| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། པུ་ཏྲ་ལ་ཁ། བོད་སྐད་དུ། བུ་ལ་སྤྲིངས་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། མཚོ་ཆེན་ས་གཞིར་གྱུར་འདི་དགྲ་བཅོམ་བྱེ་བའི་ཡུལ།། ལྗགས་སྤྱོད་མིས ་གང་དཔེ་མེད་དཔལ་སྒོ་རིག་གནས་འདིར།། མཁས་པ་རིན་ཆེན་རྡོ་རྗེའི་རྒྱུད་འཛིན་བྲམ་ཟེའི་རིགས།། གཟུགས་སྟོབས་ཤེས་རབ་ཕུན་ཚོགས་མ་ཧཱ་ཛྙཱ་ནར་འགྱུར།། མཆོག་ཏུ་བརྩེ་བའི་ཕྲ་མ་མཛའ་བཤེས་གཉེན་འདུན ་ཚོགས་མཆིལ་མའི་ཐལ་བ་བཞིན་དུ་ལྟོས་མེད་ཡལ་དོར་ནས།། མཐའ་ཁོ་བ་མ་ཀློ་མིན་པའི་ནང་ན་གཅིག་འཁྱམ་པ།། བློ་ལྡན་བུ་དེ་ཤེས་རབ་སྒྲོན་མེས་སྣང་གྱུར་ཅིག། ཤིན་ཏུ་བརྩེ་བའི་དེད་དཔོན་བདག་གིས་ནི།། ལེགས ་བཤད་རྒྱ་མཚོའི་གླིང་ནས་བླངས་པ་ཡི།། སྤྲིངས་ཡིག་རིན་ཆེན་འདི་ནི་བུ་ལ་བསྐུར།། རབ་གུས་དགའ་ཞིང་དང་བས་མཉན་པར་གྱིས།། དགེ་བའི་ཡུལ་དགུས་ཁང་བཟངས་ལོངས་སྤྱོད་དང་།། གཡོ་མེད་སེམས་ཀྱིས་རྒྱུན ་ཏུ་བརྩེ་བ་ཡི།། ཕ་མ་མཛའ་བཤེས་རྩ་ལག་སྤངས་ནས་ནི།། བུ་ཁྱོད་མཐའ་འཁོབ་རྒྱུ་བ་ཤིན་ཏུ་རྨད།། དམ་ཆོས་ཕྱིར་ནི་ཕ་མ་ཡལ་དོར་ནུས།། ནོར་བཟངས་བཞིན་དུ་ཡུལ་གཞན་རྒྱུ་འོས་ན།། འདོད་པའི་དོན་དུ་ཕ་མ ་ཡལ་དོར་ནས།། སྨད་པའི་ཡུལ་དུ་རྒྱུ་བ་ག་ལ་རིགས།། བུ་ཁྱོད་གཟུགས་སྡུག་མ་ཆོག་དང་སྒྲ་སྙན་དང་།། དྲི་ཞིམ་རོ་མཆོག་རེག་བྱའི་བདེ་བྱེད་པ།། འདོད་པའི་འདམ་དུ་འགྲོ་བ་འདི་དག་བྱིང་།། དཔེར་ན་གླེང་ཆེན་འ ་དུ་ཆུད་པ་བཞིན།། འདོད་པ་ལས་ནི་འཇིགས་དང་སྡུག་བསྔལ་དང་།། མྱ་ངན་དང་ནི་འཚེ་བ་སྣ་ཚོགས་འབྱུང་།། གསོད་དང་བཅིང་དང་ཡན་ལག་གཅོད་པ་དང་།། མེ་དང་ཆུ་དང་གཡང་སར་འདོར་བར ་བྱེད།། འདོད་ལ་བརྐམ་པས་སེམས་ཅན་དམྦྷ་བ་དང་།། ཡི་དགས་དུད་འགྲོ་རྣམས་སུ་སྡུག་བསྔལ་རྙེད།། མིར་གྱུར་ན་ཡང་གཟུགས་ངན་མི་སྙན་དང་།། དྲི་མི་ཞི་མ་དང་བཀྲེས་སྐོམ་ནད་ཀྱིས་གཟིར།། གཡན་པ་ཅན ་ལ་ཕྲུགས་ན་བདེ།། དེ་བས་གཡན་པ་མེད་ན་བད།། དེ་བཞིན་འཇིག་རྟེན་འདོད་ལྡན་པདེ།། དྲི་བསྡུ་འདོད་པ་མེད་ན་བདེ།། ཇི་ལྟར་མེ་ལོང་བྲག་ཅ་དང་།། སྤོས་སྣོད་བཟུར་བུ་ན་མཁའུ་རྣམས།། གཟུགས་བརྙན་སྒྲ་གྲགས་སྤྲོས ་དང་ནི།། ཚོད་མའི་རོ་དང་རླུང་རྣམས་ཀྱིས།། ནམ་ཡང་ངོམས་པར་འགྱུར་པ་མེད།། དེ་བཞིན་མིག་དང་རྣ་བ་དང་།། སྣ་དང་ལྕེ་དང་ལུས་དང་རྣམས།། གཟུགས་མཛེས་སྒྲ་སྙན་དྲི་ཞིམ་དང་།། རོ་མཆོག་རེག་བྱ་བདེ་བ་ཡི།། ་ནམ་ཡང་ངོམས་པར་འགྱུར་བ་མེད།། དེ་བས་འདོད་པ་རྣམས་སྤོང་ཞིང་།། འཕགས་པའི་ཚོགས་རྣམས་བསྟེན་བུར་བྱས།། ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་མཆོག། རྣམ་གྲོལ་བདེ་བས་ངོམས་པར་འགྱུར།། འདོད་ལ ་ཆགས་པ་སྤང་བར་བྱའོ།། ནོར་ལ་ཆགས་པས་འདིར་གདུང་ཕྱི་མར་གདུང་།། གཉིས་ཀར་གདུང་སྟེ་དེས་ན་བདག་ཉིད་ཀྱིས།། ལས་རྣམས་སྨིན་མཐོང་དེ་གདུང་རབ་ཏུ་གདུང་།། འགྲོ་བ་དམན་པར་སོང་བས་ཕྱིར་ཞིང་གདུང ་བསག་དང་བསྲུང་དང་བརླགས་པའི་གདུང་བ་ཡིས།། ནོར་ནི་འཕུང་ཀྲོལ་མཐའ་ཡས་ཤེས་པར་བྱ།། ནོར་ལ་ཆགས་བྱས་གཡེངས་པར་གྱུར་པ་རྣམས།། སྲིད་པའི་སྡུག་བསྔལ་ལས་གྲོལ་སྐབས་མེད་དོ།། ནོར་གྱི་ཕྱིར་ནི ་རྒྱལ་པོ་དགེ་དྲེན་གྱིས།། མིག་གཉིས་ཚེར་མ་རྣོན་པོས་བཏུར་བར་གྱུར།། བུ་མོ་མཛའ་མོ་རྣ་བ་བྱེ་བཽ་རི།། རྒྱ་མཚོར་ཤི་འཕོས་འཁྱམས་པར་གྱུར་པ་ཡོན།། འདི་ན་ནོར་ཚོལ་ཁ་ཅིག་བསྔལ་ཤིང་བཙུགས།། ལ་ལ་ཡན་ལག ་ཉིང་ལག་གཅོད་པར་སྣང་།། གཞན་དག་བཙོན་ར་ཤིན་ཏུ་ཟབ་མོ་རཱ་བཅུག། ཁ་ཅིག་ཁོང་ཁྲོལ་སུ་མི་འདོད་ཀྱིས་བཅིངས།། ནོར་བུ་ལེན་པའི་ཚོང་པ་ལྔ་བརྒྱ་དག། སིང་ག་ལ་ཡི་གླིང་དུ་སྲིན་མོས་གཟུང་།། རྫུ་འཕྲུལ་ཆེན ་པོའི་རྟ་རྒྱལ་བ་ལ་ཧས?།། དེ་དག་བསྒྲལ་པཪྵ་ནུས་པ་མ་ཡིན་ནོ།། འདི་ན་གསེར་དང་དངུལ་དང་བཻ་ཌཱུརྱ།། མུ་ཏིག་བྷུ་རུ་ཨསྨ་གར་བྷ་དང་། ཀཪྵཱ་པ་ཎཱ་ལ་སོགས་ཆར་བབ་ཀྱང་།། ནོར་ཚོལ་རྣམས་ནི་ངོམས་པ་འགྱུར་པ་མེད ་གངས་ཅན་འབིགས་བྱེད་དང་ནི་མཉམ་པ་ཡི།། ནོར་གྱི་ཕུང་པོ་ལ་ནི་དབང་སྒྱུར་ཀྱང་།། ནོར་ཚོལ་གཅིག་ཀྱང་དམས་པར་འགྱུར་མ་ཡིན།། དེ་ཕྱིར་བུ་ཁྱོད་ནོར་ལ་ཆགས་པ་སྤོངས།། འདི་ནི་ནོར་མང་སྐྱེ་བོ་སྡུག་བསྔལ་བ།། ་འདོད་པ་ཆུང་རྣམས་དེ་ལྟ་མ་ཡིན་ཏེ།། ཀླུ་དབང་རྣམས་ལ་མགོ་བོ་ཇི་སྙེད་པ།། དེ་ལས་བྱུང་བའི་སྡུག་བསྔལ་དེ་སྙེད་དོ།། ལུས་སྲོག་ཡལ་བར་དོར་ནས་ནོར་བསགས་ཀྱང་།། ཤི་ན་སྐལ་པ་ཉམས་པར་འགྱུར་བ་ཡི།། ་ནོར་དེ་རྨི་ལམ་སྤྲིན་དང་མཚུངས་པ་ཡིན།། དེ་བས་འདོད་པ་ཆུང་ཞིང་ཆོག་ཤེས་བྱ།། ནོར་མྱངས་བསགས་ཤིང་སྦ་བྱས་ཀྱང་།། ཅུང་ཟད་ཅུང་ཟད་སྤྱད་པ་ཡིས།། འཇུངས་པ་ཡི་ནི་འབྲི་བ་ལྟར།། སྡུག་བསྔལ ་བསྐྱེད་པ་ཁོ་ནར་ཟད།། བུ་ཁྱོད་གལ་ཏེ་ནོར་ཚོལ་ན།། འཕགས་པའི་ནོར་བདུན་བསྟེན་པར་གྱིས།། རྒྱལ་པོ་རྐུན་པོས་མཱི་འཕྲོགས་ཤིང་།། སྲིད་པའི་དངུ་ལཱ་བ་སེལ་བརྱ་འགྱུར།། རྟག་ཏུ་ཚུལ་ཁྲིམས་ལྡན་པ་ལ།། སྟིནཱི་པ་བཀུར་སྟི ་བརྒྱན་པར་གྱིས།། ནོར་རྣམས་ཇི་ལྟར་གཏེར་དུ་སྤོས།། རྗེསུ་འབྲང་ཞིང་འཕྲོག་དུ་མེད།། འདི་ནི་ནོར་སློང་དམན་པ་སྟེ།། མི་སྦྱིན་པ་ནི་དེ་བས་དམན།། ནོར་སྦྱིན་པ་ནི་མཆོག་ཡིན་ཏོ།། མི་འདོད་པ་ནི་དེ་བས་མཆོག། ནོར་ལ་ཆགས ་པ་སྤངས་པའོ།། འདོད་པའི་ཕྱིར་ནི་བྱིས་པ་རྣམས།། བུད་མེད་རུལ་པ་སྟེན་བྱེད་པ།། འགྲོ་བ་རུལ་པར་འགྲོ་འགྱུར་ཞིང་།། ངན་སོང་རྣམས་སུ་ལྟུང་བར་འགྱུར།། འཇིགས་པ་ཆེན་པོའི་འཆིང་བ་ནི།། བུད་མེད་ཞགས་པ་མི་བཟུད་པ།། སངས ་རྒྱས་རྣམས་ཀྱིས་འདོད་པ་དང་།། བུད་མེད་བསྟེན་པའང་མ་བསྔགས་སོ།། ལམ་འདིས་བྱང་ཆུབ་པར་བཅད་པས།། སྦྲུལ་གདུག་ཤིན་ཏུ་ཁྲི་བ་ལྟར།། མཁས་ཁྱོད་བུད་མེད་རྣམ་པར་སྤྱོངས།། མི་གང་དགྲ་ནི་བུད་མེད་འདོད།། དེ་དག། ་བདེ་བར་ག་ལ་འགྱུར།། བུད་མེད་འཕུང་བར་བྱེད་པ་སྟེ།། འཇིག་རྟེན་འདི་དང་ཕ་རོལ་ཕུང་།། རྣམ་པ་ཀུན་ཏུ་ནོར་འཇིགས་དང་།། ངན་སོང་རྩ་བ་བུད་མེད་ཡིན།། བུ་ཁྱོད་བདག་ལ་ཕན་འདོད་ན།། དེ་བས་བུད་མེད་རྟག་ཏུ་སྤང་།། བུད་མེད ་རྣམས་ཀྱི་རང་བཞིན་ནི།། འདོད་ཅན་རྣམས་ཀྱིས་མི་རིགས་ཏེ།། སྐྱེས་པ་དང་ནི་ཡིད་གཅུགས་ཤིང་།། རྩཝ་དགའ་དུ་མ་བྱས་ནས་ཀྱང་།། སྦྲུལ་གྱི་པགས་སྙིང་འདོར་བྱ་ལྟར།། བུད་མེད་ཀྱིས་ནི་གློ་བུར་འདོད།། སྦྲང་མས་མེ་ཏོག་རྙིང ་པ་ལྟར།། བུད་མེད་ཀྱིས་ནི་ནོར་མེད་པའི།། སྐྱེས་པ་རྒན་པོ་འདོར་བྱེད་ཅིང་།། གཟུགས་བྱང་ངན་པའང་འདོར་བ་ཡིན།། རབ་ཏུ་བརྩེ་བས་བུད་མེད་དག། ཐམས་ཅད་དུ་ནི་ཡོངས་བསྐངས་ཀྱང་།། བུད་མེད་ཤིན་ཏུ་མི་བཟད་པ།། བདག་གིར ་བྱས་པར་མི་ནུས་སོ།། དེ་ཡི་རང་བཞིན་དེ་ཡིན་ཏེ།། བུད་མྱེད་རྣམས་ནི་སེམས་མི་བསྲུན།། བྱས་པ་དྲིན་དུ་མི་གཟོ་བས།། རང་གི་སྐྱེས་པའང་གསོད་པར་བྱེད།། ཆུ་བོ་དང་ནི་སྡེང་མོ་ཅན།། རྭ་ཅན་ལག་ན་མཚོན་ཐོགས་དང་།། ་རྒྱལ་པོ་ངན་དང་བུད་མེད་ལྱ།། ནམྲ་ཡང་ཡིད་བརྟན་མི་བྱའོ།། བུད་མྱེད་ཁ་ཟས་ཉིད་འགྱུར་ཏེ།། གཡོ་སྒྱུ་དག་ནི་བཞི་འགྱུར་ཡིན།། ཕྲག་དོག་ཤས་ནི་དྲུག་འགྱུར་ཏེ།། འདོད་པ་བརྒྱ་འགྱུར་ཡིན་རིག་བྱ།། ཤིང་རྣམས་ཀྱིས་ནི ་མཽ་དང་ནི།། ཆར་གྱིས་རྒྱ་མཚོ་ཆེན་པོ་དང་།། འབྱུང་པོ་ཀུན་གྱིས་གཤིན་རྗེ་ལྟར།། སྐྱེས་པས་བུད་མྱེད་དེ་མས་མི་འགྱུར།། སུ་ཀ་རྩེ་ཡཱིས་ཁ་ཆུ་ཡི་སྭཱ།། བྱཱ་མའི་ཕུང་པོ་ཇི་ལྟར་སྤངས།། སྐྱེས་པ་གཞོན་ནུ་ཐམས་ཅད་ཀྱིས།། ་བུད་མེད་གཅིག་ནི་ངོམས་མི་འགྱུར།། བྱི་བོ་བྱེད་པའི་ངང་ཚུལ་ཅན།། མ་བསྡམས་མི་བསྲུན་འདོད་ལ་བརྐམ།། རང་གི་ཆུང་མས་མི་ཆོག་སྟེ།། འཇིག་རྟེན་དག་ན་སྨད་འོས་ཡིན།། འདི་ཡང་ཕ་རོལ་སྡུག་བསྔལ་འགྱུར།། ་གསོད་དང་ཆད་པ་དྲག་པོ་མྱོང་།། སེམས་ཅན་དམྱལ་བ་རྣམས་སུ་སྐྱེ།། དེ་བས་བུ་ཁྱོད་དེ་སྤོངས་ཤིག། བྱི་བོ་བྱེད་པ་ཤལ་མཱ་ལི།། ལྕགས་ཀྱི་ཚེར་མ་རྩེ་མོ་འབར།། སོར་ནི་བཅུ་དྲུག་ཡོད་པ་ལྔ།། དུ ་ཞིང་སྟོབས་ཀྱིས་འཛེག་པར་འགྱུར།། བུད་མེདྲ་ཤིན་ཏུ་འཇིགས་འཇིགས་ལྟ།། མཆེ་རྣོ་ལུས་ཆེ་འབར་བ་ཡོས།། གཞན་གྱི་བུད་མེད་འཕྲོགས་པ་ལ།། ཅི་ནས་ཟ་བྱ་ཁྱོ་ནར་འགྱུར།། གལ་ཏེ་ཆུང་མར་བརྟེན་ནུ་ཡང་།། དེ་ཡིས་ཉེས ་དམིགས་དྲུག་ཅུ་ལྔ།། དྲག་ཤུ་ལ་ཅན་གྱི་མདོ་ལས་གསུངས།། དྲའི་ཕྱིར་བུད་མེད་སྤང་བར་བྱ།། བུད་མེད་ལ་ཆགས་སྤང་བའོ།། གང་ཞིག་འཐུང་ནུས་ར་རོ་གོམ་ཚུགས་དབང་མོདཱ་འདོར།། ཡུལ་གྲོང་མ་འདྲིས་པར ་ཡང་འཁྱམ་ཞིང་རྡེག་འཆོས་འགྱུར།། བཟའ་དང་མི་བཟའ་དཔྱད་མེད་འོདྲེས་པ་ཟང་།། དེ་བས་བུ་ཁྱོད་མྱོས་འགྱུར་ཁུ་བ་རྟག་ཏུ་སྤོང་།། གང་འཐུངས་ན་ནི་བདག་ལ་བརྟན་མིང་བློ་ཉམས་ཤིང་།། ཕྱུགས་དང་འདྲ་བར་མཛའ་བོ་སྤོང། ་ཞིང་དགྲ་བོས་འཕྱ།། འདུས་པ་བྲོ་གར་བྱེད་ཅིང་གླུ་ལེན་འཁར་རྔ་བརྡུང་།། དགེ་ལེགས་གྲགས་ཉམས་རྒྱུ་དེ་སུ་ཞིག་འཐུང་བར་བྱེད།། དེ་འཐུངས་ངོ་ཚ་ཁྲེལ་ཡོད་དོར་ནས་ནི།། གཅེར་བུར་བྱུང་ཀྱང་འཇོམས་མེད་སྨྱོན་པ་བཞིན།། རྐུན་བུ ་གཅན་གཞན་རྒྱུ་བའི་ལམ་དུ་འགྲོ།། ལུས་སྲོག་ཉམས་རྒྱུ་དེ་ནི་ཁྱོད་ཀྱིས་སྤང་།། དེ་འཐུང་སྐྱུགས་པས་གོས་ཤིང་འགྱེལ་གྱུར་ནོས་ཁ་ཡང་ཁྱི་ཡིས་དོགས་པ་མེད་པར་ལྷག། དྲན་མེད་ལམ་པོ་ཆེར་ཡང་ཉལ་འགྱུར་ན།། བག་མིང ་བརྟག་ཏུ་སྤང་བར་བྱ།། གང་ཞིག་འཐུང་ནས་མྱོས་པར་འཁྲུལ་གྱུར་ཏེ།། འབྲིས་ན་ཨན་དྷ་དག་ཀྱང་རྨ་བྱུང་ན།། དུ་ཆེན་འཐིབས་ཏེ་ཕན་ཚུན་ཐལ་མར་བྱུང་།། འཕུང་ཀྲོལ་རྩ་བ་དེ་ནི་སུ་ཞིག་འཐུངས་ན་དཔལ་གྱི་གཞིར་གྱུར་རིགས།། རྗེ་མཐོ་རྗེ་མཱཿ། ་གྱུར་པའང་རླག་བྱེད་པ།། ནོར་གྱི་དབྱིག་ལྡན་ཁྱིམ་ཀྱང་འཐུང་འགྱུར་བ།། ཉེས་སྣང་གཞི་རྩ་དེ་ནི་སུ་ཞིག་འཐུང་།། གློ་བུར་ངུ་ཞིང་རས་འགའ་དགོད་པར་བྱེད།། མ་ངས་སླུ་ཞིང་གདོན་གྱིས་ཟིན་པ་བཞིན།། དུམ་པས་སྨད་ཅིང་བནྡྷས་པའི་གན ་གྱུར་པ།། འཁྲུལ་བསླང་རྒྱུ་དེ་སུ་ཞིག་འཐུང་བར་བྱེད།། བག་ཡོད་རྣམས་ཀྱང་དེ་འཐུངས་སེམས་ཉམས་ཤིང་།། བདག་ལ་ཕནུ་པའི་ལམ་དུ་མི་འཇུག་ལ།། མ་བརྟགས་མང་དུ་སྨྲ་ཞིང་ཚིག་རྩུབ་འབྱིན།། སྒོ་གསུམ་ཉམས་བྱེད་དེ་ནི་བཏུ ་མི་བྱ་ངན་གང་གི་ཉེས་པ་ས་སྔོན་གྱི་ལྷ་རྣམས་མྱོས།། ལྷ་ཡི་དབང་པོའི་དཔལ་ནི་ཉམས་གྱུར་ནས།། སྐྱབས་འདོད་ཕྱིར་ན་རྒྱ་མཚོའི་ནབ་དུ་ག་བཱ།། ལྷ་ཡང་ཉམས་བྱེད་དེ་ནི་བཏུང་མི་བྱ།། མི་བྱ་བ་ཡང་བྱ་བ་བཞིན་དུ་བྱེད།། མི་བདེན་པ ་ཡང་བདེན་པ་བཞིན་དུ་སྨྲ།། ཞུམ་པ་རྣམས་ཀྱང་མ་ཞུམ་བཞིན་དུ་སྤྱོད།། མྱོས་འགྱུར་རིགས་ཉམས་སྡུག་བསྔལ་རྒྱུར་གྱུར་པ།། སྡིག་པའི་སྲིན་མོ་བྷུརརྱ་ངན་མངོན་སུམ་བཞིན།། བརྩོད་པའི་གཞི་དང་ཐ་དད་མ་ཡིན་བྱ།། སྙིང་གི་མུན ་པ་མི་བཟད་དེ་སུ་འཐུང་།། དེ་འཐུང་ཡིད་ནི་རབ་ཏུ་འཁྲུགས་གྱུར་ནཱ།། བརྩ་བའི་ཕ་དང་མ་ཡང་གསོད་འགྱུར་ཞིང་།། ཉེས་མེད་དགེ་སློང་བྲམ་ཟེ་དྲང་སྲོང་གསོད་།། ཆོམ་རྐུན་དང་ནི་ལོག་གཡེམ་སྨད་པ་བྱེད།། རྫུན་དང་ཕྲ་མ་ཆོག་རྩུབ་འབྱུལ ་པ་སྒྲ་ཡབ་རྣབ་སེམས་གནོད་སེམས་ལོག་ལྷའི་མུན་པ་འཛིན།། མི་དགེ་བ་ཡི་རྩ་བ་དེ་ནི་བཏུང་མི་བྱ།། གང་ཞིག་འཐུངས་ན་ཚུལ་ཁྲིམས་ཏིང་འཛིན་དང་།། ཤེས་རབ་ལྟ་བ་འཚོ་བ་ཆོག་དང་།། དྲན་པ ་ཤེས་བཞིན་དད་པ་བརྩོན་འགྲུས་ཉམས།། དགེ་ཆོས་ཆུད་ཟོན་དེ་ནི་བཏུང་མི་བྱ།། དེ་འཐུངས་སྡིག་སྤྱོད་རྣམས་ནི་ལུས་ཞིག་ནས།། རབ་ཏུ་བཟོད་དཀའི་སེམས་ཅན་དམྱལ་བར་ལྟུང་།། ཡི་དགས་དུད་འགྲོ་རྣམས་དང་སྨྱོན་པར་འགྱུར།། ་སྡུག་བསྔལ་རྩ་བ་དེ་ནི་བཏུང་མི་བྱ།། ཐུབ་པས་དགའ་བ་ཅན་གྱི་མདོ་ལས་ནི།། མྱོས་འགྱུར་ཉེས་པ་གསུམ་ཅུ་རྩ་ལྔ་གསུངས།། དེ་ཕྱིར་བུ་ཁྱོད་བདག་ལ་ཕན་འདོད་ན།། ཉེས་ཀུན་རྩུབ་དེ་ནི་བཏུང་མི་བྱ།། ཆང་དྭ་གང་དགོས་པ ་ཐམས་ཅད་ལ།། རྟག་ཏུ་བག་མེད་སྤྱོད་པར་འགྱུར།། མཁས་པ་རྣམས་ཀྱིས་སྨད་འགྱུར་ཞིང་།། དཀར་པོའི་ཆོས་རྣམས་འགྲིབ་པར་འགྱུར།། ཉེས་ཀུན་རྩ་བ་བག་མེད་གནས།། འདི་དང་གཞན་དུ་རྣམ་པར་རྨོངས།། དེ་བྱས་སྐྱེ ་བོ་ཆེན་པོ་ཁྱོད།། ཆང་ལ་དགའ་བ་རྟོག་ཏུ་སྤོངས།། ཕན་པར་སྨྲ་བ་སྤངས་པ་སྟེ།། ཉན་པར་བྱེད་པ་ཤིན་ཏུ་དཀོན།། དེ་དག་བས་ཀྱང་མི་ཉན་ཡང་།། ཕན་པའི་རྗེས་བྱེད་པ་དཀོན།། ཕན་པར་སྨྲ་བ་མཆོད་པ་ནི།། བསྒོ་བ་ཤིན་ཏུ ་སྒྲུབ་པ་ཡི་ནི།། བུ་ཁྱོད་ང་ལ་མཆོད་འདོད་ན།། གདམས་པ་བཞིན་རྗེསུ་བསྒྲུབས།། ཆང་ལ་དགའ་བ་སྤང་བའོ།། བདག་གི་སྤྲིངས་ཡིག་རིན་ཆེན་འདི།། བུ་ལ་བརྗོད་པ་ལས་བྱུང་བའི།། དགེ་བ་གང་དེས་འགྲོ་བ་ཀུན།། ཐམས་ཅད ་མཁྱེན་པ་ཐོབ་པར་ཤོག། བུ་ལ་སྤྲིངས་པ་པཎྜི་ཏ་མཁས་པ་ཆེན་པོ་སད་ཛ་ནས་མཛད་པ་རྫོགས་སོ།། ། ཁ་ཆེའི་མཁན་པོ་མ་ཧཱ་ཛྙཱ་ན་དང་།། བྷོདཀྵྞ་ལོ་ཙྪབ་མར་པ་ཆོས་ཀྱི་དབང་ཕྱུག ་གིསོ་བསྒྱུར་ཅིང་ཞུས་ཏཱི་གཏན་ལ་ཕབ་པའོ།། རྒྱ་གར་སྤྱད་དུ། བྲི་མ་ལ་རཏ་ན་ལེ་ཁ་ནཱ་མ། བོད་སྐད་དུ། དྲི་མ་མེད་པ་རིན་པོ་ཆེའི་ཕྲིན་ཡིག་ཅེས་བྱག་ཟ་ནས་སུ ་