| Wylie | e-texts produced with BDRC’s OCR application |
རྒྱ་གར་གྱི་མཁན་པོ་ཨཱ་ཙཪྠ་དུ་ལ~ཾ་བ་དང་། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། རྒྱ་གར་སྐད་དུ། གུ་རུ་ལེ་ཁཱ། བོད་སྤྱད་དུ། བླ་མ་ལ ་སྤྲིསྤོངས་པ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། རྒྱུ་ལ་སྲས་རྣམས་ཀྱི་དོན་དུ་སྟུག་པོ་བཀོད་པར་སངས་རྒྱས་ནས།། དགའ་ལྡན་སྟེ་དེའི་དོན་མཛད་ཕྱིར་ནི་དམ་པ་ཏོག་དཀར་འགྱུར།། དེ་ནས་འདིར་ནི་འགྲོ་བའི་དོན་དུ ་ཤཱཀྱ་ཐུབ་གྱུར་གང་།། ཀུན་མཁྱེན་ཉེསོ་བྲལ་ངོ་བོ་ཉིད་མེད་དེ་ནི་རྒྱལ་གྱུར་ཅིག། བླ་མོ་མཁས་པ་བློ་གྲོས་རྒྱ་ཆེན་ལ།། འདོད་སྲེད་བེག་མེད་ཉོན་མོངས་སྤང་བའི་ཐབས།། ཐུབ་པའི་གསུང་བཞིན་མདོར་བསྡུས་བརྗོད་པ་འདི ་སྨན་བཞིན་ཕན་པར་རྟགས་ནས་གསན་པའི་རིགས།། ཇི་ལྟར་རིགས་ངན་ལག་ནས་རིན་ཆེན་མཆོག། བློ་ལྡན་སྐྱེ་བོས་རབ་གུས་ལེན་པ་ལྟར།། ཀུན་རྨོངས་བདག་གིས་བརྩེ་བས་གསོལ་བ་ཡི།། སྤྲིངས་ཡིག་འདི་ནི་རབ་གུས་བླང་བར་འོས།། ་སྟོན་པའི་མདོ་སྡེ་ཟབ་ཅིང་རྒྱ་ཆེ་རྣམས།། མཁན་པོ་ཉིད་ཀྱིས་ཐུགས་སུ་ཆུད་མེད་ཀྱི།། ལུས་ཀྱི་དོན་དུ་བསོད་པའི་ཁེ་ཟས་ལྟར།། བདག་གིས་བརྗོད་པ་འདི་ཡང་བསྟེན་པར་མཛོད།། རི་དགས་གླང་པོ་ཕྱེ་མ་ལེབ་དང་ཉ། སྤྱད་མ་ལྔ་པོ་ལྔ་ཡིས་བཅོམ ་གྱུར་ན།། གཅིག་གིས་བཅོམ་ན་གང་གིས་ལྔ་པོ་ཀུན།། རྟག་ཏུ་བསྟེན་ནུ་ཅི་ཕྱིར་བཅོམ་མི་འགྱུར།། འདོད་པ་རྣམས་ནི་ཀུན་ནས་འབར་བ་སྟེ།། རབ་ཏུ་སྨད་ཅིང་བསད་དང་དགྲ་བོ་ཡིན།། ཕྱིར་རྒོལ་བ་དང་རྩཝ་ཡི་སྒྲོན་མེ་དང་། སྐམ་པ་ཀ་ཡི་འབྲས ་བུ་རལ་གྲིའི་སོ།། མེ་མདག་སྤུངས་པ་དུག་གི་ལོ་མ་དང་།། ལྕགས་ཀྱུ་ཚེར་མ་མི་གཙང་རླུབས་ལྟ་བུ།། འདོད་པའི་རྒྱུས་ནི་སེམས་ཅན་དམྱལ་བར་ལྟུང་།། ཡི་དྭགས་རྣམས་དང་དུད་འགྲོར་སྐྱེ་བར་འགྱུར།། འདོད་ལ་བརྐམ་པ་བདེ་འགྲོར་མི་སྐྱེ་ཞིང་།། ་མྱ་ངན་འདས་པ་ནམ་ཡང་ཐོབ་མི་འགྱུར།། ད་ལ་རྙེད་ཤེས་རབ་ལྡན་གྱུར་ཅིང་།། རྒྱལ་བའི་བསྟན་ལ་ཞུགས་པ་ཁྱེད།། འདོད་དང་སྲེད་པ་བག་མེད་དང་།། ཉོན་མོངས་རྣམས་ནི་སྤང་བར་མཛོད།། ཀུན་རྟོག་ལས་ནི་འདོད་སྐྱེ་བས།། འདོད་པའི་རྩ་བ ་མཁྱེན་ནས་ནི།། ཁྱོད་ནི་ཀུན་རྟོག་མ་མཛད་དང་།། དེས་ན་ཁྱོད་ལ་འབྱུང་མི་འགྱུར།། འདོད་པ་རྣམས་ལས་མྱ་ངན་སྐྱེ།། འདོད་པ་རྣམས་ལས་འཇིགས་པ་འབྱུང་།། འདོད་པ་དག་ནི་རྣམ་སྤང་ན།། མྱ་ངན་མེད་ཅིང་འཇིགས་པ་མེད།། འདོད་པའི་རྣམ་སྨིན། ་སྡུག་བསྔལ་ཏྲ།། དང་པོ་མངར་ལ་འབྲས་བུ་ཚ།། མེ་དྲོན་ལག་ནས་མ་བྱོར་ན།། མཇུག་ཏུ་བྱིས་པ་སྲེག་བྱེད་བཞིན།། ནོར་བུའི་རྣ་ཆ་བུ་དང་ཆུང་མ་ལ།། ཡོངསུ་ཆགས་སེམས་གང་ཡིན་ལ་བལྟོས་ན།། ལྕགས ་ཤིང་དྲིས་མ་ལས་བྱས་ཆིངས་མ་གང་།། དེ་དག་དམ་པོ་སྨིན་ཞེས་འཕགས་པ་གསུང་།། འདོད་པའི་ཆིངས་མ་གང་ཡིན་དེ་ལྷོད་ཀྱང་།། རབ་ཏུ་དགྲོལ་བར་དཀའ་ཞེས་འཕགས་པ་གསུངས།། བརྟན་རྣམས་འདོད་པའི་བདེ་ལ་མི་ལྟ་བར།། དེ ་ངག་གཏུབས་ནས་མྱུར་དུ་འགྲོ་བར་བྱེད།། འཇིག་རྟེན་སྣ་ཚོགས་གང་དེ་འདོད་མིན་གྱི།། སྐྱེས་བུའི་ཀུན་རྟོག་འདོད་ཆགས་འདོད་པ་ཡིན།། འཇིག་རྟེན་སྣ་ཚོགས་དེ་ལ་གནས་ཀྱང་ནི།། འོན་ཀྱང་འཇིག་རྟེན་འདི་ན་འདུན་པ་འདུལ།། མི་རྣམས ་ལ་ནི་རྟག་པའི་འདོད་པ་མེད།། འདོད་པ་གང་ལ་ཆགས་ཏེ་མི་རྟག་པས།། ཡང་སྲིད་མེད་ཕྱིར་སེམས་ཀྱིས་རབ་སྤོང་ལ།། འཆི་བའི་གནས་མི་འགྱུར་བར་གྱིས་ཞེས་གསུང་།། འདུན་པ་བསྐྱེད་ཅིང་ཟག་པར་མི་བྱེད་དང་།། སེམས་ལ ་སྐྱོན་མེད་པ་དང་དྲན་པ་དང་།། འདོད་པ་རྣམས་ལ་སོ་སོར་མ་ཆགས་གང་།། དེ་ནི་གོང་དུ་འཕོ་བ་ཡིན་ཞེས་གསུང་།། མགར་བུ་ཡིས་ནི་རྡུལ་བཞིན་དུ།། བློ་གྲོས་ལྡན་པས་རིམ་པ་བཞིན།། སྐད་ཅིག་ཐང་ཅིག་ཅུང་ཟད་ཙམ།། རང་གི་དྲི ་མི་གསལ་བར་བྱ།། ལྷ་མ་མཁན་གྱིས་ནི་ཀོ་བ་དག། ཡོངསུ་སྦྱངས་པའི་ལྷ་མ་བདེ་ལྟར།། འདོད་པ་གང་དང་གང་སྤངས་པ།། དེ་དེ་བདེ་བ་ཕུན་སུམ་ལྡན།། གལ་ཏེ་བདེ་བ་ཀུན་འདོད་པ།། འདོད་པ་ཐམས་ཅད་ཡོངསུ་སྤངས།། འདོད་པ ་ཐམས་ཅད་ཡོངས་སྤངས་པས།། མཆོག་ཏུ་བདེ་བ་ཐོབ་པར་འགྱུར།། ཇི་སྲིད་འདོད་པའི་རྗེས་འབྲངས་པ།། དེ་ཉིད་རབ་ཏུ་ངོམས་མི་འགྱུར།། དེ་ལ་གང་དག་ཤེས་རབ་ཀྱིས།། ལྡོག་བྱེད་དེ་དག་ཚིམ་པ་ཐོབ།། འདོད་པས་ངོམས་པར ་མི་འགྱུར་བས།། ཤེས་རབ་ཀྱིས་ནི་ངོམས་པ་བདེ།། ཤེས་རབ་ཀྱིས་ནི་ངོམས་པའི་མི།། སྲིད་པའི་དབང་དུ་མི་འགྱུར་རོ།། འདོད་ལ་ཆགས་པའི་མི་གང་ཡིན།། དེ་དག་ཀྱེ་མ་ཆོས་མིན་དགའ།། ཅུང་ཟད་གསོན་པོར་འདུག་པ་ན།། བར ་ཆད་མཐོང་བར་མི་འགྱུར་རོ།། གླན་རྔན་ལོངས་སྤྱོད་ཀྱིས་བཅོམ་པ།། ཕ་རོལ་ཚོལ་བར་མི་བྱེད་ཅིང་།། བསམ་བརླག་འདོད་ལ་སྲེད་པ་ཡིས།། བདག་ཕུང་གཞན་ཡང་ཕུང་བར་བྱེད།། ལྷ་ཡིས་འདོད་པའི་ཆར་བབ་ཀྱང་།། འདོད་ལྡན ་རྣམས་ལ་ངོམས་མྱི་འགྱུར།། བརྒྱ་བྱིན་དང་ནི་མཉམ་པ་ཡི།། ལྷ་ཡི་འདོད་པ་ཡོད་གྱུར་ཀྱང་།། ང་ལས་ནུ་བཞིན་མི་ངོམས་པར།། རྟོགས་པར་མཛོད་ལ་ལེགས་པར་སྤྱོད།། འདོད་པ་མནོག་ཆུང་ཉེས་མང་བར།། མཁས་པ་རྣམས ་ཀྱིས་ཁོང་དུ་ཆུད།། རྫོགས་པའི་སངས་རྒྱས་ཉན་ཐོས་རྣམས།། ལྷ་ཡི་འདོད་པ་རྣམས་ལ་ཡང་།། ལྷག་པར་དགའ་བར་མི་འགྱུར་གྱི།། སྲེད་པ་ཟད་པས་དགྱེས་པར་འགྱུར།། གང་དག་སྡུག་བསྔལ་རྒྱུ་ཤེས་པ།། དེ་དག་ནམ་ཡང ་འདོད་ལ་དགའ་མི་འགྱུར།། འཇིག་རྟེན་དག་ན་ཟུག་རྔུའི་རྒྱུར་མཁྱེན་ནས།། འདི་དག་གདུལ་ཕྱིར་བརྟན་པ་ཐོབ་པར་མཛོད།། འདོད་པ་སྤང་བའི་ལེའུ་སྟེ་དང་པོའོ།། །། ལུས་ཅནི་རྣམ་པར་རྟོག་པས་རབ་བཅོམ་པ།། འདོད ་ཆགས་མི་བཟད་གཙང་མའི་རྗེས་ལྟ་བས།། འདོད་ཆགས་ཕྱར་ཞིང་རབ་ཏུ་འབྱོལ་འགྱུར་ཏེ།། རང་གི་འཚོང་བྱུ་དོ་ཡོས་དམ་པོར་བྱེང་།། གང་དག་རྣམ་རྟོག་ཏུ་བར་ཞི་དགའ་ཞིང་།། མི་སྡུག་སྐོམ་པ་རྟག ་ཏུ་དྲན་བྱེད་པ།། དེ་ཡི་སྲེད་པ་རབ་ཏུ་སྤངས་པ་ཡིན།། རང་གི་འཆིང་བ་དེ་དག་གཏུབས་པར་འགྱུར།། འདོད་པའི་མུན་ནགྲ་དྲ་བུས་གཡོགས།། སྲེད་པའི་དགོབ་པ་བཀབ་པ་དང་།། བག་མེད་འཆིང་བས་བཅིངས་པ་དག། ཚོད་མར ་ཆུད་པསཽ་ཉ་དང་འདྲ།། སྐྱེས་བུ་བག་མེད་རབ་ཏུ་སྤྱོད་བྱེད་པ།། འཁྲི་ཤིང་བཞིན་དུ་སྲེད་པ་འཕེལ་འགྱུར་ཞིང་།། སྐྱེ་རྒན་འཆིའི་རྗེ་སུ་འགྲོ་འགྱུར་ཏེ།། མ་དྲུང་ནུ་ཞོ་འདོད་པའི་བུ་དང་འདྲ།། འདོད་པའི་དྲན་དང་མངོན་དགའ་ཆགས་བྱེད ་དང་ཡིད་བདེ་བ་ལ་རྟོག་པར་བྱེད་པ་དག། དེ་ཡིས་ཡང་དང་ཡང་དུ་འཁོར་བར་འཁྱམས།། ཚིལ་དང་འབྲ་སྔོ་བུ་འདོད་པའི་སྤྱི་དང་མཚུངས།། མི་གང་རྟག་ཏུ་བདེ་བ་འདོད་བྱེད་པ།། སྐྱེ་རྒ་ན་འཆིའི་དྲ་བར་ཆུད་འགྱུར་ཞིང་།། དོན ་འགྲོའི་སྲིད་པ་རྣམས་ཀྱི་མདུན་དུ་བདར།། རྒྱུ་ནང་རི་བོང་ཡོངསུ་རྒྱུག་པ་བཞིན།། སྲིད་པའོ་ཞུགས་པས་མདུད་པའི་སེམས་ཅན་དགེ། སྲིད་དང་ལོངས་སྤྱོད་དག་ལ་སེམས་ཆགས་ཤིང་།། བུ་དང་ཆུང་མ་རྣམ་ལ་རབ་ཞེན་པ།། ཡང་དང ་ཡང་དུ་སྡུག་བསྔལ་ཐོབ་པར་འགྱུར།། སྐྱེ་བོ་གྲུབ་དང་བདེ་རྣམས་དང་བྲལ་ཞིང་།། བདུད་ཀྱི་སྦྱོར་བ་དག་དང་ལྡན་པ་དེ།། འཇིགས་དང་སྡུག་བསྔལ་རྣམས་ཀྱིས་འཇོམས་འགྱུར་ཏེ།། རྩཝ་དང་ལོ་མའི་ཚོགས་ལ་མེ་དང་འདྲ།། འདི་ན ་སྲེད་པ་དེ་འདྲ་སྤོང་བྱེད་པ།། སྲད་དང་ལོངས་སྤྱོད་དག་ལ་སྲེད་བྲལ་ཞིང་།། དགེ་སློང་སྲིད་པ་ཟིལ་གྱིས་གནོན་བྱེད་པ།། ལྷག་མ་མེད་པར་ཡོངསུ་མྱ་ངན་འདའ།། གང་ཞིག་འཇིག་རྟེན་སྤང་དཀའ་བའི།། སྲིད་པའི་བུད་མེད་འདིར་བསྟེན ་བ། དེ་ཡིས་མྱ་ངན་འཕེལ་འགྱུར་ཏེ།། ཚྭ་ལ་ཆར་པ་བབ་པ་བཞིན།། གང་ཞིག་འཇིག་རྟེན་སྦྲང་དཀའ་བའི།། སྲིད་པའི་བུད་མེད་འདི་སྤོང་བ།། དེ་ཡིས་མྱ་ངན་ལྡོག་འགྱུར་ཏེ།། པདྨ་ལས་ནི་ཆུ་ཐིགས་བཞིན།། ཨུ་ཤའི་ཕྱིར་ན་རྩཝ ་བཞིན་དུ།། སྲིད་པའི་རུ་ར་བཅས་དྲུངས་ནས་ཕྱུང་།། སྐྱེས་བུ་སྲེད་པ་དང་འགྲོགས་ན།། ཡུན་རིངས་དུས་སུ་འཁྱམས་འགྱུར་པས།། སྲེད་པ་དྲུངས་ནས་ཕྱུངས་ཤིག་དང་།། མྱ་ངན་མེད་ཅིང་འཇིགས་པ་མེང་།། ཡང་དང་ཡང་དུ་ཉེར ་ལེན་ཅིང་།། ཡང་དང་ཡང་དུ་མངལ་དུ་འཇུག། གནས་སྐབས་འགྱུར་དང་གཞན་འགྱུར་བས།། སེམས་ཅན་འོང་དང་འགྲོ་བར་འགྱུར།། འདི་ནི་སྤང་དཀའི་སྲིད་པ་དེ།། སྤོངས་ལ་ས་བོན་ཆོད་ཅིག་དང་།། དེ་ཡིས་སྲེད་པ་མེད་འགྱུར་ཞིང་།། ་དྲི་ནི་ཡང་དུ་འཁོར་མི་འགྱུར།། གང་ཕྱིར་སྲིད་མཚོའི་རྒྱུར་གྱུར་པ།། ཡུལ་ལྔ་སྲེད་པ་འབྲས་ཀྱི་གཞི།། འཁྲི་ཤཱིང་འདྲ་བས་ཁེབས་བྱེད་པ།། གདུང་བར་བྱེད་པ་མ་བརྟུལ་ན།། སྡུག་བསྔལ་འདི་ནི་ཡང་དང་ཡང་།། རྣམ་པ་ཀུན་ཏུ་ལྡོག ་མི་འགྱུར།། དཔེར་ན་ལྗོན་ཤིང་རྩ་ནསཽ་མ་བཏོན་ན།། བཅད་ཀྱང་ཕྱིར་ཞིང་སྐྱེ་བེ་ཁོ་ནར་ཟད་།། དེ་བཞིན་སྲིད་པའི་ཕྲ་རྒྱས་མ་བཏོན་ནོ།། ཡང་དང་ཡང་དུ་སྡུག་བསྔལ་འཛིའི་ལྡོག། དཔེར་ན་བདག་ཉིད་ཀྱིས་ནི་བྱས་པའི་མཚོན།། དེ་ཡིས ་རྐུན་པོའི་མཐུ་ཡི་སྣ་བདུག་གསོད་ལྟར།། དེ་བཞིན་ནང་གི་སེམས་ལས་བྱུང་བ་ཡིས།། སྲེད་པས་ལུས་ཅན་ཉེ་བར་གསོད་པར་བྱེད།། དེ་ལྟར་སྐྱེད་ལས་སྡུག་བསྔལ་དག། འབྱུང་བའི་ནོངས་དམིགས ་མཁྱེན་ནས་ནི།། སྲེད་སྤོངས་ཉེ་བར་ལེན་མེད་པའི།། དོན་དཱམ་དགེ་སློང་མཆོག་འགྱུར་མཛོད།། སྲེད་པ་སྤོངས་པའི་ལེའུ་སྟེ་གཉིས་པའོ།། །། བག་ཡོད་འཆི་མེད་གནས་ཡིན་ཏུ།། བག་མེད་པ་ནི་འཆི་བའི ་གནས།། བག་ཡོང་འཆི་བར་མི་འགྱུར་ཏེ།། བག་མེད་པ་ནི་རྟག་ཏུ་འཆི།། དེ་ཡིས་ཁྱད་པར་དེ་རིག་པས།། མཁས་པ་རྣམས་ནི་བག་དང་ལྡན།། བག་ཡོད་པ་ལ་རབ་དགའ་བ།། འཕགས་པའི་སྤྱོད་ཡུལ་དགའ་བ་ཡིན།། ་བརྟན་པ་གྲུབ་བདེ་བླ་མེད་པ།། མྱ་དྲ་ན་འདས་ལ་རེག་པ་ཡིན།། གང་ཚེ་མཁས་པ་བླག་ཡོད་པས།། བག་མེད་བཅོས་པ་དེ་ཡི་ཚེ།། ཤེས་རེབ་ཁང་བཟུངས་སྟེང་འཛེགས་ནས།། མྱ་ངན་མེད་པས་གདུང་བཅུས་དེ།། བརྟན ་རྣམས་རི་བོའི་རྩེ་དག་ནས།། སྱ་སྟེངས་བྱིས་པ་རྣམས་ལ་ལྟ།། བརྩོན་འགྲུས་དང་ནི་བག་ཡོད་དང་།། ཡང་དྲུག་སྡོམ་དང་དུལ་བ་ཡི།། མཁས་པའི་གླིང་དུ་བྱས་ནས་ནི།། ཆུ་བོ་ཆེན་པོ་མངོན་དུ་བཟློག། བརྩོན་པ་ལྡན ་ཞིང་དྲན་དང་ལྡན་པ་དང་།། སྤྱོད་པ་གཙང་ཞིང་བརྟགས་ནས་བྱེད་པ་དང་།། ཡང་དག་སྡོམ་དང་ཆོས་ཀྱིས་འཚེ་བ་དང་།། བག་ཡོད་རྣམས་ཀྱིས་གྲགས་པ་མངོན་པར་འཕེལ།། ཚུལ་ཁྲིམས་ཏིང་འཛིན་ཤེས་རབ ་མཆོག། ཐུབ་པའི་བསྒྲུབ་བཞིན་རྣམས་ལ་བསྒྲག། ཉེར་ནི་རྟག་ཏུ་སྤྱན་ལྡན་པའི།། སྐྱོབ་པ་མྱ་ངན་མྱེད་པ་ཡིན།། དམན་པའི་ཆོས་ལ་མི་བརྟེན་ཅིང་།། བགུ་མེད་པ་ལ་བསྟེན་མཱི་བྱ།། ལྕོག་པར་ལྔ་ལ་འདོད་མེད་དང་།། འཇིག་རྟེན ་འཕེལ་བར་མི་བྱའོ།། འཇིག་རྟེན་པ་ཡི་ཡང་དག་ལྟ།། ཆེན་པོ་སུ་ལ་ཡང་གྱུར་པ།། དྲི་ནི་ཚེ་རབས་སྟོང་དུ་ཡང་།། དྲན་འགྲོར་འགྲོ་བར་མི་འགྱུར་རོ།། བག་མེད་པ་ལ་སྦྱོར་བྱེད་པའི།། སྐྱེ་བོ་བྱིས་པ་བསམ་བརླག་ཡིན།། ཚོང་དཔོན་ནོར ་རྣམས་བསྲུང་བཽ་ལྟར།། མཁས་པ་བག་དྲང་ལྡན་པར་བྱ།། བག་མེད་པ་ལ་མི་སྦྱོར་ཞིང་།། འདོད་པ་རྣམས་ལ་རྒྱབ་ཕྱོགས་ནས།། རྟག་ཏུ་བག་ཡིད་སེམས་བྱེད་པ།། ཟག་པ་ཟད་པ་ཐོབ་པར་འགྱུར།། ཟག་པ་ཟད་པ་མ་ཐོབ་པར།། མཁས ་པས་བག་མེད་མི་བྱ་སྟེ།། རི་དགས་མོ་ཡིས་སེང་གེ་ལྟར།། བག་མེད་པ་དག་གསོད་པར་འགྱུར།། བགྲ་མེད་ཕ་རོལ་བུད་མེད་སྟེན་བྱེད་པའི།། མི་གང་ཡིན་ལ་གནས་སྐབས་འདི་བཞིན་འབྱུང་།། བསོད་ནམས་མིན་འཐོབ་བདེ ་པར་མི་ཉལ་དང་།། དམ་པས་སྨད་ཅིང་ལུས་ཞིག་ངན་འགྲོར་སྐྱེ།། གང་ཞིག་བདག་བདེ་ལྟ་འདོད་པ།། དེ་ནི་གོང་མ་བཞིན་དུ་སྦྱར།། བྱིས་པའི་ཤིང་རྟ་བཞིན་གྱུར་པས།། བརྟན་པས་བརྩོན་འགྲུས་ཞན་མི་བྱ།། དཔེར་ན་བྱིས་པའི་ཤིང ་རྟ་དག། ལམ་ཆེན་བཟང་པོ་བོར་ནས་ནི།། ལམ་ངན་དག་ཏུ་འགྲོ་བྱེད་པ།། མིག་ཆག་སེམས་ཁོང་ཆུད་པ་ལྟར།། དེ་བཞིན་ཆོས་ནི་སྤངས་པས་ཀྱང་།། ཆོས་མིན་རྗེ་སུ་འཇུག་བྱེད་པའི།། བྱིས་པ་འཆི་བདག་དབང་འགྲོ་ཞིང་།། ཆོས ་ཉམས་བདེ་བ་བཅོམ་པ་འཐོབ།། གང་ཞིག་བྱ་བ་རྣམ་སྤངས་ནས།། མི་བྱ་བ་དག་བྱེད་པ་དང་།། བགྲ་མེད་པ་ཡིས་རློམ་བྱེད་པ།། དེ་དག་རྣམས་ཀྱི་ཟག་པ་འཕེལ།། གང་ཞིག་ལུས་སོགས་དྲན་པ་དག། རྟག ་ཏུ་ལེགས་པར་བརྩམས་པ་དང་།། བྱ་བ་མ་ཡིན་མི་བྱེད་ཅིང་།། རྒྱུན་དུ་བྱ་བ་བྱེད་པ་དང་།། དྲན་དང་ཤེས་བཞིན་ལྡན་པ་དེའི།། ཟག་པ་རྣམས་ནི་ཟད་པར་འགྱུར།། ཇི་ཙམ་སྣང་དུ་སྨྲ་བྱེད་པ།། དེ་དག་དམ་ཆོས་འཛིན་པ་མིན?