CLOSE WINDOW

GT368: slong mo'i 'grel pa zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། བྷིཀྵ་བྲྀཏྟི་ནཱ་མ། བོད་སྐད་དུ། སློང་མོའི་འགྲེལ་པ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། དཔལ་ལྡན་འཁྲུལ་འཁོར་སྔགས་ཀྱི་དོན།། རིག་པ་ངེས་པར་འབྱུང་བའི་བདག། ་རྟོགས་པའི་དྲ་བ་བསྲེག་པ་ཡི།། འཇམ་དབྱངས་དཔལ་ལ་ཕྱག་འཚལ་ལོ།། བླ་མ་དམ་པའི་ཞབས་ཆུ་སྐྱེས།། ལོ་དྲུག་རྟོག་པ་མེད་པར་བརྟེན།། དེ་ཡིས་གེ་སར་མཆོག་གི་རྡུལ།། ལེགས་པར་སྦྱར་བྱས་སློངས་མོ་ཆེ།། དེ་ནས་ང་རྒྱལ་ཆེ། ་དོར་ནས།། ལམ་བྲལ་ན་མཁའི་གནས་སྡུག་དུ།། བརྩེ་བའི་སྦྱོར་ཉིད་རྟག་ཏུ་ནི།། ངེས་པར་སློངས་མོ་རྟག་ཏུ་བརྙེན།། བླ་མ་དང་པོར་བརྙན་བཀུར་ནས།། རང་འདོད་སྒྲུབ་ཐབས་བརྩམ་ཞིང་དབྱེ།། ཐོས་བསམ་བསྒོམ་པའི་རྣལ་འབྱོར་པ།། ་དེ་ཡི་དོན་ནི་སྙིང་ལ་བཞག། དེ་ནས་མདུན་དུ་མཚང་བྱས་ནས།། རྡོ་རྗེ་སྐྱིལ་ཀྲུང་སྦྱོར་བ་ཡིས།། སྲོག་གི་རླུང་ནི་ཀུན་དགག། བློ་བཟངས་སྔགས་ཀྱི་བཟླས་པ་བྱ།། ཕྱོགས་སྐྱོང་རྣམས་ལ་རོ་གནས་སུ།། གཏོར་མ་བཤམ་ཤིང་འབུམ་དུ་བཟླས ་རྣལ་འབྱོར་ཕྱོགས་ཀྱི་གོས་ཆུ་ཅན།། དུར་ཁྲོད་གནས་སུ་གནས་པར་བྱ།། དེ་ལྟོར་བྱེད་པའི་རྣལ་འབྱོར་ཚོ།། རྟོགས་དང་གྲོལ་བའི་འབྲས་རབ་སྟེར།། བསློང་ཞེས་པ་ནི་བརྗོད་པ་ཡིས།། འགྱུར་བ་མེད་པའི་བརྟུལ་ཞུགས་སྤྱད།། དབྱུག་གུ ་དང་ནི་ཤིང་སྣོད་དང་།། ཆང་གི་བུམ་པ་སྐལ་བ་ཅན།། ཕྱི་རོལ་དོན་གྱི་མཆོག་གིས་ནི།། སེམས་ནི་གནས་པར་འདོད་པ་སྟེ།། བརྟན་ཞིང་བརྟན་པའི་རྐང་པ་འདུག། སྣ་ཡི་རྩེ་ལ་བལྟ་ཞིང་བཅིང་།། ཤིན་ཏུ་སྦྱོར་ལྡན་མཚན་མོད་མཁའ།། ་དེ་བཞིན་སྲོག་གི་ཡོན་ཏན་སེམས།། སྒོ་དགུ་རྣམ་པར་དག་པ་ཡིས།། གློང་དགུ་རུ་ནི་ཡང་དག་སྤྱོད།། ཡོད་དང་མེད་པར་གང་སེམས་པ།། དེ་བསམ་བསྒོམ་པར་མི་བྱའོ།། ཡིད་ལ་ཧཱུཾ་ཡིག་སྦྱོར་བ་ཡིས།། ཡི་གེ ་བཞི་པོ་བརྗོད་པར་བྱ།། སྦྱིན་ལ་ཆགས་པས་ཁྱིམ་ཁྱིམ་དུ།། ཚེ་དང་ཆུང་བར་མི་བརྗོད་ཅིང་།། གང་གིས་འགྱུར་བ་མེད་ཤེས་པོ།། དེ་ཡིས་ཕྱག་རྒྱ་གསལ་བ་འཐོབ།། རླུང་བཅུ་པོ་ནི་ཡང་དག་འཕྲོག། བཅུ་པོ་ཉི་མ་ཟླ་བའི་བོད།། ཐབས་དང་ཤེས ་རབ་ཀུན་སྦྱོར་བས།། སློང་མོ་སློང་དུ་འགྲོ་བར་བྱ།། དེར་ནི་འདོད་པས་ཚངས་པ་ཡིས།། གནས་བཞི་རྟོགས་པའི་གླུ་བླང་ངོ་།། བྷུཉྫ་ཨི་མཱ་ཎཾ་ས་ཧཱ་བཏྶ་མ་ཨི་སོ་ས་ཨི་ཨཱཾ་ལ། མཱ་བ་ཨོཾ་དྷརྨྨ་ཀ་རཎྜ་ཎ་མཱ་རཱ་ཨུ་ཀཱ་མ་སཱ་ཧཱ་ཨུ། ཨཙྪ་ཨུ་ཨཀྵ ་རུ་ཛ་བུ་ན་ཨི་སོ་སཾ་སཱ་རཱ་མཱི་མུཀ། དྲཱཧྨཱ་མ་ཧེ་སོ་རཏྣ་རཱ་ཨ་ཏྲཱ་སཀྵ་ཨུ་སུ་དྷ་ས་ཧཱ་བ། འགྱུར་བ་མེད་པའི་ཚིག་འཐོབ་ཅིང་།། འགྱུར་བ་མེད་པའི་ཚིག་ལ་གནས།། བྷྲྀཀྵནྟེ་ཧཱི་གང་གཱང་བཙྪེད།། དེ་ཡིས་རྙེ་པ་ཤིན་ཏུ་སྦྱོར།། དེ་ནས་བཟླས ་པ་བཤད་བྱ་སྟེ།། ཨཱ་ལཾ་ཡཱི་གཽ་བཞི་ཡི་མཐར།། གསུམ་པོ་ཡིས་ནི་རྣམ་པར་བརྒྱན།། དོ་ཡི་སྟེང་དུ་ཟླ་ཚེས་དང་།། དེ་ཡི་སྟེང་དུ་ནཱ་དའོ།། དེ་ཡི་ཕྱིར་ན་ཤེས་བྱ་གང་།། དེ་ཡང་ཡི་གེ་བཞི་པའོ།། ཧཱུཾ་ཧཱུཾ་ཡི་གེ་ཡི་མཐར་ཕཊ།། བདེ་བའི་སྔགས ་ནི་བརྗོད་པར་བྱ།། སྔགས་ཀྱི་ཕྲེང་བ་མིའི་རུས་པ།། བརྒྱ་དང་བརྒྱད་ནི་མཆོག་ཡིན་ནོ།། སྨོན་པའི་བརྟུལ་ཞུགས་ཡང་དག་སྤྱོད།། འདོད་ཆགས་ཞེ་སྡང་རྣམ་པར་སྤངས།། གསལ་ཞིང་འབྲེལ་པའི་ལྷ་ཆེན་པོ།། བཞི་པོ་གང་གི་རྣལ་འབྱོར་པ།། ་དེ་ཡི་དེ་བཞིན་སློང་བ་མིན།། དག་ཅིང་ངེས་སེམས་སྐལ་བ་ཅན།། གང་ཡང་། བྷཾ་ཡིག་རྟོགས་པར་ཀུན་ཏུ་སྦྱོར།། ཀྵཾ་ཡིག་གྲོལ་བ་ཡི་ནི་རྒྱུད།། དེ་ཡི་གེ་ངན་འགྲོ་བགོག། ཧི་ཡི་ཡི་གེ་འགྱུར་མེད་མཆོག། བྷ་ཡིག་ཉི་མ་ཞེས་རབ་གྲུབ།། ཨ་ཡིག ་ཟླ་དྭའི་རི་མོར་འདོད།། ཀ་ཡིག་བཀྲ་ཤིས་བྱེད་ཤ་ཐ།། ཤ་ཡིག་རྟག་ཏུ་ལག་ཆུ་སྐྱོང་།། བླ་མཆོག་ཨ་ཡིག་བླ་མར་བལྟ།། མ་ཡིག་པ་སངས་དབང་ཕྱུག་མཆོག། མ་ཡི་ཡི་གེ་སྤེན་པར་འདོད།། དེ་རྣམས་དེ་རུ་དབང་བྱེད་མཆོག། གང་ཡང་།། ་བྷ་ཡི་ཡི་གེ་གཟུགསུ་བརྗོད།། མ་ཨི་ཨོཾ་གེ་རྩེ་གཅིག་སྐུ།། ཀ་ཡི་ཡི་གེ་དྲི་ལོངས་སྤྱོད།། ཥུ་ཡི་ཡི་གེ་བང་རོ་ཞེས་པ།། རེག་བྱ་ཨ་ཨི་ཡི་གེར་བརྗོད།། དེ་ཧི་ཞེས་ཡིག་སྟོང་པ་སྟེ།། མ་ཡིག་ང་རྒྱལ་འཇོམས་ཤིང་མཛད།། དངོས་དང ་དངོས་མེད་མཱཛད་བརྟུལ་ཞུགས།། རྡོ་རྗེ་རྣལ་འབྱོར་མ་དཔལ་འདུད་།། རྟག་ཏུ་ཕྱི་དང་ནང་དུ་ནི།། ཀུན་ཏུ་སྤྱོད་ཅིང་ཡང་དག་སྤྱོད།། དང་པོར་སྐྱོན་མེད་པས་རྣལ་འབྱོར་མ་ཡང་དག་པར་མཆོད་ཅིང་ཐེག་པ་དམན་པ་སྣ་ཚོགས་པའི་དྲི་མ ་སྤང་ངོ་།། དེའི་རྗེ་སུ་སྙིང་རྗེ་ན་མཁའི་བཞིན་དུ་སེམས་གནས་ཤིང་མི་གཡོང་པས་མིའི་ཐོད་པ་མཆོག་གི་སྣོད་དུ་བསླང་པོ་རབ་ཏུ་བསྔགསོ།། ཇི་ལྟར་མངོན་སུམ་དུ་བསམ་པ་དེར་ལྷ་མོ་སྣ་ཚོགས་པའི་རྣལ་འབྱོར་གྱི་བཟའ་བ་དང ་བཏུང་བ་བཞིན། གང་དུ་མངོན་དུ་བདེ་བར་སེམས་ཤིང་སེམས་དཔའི་སྦྱོར་བས་མངོན་སུམ་དུ་ཚོར་བར་འདོད་པས། དུས་ཐམས་ཅད་དུ་བྱའོ།། དེ་ནས་སློངས་མོའི་བཟའ་བ་སྤྱོད་ཅིང་སེམས་ཅན་ཀུན་ལ་སྙིང་རྩེ་བར་བྱའོ།། གང་རྣམ་པར ་ཤེས་པ་ཙམ་དུ་སྦྱོར་བའི་རྣལ་འབྱོར་པས་དང་པོ་ལྕེ་སྦྲང་གཅིག་གམ་ཁྱིའི་གནསུ་བསྒོམ་མོ།། དེ་ནས་འཇིག་རྟེན་པའི་བསམ་པ་ཤེས་ནས་འཇིག་རྟེན་པའི་སེམས་བསྒོམ་མོ།། རྣལ་འབྱོར་མ་ཆང་འཚོང་མ ་དང་། གཡུང་མོ་དང་། གཏུམ་མོ་དང་། སྦོམ་མོ་རྣམས་ལ་དེ་བཞིན་དུ་གོ་ལ་ཟླ་བ་ཉོས་ལ་ཟླ་བ་དྲུག་ཏུ་ཀུན་ཏུ་སོ་སོ་མཆོད་པར་བྱའོ།། ཡེ་ཤེས་ཀྱི་ཡོན་ཏན་ཇི་ལྟ་བར་འཇིག་རྟེན་ཀུན་ལ་བསམ་པར་བྱའོ།། རླུང་ཡང་དག་པར་སྦྱོར ་བས་སློངས་མོ་བསླང་ཞེས་བརྗོད་པར་བྱའོ།། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་འཚེ་བ་རྣམ་པར་སྤངས་ལ་ཀརྨྨར་བཟའ་བོར་བྱ་ཞེས་པ་ནི་ཁྱད་པར་དང་བཅས་པའོ།། གྲོང་དགུ་པ་ནི་སྒོ་དགུ་རྣམ་པར་དག་པར་ཡང་དག་པར་སྤྱད ་དོ། པདྨ་དཀར་པོ་ཇི་ལྟ་བ་བཞིན་གྱི་སྣོད་དུ་བདུད་རྩི་ལྔ་དང་དངོས་པོ་དྲི་རིགས་བསྣམ་ཞིང་བསྒོམ་མོ།། ལམ་གྱི་རིགས་འདུ་ཤིང་གནས་པའི་ལམཽ་དུ་གནས་པས་སློངས་མོ་བསླང་ཞེས་བརྗོད་ཅིང་སྣའི་རྩེ་ལ་བལྟ་ཞིང་བཅིང་ངོ་།། ་སྟོང་པ་དང་སྙིང་རྗེ་དབྱེར་མེད་པའི་རང་གི་སེམས་ཡོངསུ་བསྒོམ་མོ།། ཨཱ་ལི་བཅུ་གསུམ་པ་ལ་ཟླ་ཚེས་དང་སྟོང་པ་དང་ནཱ་དའོ།། ཨཱ་ལི་གཉིས་པ་ལ་ནམ་མཁའ་ཡང་དག་པར་ལྡན་ཞིང་མཚམས་སྦྱོར་འབཱི་ཡི་གེའོ།། ཨཱ་ལི་དྲུག་པ་ལ་ཟླ ་ཆོས་དང་ཐིག་ལེ་དང་ནཱ་དའོ།། སྐུ་དང་གསུང་དང་ཐུགས་དག་པའི་ཆོས་འབྱུང་གི་རེའུ་མིག་ཏུ་ཉི་ཤུ་རྩ་གསུམ་པོ་ཆེ་གས་དགོད་དོ།། བདུད་རྩི་ལྔ་ལ་སོགས་པས་དག་པའི་གཟུགས་མཛེས་པའི་སྣོད་དུ་སིནྡུ་ར་ལ་གསེར་གྱི་མྱུ་གུས་བྲིའོ།། ་ཨུ་ཨ་ཛ་རཱ་ཨ་ཨུ་ཨཱ་རེ་ཨ་ཧཱ་ཨཱི་ཨཱི་རེ་ཕ་ཨ་ཌ་ས་བྷ་ཨཱ་ཧ་ཨ་ཌ་ཨཱ་ཀ་ཨཱི་ན་ཨཱི་ཨི་ཨེ་ཧ་ཨཱ་བཾ་ཕ་ཨ་ཌ་ཨུཾ། ཇི་ལྟ་བའི་རིམ་པས་སྔགས་ཀྱི་གཟུངས་ཀྱི་ཡི་གེ་རྣམས་དགོད་དོ།། ཆེ་ཆུང་འབྲིང་པོ་ཙཱམ་དུ་རྣལ་འབྱོར་མའི་གཟུ ་ཇི་ལྟ་བ་བཞིན་ནོ།། ལོ་ལེགས་ཤིང་སེམས་ཅན་ཐམས་ཅད་ཀྱི་བྱ་བ་དང་དགོས་པ་བསྒྲུབ་པའི་ཕྱིར་རོ།། ཚིག་བརྒྱད་པོ་ཡང་དག་པར་བརྟེན་པས་སྲོག་ལེགས་པར་བརྟེན་ནོ།། ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿི་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿ ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿཀ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿད་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿེ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿད་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿི་ཧཱུཾ་ཕཊ་སྭཱ་ཧཱ། མི་རུས་དཀར་པོའི་ཕྲེང་བ་ལ་སྔགས་དེ་རྣམས་ཡང་དག་པར་བཟླསོ།། སེང་གེ་བཞིན་དུ་འཇི ་བ་མེད་པའི་རྣལ་འབྱོར་པས་འཇིག་རྟེན་གསུམ་དུ་ཡང་དག་པར་སྤྱད་དོ།། ཨཱ་ལཱི་དང་ཀཱ་ལི་ཡང་དག་པར་བརྗོད་པའི་ཉི་མ་དང་ཟླ་བའི་རང་བཞིནོ།། རླུང་ངེས་པར་རབ་ཏུ་འཇུག་པ་ནི་དཀྱིལ་འཁོར་ལྔའི་རང་བཞིན་ནོ།། དེའི་རང་བཞིན ་མངོན་པར་ཤེས་པས་ནི་རང་གཞན་འཛིན་པའི་སྤྱོད་ཡུལ་ལོ།། དངོས་པོ་དང་དངོས་པོ་མེད་པའི་རང་བཞིན་དུ་ཡང་དག་པར་ངེས་སོ།། དེ་ནས་ངག་རྣམ་པར་དག་པས་འཇིག་རྟེན་པའི་ཏིང་ངེ་འཛིན་བསྲེག་གོ། གསལ་ཞིང་ཆད་པའི་མན་ངག་གི་རིམ་པ ་ནི། ཕྱེད་དང་བཞི་ཡི་ཁྲུ་ཡི་ལུས།། བདེ་བའི་ཁྱིམ་དུ་འདོད་པ་ཡིན།། མི་གཙང་དྲི་མ་དང་ལྡན་པའི།། ལོངས་སྤྱོད་རྣམས་ནི་བསླང་བར་བྱ།། འདོད་ཆགས་ཞེ་སྡང་གཏི་མུག་རྣམས་ནི་བསླང་བར་བྱ།། འདོད་ཆགས་ཞེ་སྡང་གཏི་མུག་རྣམས།། ཐམས་ཅད ་རྣམ་པར་གསལ་བར་བྱ།། དེ་ལྟ་བུར་ནི་ཤེས་པ་ཡི།། ཐར་པ་ཡིས་ནི་གནསུ་འགྲོ།། གཉིས་གཉིས་འཁྱུད་པའི་རྒྱུ་མ་ཡིས།། ར་ན་ཡང་དག་བཟའ་བར་བྱ།། སྙིང་རྗེ་ལྡན་པའི་ཆང་གི་ནི།། སྟོང་པའི་རོ་ནི་བཏུང་བར ་བྱུབྱ་ལྷན་ཅིག་སྐྱེས་པ་ཡི་ནི་རོ།། རོ་དེས་ཡང་དག་གྲོལ་བར་འགྱུར།། དེ་ལྟ་བུར་ནི་ཤེས་པ་ཡིས།། དགའ་བ་ཡིས་ནི་མཆོག་ཏུ་འགྱུར།། རྣམ་པ་སྣ་ཚོགས་པ་ཡི་གཟུགས།། སེམས་དེ་བསད་པར་བྱ་བ་ཡིས།། བླ་མ་བླ་མ་རྣམས་ཀྱིས ་ནི། ཞབས་ཀྱིས་ཆུ་སྐྱེས་བརྙེན་པར་བྱ།། སེམས་ཅན་གྱི་ནི་རྣམ་པ་ཀུན།། མཚུངས་པ་ཉིད་དུ་བལྟ་བར་བྱ།། དེ་ལྟ་བུར་ནི་ཤེས་པ་ཡིས།། དེ་ཡིས་ཆོས་རྣམས་རྣམ་པར་སྤྱོད།། འཇིག་རྟེན་པ་ཡི་སེམས་དང་ནི།། རྒྱལ་བའི་སེམས་ནི ་མཚུངས་པར་བྱ།། ལོ་ནི་བཅུ་དྲུག་བར་དུ་ནི།། སྐྱོན་ནི་བརྗོད་པར་མི་བྱའོ།། རང་གི་ཆོས་ནི་ཆེན་པོ་ཡིས།། བསྲུང་བ་ཆེན་པོ་རབ་ཏུ་བྱ།། དེ་ལྟ་བུར་ནི་ཤེས་པ་ཡིས།། ཐམས་ཅད་དུ་ནི་སྤྱོད་པར་བྱ།། ལུས་དང་ངག་དང་ཡིད་རྣམས་ནི།། ་གཅིག་པ་ཡི་ནི་རང་བཞིན་ནོ།། སྐྱོན་གྱི་སྟོབས་ནི་དུ་མ་རྣམས།། གསོལ་ཞིང་བསྟན་པར་བྱ་བ་ཉིད།། ཆང་གི་མཆོད་པ་དུ་མ་ཡི།། འཁོར་ལོ་མཆོག་གི་དྲ་བར་བྱ།། དེ་ལྟ་བུར་ནི་ཤེས་པར་བྱ།། དེ་ཡིས་འཁོར་བ་ལས་ནཱཾ་གྲོལ།། ཇི་ལྟར ་ཆུ་ཡི་ཟླ་བ་ཡི།། མི་བརྟན་པར་ནི་མཐོང་བ་བཞིན།། ཇི་ལྟར་རྨི་ལམ་ནང་གི་ནི།། མེད་པའི་སེམས་ཅན་དང་མཚུངསོ།། ཇི་ལྟར་སྒྱུ་མས་བྱས་པ་ཡི།། སེམས་ཅན་ལྟ་བུར་འདོད་པ་ཡིན།། དེ་ལྟ་བུར་ནི་ཤེས་པ་ཡིས།། དེ་ཡི་ཐོབ་པར་འཛིན ་བ་ཡིན།། ཇི་ལྟར་ཡིད་བཞིན་ནོར་བུ་ལྟར།། དེ་ལྟར་ཤེས་པས་བཟླས་པ་བྱ།། ཇི་ལྟར་དཔག་བསམ་ཤིང་ལྟ་བུར།། དེ་དག་གི་ནི་རང་བཞིན་ནོ།། ཇི་ལྟར་ཌོམྦི་པ་ཨི་ནི།། ཞབས་ཀྱང་དེ་ལྟ་དེ་ལྟ་བུར།། ན་མཁའ་དང་ནི་མཚུངས་པར་བྱ།། ཌོཾ་བི་པའི ་སློངས་མོའི་འགྲེལ་པ་ཞེས་བྱ་བ་རྫོགས་སོ།། རབ་ཏུ་བསྔགས་པའི་གནས་ཆེན་པོ་ཉེ་བའི་འཐུང་གཅོད་བལ་པོ་ཡཾ་བུའི་གྲོང་ཁྱེར་དུ། སྒྲུ་པ་ཆེན་པོ་ཛེ་ཏ་ཀརྞྞ་དང་། ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན ་xxx། xxx ་