དགེ་བོ་བྱས་པ་དག་ལ་མི ་སྤྲོ་བའོ།། སྡིག་པའི་གྲོགས་པོ་ནི་གང་ཟག་གང་ལ་བརྟེན་ནས་དག་པ་ལ་མི་འཇུག་ལ་མི་དགེ་བ་ལ་ནི་འཇུག་པར་འགྱུར་བའོ།། ཆང་ནི་བཅས་པའི་ཆང་དང་སྦྱར་བའི་ཆང་ངོ་།། མཚན་མོ་རྒྱུ་བ་ནི་ཉི་མ་ནུབ་པོ་དང་ཁྱིམ་གཞན ་དང་གྲོང་གཞན་ལ་སོགས་པར་འགྲོ་བའོ།། དྲུག་པོ་དེ་དག་ནི་ངན་སོང་བ་ཡིན་ཏེ། དེ་དག་ལ་བརྟེན་ནས་ལོངས་སྤྱོད་དང་། འཚོ་བ་དང་དགེ་བའི་ཆོས་ཉམས་པར་འགྱུར་བའི་ཕྱིར་རོ།། ངན་སོང་གི་རྒྱུ་ལ ་ངན་སོང་ཞེས་བྱ་སྟེ། དཔེར་ན་མར་མལ་ཚེ་ཞེས་བྱ་བ་ལྟ་བུའོ།། མདོ་ལས་ཁྱིམ་བདག་གི་བུ་དྲུག་པོ་འདི་དག་ནི་ངན་སོང་གི་སྒོ་ཡིན་ནོ་ཞེས་གསུངས་ཏེ། དེར་ནི་རྒྱུའི་དོན་ཡིན་པར་གསལ་བ་ཁཾ་ནུར་གོའོ།། གྲགས་པ་ཉམ ་པར་འ་གྱུར་པ་ཞེས་བྱ་བ་འདིས་ནི་དེ་དག་གི་ཉེས་དམིགས་གཞན་སྟོན་ཏོ།། གང་གི་ཕྱིར་དྲི་ལྟ་ཡིན་པས་དེ་དག་ལྷག་པར་སྤྱོད་པས་ཡོངས་སུ་སྤང་བའི་སྒོ་ནས་སྤོངས་ཤིག། ཡང་ཕྱིའི་ནོར་གྱི་གཉེན་པོར་ཀུན་ནས་ཉོན ་མོངས་པ་མེད་པའི་ཐབས་གཞན། ནོར་རྣམས་ཀུན་གྱི་ནང་ན་ཞེས་བྱ་ཐཱ་ལ་སོགས་པ་སྨོས་ཏེ། གསེར་ལ་སོགས་པ་ཕྱིའི་ནོར་ཐམས་ཅད་པས་ནི་ཆོ་ག་ཤེས་པའི་ནོར་རབ་མཆོག་སྟེ། ཁྱད་པར་འཕགས་པ་ཡིན་པར་གསུམ ་སོ།། སུས་ཤེ་ན་ལྷ་མིའི་སྟོན་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བཕྱི་ཐི་ཚིཤྲ་སྟྲ་གོ།། གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་དེ་སྐད་དུ་གསུངས་པ་དེའི་ཕྱིར། དེ་བཞིན་གཤེགས་པའི་བཀའི་རྗེསུ་འབྲངས་པ ་ཁྱོད་ཀྱི་ཆོག་ཤེས་པར་གྱིས་ཤིག་སྙམ་དུ་དགོངས་པ་ཡིན་ནོ།། ཆོག་ཤེས་པ་ལ་ཡོན་ཏན་ཅི་ཞིག་ཡོད་ཅེ་ན། ཆོ་ག་མཁྱེན་ན། ནོར་མི་བདོག་ཀྱང་ཡང་དག་པར་འབྱོར་པ་ལགས་ཞེས་བྱ་བ་སྨོས་ཏེ། ན་ཞེས་བྱ་བ་ནི་གང ་གི་ཕྱིར་ཞེས་བྱ་བའི་དོན་ཏོ།། ནོར་མི་བདོག་པ་ནི་གསེར་ལ་སོགས་པའི་ནོར་མེད་པས་སོ།། དེ་ཡང་ཆོ་ག་ཤེས་པས་ཡང་དག་པར་འབྱོར་པ་ཡིན་ཏེ། ནོར་གྱི་འབྲས་བུ་ནི་ཆོག་ཤེས་བྱ་ཡིན་པའི་ཕྱིར། གལ་ཏེ་ནོར་མེད་དུ་ཟིན ་ཀྱང་ཆོག་ཤེས་ན་དབུལ་བཞིན་དུ་ཡང་ནོར་དུང་ལྡན་པ་ཁོ་ན་ཡིན་པར་རིག་པར་བྱའོ།། ཆོག་ཤེས་པ་ཡང་དགང་ཡིན་ཞེ་ན། གང་ཞིག་འདས་པ་ལ་རྗེས་སུ་མྱ་ངན་མི་བྱེད། མ་འོངས་པ་ལ་མངོན་པར་འདོད་པ་མི་བྱེད།། དུ ་ལྟར་བྱུང་བ་ལ་ལྷག་པར་ཆགས་པ་མེད་པ་དེ་སྟེ་ཆིས་གང་ཡིན་པ་སྟེ། དེས་ན་འདི་ཆོག་ཤེས་པ་ཞེས་བྱའོ།། དེ་ལྟར་ཆོག་ཤེས་པའི་ཡོན་ཏན་བཤད་ནས། ཆོག་མི་ཤེས་པ་རྣམས་ཀྱི་ཉེས་དམིགས་བསྟན་པའི་ཕྱིར། ངས ་པ་བདོག་མང་ཞེས་བྱ་བྱ་ལ་སོགས་པ་སྨོས་། ངེས་པ་ཞེས་བྱ་བ་ནི་བོད་པ་ཡིན་ནོ།། སྣོད་སྤྱད་ལ་སོགས་པ་ཡོ་བྱད་མང་པོ་བདོག་པ་རྣམས་ཇི་ལྟར་བསྲུང་བ་དང་སྦ་བ་ལ་སོགས་པ་དང་། ཆུང་ཟོས་ན་ཡང་སྡུག་བསྔལ ་སྐྱེ་བ་ལྟར་ཡོ་བྱད་མདོ་པོ་མི་བདོག་པ་རྣམས་ཡ་ན་དེ་ལྟར་མ་ཡིན་ནོ།། ཇི་ལྟར་ཤེས་ཤེ་ན་ཀླུ་མཆོག་རྣམས་ཀྱི་མགོ་པོ་ཇི་སྙེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་ཀླུ་གང་ལ་མགོ་བོ་བདུན་ཡོད་པ་དེ་ལ་དེ་དག་ལ ་བྱུང་བའི་སྡུག་བསྔལ་ཡང་དེ་སྙེད་ཁོ་ན་ཡོད་ལ། གང་ལ་གསུམ་ཡོད་པ་དེ་ལ་ནི་ཆེས་ཉུང་ངུ་ཡོད། གང་ལ་གཅིག་ཡོད་པ་དེ་ལ་ནི་ཆེས་ཤིན་ཏུ་ཉུང་ངུ་ཡོད་པ་དེ་བཞིན་ཏུ། བདོག་པའི་ཁྱད་པར་གྱིས་སྡུག་བསྔལ་གྱི ་ཁྱད་པར་རིག་པར་བྱའོ།། ཁྱིམ་ན་གནས་པ་རྣམས་ལ་བུད་མེད་ཡོངས་སུ་གཟུང་བ་མི་འགལ་བའི་ཕྱིན་ཏེ་བདག་གི་སྐྱོན་དང་ཡོན་ཏན་དཔྱད་པས་ཀུན་ནས་ཉོན་མོངས་པ་མྱེད་པའི་ཐབས ་བསྟན་པར་རང་བཞིན་དགྲས་འབྲེལ་ཞེས་བྱ་བོ་ལ་སོགས་པ་སྨོས་ཏེ། རང་བཞིན་དགྲ་དང་འབྲེལ་ཅིང་ལྡན་ཞེས་བྱ་བའི་ཐ་ཚིག་གོ། ཆུང་མ་དེ་འདྲ་བ་ནི་གཤེད་མ་ལྟ་བུ་ཡིན་ཏེ། དེ་བྱས་ན་སྤང་བར་བྱའོ།། དེ་ལས་རང ་བཞིན་གྱི་དགྲ་ནི་གང་ཞིག་སྐྱེས་པ་གསོད་པོར་བྱེད་པ་པོའོ།། ཁྱིམ་ཐབ་བརྙས་པར་བགྱིད་ཅེས། བྱ་བ་ནི་ཁྱོ་ལ་བརྙས་པར་བྱེད་པས་ན་ཁྱིམ་ཐབ་བརྙེས་བགྱིད་དེ། བུད་མེད་དེ་འདྲ་བ་ནི་ཇོ་མོ་དང་མཚུངས་པོས་དེ་ཡང་སྤང་བར ་བྱ་བ་ཁོ་ན་ཡིན་ནོ།། ཆུང་མ་གང་ཞིག་ཆུང་ངུ་ཡང་རྐུ་བ་དྲེ་ཡང་ཆོམ་རྐུན་མ་ལྟ་བུ་ཡིན་པས་སྤང་པོར་བྱ་བ་ཁོ་ན་ཡིན་ནོ།། འོ་ན་ཆུང་མ་ཅི་འདྲ་བ་ཞིག་བླང་བར་བྱ་ཞེ་ན། སྲིང་མོ་ལྟ་བུར་རྗེས་མཐུན་ཞེས་བྱ་བ་ལ་སོགས་པ ་སྨོས་ཏེ། ཇི་ལྟར་སིང་མོ་མིང་པོའི་རྗེསུ་མཐུན་ཞིང་དེའི་ཚིག་ཁྱད་དུ་མི་གསོད་པ་དེ་བཞིན་དུ་ཆུང་མ་ཁྱོའི་རྗེསུ་མཐུན་པ་ཡིན་པ་དེ་གང་ཡིན་པ་དེ་ནི་བཀུརཱ་པ་ཡིན་ནོ།། ཞེས་བྱ་བར་སྦྱར་རོ།། ཇི་ལྟར་མཇེའ་མཽ་མཛའ་བོའི་སྙིང ་ལ་བབ་ཅིང་རིམ་གྲོ་བྱ་བའི་ཁྱད་པར་དེ་དང་དེས་སྙིང་དགའ་བོ་དེ་བཞིན་དུ། ཁྱོའི་སྙིང་ལ་འབབ་པའི་ཆུང་མ་གང་ཡིན་པ་དེ་ཡང་བཀུར་བ་ཡིན་ནོ།། ཇི་ལྟར་མ་བུ་ལ་ལུས་དང་སེམས་ཀྱི་སྡུག་བསྔལ་དང་བྲལ་བར ་འདོད་པས་ཕན་པར་འདོད་ཅིང་ཕན་པར་འདོད་པའི་ངང་ཚུལ་ཅན་ཡིན་པ་དེ་བཞིན་དུ། ཁྱོ་ལ་ཕན་པར་འདོད་པའི་ཆུང་མ་གང་ཡིན་པ་དེ་ཡང་བཀུར་བ་ཁོ་ན་ཡིན་ནོ།། བྲན་མོ་བཞིན་དབང་འགྱུར་གང་ཡིན་པ་སྟེ། ཇི་ལྟར་བྲན ་མོ་དགའ་མགུར་བྱར་ཡོད་པ་ཉིད་ཀྱི་དབང་དུ་འགྱུར་བའི་ཆུང་མ་གང་ཡིན་པ་དེ་ཡང་བཀུར་བ་ཁོ་ན་ཡིན་ནོ།། ཆུང་མ་བཞི་པོ་དེ་དག་ནི་རིགས་ཀྱི་ལྷ་ཞེས་བྱ་སྟེ། རིགས་མ་ཉམས་པའི་རྒྱུ་ཡིན་པའི་ཕྱིར་རོ།། འདི་མན་ཆད་ན ་ཏིང་ངེ་འཛིན་ལ་སྦྱོར་བའི་ཕྱིར། བསམ་གཏན་གྱི་སྦྱོར་བྱ་སྟོན་ཏོ།། བྱས་མ་གཏན་ལག་ཅེས་པའི་ཆོས་ནི་གཉིས་ཏེ། ཟས་ཀྱི་དྲོད་ཟིན་པ་དང་། མི་ཉལ་བར་བརྩོན་པའོ།། དེ་ལ་རེ་ཞིག་ཟེཆོས་ཀྱི་དྲོད་རྔོན་པའི་དབང་དུ་བྱས་ན། ་ཁ་ཟས་སྨན་དང་འདྲ་བར་རིག་པ་ཡིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལུས་ནི་རྨ་ལྟ་བུ་ཡིན་པའི་ཕྱིར་རོ།། དཔེར་ན་སྨན?་ཁཾ་ཧ་ཙང་ཡང་ཉུང་ངུ་མ་ཡིན། ཧ་ཅང་མང་པོ་མ་ཡིན་པར་བཏང་ན། དེ་ལྟར་ནཱ་ཕན་ཐོགས་པར ་འགྱུར་བ་དེ་བཞིན་དུ་ཟས་ཀྱང་ཧཱ་ཅང་ཉུང་ངུ་ཡང་མོ་ཡིན། ཧ་ཅང་མང་པོ་ཡང་མ་ཡིན་པར་བསྟེན་པར་བྱ་སྟེ། དེ་ལྟ་ན་ལུས་ཀྱིས་ཀྱང་སྟོན་པར་འགྱུར་ལ། གནོད་པ་ཡང་སྐྱེད་པར་མི་འགྱུར་རོ།། དོན་འདི་ཉིད་རིགས་པ་ཡིས ་ཞེས་བྱ་བ་འདིས་སྟོན་པར་བྱེད་དོ།། འདོད་ཆགས་ཞེ་སྡང་མེད་པར་བསྟེན་བགྱི་སྟེ། ཞེས་བྱ་བ་ནི་དེ་ཙམ་དུ་བཟའ་བ་གང་ཡིན་པ་དེ་ཡང་འདོད་ཆགས་དང་ཞེ་སྡང་དག་དོང་མ་འབྲེལ་པར་བྱའོ་ཞེས་བྱ་བའི་དོན་ཏོ།། ཇི་ལྟར ་ཞེ་ན་དེ་བསྟན་པར་རྒྱུགས་ཕྱིར་མཱ་ལགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱགས་པར་འདོད་པ་ཞིག་རྒྱཀླས་པར་བྱའོ་སྙམ་པ་དང་མཆོག་དུ་བྱའོ་སྙམ་ནས་ཟས་ཟ་བ་གང་ཡིན་པ་དེ་ནི ་འདོད་ཆགས་ཀྱི་ཟ་བ་ཡིན་ནོ།། གང་ཞིག་སྙེམས་པའི་ཕྱིར་ཟླ་བ་དེ་ནི་སྙེམས་པའི་འབྲས་བུ་དེ་ནི་གཞན་ལ་གནོད་པར་བྱེད་པ་ཡིན་པོའི་ཕྱིར་ཞེ་སྡང་གི་ཟ་བ་ཡིན་ནོ།། དེ་ལ་རྒྱགས་པ་ནི་འདོད་ཆགས་ཀྱི་རྒྱུ་ལུས་དང་སེམས ་ཀྱི་འགྱུར་པ་འགྲུའ་ཁོ་ན་ཡིན་ནོ།། མཚག་ནི་ཡན་ལག་དང་ཉིང་ལག་རྒྱས་པའོ།། སྙེམས་པ་ནི་ཉམ་མ་སྟོབས་སོ།། དེ་དག་མེད་པར་ལུས་གནས་པ་འབའ་ཞིག་གི་ཕྱིར་ཏེ། སྲོག་གི་དབང་པོ་ཡོངསུ་བསྲུང་བའི་ཕྱིར ་ཞེས་བྱ་བའི་ཐ་ཚིག་གོ། མི་ཉལ་བར་བརྩོན་པའི་དབང་དུ་བྱས་ནས། རིགས་པའི་བདག་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་སོ།། དེ་ལ་རིགས་པའི་བདག་ཉིད་ནི་དགེ་བ་ལ་མངོན་པར་བརྩོན་པ་ལ་བྱའོ།། དགེ་བ་ལ་སྦྱོར་བས ་ཉིན་པར་ཐ་དགུ་འདས་ནུས་ཏེ་འདས་པར་བྱས་ནས་སོ།། ཡོངསུ་རྫོགས་པར་བྱས་ནས་ཞེས་བྱ་བའི་ཐ་ཚིག་སྟེ། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། ཉིན་པར་འཆག་པ་དང་། འདུག་པ་དག་གིས་སྒྲུབ་པར་འགྱུར་བའི་ཆོས ་རྣམས་ལས་སེམས་ཡོངསུ་སྦྱངས་ཞེས་གསུངས་པ་ལྟ་བུ་ཡིན་ནོ།། མཚན་མོའི་ཐུན་གྱི་སྟོང་སྨད་ཅེས་བྱ་བ་ནི་རིགས་པའི་བདག་ཉིད་ཀྱིས་ཉོན་མོ་ཁོ་ན་འདའ་བ་འབའ་ཞིག་ཏུ་མ་ཟད་དོ།། འོ་ན་ཅི་ཞེས་ན། རིགས ་པའི་བདག་ཉིད་ཀྱི་མཚན་མོ་ཡང་ཆ་སྟོད་དང་ཆ་སྨད་འདས་ནས་ཏེ། བཅོམ་ལྡན་འདུས་ཀྱིས་ཇི་སྐད་དུ་མཚན་མོའི་ཐུན་དང་པོ་ལ་ཆགས་པ་དང་། འདུག་པ་དག་གིས་སྒྲིབ་པར་གྱུར་པའི་ཆོས་རྣམས་ལས་སེམས་ཡོངསུ་སྦྱོང ་བར་བྱེད་དོ།། ཡོངསུ་སྦྱངས་ནས། ཐུན་པར་མ་ལ་གནས་ལ་གཙུག་ལག་ཁང་གི་ཕྱི་རོལ་ཏུ་རྐང་པ་བཀྲུས་ཏེ། གཙུག་ལག་ཁང་དུ་ཞུགས་ནསཱ་གློ་གཡས་པ་ཕབ་སྟེ། རྐང་པའི་ཐོག་ཏུ་རྐང་པ་བཞག་ལ། དྲན་པ་དང་ལྡན་ཞིང་ཤོས ་བཞིན་དུ་སེང་གེའི་གྲཝ་ཟིམས་སྟབས་ཉལ་བར་བྱེད་དོ།། དེ་ཐུན་ཐ་མ་ལ་མྱུར་བར་མྱུར་བར་ལངས་ནས་འཆག་པ་དང་། འདུག་པ་དག་གིས་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས་སེམས་ཡོངསུ་སྦྱོང་བར་བྱེད་དོ།། ཞེས་གསུང ་པ་ལྟ་བུ་ཡིན་ནོ།། དེ་དག་བར་དུ་མནོལ་ཞེས་བྱ་བ་ནི་ཐུན་དང་པོ་དང་ཐ་མ་དག་གི་བར་གྱི་ཐུན་གང་ཡིན་པ་དེར་ཉོལ་ཅེས་བྱ་བའི་ཐ་ཚིག་གོ།། དེ་ཡང་གྱི་ཉལ་བར་བྱ་བ་མ་ཡིན་ནོ།། འོན་ཀྱང་རིང་པོ་མྱི་ཐོགས་པར་ལངས་ལ་དགེ ་བ་བྱའོ་སྙམ་པའི་དྲན་པ་དང་ལྡན་པར་བྱ་སྟེ། དེ་ལྟ་བུའི་དྲན་པ་ཉེ་བར་གཞུག་ནས། ཞེས་བྱ་བའི་དོན་ཏོ།། ཅིའི་ཕྱིར་ཞེ་ན། མནོལ་ཚེའང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྐད་དུ་ལུས་དགེ་བ་ལ་སྦྱོར་བཟོད་པར་བྱས་ནས་ལངས ་ཏེ། དགེ་བ་བྱའོ་སྙམ་པ་དེ་ལྟ་བུས་ཉལ་བ་ནི་གཉིད་ལོག་ཀྱང་དགེ་བའི་སེམས་པ་སྔོན་དུ་བཏང་བའི་ཕྱིར། དགེ་བ་ཁོ་ན་སྐྱེ་བར་འགྱུར་བས་རུས་དེ་ཡང་ཚེ་དོན་པར་མི་འགྱུར་རོ་ཞེས་བཤད་པ་ཡིན་ནོ།། དེ་ལྟར་ལུས་དང་སེམས ་ལས་སུ་རུང་བྱར་བྱས་ནས། བསམ་གཏན་གྱི་སྦྱོར་བ་བྱའོ།། ཞེས་བསྟན་པའི་ཕྱིར། བྱམས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱམས་པ་ལ་སོགས་པ་ནི་བསམ་གཏན་གྱི་སྦྱོར་བ་ཡིན་ཏེ། དེ་དག་ལ ་གོམས་བྱས་བསམ་གཏན་དང་པོ་ལ་སོགས་པ་སྐྱེ་བའི་ཕྱིར་རོ།། དེ་ལ་བྱམས་པར་བྱེད་པས་ན་བྱམས་པ་སྟེ། སྡུག་བསྔལ་བར་བྱེད་ཅེས་བྱ་བའི་དོན་ཏོ།། སྙིང་རྗེ་བར་བྱེད་པ་ནི་སྙིང་རྗེ་སྟེ། སྡུག་བསྔལ་བར་མི་བྱེད་ཅེས་བྱ ་བའི་དོན་ཏོ།། དགའ་བར་བྱེད་པས་ན་དགའ་བྱ་སྟེ། རངས་པར་བྱེད་ཅེས་བྱ་བའི་དོན་ཏོ།། རིགས་པས་ལྟ་བས་ན་བཏང་སྙོམས་ཏེ། ཕྱོགས་སུ་མི་ལྷུང་བར་ལྟ་ཞེས་བྱ་བའི་དོན་ཏོ།། བྱམས་པ་གང་ཡིན་ཞེ་ན། སེམས་ཅན་རྣམ ་ལ་བདེ་བ་དང་སྤྱོད་པའི་རྣམ་པར་ཞུགས་པའོ།། སྙིང་རྗེ་ནི་སྡུགོ་བསྔལ་དང་བྲལ་བའི་རྣམ་པར་ཞུགས་པའོ།། དགའ་བྱ་ནི་བདྲེ་བ་དང་མི་འབྲལ་བའི་རྣམ་པར་ཞུགས་པའོ།། བཏང་སྙོམས་ནི་བར་མར་གནས་པའི་རྣམ་པར་ཞུག ་པ་སྟེ། བྱམས་པ་ལ་སོགས་པའི་ཆོས་བཞི་པོ་དེ་དག་རྟག་ཏུ་བསྒོམ་པར་བྱའོ།། དེ་ལ་རེ་ཞིག་བྱམས་པ་བསྒོམ་པར་འདོད་པ་ནི་ཚུལ་ཁྲིམས་ཡོངསུ་སྦྱངས་ནས། ཕྱོགས་དབེན་པ་ཞིག་ཏུ་སྟན་བདེ་བ་ལ་འདུག་ཅིང་སངས་རྒྱས ་ལ་སོགས་པའི་ཡོན་ཏན་རྗེསུ་དྲན་པས་སེམས་བཟང་པོ་བསྐྱེད་དེ། གང་ཟག་ཡོན་ཏན་དང་ལྡན་པ་བཀུར་སྟི་བྱ་བར་འོས་པ། བླ་མ་ལྟ་བུའི་གནས་ཤིག་ལ་དད་པ་བསྐྱེད་ནས། སྐྱེས་བུ་དམ་པ་ནི་བདེ་བར་གྱུར་ཅིག་སྙམ་པའི ་ཡིད་ལ་བྱེད་པ་འཇུག་པར་བྱེད་དེ། ཇི་སྲིད་དུ་འདིའི་སེམས་ཆུང་ངུ་བྱུང་བྱ་དེའི་སྲིད་དུ་འཇུག་པར་བྱེད་དོ།། དེ་ནས་གང་ཟག་སྡུག་པ་ལ་སེམས་གཏོད་པར་བྱེད་དེ། དེ་ལ་ཡང་ཇི་སྲིང་དུ་འདི་ལ་གང་ཟག་སྔ་མ་དང་མཉམ་པའི་སེམ ་སྐྱེས་པ་དེ་སྲིད་དུ་སེམས་གྲོཏོད་པར་བྱེད་དོ།། དེ་ནས་གང་ཐ་མཱ་ལི་གཏོད་པར་བྱེད་དེ། ཇི་སྲིད་དུ་གང་ཟག་སྔ་མ་གཉིས་དང་མཉམ་པའི་སེམས་སྐྱེས་པ་དེ་སྲིད་དུ་གཏོད་པར་བྱེད་དོ།། དེ་ནས་གང་ཟག་མི་སྡུག་པ་ལ་སེམས་གཏོང ་པོར་བྱེད་དེ། དེ་ལ་ཡང་དེ་སྲིད་དུ་གཏོང་བར་བྱེད་དོ།། གལ་ཏེ་འདི་ལ་གུང་ཟག་ཤཱ་འཁོན་ཅན་ཞིག་ཡོད་ན་དེ་ལ་འདི་བདེ་བར་གྱུར་ཅིག་སྙམ་པའི་སེམས་བསྐྱེད་པར་བྱེད་དེ། དེ་ལོས་ཡང་ཇི་སྲིད་དུ་སྔ་མ་དག་དང་ལྷན་ཅིག་མཉམ ་པའི་སེམས་སྐྱེས་པ་དེ་སྲིད་དུ་སྐྱེད་པར་བྱེད་དོ།། འདི་ཙམ་གྱིས་ན་འདིའི་བྱམས་པའི་སེམས་ཀྱིས་རྣམ་པར་གྲོལ་བ་མཚམས་ཐ་དད་པ་བསྒོམ་པ་ཡིན་ནོ།། དེ་ཕྱིན་ཆད་ནི་ཕྱོགས་ཁྱབ་པར་བྱེད་པའི་དབང་གིས་ཡིད་ལ་བྱེད་པར་རིག་པར ་བྱ་སྟེ། བཅོམ་ལྡན་འདས་ཀྱི་སྡེ་སྐོང་དུ། དེ་བྱམས་པ་དང་ལྡན་པའི་སེམས་ཁོ་ན་མེད་པ་འགྲན་ཟླ་མེད་པས་ཕྱོགས་གཅིག་ཏུ་མོས་ནས་ཁྱབ་པར་བྱ་སྟེ། རྫོགས་པར་བྱས་ནས་གནས་སོ་ཞེས་བྱ་བའི་བར་རྒྱས་པར་གསུངས་པ་ལྟ་བུ ་ཡིན་ནོ།། སྙིང་རྗེ་ནི་གང་ཟག་སྡུག་བསྔལ་བ་མགོན་མེད་བསྐྱེ་བས་མེད་པ་ལ་དམིགས་ནས་རིམ་པ་འདི་ཉིད་ཀྱིས་འཇུག་པར་བྱའོ།། དགའ་བ་ནི་གང་ཟག་སྡུག་པོ་ལ་དམིགས་ནས་རིམ་པ་ཉིད་ཀྱིས་བསྒྲུབ་པར་བྱའོ།། བཏང་སྙོམས ་ནི་གང་ཟག་ཐ་མལ་པ་ལ་དམིགས་ནས་རིམ་གྱིས་སེམས་ཅན་ཐམས་ཅད་ལ་འཇུག་པར་བྱ་སྟེ། དེ་ལྟར་རྟག་ཏུ་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་བསྒོམ་པར་བྱའོ།། ཡང་བྱམས་པ ་ལ་སོགས་པ་དེ་ལྟར་བསྒོམ་པ་རྣམས་ཀྱི་འབྲས་བུ་ནི་ཅི་ཞིག་བྱ་ཞེ་ན། གོང་མ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། འདི་སྐད་དུ་བྱམས་པ་ལ་སོགས་པ་དེ་ལྟར་བསྒོམས་པས་ནི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ།། འོན ་ཏེ་ཇི་ཞིག་ལྟར་མྱ་ངན་ལས་འདས་པ་མ་ཐོབ་ན་འོན་ཀྱང་ཚངས་པའི་འཇིག་རྟེན་བདེ་བ་ཐོབ་པར་འགྱུར། གཟུགས་ཀྱི་ཁམསུ་འདོད་པའི་ཁྲོ་བའི་ཡོངསུ་གདུང་བ་དང་བྲལ་བའི་བསམ་གཏན་སྐྱོན་མེད་པ་ཞིག་པ་ཉམས་སུ་མྱོང ་བར་འགྱུར་རོ་ཞེས་བཤད་པ་ཡིན་ནོ།། དེ་ལྟར་བྱམས་པ་ལ་སོགས་པ་ཡོངསུ་གྲུབ་པ་བསམ་གཏན་བཞི་འཐོབ་པ་བསྟན་པའི་ཕྱིར། འདོད་སྤྱོད་ཅེས་བྱ་བ་ལ་སོགས་པ་སྨོས་སོ།། འདི་ལྟར་རྣམ་པར་སྤངས་ཞེས་བྱ་བའི་སྒྲོས ་ནི་འདོད་པ་རྣམ་པར་སྤངས་པ་དང་། དཔྱོད་པ་རྣམ་པར་སྤངས་པ་དང་། དགའ་བོ་རྣམ་པར་སྤངས་པ་དང་། བདེ་བ་དང་སྡུག་བསྔལ་རྣམ་པར་སྤངས་པ་ཞེས་རེ་རེ་དང་སྦྱར་ཏེ། དེ་དག་ནི་གོ་རིམས་བཞིན་དུ་བསམ་གཏན་བཞི་པ་ཡིན ་ནོ།། བསམ་གཏན་བཞི་པོ་དེ་དག་ཐོབ་པས། འབྲས་བུ་ཅི་ཞིག་ཐོབ་པར་འགྱུར་ཞེ་ན། རྣམ་པར་སྨིན་པའི་འབྲས་བུ་བསྟན་པའི་ཕྱིར། ཆོངས་དང་འོད་གསལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསམ་གཏན་དང་པོ་བསྒོམས ་པས་ནི་ཚངས་རིས་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུརརོ།། གཉིས་པས་ནི་འོད་གསལ་བྱ་རྣམས་དང་ངོ་།། གསུམ་པས་ནི་དག་རྒྱས་པ་རྣམས་དང་ངོ་།། བཞི་པས་ནི་འབྲས་བུ་ཆེ་བའི་ལྷ་རྣམས་དང་སྐལ་བ ་མཉམ་པར་སྐྱེ་བར་འགྱུར་རོ།། དེ་ལ་བསམ་གཏན་དང་པོ་ལ་སོགས་པ་འདོད་པ་རྣམ་པར་སྤངས་པ་ལ་སོགས་པ་ནི་མདོའི་རྗེསུ་འབྲང་པ་ཁོ་ནས་རིག་པར་བྱའོ།། དཔྱོད་པ་རྣམས་པར་སྤངས་པས་ནི་རྟོག་པ་མེད་པ་ཡང ་བཤད་པ་ཡིན་ཏེ། གྲེ་ང་ན་དཔྱོད་པ་མེད་པ་དེ་ན་གདོན་མི་ཟླ་བར་ཡང་རྟོག་པ་མེད་པས་སོ།། བདེ་བ་དང་སྡུག་བསྔལ་རྣམ་པར་སྤངས་པ་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་སྟོན་པར་བྱེད་དོ།། ད་ནི ་འདོད་པ་ན་སྤྱོད་པའི་དགེ་བ་དང་མི་དགེ་བ་རྣམས་ཀྱི་ལྕེ་ཡང་གི་བྱེ་བྲག་བསྟན་པའི་ཕྱིར། རྟག་དང་མངོན་པར་ཞེན་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ལྕི་བོ་ཉིད་ནི་རྒྱུ་བཞི་པོ་སྦྱོར་བའི་ཁྱད་པར་དང་། བསམ་པའི་ཁྱད ་པར་དང་། གཉེན་པོའི་ཁྱད་པར་དང་། གཞིའི་ཁྱད་པར་གྱི་སྒོ་ནས་བཤད་ངོ་།། དེ་ལ་སྦྱོར་བའི་ཁྱད་པར་ནཱི་ལས་ཆུང་ངུ་ལ་ཡང་དུསྣ་རིང་མོ་ཞིག་དུ་སྦྱར་བའི་ཕྱིར་རོ།། ལས་དུས་ཡོན་ཐུང་ངུ་ཡང་ཉོན་མོངས་པ་དང་། རབ་ཏུ ་དང་པ་དྲག་པོ་དང་ལྡན་པའི་བསམ་པའི་ཁྱད་པར་ལས་ལྕི་བར་འགྱུར་རོ།། ལས་བྱས་པ་ཡང་གཉེན་པོ་སྟོབས་དང་ལྡན་པས་ཟིལ་གྱིས་མནན་ན་ཉམ་ཆུང་ངུར་འགྱུར་ལ། ལས་དེ་ཉིད་གཉེན་པོ་མེད་པར་གྱུར་ན་སྟོབས ་དང་ལྡན་པར་འགྱུར་རོ།། གཞི་ནི་རྣམ་པ་གཉིས་ཏེ་ཡོན་ཏན་དང་ལྡན་པ་དང་། ཕན་འདོགས་པའོ།། དེ་ལ་ཡོན་ཏན་དང་ལྡན་པ་ནི་དཀོན་མཆོག་གསུམ་དང་། གང་ཟག་འགོག་པ་ལས་ལངས་པ་ལ ་སོགས་པ་ཁ་ཅིག་གོ། ཕན་འདོགས་པཱ་ནཱི་ཕེཾ་དང་མ་དག་དང་གཞན་ཡང་ཕན་པ་ཁྱད་པར་ཅན་འདོགས་པ་དཔེར་ན་ཤ་ཀྲ་དང་དོན་དང་སྤྲེའུ་ལ་སོགས་པ་ལྟ་བུའོ།། དེ་ལྟར་ན་དགེ་བ་དང་མི་དགེ་བའི་ལས་རྣམ་པ་ལྔ་པོ་དེ་ནི ་འབྲས་བུ་ངེས་པ་དང་། མང་པོ་འབྱིན་པའི་ཕྱིར་ཆེན་པོ་སྟེ། དེ་ལས་ཁྱོད་ཀྱིས་མི་དགེ་བ་ཡོངསུ་སྤངས་ཏེ། དགེ་བ་སྤྱད་པ་ལ་བརྩོན་པར་བགྱིའོ།། ལན་དེ་སྲང་འགྲགས་ཞེས་བྱ་བ་ལ་སོགས་པ་ནི། ལས་ཆུང་ངུ་ནི་མང་པོའི་སྟོབས ་དང་ལྡན་པས་ཟིལ་གྱིས་མནོན་པར་འགྱུར་ཞེས་སྟོན་པར་བྱེད་དེ། བསྡུས་པའི་དོན་ནི་དེ་བྱས་ན་ཁྱོད་ཀྱིས་དགེ་བ་ནི་ཉུང་ངུ། མི་དགེ་བ་ནི་མང་དུ་བྱས་ནས་འཇིགས་པ་མདོ་པ་ཡང་མི་བྱ་ལ། དགེ་བ་ནི་མང་དུ་མི་དགེ་བ་ནི ་ཉུང་ངུ་བྱས་ནས་ཧ་ཅང་སྐྲག་པར་ཡང་མི་བྱའོ་ཞེས་བྱ་བ་ཡིན་ནོ།། ཡན་ལག་གི་དོན་ནི་རྟོགས་པར་སླའོ།། དེ་ནི་རྒོད་དང་འགྱོད་པ་ཞེས་བྱ་བ་ལ་སྔོགས་པས་བསམ་གཏན་དང་། རྣམ་པར་ཐར་པ་དང་འགལ་བའི་ཆོས་རྣམས་སྟོན ་པར་བྱེད་དེ། དེ་དག་འབདེ་ན་རྣམ་པར་སྤང་བར་བྱ་བའི་ཕྱིར་རོ།། རྒོད་པ་དང་འགྱོད་པ་སྒྲིབ་པ་གཅིག་པ་ཡིན་ནོ།། གནོད་སེམས་ནི་གཉིས་པ་ཡིན་ནོ།། རྨུགས་པ་དང་གཉིད་ནི་གསུམ་པ་ཡིན་ནོ།། འདོད་པ་འདུན་པ་ནི ་བཞི་པ་ཡིན་ནོ།། ཐེ་ཙོམ་ནི་ལྔ་པ་ཡིན་ནོ།། དེ་དག་ནི་སྒྲིབ་པ་ལྔ་ཡིན་ཏེ། བསམ་གཏན་དང་། རྣམ་པར་ཐར་པའི་ལམ་ལ་སྒྲིབ་པའི་ཕྱིར་རོ།། དེ་ལ་རྒོད་པ་ནི་སེམས་རྣམ་པར་མ་ཞི་བ་སྟེ། ཡིད་མི་འབྱུང་བ་ཞེས་བྱ་བའི་ཐ་ཚིག ་གོ།། འགྱོད་པ་ནི་དྲན་པར་བྱས་པ་ལ་དམིགས་པའི་སྙོམས་ལ་ཆགས་པ་སྟེ། ཕྱིས་མི་དགའ་བ་ཞེས་བྱ་བའི་ཐ་ཚིག་གོ།། གནོད་སེམས་ནི་ཁོང་ཁྲོ་བ་སྟེ། ཀུན་ནས་མཱནར་སེམས་ཀྱི་དངོས་པོ་དགུ་ལ་ས་རིག་པོར་བྱའོ།། དེ་ལ ་ཀུན་ནས་མནར་སེམས་ཀྱི་དངོས་པོ་དགུ་ནི་འདི་དག་ཡིན་ཏེ། བདག་ལ་གནོད་པར་བྱས་སོ།། བྱེད་དོ་བྱེད་པར་འགྱུར་རོ།། ཞེས་བྱ་བ་གསུམ་ཚན་དང་པོ་དང་བདག་གི་མཛའ་བོ་ཡིད་དུ་འོང་བ་ཕན་པར་འདོད་པ་གང་ཡིན་པ ་དེ་ལ་གནོད་པར་བྱས་སོ།། བྱེད་དོ།། བྱེད་པར་འགྱུར་རོ། ཞེས་བྱ་བ་གསུམ་ཚན་གཉིས་པོ་དང་། བདོག་དང་མི་མཛའ་བ་ཡིད་དུ་མི་འོང་པ་གནོད་པར་འདོད་པ་ཕན་པར་མི་འདོད་པ་གང་ཡིན་པ་དེ་ལ་ཕན་པར་བྱས་སོ།། བྱེད་དོ ་བྱེད་པར་འགྱུ་རོ།། ཞེས་བྱ་བ་གསུམ་ཚན་གསུམ་པའོ།། ཀུན་ནས་མནར་སེམས་ཀྱི་དངོས་པོ་བཅུ་པ་གནས་མ་ཡིན་པ་ཞེས་བྱ་བ་ཡང་བརྗོད་དོ།། ཀུན་ནས་མནར་སེམས་དེ་ནི་སྔོན་གྱི་ཁོ་ན་དང་འབྲེལ་པ་ལས་རེག་པར་བྱའོ།། ། ་རྨུགས་པ་ནི་ལུས་དང་སེམས་དང་ལས་སུ་མི་རུང་བ་ཉིད་དོ།། གཉིད་ནི་གཉིད་ལོག་པའོ།། འདོད་པ་ལ་འདུན་པ་ནི་འདོད་པ་རྣམས་ལ་འདོད་ཆགས་པའི་དངོས་པོ་གང་ཡིན་སྟེ། སྲེད་པ་དང་མངོན་པར་འདོད་པ་ཞེས་བྱ ་བཱའི་རྣམ་གྲངས་ཡིན་ནོ།། ཐེ་ཚོམ་ནི་ཐར་པ་དང་ཐར་པའི་ལམ་ལ་ཐེ་ཚོམ་ཟླ་བ་གང་ཡིན་པའོ།། སྒྲིབ་པ་ལྔ་པོ་དེ་དག་ནི་དགེ་བའི་ནོར་འཕྲོག་པར་བྱེད་པ་ཉིད་ཀྱི་ཆོམ་རྐུན་པ་ཞེས་བྱའོ།། ཡང་ཙཱའི ་ཕྱིར། ཆོས་གཉིས་གཉིས་སྒྲིབ་པ་གཅིག་ཏུ་བཤད་ཅེ་ན། གཡོ་བ་དང་བླུན་པ་ཉིད་དུ་མཐུན་པའི་ཕྱིར་ཏེ། རྒོད་པ་དང་འགྱོད་པ་ནི་གཉིས་ཀ་ཡང་གཡོ་བ་ཡིན་ནོ།། རྨུགས་པ་དང་གཉིད་ནི་བླུན་པ་ཡིན་ནོ།། དེ་ལྟར་བར་ཆད་ཀྱི ་ཆོས་རྣམས་བསྟན་ནས། ཐར་པ་དང་རྗེསུ་མཐུན་པའི་ཆོས་རྣམས་བསྟན་པའི་ཕྱིར། དང་དང་བརྩོན་འགྲུས་དག་དང་དྲན་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་ཐར་པ་དང་འགལ་བའི་ཆོས་ལྔ་ཡོད་པ་དེ་བཞིན་དུ ་ཐར་པ་རྗེ་སུ་མཐུན་པ་ཡང་ལྔ་ཁོ་ན་ཡིན་ནོ།། ཞེས་བྱ་བའི་ཐ་ཚིག་གོ།། དད་པ་ལོ་སོགས་པ་འདི་དག་གང་གི་མཇུག་ཐོགས་སུ་འཕགས་པའི་ལམ་སྐྱེ་ཞིང་གནས་སྐབས་གཞན་དུ་ཕྱིན་པ་ལ། ཆོས་ཀྱི་མཆོག་ཅེས་བྱ་བའོ།། ་ཆོས་ཀྱི་མཆོག་ཅེས་བྱ་བའི་མིང་ཁོ་ན་འཐོབ་པ་འབའ་ཞིག་ཏུ་ཡང་མ་ཟད་དོ།། འོ་ན་ཅི་ཞེ་ན། སྟོབས་ཞེས་བྱ་བ་དང་། དཔུང་པོ་ཞེས་བྱ་བ་དང་། རྩེ་མོ་ཞི་སྣ་བྱ་བ་ཡང་འཐོབ་པོ་ཞེས་བྱ་བའི་དོན་ཏོ།། དེ་ལ་སྟོབས་ཞེས་བྱ་བ་ནི ་བཟོད་པའི་གནས་སྐབས་ནའོ།། དབང་པོ་ཞེས་བྱ་བ་ནི་དྲོ་བའི་གནས་སྐབས་ནའོ།། རྩེ་མོ་ཞེས་བྱ་བ་ནི་དྲོ་བར་གྱུར་པའི་མཇུག་ཐོགས་སུ་སྐྱེ་བ་གང་ཡིན་པའོ།། དབང་པོ་ལྔ་པ་སྒོམ་པ་ནི་རྒྱགས་པ་སྤང་འི་སྔོན་དུ་ལགྶ ་བཔ་ཅན་ཡིན་པས་རྒྱགས་པ་སྤང་བར་བསྟན་པའི་ཕྱིར། ན་རྒ་འཆི་སྡུག་བྲལ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་ནི་ན་བ་དང་རྒ་བ་དང་འཆི་བ་ཞེས་བྱ་བའི་ཆོས་འདི་གསུམ་ལས་ཀྱང་མ་འདས་ལ་དེ་བཞིན་དུ་སྡུག ་པ་དང་བྲལ་བ་དང་། ལས་བདག་གིར་བྱ་བ་ལས་ཀྱང་མ་འདས་སོ་ཞེས་དེ་ལྟར་སེམས་པོ་ནི། དེའི་གཉེན་པོ་ཡིན་པའི་ཕྱིར། གཉེན་པོའི་རྒྱགས་པ་འཇིག་པར་འགྱུར་རོ།། ཞེས་བྱ་བའི་ཐ་ཚིག་གོ།། དེ་ལཱ་ལས་བདག་གི་བྱ་བོ་ཉིད ་ནི། ལས་ཇི་ལྟ་བ་བཞིན་བདེ་བ་དང་སྡུག་བསྔལ་བར་འབྱུང་བའོ།། ལྷ་གུ་མཱ་ནི་དོན་གོ་བར་ཟད་དོ།། གལ་ཏེ་མཐོ་རིས་ཐར་པ་མངོན་བཞེད་ནི་ཞེས་བྱ་བ་ལ་སོགས་པ་ནི། དད་པ་ལ་སོགས་པའི་དབང་པོ་སྐྱེ་བའི་རྒྱུ་སྟོན་ཏོ།། ཡང་དག ་ལྷ་ལ་གོམས་པ་དག་ཏུ་མཛོད་ཅེས་བྱ་བ་དེ་ལྕེ་ཡང་དག་པའི་ལྟ་བ་ནི་ཚེ་ཕྱི་མ་ལ་ལེགས་པར་སྤྱད་པ་དང་། ཉེས་པར་སྤྱད་པའི་ལུས་རྣམས་ཀྱི་འབྲས་བུ་འབྱུང་བར་ཡང་ཆེས་པ་སྟེ། འཇིག་རྟེན་པ་ལ་རོལ་ཡོད་པ་ཉིད་དུ་ཡིད ་ཆེས་པ་ཞེས་བྱ་བའི་དོན་ཏོ།། ཡང་དག་པའི་ལྟ་བ་དེ་ལྟ་བུ་མེད་ན་སྦྱིན་པ་ལ་སོགས་པ་ལེགས་པར་སྤྱད་པ་གང་ཅུང་ཟོད་ཅིག་ཡོད་ཀྱང་། ཐམས་ཅད་རྣམ་པར་སྨིན་པ་མི་ཟད་ལྡན་བྱས་ཏེ། རྣམ་པར་སྨིན་པ་ཡིད་དུ་མི་འོང་བ་ཅན ་ཁོ་ནར་འགྱུར་རོ།། ཞེས་བྱ་བའི་དོན་ཏོ།། དེ་ལྟ་བས་ན་ཡང་དག་པའི་ལྟ་བ་ནི་དགེ་བའི་རྩ་བ་ཐམས་ཅད་བསྐྱེད་པའི་རྒྱུ་ཡིན་ནོ།། ཞེས་བཤད་པར་འགྱུར་རོ།། ད་ནི་མི་ནི་ཡང་དག་ཉིད་དུ་མི་བདེ་ཞིང་ཞེས་བྱ་བ་ལ་སོགས་པ་སྐྱོ་བའི ་རྒྱུ་སྟོན་ཏེ། མི་བདེ་ཞེས་བྱ་བའི་ཐ་ཚིག་གོ། མི་རྟག་ཅེ་ས་བྱ་བ་ནི་སྐད་ཅིག་ལ་ཞེས་བྱ་བའི་དོན་ཏོ།། བདག་མེད་པ་ནཱི་ནང་གི་བྱེད་པའི་སྐྱེས་བུ་དང་བྲལ་བ་ཞེས་བྱ་བའི་དོན་ཏོ།། མི་གཙང་བ་ནི་སུམ་པ་དང ་རུལ་པའི་མི་གཙང་བ་ཉིད་དེ་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་སྟེ། མི་ནི་ཡང་དག་པའི་ཤེས་རབ་ཀྱིས་ལེགས་པར་བརྟགས་ན་དེ་ལྟ་བུ་ཡིན་ནོ།། གང་དོག་དྲན་པོ་ཉེ་བར་གཞོག་པ་དེ་དག་ནི་ལོག་པར་འཛིན་ཏོ།། དེས་ན་ཉེས་པ་ཅི ་ཡོད་ན། དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ནི། ཕྱིན་ཅི་ལོག་བཞིར་ལྟ་བ་འཕུང་ཀྲོལ་བ་ཞེས་བྱ་བ་སྨོས་ཏེ། ཕྱིན་ཅི་ལོག་བཞི་ནི་སྡུག་བསྔལ་བ་ལ་བདེའོ་སྙམ་དུ་འདུ་ཤེས་ཕྱིན་ཅི་ལོག་དང་། སེམས་ཕྱིན་ཅི་ལོག་དང་། ལྟ་བ ་ཕྱིན་ཅི་ལོག་དང་། དེ་བཞིན་དུ་མི་རྟག་པ་ལ་རྟག་གོ་སྙམ་པ་དང་། བདག་མེད་པ་ལ་བདག་གོ་སྙམ་པ་དང་། མི་གཙང་བ་ལ་གཙང་ངོ་སྙམ་དུ་འདུ་ཤེས་ཕྱིན་ཅི་ལོག་དང་། སེམས་ཕྱིན་ཅི་ལོག་དང་། ལྟ་བ་ཕྱིན་ཅི་ལོག་གོ། ཕྱིན ་ཅི་ལོག་ཏུ་ལྟ་བ་འདི་ནི་ངན་སོང་དང་འཁོར་བའི་རྒྱུ་ཡིན་པའི་ཕྱིར། འཕུང་ཀྲོལ་བ་སྟེ། དེ་ལྟ་བས་ནུ་ཁྱོད་ཀྱིས་མི་ནི་སྡུག་བསྔལ་བ་ལ་སོགས་པ་ཉིད་དུ་རིག་པོར་བྱའོ།། གལ་ཏེ་མི་སྡུག་བསྔལ་བ་དང་། མི་རྟག་པ་དང་མི་གཙང་བ ་ནི་ཡིན་གྲང་ན། བདག་མེད་པ་ཡིན་པར་རྟོགས་པར་མི་ནུས་ཏེ། བདག་གཅིག་མེད་ན་ལས་དགེ་བ་དང་མི་དགེ་བ་རྣམས་ཀྱི་འབྲས་བུ་སུ་ཞིག་སྤྱོད་སྙམ་དུ་སེམས་ན། གཟུགས་ནི་བདག་མ་ཡིན་ཞེས་གསུངས་ཏེ། བདག་ཅེས ་བྱ་བ་ལ་སྩོགས་པ་སྨོས་སོ།། འདི་སྐད་བཤད་པ་ཡིན་ཏེ། བདག་གཅིག་ཡོད་ན་གཟུགས་ལ་སོགས་པའི་ངོ་བོ་ཉིད་གཅིག་ཡིན་པའམ། དེ་ལས་གཞན་པ་ཞིག་ཡིན་པར་འགྱུར་གླང་། རེ་ཞིག་གཟུགས་ལ་སོགས་པའི་ངོ་བོ ་ཉིད་ནི་མ་ཡིན་ནོ།། ཞེས་བསྟན་པའི་ཕྱིར། གཟུགས་ནི་བདག་མ་ཡིན་གསུངས་ལ། རྣམ་པར་ཤེས་པའི་བར་ཡང་བདག་མ་ཡིན་ཞེས་གསུངས་ཏེ། རེ་ཞིག་འདི་ནི་ལུང་གི་བདག་གཟུགས་ལ་སོགས་པའི་ངོ་བོ་ཉིད་ཡིན་པ་བཀག ་པ་ཡིན་ནོ།། འདི་ལ་རིག་པ་གང་ཡིན་ཞེ་ན། བདག་ནི་གཟུགས་ལ་སོགས་པའི་ངོ་བོ་ཉིད་མ་ཡིན་ཏེ། གཟུགས་ལ་སོགས་པ་དང་འདྲ་བ་ཁོ་ནར་མི་མི་རྟག་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ།། འོན་ཏེ་གཟུགས་ལ་སོགས ་པ་ལས་གཞན་པ་ཞིག་ཡིན་ནོ་ཞེ་ན། དེ་ལ་རྣམ་པ་གསུམ་སྟེ། དེ་ལྟས་བྱིན་པ་ལང་དང་ལྡན་པ་ལྟ་བུར་གཟུགས་ལ་སོགས་པ་དང་ལྡན་པ་ཞིག་ཡིན་པའམ། དཔེར་ན་ལྷས་བྱིན་རེ་ལྡེ་ལྀ་འདུག་པ་བཞིན་དུ་གཟུགས་ལ ་སོགས་པ་ལ་གནས་པ་ཞིག་ཡིན་པ་འམ། དཔེར་ན་འཁྲི་ཤིང་དང་གེལ་པ་ལ་སོགས་པ་ས་ལ་བརྟེན་པ་ལྟར་དེ་ལ་གཟུགས་ལ་སོགས་པ་བརྟེན་པ་ཞིག་ཡིན་གྲང་། འདིའི་ལན་གོ་རིམས་བཞིན་དུ་བདག་གཟུགས་དང ་ལྡན་མིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རེ་ཞིག་འདི་ནི་ལུང་ཡིན་ནོ།། རིགས་པ་བརྗོད་པར་བྱ་སྟེ། བདག་གཟུགས་ལ་སོགས་པ་ལ་དབང་བ་ཅི་ཞིག་ཡོད་དེ། ལྷས་བྱིན་པ་ལང་རྣམས་ལ་བཀོལ་བ་དང་། བཞོན་པ ་ལ་སོགས་པ་བྱ་བར་དབང་བ་ལྟར་དེའི་འདོད་པས་གཟུགས་ལ་སོགས་པ་འདོར་བ་ན་ལེན་པ་ནི་མེད་དོ།། མི་འདོད་བཞིན་དུ་ཡང་གཟུགས་ལ་སོགས་པ་འཇིགས་པ་མཐོང་བའི་ཕྱིར། ཇི་ལྟར ་འདི་དེ་དང་ལྡན་ནོ་ཞེས་བརྗོད་པར་བྱ། ཕྱོགས་གཉིས་ཀ་ལ་ཡང་ཇི་ལྟར་འདི་གཟུགས་ལ་སོགས་པ་ལ་གནས་པ་ཞེས་བརྗོད་པར་བྱ། གཟུགས་ཅན་མ་ཡིན་པའི་ཆོས་ལ་ནི་ལྷས་བྱིན་རེ་ལྡེ་འདུག་པ་ལྟར་བླ་འོག་ཏུ་གནས ་པར་རུང་བ་མེ་ཡིན་ནོ།། གང་གིས་ན་དེ་དག་ལ་གནས་པར་མངོན་པར་འགྱུར་བ་དེ་ལ་གནས་པའི་བདག་གིས་ཀྱང་གཟུགས་ལ་སོགས་པ་ལ་ཕན་ཅུང་ཟད་ཀྱང་མི་འདོགས་ལ་གཟུགས་ལ་སོགས་པས་ཀྱང་དེ་ལ་ཕན ་ཅུང་ཟད་ཀྱང་མི་འདོགས་སོ།། འོན་ཏེ་འདི་དེ་ལ་ཞོན་ནས་དེ་དག་ལ་འཇུག་པར་བྱེད་དེ། དཔེར་ནྱ་རྟ་ལ་ཞོན་པས་རྟ་བཞིན་ནོ་ཞེ་ན། དེ་ཡང་རུང་བ་མ་ཡིན་ཏེ། མི་འདོད་བཞིན་དུ་ཡང་འཇུག་པ་དང་། ལྡོག་པ་མཐོང་བའི་ཕྱིར། ་བདག་གི་འདོད་པས་གཟུགས་ལ་སོགས་པ་འཇུག་པ་དང་ལྡོག་པར་འགྱུར་པོ་ནི་མེད་དོ།། ཕྱོགས་གསུམ་པ་ལ་རིགས་པ་ནི། འཁྲི་ཤིང་ལ་སོགས་པ་ནི་ས་ལ་བརྟེན་པ་ཉིད་ཡིན་ཏེ། དེ་ལ་བརྟེན་མེད་གཟུགས་ལྔ་སོག ་པ་སྐྱེ་བ་དང་གནས་པ་དང་འཕེལ་བ་མཐོང་བའི་ཕྱིར་རོ།། གཟུགས་ལ་སོགས་པའི་སྐྱེ་བ་ལ་སོགས་པ་ནི་དེ་ལྟར་བདག་ལ་རག་ལས་པ་མ་ཡིན་ཏེ། བདག་མེད་བཞིན་དུ་ཡང་ཕྱིའི་གཟུགས་ལ་སོགས་པ་སྐྱེ་བ་ལ ་སྩོསོགས་པར་མཐོང་བའི་ཕྱིར་རོ།། གང་དག་གིས་ལྟར་ནཱ་རྩ་བུ་ལ་སོགས་པ་སྲོག་ཡོད་པ་དེ་དག་གི་ལྷུར་ནཱ་ལན་ཚྭ་ལ་སྩོགས་པསྔ་མ་ངེས་པ་ཡིན་ནོ།། དེ་ལྟར་ན་ཕུང་པོ་ལྔ་པོ་རེ་རེ་ལ་རྣམ་པ་བཞི་བཞི་ཡིན་པས་འཇིགས ་ཚོགས་ལ་ལྟ་བ་རྣམ་པ་ཉྩོ་ཤུར་བཤད་པ་ཡིན་ཏེ། འཇིག་ཚོགས་ལ་ལྟ་བའི་རྀའི་ནྱ་མོ་ཉི་ཤུ་མཐོ་བ་ནི་ཡེ་ཤེས་ཀྱི་རྡོ་རྗེས་བྱ་ཤིག་ནས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་འགྱུར་རོ།། ད་ནི་ཐུན་པའི་རྒྱུ་དང་རྒྱུ་མེད ་པ་ཡོངས་སུ་སྤང་བའི་སྒོ་ནས་དངོས་པོ་རྣམས་ཀྱི་སྐྱེ་བའི་རྒྱུ་བསྟན་པའི་ཕྱིར། ཕུང་པོ་དྲོད་རྒྱལ་ལས་མིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདོད་རྒྱལ་ཞེས་བྱ་བ་ནི་གནམ་བབས་སོ།། དུས་ཞེས་བྱ་བ་ནི་དདུས་སུ་སྨྲ་བ ་རྣམས་ཀྱིས་ཆོས་ཐམས་ཅད་ཀྱི་སྐྱེ་བ་དང་འཇིག་པའི་རྒྱུ་ཆོས་རྟོག་པ་ཁྱོད་པ་གཅིག་པུ་ཞིག་ཀུན་བརྟགས་པ་དེ་ཇི་སྐད་དུ། དུས་ནི་འབྱུང་བ་རྣམ་སྨིན་བྱེད། དུས་ནི་སྐྱེ་དགུ་རྣམ་འཇིག་བྱེད། དུས་ནི་གོ་ཉིད་ལོག་རྣམས ་སང་བྱེད། དུས་ནི་འདའ་བར་དཀའ་བོ་ཡིན། ཞེས་བཱ་ཤ་ད་པ་ལྟ་བུ་ཡིན་ནོ།། རང་བཞིན་ཡང་གྲངས་ཅན་རྣམསཐམས་ཅད་ཀྱི་སྐྱེ་བའི་རྒྱུར་གྱུར་པ་སྙིང་སྟོབས་དང་རྡུལ་དང་མུན་པའི་ངོ་བོ་ཉིད་གཅིག་པུ་རྟག་པ ་ཁྱབ་པོ་ཞིག་རྟགས་པ་ཡིན་ནོ།། ངོ་བོ་ཉིད་ནི་ཆོས་ཀྱི་བདག་གི་དངོས་པོ་སྟེ། རང་གི་ངོ་བོ་ཞེས་བྱ་བའི་ཐ་ཚིག་གོ།། དབང་ཕྱུག་ཀྱང་ཕྲ་ཞིང་བསམ་གྱིས་མི་ཁྱབ་རབ་ཏུ་སྲབ་བྱང་ཀུན་རིག་ཐམས་ཅད་བྱེད། རྣལ་འབྱོར ་གོམས་པས་ཐོབ་པའི་བློ་ཅན་བསམ་གཏན་པའི་བསམ་གཏན་ཡུལ། ཉི་མ་ཟླ་བས་ཆུ་མེ་རླུང་ཕྱོགས་ན་མཁའི་ལུས་ཅན་ཏེ། ཞི་བའི་བདེ་དགའ་གྲུབ་པ་འདོད་ཅན་རྣམས་ཀྱི་དབང་ཕྱུག ་རྟག་ཏུ་བསྒོམ་ཞེས་བྱ་བ་དེ་ལྟ་བུའི་ཡོན་ཏན་གྱི་ཁྱད་པར་ཅན་ཞིག་ཀུན་བརྟགས་པ་ཡིན་ནོ།། དངོས་པོ་རྣམས་དྲི་དག་ལུས་མི་སྐྱེ་བྱས་ན་མི་མཐུན་པའི་རྒྱུར་སྨྲས་པ་བཀླག་པ་ཡིན་ནོ།། རྒྱུ་མེད་ཅན་མཱིནྡ་ཞེས་བྱ་བ་འདི ་ནི་རྒྱུ་མེད་པར་སྨྲ་བ་བཀག་གོ། ལྷག་མ་རྣམས་ཀྱིས་ནི་དངོས་པོ་རྣམས་ཀྱི་རྒྱུ་ཕྱིན་ཅི་མ་ལོག་པ་སྟོན་ཏོ།། དེ་ལ་དངོས་པོ་རྣམས་འདོད་རྒྱལ་ལས་མི་སྐྱེ་འོ་ཞེས་བྱ་བ་ཇི་ལྟར་ཤེས་ཤེ་ན། སྐྱེས་བུའི་བྱེད་པ་འབྲས་བུ ་ད་བཅས་པར་མཐོང་བའི་ཕྱིར་རོ།། འབྲས་བུ་མེད་པ་ཡང་སྣང་བ་མ་ཡིན་ནམ་ཞེ་ན། སྣང་བ་བདེན་ཏེ་དེ་རྒྱུ་གཞན་མ་ཚང་བའི་ཕྱིར་རོ།། དངོས་པོ་གང་ཞིག་རྒྱུ་ཛཱི་སྙེད་ཅིག་གིས་སྐྱེ་བ་ལས་གལྱཱ་ཏཱ་དཽ་དག་ཚོགས ་ཀྱང་དངོས་པ་དེ་མི་སྐྱེ་ན་འདོད་རྒྱལ་གྱིས་བྱས་སོ་ཞེས་བྱ་བར་བསལ་བར་ཤེས་སོ།། དུས་ཀྱང་ཆོས་ཐམས་ཅད་ཀྱི་སྐྱེ་བའི་རྒྱུ་མ་ཡིན་ཏེ། རྗེསུ་འགྲོ་བ་དང་ལྡོག་པས་མི་དམིགས་པའི་ཕྱིར་ན་མཁའི་མེ་ཏོག་བཞིན་ནོ།། ་གཞན་ཡང་དེ་ནི་རྟག་པའི་ཕྱིར་དངོས་པོ་རིམ་གྱིས་སྐྱེ་བོར་མི་འགྱུར་ཏེ། རྒྱུ་མ་ཚང་བས་ནི་དངོས་པོས་སྐྱེ་བར་མི་འགྱུརརོ།། དངོས་པོ་རྣམས་ཀྱི་སྐྱེ་བ་དང་འཇིག་པ་ཅིག་ཅར་དུ་ཡང་ཐོལ་བར་འགྱུར་ཏེ། རྒྱུས་ལ་ཁྱད ་བཔར་མེད་པའི་ཕྱིར་རོ།། འོན་ཏེ་སྐྱེ་བ་དང་འཇིག་པ་ན་དེ་ལ་ཁྱད་པར་ཡོད་ན་ནི་རྟག་པ་ཉིད་དུ་མི་འགྱུརརོ།། རྒྱུ་ལ་རྟག་པ་ཅུང་ཟད་ཀྱང་མ་མཐོང་བས་དུས་ལ་རྒྱུའི་དངོས་པོ་རྣམ་པ་ཐམས་ཅད་མེད་དོ།། འཇིག་པ་ནི་རྒྱུ་དང་ལྷུན་བ ་ཡང་མ་ཡིན་ཏོ། མེད་པའི་ཕྱིར་གཏན་མེད་པ་བཞིན་ནོ།། རང་བཞིན་ཡང་འདི་ཉིད་ཀྱིས་ཅི་རིགས་པར་བཀག་པར་རིག་པར་བྱའོ།། གཞན་ཡང་རང་བཞིན་ནི་འགྱུར་བར་མི་འགྱུར་ཏེ། རྟག་པའི་ཕྱིར་སྐྱེས་བུའི་དྲི་ཞེན་ནོ།། ་སྐྱེས་བུའི་དོན་རང་བཞིན་འགྱུར་བ་ཡང་མ་ཡིན་ཏེ། རྟག་པའི་ཕྱིར་དཔེར་ན་རང་བཞིན་གྱིས་དོན་དུ་སྐྱེ་ས་བུ་ལྟ་བུའོ།། རང་བཞིན་སྤྱོད་པར་བྱ་བ་ཡང་མ་ཡིན་ཏེ། རྟག་པའི་ཕྱིར་སྐྱེས་བུ་ལྟ་བུ་ཁོ་ནའོ།། སྐྱེས་བུ་སྤྱོད་པར་བྱེད་པ་ཡང ་མ་ཡིན་ཏེ། རྟག་པའི་རང་བཞིན་ལྟ་བུ་ཁོ་ནའོ།། རང་བཞིན་ཆོས་ཐམས་ཅད་ཀྱི་ས་བོན་གྱི་རྟེན་ཡང་མོ་ཡིན་ཏེ། རྟགས་པའི་ཕྱིར་སྐྱེས་བུ་ལྟ་བུ་ཁོ་ནའོ།། རང་བཞིན་སྙིང་སྟོབོས་དོང་རྡུལ་དང་མུན་པའི་ངོ་བོ་ཉིད་ཀྱང་མ་ཡིན་ཏེ། རྟག ་པའི་ཕྱིར་སྐྱེས་བུ་ལྟ་བུ་ཁོ་ནའོ།། གཞན་ཡང་རང་བཞིན་འགྱུར་བ་ཞིག་ཏུ་འགྱུར་བ་ཅི་བདག་ཉིད་ཐམས་ཅད་ཀྱིས་སམྦ། འོན་ཏེ་ཕྱོགས་གཅིག་གིས། གལ་ཏེ་བདག་ཉིད་ཐམས་ཅད་ཀྱིས་ནུ་ནི་རང་བཞིན་ཆད་པར་འགྱུ་རོ།། ་འོན་ཏོ་ཕྱོགས་གཅིག་གིས་ན་ནི་མི་རྟག་པ་ཉིད་དུ་ཐལ་བར་འགྱུརརོ།། ངོ་བོ་ཉིད་ལས་ཀྱང་མི་སྐྱེ་སྟེ། ཡོད་པའི་ཕྱིར་སྐྱེས་ཟིན་པ་བཞིན་ནོ།། དབང་ཕྱུག་ཀྱང་ཕྲ་བ་མ་ཡིན་ཏེ། ས་ལ་སོགས་པའི་ལུས་ཅན་ཡིན ་བའི་ཕྱིར་ས་ལ་སོགས་པ་ལྟ་བུ་ཁོ་ནའོ།། གཅིག་ལ་ཕན་ཚུན་འགལ་བའི་ངོ་བོ་ཉིད་ཀྱང་རུང་བ་མ་ཡིན་ལ། དུ་མའི་བདག་ཉིད་ཀྱང་མ་ཡིན་པས་འདི་ལ་སྩོགས་པའི་ལུས་ཅན་ཉིད་དུ་ཡང་མི་སྲིད ་དོ།། རབ་ཏུ་སྲབ་མོར་བྱེད་པ་ཡང་མ་ཡིན་ཏེ། སྐྱེ་བའི་ལུས་ཅན་ཡིན་པའི་ཕྱིར་སྐྱེ་བ་ལྟ་བུ་ཁོ་ནའོ།། ཀུན་རིག་པ་ཡང་མ་ཡིན་ཏེ། རབ་ཏུ་སྲབ་མོར་བྱེད་པའི་ཕྱིར། གྲོལ་བའི་བདག་བཞིན་ནོ།། ཐམས་ཅད་བྱེད་པ་ཡང་མ་ཡིན་ཏཱཾ། ་ཕྲ་བའི་ཕྱིར་དུལ་ཕྲ་རབ་བཞིན་ནོ།། འདི་ནི་རྟག་པ་ཡང་མ་ཡིན་ཏེ། ས་ལ་སོགས་པའི་ལུས་ཅནྡ་ཡིན་པའི་ཕྱིར་ས་ལ་སོགས་པ་ལྟ་བུ་ཁོ་ནའོ།། དབང་ཕྱུག་ཆོས་ཐམས་ཅད་ཀྱི་སྐྱེ་བའི་རྒྱུ་ཡང་མ་ཡིན་ཏེ། ཙོག་ཅར་མི་བསྐྱེད་པའི ་ཕྱིར་རྫ་མཁན་བཞིན་ནོ།། གཟུགས་ལ་སོགས་པ་དབང་ཕྱུག་གིས་བསྐྱེད་པ་ཡང་མ་ཡིན་ཏེ། དངོས་པོ་ཡིན་པའི་ཕྱིར་དབང་ཕྱུག་བཞིན་ནོ།། དཔེ་ང་ཕྱུག་ནི་ཐམས་ཅད་བྱེད་པ་ཡང་མ་ཡིན་ཏེ། བདག་མེད་པའི་ཕྱིར་བུམ་པ ་བཞིན་ནོ།། བདག་ཡོད་པ་ཉིད་ཅིག་ཡིན་ན་ནི་སྐྱེས་བུ་བཅིངསྡེ་པ་བཞིན་དུ་དབང་ཕྱུག་མ་ཡིན་པ་ཉིད་དུ་ཐལ་བར་འགྱུརརོ།། རྒྱུ་མེད་པར་སྨྲ་བ་ནི་འཇིག་རྟེནི་ཉིད་ཀྱིས་སྩལ་པར་ཟད་དེ། དེ་ཅུང་ཟད་ཀྱང་མི་བཟོད་དོ།། འོ་ན་དངོས་པོ ་རྣམས་ཅི་ལས་སྐྱེ་ཞེ་ན། མི་ཤེས་ལས་དང་སོད་ལས་བྱུང་རིག་མཛོད་ཅེས་བྱ་བ་སྨོས་ཏེ། དཔེར་ན་ས་བོན་མ་ཉམས་པ་ལེ་ལུད་ཀྱི་གེ་ཡོགས་ཤིང་ཆུས་བརླན་པས་ནི་མྱུ་གུ་མངོན་པར་འགྲུབ་པར་བྱེད་དོ།། དེ་བཞིན་དུ་མི ་ཤེས་པས་གཡོགས་པའི་ལས་སྲེད་པའི་ཆུས་བརླན་པས་ཀྱང་སྲིད་པའི་མྱུ་གུ་མངོན་པར་གྲུབ་པར་བྱེད་དོ།། དེ་ལ་མི་ཤེས་པ་ནི་བདེན་པ་རྣམས་ལ་ཀུན་ཏུ་རྨོངས་པ་སྟེ། མ་རིག་པ་དང་མི་མཐོང་བ་དང་མུན་པ་ཞེས་བྱ་བ་རྣམ ་གྲངས་ཡིན་ནོ།། བྱིས་པ་མ་རིག་པས་དམུས་ལོང་དུ་གྱུར་པ་ནི་འདི་ལ་བདེ་བར་བྱ་བའི་ཕྱིར་རམ། ཕྱི་མ་ལ་བདེ་བར་བྱ་བའི་ཕྱིར་དགེ་བ་དང་མི་དགེ་བའི་ལས་བྱེད་དེ། དེ་ནི་འདིའི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཡིན་ནོ།། ལོས་ནི་རྣམ ་པ་གསུམ་སྟེ། དགེ་བ་དང་མི་དགེ་བ་དང་མི་གཡོ་བ། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་དགེ་བ་ལ་ནི་མི་གཡོ་བ་ཞེས་བཤད་དེ། ལས་འདི་རྣམ་པ་གསུམ་ཆར་ཡང་མ་རིག་པའི་རྐྱེན་ཅན་ཡིནི་ཞིང་ཁམས་གསུམ་པའི ་སྲེད་པས་བརླན་པ་འདི་ཡང་སྲིད་པའི་མྱུ་གུ་མངོན་པར་རིག་པར་བྱའོ།། དེ་ལྟ་མ་ཡིན་ན་འོ་ན་ཕུང་པོ་འདི་འདྲ་བ་དག་ལས་གྲོལ་བར་བྱ་བ་གྲོགས་གྱིས་ཤིག་ཅེ་ན། ཐར་པ་བདག་ལས་རག་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གྲོལ ་བ་ནི་རང་གི་སེམས་ལས་རག་ལས་པའི་ཕྱིར་ཐར་པ་ཐོབ་པར་བྱ་བ་ལ་གྲོགས་ཀྱིས་བཏང་བའི་ཁ་ན་ལས་པར་ནི་མི་འདོད་དོ།། འོ་ན་ཐབས་གང་ཡིན་ཞེ་ན། ཐོས་པའི་ཚུལ་ཁྲིམས་བསམ་གཏན་ལྡན་པ་ཡིས་ཞེས་བྱ་བ་ལ་སོགས ་པ་སྨོས་སོ།། དེ་ལ་ཐོས་པ་ནི་བདེན་པ་དང་མཐུན་པ་ཡིན་པར་རིག་པར་བྱའོ།། ཚུལ་ཁྲིམས་ནི་མ་ཉམས་པ་ལ་སོགས་པ་དང་ལྡན་པའོ།། བསམ་གཏན་ནི་ངེས་པར་བྱེད་པའི་ཆ་དང་མཐུན་པ་ཡིན་པར་རིག་པར་བྱ་སྟེ། དེ་ལྟར་ཚུལ ་ཁྲིམས་དང་ཐོས་པ་དང་བསམ་གཏན་དང་ལྡན་པ་བདེ་བ་རྣམ་པ་བཞི་ལ་འབད་པར་གྱིས་ཤིག་དང་། དེ་ལྟ་ན་ཐར་པ་ཐོབ་པར་འགྱུར་རོ་སྙམ་དུ་དགོངས་པ་ཡིན་ནོ།། ལྷག་པའི་ཚུལ་ཁྲིམས་ཞེས་བྱ་བ ་ལ་སོགས་པས་ནི་ཐར་པའི་ལམ་ཁོ་ན་སྟོན་པར་བྱེད་དོ།། དེ་ལ་ལྷག་པའི་ཚུལ་ཁྲིམས་ནི་མྱ་ངན་ལས་འདས་པར་ཡོངས་སུ་བསྔོས་པ་གང་ཡིན་པའོ།། ལྷག་པའི་སེམས་ནི་འཕགས་པའི་ལམ་གྱི་རྟེན་བསམ་གཏན་བཞི་ཡིན ་ནོ། ལྷག་པའི་ཤེས་རབ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཡིན་པར་རིག་པར་བྱའོ།། བསླབ་པ་གསུམ་པོ་དེ་དག་ནི་བསླབ་པ་ཐམས་ཅད་ཀུན་ཏུ་སྡུད་པར་གྱུར་པ་ཡིན་ནོ་ཞེས། བསྟན་པའི་ཕྱིར། བསླབ་པ་བརྒྱ་རྩ་ལྔ་བཅུ་ལྷག ་གཅིག་ནི། གསུམ་པོ་འདིའི་ནང་ཡང་དག་འདུ་བར་འགྱུར་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་བསླབ་པ་གསུམ་པོ་འདིའི་ནང་དུ་བསླབ་པ་བརྒྱ་ལྔ་བྱེཅུ་ལྷག་གཎྜཱི་ག་འདྲ་བར་འགྱུར་བ་དེའི་ཕྱིར་བསླབ་པ་གསུམ་པོ་འདི་ལ་འབེད་དེ་བསླུ ་པར་བྱའོ་ཞེས་བྱ་བའི་དོན་ཏོ།། བསླབ་པ་བརྒྱ་ལྔ་བཅུ་ནི་སོ་སོར་ཐར་པ་ལས་འབྱུང་བར་རིག་པར་བྱའོ།། དབང་ཕྱུག་ལུས་རྟོགས་ཞེས་བྱ་བ་ལཱ་སོགས་པས་ནི་ཐར་པར་ལམ་ཁོ་ན་སྟོན་པོར་བྱེད་དེ། སྲས་རྟོགས་ནི་ལུས་ལ་སོང་བའོ།། ལུས་དམིགས་པ ་ཞེ་བྱ་བའི་ཐ་ཚིག་སྟེ། དེ་ནི་ལུས་ཀྱི་འགྲེང་བ་འདུག་པ་ལ་སོགས་པའི་གནས་སྐབས་ཀྱི་རྣམ་པར་སྤྱོད་པར་བྱེད་པ་ཡིན་ནོ།། ལུས་སུ་རྟོགས་པའི་དྲན་པ་དེ་ནི་བདེ་གཤེགས་ཀྱིས་བགྲོད་པ་གཅིག་པའི་ལམ་དུ་ཉེ་བར་བསྟན། དེ་ཇི་སྐད ་དུདགེ་སློང་དག་སེམས་ཅན་རྣམས་རྣམ་པར་དག་པར་བྱེད་པ་དང་། སྡུག་བསྔལ་བ་དང་ཡིད་མི་བདེ་བ་ལས་ཡང་དག་པར་འདའ་བར་བྱེད་པ་དང་། རིགས་པའི་ཆོས་རྟོགས་པར་བྱེད་པ་དང་། མྱ་ངན་ལས་འདས་པ་མངོན་སུམ་དུ ་བྱེད་པའི་བགྲོད་པ་གཅིག་པའི་ལམ་ནི་འདི་ལྟ་སྟེ། ལུས་སུ་རྟོགས་པའི་དྲན་པ་ཡིན་ནོ་ཞེས་རྒྱས་པར་གསུངས་པ་ལྟ་བུ་ཡིན་ནོ།། དེ་ལ་བགྲོད་པ་གཅིག་པ་ཉིད་ནི་བདེ་བླག་དང་མྱུར་བ་དང་། གདོན་མི་ཟ་བར་ཐོབ་པའི་རྒྱུ་ཡིན་པའི་ཕྱིར། ་དེ་ལྟ་བས་ན་བགྲོད་པ་གཅིག་པ་ཞེས་བྱ་བའི་སྒྲ་ནི་འདིར་ལམ་བསྔགས་པའི་ཚིག་ཡིན་པར་བལྟ་བར་བྱའོ།། གཅིག་ཏུ་འགྲོ་བ་ནི་བགྲོད་པ་གཅིག་པ་སྟེ། ལམ་ལ་རྣམ་པ་གཉིས་སུ་མེད་པ་ངོ་བོ་གཅིག་ཏུ་ཞུགས་པའི་ཕྱིར་ཞེས ་བཤད་པ་ཡིན་ནོ།། དེ་ནི་བསྒྲིམས་ནསྒོ་མངོན་པར་སྲུང་བགྱི་སྟེ་ཞེས་བྱ་བ་ནི་དྲན་པ་དེ་ལྟ་བུ་དེ་ནི་དགོས་པ་ཆེ་བའི་ཕྱིར་ཁྱོད་ཀྱིས་འབད་དེ་བསྲུང་བར་བྱ་བའི་ཕྱིར་ཞེས་བྱ་བ་ཡིན་ནོ།། དེ་ཉམས་ནུ་རེ་ཞིག་ཆོས་གཞན་དག་ཀྱང་འཇིག་རྟེན ་པར་འགྱུར། མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་རྣམས་ལྟ་སྨོས་ཀྱང་ཅི་དགྲོས་ཞེས་བསྟན་པའི་ཕྱིར་དྲན་པ་ཉམས་པས་ཆོས་ཀུན་འཇིག་པར་འགྱུར་ཞེས་བྱ་བ་སྨོས་སོ།། འདི་མན་ཆད་ཚེ་ནི་གནོད་མང་ཞེས་བྱ་བ་ལ་སོགས་པས ་ནི་ཐར་པ་འཐོབ་པའི་རྒྱུའི་རྟ་བོའི་རྒྱུར་གྱུར་པ་འཚོ་བ་ལ་དྲན་པ་ཉེ་བར་གཏོད་པར་བྱེད་དེ། ཚེ་གནོད་པ་དུ་མ་དང་འབྲེལ་པ། རླུང་གིས་བཏབ་པའི་ཆུའི་ཆུ་བུར་བས་ཀྱང་མི་རྟག་ན་ཞེས་བྱ་བ་འདིས་ནི་ཚེ་སྐད་ཅིག་མ་ཉིད་ཡིན་པར་བསྟན ་ཏོབྷྱདབུགས་རྔུབ་འབྱུང་བ་གཉིད་ཀྱིས་ལོག་པ་ལྔས།། སྲད་ཁོམ་གང་ལྕགས་དེ་ནི་ངོ་མཚར་ཆེ།། ཞེས་བྱ་བ་ནི་ཚེ་དེ་ལྟར་གནོད་པ་མང་བ་ཅན་སྐད་ཅིག་མ་ཡིན་ན། སྐྱེས་བུ་དབུགས་བརྔུབས་ནས་དགྲ ་འབྱུང་བའམ། གཉིད་ཀྱིས་ལོག་པ་ལ་སོགས་པ་ལས་སད་ཁོམ་པ་གུང་ཡིན་པ་དེ་ཡ་མཚན་ཆེའོ་ཞེས་བྱ་བ་ཡིན་ནོ།། གནོད་པ་ནི་རྣམ་པ་གཉིསུ་རིག་པུ་བྱ་སྟེ། ཕྱི་རོལ་གྱི་ན་རླུང་དང་ཉི་མ་དང་། སྡིག་སྦྲུལ་ལ་སོགས་པ ་ན་གི་ནི་རླུང་ལ་སོགས་པ་འཁྲུགས་པ་ཀུན་ནས་བྱསླང་བའི་ནད་ལ་སོགས་པའོ།། ལུས་མཐའ་ཐལ་པོ་ཞེས་བྱ་བ་ལ་སོགས་པས་ནི་ལུས་ལྔ་སྙིང་པོའི་བློ་འདོར་དུ་འཇུག་སྟེ། དེ་ལྟར་ན་ཡང་འཆི་བ་ལེ་དྲ་ནི་ཉེ་བར་གཏད་པ་ཁོ ་ནུ་ཡིན་ནོ།། དེ་ལ་ལུས་མཐའ་ཐལ་བ་ཞེས་བྱ་བ་ལ་སོགས་པའི་དོན་ནི་མདོའི་ཚིག་གི་རྗེསུ་འབྲངས་ནས་རླིག་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། དགེ་སློང་དག་ཤི་ཞིང་དུས་ལས་འདས་པའི་ལུས་ཉེ་དུ་རྣམས་ཀྱིས ་མེས་བསྲེག་པའམ། ཆུ་ལ་བཀུར་བ་འམ་སོའི་འོག་ཏུ་འཛུད་པར་བྱེད་ཅིང་།། ཡང་ན་ནི་རླུང་དང་ཉི་མ་དག་གིས་སྐེམས་པར་འགྱུ་རོ།། ཡང་ན་ནི་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས་སྣ་ཚོགས་ཟ་བར་འགྱུ་རོ་ཞེས ་གསུངས་པ་ལྟ་བུའོ།། དེ་ལ་ལུས་ཞེས་བྱ་བ་ནི་རྣམ་པར་འགྱེས་པོའི་བདག་ཉིད་ཡིན་པའི་ཕྱིར་རོ།། མཐའ་ཐལ་བ་ཞེས་བྱ་བ་ནི་མེས་བསྲེག་པ་ཞེས་བྱ་བའི་ཚིག་འདིའི་དོན་ཡིན་ནོ།། མཐར་སྐམ་པ་ཞེས་བྱ་བ་ནི་སའི་འོག་ཏུ ་འཛུད་པར་བྱེད་ཅིང་། ཡང་ན་ནི་རླུང་དང་ཉི་མ་དག་གིས་བསྐམས་པར་འགྱུར་རོ།། ཞེས་བྱ་བའི་ཚིག་འདི་ཉིད་ཀྱི་དོན་ཡིན་ནོ།། མཐར་འདྲུལ་ཞེས་བྱ་བ་ནི་ཆུ་བཀུར་བ་ཞེས་བྱ་བའི་འདིའི་དོན་ཡིན་ནོ།། ཐ་མར་མི་གཙུ་ཞེས་བྱ ་བ་ནི་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས་སྣ་ཚོགས་ཝ་བྱར་འགྱུརརོ་ཞེས་བྱ་བ་འདིའི་དོན་ཡིན་ནོ།། སྙིང་པོ་མ་མཆིས་པ་ཞེས་བྱ་བོ་ཅི་ཞེ་ན་འདི་ལྟར་རྣམ་པར་འཇིག་དེངས་མྱགས་པར་འགྱུར་པ་སྟེ། སོ་སོར་འགྱིས ་ཆོས་ཅན་དུ་མཁྱེན་པར་མཛོད།། སྙིང་པོ་མེད་པ་ཉིད་ནི་རྣམ་པར་འཇིག་ལ་སོགས་པ་ཉིད་ཀྱིསོ་སྟོན་པར་བྱེད་དེ། དེ་ལ་རྣམ་པར་འཇིག་པའི་ཆོས་ཅན་ནི་མེས་འཇོམས་པའི་ཕྱིར་རོ།། དངོས་པའི་ཆོས་ཅན་ནི་རླུང་དང་ཉི་མ་ལ ་སོགས་པས་སྙོམས་པའི་ཕྱིར་རོ།། མྱགས་པའི་ཆོས་ཅན་ནི་ཆུས་རུལ་བའི་ཕྱིར་རོ།། སོ་སོར་འགྱེད་པའི་ཆོས་ཅན་ནི་སྲོག་ཆགས་རྣམས་ཀྱིས་ཁམ་བུར་རྣམ་པར་འཇིག་པའི་ཕྱིར་རོ།། མཁྱེན་པར་མཛོད་ཅེས་བྱ་བ་ནི་རྟོགས ་པར་བགྱིས་ཤིག་པའོ།། སྱ་དོང་ལྷུན་པོ་རྒྱ་མཚོ་ཞེས་བྱ་བ་ལ་སྩོགས་པས་ནི་ཆེས་བརྟན་པ་རྣམས་ཀྱང་མི་རྟག་པ་ཉིད་དུ་མཐོང་བས་རང་གི་ལུས་ལ་ཤིན་ཏུ་སྙིང་པོ་མེད་པའི་བློ་ཉེ་བར་གཏོད་པར་བྱེད་དེ། ས་དང་ལྷུན་པོ་རྒྱ་མཚོ་རྣམ ་ཞེས་བྱ་བར་ཚིག་བསྡུ་བའོ།། དེ་དག་ནི་ས་དང་ལྷུན་པོ་རྒྱ་མཚོའི་ཉི་མ་བདུན་འབར་བས་བསྲེགས་པའི་ལུས་ཅན་ཏེ། ཉི་མ་བདུན་འབར་བ་ནི་ཉི་མ་བདུན་འབར་བའོ།། གང་དག་ལ་བསྲེགས་པའི་ལུས་ཡོད་པ་དེ་དག་ལ་དེ ་སྐད་ཅེས་བྱ་སྟེ། ས་ལ་སོགས་པ་ཉི་མ་བདུན་གྱི་འབར་བས་བསྲེགས་པའི་ལུས་ཅན་དེ་དག་ཀྱང་། ཐལ་བ་ཡང་ནི་ལུས་པར་མྱི་འགྱུར་ན། ཤིན་ཏུ་ཉམས་ཆུང་མི་ལྟ་སྨོས་ཅི་འཚལ། རེ་ཞིག ་ཆེ་ཐང་དུ་བསྟན་པ་དེ་དག་ཀྱང་གནས་སྐབས་དེ་ལྟ་བུར་འགྱུར་ན་རྣམ་པ་ཐམས་ཅད་ཉམ་ཆུང་བའི་ལུས་གང་ཡིན་པ་འདི་ལྟ་སྨོས་ཀྱང་ཅི་དགོས་ཏེ། འདི་ལ་མི་རྟག་པ་ཉིད་ཀྱིས་གཞོམ་པར་མི་ནུས་པའི་གནས་སྐབས་གང ་ཡིན་པ་དྲི་མེད་དོ།། ཞེས་བྱ་བ་ཡིན་ནོ།། དེ་ལ་སོགས་པ་ཉི་མ་བདུན་གྱིས་བསྲེགས་པ་ནི་ཉི་མ་བདུན་འཆར་བའི་མདོའི་རྗེསུ་འབྲངས་ནས་རིག་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། དགེ་སློང་དག་གང ་དུས་རིང་མོ་ཞིག་འདས་ནས་ཆར་པ་མི་འབབ་ལ། དེ་ནས་ས་ཆེན་པོ་འདི་ལ་སྣ་བོན་གྱི་ཚོགས་དང་འབྱུང་བའི་ཚོགས་གང་དགྲ་ཡིན་པ་དང་། ཆུ་བན་སྐམས་པར་འགྱུར་པའི་དུས་དེ་ཡང་ཡོད་དོ།། དགེ་སློང་དག་གླང ་དུས་རིང་མོ་ཞིག་འདས་ནས་ཆར་མི་འབབ་ལ། དེ་ནས་འཇིག་རྟེན་འདིར་ཉི་མ་གཉིསྤ་ཞིག་འབྱུང་བར་འགྱུར་ཏེ། དེ་བྱུང་བྱས་ས་ཆེན་པོ་འདི་ལ་ཆུ་ཆེན་པོ་བཞི་མ་གཏོག་ངེས་པ་ཆུ་བོ་ཐམས་ཅད་སྐམས་པར་འུ་གྱུར་པའི་དུས ་དེ་ཡང་ཡོང་ངོ་།། འཇིག་རྟེན་དུ་ཉི་མ་གསུམ་པ་བྱུང་བས་ནི་ཆུ་བོ་ཆེན་པོ་བཞི་དང་། མ་དྲོས་པ་ལའི་སོགས་པ་མཚོ་ཆེན་པོ་རྣམས་ཀྱང་རྣམ་པར་འགྱུརོ།། འཇིག་རྟེན་དུ་ཉི་མ་བཞི་པ་བྱུང་བས་ནི་རྒྱ་མཚོ་ཆེན ་ལས་ཤིང་རྟ་ལ་ཙམ་ཡང་སྐམ་པར་འགྱུར་ལ། དཔག་ཚད་ཙམ་ཡང་སྐམ་པར་འགྱུར་བས་ནས་དཔག་ཚད་བརྒྱ་ཡང་སྐམ་པར་འགྱུརརོ།། འཇིག་རྟེན་དུ་ཉི་མ་ལྔ་པ་བྱུང་བས་ནི་དཔག་ཚད་ཉིས་བརྒྱ་ལ་སོགས་པའི་ཁྱད ་བྱར་གྱིས་ཆུ་སྐམ་པར་འགྱུར་རོ།། འཇིག་རྟེན་དུ་ཉི་མ་དྲུག་པ་བྱུང་བས་ནི་ཆུའི་ཐིག་པ་ཆུང་ངུ་ཡང་མི་ལུས་ཤིང་ས་ཚན་འདི་དང་རིའི་རྒྱལ་པོ་རི་རབ་ཀྱང་དུ་བ་འཐུལ་བར་འགྱུར་ཏེ། དཔེར་ན་ཐོང་ལྕགས་བསྲེགས་པ་རྩཝའི་ནང་དུ ་བོར་བ་བཞིན་དུ་དུ་བ་འཐུལ་བར་འགྱུར་རོ།། འཇིག་རྟེན་དུ་ཉི་མ་བདུན་བྱུང་བས་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཀུན་ཡང་འབར་བར་འགྱུར་རབ་ཏུ་འབར་བར་འགྱུར་ཏེ། དཔེར་ན་མར་སར་རམ། འབྲུ་མར ་བསྲེགས་ན་ཐལ་བ་ཡང་མི་ལུས་པ་བཞིན་དུ་འགྱུརརོ།། ད་ལྟར་འདུ་བྱེད་དུ་གཏོག་སྣ་པ་ཐམས་ཅད་མ་ལུས་པར་བསྲེགས་ནས་རང་ཡང་འཆི་བར་འགྱུར་ཏེ། རེ་ཞིག་འདི་ནི་མེས་འཇིག་པའི་དབང་གིས་སཱ་དང་ལྷུན་པོ་དང ་རྒྱ་མཚོ་རྣམས་འཇིག་པར་བཤད་པ་ཡིན་ནོ།། འདི་དག་ནི་ཆུས་འཇིག་པའི་དབང་གིས་ཀྱང་འཇིག་ལྱ། རླུང་གྲིས་འཇིག་པའི་དབྱུང་གིས་ཀྱང་འཇིག་པར་རིག་པར་བྱའོ།། དེ་ལ་ཁྱད་པར་ནི་འདི་ཡོད་དེ། ཉི་མ་གཉིས་པ་ཅི ་ལྟ་བ་དེ་ལྟར་ཆུས་འཇིག་པ་ལ་ནི་ཚ་སྒོ་ཆུའི་ཆར་འབབ་པོ།། རླུང་གིས་འཇིག་པ་ལ་ནི་རྣམ་པར་འཐོར་བྱེད་ཀྱི་རླུང་ཆེན་པོ་ལྡང་ངོ་།། དེ་ལྟར་འདི་ཀུན་ཞེས་བྱ་བ་ལ་སོགས་པས་ནི་ཇི་སྐད་བཤད་པའི་དོན་གྱི་མཇུག ་བསྡུས་ནས་གདམས་ངག་སྦྱིན་པར་བྱེད་དེ། མི་རྟག་པ་དང་བདག་མེད་པ་ནི་བཤད་ཟིན་པ་ཉིད་དོ།། སྐྱབས་མེད་པས་ནི་སྡུག་བསྐུལ་ལས་ཡོངསུ་སྐྱོབས་པར་བྱེད་པའི་རྗེ་དཔོན་འགའ་ཡང་མེད་པའི ་ཕྱིར་རོ།། མགོན་མེད་པ་ནི་དེ་ལྟ་བུའི་ཉེ་བའི་ཚོགས་ཀྱང་མེད་པའི་ཕྱིར་རོ།། གནས་མེད་པ་ནི་ཐ་མལ་བར་འདུག་པ་གཞན་འགའ་ཡང་མེད་པའི་ཕྱིར་ཏེ། གང་གི་ཕྱིར་འཇིག་རྟེན་འདི་དེ་ལྟར་སྐྱབས་མེད་པ་ཡིན་པ་དེའི ་ཕྱིར་ཀྱེ་མ་མཆོག་ཁྱོད་ཀྱིས་འཁོར་བ་ཆུ་ཤིང་ལྟར་སྙིང་པོ་མེད་པ་ལ་ཡིད་འབྱུང་བར་གྱིས་ཤིག་ཅེས་བྱ་བ་ཡིན་ནོ།། ད་ནི་དགེ་བའི་སྣོད་མི་ཉིད་རྙེད་དཀའ་བར་རབ་ཏུ་བསྟན་པའི་ཕྱིར། རྒྱ་མཚ་གཅིག་ནས་ཞེས་བྱ་བ་ལ ་སོགས་པ་སྨོས་ཏེ། རྒྱ་མཚོ་གཅིག་ན་གནས་པས་ནཱ། རྒྱ་མཚོ་གཅིག་གནས་སོ།། དེ་ནི་རྒྱ་མཚོ་གཅིག་ན་གནས་པ་ཡང་ཡིན་ལ། རུས་སྦལ་ཡང་ཡིན་པས། རྒྱ་མཚོ་གཅིག་ན་གནས་པའི་རུས་སྦལ་ལོ།། རྒྱ ་མཚོ་གཅིག་ན་གནས་པའི་རུས་སྦལ་དང་གཉའ་ཤིང་བུག་པ་ཞེས་བྱ་བར་ཚིག་བསྡུས་ཏེ། དེ་གཉིས་ཕྲད་པའི་རྒྱ་མཚོ་གཅིག་ན་གནས་པའི་རུས་སྦལ་དང་གཉའ་ཤིང་བུག་པར་ཕྲད་པའོ།། མྱི་ཉིད་ཐོབ་པ་ནི ་དེ་བས་ཀྱང་དཀའོ།། དོན་འདི་ཡང་མདོ་ཁོ་ན་ལས་བསྟན་ཏེ། དགེ་སློང་དག་འཇིག་རྟེན་རྒྱ་མཚོ་གཅིག་ཏུ་གྱུར་པའི་ནང་ན་རུས་སྦལ་ཞར་བ་ཚེ་རིང་བ། ཡུན་རིང་པོར་འཚོ་བ་ཞིག་གནས་ཏེ། དེ་ལོ་བརྒྱ་འདས་ནས ་ལྡན་གཅིག་གྱེན་དུ་འབྱུང་ལ། རྒྱ་མཚོ་ཆེན་པོ་དེ་ན་གཉའ་ཤིང་བུ་ག་ཕུག་པ་ཞིག་ཡོད་པ་དེ་ཤར་གྱི་རླུང་གིས་བདས་ནས་ནི་ནུབ་ཕྱོགསུ་འགྲོ་ཞེས་བྱ་བ་རྒྱས་པར་བཀའ་སྩལ་ནས། དགེ་སློང་དུག་གང་དུ་རུས་སྦལ་ལོང་བ་དེ ་དུགྱེན་དུ་འབྱུང་བྱའི་མགྲི་ན་བྱ་གཉའ་ཤིང་དེའི་བུ་གར་ཆུད་པར་འགྱུར་བའི་དུས་དེ་ཡོད་ཀྱི། དགེ་སློང་དྲུག་མྱིར་སྐྱེ་བ་འཐོབ་པ་ནི་ངོ་བས་ཀྱང་ཆེས་དཀའ་བར་ང་སྨྲའོ་ཞེས་གསུངས་སོ།། དུད་འགྲོ་ལས་ཞེས་བྱ་བ་ནི་དུད་འགྲོའི ་སྐྱེ་གནས་ནས་སོ།། དེ་ན་སྨི་ཐོབ་པར་ནི་དཀའ་སྟེ། དེ་དག་ཤིན་ཏུ་བླུན་པའི་ཕྱིར་རོ།། གང་གི་ཕྱིར་དེ་ལྟར་མི་འཐོབ་པར་ཤིན་ཏུ་དཀའ་བ་དེའི་ཕྱིར་མི་དབང་གིས། དམ་ཆོས་སྤྱད་པས་མི་དེ་འབྲས་བུ་མཆིས་པར་མཛོད་ཅིག། འདིས་ནི ་འདི་སྐད་དུ། ཁྱོད་ཀྱིས་ཐོས་པ་ཙམ་གྱིས་ཆོག་པར་མི་བྱའི། འོན་ཀྱང་ནཱན་ཏོནྡ་སྙིང་པོར་བྱའོ་ཞེས་བཤད་པ་ཡིན་ནོ།། གང་ཞིག་གསེར་སྣོད་ཞེས་བྱ་བ་ལ་སོགས་པས་ནི་དེ་ལྟར་རྙེད་དཀའ་བའི་མི་ཉིད་ཐོབ་ན། གང་ཞིག་དགེ་བ་མི ་བྱེད་པ་དེ་སྨད་པའི་སྒོ་ནས་དགེ་བ་ལ་སྦྱོར་བར་བྱེད་དོ།། གཽསེར་གྱི་སྣོད་རིན་པོ་ཆེས་སྦས་པས་དྲན་སྐྱུགས་དྲག་ཕྱག་པར་འོས་པ་མ་ཡིན་པར་སྤྱོད། གནས་མ་ཡིན་པར་སྤྱོད་པ་ནི་འཇིག་རྟེན་གྱི་སྨད་པར་བྱ་བ་ཡིན་ནོ།། མིར་སྐྱེས ་ནས་གང་ཞིག་སྡིག་པ་རྣམས་བྱེད་པ་ནི་དེ་བས་ཀྱང་ཆེས་སྨད་པར་བྱེད་པ་ཁོ་ན་ཡིན་ཏེ། མི་ཉིད་རིན་པོ་ཆེའི་སྣོད་པས་ཀྱང་ཆེས་རྙེད་པར་དཀོའ་བའི་ཕྱིར་རོ།། ད་ནི་མཐུན་པོར་གྱུར་པའི་ཡུལ་དུ་གནས་པོ་དང་། ཞེས་བྱ་བ་ལ ་སོགས་པས་རྒྱལ་པོ་འའགྲུས་པའི་ལམ་ས་སྣང་ཉུད་སོན་པར་སྟོན་ཏོ།། དེ་ལ་མཐུན་པའི་ཡུལ་ནི་གང་ཞིག་གང་གི་སེམས་མཉམ་བྱར་བཞག་པ་དང་མཐུན་པ་ཡིན་ཏེ། འཚོ་བ་དང་གནོད་པ་དང་ཟླ ་བའི་ཕྱིར་རོ།། སྐྱེས་བུ་དམ་པ་ལ་བརྟེན་པ་ནི་དགེ་བའི་བཤེས་གཉེན་ལ་ཡང་དག་པར་བརྟེན་པའོ།། དེ་ཡང་ལུས་ཕུན་སུམ་ཚོགས་པའམ། རྟོག་པ་ཕུན་སུམ་ཚོགས་པ་ཡང་རུང་སྟེ། ཡོན་ཏན་དྲག་གིས་མཉམ་པའམ། ཁྱད་པར ་དུ་འཕགས་པའི་ཡོན་ཏན་ཡིན་ནོ།། ཡང་ན་མཛའ་བོ་འམ། བླ་མ་ཡིད་བརྟན་དུ་རུང་བ། སྒྲ་མཁས་པ་ཚིག་བཟོད་པ་དོན་ཟབ་མོ་སྨྲ་བ་གནས་མ་ཡིན་པར་སྦྱོར་བར་མི་བྱེད་པ་གང་ཡང་རུང་སྟེ། གང་གི་རྗེ་སུ་བསླབས་ན་ཚུལ་ཁྲི་མོས ་དང་ཐོས་པ་དང་། གཏོང་བ་དང་། ཤེས་རབ་ཀྱི་འབྲེལ་བར་འགྱུར་བ་དེ་འདྲ་བ་དེ་ནི་སྐྱེས་བུ་དམ་པ་ཞེས་བྱའོ།། བདག་ཉིད་ཀྱིས་ལེགས་པའི་སྨོན་ལམ་ནི་བདག་ཉིད་ཀྱིས་ཇི་སྐད་བཤད་པ་བཞིན་བྱེད་པའི་སྒོ་ནས་ལྕགས་པར་སྒྲུབ ་པའོ།། སྔོན་ཡང་བསོད་ནམས་བགྱིས་ཞེས་བྱ་བ་འདིས་ནི་ཚོགས་བསགས་པ་ཉིད་དུ་སྟོན་ཏོ།། དེ་དག་ནི་འཁོར་ལོ་ཞེས་བྱ་བ་སྟེ། འཕགས་པའི་ལམ་གྱི་ཤིང་རྟ་འགྲོ་བྱར་བྱེད་པ་ཡིན་པའི་ཕྱིར།། འཁོར་ལོ་ཆེན་པོ་དེ་བཞི་ཁྱོད་ལ ་མངའ་ཞིང་ཡོད་པས་དེའི་ཕྱིར་འཕགས་པའི་ལམ་བསྐྱེད་པའི་ཕྱིར་འབད་པ་བྱོས་ཤིག་སྙམ་དུ་དགོངས་པ་ཡིན་ནོ།། དགེ་བའི་བཤེས་གཉེན་བརྟེན་པ་ཞེས་བྱ་བ་ལ་སོགས་པས་ནི་འཕགས་པའི་ལམ་བསྐྱེད་པ་ལ་སྐྱེས་བུ་དམ ་པ་ལ་བརྟེན་པ་གཙོ་བོ་ཡིན་པར་སྟོན་ཏེ། འཕགས་པ་ཀུན་དགའ་བོས་བཅྡོཾས་འདི་ལྟ་སྟེ། དགེ་བའི་བཤེག་རྟེན་དགེ་བའི་གྲོགས་པོ་འདི་ནི་ཚངས་པར་སྤྱོད་པའི་ཕྱེད་ལ་གསོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ ་ཁྱོད་འདི་སྐད་དུ་དགེ་བའི་གྲོགས་པོ་འདི་ནི་ཚངས་པར་སྤྱོད་པའི་ཕྱེད་ལགསོ་ཞེས་བྱ་བའི་བར་མི་སྨྲ་ཞིག། ཀུན་དགའ་བོ་འདི་ལྟ་སྟེ། དགེ་བའི་བཤེས་གཉེན་དང་། དགེ་བྱའི་གྲོགས་པོ་འདི་ནི་ཚངས་པར་སྤྱོད་པ་ཡོངསུ་རྫོགས ་བ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་སྐྱེ་བའི་ཆོས་ཅན་རྣམས་དགེ་བའི་བཤེས་གཉེན་ལ་བརྟེན་ནས། སྐྱེ་བ་ལས་ཡོངསུ་གྲོལ་ལོ་ཞེས་རྒྱས་པར་བཀའ་སྩལ་ཏོ།། གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་དེ་སྐད་དུ་བཀའ ་སྩལ་པ་དེའི་ཕྱིར་སྐྱེས་བུ་དམ་པ་རྣམས་ལ་བརྟན་པར་བྱའོ།། ཡང་སྐྱེས་བུ་དམ་པ་ལྔ་བརྟེན་པ་ཚངས་པར་སྤྱོད་པ་ཡོངསསུ་རྫོགས་པ་ཡིན་པ་ཇི་ལྟར་ཤེས་ཤེ་ན། རྒྱལ་བ་ལ་བརྟེན་ནོས་རབ་ཏུ་མང་པོས་ཞི་བ་ཐོབ་ཅེས་བྱ་བ ་སྨོས་སོ།། དེ་ལ་ཚངས་པ་ཞེས་བྱ་བ་ནི་མྱ་ངན་ལས་འདསོ་པའོ།། དེའི་དོན་དུ་སྤྱོད་པ་ནི་ཚངས་པར་སྤྱོད་པ་དེ་ལམ་མོ།། དེ་ལྟ་བས་ན་ཚངས་པར་སྤྱོད་པ་ཡོངསུ་རྫོགས་པ་སྡུག་བསྔལ་བ་མཐའ་དག་ཟད་པའི་རྒྱུར་གྱུར་པ། ་འཕགས་པའི་ལམ་གྱི་རྒྱུ་ནི་དགེ་བའི་བཤེས་གཉེན་ཡིན་ནོ།། ཞེས་བཤད་པ་ཡིན་ནོ།། ལོག་པར་ལྟ་བ་འཛིན་པ་དང་ཞེས་བྱ་བ་ལ་སོགས་པས་ནི་དགེ་བ་བྱ་བར་མི་རུང་བ་ཉིད་དུ་སྟོན་པར་བྱེད་དོ།། དེ་ལ་ལོག་པར་ལྟ་བ ་འཛིན་པ་ནི་འཇིག་རྟེན་ཕ་རོལ་མེད་དོ་ཞེས་བྱ་བར་འཛིན་པ་གང་ཡིན་པའོ།། དུད་འགྲོ་ཉིད་ནི་དུད་འགྲོའི་སྐྱེ་གནས་སུ་སྐྱེ་བའོ།། ཡི་དགས་ཉིད་ནི་ཡི་དགས་ཀྱི་འཇིག་རྟེན་དུ་སྐྱེ་བའོ།། དམྱལ་བ་ནི་དམྱལ་བབ ་འཇིག་རྟེན་དུ་སྐྱེ་བའོ།། རྒྱལ་བའི་བཀའ་མེད་པ་ནི། སངས་རྒྱས་འབྱུང་བ་མེད་པའི་ཕྱིར་རོ།། མཐའ་འཁོབ་ཀླ་ཀློར་སྐྱེ་བ་ནི་དུར་སྐྱེ་བ་གང་ཡིན་པའོ།། སངས་རྒྱས་འབྱུང་བ་ཡོད་ཀྱང་གླེན་ཞིང་ལྐུག་པ་ཉིད་དུ་ནི་ལོག་བརྡ་བྱེད་པའོ།། ་རིང་ལྷ་ཉིད་གང་ཡང་རུང་བར་ནི་སྐྱེ་བ་ཞེས་བྱ་བ་ནི་འདུ་ཤེས་མེད་པ་དང་གཟུགས་མེདོ་པ་རྣམ་སོ།། གནས་བརྒྱད་པོ་དེ་དག་དགེ་བོ་བྱ་བའི་དྲལ་བུ་མེད་པས་ནི་མི་ཁོམ་པ་ཞེས་བྱའོ།། དེ་ཉིད་ཀྱི་ཕྱིར་ཉེས་པ་མང་བས་སྐྱོན་ཞེས་ཀྱང་བྱའོ།། ་མི་ཁོམ་པའི་སྐྱོན་དེ་དག་དང་བྲལ་ཁོམ་པ་རྙེད་ནས་ནི། སྐྱེ་བ་བཟློག་པའི་སླད་དུ་འབད་པ་མཛོད། སྐྱེ་བ་བཟློག་པའི་ཆེང་དུ་ཞེས་བྱ་བའི་དོན་ཏོ།། ད་ནི་ངེས་པ་འདོད་པས་འཕོངས་པ་དང་། ཞེས་བྱ་བ་ལ་སོགས་པོ་གང་སྨོས་པོ ་ནི་འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་ཉེ་བར་བསྒྲུབ་ཅིང་མྱ་ངན་ལས་འདས་པ་ལ་རྒྱུད་གཅིག་ཏུ་གཞོལ་བར་བྱ་བར་བཞད་པ་ཡིན་ཏེ། སྡུག་བསྔལ་ཞེས་བྱ་བའི་སྒྲ་ནི་འདོད་པས་ཕོངས་པའི་སྡུག་བསྔལ ་དང་། འཆི་བའི་སྡུག་བསྔལ་ཞེས་བྱ་བ་ལ་སོགས་པའི་ཚུལ་དུ་རེ་རོ་དང་སྦྱར་རོ།། འདོད་པས་ཕོངས་པ་ལ་སོ་གས་པ་ནི་སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར་སྡུག་བསྔལ་ཞེས་བཤད་ཀྱི། ཚོར་བའི་རང་བཞིན་ཡིན་པའི་ཕྱིར་ནི ་མེ་ཡིན་ནོ།། སོགས་པ་ཞེས་སྨོས་པ་སཱ་ནི་མྱ་ངན་དང་སྨྲེ་སྔགས་འདོན་པ་ལ་སོགས་པ། གཟུང་ངོ་།། དེ་ལྟར་སྡུག་བསྔལ་དུ་མའི་འབྱུང་གནས་རྟེན་འཁོར་བ་ཉེ་བར་ལེན་པའི་ཕུང་པོ་ལྔའི་ངོ་བོ་ཉིད་ལས་སྐྱོ་མཛད་ཅིང་ཡིད ་བྱུང་བ་བསྐྱེད་པར་བྱ་ཞིང་ཞེས་བྱ་བའི་ཐུ་ཚིག་གོ།། འཁོར་བ་འདིའི་ཉེས་བུ་སྐྱོ་བའི་རྒྱུ་ཤས་ཀྱང་གསན་པར་མཛོ་ཅིག། འཁོར་བའི་ཉེས་པ་རིལ་བརྗོད་པར་མི་ནུས་པའི་ཕྱིར་ཕྱོགས་གཅིག་ཞལ་གྱིས་བཞེས་སོ།། འཁོར་བའི ་ཉེས་པ་དེ་ཡང་རྣམ་པ་བདུན་ཞིག་བརྗོད་དེ་འདི་ལྟ་སྟེ། ངེས་པ་མེད་པའི་ཉོས་པ་དང་། ངོམས་མི་ཤེས་པའི་ཉེས་པ་དང་། ལུས་ཡང་དང་ཡང་དུ་འདོར་བའི་ཉེས་པ་དང་། ཡང་དང་ཡང་དུ་ཉིང་མཚམས་སྦྱོར་བའི་ཉེས་པ ་དང་། ཡང་དང་ཡང་དུ་མཐོ་དམན་གྱི་ངོ་བོར་གྱུར་པའི་ཉེས་བྱ་དང་། གྲོགས་མེད་པ་ཉིད་ཀྱི་ཉེས་པ་དང་། འགྲོ་བ་དྲུག་པའི་ཉེས་པའི་སྡུག་བསྔལ་ཉམ་སུ་མྱོང་བའི་ཉེས་པའོ།། དེ་ལ་ངེས་པ་མེད་པའི་ཉེས་པའོ་དབང་དུ་བྱས ་ནས་པ་ཉིད་བུ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་སོ།། བཟློག་པ་ཉིད་དུ་ཞེས་བྱ་བ་ནི་བུ་ཉིད་པ་ཉིད་དུ། ཆུང་མ་ནི་མ་ཉིད་དུ་སྐྱེ་བོ་བཤེས་པཱ་ནི་དགྲ་ཉིད་དུ་འགྲོ་བའོ།། དེ་ལྟ་བས་ན་འཁོར་བ་ན་དེ་སྨྲ་པ་འགའ་ཡང་མེད་དོ།། ་དོ་མས་མི་ཤེས་པའི་ཉེས་པའི་དབང་དུ་བྱས་ནས། རེ་རེས་རྒྱ་མཚོ་བཞི་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚིག་སུ་བཅད་པའི་དོན་ནི་གོ་བར་ཟད་དོ།། ལུས་ཡང་དང་ཡང་དུ་འདོར་པའི་ཉེས་པའི་དབང་དུ་བྱས ་ནས། རཱི་རེའི་བདག་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་བདག་ཉིད་རུས་པའི་ཕུང་པོ་ཞེས་བྱ་བ་ནི་ལུས་ཀྱི་རུས་པའི་ཕུང་པོ་ཞེས་བྱ་བའི་དོན་ཏོ།། ཡང་དང་ཡང་དུ་ཉིང་མམས་སྦྱོར ་བའི་ཉེས་པའི་དབང་དུ་བྱས་ནས་མཱ་ཡི་ཐུག་མཐུའོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། དགེ་སློང་དྲོ་དག་དཔེར་ན་སྐྱེས་བུ་འགའ་ཞིག་གིས། ས་ཆེན་པོ་འདི་ལ་རྒྱ་ཤུག་གི་ཚིག་གུ་མ ་གྱི་རི་ལུ་ཐོགས་ཏེ། འདི་ནི་བདག་གི་མའོ།། འདི་ནི་བདག་གི་མ་དེའི་ཡང་མའོ་ཞེས་འདོར་བར་བྱེད་ན། དགེ་སློང་དག་ས་ཆེན་པོ་འདིའི་འཇི་པ་ནི་ཆེས་སྔར་ཟད་པར་འགྱུར་གྱི། མི་རྣམས་ཀྱི་མ་རྒྱུད་པ་ནི་དེ་ལྟ་མ་ཡིན་ནོ།། ་ཞེས་སྨྲའོ་ཞེས་གསུངས་པ་ལྟ་བུའོ།། ཡང་དང་ཡང་དུ་མཐོ་དམན་གྱི་ངོ་བོར་འགྱུར་པའི་ཉེས་པའི་དབང་དུ་བྱས་ནས། བརྒྱ་བྱིན་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚིགསུ་བཅད་པའི་དོན་ནི་གོ་བར་ཟད་དོ།། མཐོ་རིས་བུ ་མོ་ཞེས་བྱ་བ་ལ་སྩོགས་པ་ལྔ། མཐོ་རིས་བུ་མོ་ནི་ལྷའི་བུ་མོ་དག་གོ། དེ་དག་ནི་ནུ་མཱ་དང་སྐེད་པ་ལ་རེག་པ་སྟེ། རེག་པ་དེས་བདེ་བ་མྱོང་ནས་ཉམསུ་མྱོང་ཞེས་བྱ་བའི་དོན་ཏོ།། ཤིན་ཏུ་མི་བཟང་བསྟེན་འཚལ་ལོ་ཞེས་བྱ་བ ་ནི་རེག་པ་སྟེ་བོར་མི་བཟད་པ་སྟེན་དགོས་སོ་ཞེས་བྱ་བའི་ཐ་ཚིག་གོ། དེ་ཡང་གང་ཞེ་ན། འཐག་གཅོད་དབབ་པའི་འཁྲུལ་འཁོར་གྱི་རེག་པ་ཞེས་བྱ་བ་སྨོས་ཏེ། འཁྲུལ་འཁོར་ཞེས་བྱ་བའི་སྒྲ་ནི་རེ་རེ་དང་སྦྱར་རོ།། དེ ་ལ་འཐག་པའི་འཁྲུལ་འཁོར་ནི་འདི་ལྟ་སྟེ། དམྱལ་བ་བསྡུས་འཇོམས་ན་ཡོད་པ་ལྟ་བུའོ།། གཅོད་པའི་འཁྲུལ་འཁོར་ནི་དམྱལ་བ་ཐིག་ནག་ན་ཡོད་པ་ཡིན་ནོ།། དབད་པའི་འཁྲུལ་འཁོར་ནི་ཚ་བ་དང་རབ་ཏུ་ཚ་བ་ན ་ཡོད་པ་ཡིན་པར་རིག་པར་བྱའོ།། རྐང་པའི་རེག་པས་ནེམས་པར་བདེ་བཟོད་པ་ཞེས་བྱ་བ་ནི། རྐང་པའི་རེག་པས་ནེམས་ཞེས་བྱེད་པ་དང་། པར་ཅེས་བྱེད་པའོ།། དེའི་བདེ་བ་བཟོད་པས་ན། རྐང་པའི་རེག་པས་ནམས ་པར་བྱེད་པ་བཟོད་པ་ཞེས་བྱ་སྟེ། འདྲ་བར་རུང་ཞིང་བདེ་བའི་བརྟེན་ཅེས་བྱ་བའི་ཐ་ཚིག་གོ། ལྷུན་པོའི་སྤོ་དེ་འདྲ་བ་ལ་ཡུན་རིང་པོ་ལྷའི་ལོ་སྟོང་དུ་གནས་པ་ནི། སླར་ཡང་མེ་མུར་རོ་མྱགས་རྒྱུ་བ་ཡིས། སྡུག་བསྔལ་མི ་བཟང་ཕྱོག་སྙམ་བགྱི་འཚ་ལོ།། དེ་ལ་མེ་མར་མུར་ནི་པུས་མོ་ནུས་ཙམ་སྟེ། གང་དུ་རྐང་པ་བཞག་པ་ན་པགས་པ་དང་ཤ་དང་ཁྲག་ཞིག་པར་འགྱུར་ལ། བཏེགས་ན་པགས་དང་ཤ་དང་ཁྲ་ག་སླར་སྐྱེ་བར་འགྱུར་པ ་ཡིན་ནོ།། རོ་མྱགས་ནི་ཕྱི་སའི་འདམ་རྫབ་གང་ན་སྲོག་ཆགས་འབུ་མཆུ་རྣོན་ཞེས་བྱ་བ་ལ་ལུས་ཐམས་ཅད་དཀར་མགོ་བོ་ནག་པ་ཡིན་ཏེ། དེ་དག་གི་སེམས་ཅན་དེ་རྣམས་ཀྱི་པགས་པ་ཡང་འབིགས་པར་བྱེད། ཅེས ་བྱ་བ་རྒྱས་པར་མདོ་ལས་ཇི་སྐད་འབྱུང་བ་བཞིན་རིག་པར་བྱའོ།། མཐོ་རིས་བུ་མོས་འབྲོངས་ཤིང་ཞེས་བྱ་བ་ལ་སོགས་པས་ནི་མཐོ་རིས་ཀྱི་བུ་མོ་དག་གིས་འབྲོངས་པ་ནི་མཐོ་རིས་བུ་མོས་འབྲོངས་པ་སྟེ། ཉེ་བར ་བསྟེན་པ་ཞེས་བྱ་བའི་ཐ་ཚིག་གོ། མཐོ་རིས་བུ་མོས་འབྲོངས་ཤིང་དགའ་བ་དང་། རྣམ་པར་མཛེས་ཚལ་སོན་པ་དེ་དག་རྩེ་ནས་ཏེ་དགའ་བའི་ཚལ་དུ་སྟོན་པ་དང་རྣམ་པར་མཛེས་པའི ་ཚཚུལ་དུ་སོན་པ་དག་རྩེ་ནས། སླར་འདབ་མ་རལ་གྲི་འདྲ་ཚྭལ་ནགས་རྣམས་ཀྱིས། རྐང་ལག་རྣ་བ་སྣ་གཅོད་འཐོབ་པར་འགྱུར། དྭེ་ལ་འདབ་མ་རལ་གྲི་ལྟ་བུའི་ཚལ་ཞེས་བྱ་བ་ནི་མེ་མར་མུར་དང་རོ་མྱགས་དང་སྤུ ་གྲི་སོ་གཏམས་པའི་ལམ་པོ་ཆེ་འདས་ནས་རྒྱས་བཅད་པ་ཞིག་ན་ནགས་ཚལ་སྔོན་པོ་ལྟ་བུ་ཞིག་སྣང་སྟེ། དེར་སེམས་ཅན་གནས་ཚོལ་བ་སྐྱབས་ཚོལ་བ་དེ་དག་རྒྱུག་པར་བྱེད་ཅིང་། སེམས་ཅན་དེར་ཞུགས་པ ་རྣམས་ལ་ལས་ལས་བྱུང་བའི་རླུང་དག་ལྡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ཡིན་ནོ།། དྲལ་གྱིས་འབབ་པར་ཞུགས་ནས་ཞེས་བྱ་བ་ནི་ལྷའི་རྫིང་བུ་དལ་གྱིས་འབབ་པ་ཞེས་བྱ་བ་དེར་ཞུགས་ནས་སོ།། ཁྱད་པར་ཇི་ལྟ་བུ ་ཅན་ཞིག་ཏུ་ཞེ་ན། ལྷའི་བུ་མོ་ཞེས་བྱ་བ་ལ་སོགས་པོ་སྨོས་ཏེ། གང་ན་ལྷའི་བུ་མོ་གདོང་མཛེས་པ་དང་གསེར་གྱི་པདྨ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། སླར་ཡང་དམྱལ་བར་ཆུ་བོ་རབ་མེད་པར་འཇུག་འཚལོ།། ཁྱད ་པར་ཇི་ལྟ་བུ་ཅན་ཞིག་ཅེ་ན་ཚ་སྒོ་བཟོད་རླག་ཆུ་ཚན་དུ་སྟེ། ཆུ་བོ་རབ་མེད་ཅེས་བྱ་བ་ལ་ལོ་མ་རལ་གྲི་ལྟ་བུའི་ཚལ་འདིས་ནས་དམྱལ་བ་འོབས་བཞིན་དུ་བསྐོར་ནས་འདུག་པ། གང་དུ་སེམས་ཅན་གནས་ཚོལ་བ ་སྐྱབས་ཚོལ་བ་དེ་དག་ཅེས་བྱ་བ་རྒྱས་པར་མདོ་ལས་ཇི་སྐད་འབྱུང་བ་བཞིན་རིག་པར་བྱའོ།། བཞི་པོ་འདི་དག་ནི་ལྷག་པ་ཡིན་པར་རག་བཤད་དེ་འདི་ལྟ་སྟེ། མེ་མར་མུར་དང་། རོ་མྱགས་དང་། ལོ་མ་རལ་གྲི་ལྟ་བུའི ་ཚལ་དང་། ཆུ་བོ་རབ་མེད་དོ།། ལྷག་པ་བཞི་པོ་དེ་དག་ནི་སེམས་ཅན་དམྱལ་བ་ཐམས་ཅད་ཀྱི་སྒོ་བཞིན་གོ་རིམས་བཞིན་དུ་རྣམ་པར་གནས་ཏེ། དེ་ལྟ་བས་ན་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་འཆད་པར་འགྱུར་བ་རེ་རེ་ཞིང ་ལྷག་པ་བཅུ་དྲུག་ཡིན་ནོ།། ལྷ་ཡུལ་འདོད་བདེ་ཞེས་བྱ་བ་ནི་འདིར་སུམ་ཅུ་རྩ་གསུམ་པ་ཡན་ཆད་ཀྱི་འདོ་ད་པའི་ལྷ་འཐབ་བྲལ་བ་ལ་སོགས་པ་ག་ཡིན་པ་དེ་དག་ཡིན་པར་བཞེད་དེ། དེ་དག་ན་ཡོད་པའི་བདེ་པ་གང་ཡིན ་པ་དེ་ཐོབ་ནས་གནས་སོ།། ཤིན་ཏུ་ཆེན་པོ་ཞེས་བྱ་བ་ནི་འདོད་པའི་བདེ་བའི་ཁྱད་པར་རོ།། ཡང་ན་ཆགས་པ་དང་བྲལ་བའི་བདེ་བའི་ཁྱད་པར་ཡིན་ཏེ། བདེ་བ་ཐམས་ཅད་པས་ཁྱད་པར་དུ་འཕགས་པའི་ཕྱིར་རོ།། དེའི་གོང ་མ་གཟུགས་ཀྱི་ཁམས་ན་ནི། ཚངས་ཉིད་ཆགས་བྲལ་བདེ་བ་སྟེ། ཆགས་པ་དང་བྲལ་བ་ཉིད་ནི། འདོད་པའི་འདོད་ཆགས་རྣམ་པར་གནོན་པ་ལ་རིག་པར་བྱའོ།། བདེ་བ་དེ་འདྲ་བས་ཀྱང་དུས་གཞན་ན་མི་དགེ་བའི་ལས ་བསགས་པའི་ཕྱིར་ལན་གྲངས་གཞན་ལ་མྱོང་བར་འགྱུར་པའི་ལས་ཀྱི་འཕེན་པཱ་ལཾ་སླར། སྡུག་བསྔལ་རྒྱུན་མི་འཆད་པར་བསྟན་འཚལ་ལོ་ཞེས་བྱ་བར་སྦྱར་རོ།། གང་དུ་དེ་བསྟེན་དགོས་ཤེ་ན། མནར་མེད་དུའོ།། ཁྱད ་པར་ཇི་ལྟ་བུ་ཅན་ཞིག་གིས་ཤེ་ནཱ། མེའི་བུད་ཤྲིང་གྱུར་པ་ཡིས་ཏེ། ལུས་བསྲེགས་པས་ཞེས་བྱ་བའི་ཐ་ཚིག་གོ།། ཉི་མ་ཟླ་བ་ཉིད་ཐོབ་ཅེས་བྱ་བ་ནི་ཉི་མ་ཉིད་དང་ཟླ་བ་ཉིད་ཐོབ་ནས་སོ།། རང་ལུས་ཀྱི ་བོའོད་ཀྱི་འཇིག་རྟེན་མཐའ་དག་སྣང་བྱས་ཏེ། ཞེས་བྱ་བ་ནི་འཇིག་རྟེན་བྱའི་ཚིག་གི་ཚུལ་གྱིས་དེ་སྐད་དུ་འཆད་པར་ཟད་དེ་འོད་འདི་ལྟ་བུ་ཉི་མ་འམ་ཟླ་བའི་ལུས་ཀྱི་འོད་ནི་མོ་ཡིན་གྱི། གཞལ་མེད་ཁང་གི་ཡིན་པས། ཅན་དྲང ་བརྟེན་པ་དག་དབྱི་བ་མ་བྱས་པས་དེ་སྐད་ཅེས་བཤད་པར་རིག་པར་བྱའོ།། སླར་ཡང་མུན་ནག་སྐྲག་ཏུ་ཕྱིན་གྱུར་ནས། ཞེས་བྱ་བ་ན་མུན་ནག་སྨག་ཏུ་ཕྱན་གྱུར་ནས། ཞེས་བྱ་བ་ནི་མུན་ནག་སྨག་ཏུ་ཕྱིན་ནས་ཞེས་བྱ་བར་སྦྱར་ཏེ། དེ ་ནི་འཇུག་རྟེན་གྱི་བར་དོག་ན་ཡོད་པ་ཡིན་པར་རིག་པར་བྱའོ།། དརོ་སྐྱེས་ནས་ནི་རང་གི་ལག་པ་བརྐྱང་བའང་མཐོང་མི་འགྱུར། གྲོགས་མེད་པ་ཉིད་ཀྱི་ཉེས་པའི་དབང་དུ་བྱས་ནས། དེ་ལྟར་ནོད་སྨོ་པར་འགྱུར་འཚལ་ཞེས་བྱ ་པབ་ལ་སོགས་པ་སྨོས་ཏེ། དེ་ལྟར་ཇི་སྐད་བཤད་བྱའི་རྣམ་པས་འཚོ་དགོས་པ་ཡིན་པས་བསོད་ནམས་ནི་རྣམ་གསུམ་མར་མེའི་སྣང་བར་བཞེས་ཤིག་བསོད་ནམས་རྣམ་གསུམ་ཉིད་མར་མྱེའི་སྣང་བ་ཡིན་པས་ན། བསོད ་ནམས་ནི་རྣམ་གསུམ་མར་མེའི་སྣང་བའོ།། བསོད་ནམས་རྣམ་པ་གསུམ་ནི་ལུས་ཀྱི་དང་ངག་གི་དང་ཡིད་ཀྱིའོ།། ཡང་ན་སྦྱིན་པ་ལས་བྱུང་བ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། བསྒོམ་པ་ལས་བྱུང་བའོ།། ཅིའི ་ཕྱིར་བསོད་ནམས་ཀྱི་མར་མེའི་སྣང་བ་བླང་ཞེ་ན། གཅིག་པུ་མུན་ནག་མཐའ་ཡས་ནང་དུ་འཇུག་འཚལ་ལོ།། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མ་འོངས་པའི་དུས་ན་ནི་མ་རིག་པའི་མུན་པས་གཡོགས་པས་མི ་གསལ་བའི་ཕྱིར་དང་། ཡོང་སུ་མི་ཆུད་པའི་ཕྱིར་མུན་ནག་མཐའ་ཡས་ཞེས་བྱ་ཤད་།། དེར་གཅིག་པུ་གྲོགས་མེད་པར་འཇུག་དགོས་ལ་དེ་ཡང་སྡུག་བསྔལ་དུ་མྦྷའི་འཇིག་པ་དང་བཅས་པ་ཡིན་པས་དེའི་གཉེན་པོར་བསོད ་ནམས་རྣམ་པོ་གསུམ་གྱི་མར་མེའི་སྣང་པོ་ལོངས་ཤིག་ཅེས་བྱ་བ་ཡིན་ནོ།། འདི་མན་ཆད་ཀྱི་གཞུང་ནི་འགྲོ་བ་དྲུག་གིས་ངེས་པའི་སྡུག་བསྔལ་ཉམསསུ་མྱོང་བའི་ཉེས་པའི་དབང་དུ་བྱས་པ་ཡིན་པར་རིག་པར་བྱའོ།། དེ་ལ ་རེ་ཞིག་དམྱལ་བའི་འགྲོ་བའི་དབང་དུ་བྱས་ནས། སེམས་ཅན་ཉེས་པར་སྤྱད་པ་སྤྱོད་རྣམས་ལ་ཡང་སེཾས་ཐིག་ནག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚི་གོ་སུཾ་བཅད་པ་འདིར་ནི་ཚིག་སྔོབ་པ་ཉམ་སུ་མྱོང་དགོས་པས། དམྱལ ་བུ་རྣམས་བབ་བབ་ཏུ་བསྟན་པར་མཛོད་དོ།། འདི་ལ་གོ་རིམས་ནི་འདི་ཡིན་པར་རིག་ཕྱིར་བྱ་སྟེ། ཡང་སོས་དང་ཐིག་ནག་དང་། བསྡུས་གཞོམ་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། ཚ་བ་དང་། རབ་ཏུ་ཚ་བ་དང་། མྱནར ་སེམས་མེད་པ་ཞེས་བྱ་བ་འདི་དག་ནི་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་ཡིན་ནོ།། སོགས་པ་ཞེས་བྱ་བའི་སྒྲ་ནི་ལྷག་པ་རྣམས་དང་། གྲང་བའི་དམྱལ་བ་རྣམས་དང་ཉེ་རྩེ་བའི་དམྱལ་བ་རྣམས་བསྡུས་པར་རིག་པར་བྱའོ།། ་རྟག་ཏུ་སྡུག་བསྔལ་འགྱུར་ཞེས་བྱ་བ་ནི་རྒྱུན་མི་འཆད་པར་སྡུག་བསྔལ་བར་འགྱུརརོ།། སུ་ལདག་ལ་དམྱལ་བ་འདི་རྣམས་རྒྱུན་མི་འཆད་པར་སྡུག་བསྔལ་བར་འགྱུར་ཞེ་ན། ཉེས་པར་སྤྱད་པ ་སྤྱོད་རྣམས་ལ་ཞེས་བྱ་བ་སྨོས་ཏེ། གང་དག་ལུས་དང་ངག་དང་ཡིད་ཀྱིས་ཉེས་པར་སྤྱོད་པ་སྤྱོད་པ་རྣམས་ལའོ།། འཕགས་པ་རྣམས་ཀྱིས་སྨད་ཅིང་དགོངས་པའི་སྤྱད་པ་དེ་ཉེས་པར་སྤྱད་པ་སྟེ། དེ་ཡང་མི་དགེ་བ་བཅུ ་བཅུའི་ལུས་ཀྱི་ལས་སྔོར་ཇི་སྐད་བཤད་པ་ལྟ་བུ་ཡིན་ནོ།། དེ་ལ་རེ་ཞིག་དམྱལ་བ་ཡང་སྨོས་ནུ་ནི་སེམས་ཅན་རྣམས་ཕན་ཚུན་འདུས་ནས་ལས་ལས་བྱུང་བའི་མཚོན་ཆ་སྣ་ཚོགས་ཀྱིས་ཡན་ལག་དང་ཉིང་ལག་ཀུན་ཏུ ་རྡུང་པར་བྱེད་ཀུན་ཏུ་གཅོད་པར་བྱེད་ཅིང་། དེར་དྲན་པ་བརླག་ནས་ས་ལ་རབ་ཏུ་འགྱེལ་ལོ།། དེའི་རྗེས་ལ་ན་མཁའ་ནས་ཁྱེད་རྣམས་ཡང་སོས་པར་གྱུར་ཅིག་ཅེས་བྱ་བའི་སྒྲ་གྲགས་པར་འགྱུར་ཏེ། དམྱལ་བ་ནི་ཡང་སོས ་ཞེས་བྱའོ།། ཐིག་ནག་ནི་སེམས་ཅན་རྣམས་དེ་ན་ཡོད་པའི་སྐྱེས་བུ་གནོད་པ་བྱེད་པ་རྣམས་ཀྱི་རི་དབྱིབས་སྣ་ཚོགས་པ་དག་གི་གསེབ་ཏུ་བཅུག་ནས་ཐིག་ནག་པོ་དྲངས་ཏེ་ཤིང་བཞིན་དུ་རྐེ་བར་བྱེད་གཤེགས་པར ་བྱེད་པོས་དམྱལ་བ་དྲེ་ནི་ཐིག་ནཱག་ཅེས་བྱའོ།། བསྡུས་གཞོམ་ནི་སེམས་ཅན་རྣམས་གཅིག་ཏུ་བསྡུས་པར་གྱུར་པ་དང་། དེ་ནི་ཡོད་པའི་སྐྱེས་བུ་གནོད་པ་བྱེད་པ་རྣམས་ཀྱིའིརི་དབྱིབས་སྣ་ཚོགས་པ་དག་གི་གསེབ་ཏུ་འཛུད ་ཙོཅིང་། རྀ་དོ་དང་དེ་དག་གི་འཚོར་བར་བྱེད་ཅིང་། དེ་ལྟར་འཚོར་བ་རྣམས་ཀྱི་ཁྲག་ཆུ་ཀླུང་བཞིན་དུ་འབབ་པར་འགྱུརརོ།། དེ་བཞིན་དུ་ལྕགས་ཀྱི་བཙིར་སྤྱད་ཆེན་པོར་བཅུག་ནས། འཚོར་བར་བྱེད་ཅིང་སྟེང་ནས་རྡོ་ཆེན་པོ ་འབབ་པས་དེ་དག་ལྕགས་ཀྱི་ས་གཞི་ལ་ཀུན་ཏུ་གདུང་བར་བྱེད་ཀུན་ཏུ་འཐུབ་པར་བྱེད། ཀུན་ཏུ་འཇོམས་པར་བྱེད་པས། དམྱལ་བ་དེ་ནི་བསྡུས་གཞོམ་ཞེས་བྱའོ།། དུ་འབོད་ན་ནི་སེམས་ཅན་གནས་འཚོལ་བ་རྣམས ་ལྕགས་ཀྱི་ཁང་པར་འཇུག་པར་བྱེད་དོ།། དེར་ཞུགས་པ་རྣམསོ་ལ་མ་འབྱུང་བར་འགྱུར་ཏེ། དེ་ན་དེ་རྣམས་ལ་མི་འབྱུང་ཞིང་མེ་ལྕེ་གཅིག་ཏུ་གྱུར་པ་འབར་བྱས་ཉམས་ཐག་པའི་ང་རོས་འོ་དོད་འབོད་པས་ན་དམྱལ་བ་དེ ་ངུ་འབོད་ཅེས་བྱའོ།། ངུ་འབོད་ཆེན་པོ་ན་ནི་ཁྱད་པར་འདི་ཡོད་དེ་དེ་ན་སེམས་ཅན་གནས་ཚོལ་བ་རྣམས་ཁང་སྦོམ་དུ་འཇུག་གོ།། དེས་ན་དམྱལ་བ་ངུ་འབོད་ཆེན་པོ་ཞེས་བྱའོ།། ཚ་བ་ན་ནི་སེམས་ཅན་རྣམས་དེ་ན་ཡོད་པའི་སྐྱེས ་བླ་གནོད་པ་བྱེད་པ་རྣམས་ཀྱིས། སླང་རབ་ཏུ་འབར་བའི་ནང་དུ་བཅུག་ནས་སྲེག་པར་བྱེད་དོ།། ཡང་དེ་རྣམས་མདུང་འབར་བསམས་འབིགས་པར་བྱེད་དེ། དེ་རྒྱབ་རོལ་ནས་ཕུག་པས་གླད་པར་ཐུལ་འབྱིན་ཅིང་དེ་རྣམས ་ཀྱི་སྤུའི་བུ་ག་ཐམས་ཅད་དང་སྒོ་ཐམས་ཅད་ནས་ཀྱང་མེ་འབྱུང་ངོ་།། ཡང་དེ་རྣམས་གཞི་ཀུན་ཏུ་འབར་བ་ལ་གན་རྒྱལ་དུ་བསྐལ་ནས་ལྕགས་ཀྱི་ཐོབ་ཀུན་ཏུ་འབར་བ་དག་གིས་རྡུང་བར་བྱེད་དེ། དེ་ན་དམྱལ་བ་དེ་ཚ་བ་ཞེས། ་བྱའོ།། རབ་ཏུ་ཆེ་བ་ན་ནི་ཁྱད་པར་འདི་ཡོད་དེ་མདུང་རྩེ་གསུམ་པས་རྒྱབ་རོལ་ནས་བཏབ་པས་དེའི་རྩེ་མོ་གཉིས་ནི་ཐལ་གྲོང་གཉིས་སུ་ཐལ་འབྱིན་ལ། གཅིག་ནི་གླད་པར་ཐལ་འབྱིན་ཏོ།། ་ཡང་ལྕགས་ཀྱི་ལེ་བོས་མ་ཀུན་ཏུ་འབྲར་བས་ལུས་ཐམས་ཅད་ནས་འཁྲི་བར་བྱེད་དོ།། ཡང་ལྕགས་ཟངས་ཀུན་ཏུ་འབར་བ་ཆེ་སྒོ་ཆུ་བསྐོལ་བའི་ནང་དུ་ཁས་བུབ་དུ་འཛུད་ཅིང་དེ་རྣམས་དེ་ན་སྟེང་དང་འོག་དང་ཐ~ཾད་ཀར་འགྲོ། ་བ་ན་པགས་པ་དང་ཤ་དང་ཁྲག་དག་སྙིལ་ནས་རུས་པའི་རྐེང་རུས་ཙམ་ལུས་སོ།། ཕྱིར་བྱུང་ན་ནི་པགས་པ་དང་ཤ་དང་ཁྲག་དང་སླར་སྐྱེ་བར་འགྱུར་ཏེ། དེས་ན་དམྱལ་པཱ་ད་རབ་ཏུ་ཚ་བ་ཞེས་བྱའོ།། མུནར་མེད་པ་ན་ནི ་ཕྱོགས་བཞི་དང་བླ་འོག་ཐམས་ཅད་ནས་མེ་འབར་བར་འཁྲིགས་པར་འདུག་སྟེ། དེར་སེམས་ཅན་རྣམས་ཀྱི་པགས་པ་དང་། ཤ་དང་རྒྱུས་པ་དང་། རུས་པ་ནས་རྐང་གི་བར་ལ་ཞེན་ནས་ལུས་ལ་མེའི་སྙིང་པོ་ལ་ཞེན ་པོ་བཞིན་ཁྱད་པར་གནས་སོ།། དེ་ན་ཉམ་ཐག་པའི་ང་རོ་གྲག་པ་མ་གཏོགས་པ་འདི་དག་ནི་སེམས་ཅན་ནོ།། འདི་དག་ནི་མེའོ།། ཞེས་ཕྱི་བྲག་ཏུ་དབྱེ་བར་མི་ནུས་ཏེ་མེའི་ཕུང་པོ་ལྟ་བུར་སྨང་ངོ་།། སེམས་ཅན་རྣམས་ལ ་མེ་དང་སྡུག་བསྔལ་གྱི་བར་མཚམས་མེད་པས་ན། དམྱལ་བ་དེ་མཚམས་མེད་པ་ཞེས་བྱའོ།། ད་ནི་ཅི་རིགས་པར་དམྱལ་བ་དེ་དག་ན་ཡོད་པའི་སྡུག་བསྔལ་གྱི་ཁྱད་པར་སྟོན་པར་བྱེད་དེ། དེ་ལ་ཁ་ཅིག་ཏིལ་བཞིན ་འཆིར་བྱེད་ཅེས་བྱ་བ་ནི། དམྱལ་བ་བསྡུས་འཇོམས་ན། ལྕགས་ཀྱི་བཅིར་སྤྱད་འབར་བར་བཅུག་ནས། འཆིར་བར་བྱེད་པའོ།། ཕྱེ་མ་ཞིབ་མོ་བཞིན་དུ་ཕྱེ་མར་རློག་ཅེས་བྱ་བ་དེ་ནི་དམྱལ་བ་དེ་ཉིད་ན། དམྱལ་བའི་སྲུང་མ་ཡ ་སོས་མ་མཆུ་མནན་པ་དག་ཆེ་ཐང་དུ་འབད་པས་ལྕགས་ཀྱི་མཆིག་འབར་པོ་དག་གི་སྟེང་དུ། མཆིག་གུ་དེ་ཁོ་ན་དང་འདྲ་བས་ཕྱེ་མར་རློག་པར་བྱེད་པའོ།། སོག་ལས་འདྲ་ཞེས་བྱ་བ་ལ་སོགས་པས་ནི་དམྱལ་བ་ཐིག་ནག ་ན། གཤིན་ཙཱ་མི་ཙི་ལ་མ་རག་པར་ཆས་པ་བྲོང་བྲོད་ལྟར་འདུག་པ་དག་གིས་ཤིང་མཁན་གྱིས་ཤིང་རློན་པ་ལ་བྱ་བ་བཞིན་དུ་སོག་ལེ་འབར་བ་སོ་རང་རོང་དུ་འདུག་པ་དང་། སྟ་རེ་མེ་འབར་བ་རྣམས་ཀྱིས་གཤོགས ་པར་བྱེད་པ་ཡིན་ནོ།། དེ་བཞིན་གཞན་དག་ཁྲོ་ཆུ་བཞུས་པའི་ཞེས་བྱ་བ་ལ་སོགས་པ་ནི་ཆུ་བོ་རབ་མེད་ཀྱི་འགྲམ་ན། རྐམ་པ་འབར་བས་ཁའི་བུ་ག་ཕྱེ་བར་ཁྲོ་ཆུ་མ་དྲག་པོའི་རེག་པས་སྲ་བ་ལས་ཐལ་ཏེ་ནལ་ནལ་པོ་ཉིད་དུ ་གྱུར་པ་འབར་བ་ལྡུད་པར་བྱེད་པ་ཡིན་ནོ།། ཁ་ཅིག་ལྕགས་ཀྱི་གསལ་ཤིང་ཞེས་བྱ་བ་ལ་སོགས་པ་ནི་དམྱལ་པ་ཚ་བ་ན་དམྱལ་བ་པ་ལྕགས་ཀྱི་གསལ་ཤིང་འབར་བ་ཚེར་མཱ་ཅན་ལ་རྒྱུད་པར་བྱེད་པ་ཡིན་ནོ།། ཁ་ཅིག ་ལྕགས་ཀྱི་མཆེ་བ་ལྡན་པའི་ཁྱི་ཞེས་བྱ་བ་ལ་སོགས་པ་ནི་ལོ་མ་རལ་གྲི་ལྟ་བུའི་ཚལ་ན། ཁྱི་སྲེ་བོ་ལྕགས་ཀྱི་མཆ་པ་ཅན་གཏུམ་པོ་ནང་ན་སྐད་པོ་ཆེར་ཟུག་པ་དག་གིས་དབང་ཅིང་ལག་པ་གནམ་དུ་བསྒྲེངས་ནས། འོ་དོད ་འབོད་པར་བྱེད་པ་ཡིན་ནོ།། དབང་མེད་གཞན་དགྲ་ལྕགས་མཆུ་རྣོན་པོ་དང་། ཞེས་བྱ་བ་ལ་སྩོགས་པ་ནི་དབང་མེད་པ་གཞན་དག་ལྕགས་ཀྱི་ཤལ་མ་རི་ཡི་ཚལ་ན་འཐོག་པར་བྱེད་པ་ཡིན་ནོ།། གང་དག ་གིས་ཤེ་ན། ལྕགསུ་མཆུ་རྣོན་པོ་དང་། སེན་མོ་མི་བཟང་ལྡན་པའི་ཁྲ་རྣམས་ཀྱིས་ཏེ། ཁྲ་གང་དག་ལ་ལྕགས་ཀྱི་མཆུ་རྣོན་པོ་དང་སེན་མོ་མི་བཟང་པ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ།། ཁ་ཅིག་སྲིན་བུ་སྦུར་བ་སྣ་ཚོགས ་དང་ཞེས་བྱ་བ་ལ་སོགས་པ་ནི་སྲིན་བུ་དང་སྦུར་པ་དག་སྟེ། སྲིན་བུ་ནི་ལུས་ལས་བྱུང་བ་རྣམས་སོ།། སྦུར་པ་ནི་ཕྱི་རོལ་ནས་བྱུང་བ་རྣམསོ།། སྣ་ཚོགས་པ་ནི་ཁ་དོག་དྲང་དབྱིབས་རིགསཱ་ཐ་དད་པས་སོ།། དེ་བཞིན་དུ་ཤ་སྦྲང ་སྦྲང་མྱ་ནག་པོ་ཁྲི་ཕྲག་དག་སྣ་ཚོགས་པ་ཞེས་བྱ་བར་སྦྱར་བ་སྟེ། ཤ་སྦྲང་དང་སྦྲང་མ་ནག་པོ་དག་ཅེས་བྱ་བར་ཚིག་བསྡུའོ།། སྦྲང་མ་ནག་པོ་ཞེས་བྱ་བ་ནི་སྦྲང་མ་སྙིང་ནག་ཅེས་བྱ་བའི་དོན་ཏོ།། ཁྲི་ཕྲག་ཅེས་སྨོས་པ་ནཱི ་མེང་པོ་ཉིད་དུ་མཚོན་པ་ཡིན་ནོ།། རེག་ན་མི་བཟོད་ཅེས་པ་གླང་དག་གི་རེག་པ་མི་བཟོད་པ་དེ་དག་ནི་རེག་ན་མི་བཟོད་པའོ།། གང་དག་གིས་རྨ་སྲལ་ཆེར་འབྱིན་པ་དེ་དག་ལ་དེ་སྐད་ཅེས་བྱ་བ་སྟེ། དེ་ལ་སྔ་མས་ནི་ཚེར་བ་མི ་བཟདང་པའི་རྒྱུ་ཉིད་བཤད་དོ།། གཉིས་པས་ནི་རྨ་སྲལ་ཆེ་བའི་རྒྱུ་ཉིད་བཤད་དོ།། འགྲེ་ལྡོག་ཅེས་བྱ་བ་ནི་ཚོར་བ་མི་བཟད་པས་ཉེན་པས་ལུས་མི་བརྟན་པ་ཡིན་ཏེ། སྡུག་བསྔལ་འདི་ཡང་ལྷག་པ་དག་ན་ཡོད་པར་རིག ་པར་བྱའོ།། ཁ་ཅིག་མ་མ་དག་མུ་བྱ་བར་བའི་ཚོགསུ་ནི་ཞེས་བྱ་བ་ལ་སོགས་པ་ནི་དམྱལ་བའི་སྲུང་མ་ལྕགས་ཀྱི་འངན་ཀར་འབར་བ་ལ་ཀོམ་ཚུགས་བཅས་ཤིང་། ཅི་ལ་མ་རག་པར་ཆས་པ་དག་གིས་དམྱལ་བ་རྣམས ་ལྕགས་ཀྱི་མདག་མེ་འབར་བའི་ཚོགསུ་སྲེག་པ་ལྟ་བུར་འབར་བའི་ཚོགསུ་སྲེག་པར་བྱེད་པ་ཡིན་ཏེ། ལུས་ཚོར་བ་བཟོད་རླག་པས་ཉེན་པ་དེ་དག་ནི་ཁའི་བུ་ག་དགྲད་པ་ཙམ་ལས་བཤེས་བརླག་གོ། སྡུག་བསྔལ་འདི་ཡང ་དམྱལ་བྱ་ཆེ་བ་ན་ཡོད་པར་རིག་པར་བྱའོ།། ཁ་ཅིག་ལྕགས་ལས་བྱས་པའི་རྨོངས་རྒྱུན་དུ་ཞེས་བྱ་བ་ལ་སོགས་པ་ནི་ཡང་ཁ་ཅིག་ནི་དམྱལ་བ.རབ་ཏུ་ཚ་བ་ན་ལས་བྱས་པའི་ཟངས་པོ་ཆེ་མེ་འབར་བ་འཁྲིགས་པར་འདུག་པ་ཚ ་སྒོ་ཆུ་བཀྲོལ་བས་བཀང་བའི་ནང་དུ་འབྲས་ཀྱི་ཉུང་པང་བཞིན་དུ་འཚེད་པར་བྱེད་པ་ཡིན་ནོ།། སྡིག་ཅན་དབུགས་ཕྱུང་འགག་པ་ཙམ་གྱི་ནི་ཞེས་བྱ་བ་ལ་སོགས་པས་ནི་དམྱ་ཎྜཱི་སྡུག་བསྔལ་མི་བཟད་པ་ཉིད་སྟོན་ཏེ། སྡིག ་ཅན་ནི་སྡིག་པ་དང་ལྡན་པའོ།། དབུགས་ཕྱུང་བྱ་འགུག་པ་ཙམ་གྱི་དུས་ནི། དབུགས་ཕྱུང་འགག་པ་ཙས་ཀྱི་དུས་དེ་དེ་ཙམ་རྐུན་དྲི་བར་དུ་ཆོད་པ་བཞིན་དུ་གང་གི་ཕྱིར་སྡིག་ཅན་དམྱལ་བ་རྣམས་ཀྱི་སྡུག་བསྔལ་གཞལ་དུ་མེད་པ་དེ་ལྟ་བུ ་ཐོས་ནས། འཇིག་པར་མི་འགྱུར་པ་དེའི་ཕྱིར་རྡོ་རྗེའི་རང་བཞིན་ཡིན་ཏེ། ཧ་ཅང་འཇིགས་མ་ཤེས་ཞེས་སོ།། ཞེས་བྱ་བའི་ཐ་ཚིག་གོ། རྡོ་རྗེའི་རང་བཞིན་ནོ།། ཞེས་བྱ་བ་ནི་འཇིགས་མ་ཤེས་པ་ཉིད་དུ་སྟོན་པར་བྱེད་པ་ཡིན ་ཏེ། སྡིག་པ་ཅན་རྣམས་ཀྱི་དམྱལ་བའི་སྡུག་བསྔལ་ཤྲཱི་མ་ཐག་ཏུ་འབྱུང་སྟེ། དེ་ལྟར་གཏིང་ལ་ཐུག་གི་སྡུག་བསྔལ་ཆེན་པོ་ཐོས་ནས་འགྱོད་པར་མི་བྱེད་པ་གང་ཡིན་པ་དེ་ནི་དེ་དག་གི་རྡོ་རྗེའི་རང་བཞིན་ཡིན་ནོ།། ་དམྱལ་བ་བྲིས་པ་ཞེས་བྱ་བ་ལ་སོགས་པས་ནི་དེ་ཉིད་དྲན་པར་བྱེད་དོ་རྩིག་པ་ལ་སོགས་པ་བྲིས་པ་མཐོང་བ་རྣམས་ཀྱང་འཇིགས་པ་བསྐྱེད་པར་འགྱུར་ན་ཞེས་ཐམས་ཅད་ལ་སྦྱར་རོ།། ཐོས་པས་ནི་གཞན་དག་གིས་བསྙད་པའོ།། དྲན ་པཔ་ནི་སྔོན་ཉམསུ་མྱོང་བའོ།། བླུགས་པ་ནི་གཞུང་གི་ངོ་བོར་སྦྱོར་བའོ།། གཟུགས་སུ་བགྱིས་པ་ནི་འཇིམ་གཟུང་། སུ་བྱས་པ་ཞེས་བྱ་བའི་ཐ་ཚིག་གོ། དམྱལ་བ་དེ་ལྟ་བུ་དག་ཀྱང་འཇིགས་པ་བསྐྱེད་ན། མི་བཟད་པའི་རྣམ་སྨན་ཉམས་སུ ་མྱོང་རྣམས་སྨོས་ཅི་འཚལ། དེ་དག་ནི་རྣམ་པར་སྨིན་པ་མི་བཟད་པ་ཡང་ཡིན་ལ། ཉམ་སུ་མྱོང་བ་ཡང་ཡིན་པས། མི་བཟང་པོའི་རྣམ་སྨིན་ཉམ་སུ་མྱོང་རྣམས་ཏེ། དེའི་གནས་སྐབས་ན་དམྱལ་བ་རྣམས་འཇིགས་པ་ཤིན་ཏུ་ཡང ་བསྐྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ།། བདེ་བ་ཀུན་གྱི་ནང་ན་སྲེང་ཟད་པའི་ཞེས་བྱ་བ་ལ་སོགས་པས་ནི་དམྱལ་བ་ན་ཡང་ཐམས་ཅད་དུ་སྡུག་བསྔལ་མཚུངས་པ་མ་ཡིན་གྱི་འོན་ཀྱང་ལ་ལར་ཁྱད་པར་ཡོད་དོ།། ཞེས་པ་སྟོན་པར་བྱེད ་ངོ། དེ་ལ་སྲེད་པ་ཟད་པའི་བདེན་པ་ནི་རྣམ་པར་གྲོལ་བའི་བ་བ་ཡིན་པར་རིག་པར་བྱ་སྟེ། དེ་བཞིན་དུ་འཇིག་རྟེན་ན་སྡུག་བསྔལ་གང་དག་ཇི་སྙེད་ཡོད་པ་དེ་དག་གི་ནཱན་དམྱལ་བ་མནར་མེད་པའི་སྡུག་བསྔལ་མི་བཟད་པ་ཡིན ་ནོ།། འདི་ནི་ཉོན་ཅིག་བྱ་བ་ལ་སོགས་པས་ནི་མིའི་སྡུག་བསྔལ་བས་དམྱལ་བའི་སྡུག་བསྔལ་ཁྱད་ཞུགས་པར་སྟོན་པར་རིག་པར་བྱེད་མདུང་ཐུང་སུམ་བརྒྱས་ཉི་མ་ཐོག་ཐག་ཏུ་བཏབ་པའི་མིའི་སྡུག་བསྔལ་གང་ཡིན་པ་དེ་ནི་མིའི ་འཇིག་རྟེན་ན་ཤིན་ཏུ་སྡུག་བསྔལ་བ་ཡིན་ནོ།། སྡུག་བསྔལ་དེ་འདྲ་བ་དེ་ཡང་དམྱལ་བའི་སྡུག་བསྔལ་ཆུང་ངུ་དང་ཡང་མཉམ་པར་མི་འགྱུར་ཏེ། དམྱལ་བའི་སྡུག་བསྔལ་ཆུང་ངུ་ཡང་སྡུག་བསྔལ་དེ་བྱས་ཁྱད་ཞུགས་སོ་ཞེས་བྱ། ་བའི་ཐ་ཚིག་གོ། དེ་ལྟར་དམྱལ་བའི་སྡུག་བསྔལ་མི་བཟད་པ་ཉིད་དུ་བཤད་ནས་ལས་ཟད་པ་ཁོ་ནས་ཟད་པར་གྱུར་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེ་ལྟར་སྡུག་བསྔལ་ཤིན་ཏུ་མི་བཟད་ལོ་ཞེས་བྱ་བ་ལ་སོགས་པ ་སྨོས་ཏེ། འདི་སྐད་དུ་ལས་ནི་སྡུག་བསྔལ་དྲག་པོའི་ཚོར་བ་འདི་ལྟ་བུས་ཀྱང་འཆི་བར་མི་འགྱུར་པ་གང་ཡིན་པ་དེ་ལྟ་བུའི་སྟོབས་དང་མ་ལྡན་པ་ཡིན་ནོ་ཞེས་བཤད་པར་འགྱུར་རོ།། མི་དགེ་པའི་འབྲས་བུ་འདི་རྣམས་ཀྱི་ས་བོན ་ནི་ཞེས་བྱ་བ་ལ་སོགས་པས་ནི་དམྱལ་བའི་སྡུག་བསྔལ་ལ་བཟློག་པའི་ཕྱིར་རྒྱལ་པོ་ལ་འདོམས་པར་བྱེད་དོ།། མི་དྲག་པའི་འབྲས་བུ་རྣམས་ཀྱིས་ཞེས་བྱ་བ་ནི་དམྱལ་བ་རྣམས་སེམས་ཅན་ཐམས་ཅད་ཀྱི་ལས་ཀྱི་དབང་གི ་བྱུང་བའི་ཕྱིར་རོ།། ས་བོན་ནི་རྒྱུའོ།། ལུས་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱད་པ་ནི་སྔར་བཤད་པ་ཡིན་ནོ།། ཁྱོད་ཀྱི་ཅི་ནས་ཀྱང་ས་བོན་དེ་རྡུལ་ཙམ་ཡང་མེད་པ་དེ་ལྟར་འབད་པར་གྱིས་ཤིག་ཅེས་བྱ་བ་ནི་འདི་ལ་གདམས་པ ་ཡིན་ནོ།། དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སྡུག་བསྔལ་གྱི་དབང་དུ་བྱས་ནས། དུད་འགྲོའི་སྐྱེ་གནས་ནའང་ཞེས་བྱ་བ་ལ་སོགས་སོ།། དེ་ལ་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སྡུག་བསྔལ་ནི་སྤྱི ་དང་ཁྱད་པ་རུ་བསྟན་པར་རིག་པར་བྱའོ།། སྤྱིར་བསྟན་པའི་དབང་དུ་བྱས་ནས། བིས་དྲ་པ་དང་འཆིང་བ་དང་རྡེག་སོགས་སྡུག་བསྔལ་སྣ་ཚོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། དེ་ལ་བསད་པ་ནི་གསོད་པའོ།། འཆིང་བ་ནི་ཐག ་པ་ལ་སོགས་པས་སྷོ།། བརྡེག་པོ་ནི་ལྕགས་ལ་སོགས་པས་སོ།། སོགས་པ་ཞེས་བྱ་བའི་སྒྲས་ནི་བཀོལྔ་པ་དང་སྣ་དབུག་པ་ལ་སོགས་པས་བསྡུས་ཏེ། འདི་ནི་རེ་ཞིག་དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་རྣམས་ཀྱི་སྡུག ་བསྔལ་མི་དང་མི་མ་ཡིན་པས་བྱས་པའི་དབང་དུ་བྱས་ནས་བཤད་པ་ཡིན་ནོ།། རང་གི་རིགས་ཀྱི་བྱས་པའི་སྡུག་བསྔལ་གྱི་དབང་དུ་བྱས་ནས། ཞི་འགྱུར་དགེ་བ་སྤངས་པ་རྣམས་ལ་ནི་གཅིག་ལ་གཅིག་ཟ་ཤིན་ཏུ་མི་ཟད་པ ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ཞི་འགྱུར་དགེ་བ་སྤངས་པ་རྣམས་ལ་ཞེས་བྱ་བ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དགེ་བ་སྤངས་པ་རྣམས་ལ་ཞེས་བྱ་བའི་ཐ་ཚིག་སྟེ། མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའི་དགེ་བ་ནི། ་ཞི་བར་འགྱུར་བའི་དགེ་བ་ཡིན་པས་སོ།། འདིར་སྤངས་པ་ཉིད་ཀྱི་ནི་སྣོད་མ་ཡིན་པ་ཉིད་དུ་བཤད་དོ།། གཅིག་ལ་གཅིག་ཟ་ཞེས་བྱ་བ་ནི་ཕན་ཚུན་ཟ་བ་ཞེས་བྱ་བའི་ཐ་ཚིག་གོ། འདིར་ཡང་ཞི་བར་འགྱུར་བའི་དགེ་བོ་སྤངས་པ་ཉིད ་ཀྱིས་ནི་ཤིན་ཏུ་ཐུན་པ་ཉིད་དུ་བཤད་དོ།། དེ་ལྟ་བུ་རྣམས་ཕན་ཚུན་ཟ་བ་ནི་ཤིན་ཏུ་མི་བཟད་པ་ཡིན་ཏེ། འགྱོད་པ་མེད་པ་ཉིད་ཀྱིས་རྣམ་པར་སྨིན་པ་གཅིག་ཏུ་སྡུག་བསྔལ་བའི་ཕྱིར་རོ།། ཁྱད་པར་གྱིས་དབང་དུ་བྱས་ནས་ཁ་ཅིག་མུ ་ཏིག་བ་ལ་དང་རུས་པ་དང་། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁ་ཅིག་ནི་མུ་ཏིག་གི་ཕྱིར་འཆི་བར་འགྱུར་རོ།། ཁ་ཅིག་ནི་བལ་གྱི་ཕྱིར་རོ།། ཁ་ཅིག་ནི་རུས་པའི་ཕྱིར་རོ།། དཔེར་ན་གླང་པོ་ཆེ་ལྟ་བུའོ།། ཁ་ཅིག་ནི་ཤའི་ཕྱིར་ཏེ། རི་དགས ་ལ་སོགས་པའོ།། ཁ་ཅིག་ནི་པགས་པའི་ཕྱིར་ཏེ། གཟིགས་ལ་སོགས་པའོ།། དབང་མེད་གཞན་དག་ཅེས་བྱ་བ་ལ་སོགས་པ་ལ། འདིར་བཏབ་སྟེ་ཞེས་བྱ་བའི་སྒྲ་ནི་ར་རེ་དང་སྦྱར་རོ།། དེ་ལ་རྡོག་པས་བཏབ་སྟེ་བཀོལ་བ་ནི་རྟ་ལ་སོགས ་པའོ།། ལག་པས་བཏབ་སྟེ་བཀོལ་པ་ནི་མ་ཧཽ་ལ་སོགས་པའོ།། ལྕག་གིས་བཏབ་སྟེ་བཀོལ་པ་ནི་བོང་བུ་ལ་སོགས་པའོ།། ལྕགས་ཀྱུས་བཏབ་སྟེ་བཀོལ་བ་ནི་གླང་པོ་ཆེ་རྣམས་སོ།། གདབ་པས་བཏབ་སྟེ་བཀྲོལ་བ་ནི་གླང་ལ་སྔོགས་པའོ།། ། ་ཡི་དགས་ཀྱི་འགྲོ་བ་སྡུག་བསྔལ་གྱི་དབང་དུ་བྱས་ནས། ཡི་དྭགས་རྣམས་ལའང་འདོད་པས་ཕྱོངས་པ་ཡིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། འདྲིར་ཡང་སྤྱི་དང་ཁྱད་པར་དུ་བསྟན་པར་རིག་པར་བྱ་སྟེ། རེ་ཞིག་སྤྱིར་བསྟན་པ་ནི་འདོད་པས ་ཕོངས་པ་བཀྲེས་པ་ལ་སོགས་པ་བྱས་པའི་སྡུག་བསྔལ་ཡིན་ནོ།། ནམ་ཡང་འདོད་པས་ཡོངསུ་རྫོགས་པ་མེད་པའི་ཕྱིར་རྒྱུན་ཆགས་པའོ།། མི་འཆོས་པ་ཞེས་སྨོས་པ་ནི། སྡུག་བསྔལ་མི་བཟད་པ་ཉིད་དུ་སྟོན་ཏེ། བཀྲེས་སྐོམ ་ཞེས་བྱ་བ་ལ་སོགས་པས་ནི་བཀྲུས་པ་དང་སྐོམ་པ་དང་གྲང་བ་དང་དྲོ་བ་དང་། དྲལ་བ་དང་འཇིགས་པ་ཞེས་བྱ་བར་ཚིག་བསྡུས་ཏེ། འདི་རྣམས་ཀྱིས་བསྐྱེད་པའི་སྡུག་བསྔལ་ཤིན་ཏུ་མི་བཟད་པ་སྟེ། དྲག་པོས ་བསྟེན་འཚལ་ལོ་ཞེས་བྱ་བར་སྦྱར་རོ།། དེ་ལ་ངལ་བ་ནི་ཟས་ཀྱི་ཕྱིར་ཡོངསུ་རྒྱུག་པ་རྣམས་ལ་འབྱུང་ངོ་།། འདི་དག་གི་འཇིགས་པ་ནི་སྐྱེས་བུ་རལ་གྲི་དང་གཏུན་ཤིང་དང་ཞགསོ་བ་ཐོགས་པ་རྣམས་མཐོང་ན་སྐྱེའོ།། སྡུག་བསྔལ་ཁྱུད ་པར་དུ་བསྟན་པའི་དབང་དུ་བྱས་ནས། ཁ་ཅིག་ཁ་ནི་ཁབ་ཀྱི་མིགོ་ཙམ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དག་གི་ཁྭ་ཁབ་ཀྱི་མིག་ཙམ་དུ་ཆུང་པ་དེ་དག་ལ་དྭེད། དཅེས་བྱ་སྟེ། ལྟོ་བའི་གཏོས་ཙ་མོ་ཞེས་བྱ་བ་ནི་ལྟེ་བ་རིའི ་ཚད་ཙམ་ཞེས་བྱ་བའི་ཐེ་ཚིག་གོ། མི་གཙང་གི་ན་བྱོར་བ་ཅུང་ཟད་ཀྱང་ཞེས་བྱ་བ་ནི། ཁའི་བུ་ག་ཕྲས་པའི་ཕྱིར་མི་གཙང་བ་ཅི་བདེར་བྱོར་པ་ཅུང་ཟད་ཙམ་ཡང་ཟ་བར་མི་ནུས་སོ།། ཞེས་བྱ་བ་ཡིན་ནོ།། ཁྭ་ཅིག་པགས་རུས་ལུས ་ཞེས་བྱ་བ་ནི་ཤྲོ་མེདྲ་བའོ།། གཅེར་བུ་ཞེས་བྱ་བ་ནི་སྒྲོན་མོའོ།། ཏ་ལའི་ཡ་ཏོག་སྐམས་པ་ལྟ་བུ་ལེགས་ཞེས་བྱ་བ་ནི་ཤིང་ཏ་ལ་མགོ་བསྐམས་པ་འདྲ་བ་ཞེས་བྱ་བའི་ཐ་ཚིག་སྟེ། ཡི་དོགས་དེ་དག་ནི་ལྷ་མ་ཡིན་ཞེས་བྱའོ།། ་ཡི་དགོས་ཁ་ཅིག་ནི། ཁ་ནས་འབར་བ་སྟེ། ཁ་གདངས་ན་མེ་འབར་བ་ལྟ་བུ་འབྱུང་བ་ཡིན་ནོ།། ཅི་ཉིན་པར་རམ་ཞེ་ན། མ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། ནུབ་མི་ཞིང་ངོ་།། ཡང་དེ་དག་ཟས་སུ་ཅི་ཞིག་ཟ་ཞེ་ན། ཟས་སུ་འབར ་བའི་ཁར་བབས་བྱེ་བ་འཚལ་ཞེས་བྱ་བར་སྨོས་ཏེ། ཁ་འབར་བར་བྱེད་བབས་པ་ནི། འབར་བའི་ཁར་བབས་བྱ་བའོ།། གང་དག་ཟས་སུ་བྱེ་དྲག་ལ་བདོག་པ་དེ་དག་ལ་དེ་སྐད་ཅེས་བྱའོ།། ཡི་དགས་ཁ་ཅིག་གིས་ནི་ཕྱིས་དང་རྣག ་ལ་སོགས་པའི་མོ་གཙང་བ་ཡང་མི་རྙེད་དོ།། དེ་ཅིའི་ཕྱིར་ཞེ་ན། སྨད་རིམས་ཞེས་བྱ་བ་སྨོས་ཏེ། བསོད་ནམས་མ་བྱས་པའི་ཕྱིར་རོ།། ཞེས་བྱ་བའི་ཐ་ཚིག་གོ།། འོ་ན་དེ་དག་ཅི་ཞིག་ཟ་ཞེ་ན། ཕན་ཚུན་གདོང་དུ་ཙོགོ་ཅིང་ཞེས་བྱ། ་ལ་སོགས་པ་སྨོས་ཏེ། དེ་དག་ནི་ཕན་ཚུན་མཐོང་ནས། ཁྲོས་པའི་དབང་གིས་གདོང་དུ་འཚོག་པར་བྱེད་དོ།། ཁ་ཅིག་གིས་ལག་པ་ནས་ནི་ཐོ་བ་དག་འབྱུང་སྟེ། གཅིག་ལ་གཅིག་སྣུན་པར་བྱེད་དོ།། དེ་ནས་དེ་དག་གིས ་མགྲིན་པར་ལྦ་བ་འབྱུང་སྟེ། དེ་ཡོངསུ་སྨིན་པའི་དབང་གིས་ཁོང་དུ་འཇོག་པ་ལ་ཟས་ཀྱི་བྱ་བ་བསྒྲུབ་པོ།། ཡི་དགས་འདི་དག། ཁ་གཅིག་ལ་སོ་གའི་དུས་སུ་ནི་ཟླ་བ་ཡང་ཚ་བར་འགྱུར་ལ། དགུན་གྱི་དུས་ལ་བབ་ན་ནི་ཉི་མ ་ཡང་གྲང་མོར་འགྱུར་རོ།། ལྗོན་ཤིང་འབྲས་བུ་མེད་འགྱུར། ཞེས་བྱ་བ་ནི་བསོད་ནམས་དང་མི་ལྡན་པ་དེ་རྣམས་ལ་ཤིང་ལྗོན་པ་འབྲས་བུ་སྨིན་ཅིང་ཞིང་པ། ཡལ་གདུད་པ་དག་ཀྱང་མས་བསྲེགས་པ་བཞིན་དུ་འབྲས་བུ་དང ་ལོ་མ་མེད་པར་འགྱུར་རོ།། དེ་དག་གིས་བལྟས་པ་ཁོ་ནས་ཆུ་ཞིམ་པོ་བསིལ་བ་འབབ་པའི་ཀླུང་ཡང་མིག་གདུག་པའི་དུག་གིས་བསྲེགས་པ་བཞིན་དུ་སྐམ་པར་འགྱུརརོ།། ཁ་ཅིག་ལ་ནི་མེ་འབར་བ་འཁྲིག་པའི་མདག ་མེས་གང་བར་འགྱུར་རོ།། ཁ་ཅིག་གིས་ནི་རྣག་གི་ཀླུང་སྲིན་བུ་སྣ་ཚོགས་ཀྱིས་གང་བ་འབབ་པར་འགྱུ་རོ།། ཁ་ཅིག་ལ་ནི་ཕྱི་ས་དང་གཅིན་གྱིས་གང་བར་འགྱུར་རོ།། དེ་ལྟ་བུ་དེ་དག་དུས་ཇི་སྲིད ་ཅིག་ཏུ་འཚོ་ཞེས་ན། ལོ་ལྔ་སྟོང་དག་དང་ཁྲིར་ཡང་ཞེས་བྱ་བ་ལ་སྩོགས་པ་སྨོས་ཏེ། ཁ་ཅིག་ནི་ལྔ་སྟོང་། ཁ་ཅིག་ནི་ལོ་ཁྲིར་ཡང་མི་འཆིའོ།། ཁྱད་པོར་ཅི་ལྟ་བུ་ཅན་དག་ཅིག་ཅེ་ན། བར་ཆད་མེད་པར་སྡུག་བསྔལ་རྟེན ་གྱུར་པ། ཞེས་བྱ་བ་སྨོས་ཏེ། བར་ཆད་མེད་པར་སྡུག་བསྔལ་གྱི་ཚོར་བ་མྱོང་བས་ཉེན་པ་དག་ཅེས་བྱ་བའི་དོན་ཏོ།། ཡང་ཇི་ལྟར་དེ་དག་གི་ནི་སྡུག་བསྔལ་དེ་ལྟ་བུས་ཀྱང་འཇིག་བྱར་མི་འགྱུར་ཞེ་ན། ཉེས་པར་སྤྱད་པའི ་ལས་ཀྱི་ཞུགས་པས་ནི། སྲ་བས་བཅིངས་པའི་ལུས་ཅན་ཞེས་བྱ་བ་སྨོས་སོ།། གང་དག་གིས་ལུས་ཉེས་པར་སྤྱད་པའི་ལས་ཀྱིས་ཞགས་པ་སླ་བས་བཅིངས་པ་ཞེས་བྱ་བར་ཆོག་སྦྱར་ཏེ། དེའི་ཕྱིར་མི་འཇིག་གོ། ་ཞེས་བྱ་བའི་ཐ་ཚིག་གོ། སྡུག་བསྔལ་དེ་འདྲ་བའི་རྒྱུ་གང་ཞེ་ན། དེ་ལྟར་ཡི་དྭགས་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། དེ་ལྟ་དེ་ལྟར་ཞེས་བྱ་བ་ནི་ཇི་སྐད་བཤད་པ་སྟོན་པར་བྱེད་དོ།། སྣ་ཚོགས་ཞེས་བྱ་བ་ནི ་བཀྲིས་པ་དང་སྐོམ་པ་ལ་སོགས་པར་རིག་པར་བྱའོ།། རོ་གཅིག་ཅེས་བྱ་བ་ནི་སྡུག་བསྔལ་བར་ཆད་མེད་པ་ཉིད་དུ་སྟོན་པར་བྱེད་པའོ།། སྐྱེ་བོ་འཇུངས་དགའ་བ་ཞེས་བྱ་བ་ལ། སྐྱེ་བོ་འཇུངས་པ་ནི་སྐྱེ་བོ་སེར་སྣ་ཅན་ཏེ། དེ ་དག་དགའ་བའོ།། ཡང་གང་ཡིན་ཞེ་ན། སེར་སྣ་འཕགས་མིན་ཞེས་བྱ་གསུས་ཏེ། ཕགས་པ་མ་ཡིན་པ་ཉིད་ནི་ཉོན་མོངས་པ་ཅན་ཉིད་ལ་རིག་པར་བྱའོ།། སེར་སྣ་དེ་ནི་ཡཱི་དགྲས་ཀྱི་འཇིག་རྟེན་དུ་སྐྱེ་བུའི་རྒྱུ་སྦྱིན་པར་སངྱས ་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། བདག་ཅག་སེར་སྨྲ་ཅན་རྣམས་ནི་མིག་ཚུགས་ཤེ་དག་ལྟ་ལྟ་ནས། སྦྱིན་པ་ཅུང་ཟད་མ་སྩལ་དེས། བདག་ཅག་ཡི་དགས་འཇིག་རྟེན་ལྷག་ཅེས་འབྱུང་བའི་ཕྱི་ར་རོ།། ལྷའི་འགྲོ་བའི ་སྡུག་བསྔལ་གྱི་དབང་དུ་བྱས་ནས། མཐོ་རིས་ན་ཡང་བདེ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཐོ་རིས་དག་ན་ལྷའི་བུ་མོ་སྒེག་མ་དང་གཟུགས་ལ་སོགས་པ་ཡུལ་སྣ་ཚོགས་པའི་ཡིད་དུ་འོང་བ་དག་གིས་བདེ་བ་ཆེན་པོ་ཉམ ་སུ་མྱོང་ངོ་།། དེ་ན་བདེ་བ་དེ་འདྲ་བ་ཡོད་མོད་ཀྱི། དེ་དག་གིས་འཆི་འཕོ་བའི་སྡུག་བསྔལ་ཉིད་འཆི་བའི་དུས་ན་ཡིད་ཤིན་ཏུ་མི་བདེབ་འདུང་ནི་པེ་དེ་ཀྱང་ཆེའོ།། དེ་ལྟར་བསམས་ནི་ས་ཡ་རླབས་རྣམས་ཀྱིས་ནི། ཟུང་འགྱུར་མཐོ་རིས་སླད ་དུ་སྲོད་མི་བགྱི། ཡ་རབས་ཡིན་ཡང་ཟད་པར་འགྱུར་བའི་ངང་ཚུལ་ཅན་གྱིས་མཐོ་རིས་ལ་དགའ་བར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་ལྷ་རྣམས་ལ་ནད་པའི་ཚོར་བ་མེད་པའི་ཕྱིར་ཅེས་བྱ་བའི་འཆི་འཕོ་བའི་སྡུག་བསྔལ་འབྱུང་ཞེ ་ན། ལུས་ཀྱི་ཁ་དོག་མི་སྡུག་འགྱུར་བ་དང་། ཞེས་བྱ་བ་ལ་སོགས་པ་སྨོས་སོ།། འདི་སྐད་དུ་བཤད་པ་ཡིན་ཏེ། དེ་དག་ལ་གནད་འཆད་པའི་ཚོར་བ་མེད་པས་ལུས་ཀྱི་སྡུག་བསྔལ་མེད་མོད་ཀྱི། འཆི་འཕོ་བའོ་སྔ་ལྟས ་རྣམས་མཐོང་ནས་སེམྦྷས་ཤིན་ཏུ་སྡུག་བསྔལ་ནི་འབྱུང་སྟེ། ཇི་སྐད་དུ་དེ་ནས་ལྷའི་བུ་ཞིག་སྙིང་རྗེ་རྗེ་སྐད་དུ་དྲུ་ཞིང་། ཀྱི་རྒྱུད་དལ་གྱིས་འབྲུབ་བྷ། ཀྵི་ཧུད་རྫིང་བུ་ཞེས་སྨྲེ་སྔགས་འདོན་ཏོ། ཞེས་རྒྱས ་པར་འབྱུང་བ་ལྟ་བུཡིན་ནོ།། ལྷ་རྣམས་ཀྱི་འཆི་འཕོ་བའི་སྡེ་ལྟས་དེ་དག་ཀྱང་ལྔ་ཡིན་ཏེ། འདི་ལྟ་སྟེ། སྔོན་གྱི་ཁ་དོག་ཕུན་སུམ་ཚོགས་པ་མེད་པས། ལུས་ཀྱི་མདོག་མི་སྡུག་པ་དང་། རང་གི་སྟན་ལ་མི་དགའ་བ ་དང་། མེ་ཏོག་ཕྲེང་བ་བརྙིང་པ་དང་། གོས་ལ་དྲི་མ་ཆགས་པ་དང་ལུས་ལས་རྡུལ་འབྱུང་བའོ།། དེ་ལྟར་ན་གང་དག་མཐོང་ནས་ལྷ་རྣམས་ཡང་མི་བདེ་སྐྱེ་བར་འགྱུར་བ། མཐོ་རིས་འཆི་འཕོ་སྒྲོན་བྱེད་སྔ་ལྟས་ལྔ། ལྷ་ཡུལ ་ལྷའི་འཇིག་རྟེན་ན་གནས་པའི་ལྷ་རྣམས་ལ་འབྱུང་སྟེ། མི་རྣམས་ཀྱི་འཆི་བར་འགྱུར་བ་སྦྱིན་པའི་འཆི་ལྟས་བཞིན་ནོ།། དཔེར་ན་ས་བྱས་ཤིང་བྱུགས་པས་བསྐུས་པ་གང་ཞིག་གི་སྙིང་པོར་ཚ་བ་དང་། རྣ་བ་མ་བཀག་པར་སྨྲ ་མི་ཐོས་པ་དེ་ནི་རིང་པོ་མི་ཐོགས་པར་འཆི་བར་འགྱུར་རོ།། ཞེས་བྱ་བ་ལ་སོགས་པ་ལྟ་བུ་ཡིན་ནོ།། ལྷའི་འཇིག་རྟེན་དྲག་ནས་འཕེ་སྡེ་པཾ་ལ་ཞེས་བྱ་བ་ལ་སོགས་པས་ནི་ལྷ་རྣམས་ལ་སྡུག་བསྔལ་དེ་ཙམ་འབའ་ཞིག་དུ་མི ་ཟད་ཀྱིས། དེ་ནས་ཤི་འཕོས་པ་རྣམས་ལ་ཡང་འབྱུང་བ་ཁོ་ནི་ཞེས་བྱ་བ་དེ་སྟོན་ཏེ། བསྡུས་པའི་དོན་ནི་ལྷའི་འཇིག་རྟེན་ནས་ཤི་འཕོས་པ་ལ་གལ་ཏེ་ལྷ་དང་མིར་སྐྱེ་བར་འགྱུར་པའི་དགེ་བ་ཅུང་ཟད་ཀྱང་མེད་ན། སླར ་ངན་སོང་གསུམ་དུ་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་བ་ཁོ་ནའོ་ཞེས་བྱ་བ་ཡིན་ནོ།། ལྷ་མ་ཡིན་གྱི་སྡུག་བསྔལ་གྱི་དབང་དུ་བྱས་ནས། ལྷ་མྲིན་དག་ནུའང་རང་བཞིན་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ལྷ་མྱ ་ཡིན་རྣམས་ལ་ནི་རང་བཞིན་གྱིས་བསྙེམས་པའི་ང་རྒྱལ་ལས་སྐྱེས་པའི་ངོ་རྒྱལ་ཡོད་དེ་དེ་དག་ང་རྒྱལ་ཆེ་བའི་ཕྱིར་རོ།། དེ་ལྟ་བོས་ན་འདིས་ནི་དེ་དག་གི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་སྡུག་བསྔལ་བཤད་དོ།། ། ་རང་བཞིན་གྱིས་ཞེས་སྨོས་པས་ནི་གལ་འགྱེད་པའི་ཚེ་ལུས་ཀྱི་སྡུག་བསྔལ་ཡང་འབྱུང་ངོ་ཞེས་སྟོན་པར་བྱེད་དོ།། ལྷའི་དཔལ་ལ་སྡང་ཕྱིར་ཞེས་བྱ་བ་འདིས་ནི་སྙེམས་པའི་ང་རྒྱལ་ལས་སྐྱེས་པའི་སྡུག་བསྔལ་གྱི་རྒྱུ་སྟོན ་པར་བྱེད་དོ།། སྐྱེ་བའི་ཀུན་ནས་ཉོན་མོངས་པའི་སྡུག་བསྔལ་ཡང་བསྟན་པའི་ཕྱིར་རོ།། དེ་དགྲ་བློ་དང་ལྡན་ནའོང་ཞེས་བྱ་བ་ལྔ་སོགསུ་པ་སྨོས་ཏེ། གལ་ཏེ་འདི་དག་ལ་དགེ་བ་དང་མི་དགེ་བ་རྣམས་པར་སྤྱོད་པར་ནུས་པའི་བློ ་ཡོད་དུ་ཟིན་ཀྱང་འོན་ཀྱང་འགྲོ་བའི་སྒྲིབ་པས་བདེན་པ་མཐོང་བའི་ཐོབ་པ་ནི་མེད་དོ།། འགྲོ་བ་དེ་ཉིད་གང་བདེན་པ་མཐོང་བའི་སྟན་གྱི་ངོ་བོར་མི་འགྱུར་པ་དེ་ལྟ་བུར་མི་དགེ་བའི་ལས་ཀྱིས་འཕངས་པ་ཡིན་ནོ།། དེ་བས་ན་སྒྲིབ ་པ་ཞེས་བྱའོ།། ལྷ་མ་ཡིན་གྱི་འགྲོ་བའི་འཕེན་པར་བྱེད་པ་ནི་མི་དགེ་བའི་ལས་ཡིན་ལ་ཡོངསསུ་རྫོགས་པར་བྱེད་པ་ནི་དགེ་བ་ཁོ་ན་ཡིན་པར་འདོད་དོ།། ལྷའི་འགྲོ་བ་ཡིས་ནི་འཕེན་པར་བྱེད་པ་དང་། ཡོངསསུ་རྫོགས་པར་བྱེད་པ་ཡང ་དགེ་བ་ཡིན་པས། ལྷའི་འགྲོ་བ་ལས་ལྷ་མ་ཡིན་གྱི་འགྲོ་བ། འགྲོ་བུ་གཞན་ཉིད་དུ་རྣམ་པར་བཞུག་གྲོ། མཱིའི་འགྲོ་བའི་སྡུག་བསྔལ་གྱི་ཁྱད་པར་ནི་ལོགས་ཤིག་ཏུ་མུ་བཤད་དེ། སྤྱིར་ངེས་པ་འདོད ་པས་འཕོངས་དང་འཆི་བ་དང་། ན་བཱ་དང་རྒ་སོགས་སྡུག་བསྔལ་དུ་ལའི་འབྱུང་གནས་ཞེས་བྱ་བ་ལ་སོགས་པ་ཁྱོ་ནས་བསྟན་ཟིན་པའི་ཕྱིར་དང་། སྔར་ཡང་མི་རྣམ་པ་དུ་མས་སྤང་བའི་ཕྱིར་རོ།། ད་ནི་དེ་ལྟར་འཁོར་པོའི་ཉེས་པ་བཤད ་ནས་དེ་ལ་མངོན་པར་མི་དགའ་བའི་འདུ་ཤེས་ཉེ་བར་བསྒྲུབ་པར། འཁོར་བ་དེ་འདྲ་ལགས་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དེ་ལྟར་འཁོར་བ་ཉེས་པ་དང་ལྡན་པ་དེའི་ཕྱིར་ལྷ་ལ་སོགས་པར་སྐྱེ་བ་ནི་བཟང་པོ ་མ་ཡིན་ནོ།། དེ་ལྟར་ཁྱད་པར་དུ་འཕགས་པའི་སྐྱེ་བའི་ཉེས་པ་བཤད་ནས་སྤྱིར་སྐྱེ་བ་ནི། གནོད་པ་དུ་མའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མིག་ལ་མ་ཤེར་རི་མོ་གས་ལ་མེ་ཤ་ར་ན། སྐྱེ་བོ་ནི་ཉེ་དུ་གནོད་པ་ལ་སོགས་པ་གནོད ་པ་དུ་མའི་སྣོད་དུ་གྱུར་ཅིང་རྟེན་དུ་གྱུར་པ་ཡིན་པར་ཤེས་པར་གྱིས་ཤིག་ཅེས་བྱ་བ་ཡིན་ནོ།། དེ་ལྟར་འཇིག་རྟེན་ཐམས་ཅད་ལ་མངོན་པར་དགལ་བསྐྱེད་ནས། མྱ་ངན་ལས་འདས་པོ་ལ་གཞུག་པའི་ཕྱིར། མགོ་འམ་གོས ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མགོ་ལ་མེ་ཤོར་རམ་གོས་ལ་མེ་ཤོར་ན་ཞེས་བྱ་བར་སྦྱར་རོ།། དེ་དག་སླར་བཟློག་བགྱི་བ་བཏང་ནས་ཀྱང་ཞེས་བྱ་བ་ནི་དེ་དག་བསད་པ་ཡང་བཏང་ནས་ཞེས་བྱ་བོའི་ཐ་ཚིག་གོ།། ཡང་སྦྲིད ་མེད་པར་བགྱི་སླད་འབད་འཚལ་ཏེ། ཞེས་བྱ་བ་ནི་ལུས་དང་སྲོག་ལ་མི་ལྟ་བའི་བརྩོན་འགྲུས་ཆེན་པོ་དེ་ལྟ་བུས་ཡང་སྲིད་པ་མེད་པར་བྱ་བའི་ཕྱིར་འབད་པར་བྱ་བའི་ཕྱིར་འབད་བར་བྱ་དགོས་སོ།། ཞེས་བྱ་བ་ཡིན་ནོ།། ཅིའི ་ཕྱིར་ཞེ་ན། འདི་བས་ཆེས་མཆོག་དགོས་པོ་གཞན་མ་མཆིས་ཞེས་བྱ་བ་སྨོས་ཏེ། འདི་བས་ཁྱད་པར་དུ་འཕགས་པའི་དགོས་པ་གཞན་ནི་མེད་ཀྱི། འདི་ལྟར་སྐྱེས་བུའི་དོན་གྱི་དམོ་པ་ནི་འདི་ཁོ་ནར་ཟད་དོ་སྙམ་དུ་དགོངས ་པཔོ་ཡིན་ནོ།། ཡང་སྲིད་པ་མེད་པ་ཡང་ཇི་ལྟར་འཐོབ་ཅན། ཚུལ་ཁྲིམས་དག་དང་བསམ་གཏན་ཡེ་ཤེས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསླབ་པ་གསུམ་ཡོངསུ་རྫོགས་པར་བྱས་ནས་མྱ་ངན་ལས་འདས་པ ་ཐོབ་པར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ།། མྱ་ངན་ལས་འདས་པ་དེ་ཡང་རྣམ་པ་གཉིས་ཏེ་ཕུང་པོའི་ལྷག་མ་མེད་པོ་དང་། ཕུང་པོའི་ལྷག་མ་དང་བཅས་པའོ།། དེ་ལ་ཕུང་པོའི་ལྷག་མཽ་མེད་པ་ནི་སྡུག་བསྔལ་ཉེ་བར ་ཞི་བས་རབ་ཏུ་ཕྱེ་བའི་ཕྱིར་ཞི་བའི་ཞེས་བྱ་བའི་སྒྲས་སྟོན་ཏོ།། ཕུང་པོའི་ལྷག་མ་དང་བཅས་པ་ནི་དབང་པོ་དུལ་བས་རབ་ཏུ་ཕྱེ་བའི་ཕྱིར། དུལ་བ་ཞེས་བྱ་བའི་སྒྲས་སྟོན་ཏོ།། གཉི་ག་ཡང་འདོད་ཆགས་ལ་སོགས་པའི ་དྲི་མ་ཉེ་བར་ཞི་བས། དྲི་མོ་མེད་པ་སྟེ། མྱ་ངན་ལས་འདས་པ་ཞེས་བྱ་བའི་གོ་འཕག་ན་དེ་ལྟ་བུ་འཐོ་རྫིརབ་ཏུ་འཐོབ་པར་གྱིས་ཤིག་ཅེས་བྱ་བའི་ཐ་ཚིག་གོ། མཽ་རྒ་མི་འཆི་ཞེས་བྱ་བ་ལ་སོགས་པས་ནི་མྱ་ངན་ལས་འདས་པ་དེ ་ཉིད་ཀྱི་ཁྱད་པར་གྱི་སྒོ་ནས་བསྔགས་པ་བཤད་པ་ཡིན་ཏེ། དེ་ལ་དེངས་པ་མེད་པས་ན་མི་རྒ་བའོ།། འཆི་བར་མི་འགྱུར་བས་ན་མི་འཆི་བའོ།། ཟད་པ་མེད་པས་ན་མི་ཟད་པའོ།། ལྷག་མཱ་ནི་ཕྱཝ ་རོལ་པའི་མྱ་དྲན་ལས་འདས་པའི་ལས་ཁྱད་པར་དུ་བྱ་བྱའི་ཕྱིར་ཆེན་པོ་བཞི་དང་ཉི་མ་དང་ཟླ་བ་དག་མེད་པར་བཤད་དོ།། དེ་ནི་ཆོས་གང་དགྲ་མངོན་སུམ་དུ་གྱུར་པས་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བའི་ཆོས་དེ ་དག་བསྟན་པའི་ཕྱིར། དྲན་པ་ཞེས་བྱ་བ་ལོ་སོགས་པོ་སྨོས་སྔོ།། དེ་ལ་དྲན་པ་ནི་དམིགས་པ་མ་བརྗེད་པའོ།། ཆོས་རབ་ཏུ་འབྱེད་པ་ནི་དེ་ལ་ཤེས་རབ་གང་ཡིན་པའོ།། བརྩོན་འགྲུས་ནི་མངོན་པར་སྤྲོས་པ་གང་ཡིན་པའོ།། ་དགའ་བ་ནི་དམིགས་པ་དེ་ཉིད་ལ་ཡོད་བདེ་བ་གང་ཡིན་པའོ།། ཤིན་ཏུ་སྦྱངས་པ་ནི་ལུས་དང་སེམས་ལས་སུ་རུང་བ་གང་ཡིན་པའོ།། ཏིང་འཛིན་ནི་སེམས་རྩ་གཅིག་པ་ཉིད་དེ།། བཏང་སྙོམས་ནི་སེམས་དང་སེམས་ལུས ་བྱུང་བ་རྣམས་རྣལ་དུ་འདུག་པ་དང་ལྷུན་གྱིས་གྲུབ་པར་འཇུག་པ་གང་ཡིན་པའོ།། ཆོས་བདུན་པོ་དེ་དག་ནི་བྱང་ཆུབ་ཟག་པ་མེད་པའི་ཡེ་ཤེས་ཀྱི་ཡན་ལག་ཏུ་གྱུར་པའི་ཕྱིར། བྱང་ཆུབ་ཀྱི་ཡན་ལྷག་ཅེས་བྱ་སྟེ། འཁོར ་དུ་གྱུར་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ།། དགེ་སོགས་ལགས་ཞེས་བྱ་བ་ནི་དགེ་བའི་རྒྱུ་ཡིན་ནོ།། ཞེས་བྱ་བའི་ཐ་ཚིག་གོ། ཤེས་རབ་མེད་པ་ཞེས་བྱ་བ་ལ་སོགས་པས་ནི་ཆོས་གཞན་གཉིས་པོ་འདི་ལྟ་སྟེ། བསམ་གཏན ་དང་ཤོས་རབ་དག་མངོན་དུ་གྱུར་པས། མྱ་དྲན་ལས་འདས་པ་འཐོབ་པར་སྟོན་ཏེ། དེ་གཉིས་ཟུང་དུ་འབྲེལ་པས་མྱ་ངན་ལས་འདས་པ་འཐོབ་པར་འགྱུར་ལ། དེ་གཉིས་ནི་ཕན་ཚུན་གྱི་སྟོབས་ཀྱིས་འགྲུབ་པར་སྟོན་ཏོ།། ། ་ཤེས་རབ་མེད་ལྔ་བསམ་གཏན་ཡོད་མིན་ཏེ། ཞེས་བྱ་བ་ནི་གང་ཞིག་བསམ་གཏན་ལེགས་པར་སྐྱེ་མི་ཤེས་པ་ངོ་ནི་འདིར་ཤེས་རབ་མེད་པ་ཡིན་པར་དགོངས་ཏེ། དེ་ལ་ནི་བསམ་གཏན་མི་འགྲུབ་པོ།། བཱསམ་གཏན ་མེད་པར་ཡང་ནི་ཤེས་རབ་མེད་ཅེས་བྱ་བ་ནི་བསམ་གཏན་མེད་པར་ཡང་གང་གིས་ཆོས་རྣམས་ཇི་ལྟ་བ་བཞིན་ཤེས་པར་འགྱུར་བའི་ཤེས་རབ་མེད་དེ། སེམས་མཉམ་པར་བཞག་པས་ཡང་དག་པ་ཇི་ལྟ་བ་བཞིན ་ཤེས་སོ་ཞེས་འབྱུང་བའི་ཕྱིར་རོ།། གང་ལ་དེ་གཉིས་ཀ་ཡོད་པ་དྲི་འཁོར་བ་གནག་རྗེས་ལྟ་བུར་རིག་པར་བྱའོ།། རྣམ་པ་གཅིག་ཏུ་ན་གུངྒ་ལ་སྐྱེས་ནས་ཐོབ་པར་ཤེས་རབ་མེད་པ་དེ་ལ་བསམ་གཏན་མི་འགྲུབ་ལ། ་བསམ་གཏན་མེད་པར་ཡང་བསྒོམས་པ་ལས་བྱུང་བའི་ཤེས་རབ་མི་འགྲུབ་ཀྱི་གང་ལ་ཤེས་རབ་དང་བསམོ་གཏན་དེ་གཉི་ག་ཡོད་ལ་དེའི་འཁོར་བ་གནག་རྗེས་ལྟ་བུར་རིག་པར་བྱ་སྟེ། མྱུར་བ་ཁོ་ནར་རྒལ་བར་ནུས་པའི ་ཕྱིར་རོ།། ད་ནི་མྱ་ངན་ལས་འདས་པ་འཐོབ་པར་བྱེད་པའི་ཆོས་འདི་རྣམས་བར་ཆད་དུ་གྱུར་པ་བསམ་པར་མི་བྱེད་པའི་གནས་ལ་སེམས་པ། དེ་ལ་ཟློག་པའི་ཕྱིར། ལུང་མ་བསྟན་པོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ་དེ་བཞིན་གཤེགས་པས་ལུང་དུ་མ་བསྟན་པའི་དངོས་པོ་བཅུ་བཞི་གསུངས་པ་ཅུ་གང་ཞེ་ན། འདས་སྟེ། འཇིག་རྟེན་རྟག་པ་དང་། འཇིག་རྟེན་མི་རྟག་པ་དང་། རྟག་པ་ཡང་ཡིན་མི་རྟག་པ་ཡང་ཡིན་པ་དང་། ་རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་པ་དང་། འཇིག་རྟེནྡྲ་མཐའ་དང་ལྡན་པ་དང་། འཇིག་རྟེན་མཐའ་དང་མི་ལྡན་པ་དང་། མཐའ་དང་ལྡན་པ་ཡང་ཡིན། མཐའ་དང་མི་ལྡན་པ་ཡང་ཡིན་པ་དང་། མཐའ་དང་ལྡན་པ ་ཡང་མ་ཡིན། མཐའ་དང་མི་ལྡན་པ་ཡང་མ་ཡིན་པ་དང་། དེ་བཞིན་གཤེག་སྡེ་པ་ཤི་ཕན་ཆད་ཡོད་པ་དང་། དེ་བཞིནི་གཤེགས་པ་མ་ཤི་ཕན་ཆད་ཡོད་པ་དང་། དེ་བཞིན་གཤེགས་པ་ཤི་ཕན་ཆད་ཡོད་པ་ཡང་ཡིན ་མེད་པ་ཡང་ཡིན་པ་དང་། དེ་བཞིན་གཤེགས་པ་ཤི་ཕན་ཆད་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་པ་དང་། སྲོག་གང་ཡིན་པ་དེ་ལུས་ཡིན་པ་དང་། སྲོག་ཀྱང་གཞན་ལ་ལུས་ཀྱང་གཞན་ཞེས་བྱ་བ་ཡིན་ནོ།། དངོས ་པོ་བཅུ་བཞི་པོ་འདི་དག་ནི་དྲིས་ན་ལུང་མི་བསྟན་པར་བྱ་བ་ཡིན་པའི་ཕྱིར། ལུང་དུ་མ་བསྟན་པ་ཞེས་བཤད་དེ། དེ་ཉིད་བཞག་པར་བྱ་བའི་དྲི་བ་ཡིན་པར་བསྟན་ཏོ།། གནས་འདི་དགེ་བསམ་པར་བྱ་བ་ཡང་མོ་ཡིན་ནོ།། ཅིའི་ཕྱིར་ཞེ ་འདི་ཡིས་བློ་འདི་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། འདི་སྐད་དུ་གང་ཞིག་བསམས་ན་ཕན་པ་འཐོབ་པའམ། བདེ་བ་འཐོབ་པར་འགྱུར་བ་དེ་བས་བསམ་པར་བྱ་པ་ཡིན་ན་གནས་འདི་དག་བསམས་པས་ནི་སེམས་ཞི་བར ་སྐྱེད་པར་མི་འགྱུར་བས་བསམས་པར་བྱ་བ་མ་ཡིན་ནོ།། ཞེས་བཤད་པ་ཡིན་ནོ།། དེ་ལྟར་བསམ་པར་བྱ་བ་མ་ཡིན་པའི་གནས་ཡོངསུ་སྤངས་པར་བཤད་ནས་གང་ཞིག་བསམས་ན་བྱང་ཆུབ་སེམས་ཀྱི་ཕྱོགས་དང་མཐུན་པ ་འདི་རྣམས་སྐྱེ་བར་འགྱུར་བ་དེ་ལ་སེམས་ཉེ་བར་གཏད་པར། མི་ཤེས་པ་ལས་ལས་ཏེ་ཞེས་བྱ་བ་ལ་སོགས་པས་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་སྟོན་ཏེ། འདི་དོག་གི་དོན་ནི་མདོའི་རྗེསུ་འབྲངས་ནས་ཁོང ་དུ་ཆུད་པར་བྱའོ།། དེ་ལ་མདོ་ནི་འདི་ཡིན་ཏེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས། སྐྱེ་མཆེད་དྲུག། སྐྱེ ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱི་སྲེད་པོ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་བ་དང་འཆི་བ་དང་མྱ་ངན་དང་སྤྲོ ་སྔགས་འདོན་པ་དང་ཡིད་མི་བདེ་བ་དང་། འཁྲུགས་པ་རྣམས་འབྱུང་སྟེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་འདི་འབྱུང་བར་འགྱུར་རོ།། དེ་ལྟར་ལུགས་དང་མཐུན་པའི་དབང་དུ་བྱས་ཏེ་བཤད་ནས་ལུགསོ་ལས་བཟློག ་པའི་དབང་དུ་བྱས་ནས། སྐྱེ་བ་འགགས་པས་འདི་ཀུན་འགག་པར་འགྱུར་ཞེས་བྱ་བ་སྨོས་ཏེ། སྐྱེ་བ་འགགས་པས་རྒ་བ་དང་འཆི་བ་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་ལ་སོགས་པའི་ཆོས་རྣམས་འགག་པར་འགྱུར་ཏེ། དེ ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པ་འདི་འགག་པར་འགྱུར་རོ།། སྐྱེ་བ་འགག་པ་ནི་སྲིད་པ་འགག་པ་ལས་འགྱུར་ལ། མ་རིག་པ་འགགས་པ་ལས་འདུ་བྱེད་འགུག་པའི་བར་དུ་འགྱུརོ།། ་མ་རིག་པ་གྲང་ཞེ་ན། མདོ་ལས་གྲང་སྔོན་གྱི་མཐའ་མྱི་ཤེས་པ་ཞེས་བྱ་བ་ལ་སོགས་པ་བསྟན་ཏོ།། འདིར་མདོར་བསྡུ་བ་འདི་ཡིན་ཏེ། བདེན་པ་རྣམས་མྱི་ཤེས་པ་ནི་དོན་དམ་པར་མ་རིག་པ་ཡིན་ནོ།། མི་ཤེས་པ་ཞེས་བྱ་བ ་ནི་ཤེས་པའི་མི་མཐུན་པའི་ཆོས་ཡིན་པར་རིག་པར་བྱའོ།། བྱིས་པ་མ་རིག་པ་དེ་དང་ལྡན་པའི་ལས་དགེ་བུ་དང་མི་དགེ་བ་དང་མྲི་དགེ་བ་དང་མི་དག་མི་གྲཡོ་བ་ནི་མ་རིག་པའི་རྐྱེན་གྱི་འདུ་བྱེད་རྣམས་ཡིན་ནོ།། མདོ་ལས་ནི་ལུས ་ཀྱི་འདུ་བྱེད་དང་། དྲག་གི་འདུ་བྱེད་དང་། ཡིད་ཀྱི་འདུ་བྱེད་རྣམས་ཞེས་གསུངས་སོ།། དེ་སྐད་དུ་གསུངས་མོད་ཀྱི། འོན་ཀྱང་འདིར་ནི་ལུས་དང་ངག་དང་ཡིད་ཀྱི་ལས་སྨོས་པ་ཁྲོ་ནར་རིག་པར་བྱའོ།། ལས་དེའི་ས་བོན་གང་ཡིན་པ་དེས ་བསྒོམ་པའི་སེམས་ནི་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཡིན་ནོ།། མདོ་ལས་ནི་འབྲས་བུ་རྒྱུས་བསྟན་པའི་དབང་དུ་མཛད་ནས། རྣམ་པར་ཤེས་པའི་ཚོགས་དྲུག་གོ་ཞེས་གསུངས་ཏེ། དཔེར་ན་ཚེ་དང་ལྡན་པ་ཁྱོད་ཀྱི་དབང ་པོ་རྣམས་ནི་རབ་ཏུ་དང་ཞེས་བྱ་བ་ལྟ་བུ་ཡིན་ནོ།། དེ་བཞིན་དུ་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ནི་ཕྲ་བ་ཉིད་ཀྱིས་རང་གི་ངོ་བོ་བསྟན་པ་མ་ཡིན་ཏེ། འབྲས་བུ་བསྟན་པར་མཛད་དོ།། རྣམ་པར་ཤེས་པ་དེ་ཡང་འདུ ་བྱེད་རྣམས་ཀྱིས་རིམ་པ་གང་གིས་མིང་དང་གཟུགས་ལ་སོགས་པ་མངོན་པར་འགྲུབ་པར་བྱེད་པར་འཕངས་པའི་རིགས་པ་དེ་ཁོ་ནས་རྐྱེན་དུ་གྱུར་པའི་ཕྱིར། རྣམ་པར་ཤེས་པའི་རྐྱེན་གྱི་མིང་དང་གཟུགས་ཞེས་བྱ་བ་ནས ་རེག་པའི་རྐྱེན་གྱིསྣ་ཚོར་བ་ཞེས་བྱ་བའི་བར་བཤད་དོ།། མིང་དང་གཟུགས་གང་ཞེ་ན། མཱའི་མཽངལ་དུ་ཉིང་མཚམུས་སྦྱོར་བའི་གནས་སྐབས་ནི་ཚི་ར་བ་ལ་སོགས་པ་གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་དང་། འབྱུང་བ ་དང་རྒྱུར་བྱས་པཱའི་གཟུགས་ཏེ། ཅི་རིགས་པར་སྦྱར་རོ།། དེ་ཉིད་ནུར་ནུར་པོ་ཞེས་བྱ་སྟེ། རིམ་གྱིས་ནི་མར་མེར་པོ་ལ་སོགས་པའི་ཐ་སྙད་ཀྱང་འཐོབ་བོ།། དེ་ལ་ཕུང་པོ་བཞི་ནི་ཡང་སྲིད་པར་འཁྲིད་པའི་ཕྱིར་དང་ཡུལ་ལ ་འགྲོ་བའི་ཕྱིར་མིང་ཉིད་ཡིན་ནོ།། འབྱུང་དང་རྒྱུར་བྱས་པ་ནི་གྲང་བ་ལ་སོགས་པསོ་འགྱུར་བ་བསྐྱེད་པའི་ཕྱིར་གཟུགས་ཉིད་ཡིན་ནོ།། མིང་དང་གཟུགས་དེ་ཉིད་རྣམ་པར་འཕེལ་བྱའི་རིམ་གྱིས་མྱིག་ལ་སོགས་པ་སྐྱེ་བའི་གནས ་སྐབས་ནི་སྐྱེ་མཆེད་དྲུག་གི་རྐྱེན་དུ་འགྱུར་ཏེ། གནས་དེ་ན་སྐྱེ་མཆེད་དྲུག་རྫོགས་པར་འགྱུར་བས་སོ།། སྐྱེ་མཆེད་ཉིད་ནི་སེམས་དང་སེམས་ལས་བྱུང་བ་རྣམས་སྐྱེ་བའི་སྒོའི་དོན་གྱིས་སོ།། སྐྱེ་མཆེད་དྲུག་པོ་དེ་དག ་ཡོངསུ་སྨིན་པ་དང་། ཡུལ་ཡང་མངོན་དུ་གྱུར་པ་ལས་རེག་པ་སྐྱེ་སྟེ། རྟེན་གྱི་བྱེ་བྲག་གིས་རྣམ་པ་དྲུག་ཁོ་ནའོ།། བདེ་བ་མྱོང་བར་འགྱུར་བ་ལ་སོགས་པ་རེག་པ་ཅི་འདྲ་བ་དེ་དང་འདྲ་བར་བདེ་བ་དང་སྡུག་བསྔལ ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་སྨྲའོ།། དེ་ལྟར་ན་འདུ་བྱེད་རྣམས་ཀྱི་འཕདུས་པའི་ཡན་ལག་སྲེད་པ་དང་ལེན་པས་མངོན་ར་བརླན་པ་ནི་འཆི་བའི་དུས་ན་སྲིད ་པར་འགྱུར་རོ།། དེ་ནས་ཅི་ལྟར་འཕངས་པའི་རིམ་གྱིས་སྐྱེ་བར་ཡང་འགྱུར་རྒ་བར་ཡང་འགྱུར་རོ།། འཆི་བར་ཡང་འགྱུར་རོ།། དེ་ལ་སྲེད་པ་གང་ཞེ་ན། ཚོར་བ་བདེ་བ་ལ་ནི་མི་འབལ་བུར་འདོད། སྡུག་བསྔལ་ན་འབྲལ ་བར་འདོད། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་ལ་གཉི་གར་མི་འདོད་པ་གང་ཡིན་པ་སྟེ། དེ་ཡང་མདོ་ལས་འདོད་པ་དང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་བྱེ་བྲག་གིས་རྣམ་པ་གསུམ་དུ ་བསྟན་ཏོ།། ལེན་པ་གང་ཞེ་ན། འདོད་པ་ལ་སོགས་པ་ལ་འདུན་པའི་འདོད་ཆགས་གང་ཡིན་པའོ།། མདོ་ལས་ནི་དམིགས་པའི་བྱེ་བྲག་གི་འདོད་པ་ཉེ་བར་ལེན་པ་དང་། ལྟ་བ་ཉེ་བར་ལོན་པ་དང་། ཚུལ་ཁྲིམས་དང ་བརྟུལ་ཞུགས་ཉེ་བར་ལེན་པ་དང་། བདག་ཏུ་སྨྲ་བཱ་ཉེ་བར་ལེན་པ་ཞེས་བྱ་བ་རྣམ་པ་བཞི་བསྟན་ཏེ། འདུན་པའི་འདོད་ཆགས་དོ་ས་འདོད་པ་ལ་སོགས་པ་ཉེ་བར་བླངས་པར་འགྱུར་བས་སོ།། སྲིད་པ་དང་ལན་པ ་བདག་ལ་ཁྱད་པར་ཅི་ཡོད་ཅེ་ན། ཁྱད་དུ་མེད་པར་ཡང་སྲིད་པ་མངོན་པར་འདོད་པ་ནི་སྲེད་པའོ།། ཁྱད་པར་དུ་མངོན་པར་འདོད་པ་ནི་ལེན་པའོ།། ཡང་ན་རིང་བའི་རྒྱུ་ནི་སྲེད་པ་ཡིན་ལ། ཉེ་བའི་རྒྱུ་ནི་ལེན་པ་ཡིན་པར་རིག ་པུར་བྱའོ།། འདུ་བྱེད་ཀྱི་ས་བོན་སྤྱད་པ་དང་ལེན་པས་མངོན་པར་བརླན་པ་དེ་ཉིད་འབྲས་བུ་སྐྱེ་བ.རརུ་མངོན་དུ་ཕྱོགས་པ་ན་སྲིད་པ་ཞེས་བྱའོ།། མདོ་ལས་ནི་འདོད་པའི་སྲིད་པ་དང་། གཟུགས་ཀྱི་སྲིད་པ་དང་། གཟུགས ་མེད་པོའི་སྲིད་པ་ཞེས་གསུངས་སོ།། དེ་སྐད་གསུངས་མོད་ཀྱི། འོན་ཀྱང་འདིར་ནི་འདས་པའི་སྲེད་པ་ཁཾ་ནཽ་ཡིན་པར་བཞེད་དོ།། སྲིད་པའི་མཇུག་ཐོགསུ་སྐྱེ་བ་ཡིན་ཏེ། མིང་དང་གཟུགས་ཀྱིས་རིམ་གྱིས་ཚོར་བའི་བཱར ་ཡིན་ནོ།། སྐྱེས་ནས་ནི་རྒ་བ་དང་། འཆི་བ་ལ་སོགས་པར་འགྱུར་རོ།། དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་ནི་ཇི་སྐད་བཤད་པའི་རིམ་གྱིས་སྡུག་བསྔལ་གྱི་ཚོགས་བདག་མེད་པ་འདི་འབྱུང་བར་འགྱུར་བ་ཡིན་ཏེ། མདོ་ལས་ནི ་སྐྱེ་བ་ལ་སོགས་པ་རྣམ་གྲངས་ཙམ་ཁོ་ནས་བསྟན་པར་མཛད་དོ།། དེ་ལྟར་ན་འདིར་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡནྡ་ལག་བཅུ་གཉིས་མདོར་སྡུས་ནས་ཡན་ལག་བཞིར་རྣམ་པར་བཞག་པ་མཛད་པར་རིག་པར་བྱ་སྟེ། ་འདི་ལྟ་སྟེ། འཕེན་པར་བྱེད་པའི་ཡན་ལག་དང་། འཕངས་པའི་ཡན་ལག་དང་། མངོན་པར་འགྲུབ་པར་བྱེད་པའི་ཡན་ལག་དང་། མངོན་པར་གྲུབ་པར་བྱེད་པའི་ཡན་ལག་གོ། ཡན་ལག་བཅུ་གཉིས་མདོར་བསྡུས ་ནས། ཡན་ལག་བཞི་རི་ནོ་བསྒྲགས་པ་སྟེ། གསུམ་དང་བཞི་དང་གསུམ་དང་ནི།། གཉིས་པོ་དག་སྟེ་གོ་རི་མོས་བཞིན།། དེ་ལྟར་ན་རེ་ཞིག་སྐྱེ་བ་ཉིད་རྣམ་པོར་བཞག་པའི་དབང་དུ་མཛད་ནས་བཤད་པ་ཡིན་ནོ།། ་མདོ་ལས་ནི་མ་རིག་པ་དང་། འདུ་བྱེད་འདི་ནི་སྔོན་གྱི་མཐའ་པའི་འཕེན་པར་བྱེད་པ་ཡིན་ནོ།། ཞེས་འབྱུང་བའི་ཕྱིར། ཡན་ལག་བཅུ་གཉིས་སྐྱེ་བ་གསུམ་དུ་རྣམ་པར་འཇོག་པར་མཛད་དེ། དེ ་ལ་མ་རིག་པ་དང་འདུ་བྱེད་ནི་འདས་པའི་སྐྱེ་བའོ།། རྣམ་པར་ཤེས་པ་ནས་སྲིད་པའི་བར་ནི་ད་ལྟར་བྱུང་བའི་སྐྱེ་བའོ།། སྐྱེ་བ་དང་རྒ་ཤི་ནི་མྀ་འོངས་པའི་སྐྱེ་བའོ།། དེ་ལས་འདས་པའི་སྐྱེ་བ་ནི་མ་རིག་པའི་རྐྱེན་གྱི་འདུ་བྱེད ་བྱས་པ་རྣམས་ཀྱིས་སྐྱོ་བ་འདི་ལ་ཉིང་མཚོམས་སྦྱོར་བའི་རྣམ་པར་ཤེས་པ་ནས་གཟུང་སྟེ། ཚོར་བའི་བར་གྱི་རྣམ་པར་སྨིན་པ་འགྲུབ་ལ། དེ་ལྟར་བྱུང་བའི་སྲེད་པ་དང་། ལེན་པ་དང་། སྲིད་པ་རྣམས་ཀྱིས་མ་འོངས་པོའི ་སྐྱོ་བྱ་ལ་སོགས་པ་བསྐྱེད་དོ་ཞེས་བྱ་བར་རིག་པར་བྱའོ།། སྐྱེ་བ་གསུམ་དུ་རྣམ་པར་བཞག་པ་འདིའི་དགོས་པ་ནི་སྔོན་དང་ཕྱི་མའི་མཐའ་དང་བཱར་དག་ལྔ་ཀུན་ཏུ་རྨོངས་པ་རྣམ་པར་བཟློག་པ་ཡིན་ནོ།། དེ་སྐད་དུ་གསུངས ་མོད་ཀྱི། འོན་ཀྱང་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཀྱིས་སྐྱེ་བ་བསྐྱེད་པའི་དུས་ན་སྲེད་པ་དང་ལེན་པ་དྲང་སྲིད་པ་དག་ཀྱང་ཡོད་པ་ཁོ་ན་ཡིན་ལ། སྲེད་པ་དང་ལེན་པ་དང་སྲིད་པ་དག་གིས་མ་འོངས་པའི་སྐྱེ་བ་སྐྱེད ་པར་བྱེད་པ་དེ་ཡང་མ་རིག་པའི་རྐྱེན་གྱིས་འདུ་བྱེད་དོ།། མིང་དང་གཟུགསོ་ལ་སོགས་པ་ལས་གཞན་པའི་སྐྱེ་བ་ལ་སོགས་པ་ཡང་ཡོད་པ་ཡིན་པས་དེ་དག་ཉིད་རྣམ་པ་གཞན་གྱིས་བཤད་པ་ཡིན་ཏེ། དེ་ལྟ་བོས ་ན་སྐྱེ་བ་གཉིས་སུ་རྣམ་པར་བཞུག་པ་ཡང་མི་འགལ་བ་ཁོ་ན་ཡིན་ནོ།། རྟེན་ཅིང་འབྲེལ་བར་འབྱུང་བ་དེ་ནི་ལམ་གསུམ་དུ་རིག་པར་བྱ་སྟེ། འདི་ལྟ་སྟེ་མ་རིག་པ་དང་སྲེད་པར་དང་ལེན་པ་རྣམས་ནི་ཉོན་མོངས་པའི ་མ་ཡིན་ནོ།། འདུ་པད་དང་སིད་པ་ནི་ལས་ཀྱི་ལམ་མོ།། ཡན་ལག་ལྷག་མ་རྣམས་ནི་རྣམ་པར་སྨིན་པའི་ལམ་སྟེ་སྤྲོས་པས་ཆོག། དཀྱུས་མ་བརྗོད་པར་བྱ་སྟེ། རྟོན་ཅིང་འདིལ་བར་འབྱུང་འདི་རྒྱལ་བ་ཡིས། ཞེས ་བྱ་བ་ལ་སོགས་པས་ནི་རྟེན་ཅིང་འབྱུང་བའི་བསྔགས་པ་བཤད་དོ།། རྟེན་ཅིང་འབྲེལ་པར་འབྱུང་བ་འདི་ནི་དེ་བཞིན་གཤེགས་པའི་གསུང་གིས་གཅེས་པར་གྱུར་པ་ཡིན་ཏེ། འདི་ལྟར་ག་ང་གིས་འདི་ལེགས་པར ་ཤེས་པ་དེས་དེ་བཞིན་གཤེགས་པའི་བསྟན་པ་ཡང་དག་པར་རྟོགས་པ་ཡིན་ནོ།། ཟབ་མོ་སྟེ་ཞེས་བྱ་བ་ནི་ཟབ་མོ་ཉིད་ཁོ་ན་སྟོན་པར་བྱེད་པ་ཡིན་ནོ།། གང་གིས་འདི་ནི་ཡང་དག་མཐོང་ཞེས་བྱ་བ་ལ་སོགས་པས་ནི ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཟག་པ་མེད་པའི་ཡེ་ཤེས་བླ་ན་མེད་པས་ཐུགསུ་ཆུད་པར་བྱ་བ་ཉིད་ཀྱི་ཟབ་པ་ཉིད་དུ་སྟོན་པ་ཡིན་ནོ།། རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པས་དེ་ཤེས་ན། རྟེན་ཅིང་འབྲེལ་པར ་འབྱུང་བ་ཟབ་པ་ཉིད་དུ་བཤད་པ་ཡིན་ཏེ། ཇི་སྐད་དུ་དགེ་སློང་དག་གང་གིས་སཱ་ལུའི་ལྡང་བ་འདི་ཤེས་པ་དེས་རྟེན་ཅིང་འབྲལ་པར་འབྱུང་བ་ཤེས་སོ།། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་བ་ཤེས་པ་དེས་ཆོས ་ཤེས་སོ།། གང་གིས་ཆོས་ཤེས་པ་དེས་སངས་རྒྱས་ཤེས་སོ།། ཞེས་གསུངས་པ་ལྟ་བུ་ཡིན་ནོ།། ཡང་ན་གང་གི་འདི་ནི་ཡང་དག་མཐོང་ཞེས་བྱ་བ་ལ་སྩོགས་པས་ནི་རྒྱལ་བའི་གསུང་གི་མཛོད་ཀྱི ་གཅེས་པ་ཉིད་སྟོན་པར་བྱེད་དོ།། ཟབ་པ་ཉིད་ནི་རང་གིས་མ་བྱས་པ་དང་། གཞན་གྱིས་མ་བྱས་པ་དང་། གཉི་གས་མ་ཡིན་པ་དང་། རྒྱུ་མེད་པ་ལས་བྱུང་བ་མ་ཡིན་པ་ཉིད་ཀྱི་ཕྱིར་རིག་པར་བྱའོ།། འདི་ལྟར་རང་ལས་ཀྱང་མི ་སྐྱེ། གཞན་ལས་ཀྱང་མཽ་ཡིན། གཉི་ག་ལས་ཀྱང་མ་ཡིན། རྒྱུ་མེད་པ་ལས་ཀྱང་མི་བྱའི། འོན་ཀྱང་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཏེ། ལྷག་མ་རྣམས་ཀྱང་དེ་དང་འདྲའོ།། རྣམ་པ་གཅིག་ཏུ་ན་མ་རིག་པ་ཡང་འདི ་སྙོམ་དུ་བདག་གིས་འདུ་བྱེད་རྣམས་བསྐྱེད་པར་བྱའོ་སྙམ་དུ་མི་སེམས། འདུ་བྱེད་རྣམས་ཀྱང་འདི་སྙམ་དུ་བདག་ཅག་ནི་མ་རིག་པས་བསྐྱེད་པའོ་སྙམ་དུ་མི་སེམས་ལ། མ་རིག་པ་མེད་པ་ཡང་འདུ་བྱེད་རྣམས་འབྱུང ་བར་མི་འགྱུར། བྱ་བ་ཡང་སྟོན་ལ་བྱེད་པ་པོ་ནི་མི་དམིགས་ཏེ། དེ་ལྟར་ན་རྟེན་ཅིང་འབྲེལ་བྱར་འབྱུང་བ་ཟབ་པ་ཉིད་དུ་རིག་བྱར་བྱའོ།། དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པས་འཕགས་པའི་བདེན་པ་བཞི ་ལ་དམིགས་པའི་ལམ་བསྒོམ་པར་ནུས་སོ་ཞེས་བསྟན་པའི་ཕྱིར། ཡང་དག་ལྟ་དང་འཚོ་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། དེ་ལ་ཡང་དག་པའི་ལྟ་བ་ནི་ཟག་པ་མེད་པའི་ཤེས་རབ་བོ།། ཡང་དག་པའི་འཚོ་བ ་ནི་ཁ་གསག་དང་ལོག་པའི་འཚོ་བ་སྤངས་པའོ།། ཡང་དག་པའི་རྩོལ་བ་ནི་བརྩོན་འགྲུས་ཏེ། དེ་ཡང་ཡང་དག་པར་སྤོང་བ་བཞིའོ།། ཡང་དག་པའི་དྲན་པ་ནི་དམིགས་པ་བརྗེད་པའོ།། དེ་ཡང་དྲན་པ་ཉེ་བར་གཞག་པ་བཞི་པོ་ལུས ་དང་ཚོར་བ་དང་སེམས་དང་ཆོས་ལ་དམིགས་པ་རྣམས་ཡིན་ཏེ། དྲན་པ་ཉེ་བར་འཇོག་པ་དྲན་པ་ཉེ་བར་གཞག་པ་ཡིན་པས་སོ།། གང་དག་འདིས་དྲན་པ་ཉེ་བར་འཇོག་པས་ཤེས་འཆད་པ་དེ་དག་གིས་གཞུང་ལུགས་ཀྱིས་ནི་དྲན ་པ་ཉེ་བར་གཞུག་པ་ཤེས་རབ་ཡིན་ནོ།། ཡང་དག་པ་རྭ་ཏིང་ངེ་འཛིན་བསམ་གཏན་བཞིའོ།། ཡང་དག་པའི་ངག་ནི་ངག་གི་དགེ་བའི་ལས་ཀྱི་ལམ་བཞིའོ།། ཡང་དག་པའི་ལས་ཀྱི་མཐའ་ནི་ལུས་ཀྱི་མཐའ་དགེ་བའི་ལས་ཀྱི་ལམ་སྤོང ་བའི་རང་བཞིན་གསུམ་མོ།། ཡང་དག་པའི་རྟོག་པ་ནི་གནོད་སེམས་མེད་པའི་རྟོག་པ་དང་། ངེས་པར་འབྱུང་བའི་རྟོག་པ་ཞེས་བྱ་བ་ལ་སོགས་པ་སྟེ། དགེ་བའི་རྟོག་པ་རྣམ་པ་དུ་མ་ནི་ཡང་དག་པའི་རྟོག་པའོ།། འཕགས་པའི ་ལམ་གྱི་ཡན་ལག་བརྒྱད་པོ་འདི་ནི་ཞེས་བྱར་བགྱི་བྱའི་སླད་དུ་སྟེ། མྱ་ངན་ལས་འདས་པར་བྱ་བའི་ཕྱིར་བསྒོམ་པར་བགྱིའོ།། ང་ནི་འཕགས་པའི་ལམ་འདིའི་དམིགས་པར་གྱུར་པ། འཕགས་པའི་བདེན་པ་བཞི་བསྟན་པའི ་ཕྱིར། སྐྱེ་འདི་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། བཞི་གང་ཞེ་ན་འདི་ལྟ་སྟེ། སྡུག་བསྔལ་གྱི་བདེན་པ་དང་། ཀུན་འབྱུང་བའི་བདེན་པ་དང་། འགོག་པའི་བདེན་པ་དང་། ལམ་གྱི་བདེན་པའོ།། སྡུག་བསྔལ་གྱི་བདེན་པ ་གངྒཱ་བྱཱཊྚ། བྷུ་བ་སྡུག་བསྔལ་ས་པ་སྨོས་ཏེ། སྣ་ན་བར་ལེན་བུའི་ཕུང་བློ་ལྔ་སྡུག་བསྔལ་བའོ།། ནས་འབྱུང་བ་ཧྲཱི་ར་ཡིན་པ་པོ་ལྔ་མཚན་ཉིད་སྒྱུ་བ་གྲུང་མད ་དེདོ་ནི་སྡུག་བསྔལ་གྱི་བདེན་པ་ཡིན་ནོ།། ཧཱུ~ཾ་བ་ཡིད་འདི་བྱེད་ཀྱི་རྫུ་བཎྜལ་ཡིན་པར་རིག་པར་བྱེསྟེ། དེ་ཉིད་ལས་དགོངས་ནས་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བརྩམ་པའི་ཞེས་བ་ཤ་།། མདོ་ལ་པ་ནི་སྐྱེ་རྫུ ་བ་མོཾ་བྷ་ཞེས་བྱ་བ་ལ་སོགས་བྱས་བསྟོན་པ་མཛད་དོ།། ཀུན་བྱུང་བའི་བདེན་པ་གང་ཞེནྟུ། སྤྱོད་པ་ཞེས་བགྱི་བ་ནི་དེའི་ཀུན་འབྱུང་རྒྱུ་རིན་པོ་ཞེས་བྱ་བ་སྨོས་སོ།། སྨང་འ་ཇུ་བ་ངྒ་ཥྚ། དགའ་འད ་དང་ལྷུན་ཅིག་པོ། དེ་དང་དེར་མངོན་པར་དགའ་བ་གང་ཡིན་པ་འདི་འདི་ལྟ་སྟེའདོད་པའི་སྐྱེད་པ་དང་། འབྱུང་བའི་སྲེད་པ་དང་། འཇོག་པའི་སྲེད་པ་དང་ཞེས་འབྱུང་བའི་ཕྱིར་རོ།། དེ་ཡི་ཞེས་བྱ་བ་ནི་སྡུག ་དེ་ལ་སྡུག་པ་ཀླུམྦྷ་བྱུང་བས་ཧཱ། སྙུ་འ། འ་། ན་གྱི་ས་སྦྱིན་བྱེད་པའི་དམིགས་པ་སྣང་བ་ཉིད་དུ་ན་ཏོ།། སྟོན་ན་པོ་ཉིད ་ན་ལ་འ་ཚུས་བཞིས་ག་ཡང་ཟིན་པ་། ས་འགྲོ་ཛད་ཚོག་ས་ཡུན་གྱི་ནས་རྐྱེན་ཡང་བ་བདི་ད་ཅིན་ནི ་མངོན་པར་དགའ་བ་ཞེས་བྱ་བ་ནི། ཡང་སྲིད་པ་ལ་དམིགས་པ་ཉིད་དུ་སྟོན་པར་བྱེད་དོ།། འདོད་པའི་སྲེད་པ་ཞེས་བྱ་བ་ནི་འདོད་པའི་ཁམས་ལ་དམིགས་པའོ།། འབྱུང་བའི་སད་པ་ཞེས་བྱ་བ་ནི་གཟུགས་དང་གཟུགས་མེད་པའི་ཁམས ་ལ་དམིགས་པའོ།། འཇིག་པའི་སྲེད་པ་ཞེས་བྱ་བ་ནི་བདག་ཉིད་མེད་པར་དམིགས་པའོ།། འགོག་པའི་བདེན་པ་གང་ཞེ་ན། འདི་འགོག་པ་ནི་ཐར་པ་ལགས་ཞེས་བྱ་བ་སྨོས་ཏེ། ཀུན་འབྱུང་བ་འདི་འགོག་པ་གང་ཡིན་པ་དེ་ནི་ཐར་བྱ ་ཡིན།། དེ་ནི་འགོག་པའི་བདེན་པ་ཡིན་པར་རིག་པར་བྱའོ་ཞེས་བྱ་བའོ་ཐ་ཚིག་སྟེ། སྲེད་པ་ཉིད་གཏན་འགོག་པ་དང་། རྣམ་པར་ཞི་བ་གང་ཡིན་པ་ཞེས་འབྱུང་བའི་ཕྱིར་རོ།། དེ་ལྟ་བས་ན་འདིར་སྲེད་པ་ཟད་པ་མྱ་ངན་ལས་འདས་པ་ཡིནོ།། ་ཞེས་སྟོན་པས་ནི་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་སྟོན་ཏོ།། ལམ་གྱི་བདེན་པ་གང་ཞེ་ན། དེ་འཐོབ་བམ། འཕགས་པའི་ཡན་ལག་དེ་བརྒྱད་ལགས་ཞེས་བྱ་བ་སྨོས་ཏེ། མྱ་ངན་ལས་འདས་པ་འཐོབ་པར་བྱེད ་བྱའི་ལམ་གྱི་བདེན་པ་ནི་གང་འཕགས་པའི་ལམ་ཡན་ལག་བརྒྱད་པ་བཤདདྭ་མ་ཐག་པ་དེ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། དེ་ལྟར་འཕགས་པའི་བདེན་པ་བཞི་པོ་དག་ཅེས་བྱ་བ་ལྔ་སོགས་པ་ནི་མྱ་ངན་ལས་འདས་པ་ཐོབ་པར་བྱ་བ་ལ ་སྦྱོར་བར་བྱེད་དོ།། དེ་ལྟར་ཞེས་བྱ་བ་ནི་དེ་ལྟར་ལམ་བསྒོམ་པ་ཇི་སྐད་བཤད་པའི་རྣམ་པས་རྟག་ཏུ་དུས་ཐམས་ཅད་དུ་བརྩོན་པར་བྱ་བ་ཡིན་ནོ།། ད་ཅིའི་ཕྱིར་ཞེ་ན། འཕགས་པའི་བདེན་པ་བཞི་ཕོ་དག། མཐོང་བར་བགྱི་སླད་དོ།། འཕགས ་པའི་བདྲེན་པ་བཞི་མཐོང་བར་བྱ་བའི་དོན་དུའོ།། འཕགས་པ་རྣམས་ཀྱི་བདྲེན་པ་གང་དག་ཡིན་པས་ན། འཕགས་པའི་བདེན་པ་སྟེ། འདི་དག་ནི་འཕགས་པའི་རྒྱུན་ཏུ་ཞུགས་པ་ལ་སོགས་པས་བདེན་པ་ཉིད་དུ་གཟིགས ་པའི་ཕྱིར་རོ།། བདག་ཅག་ཁྱིམ་པ་རྒྱལ་སྲིད་ལ་གནས་པ་རྣམས་ཀྱིས་ཇི་ལྟར་འཕགས་པའི་བདེན་པ་བཞི་མཐོང་བར་ནུས་ཤེ་ན། པང་ན་དཔལ་གནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྐད་དུ་བཤད་པ་ཡིན་ཏེ། ཁྱིམ་བྱ་རྒྱལ ་སྲིད་ལོ་གནས་པ་གཟུགས་ཅན་སྙིང་པོ་ལ་སོགས་པས་ཀྱང་འཕགས་པའི་བདེན་པ་བཞི་ཤེས་པས་ཉོན་མོངས་པའི་ཆུ་བོ་ལས་རྒལ་བར་བྱས་པས། དེ་བས་ན་ཁྱོད་ཀྱང་འབད་པར་བྱོས་ཤིག་ཅེས་བྱ་བའི་དོན་ཏེ།། གང་དྲག་ཆོ་སོ་མངོན ་བགྱིས་པ་དེ་དག་ཀྱང་ཞེས་བྱ་བ་ལ་སོགས་པས་ནི་འཕགས་པའི་རྩལ་བསྒྲུབ་པར་བྱ་བ་ཉིད་དུ་སྟོན་པར་བྱེད་དོ།། དེ་དག་ཀྱང་གནམ་ལས་བཕོས་པར་མ་ལེགས་ཞེས་བྱ་བ་ནི་དེ་དག་དང་པོ་ཉིད་ནས་ཤེས་པ་ཡོངསུ་གྲུབ་ཟིན་པ་ཞིག་ལས ་འདིར་ལྷགས་པ་མ་ཡིན་པའོ།། ལོ་ཏོག་བཞིན་ས་རུམ་ཐོན་མ་ལཤས་ཞེས་བྱ་བ་ནི་སྐྱེས་བུའི་རྩིལ་མོད་པར་གྱི་ན་ལོ་ཏོག་བཞིན་མཐོན་པ་མ་ཡིན་པའོ།། འོ་ན་ཅི་ཞེ་ན། སོ་སོའི་སྐྱེ་བོ་ཡིན་པ་ལས་འབད་དེ། དགེ་བའི་བ་ཤེས ་གཉེན་ལ་བརྟེན་ནས་ཉོན་མོངས་པའི་ཆུ་བོ་ལས་རྒལ་བར་ཟད་དེ། དེ་ལྟ་བས་ནི་སྐྲག་པར་མ་བྱེད་ཅིག་སྙམ་དུ་དགོངས་པ་ཡིན་ནོ།། ད་ནི་བསྙེངས་དང་བྲལ་བར་མང་དུ་གསོལ་ཅི་འཚལ་ཞེས་བྱ་བ་ལ་སོགས་པས་མདོར་བསྡུས ་ནས་འདོམས་པར་བྱེད་དེ། བསྙེངས་དང་བྲལ་བ་ཞེས་བྱ་བ་ནི་བོད་པའོ།། ཕན་པའི་གདམས་ངག་དྲོན་པོ་འདི་ལགས་སོ་ཞེས་བྱ་བའི་ཕན་པ་ནི་གདམས་ངག་ཅེས་པ་ཞེས་བྱ་བའི་ཐ་ཚིག་གོ།། དེ་ཡང་གང་ཞེ་ན། ཁྱོད་ཀྱིས་ཐུ ་དུལ་མཛོད་ཅིག་ཅེས་བྱ་བ་སྨོས་ཏེ། ཁྱོད་ཀྱིས་སེམས་མྱི་དགེ་བའི་གནས་ནས་བསླང་སྟེ་དགེ་བ་ལ་ཞོག་ཅིག་ཅེས་བྱ་བའི་དོན་ཏོ།། ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཀྱིས་སེམས་ནི་ཆོས་ཀྱི་རྩ་བ་ལགས་པར་གསུངས་ཞེས་བྱ་བ ་སྨོས་སོ།། ནི་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ།། གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་དགེ་བའི་ཆོས་ཐམས་ཅད་ཀྱི་རྩ་བ་སེམས་ཡིན་པར་བསྟན་པ་དེའི་ཕྱིར་ཁྱོད་ཀྱིས་སེམས་དུལ་བར་བྱ་སྟེ། ཡིད་ནི་ཆོས་རྣམས ་ཀྱིས་སྔོན་དུ་འགྲོ་བའོ་ཞེས་འབྱུང་བའི་ཕྱིར་རོ།། དེ་ལྟ་བས་ན་བསྡུས་པའི་དོནྡ་ནི་རབ་ཏུ་དང་བྲས་ནི་བདེ་བ་ཐམས་ཅད་འཐོབ་པར་འགྱུར་ལ། ཡིད་རབ་ཏུ་འཁྲུགས་པས་ནི་སྡུག་བསྔལ་ཐམས་ཅད་འཐོབ་པོར་འགྱུརརོ་ཞེས་བྱ་བ་ཡིནོ།། ། ་ཁྱོད་ལ་དེ་སྐད་གདམས་པ་གང་ལགས་ཏེ་ཞེས་བྱ་བ་ལ་སོགས་པས་ནི་འདི་སྐད་དུ་སྟོན་ཏེ། བདག་གིས་ཆོས་ཇི་སྙེད་བསྟན་པ་ཐམས་ཅད་བསྒྲུབས་པས་ཀྱང་དེ་བཞིན་གཤེགས་པའི་བསྟན་པ་ལ་གནས་པར་འགྱུར་བ་ནི་མ་ཡིན ་ནོ།། འོན་ཀྱང་ཕྱོགས་གཅིག་བསྒྲུབས་པས་ཀྱང་གནོས་པ་མ་ཡིན་ཏེ། འདི་ལྟར་དེ་ཐམས་ཅད་ནི་དགེ་སློང་ཁྱིམ་ན་གནས་པ་ཡོངསུ་བོར་བ་རྣམས་ཀྱི་བསྒྲུབས་པར་དཀའ་ན་ཁྱིམ་པ་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟ་བས་ན ་འདིའི་ནང་ནས། གང་ཞིག་ནུས་པའི་ངོ་བོ་དེའི་ཡོན་ཏན་བསྟན་ཅིང་བསྒྲུབས་པས་ཚེ་དོན་ཡོད་པར་གྱིས་ཤིག་དང་། དེ་ཉིད་ཆོས་ཐམས་ཅད་འཐོབ་པའི་རྒྱུར་འགྱུར་རོ།། སྙམ་དུ་དགོངས་པ་ཡིན་ནོ།། དེ ་ལྟར་ཆོས་བསྟན་པས་སེམས་མགུ་བར་བྱས་ནས། ཐེག་པ་ཆེན་པོ་ལ་གཞུག་པར་བཞེད་དེ། ཀུན་གྱི་དགེ་བ་ཀུན་ལ་ཡི་རང་ཞིང་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། འཇིག་རྟེ་ནྡ་ན་དགེ་བ་གང་ཅུང་ཟད་ཟག་པ་དང་བཅས ་བུ་དང་དུ་ཟག་པ་མེད་པ་དང་། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཇི་སྙེད་ཡོད་པ་དེ་དྲག་ཐམས་ཅད་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཇི་ལྟར་ཐུགས་སུ་ཆུད་པ། དེ་བཞིན་དུ་བདག་གིས་ཀྱང་རྗེ་སུ་ཡི་རང་བ་བླ་ན ་མེད་པ་རྗེ་སུ་ཡི་རང་ངོ་།། ཞེས་བྱ་བ་ལ་སོགས་པས། ཚིག་ཏུ་བཏོན་པསཱ་རྗེ་སུ་ཡི་རང་བར་བྱ་ཞིང་དགེ་བའི་རྩ་བ་འདིས་བདག་མགོན་མེད་པ་རྣམས་ཀྱི་མགོན། སྐྱབས་མེད་པ་རྣམས་ཀྱི་སྐྱབས། དཔུང་གཉེན་མེད་པ་རྣམ ་ཀྱི་དཔུང་གཉེན། གནས་མེད་པ་རྣམས་ཀྱི་གནས། སངས་རྒྱས་སུ་གྱུར་ཅིག་ཅེས། ཉིད་ཀྱིས་ལེགས་པར་སྤྱད་པ་རྣམ་གསུམ་ཡང་།། སངས་རྒྱས་ཉིད་ཐོབ་བགྱི་སླད་ཡོངས་བསྔོས་ནས།། དེ་ནས་རྗེ་སུ་ཡཱ་རང་བ་དང་། ཡོང་སུ ་བསྔོས་པ་ལས་བྱུང་བའི་དགེ་བའི་ཕུང་པོ་འདི་ཡིས་ཁྱོད། སྐུ་ཚེ་དཔག་ཏུ་མེད་པ་མཛོད་ཅེས་བྱ་བ་འཆད་པརོ་འགྱུར་པ་དང་སྦྱོར་རོ།། རིམ་པ་གང་གིས་ཤེ་ན་སྐྱེ་བ་དཔག་ཏུ་མེད་པར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེ་བ ་ཚད་མེད་པ་དག་ཏུ་མཛད་ནས། ཅི་ཞིག་མཛད་ཅེ་ན། ལྷ་དང་མིའི་འཇིག་རྟེན་ཀུན་གྱི་རྣལ་འབྱོར་དབང་མཛད་ནས་ཞེས་བྱ་བ་སྨོས་ཏེ། ལྷ་ཡི་འཇི་གརྟེན་དང་མི་ཡི་འཇིག་རྟེན་ཐམས་ཅད་དུ་རྣལ་འབྱོར་གྱི་དབང་ཕྱུག་མཛད་ཅིང་བྱང་ཆུབ ་སེམས་དཔའི་ཏིང་འཛིན་གྱི་ཆེ་བའི་བདག་ཉིད་ཀྱི་ཁམས་གསུམ་གྱི་དབང་པོ་བརྙེས་ནས་སོ།། གཞན་ཡང་འཕགས་པ་སྤྱན་རས་གཟིགས་དབང་སྤྱོད་པ་ཡིས།། སྐྱེ་བོ་ཉམ་ཐག་མང་པོ་རྗེས་གཟུང་སྟེ།། ཇི་ལྟར་བཅོམ་ལྡན་འདས་འཕགས། ་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཐུགས་རྗེས་བརླན་པའི་ཐུགས་ཟླས་ཀྱི་སེམས་ཅན་རྣམ་པ་དུ་མ་སངྒ་དང་། གླང་པོ་ཆེ་དང་། སྦྲུལ་དང་། མེ་དང་། ཆོམ་རྐུན་དང་། བཅིངས་པ་དང་། ཆུ་དང་། རྒྱལ་པོ་དག་ལས་བསྐྱབས་པ་དེ ་བཞིན་དུ་ཁྱོད་ཀྱིས་ཀྱང་དེ་ཁོ་ནའི་ཚུལ་དུ་སེམས་ཅན་ཉམ་ཐག་པ་རྣམས་རྗེསུ་གཟུང་ནས་སོ།། དེ་ལྟ་བས་ན་འདིར་སྔ་མས་ནི་སངས་རྒྱས་ཀྱིས་ཆོས་ཡོངསུ་སྨིན་པ་བཤད་ལ་ཕྱི་མས་ནི་སེམས་ཅན་ཡོངསུ་སྨིན་པར་བཤད་དོ།། ། ་དེ་ལྟར་ཚོགས་ཡོངསུ་རྫོགས་པ་སྲིད་པ་ཐ་མར་འཁྲུངས་ནས། ནད་ལ་སོགས་པའི་ཆོས་རྣམས་སྤངས་ཏེ། འཇིག་རྟེན་རྣམས་ཀྱིས་མགོན་པོ་མཛོད་ཅིག། གང་དུ་ཞེ་ན། སངས་རྒྱས་ཀྱི་ཞིང་ཇི་ལྟར་ཡོངསུ་སྦྱངས་པར་རོ།། ཁྱད ་པར་ཇི་ལྟ་བུ་ཅན་ཞིག་ཅེ་ན། སྐུ་ཚེ་དཔག་ཏུ་མེད་པ་སྟེ། བདེ་བ་ཅན་ན་བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཇི་འདྲ་བ་དེ་འདྲ་བར་སངས་རྒྱས་པར་གྱིས་ཤིག་ཅེས་བྱ་བའི་ཐ་ཚིག་གོ། ཡང་ན་ནད་ལ་སོགས་པ་བསལ་ཏེ། སངས ་རྒྱས་ཞིང་དུ་ཞེས་བྱ་བ་སངས་རྒྱས་ཀྱི་ཞིང་ཡོངསུ་སྦྱངས་ནས་ཞེས་བྱ་བ་ཡིན་ཏེ། དེ་ལྟར་ཡོངསུ་སྦྱངས་ནུས་སངས་རྒྱས་ཀྱི་ཞིང་དེར་འཁྲུངས་པ་དང་སྲིད་པ་ཐ་མ་ལ་མགོན་པོ་མཛོད་ཅིག་ཅེས་བྱ་བ་ཡིན་ནོ།། ། ་ཤེས་རབ་ཚུལ་ཁྲིམས་ཞེས་བྱ་པཱ་ལ་སོགས་པས་ནི། འདི་སྐད་དུ། དེ་ལྟར་སངས་རྒྱསོ་ཉིད་ཐོབ་ནས་དུས་ཅི་དྲན་ཞིག་སེམས་ཅན་གྱི་དོན་མཐའ་ཡས་པ་མཛད་དེ། སངས་རྒྱས་ཀྱི་ཡོངསུ་མྱ་ངན་ལས་འདས་པས་མྱ ་ངན་ལས་འདས་པ་ཐོབ་པར་གྱིས་ཤིག་ཅེས་སྟོན་པར་བྱེད་དོ།། དེ་ལ་ཤེས་རབ་ཚུལ་ཁྲིམས་གཏོང་བྱུང་གྲགས་ཆེན་ཞེས་བྱ་བར་སྦྱར་ཏེ། འདི་ལྟར་བཅོམ་ལྡན་འདས་དུ་ནི་ཤེས་རབ་ཕུན་སུམ་ཚོགས་པ་སྟེ། ངེས་པར་འབྱེད་པའི་ཤེས ་རབ་དང་ལྡན་པའོ།། འདི་ལྟར་དེ་ནི་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་སྟེ། མ་ཉམས་པ་ལ་སྩོགས་པའི་ཡོན་ཏནྡ་དང་ལྡན་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་བླ་ན་མེད་པ་དང་ལྡན་པའོ།། འདི་ལྟར་བཅོམ་ལྡན་འདས་དེ་ནི་གཏོང ་བ་ཕུན་སུམ་ཚོགས་པ་ཐམས་ཅད་གཏོང་བའོ།། ཞེས་དེ་ལྟར་ཡོན་ཏན་ལ་དགའ་བའི་སྐྱེ་བོས་དགའ་བར་བྱ་བའི་ཡིད་ཀྱི་མངོན་པར་དགའ་བར་བྱ་བའི་གྲགས་པ་ཆེནྡ་པོ་རྒྱསྣ་པར་མཛོད་ཅིག། སྤེལ་ནས་སོ།། དྲི་མ་མེད ་ཅེས་སྨོས་པས་ནི་ཡོན་ཏན་རྣམས་དང་ཟླ་མེད་པ་ཉིད་དུ་སྟོན་ཏོ།། ཡང་གང་དུ་རྒྱ་བསྐྱེད་ཅེ་ན་སྨྲས་པ། ལྷ་ཡུལ་མཐོ་རིས་དང་། ན་མཁའ་བར་སྣང་དང་། ས་སྟེང་དང་། མིའི་འཇིག་རྟེན་དུའོ།། གཞན་ཡང་མིའི་འཇིག་རྟེན ་གྱི་ས་ལ་མི་དང་མཐོ་རིས་ནི་ལྷ་རྣམས་ངེས་པར་རབ་ཏུ་ཞི་བར་མཛད་དེ། ཞེས་བྱ་བར་སྦྱར་རོ།། ཁྱད་པར་ཇི་ལྟ་བུ་ཅན་དག་ཅིག་ཅེ་ན། ན་ཆུང་མཆོག་སྟེ་དགའ་བས་དགའ་བ་དག་སྟེ། ན་ཆུང་མཆོག་རྣམས་ཀྱི་བདེ་བའི་དགའ་བ ་ནི། ན་ཆུང་མཆོག་བདེ་དགའ་བའོ།། དེས་དགའ་བ་དག་སྟེ། ད་ལྟར་རབ་ཏུ་མྱོས་པའི་མ་དང་ལྷ་རྣམས་རབ་ཏུ་ཞི་བར་མཛད་ནས་ཞེས་བྱ་བ་སྟེ་ཚུལ་ཁྲིམས་ལ་སོགས་པ་ལ་བཀོད་ནས་སོ།། ངེས་པར་ཞེས་སྨོས་པས་ནི ་འཕགས་པའི་ཆོས་ལ་དགོད་པར་སྟོན་ཏོ།། དེ་ཉིད་ཀྱི་ཕྱིར་ལྷ་དང་མི་རྣམས་ཏེ། དེ་དག་ཁོ་ན་འཕགས་པའི་ཆོས་ཀྱི་སྣོད་ཡིན་པའི་ཕྱིར་རོ།། དེ་ལྟ་མ་ཡིན་ན་ལྷ་མ་ཡིན་རྣམས་ཀྱང་ན་ཆུད་མཆོག་གི་བདེ་བའི་དགའ་བས ་དགའ་བ་ཡིན་ནོ།། དེ་ལྟར་འཇིག་རྟེན་དུ་གྲགས་པ་རྒྱནོ་པོ་ཡང་རྒྱས་པར་མཛད། ལྷ་དང་མི་རྣམས་ཀྱི་དོན་ཡང་མཛད་ནས་སོ།། ཉོན་མོངས་ཉམས་ཐག་སེམས་ཅན་ཚོགས་ཀྱི་འཇིག་སྐྱེ་དང་། འཆི་བཞི་མཛད་རྒྱལ ་བའི་དབང་པོ་ཉིད་བརྙེས་ནས།། ཞེས་བྱ་བ་འདིས་ནི་དང་པོ་ཁོ་ནར་རིག་པར་བྱ་སྟེ། འདིར་ཚིག་གི་གོ་རིམས་སྦྱར་བ་ནི་རྒྱལ་པོའི་དབང་པོ་དེ་ལྟ་བུ་བརྙེས་ནས་གྲགས་པ་ཆེན་པོ་ཡང་རྒྱས་པར་མཛད། ལྷ་དང་མི་རྣམས ་ཀྱང་རབ་ཏུ་ཞི་བར་མཛད་དེ། མྱ་ངན་ལས་འདས་པ་ཐོབ་པར་མཛོད་ཅིག་ཅེས་བྱ་བ་འདི་ཡིན་ནོ།། དེ་ལ་ཉོན་མོངས་ཉམ་ཐག་ཅེས་བྱ་བ་ནི་སེམས་ཅན་ཉོན་མོངས་པས་གཟིར་བ་མང་པོའི་འོ།། འཇིགས་པ་དང ་སྐྱེ་བ་དང་འཆི་བ་ནི། འཇིགས་སྐྱེ་དང་འཆི་བ་སྟེ། གང་ལ་དེ་དག་ཞི་བར་བྱེད་པའི་ངང་ཚུལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། འདིར་ཡང་འཇིགས་པ་ནི་འཇིག་ཚོགས་ལ་ལྟ་བས་བྱས་པ་ཡིན་ནོ།། ། ་སྐྱེ་བ་ནི་མི་ཤེས་པ་དང་ལས་དང་། སྲེད་པ་ལས་རབ་ཏུ་སྐྱེ་བ་ཡིན་ནོ།། འཆི་བ་ནི་ཁ་ཅིག་ལས་ཟད་པ་ལས་སོ།། ལ་ལ་ནི་ཁ་ཅིག་ཚེ་ཟད་པ་ལས་སོ།། ལྔ་ལ་ནི་ཡང་པ་མ་སྤངས་པ་ལས་ཏེ་རྣམ་པོ་གསུམ་དུ་རིག ་པར་བྱའོ།། སངས་རྒྱས་ཉིད་ཀྱིས་ནི་སེམས་ཅན་རྣམས་ཀྱིས་དེ་དག་ཐམས་ཅད་སེལ་ལོ།། འཇིག་རྟེན་ལས་འདས་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་ནི་མྱ་ངན་ལས་འདས་པའི་ཁྱད་པར་ཡིན་ནོ།། དེ་ལ་འཇིག ་རྟེན་ལོས་འདས་ཞེས་བྱ་བ་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདྲེས་པའི་དབྱིངས་སུ་འཇིག་རྟེན་ཟད་པས་རབ་ཏུ་ཕྱེ་བའི་ཕྱིར་རོ།། ཕུང་པོའི་ལྷག་མ་དང་བཅས་པ་ཨང་འཇིག་རྟེན་པའི་སེམས་ཀྱིས་རིག་པར་བྱ་བ ་མ་ཡིན་པ་ཉིད་ཀྱིས་འཇིག་རྟེན་ལས་འདས་པ་ནི་ཡིན་ན་དེ་ནི་འདིར་མི་བཟུང་སྟེ།། སངས་རྒྱས་ཀྱིས་བསྡུས་པའི་ཕྱིར་རོ།། མིང་ཙམ་ཞེས་བྱ་བ་ནི་དངོས་པོ་ཉིད་ལས་སེལ་བ་ཡིན་ཏེ། མདོ་ལས་ལྔ་པོ ་འདི་དག་ནི་མིང་ཙམ་སྟེ་འདས་པ་དང་མ་འོངས་པ་དང་མྱ་ངན་ལས་འདས་པ་དང་སོ་སོར་མ་བརྟགས་པར་འགོག་པ་དང་གང་ཟག་གོ་ཞེས་འབྱུང་བའི་ཕྱིར་རོ།། ཞི་བ་ནི་འཁོར་བའི་གནོད་པ་མེད་པའི ་ཕྱིར་རོ།། མི་བསྙེངས་པ་ནི་དེ་ལ་འཇིགས་པར་བྱ་བ་དང་འཇིགས་པ་དག་མེད་པའི་ཕྱིར་རོ།། མི་བགྲེས་པ་ནི་ཟད་མི་ཤེས་པའི་ཕྱིར་རོ།། ནོངས་པ་མི་མངའ་བ་ནི་རྟག་པའི་ཕྱིར་ཏེ། ་ཕུང་པོ་ལྕུག་མྦྷ་མྱེད་པའི་མྱ་དུནྟ་ལས་འདས་པའི་དབྱིངས་ཀྱི་གོ་འཕང་དེ་ལྟ་བུ་བརྙེས་པར་མཛོད་ཅིག་ཅེས་བྱ་བའི་ཐ་ཚིག་གོ།། བཤེས་པའི་ཕྲིན་ཡིག་གི་རྒྱུ་ཆེར་བཤད་པ་ཚིག་གསལྔ་བ་ཞེས ་བཱ། སློབ་དཔོན་བློ་གྲོས་ཚོནྡ་པས་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་སརྦ་དྷཱ་དེ་བ་དང་། ཐེ་ཆེན་གྱི་ལོ་ཙ་བ་བན་དེ་དཔལ་བརྩེགས་ཀྱིས་བསྐུར ་ཆིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། ་