།། གང ་དག་འདི་ན་ཐོས་ཉུང་ཡང་།། ཡིད་ཀྱི་ཆོས་དག་མངོན་སུམ་བྱས།། གང་དག་ཆོས་ལ་བག་བྱེད་པ།། དེ་དག་དམ་ཆོས་འཛིན་པ་ཡིན།། གལ་ཏེ་རིགས་བརྒྱས་མེང་དུ་སྨྲས་ཀྱང་ནི།། གེ་མིད་མི་དག་དེ་ལྟ་རུ་བྱད་མི་འགྱུར།། དཔེར་ན ་བྱུཕྱུགས་རྫིས་གཞན་གྱི་ཕྱུགས་སྤྲིངས་ལྟར།། དེ་དག་དགྲ་སྦྱོང་སྐལ་བ་ཐོབ་མ་ཡིན།། གལ་ཏེ་རིགས་བཅས་ཉུང་ངུ་སླུ་བྱེད་ཀྱང་།། ཆོས་ཀྱི་རྗེ་སུ་ཆོས་ལ་སྤྱོད་པ་དང་།། འདོད་ཆགས་ཞེ་སྡང་གཏི་མུག་སྤོང་བྱེད་པ།། དེ་དེ་ག་དགེ་སྦྱོང ་སྐུལ་བ་ཐོབ་པ་ཡིན།། བཱགྱི་ཡོད་བསྔགས་པ་བརྗོད་བྱེད་ཅིང་།། རྟག་ཏུ་བགྲ་མེད་ལ་སྨོས་པས།། བག་ཡོད་མཆོད་སྦྱིན་རྒྱལ་བ་ཡང་།། ལྷ་རྣམས་ནང་ན་གཙོ་བོར་འགྱུར།། བགྲ་དང་བཅས་པའི་མཁས་པོ་ཡིས།། དོན་གཉིས་རབ་ཏུ ་ལེན་པར་བྱེད།། ཚེ་འདིའི་དོན་ནི་གང་ཡིན་དང་།། ཕྱི་མའི་དོན་ནི་གང་ཡིན་པའོ།། དེ་དག་བརྟན་པས་རྟོགས་པས་ན།། མཁས་པ་ཞེས་ནི་ངེས་པར་བརྗོད།། དགེ་སློང་བག་ཡོད་ལ་དགའ་ཞིང་།། བག་མེད་པ་ལ་འཇིགས་ལྟ་བུ ་བདག་ཉིད་ངན་འགྲོ་ལུས་འདྲེན་ཏེ།། འདམ་རྫབ་ལས་ནི་གླང་ཆེན་བཞིན།། སྡིག་པའི་ཆོས་རྣམས་སྤྲུག་པར་བྱེད།། རླུང་གིས་ལྗོན་ཤིང་ལོ་མ་བཞིན།། ཀུན་ཏུ་སྦྱོར་བ་ཕྲ་རགས་དག། སྲེག་སྟེ་མེ་ཡིས་རྩ་བཞིན་ནོ།། འདུ་བྱེད་ཉེར་ཞི་ཞི་བ་ཡི།། ་གོ་འཕྱང་མཆོག་ནི་སོ་སོར་རྟོགས་མྱ་ངན་འདས་དང་ཉེ་བའི་ཕྱིར།། ཡོངསུ་ཉམས་འགྱུར་མི་སྲིད་དོ།། བརྩོན་འགྲུས་ལྡན་ཞིང་བག་ཡོད་དང་།། ཆོས་སྤྱོད་ལེགས་པར་སྤྱོད་བྱེད་པ།། འཇིག་རྟེན་འདི་དང་ཕ་རོལ་ཏུ།། དགའ་དང་བདེ་བ་རབ། ་ཏུ་འཐོབ།། ཞི་ཕྱིར་བསླབ་པ་ལ་བརྟེན་དང་།། རྩོལ་པ་དང་ནི་བརྩོན་འགྲུས་བསྐྱེད།། མི་དྲན་པ་དང་བག་མེད་དང་།། བརྩོན་འགྲུས་ཆུང་དང་ཀུན་སྡོམ་མེད།། གཉིས་དང་སྡོམ་པ་གཡེང་བ་རྣམས།། འདི་དག་བསླབ་པའི་བར་བཅད་པས།། ཁྱོད་ཀྱི ་ཡན་ལག་དེ་མཁྱེན་ནས།། དྲན་པ་ཆུད་ནི་མི་གཟན་མཛོད།། མཁས་ཁྱོད་ཚུལ་ཁྲིམས་བཟང་བ་དང་།། བག་ཡོད་པ་ལ་དགྱེས་པ་ཡིས།། ཀུན་རྟོག་ལེགས་པར་མཉམ་ཞོག་སྟེ།། ཉིད་ཀྱི་ཐུགས་ནི་རྗེསུ་བསྲུངས།། གང་ཞིག་ཆོས་འདུལ་འདི་ལ་ནི ་བག་དང་ལྡན་པར་སྤྱོད་བྱེད་པ།། སྐྱེ་བའི་འཁོར་བ་རབ་སྤངས་ནས།། སྡུག་བསྔལ་ཐ་མར་བྱེད་པར་འགྱུར།། བག་མེད་པ་སྤོང་བའི་ལེའུ་སྟེ་གསུམ་པའོ།། ཉོན་མོངས་རྣམས་ནི་བདག་འཇོམས་སེམས་ཅན་འཇོམས་ཤིང་ཚུལ་ཁྲིམས ་འཇོམས།། ཉམས་བཅོས་སྙེད་པས་དམན་ཞིང་སྲུང་དང་དེ་བཞིན་སྟོན་པས་སྤངས།། རྩོད་བཅས་མི་སྙན་དེ་ནི་གཞན་དུ་མི་ཁོམ་རྣམསུ་སྐྱེ།། ཐོབ་དང་མ་ཐོབ་ཉམས་པས་འཇིགས་དང་སྡུག་བསྔལ་ཆེན་པོ་འཐོབ།། ཉོན་མོངས་ལྷག་པས ་ཐུབ་ལ་རྨ་འབྱིན་ཏེ།། དམ་ཆོས་སྤྱོད་དང་དགེ་འདུན་སྐུར་བར་བྱེད།། ཕ་མ་གསོད་ཅིང་ཆོམ་རྐུན་ལོག་གཡེམ་སྤྱོད།། རྫུན་དང་ཕྲ་མ་ཚིག་རྩུབ་འཁྱལ་པ་སྨྲ།། ཁརྣབ་སེམས་གནོད་སེམས་ལོག་ལྟ་ཡིད་བྱེད་ཅིང་།། ་དམྱལ་བ་ཡི་དགས་དུད་འགྲོ་འཕེལ་བར་བྱེད།། འདིར་ནི་ཉོན་མོངས་ས་བོན་བཞིན།། ཀླུ་བཞིན་རྩ་བཞིན་ལྗོན་ཤིང་བཞིན།། དེ་བཞིན་ཤུན་པ་ལྟ་བུ་སྟེ།། ལས་ནི་ཤུན་བཅས་འབྲས་དང་འདྲ།། དེ་བཞིན་མིན་དང་མེ་ཏོག་བཞིན།། སྐྱེ་བ ་བཟའ་བཏུང་གྲུབ་པ་འདྲ།། ཀུན་སྦྱོར་འཆིང་བ་བག་ལ་ཉལ།། ཉེ་བའི་ཉེན་མོངས་ཀུན་ནས་དཀྲིས།། ཆུ་བོ་སྦྱོར་བ་ཉེར་ལེན་མདུད།། སྒྲིབ་དང་ཐ་བ་དྲི་མ་སྡིག། ཟུག་རྔུ་ཅི་ཡང་ཉེ་བར་སྤྱོད།། ཟག་པ་ཕོངས་པ་ཡོངསུ་གདུང་།། འཁྲུགས ་དང་འཐོབ་པ་རིམས་ནད་དང་།། ནགས་སྦྱོར་དང་ནི་གནས་ཞེས་བྱ།། འདོད་ཆགས་ཁོང་ཁྲོ་གཏཱི་མུག་དང་།། ང་རྒྱལ་ལྟ་བ་ཐེ་ཚོམ་དང་།། ཁྲོ་དང་ཁོན་དུ་འཛིན་པ་དང་།། འཆུ་བ་དང་འཚིག་དང་ཕྲག་དོག་དང་།། སེར་སྣ་དང་ནི་སྒྱུ་བག ་དང་། གཡོ་རྒྱགས་རྣམ་འཚེ་ངོ་ཚ་མེད།། ཁྲེལ་མེད་རྨུགས་དང་རྒོད་པ་དང་།། མ་དད་པ་དང་ལེ་ལོ་དང་།། བག་མེད་པ་དང་རྗེད་ངས་དང་།། རྣམ་ག་ཡང་ཤེས་བཞིན་མ་ཡིན་པ།། རབ་མཁས་ཁྱེད་ཀྱིས་སྤོང་བར་མཛོད།། ཉོན ་མོངས་དེ་དག་སྤང་སླད་དུ།། ཞི་གནས་ལྷག་མཐོང་སྒོམ་པ་དང་།། མི་སྡུག་བྱམས་ཁམས་རྟེན་འབྲེལ་དང་།། དབུགས་རྔུབས་དབུགས་དབྱུང་དྲན་པར་མཛོད།། དྲན་པ་ཉེར་གཞག་སྤོང་བ་བཞི།། དེ་བཞིན་རྫུ་འཕྲུལ ་ས་ན་ན་ན་ན་ན་རྒྱུ་ན་ན་ཏུ་རྒྱུ་ན། ་ན་ན་ན། རྩོ་རུ་སུ་མ་ན་གྱི ་བསྒྱུར་ཅིང་ཞུས་ཏེ། གཏན་ལ་ཕབ་པའོ།། ། ་