CLOSE WINDOW

GT3691: dri ma med pa rin po che'i phrin yig
Wyliee-texts produced with BDRC’s OCR application

གིསོ་བསྒྱུར་ཅིང་ཞུས་ཏཱི་གཏན་ལ་ཕབ་པའོ།། རྒྱ་གར་སྤྱད་དུ། བྲི་མ་ལ་རཏ་ན་ལེ་ཁ་ནཱ་མ། བོད་སྐད་དུ། དྲི་མ་མེད་པ་རིན་པོ་ཆེའི་ཕྲིན་ཡིག་ཅེས་བྱག་ཟ་ནས་སུ ་བློལ་མམ་བྱོན་ཨོཾ། ཏྣ་གྷཱ་ཏིར་ཧཱུཾ་བསྣམས་ནས།། སངས་རྒྱས་བསྟན་པ་འཕེལ་མཛད་ཅིང་།། རྒྱལ་སྲིད་ཆོས་ཀྱིས་སྐྱོང་མཛད་པ།། ནིརཱ་ཡཾ་ཕ་ལ་རྒྱལ་གྱུར་ཅིག། ཁྱོད་ཀྱིས་སྔོན་ཆད་སྦྱིན་པ་དང་།། དགེ་བོ་བཅུ་དང་གསོ་སྦྱོང་དང་། ་བཟོད་དང་བརྩོན་འགྲུས་ལ་གོམས་པས།། ལྷ་ཁྱོད་ད་ལྟ་ཕུན་སུམ་ཚོགས།། བླ་མ་རྣམས་ཀྱི་བཀའ་ལུང་དང་།། མདོ་སོགས་ཆོས་ཀྱི་རྗེས་འབྲང་འདི།། གུས་པས་སྤྱི་བོས་བླང་མཛོད་དང་།། བདག་གཞན་གོཉིས་ལ་ཕན་པར ་འགྱུར་ཐེ་ཚོམ་ཐམས་ཅད་རྣམ་སྤང་ཞིང་།། སྨྲ་བོ་ལ་ནན་ཏན་ཆི་བར་མཛོད།། གཉིད་རྨུགས་ལེ་ལྷོ་རྣམ་སྦྱང་ཤིང་།། རྟག་ཏུ་བརྩོན་འགྲུས་འབར་བར་བྱ།། དྲན་དང་ཤོས་བཞིན་བག་ཡོད་པས།། དབང་པོའི་སྒོ་རྣམས་རྟག་ཏུ ་བསྲུང་ཉིན་མཚན་དུས་སུ་ཡང་དང་ཡང་།། སེམས་ཀྱི་རྒྱུད་ལ་བརྟག་པར་བྱ།། རང་སྐྱོན་རྟོག་ལ་མིག་བཞིན་བྱ།། གཞན་སྐྱོན་རྟོག་ལ་ལོང་བ་བཞིན།། དྲན་དང་ང་རྒྱལ་མེད་པ་དང་།། སྟོང་ཉིད་རྟག་ཏུ་བསྒོམ་པར་བྱ།། བདག་གི ་ཉེས་པ་བསྒྲག་བྱ་ཞིང་།། གཞན་གྱི་འཁྲུལ་པ་བཙལ་མི་བྱ།། གཞན་གྱི་ཡོན་ཏན་བསྒྲག་པར་བྱ།། བདག་གི་ཡོན་ཏན་སྔ་བྱར་བྱ།། རྙེད་དང་བཀུར་སྟི་སྤང་བྱ་ཞིང་།། ཁེ་གྲགས་རྟག་ཏུ་སྤང་བར་བྱ།། ་བྱམས་དང་སྙིང་རྗེ་བསྒོམ་བྱ་ཞིང་།། བྱང་ཆུབ་སེམས་ནི་བརྟན་པར་མཛོད།། མི་དགེ་བཅུ་ནི་སྤང་བྱ་ཞིང་།། རྟག་ཏུ་དད་པ་བརྟན་པར་བྱ།། འདོད་པ་ཆུང་ཞིང་ཆོ་ག་ཤེས་དང་།། བྱས་པ་དྲིན་དུ་གཟོ་བར་བྱ།། ཁྲོ་དང་ང་རྒྱལ་སྤང་བྱ་ཞིང་།། ་དམན་པའི་སེམས་དང་ལྡན་པར་བྱ།། ལོག་པའི་འཚོ་བ་རྣམ་སྤང་ཞིང་།། ཆོས་ཀྱི་འཚོ་བས་འཚོ་བོར་བྱ།། ཟང་ཟིང་ཐམས་ཅད་རྣམ་སྤང་ཞིང་།། འཕགས་པའི་ནོར་གྱིས་ཕྱུག་པོར་བྱ།། རྟག་ཏུ་འདུ་འཛི་སྤང་བྱ་ཞིང་།། དགོན་པ ་ལ་ནི་གནས་པར་བྱ།། འཁྱལ་པོའི་ཚིག་རྣམས་སྤང་བྱ་ཞིང་།། རྟག་ཏུ་ངག་ནི་བསྡམ་པར་བྱ།། བླ་མོ་མཁན་པོ་མཐོང་བའི་ཚེ།། གུས་པས་རིམ་གྲོ་བསྐྱེད་པར་བྱ།། ཁྱད་པར་ཅན་གྱི་སྐྱེས་བུ་དང་།། གང་ཟློག་ཆོས་ཀྱི་མིང་ཅན ་དང་། ལས་དང་པོ་ཡི་སེམས་ཅན་ལ།། སྟོན་པའི་འདུ་ཤེས་བསྐྱེད་པར་བྱ།། སྡུག་བསྔལ་དག་གིས་གདུངས་པ་དང་།། སེམས་ཅན་ཐམས་ཅད་མཐོང་བའི་ཚེ།། བྱང་ཆུབ་སེམས་ནི་བསྐྱེད་བྱ་སྟེ།། ཕ་མ་བུ་ཚའི་འདུ་ཤེས་བསྐྱེད།། ་འཇིག་རྟེན་བྱ་བ་ཀུན་སྤངས་ཏེ།། རྟག་ཏུ་ཏིང་འཛིན་བསྒོམ་པར་མཛོད།། སྡིག་པའི་གྲོགས་པོ་སྤང་བྱ་ཞིང་།། དགེ་བའི་བཤེས་ལ་བརྟེན་པར་མཛོད།། ཚུལ་ཁྲིམས་འཆལ་པའི་དགེ་སློང་དང་།། ཆོས་ཀྱི་ཕོངས་པ་གཞན་དག་དང་།། ་སྡིག་པ་སྤྱོད་པ་མཐོང་བའི་ཚེ།། དེ་དག་ཡུལ་བར་དོར་མི་བྱ།། མི་དགེའི་བཤེས་གཉེན་ཐམས་ཅད་དང་།། སྡིག་པའི་གྲོགས་པོ་ཐམས་ཅད་དང་།། དཀོན་མཆོགས་གསུམ་དྲང་བླ་མ་དང་།། མཁན་པོ་སློབ་དཔོན་མི་གུས ་དངོ་བྱས་པ་དྲིན་དུ་མི་གཟོ་དང་།། ཚེ་འདི་འབའ་ཞིག་དྲན་པ་དང་།། གཞན་ཡང་དུད་པ་ཆུང་བ་དང་།། ཞག་གསུམ་འདས་པར་གནས་མི་བྱ།། སྡང་དང་མི་བདེའི་ས་སྤང་ཞིང་།། གང་དུ་བདེ་བར་འགྲོ་བར་བྱ།། གང་ལ ་ཆགས་པོ་སྤང་བྱ་ཞིང་།། ཆགས་པ་མེད་པར་གནས་པར་བྱ།། ཆགས་པས་བདེ་འགྲོ་མི་ཐོབ་ཅིང་།། ཐར་པའི་སྲོག་ཀྱང་གཅོད་པར་བྱེད།། གང་དུ་དག་པའི་བཤེས་གནས་པ།། དེར་ནི་རྟག་ཏུ་གནས་པར་བྱ།། བླ་མ ་རྟག་ཏུ་བསྟེན་པ་དང་།། རྟག་ཏུ་མདོ་སྡེ་བལྟ་བར་བྱ།། ཐོག་མར་བརྩམས་པ་གང་ཡིན་པ།། དང་པོར་དེ་ཉིད་བསྒྲུབ་བྱ་ཞིང་།། གཞན་དུ་གཉི་གུ་འགྲུབ་མི་འགྱུར།། གཞན་དུ་སྡིག་པ་བཤགས་པ་དང་།། བསོད་ནམས ་མཆོག་ལ་འབད་པར་བྱ།། འཇིག་རྟེན་སྒྱིད་དང་མཐུན་པ་དང་།། རྟག་ཏུ་ཕ་རོལ་སེམས་བསྲུང་མཛོད།། གང་ཚེ་མ་ཐོ་བའི་སེམས་སྐྱེས་ཚེ།། དེ་ཚྭ་ང་རྒྱལ་བདག་བྱ་ཞིང་།། གང་དུ་བག་ཡོད་བྲལ་བའི་ཚེ།། བླ་མའི་གླང་མ ་ངག་དྲན་པར་བྱ།། ཞུམ་པའི་སེམས་ནི་བྱུང་བའི་ཚེ།། སེམས་ཀྱི་གཟངས་ཀྱང་བསྟོད་པར་བྱ།། ཤེས་རབ་ཕ་རོལ་ཕྱིན་དྲན་ཏེ།། སྤྲོས་པ་མ་ལུས་ཞི་བར་མཛད།། གོང་དུ་ཆགས་སྡེང་ཡུལ་བྱུང་ཚེ།། སྒྱུ་མ་སྤྲུལ་པ་བཞིན་དུ ་བལྟམི་སྙན་ཚིག་རྣམས་ཐོས་པའི་ཚེ།། བྲག་ཅ་ལྟ་བུར་མཁྱེན་པར་མཛོད།། ལུས་ལ་གནོད་པ་བྱུང་བའི་ཚེ།། སྔོན་གྱི་ལས་སུ་བལྟ་བར་བྱ།། བས་མཐའ་དགོན་པར་རབ་གནས་ཤིང་།། རི་དགས ་ཤི་བའི་རོ་བཞིན་དུ།། གང་དུ་སུས་ཀྱང་མི་ཤེས་པར།། བདག་གིས་བདག་ཉིད་སྦ་བར་བྱ།། རྟག་ཏུ་ཡི་དམ་བརྟན་པར་བྱ།། འདོད་དང་གནོད་སེམས་གཉིད་དང་རྨུགས།། ལ་ལོ་སྙོམས་ལས་སེམས་བྱུང་ཚེ།། དེ་ཚེ་བདག ་ལ་རྔན་བགྲང་ཞིང་།། བརྟུལ་ཞུགས་སྙིང་པོ་དྲན་བྱ་དང་།། མི་རྟག་པ་དང་འཆི་བ་བས་མོ།། གཞན་གྱི་མདུན་དུ་གནས་པོའི་ཚེ།། ཞི་དེས་གསོང་པོར་སྨྲ་བར་བྱ།། ཁྲོ་གཉེར་ངོ་འཛུམ་སྤང་བྱ་ཞིང་།། རྟག་ཏུ་འཛུམ་ཞིང ་གནས་པར་བྱ།། རྟག་ཏུ་གཞན་ལ་དགའ་བྱ་ཞིང་།། སེར་སྣ་མེད་ཅིང་གཏོང་ལ་དགའ།། རྟག་ཏུ་ཕྲག་དོག་སྤང་བར་བྱ།། གཞན་གྱི་སེམས་ནི་བསྲུང་བྱ་ཞིང་།། རྩོད་པ་ཐམས་ཅད་སྤང་བར་བྱ།། ངོ་དགའ་མེད་ཅིང་གསར ་འགྲོགས་མེད།། རྟག་ཏུ་ཟུངས་ནི་ཐུབ་པར་བྱ།། རྟག་ཏུ་བཟོད་དང་ལྡན་པ་དང་།། འདོད་པ་ཆུང་ཞིང་ཆོག་ཤེས་མཛོད།། གདོལ་པ་བྲན་གྱི་འདུ་ཤེས་སོ།། དྲི་ཚྭ་ཤས་དང་ཁྲེལ་ཡོད་དང་།། ཕ་རོལ་མགུ་བྱ་དྲི་ལ་བརྩོན།། རང ་གི་སྡོམ་པ་བསྡམས་པར་མཛོད།། གཞན་ལ་བརྙས་པ་སྤང་བྱ་ཞིང་།། གུས་པའི་ཚུལ་གྱིས་གནས་པར་བྱ།། གཞན་ལ་གདམས་ངག་བྱེད་པའི་ཚེ།། སྙིང་རྗེ་ཕན་སེམས་ལྡན་པར་མཛོད།། སངས་རྒྱས་ཆོས་ལ་གུས་པ ་དང་།། དམ་ཆོས་ནམ་ཡང་སྤོང་མི་བྱ།། རྟག་ཏུ་དཀོན་མཆོག་གུས་པ་དང་།། འཁོར་གསུམ་ཡོངསུ་དག་པར་མཛོད།། སྔོན་དུ་སྙིང་རྗེ་སོང་བ་ཡིས།། ཉིན་དང་མཚན་མོ་ལན་གསུམ་དུ།། མཆོད་པ་བདུན་དུ་རབ་གླགས་པའི ་ཕུང་པོ་གསུམ་པ་གདོན་པར་མཛོད།། འགྲོ་བའི་སྡུག་བསྔལ་བསལ་འདོད་བྱས།། སྨོན་ལམ་རྒྱུ་ཆེན་གདབ་པ་དང་།། སེམས་ཅན་སྨོན་དང་བྱང་ཆུབ་འདོང་།། ཐམས་ཅད་བྱང་ཆུབ་ཆེན་པོར་བསྔོ།། དུས་ནི་རིང་པོར་དམ ་བཅས་ནས།། རྟག་ཏུ་བརྩོན་དང་ལྡན་པར་བྱ།། དེ་ལྟར་མཛད་ནི་ཚོགས་གཉིས་པོ།། རྫོགས་འགྱུར་སྒྲུབ་གཉིས་ཟད་པར་འགྱུར།། མི་ལུས་ཐོབ་པོ་དོན་ཡོད་ཅིང་།། མཐོང་བའི་ཆོས་ལ་མྱ་ངན་འདའ།། བདག་དང་གཞན་དོན ་རྫོགས་གྱུར་ནས།། དམ་པ་ཉིད་ནི་ཐོབ་པར་འགྱུར།། སོས་ཀྭའི་ཁུ་བྱུག་གཞོནུ་སྟག་ཟློག9ས།། མ་བྱ་གཞོནུ་སྐད་སྤྱན་ཝོ9།། མཁས་པ་མང་པོས་གསུངས་པ་ཡོད་མོད་ཀྱིས།། རྒྱལ་པོ་གདུང་པ་གཅད་ཕྱིར་བྲིས་པ་ཡིན།། ཕྱན་སེམས ་ལྡན་པའི་གཏམ་འདི་ལེགས་པར་དགོངས་མཛོད་ལ།། རྟོག་དང་ལྡན་པའི་སྐྱེ་བོ་གཞན་ལ་སྨྲ་བར་མཛོད།། རྟག་ཏུ་ལྷ་དྲུག་དྲན་མཛོད་དམ་ཚིག་གཙང་བར་མཛོད།། རྒྱལ་སྲིད་ཆོས་ཀྱིས་སྐྱོང་མཛོད་བདག་ལ་བཟོད་པར ་མཛོདད། དྲི་མ་མེད་པའི་རིན་པོ་ཆེའི་ཕྲིན་ཡིག་ཅེས་བྱ་བ།། གནས་བརྟན་མཁས་པ་ཆེན་པོ་དཱི་པ་ཀ་ར་ཤྲཱི་ཛྙཱ་ནས། རྒྱལ་པོ་ནཻར་ཕ་ལ་ལ་བརྫངས་པ་རྫོགས་སོ།། ་དུས་དེ་ཉིད་དུ་བླ་མ་དེ་ཉིད་དང་། ལྷོ་ཙཱ་བཱ་དགེ་སློང་ཚུལ་ཁྲིམས་རྒྱལ་བྱས་བསྒྱུར་བ། ཤློ་ཀཱ་བཞི་བཅུ་པའོ།། ། རྒྱུ་གརཪྵ་སྐད་དུ། ཙནྡྲ་རཱ་དྷ། ་