CLOSE WINDOW

GT3687: rgyal po chen po ka ni ka la springs pa'i 'phrin yig
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། མ་ཧཱ་རཱ་ཛ་ཀ་ནི་ཀ་ལེ་ཁ། བོད་སྐད་དུ། རྒྱལ་པོ་ཆེན་པོ་ཀ་ནི་ཀ་ལ་སྤྲིངས་པའི་འཕྲིན་ཡིག། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ།། བགྲོད་པར ་བགྱི་འོས་ཁྱོད་ལགས་ན།། བཀུག་ཀྱང་མ་མཆིས་གང་ལགས་དེ།། མ་གུས་མ་ལགས་བརྙས་མ་ལགས།། རྒ་དང་ནད་ཀྱི་བར་ཆད་བགྱིས།། བདག་ནི་སེམས་ཅན་ཐམས་ཅད་དང་།། འདྲ་བར་ཁྱོད་ལ་བརྩེ་མོད་ཀྱི།། ཁྱོད་ཀྱི་ཡོན ་ཏན་གྱིས་ཁྱོད་ལ།། ལྷག་པར་ཉེ་མགོན་ཁྱད་པར་བགྱིད།། གདམས་ཀྱི་ཕལ་ཆེར་མཆིས་མོད་ཀྱི།། ཐམས་ཅད་གདམས་པར་སུ་རྔོ་ཐོགས།། ཁྱོད་ཀྱི་ཡོན་ཏན་གང་ལགས་དེས།། བདག་ནི་སྤྱི་བརྡོལ་སྐྱེས ་བར་འགྱུར།། ཟློགས་པ་མེད་པའི་ཡོན་ཏན་གྱིས།། ཕྱོགས་རྣམས་ཀུན་ཏུ་བསྒོས་པས་ནི།། མི་མཆོག་རྣམས་ཀྱང་ཐུགས་ཐུབ་པར།། མཛའ་བཤེས་བཞིན་དུ་འཛེམ་པ་མེད།། དེ་ལྟས་སྙན་གཏོད་ཉིད་ཀྱི་ཆེད།། བད་གི་གསོལ་བ་འདི་གསོན ་ཏེ། བསྒྲུབ་དང་བཏང་བ་ཡིད་གཉིས་ལས།། གང་རིགས་དེ་ནི་ཉམ་སུ་བཞེས།། དགའ་བར་བགྱིད་པའི་ཡུལ་རྣམས་དང་།། རྒྱགས་པར་བགྱིད་པའི་ལང་ཚོ་དང་།། བདག་ཉིད་རང་དགར་སྤྱོད་པ་དང་།། ཀུན་ཏུ་དོན་མེད་བགྱིད་པའི་སྒོ།། ཕུང་བར ་བྱེད་པ་དེ་གསུམ་སྤང་།། མཁས་པས་དམ་པ་བསྟེན་པ་དང་།། དབང་པོ་གདུལ་དང་ཤེས་རབ་ཀྱི།། སྟོབས་མཐུས་ཉམས་ནི་སྨད་ནས་སྤྱད།། ཁྱོད་ཀྱིས་ཉེས་པའི་གཞིར་གྱུར་པའི།། ཆ་ནི་གསུམ་པོ་དེ་དག་རྣམས།། ཆོས་ལུགས་དག་དང་འདུལ་བ་ཡིས།། ་བཅོས་ནས་ཡོན་ཏན་ཉིད་དུ་མཛོད།། ཅི་སྟེ་རྒྱལ་པོ་བློན་པོ་དག། དཀྱིལ་ཚེ་སྙིང་རྗེའི་བདག་ཉིད་ནི།། རྟག་ཏུ་ཉོན་མོངས་མེད་པ་ཡི།། ལས་ཀྱི་རྒྱལ་སྲིད་བྱ་བར་རུང་།། འཇིག་རྟེན་འདི་ན་བློ་གྲོས་ཀྱི།། ཉམ་ཆུང་གྱུར་དང་མགོན་མེད་པ།། བྱ་བ་མ་ཡིན་བྱེད ་པ་ལ།། གདོན་མི་ཟ་བར་འཇུག་པར་འགྱུར།། དེ་བས་ཇི་སྲིད་ས་དེ་ལ།། མྱུར་དུ་མ་སྐལ་པར་དུ་ནི།། བློ་མཐུ་བསྐྱེད་ཕྱིར་མཁས་པ་དག། བསྡུ་བར་དགྱེས་པའི་ནན་ཏན་མཛོད།། ཆོས་ཀྱི་བསྟན་བཅོས་གདོན་བགྱི་ཞིང་།། དེ་ཡི་དོན་གྱི་ཚུལ་གསོན ་ལ།། གསན་པའི་ཆོས་རྣམས་རྣམ་དཔྱད་དེ།། དཔྱད་པ་ལ་ནི་མཁས་པར་མཛོད།། མྱ་ངན་གྱིས་ནི་མ་གདུངས་ཤིང་།། ན་གཞོན་ནད་མེད་ལོངས་པ་ཡི།། དངོས་པོ་ད་ལྟར་བྱུང་བ་ཡིས།། བློ་གྲོས་ལ་ནི་མི་ནུས་མེད།། འདིར་ནི་སྐྱེས་བུ་དམ་པ་ལས།། ་དུས་དུས་སུ་ཡང་ཉུང་ཟད་གསོན།། ཉུང་ངུ་བསགས་ནའང་ངེས་པར་ནི།། རིང་པོར་མི་ཐོགས་མང་པོར་འགྱུར།། རྟག་ཏུ་ཆུ་ཐིགས་རེ་རེའི་རྒྱུན།། བར་ཆད་མེད་པར་འབབ་པ་ཡིས།། གང་ཞིག་གང་བར་མི་འགྱུར་བའི།། སྣོད་དེ་ཇི་ལྟ་བུ་ཞོག་མཆིས།། དེ་ལྟར ་དཔེ་གསལ་དེ་ལྟ་བུ།། རྒྱལ་པོ་ཚད་མར་མཛད་ནས་ནི།། དམ་པའི་ཆོས་ནི་གསན་པ་ལ།། རྟག་ཏུ་དགེས་པ་ཉིད་དུ་མཛོད།། ཡོན་ཏན་ནོར་ནི་གཉེར་ལ་གཉེན།། མཁས་ཤིང་སྙིང་རྗེའི་བདག་ཉིད་ཅན།། བྱས་གཟོ་བོངས་ཆོས་མི་བགྱིད་པ།། བཟང་པོ་ཁྱོད ་ཀྱིས་སླད་དུ་ཞོག། ཁྱོད་ཀྱིས་བླུན་དང་འཕོངས་ཆོས་ཅན།། བརྐམ་ཞིང་བྱས་པ་མི་གཟོ་དང་།། ཁ་གསག་གཏུམ་པོ་མི་བཟང་བ།། ཡུལ་ནའང་གནས་སུ་མ་སྩལ་ཅིག། རྟག་ཏུ་སོ་སོའི་སྐྱེ་བོ་ཡིས།། ཁྱད་པར་མཁྱེན་པར་མཛོད་ཅིག་དྲང་།། དེ་ཡི ་ཁྱད་པར་མཁྱེན་ཙམ་ལ།། ཕུན་སུམ་ཚོགས་པ་རག་ལས་སོ།། མི་གང་དཀའ་བ་སྤྱོད་བྱེད་དང་།། དོར་བར་བྱ་དཀའ་དོར་བ་དང་།། བཟོད་པར་དཀའ་བ་བཟོད་བྱེད་དང་།། བཀུར་དཀའ་ཉམས་སུ་ལེན་པ་དང་།། གནས་མིན་ལས་ནི་ཟློག་བྱེད་དང་།། ་གནས་སུ་འཇོག་པར་བརྩོན་པ་དང་།། དེ་ཡི་བསམ་པ་མཐུན་གུས་དང་།། བདེ་བར་འདོད་ཅིང་འོ་བྱམས་པ།། དེ་དག་རྣམས་ནི་མཛུབ་ཤེས་ཏེ།། གཉེན་འདུན་གྲོགས་པོའང་དེ་དག་ལགས།། རང་དོན་ཙམ་ཕྱིར་འབྲང་བའི་མི།། གཞན་དག་སྐྱེ ་བོ་ན་ཕན་པ་བས།། གྲོགས་པོ་ཕན་པར་འདོད་པའི་ཚིག། མི་སྙན་ཡང་ནི་ཕན་པ་དང་།། འཛུམ་དང་བདེ་བ་ལགས་པ་དག། ཐུགས་ལ་བཞག་པར་མཛད་དུ་གསོལ།། ཚིག་སྙན་ཕན་པ་མ་ལགས་དང་།། འཇམ ་དབྱངས་བདེན་པ་མ་ལགས་པ།། དམ་པ་མ་ཡིན་རྣམས་ཀྱི་ཚིག། ཁྱོད་ཀྱི་ཐུགས་ལ་མ་བཟུང་ཞིག། ཕན་པར་སྨྲ་བ་ཁྲོ་ཡང་ནི།། ཁྱོད་ཀྱིས་གནང་ཚན་དག་ཏུ་མཛོད།། མི་ཕན་སྨྲ་བ་བསྟོད་བགྱིད་ཀྱང་།། དགྱེས་པ་དག་ཏུ་མ་མཛོད་ཅིག། ་རབ་དང་མཚོ་ཡ་ངང་པ་ཡི།། རྒྱལ་པོ་དང་ནི་ཆུས་འཇིགས་བཞིན།། དམ་པ་རྣམས་ཀྱིས་བསྙེན་བླ་དང་།། དམ་པ་མིན་པས་བསྙེན་དཀའ་མཛོད།། ཁྱོད་ཀྱིས་མཁས་རྣམས་ཚིམ་བགྱིས་པས།། འབྱོར་པ་དོན་དུ་གཉེར་མི་བགྱིད།། ཡོན་ཏན་དགྱེས ་ཕྱིར་ཁྱོད་ཀྱིས་ནི།། ཡོན་ཏན་རྣམས་ཀྱིས་མི་ངོམས་མཛོད།། ལོངས་སྤྱོད་བྱེད་དམ་བདེ་བ་དང་།། སྡུག་བསྔལ་ཕྲད་པའམ་སྤྱོད་པ་འམ།། སྤྱོད་ལམ་ཀུན་ཏུ་སྤྱོད་པ་ནི།། ཁྱོད་ཀྱིས་དམ་པ་བསྟེན་པ་དང་།། དྲན་པའི་གྲོགས་ཀྱིས་བསྐོར་བ་ན།། བག ་ཡོད་པར་ནི་གནས་འགྱུར་ཏེ།། སཱ་ལའི་ཤིང་ལ་འཁྲི་ཤིང་བཞིན།། བཟང་པོ་དཔལ་གྱིས་འཁྱུད་པར་འགྱུར།། ཁྱོད་ཀྱིས་བཞོམ་པ་བདེན་པ་དང་།། ཁྱད་པར་ཞིང་ལ་སྦྱིན་པ་དང་།། དྲན་དང་བྲལ་བས་འདོད་པ་དབྱེ།། ཆད་པས་གང་དུའང ་གཅད་མི་བགྱི།། ལོག་པས་འཐབ་བཙུགས་བྱེད་པ་དང་།། བཀྲེན་ལ་དམན་པར་ལྟ་བ་དང་།། ཚུལ་ཁྲིམས་ལྡན་རྣམས་མི་དགའ་དང་།། དཀའ་ཐུབ་སྡོམ་པ་འཁྲུལ་བྱེད་པ།། བཞི་པོ་འདི་དག་འདོད་མིན་ཏེ།། རྩ་བ་འཇོམས་པར་བགྱིད་པ་ལག ་རང་བརྩོན་ཁྱོད་ཀྱི་ཡུལ་ན་ནི།། དེ་དག་གཏན་མ་མཆིས་པར་མཛོད།། སྟོབས་དང་ལྡན་པ་སྟོབས་ཆུང་བ།། གནང་ཆེན་གྱིས་ནི་མི་གནང་དང་།། མཆོད་འོས་རྣམས་ཀྱིས་མི་མཆོད་དང་།། སྨོས་འདྲིས་ཀྱིས་ནི་མི་ཤེས་པ།། གང་ཡང་རུང་བ་གང་གིས ་ཀྱང་། བརྙས་པ་མེད་པར་ཁྱོད་ཀྱིས་མཛོད།། ཐ་སྙད་རྣམས་ནི་དག་པ་ཡིས།། ཀུན་ལ་འདྲི་བར་གཟིགསུ་གསོལ།། ཀུན་གྱིས་རང་གི་ཆོས་ཐོབ་ཅིང་།། ཆོས་ཀྱིས་ཐམས་ཅད་འཚོ་བར་མཛོད།། མི་སྡུག་ཀྱང་ནི་ཉེས་མེད་ན།། ཐམས་ཅད་བདེ་བར ་མཛད་དུ་གསོལ།། ཕ་ཡི་བུ་ལ་ཇི་ལྟ་བར།། ཁྱོད་ཀྱིས་འཁོར་ལ་བྱམས་བགྱིས་ན།། བུ་ཡིས་ཕ་ལ་ཇི་ལྟ་བར།། ཁྱོད་ལ་ཞ་འབྲིང་དགའ་བར་བགྱི།། ཕལ་རྣམས་རང་བཞིན་བཟང་ན་ནི།། ཁྱོད་ཀྱིས་དགོངས་པ་བཞིན་དུ་འགྱུར།། ཕལ་རྣམས་རང ་བཞིན་ངན་ན་ནི།། ཁྱོད་ཀྱིས་དགོངས་པ་བཞིན་མི་འགྱུར།། གལ་ཏེ་གཞུང་ལུགས་བཟང་ཞེ་ན།། གོང་ནས་གོང་དུ་འཕང་བར་འགྱུར།། ཅི་སྟེ་ངན་པས་སྤྱོད་མཛད་ན།། འོག་ནས་འོག་ཏུ་ལྟུང་བར་འགྱུར།། དམ་པའི་ལས་ལ་གནས་ནས་ནི།། ཁྱུ་མཆོག། ་དང་ནི་ཁྱུ་ལྟ་བུ།། རྗེསུ་འཚོ་བའི་སྐྱེས་ངུའི་ཚོགས།། འདི་ཀུན་རྗེསུ་འབྱང་བར་འགྱུར།། ཁྱོད་ཀྱི་གྱ་གྱུ་ལ་ཞུགས་ན།། གྷུ་གྱུ་ཁོ་ནའི་རྗེས་འབྲངས་པས།། སྐྱེ་དགུ་ཁྱོད་མཛད་རྗེས་འབྲང་བའི།། སྐྱེ་དགུ་དེ་ནི་ཉམས་པར་འགྱུར།། དེ་བས་བདག་གཞན་བསྲུང ་སླད་དུ།། ཐུགས་ཀྱིས་རབ་ཏུ་བསྒྲིམས་ནས་ནི།། གནའ་རྒྱལ་དྲང་སྲོང་རྣམས་ཀྱི་ལུགས།། ཉམས་པ་སར་པར་བཅོས་སུ་གསོལ།། གནའ་ཡི་རྒྱལ་པོའི་སྤྱོད་པ་ལས།། གང་དག་བཟང་བ་དེ་མཛོད་ལ།། མི་རིགས་པ་ནི་གང་ལགས་དེ།། སྨད་པར ་མཛོད་ལ་སྤང་དུ་གསོལ།། སྔོན་གྱི་བཀའ་ཁྲིམས་སྐྱོན་ཆགས་པ།། གནའ་ནས་མཆིས་ཀྱང་རྒྱུན་ཆོད་ལ།། རྒྱལ་པོ་ཀ་ནི་ཀསུ་མཚན་པའི།། ཁྲིམས་སུ་བཅའ་བ་གསར་པ་མཛོད།། ལྷ་ཁྱོད་ཡོན་ཏན་དོན་གཉེར་བས།། ཡོན ་ཏན་ལྷ་བཞིན་ཁོ་ནར་མཛོད།། ལྷ་ཁྱོད་སྐྱོན་རྣམས་མཁྱེན་པ་ཡིས།། ལྷ་བཞིན་ཉེས་མེད་ཁོ་ནར་མཛོད།། ཟླ་བ་མེ་ར་གྱི་ངོ་བཞིན་དུ།། ཉེས་པའི་ཚོགས་རྣམས་འགྲིབ་པ་དང་།། ཟླ་བ་ཡར་གྱི་ངོ་བཞིན་དུ།། རྟག་ཏུ་ཡོན་ཏན་གྱིས་བརྒྱན་མཛོད།། ་ཡབ་སེམས་བཞིན་དུ་བདག་ཉིད་ཀྱིས།། ཆོས་ཀྱིས་ས་སྟེངས་བསྐྱང་བ་དང་།། ཡབ་མེས་བཞིན་དུ་ལྷ་གང་གཱི། དུས་སྟོན་འཕེལ་བར་མཛད་དུ་གསོལ།། ཁྱོད་ཀྱིས་མཐོ་རིས་བྱད་གྲོལ་གྱིས།། ཐམ་སྐུས་མི་མཉམ་མཉམ་པའི་ཕྱིར།། བསོད ་ནམས་ལས་བྱུང་བཟོ་རིག་ཚེ།། རྟག་ཏུ་ལྷ་ཁང་དག་ཏུ་སོགས།། རྒ་དང་འཆི་བས་བསྙེངས་མཛོད་དེ།། ཆོས་བཞིན་རྒྱལ་སྲིད་དཔལ་དཔྱད་ནས།། བགྲེས་ཀར་དགོན་པར་གཤེགས་སུ་གསོལ།། དམ་ཆོས་སྟོན་པའི་འབྲས་མཆིས་མཛོད།། ་རང་བྱུང་རྣམས་ཀྱི་རྗེསུ་བསྒྲུབ།། ཀུ་ཤའི་རིགསུ་འཁྲུངས་ཁྱོད་ཀྱིས།། ཡབ་མེས་འཕགས་རིགས་ཉི་མ་ཡི།། གདུང་རྒྱུད་ཆོས་ལུགས་མ་ཉམས་མཛོད།། སྐྱེ་བ་ཅན་ལ་ངེས་པར་ནི།། རྒས་དང་འཆི་དང་ན་མཆིས་ནཱ།། མ་བགྲེས་མ་བསྙུངས ་མ་གྲངས་ཞེས།། ལེགས་སྨོན་གསོལ་ཡང་ཅི་ལ་སྨན།། སྲིད་པ་དག་ནི་གང་ཡང་རུང་།། དེ་ཉིད་རྒས་དང་འཆི་བ་ལགས།། ཡོངསུ་བསྒྱུར་བས་རྒ་བ་སྟེ།། སྐད་ཅིག་འཇིགས་པས་འཆི་བ་ཡི།། མ་རྒས་མ་ན་མི་འཆི་ཞེས།། སྨྲ་བ་དག་ནི། ་སྨྲ་བ་ན།། དེ་ལྟར་འཇིག་རྟེན་ཀུན་འབར་ན།། ཡང་སྲིད་མྱེད་ལྔས་གཞན་ཅི་ཡོད།། གང་ན་མི་མཐུན་ཡོད་མ་ཡིན།། གང་དུ་འདུ་བྱེད་འཇིག་མི་འགྱུར།། གང་ན་གཅིག་ཏུ་བདེ་བར་གནས།། གང་དུ་སོང་ན་འཆི་མེད་འགྱུར།། སྲིད་པ་ཀུན་ནས ་ཉོན་མོངས་དང་།། སྡུག་བསྔལ་འགྱུར་བ་ཅིར་མི་མཁོ།། དེ་སླད་ངེས་པ་སྲིད་པ་རྣམས།། མེད་པར་བསྒོམ་པ་རྒྱས་པར་མཛོད།། འདིར་ནི་བགྱི་བ་འདི་ཉིད་དེ།། དེ་ལས་གཞན་པའི་བགྱི་མི་འཚལ།། བགྱི་བ་དེ་ནི་བགྱིས་པ་ཡིས།། ་མི་བགྱི་བ་ཡི་ཚེར་ཕྱིན་ཏོ།། བགླང་འབྲིཕྲེང་བཞིན་དུ་འཁོར་བ་རུ།། ལེན་མང་ཡོངས་སུ་འཁོར་བ་ནི།། ལན་བརྒྱ་འམ་ཡང་ན་སྟོང་དག་དུ།། འཇིག་རྟེན་དག་ཏུ་ཅི་མ་བགྱིས།། འདི་མ་བགྱིས་སྨས་བྱིས་པ་ཡིས།། ཡང་དང་ཡང་དུ་བགྱི ་འཚལ་བས།། ཐོག་མ་མེད་པའི་དུས་ཅན་འདིས།། ད་དུང་བར་དུ་མ་ལོག་གོ།། འཆི་བདག་སུ་དང་མི་ཤེས་བྱ།། གློ་བུར་དག་ཏུ་འབབ་འགྱུར་བས།། སང་དག་བྱ་ཞེས་མ་བཞེས་པར།། དམ་པའི་ཆོས་ལ་སྦྱར་ཏེ་མཛོད།། འདི་སངས་དང ་འདི་མི་བྱ་ཞེས།། བྱ་བ་མྱི་ལ་བཟང་པོ་མིན།། ནམ་ཞིག་ཁྱོད་ནི་མེད་འགྱུར་བའི།། སང་དེ་གདོན་མི་ཟ་བར་འོང་།། འཆི་བདག་བརྩེ་བ་མེད་པ་ཅན།། སྐྱེས་རྩལ་དོན་མེད་གསོད་འགྱུར་བ།། གསོད་པ་མངོན་དུ་འོངས་བཞིན་དུ།། མཁས ་པ་སུ་ཞིག་བག་སྐྱོང་སྤྱོད།། དེ་སླད་དཔག་ཚན་བཟོད་མེད་དེས།། མདའ་ནི་མི་བཟད་འཚོར་མེད་པ།། དེ་ནི་ཇི་སྲིད་མ་འཕངས་པ།། དེ་སྲིད་རང་གི་དོན་ལ་འབོད།། རྣམ་སྨིན་འབྱིན་པ་སྔོན་ལས་ཀྱིས།། ཁྱོད་ནི་ཡོངསུ་བཏང་གྱུར་པ།། ་སར་པའི་ལས་དང་རྗེས་འབྲེལ་ཅིང་།། འཆི་བདག་གིས་ནི་དྲངས་པ་ན།། དག་དང་སྡིག་པ་མ་གཏོགས་པར།། འགྲོ་བ་ཐམས་ཅད་ཕྱིར་ལོག་ནས།། འགའ་ཡང་ཁྱོད་རྗེས་མི་འབྲང་བར།། མཁྱེན་པར ་མཛོད་ལ་ལེགས་པར་སྤྱོད།། བདག་ནི་སྙིང་རྗེས་ཟིལ་ནོན་ཅིང་།། ཡིད་མི་དགའ་བའི་རླན་གྱིས་ནི།། ཤིན་ཏུ་བརླན་པའི་སྨྲེ་སྔགས་འདི།། རེ་ཞིག་གསན་པར་མཛད་དུ་གསོལ།། འགྲོ་བ་སྨན་པ་ལོག་ལྟུང་བ།། མགོན་མེད་ཉེས་མེད་ཕལ ་ཆེཆེར་ནི།། རྩཝ་དང་ཆུ་དང་འབྲོས་བུ་ནི།། ཕལ་པས་འཚོ་བ་སྒྲུབ་བགྱིས་པ།། བྱ་དང་རི་དགས་ཕྱུགས་དག་ལ།། རྒྱལ་པོས་གསོད་དམ་གསོད་འཇུག་པ།། ཅིག་རིགས་སྣམ་མི་རིགས་པ།། བདེ་ལ་གནས་པ་ཁྱོད་ཉིད་གསུངས།། ཁྱོད་ནི་ཆེན་པོར་མི ་ཁྲོ་ཞིང་།། གནོད་པ་བགྱིད་པའང་བཟོད་ཅེས་གདའ།། ཁྱོད་ཀྱི་ཐུགས་རྗེས་དུད་འགྲོ་བ།། ཀྱེ་མ་སུ་ཞིག་དགག་པར་བགྱི།། གནོད་པ་བགྱིད་ལ་བཟོད་མཛད་པ།། གནོད་མི་བགྱིད་པ་འགུམས་མཛད་པས།། ཁྱོད་ལ་བརྩེ་དང་མི་བརྩ་བས།། རྒྱུ་མཐུན་པ་ནི ་གཉིས་ཀ་གདའ།། སྔོན་ཆད་བགྱིས་པའི་སུག་ལས་ཀྱིས།། འདི་ལྟར་འབེན་དུ་གྱུར་པ་ལ།། ཁྱོད་ཉིད་གནོད་པ་མཛོད་ན་གོ།། སུ་ལ་སྐྱབསུ་འགྲོ་བ་གསུངས།། གཞན་གྱིས་གནོད་པ་བགྱིས་ན་ཡང་ཀ། ཉིད་ཀྱིས་ཕྱག་གིས་བཤུགས་འཚལ་ན།། ཁྱོད ་བཞེངས་མངོན་དུ་མནོད་མཛོད་ན།། ཕྱོགས་ཀུན་མུན་པར་མ་གྱུར་གཏམ།། ཀུན་ལ་སྲོག་ནི་ཕངས་པ་སྟེ།། ཀུན་ལ་གསོན་པ་སྡུག་པ་ལགས།། ཐམས་ཅད་འཆི་བའི་ཆོས་ཅན་ཏེ།། ཐམས་ཅད་སྡུག་བསྔལ་རྣམས་ཀྱིས་གདུང་།། འདི་ལྟར་གང་ཞིག་མི ་འཚལ་བ།། དེ་ཉིད་ཀྱིས་ནི་སྡུག་བསྔལ་ཏེ།། མཁས་པ་སུ་ཞིག་དགའ་བ་ལྟར།། ཚིག་པ་ལ་ནི་ཡང་སྲེག་བཞིན།། ཁྱོད་ནི་སྲོག་གཅོད་མི་དགྱེས་ཤིང་།། སྲོག་གཅོད་དགྱེས་ལས་ཕྱིར་ལོག་ན།། རྒྱལ་སྲིད་ཉམས་པར་འགྱུར་རམ་ཅི།། ལུགས་འདི ་ཅི་ཞིག་ལགས་པ་གསུངས།། མཚོན་ཆའི་ཐབས་ལ་མཁས་ཁྱོད་ཀྱིས།། གཡུལ་ངོར་སྲོལ་བཏོང་མཐོང་ལགས་ན།། གཞན་དུ་ཁྱོད་ལ་རི་དགས་ལ།། ཅི་སླད་གནོད་པའི་ལས་རྣམས་མཛད།། རི་དགས་གཞོན་ནུའི་སྤྱན་ལམ་ཁྱོད།། སྤྱན་དང ་འདྲ་བའི་རི་དགས་རྣམས།། རྟབས་ནས་རིག་རིག་ལྟ་བ་ལ།། ཅི་ཡི་སླད་དུ་ཐུགས་མི་ཌྷྭེ།། ཁྱོད་ཀྱི་སྤྱན་དང་མིག་འདྲའི་ཕྱིར།། ཁྱོད་ལ་དགའ་བ་གང་ལགས་ཏེ།། རི་དགས་ལ་ཡང་དགའ་བགྱིད་ན།། ཁྱོད་ནི་ཇི་ལྟར་དགྱེས་མི་མཛད།། ལོག་པར་ལྷུང ་དང་སྤྱན་འདྲ་དང་།། མགོན་མེད་ཡུལ་ན་གནས་པ་ཉིད།། རེ་རེ་ཡང་ནི་རི་དགས་དག། མི་འགུམས་པ་ཡི་རྒྱུར་རུང་ངོ་།། མི་རྣམས་ལ་ནི་མཛད་པ་བས།། སྡུག་བསྔལ་ལྷག་པར་བརྟགས་པ་ཡི།། དུད་འགྲོ་རྣམས་ལ་ཆེས་ལྷག་པར།། ཁྱོད་ཀྱིས ་ཐུགས་རྗེས་མཛད་དུ་གསོལ།། ཁྱོད་ཉིད་སྲུང་བའི་དོན་འདི་ལ།། བདག་གིས་ཐལ་མོ་སྦྱར་མི་འཚལ།། རྒྱུད་གཞན་གསོལ་བས་གུས་བགྱིས་པར།། ལེགས་པར་ཐུགས་ཚོད་མང་ལགས་གྲང་།། ཙེ་ནས་བཟུང་སྟེ་བསླབ་སྦྱང་བ།། དམ་པ་རྣམས་ཀྱི ་ལུགས་སུ་གྲགས།། དེ་ལྟར་ལགས་པས་རྒྱལ་པོ་ལ།། བུ་སྡུག་བཞིན་དུ་གསོལ་བ་ལོགས།། གལ་ཏེ་བདག་གིས་མི་ཕན་པ།། གསོལ་ན་བདག་ལ་ཆད་པས་ཁྲུ་ག།། ཅི་སྐྱེ་གཅིག་ཏུ་ཕན་གསོལ་ན།། བདག་གོས་བསོལ་བ་བཞིན་དུ་མཛོད།། གལ ་བྷྱ། མི་དགྱེས་མཛད་པར་མ་གྱུར་ན།། བདག་གིས་ཡད་དང་ཡང་དུ་གསོལ་བར་འཚལ།། ཅི་སྟེ་བདག་ཚིག་ཁྱད་དུ་འགམས་མཛད་ན།། བཀའ་མཆིད་འདི་ནི་ངེས་པར་གཏང་བར་བགྱི།། དགྱེས་པར་གྱུར་ན་སླར་དགྱེས་མི་འགུམས་ཏེ། ་མི་དགྱེས་གྱུར་ན་དོག་ས་གཟུང་བར་འཚལ།། གནོད་བགྱིད་ཉི་མ་ལྟར་རྡོ་མི་ཐོགས་པས།། ས་བདག་ཟླ་བ་ཟླ་བ་བཞིན་དུ་མཛོད།། ས་བདག་ཚར་མའི་ཤིང་ལ་སྦྲང་རྩི་ལྟར།། དགྲ་བོ་ལས་ཀྱང་ལེགས་པར་སྨྲས་པ་གཟུང་།། གསེར་གྱི་རི་ལས་དུག་རྒྱུན་ཇི ་བཞིན་དུ།། ཡིད་འོང་སྐྱེ་བོའི་ཚིག་ངན་སྤང་འཚལ་ལོ།། མི་མཆོག་གལ་ཏེ་ལེགས་པར་མཛད་པའི་སྦྱོར་བས་བསྒྲུབས་གྱུར་ཏེ།། ཕ་རོལ་གནོད་པ་སེལ་བའི་དཔལ་འདི་ཡོན་ཏན་རྒྱན་རྣམས་ཀྱིས།། ཕྱུག་པར་བགྱིས་ན་ལེགས་སྤྱད་བརྒྱལ་ཆགས ་ཕྱིར་གཡོ་བའི་སྙིང་།། མི་བརྟན་པ་ཡང་རང་དབང་མེད་པར་ཡུན་རིང་ཁྱོད་ལ་ཆགས།། སློབ་དཔོན་མཱ་ཏྲི་ཙི་ཏྲས་རྒྱལ་པོ་ཆེན་པོ་ཀ་ནི་ཀ་ལ་སྤྲིངས་པའི་འཕྲིན་ཡིག་རྫོགས་སོ།། ་རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷཱ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་རིན་ཆེན་མཆོག་གིས་བསྒྱུར། ཨ་ཙརྱ་དཔལ་རྩེགས་ཀྱིས་ཞུས་ཏེ་གཏན་ལ་ཕབ་པ།། ་