CLOSE WINDOW

GT3684: 'phags pa spyan ras gzigs dbang phyug gis dge slong rab gsal gzhon nu la springs pa'i phrin yig
Wyliee-texts produced with BDRC’s OCR application

དྷམ་ཤྲཱི་བྷ་དྲ་དང་། ཞུ་ཆེན་གྱི་ལོ་སྡེབ་དགེ་སློང་རིན་ཆེན་བཟང་པོས་ཞུས་ཏེ་གཏན་ལ་ཕབ་པོ།། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། དགེ་སློང་རབ་གསལ་གཞོན་ནུ་ལ་སྤྲིངས་པའི་ཕྲིན་ཡིག། ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། སྔོན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། དགེ་སློང་རབ་གིསལ་གཞོན་ནུ་གཉིས་དང་བྱོར་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་དེ་གྲོགས་པོར་འཐམས་ནས། ་གང་གི་ལམ་སྔོན་དུ་གྲུབ་པ་དེས།། ཅིག་ཤོས་ལ་བཏང་བར་དམ་བཅས་པ་ལས། འཕག། ས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ལམྲ་སྔོན་དུ་གྲུབ་སྟེ། དགེ་སློང་རབ་གསལ་གཞོན་ནུ་ལ་བཏང་བའི་ཕྱིར་འཕྲིན་ཡིག་གིས་བཟླུགས ་པ། གྲོགས་ཁྱོད་ཅི་བདེ་འམ་དམ་བཅས་བརྗེད་དམ་ཅི། འདོད་པ་མེ་མངདག་དོང་རྩེ་འདྲ་འདི་ལ་ཅི་ཞིག་ཆགས།། ཤིན་ཏུ་སྐྱོ་བའི་ཡིད་ཀྱིས་རབ་ཏུ་མི་འབད་པར།། སྲིད་རྒྱུ་འདོད་པ་ད་དུང་གང་བྲ་ག་ལ་སྲིད།། ་ཐེག་པ་མཆོག་གི་ངེས་འབྱུང་འགྲོ་བའི་དོན་བྱོས་ལ།། རྒྱུ་དང་ཁ་གསག་གྲགས་པ་རྙེད་ལ་མི་གདུང་ཞིང་།། འགྲོ་ལས་རྣམ་གྲོལ་ལམ་ལ་མྱུར་དུ་མ་འབད་ན།། དུས་གསུམ་རྒྱལ་བས་བསྐྱབ་བཀའ་ཕན་ཐག་ཆད་དུ་འོང་།། རྟོག་མེད་རྟོག་བྲལ ་དུས་གསུམ་ཐུབ་པ་ཀུན་གཤེགས་ཤུལ།། ཕྲ་ཞིང་ཤེས་དཀའ་ཚིག་གི་སྤྱོད་ཡུལ་མ་ཡིན་ཡང་།། ཕྱོགས་ཙམ་རྟོགས་པས་སྒྲོ་བཏགས་རྒྱལ་བའི་མཐུས་བརྗོད་ན།། ཤིན་ཏུ་ལེགས་པར་རབ་ཉོན་ཡིད་ལ་གཟུང་ནུས་སཾ།། དགེ་སློང་རབ་གསལ ་གཞོན་ནུས་སླར་ཡང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་གསོལ་པ། མཐོ་ལ་མཐོ་སེམས་མི་མཛད་མཉམ་ལ་འགྲན་མི་མངའ།། དམའ་ལ་སྔན་ཅན་མི་མཛད་ཡོངས་ལ་སྙོམས་པའི་མགོན།། དཔའ་བོ་འོད་ཟེར་སྟོང་འབར་ལམ ་མེར་བཞུགས་པ་ཡི།། མདངས་བཟུང་ཐུགས་རྗེའི་མངའ་བདག་ད་ལྟར་གང་ན་བཞུགས།། ཁྲི་ལན་བདུད་རིས་འཕམ་མཛད་ཐར་པའི་ལམ་སྟོན་གསོལ།། ཉེས་བཅུ་ཐ་བའི་རྡུལ་བྲལ་སྟོབས་བཅུ་བརྩལ་འཕགས་གསོན།། འཇིག་རྟེན་གསུམ ་གྱི་གཉེན་གྱུར་སྐྱོབས་པ་དམ་པ་གསོན།། དཔའི་གཏན་བདུད་ལས་ཤིན་ཏུ་མཚམས་མེད་གཅིག་ཏུ་བརྟན་པ་གསོན།། བདག་ནི་མུན་བཙས་བདུད་ཀྱི་ཞགས་པས་ཟིན་པ་སྟེ།། ཐར་པའི་ལམ་སྟོར་འཁོར་བའི་དགོན་པར་འཁྱམས་ལགས་ན།། ་རྗེས་གདུལ་གཱར་ལེགས་ཐབས་ཀྱིས་རྒྱུན་དུ་མི་སྟོབ་པར།། དུས་རིངས་བཀླུངས་ཀྱི་ཀུར་དུ་མགོན་ཁྱོད་ག་ཞེས།། ནཱ་དང་མི་ས་ཆུ་མཆོག་ཚོགས་དབྱ་མཐའ་ལས་དགོངས།། མུ་སྟེགས་རྒྱུ་བམ་བྱས་མཛད་སྐྱེས་བུ་སེ་གེ་དགོངས།། ་ཡིད་བཞིན་དབྱིག་གཱི་ཏོག་ལྟར་ར་བ་ཀུན་སྲོང་དགོངས།། ཐུགས་རྗེ་ནུ་བོ་རྒྱུན་འབེབས་རྒྱལ་སྲས་བུ་བོ་དགོངས།། སླད་གསུམ་རྒྱུ་མར་ཆོས་བསྟན་རྡོ་བོ་མེད་བཞིན་དུ།། བདེན་གྲངས་ལོག་པའི་ལམ་ཞུགས་སྤྲིང་བའི་ལལ་གྱུ ་འཁོར་བའི་གདོས་ཅན་གྲངས་མེད་བསྒྲུབས་ཀྱིས་མི་ལོང་ཞེས། དང་མྱེ་རྩ་ཡི་ཐུགས་སྣང་སྤྲོ་བར་རུང་མོད་ཀྱི།། འོན་བྱུང་ལེགས་རྒྱ་ཆོས་ཉིད་གཟོད་ནས་སྦྱ་ན་འདས་དོན་དུ།། འགྲོ་བ་སངས་ཀྱི་ཆེད་ལ ་གྲོ་བགོས་མཛད་ལགས་ཀྱིས། མགོན་པོ་རབུ་གསལ་གཞོན་ནུ་རྗེས་དགོངས་ཉག་སྲིང་ཞིང་།། ཐུགས་རྗེའི་ཐུགས་ཀྱིས་བཟོད་ཟེ་བནས་ཏེ་བརྒྱབ་དུ་གསསྟོབས་མཆོག་དཔལ་གྱི་མགུར་ནས ་ཡི་གེ་འབྲུས་བསྐྲད་པ།། མཁའ་ལ་ཚོན་བཀྱེ་བཞིན་དུ་སྤྱོད་ཡུལ་མ་ལགས་པས། རྒྱལ་སྲས་འཁོར་བཅསྱ་རྣམས་ཀྱིས་གསལ་བར་མ་བསྟན་ན། བདག་འདྲ་མཚན་མར་འཛིན་པས་གཟུང་བར་གྷ་ལ ་ནུས།། འོན་ཀྱང་དོན་གྱི་དམ་པ་སྲིད་པའི་དབྱིས་འབྱིན་པ།། གདམས་ངག་བཀའ་དྲིན་མཆོག་འདིས་སྤྱི་བོར་བླང་སླད་དུ། ཅི་ནུས་སེམས་ཀྱི་བརྩལ་གྱིས་ལོག ་པར་གཟུང་མི་བགྱི།། བླ་མའི་སར་བཞུགས་ཆེ་བའི་མཐུས་ཀྱང་གཏང་དུ་གསོལ། འཇུགས་པ་སྤྱན་རས་གཟིགས་དབང་ཕྱུག་གིསདགེ་སློང་རབ་གསལ ་གདོན་ནུ་ལ་སྤྲིངས་པའི་འཕྲིན་ཡིག་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་བ་དང་ལོ་ཙཱ་བ་བནྡེ་དཔལ་རྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། མངྒ་ལཾ། ་