| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། བི་བཱི་ཀ་ཀ་ཐཱ། བོད་སྐད་དུ། དབེན་པའི་གཏམྦ། བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལོ།། དཀའ་ཐུབ་རྙེད་པའི་བདེ་བ་འདོད་རྣམས་ཀྱིས།། འཆོལ ་པ་སྤྱོད་པ་རྣམས་ནི་མཐོང་གྱུར་ནས།། རབ་ཏུ་དབེན་པ་ཡང་དག་བརྟེན་པ་ཡི།། དགེ་སློང་འདི་སྐད་ཚིག་ཏུ་བརྗོད་པས་སྨྲ།། ཕོངས་པ་སྤང་ཕྱིར་དེ་བཞིན་གཤེགས་པ་ཡིས།། རབ་བསྔགས་ཞི་བའི་དབང་བསྐུར་ཉེར་བླངས་ནས ་དཀའ་ཐུབ་ཁྱིམ་དང་འདྲིས་པས་རབ་འཆག་པའི།། ཕོངས་ཉིད་རྒལ་དཀའ་བྱིང་བ་ཇི་ལྟ་བུར།། འཕགས་པ་འགྲན་མཽ་དེ་ཤིང་དྲུང་གནས་ནས་ནི།། འགྲོ་བའི་སྐྱེ་དང་འགག་པ་མཐོང་བས་ན།། ཞི་བའི་བདེ་བ་ཡོངས་སྨིན་ཚེ ་དགེ་བ།། མི་ལས་ཤིན་ཏུ་འཕགས་པ་ཐོབ་པར་འགྱུར།། སེམས་ཀྱི་རྣམ་པར་འཆིང་བ་གཉེན་པོ་ཡི།། སྟོབས་ཀྱིས་གསལ་བས་སྐྱེ་བྲལ་ནགས་དག་ཏུ།། རྣལ་འབྱོར་ཉེར་བཞིའི་བདུད་རྩིས་ཚིམ་གྱུར་པས།། བདེ་བར་གཉིད་ལོག ་པ་དང་སད་པར་འགྱུར།། མཚནྡ་མོ་ཟླ་བའི་སྣང་དང་རབ་གསལ་བའི།། སྐར་མའི་མེ་ཏོག་བཀྲམ་པར་ཉེར་མཆོད་ནས།། དགོན་པོར་བརྟེན་པའི་ཡིད་ནི་ངེས་ཞི་བའི།། ལྷག་པར་དགའ་བ་དག་ནི་སྐྱེ་བར་འགྱུར།། གང་དུ ་དགེ་སློང་དབེན་པའི་རྒྱུ་མཚན་གྱིས།། ཁ་ན་མ་ཐོ་མེད་པ་ཞི་འགྱུར་བདེ།། གང་དུ་ཡོ་བྱད་ཡང་དག་བརྟེན་ཆགས་པས།། སེམས་ནི་སྣ་ཚོགས་ཕོངས་པས་གདུངས་པར་གྱུར།། ཇི་ལྟར་ཆུ་ཤིང་སྨུག་མ་འོ་མ་དག ་འབྲས་བུ་འབྱིན་ནས་རང་ཉིད་འཇིགས་པ་སྟོན།། དེ་བཞིན་དཀའ་ཐུབ་ཁྱིམ་ལས་རྣམ་གྲོལ་ནུས།། བདག་ཉིད་ཟིལ་གྱིས་ནོན་ལ་ཆགས་མཐོང་འགྱུར།། ས་ཡི་རྡུལ་གྱིས་གོས་པའི་རི་དགས་དག ་རྩཝརྩ་དང་འདབ་ནས་ཙམ་ཞིག་སྒྲུབ་བྱིང་ལྟར།། སེམས་ནི་དབེན་པར་གཞོལ་བར་འདོད་འགྱུར་གྱི། གླིང་བཞིའི་ཕུན་ཚོགས་རྒྱ་ཆེན་དག་ལའང་མིན།། ཤིང་དྲུང་འབབ་ཆུ་བསྟེན་པའི་དཀའ་ཐུབ་དག། ཡོངསུ་འཛིན ་པ་དག་ནི་རྣམ་སྤངས་ནས།། རང་སེམས་ཙམ་དང་རབ་ཏུ་འབྲེལ་པ་ཡིས།། བདེ་འབྱུང་གང་དེ་རྒྱལ་པོ་རྣཾས་ལ་མེད།། ལྗོན་ཤིང་སྔོན་པོའི་རྩེ་མོ་རླུང་དག་གིས།། རྣམ་གཡོ་ཕྲ་ལ་སྙོམས་པའི་ཆར་བབ་པའི།། མི་གཡོ་རྣམ ་བཱརྟགས་རཱི་ཡི་སུལ་གནས་ནི།། དགེ་སློང་མཚན་མོ་དགའ་བ་སྐྱེད་པར་བྱེད།། རྙོག་ཅན་འདོད་ལ་འདྲིས་པས་ཐོད་པ་ཡི།། བདག་བསྙེན་པ་ཡི་ཚིགས་སྤངས་ལྟོས་མེད་ཅིང་།། སྐྱེ་བྲལ་ནགས་གུང་ཡིན་པར་དགའ་བྱ ་ཡི། དགེ་སྦྱོང་གྱུར་ནས་དོན་མེད་འགྱུར་མི་བྱ།། དགེ་སློང་རྟགས་ནི་བདག་ཉིད་གནོད་མེད་པར།། ཉེར་བླངས་གང་ཞིག་སྒྲུབ་པར་མི་བྱེད་ཅིང་།། དམནཱ་ལ་ཡོངསུ་འཛིན་པའི་འདྲ་མོ་བྱིང་བ།། དེ་ནི་འཚོ་བའི་འཇིག་རྟེན་སྒོ ་བྱེད་ཡིན།། ཆུ་དང་རྡོ་ཁུ་རྩ་བ་མེད་པ་ཡི།། ས་དབང་རྫོགས་ནས་མི་བཟད་ཡང་དག་དུ།། རྟོག་དང་ལྡན་པས་ནི་པོ་བཟོད་བྱ་ཡིས།། བསྒྲུབ་ལ་ཡོང་སུ་ཉམས་པས་འཇུག་མི་བྱ།། རྒྱ་མཚོ་རྣམ་པར་འཁྲུགས་པ ་རླབས་ཚོགས་སུ།། རིན་ཆེན་ཁུར་གྱིས་འབྲུ་དག་ནུབ་པ་བཞིན།། ཁྱིམ་དང་འདྲིས་པའི་རྙེད་ཆགས་ཁུར་དག་གིས།། གང་དག་མཆོག་བརྟན་རྒྱ་ཚོནྡ་སྣམ་པར་བྱེད།། ནག་སྟྲ་བརྟེན་པའི་ཞི་བའི་ཡིད་དག་ནི།། གཞོན་ནུ་མ་ཡི ་འགྲོ་བས་དཀྲུགས་མཚོན་པ།། མཉེན་པོ་ཇི་བཞིན་བདག་ཉིད་ཞི་འདོད་རྣམས།། སྡོམ་ཅན་རབ་ཏུ་དབེན་ཉིད་ཡང་དག་རྩོམ། ཡུལ་གྱི་རོ་ཡིས་དུག་གིས་ཉེར་གདུངས་བློ་ཅན་དག། ཆགས་པའི་ཉུང་ངུ་དག་གིས་གདུངས་འགྱུར ་ན། དེ་དག་ཡོངསུ་སྤོང་ལ་བརྩོན་མེད་པའི།། དཀའ་ཐུབ་ཀྱི་ཧུད་ཨེ་མའོ་རབ་ཉམས་འགྱུར།། སྡོམ་ང་རྐང་པས་འགྲོ་ཞིང་འཇོག་པ་ལྟར།། དེ་ལྟར་འདྲིས་པས་འདོད་པ་འཕེལ་འགྱུར་ཏེ།། རང་རླབས་ཚབས་ངོགས་མངོན ་བརྡབས་འཇིགས་རུང་བས།། སྤྲིན་ཆེན་ཆར་གྱིས་ཡ་མུན་ན་བཞིན་ནོ།། དཀའ་ཐུབ་ཇི་ལྟར་དམན་པ་དགྲ་ལ་ཡང་།། འདོད་ལྷའི་དབང་གིས་རྗེས་སུ་ཞུགས་གྱུར་པ།། དེ་ལྟར་རང་ལག་གིས་དྲང་ཕུན་སུམ་ཚོགས།། ་རྒྱལ་ཆེན་ཁྱིམ་ལ་ཁྱིམ་པ་ཆགས་པ་མེད།། རང་གི་ཁྱིམ་དྲང་གདོང་དགྲ་འཆི་འཛག་དྷ་རཱ།། བརླན་པའི་གཉེ་དག་སྤངས་པར་གྱུར་ནས་ནི།། དམན་པ་གཞན་གྱི་ཁྱིམ་ལ་ཆགས་པ་ཡི།། རབ་བྱུང་འདི་ལ་ཤིན ་ཏྱོ་ངོ་ཚ་མེད།། ཐར་པ་འདོད་གང་རང་ཁྱིམ་སྤངས་ནས་ནི།། མི་ཤེས་གཞན་གྱི་ཁྱིམ་དག་འདོད་བྱེད་པ།། རྒྱ་མཚོ་རྣམ་པར་འཁྲུགས་པའི་རླབས་ཚོགས་ལས།། བདག་ཉིད་རྒྱལ་ནས་གླང་རྗེས་བྱིང་དང་མཚུངས།། སྡིག་པ ་སྤོང་བྱེད་དེ་བཞིན་གཤེགས་པ་ཡི།། གནང་བའི་བསྒྲུབ་པ་དག་གིས་འདི་བརྟགས་གང་།། དམན་པའི་ནོར་ལྔ་འདོད་པའི་སྲེད་པ་ཡིས།། གཞན་ཁྱིམ་ལ་ཆགས་དྲི་མ་ཅན་དུ་འགྱུར།། ཆུ་བོ ་ནི་ལུས་ཚ་ཡི་མེ་ཏོག་ལྷུང་བའི་དུས་བུས་མཐའ་མར་བྲིས།། དེ་མུ་དཀར་པིའི་ངོ་གཱས་དང་ངང་པ་ཀ་དམ་པ་དག་གནས།། ནགས་ཀྱི་གླང་ཆེན་ཁྱུ་དགྲ་རྩེ་བས་ཐ་དད་འཐོར་རླབས་ཅན།། དགོན་གནས་བརྟུལ་ཞུགས ་ཅན་ལ་དགའ་བ་རབ་ཏུ་བསྐྱེད་པར་བྱེད།། སྐྱེད་པའི་ལོངས་སྤྱོད་དོན་དུ་གཉེར་བའི་ཡིད་དག་རྣམ་བསལ་ནས།། མ་བསམས་ཡིད་འོང་བདེ་བ་བརྟེན་པ་རྣམས་ཀྱི་གནས་སྐབས་ནི།། པདྨ་ཁ་ཕྱེ་བཞིན་དུ་དཀའ ་ཐུབ་རང་གི་གྲགས་པ་ཡིས།། འཇིག་རྟེན་ཡོངས་སུ་དགའ་བོ་རབ་བསྐྱེད་ཀུན་ཏུ་དཔེ་ལས་འདས།། དཀའ་ཐུབ་རི་དང་ཉེ་བའི་ཤིང་རྩ་རབ་ཡངས་དང་འབྲེལ་པར།། གནས་པའི་ཚོམ་བུ་མི་སྙོམས་ལྷོད་པའི ་བསླབས་པར་ལ་ཆགས་པའི།། བ་མོའི་དུམ་བུ་གྲོས་པ་ཐོ་རངས་ཉི་མོའི་འོད་ཟེར་གྱིས།། ལག་པ་དག་གིས་ཉུལ་བ་བཞིན་དུ་རྣམ་པར་སྐེམས་པར་བྱེད།། ཁོང་སྟོང་ཤིང་དྲུང་རླུང་ནི་རྒྱུ་གྱུར་ཁུ་བའི་ཚོགས ་ཆེན་འབབ།། མདངས་ཟད་རབ་རྩུབ་ལོ་མ་དག་གིས་གདུ་བུ་བཞིན་བསྐོར་བའི།། འདོད་པ་ཀུན་སྤངས་ཤེས་རབ་རྣོ་བའི་བརྟུལ་ཞུགས་ཅན་དག་ལ།། མཚན་མོ་རྣམ་པར་སྐྱོ་བ་དག་ནི་སྐྱེད་པར་ཟད་མི ་བྱེད།། ཤིང་གི་ལོ་མའི་ཐ་མཱ་ལྔ་ཆགས་པ་མོའི་ཆུ་དག་གིས།། དུམ་བུ་ཉི་མ་འཆ་ཚེ་མདོག་གྱུར་ནོར་བུ་དང་འདྲ་བའི།། ཐིག་པ་དག་ནི་ཤིང་དྲུང་གནས་པའི་དགེ་སློང་ལ།། འགྲོ་བའི་སྐྱེ་དང་འཇིགས་པ་ཇི་བཞིན ་རབ་ཏུ་སྟོན་པར་བྱེད།། རབཞིའི་བདེ་རོ་ཤེས་པས་འཁོར་ལོས་སྒྱུར་བའི་དཔལ་འབྱོར་ཀྱང་།། ཡོངས་སུ་སྤྱད་པས་རྙིངས་པའི་མེ་ཏོག་ཕྲེང་བཞིན་རྣམ་སྤངས་ནས།། ལང་ཚོ་རང་བཞིན་གྱིས་གཡོ་དང་དག་ན་ཤང་དྲུང ་ཚུལ་ཅན་དག་ཡོལ་བྱས་ཏེ།། དགོན་པར་རི་དགས་འདྲར་འཆི་བ་ཞི་བའི་སེམས་ནི་བསྟེན་པར་བྱ།། འདོད་པ་ལ་འཛིན་ཕྱིན་ཅི་ལོག་པའི་སེམས་ལ་ཀུ་མུ་ཏཱའི།། དུམ་བུ་ལྟར་དཀར་མི་ཐོད་སོ་དང་འབྲེལ་པས ་ཉེར་དགོད་དང་།། རླུང་གིས་བུས་པའི་རོ་སྲེགས་མེ་ཡིས་ཉེ་འཁོར་ཤིང་བསྲེགས་པའི།། དུར་ཁྲོད་དཀའ་ཐུབ་གཅིག་པུ་ལ་ནི་མཚན་མོ་དགའ་བར་སྐྱེད་པར་བྱེད།། ལྗོན་ཤིང་ཚོགས་དང་རྒྱ་ཆེས་རི་ཡི ་བསྔོར་གྱུར་ཅིང་།། རྡོ་བཱས་ཁྱབ་དང་བསིལ་ལ་རབ་དང་བ་ཡི་ཆུ་འཛག་འབབ།། རྨ་བྱ་རབ་དགའ་སྒྲ་ཡིས་ཁྱབ་པའི་རི་སུལ་ནང་དུ་ནི།། ཁྱིམ་དུ་འཆི་བའི་སྐྱོ་བོའི་སེམས་ནི་རབ་ཏུ་དགའ་བུར་བྱེད།། འགྲོ ་བའི་དོན་མ་བྱས་པའི་འཆི་བར་འགྱུར་བ་ཁྱིམ་བདག་ལ།། དགའ་བ་དག་ལས་དབེན་པ་མཆོག་ལ་སློབ་བྱེད་སེམས་ཅན་མཆོག། རྫོགས་པའི་བྱང་ཆུབ་སེམས་ནི་རྙེད་གྱུར་ཕ་རོལ་ཚེགས་འཐོབ་པ།། སྲིད ་པའི་དུག་གིས་སྡོང་པོའི་རྩ་བ་བརྟན་པོ་འབྱིན་པར་བྱེད།། ནགས་ཚོགས་པ་ཡི་བྱ་དང་འདྲ་བར་སྡུག་བསྔལ་བརྒྱུ་ཡི་གཞིར་གྱུར་པའི།། ཁྱིམ་གང་ཡིན་པ་ཡོངསུ་སྤངས་ནས་ནུགས་སུ་འགྲོ་བྱེད ་པུདྨ། དེས་ནི་སྲིད་པའི་གྲཝཉིད་རབ་བསལ་བ་འགྲོ་བ་ཀུན་གྱི་མགོན།། སངས་རྒྱས་རབ་ཏུ་མཉེས་པར་བྱེད་པ་ཡིན་ཞེས་དེ་སྐད་གྲགས།། མ་སྐད་སྔོན་པོ་དང་འདྲ་ནེའུ་སོང་ཚོགས་དག་ནི། ཤིང་རྩི་ཉེ་བར་བཀོད་དང་ཡལ་གཽ ་མེ་ཏོག་གིས་བསྐོར་བའི།། ཞི་བའི་ནགས་མཐའ་ཀྱེ་མའོ་དགེ་སློང་མཆོག་གིས་སྤོང་བྱེད་པ།། གསདྲི་ཕྱིར་རྔོན་པའི་གླུ་ཡིས་དྲངས་པར་གྱུར་པའི་རི་དྭགས་མཚུངས།། འཕགས་པའི་བཞེད་པ་བདེ་བར་གཤེགས་པའི ་ལམ་གྱི་རྗེས་འབྲངས་ནས།། ནགས་དང་འདྲ་བར་ཁྱིམ་ན་རང་གི་དོན་དག་སྒྲུབ་བྱེད་ཀྱང་།། རྣམ་པར་འཚོ་བ་རང་བཞིན་གྱིས་མེད་ནགས་ནི་དབེན་པ་ཡིས།། སེམས་ནི་འཆིང་བ་དག་ནི་འབད་པ་མེད་པར་གཅོད་པར་བྱེད།། ། ་འདོད་ཆགས་གང་དག་དེ་ལ་དགོས་པར་འགྱུར་པོས་ཀུན་འཕེལ་ཞིང་།། ལེགསོ་སྤྱད་ཐུབ་པའི་བསྟན་པ་དག་ཀྱང་ཉམས་བྱས་ནས།། མེ་དཔུང་རབ་ཏུ་འབར་བླ་རྒལ་དཀའི་ཁོང་ནི་མཐར་ཐུག་པའི།། ངན་སོང་དག་ཏུ་དགེ ་སློང་བདེ་ཆུང་ལ་ཆགས་འགྲོ་བར་འགྱུར།། གང་ཞིག་ཉེས་པ་མ་ལུས་གདུང་བཟོད་བྱེད་སངས་རྒྱས་པའི།། ལེགས་པར་བཤད་པ་ཁས་བླངས་ནས་ནི་ངན་འགྲོར་ངེས་འབྱིན་པ།། ཨུཏྤལ་སྔོན་པོའི་སྙིང་པོའི་དྲི ་མཆོག་དག་དང་ཆུ་དུམ་བུ།། སར་ལ་བསིལ་ལྡན་རླུང་གི་དེ་དག་ཇི་ལྟར་ཚོམ་པར་འགྱུར།། སུ་རཱ་ས་ཡི་སྒྲ་ནི་རང་བཞིན་སྙན་པའི་ཀླུ་དབྱངས་དག། ལྡོག་པ་ཨེ་སྟོས་པར་འགྱུར་པས་ཕྱོགས་རྣམས ་ཁྱབ་གྱུར་པས།། བརྟུལ་ཞུགས་ཅན་གྱི་འགྲོ་དང་གནས་པ་དག་ལུས་དུབ་སྐྱེས་དང་།། ལུས་ལྷོད་གྱུར་པའི་མཚན་གྱི་གུང་ཐུན་གྲིཉིད་དོག་སདྨ་པར་བྱེད།། ད་ཀྱི་དཀྱིལ་འཁོར་གྱིས་སྨྲས་ཡོངས་སུ་གནས ་པ་ཡིས།། ཟླ་བའི་འོད་ཟེར་ཚོགས་ཀྱིས་དཔལ་འཇོམས་ཤིན་ཏུ་ཟིལ་གནོན་པོས།། དགེ་བའི་རྩ་བ་ཉེར་བསགས་བསྐལ་ལྡན་འཇིག་རྟེན་ལ་གཟིགས་ཤིང་།། མ་བྱུང་འཕགས་པ་མཆོག་གི་མགོན་པོ་དེ་ཡང ་བརྟེན་པར་མཛད།། ཅི་སྟེ་གང་ཞིག་ནང་གི་དགྲ་ལ་ངེས་རྒྱལ་བྱ་བ་བྱས་པ་ཡི།། སྟོན་པ་འཇིག་རྟེན་མཐའ་གཟིགས་དེ་ཡང་ནགས་དག་བསྟེན་མཛད་ན།། ཡང་དག་རྟོགས་མེད་སྐྱེ་བོ་མི་གཙང་འདམ་དུ་བྱིང ་གྱུར་བའི།། སྡོམ་ཅནྡ་ཞི་འདོད་བདེ་གཤེགས་རྗེས་སུ་ཙ་ཕྱིར་འཇུག་མི་བྱེད།། བདག་ཏུ་ལོག་པར་འཛིན་པར་གྱུར་པས་ཉིན་དང་མཚན།། སྲིན་བུས་ཇི་བཞིན་རྣམ་རྟོག་སྡིག་ཅན་དག་གིས་ཟོས་པས་ནི།། ། ་ཉོན་མོངས་རྣག་གིས་ཉེར་གོས་ཞི་བའི་ཆུ་ཡི་བུམ་པ་ཡིས།། བཀྲུས་པ་བཞིན་དུ་སེམས་ནི་སྐྱེ་བ་མེད་ནགས་སྟེན་པར་གྱིས།། འབྲས་བུའི་ལྕིད་ཀྱིས་ཡལ་ག་གུག་པའི་ཐ་མ་ལོ་མ་ཡིས།། གསལ་གྱུར་ལྕུག་མ་མ ་ཏོག་ཁ་ཕྱེའི་དགའ་བྱེད་རྒྱུད་ལྡན་པའི།། ནགས་ཀྱི་ཤིང་ནི་དགེ་སློང་ཕོངས་བྲལ་བརྟན་པ་ལ།། མཛའ་བོ་བཞིན་དུ་ཤིན་ཏུ་དབུགས་ནི་འབྱིན་པར་བྱེད།། ཟླ་བ་ཤར་བ་ཁ་པ་བབས་པས་བསྒྲིབ ་པས་འགོག་འགྱུར་བའོ།། དགུན་གྱི་མཚན་མོ་དག་ནི་རབ་ཞི་བདེ་བ་འདོད་རྣམས་ཀྱི།། རྣལ་འབྱོར་རྩཝ་ཡི་སྟན་ལ་དགའ་བ་དག་ལ་ཐོ་རངས་དག། ནགས་ཀྱི་ཤིང་ན་ཡིབ་པའི་བྱ་ནི་འདྲ་བར་བྱེད།། ཤིང་དང་ཉེ་བའི་རི ་ཡི་རྐེད་དུ་མི་གཡོ་སྐྱིལ་ཀྲུང་བཅས།། མེ་ཏོག་གིས་བསྐོར་རབ་དགའི་རླུང་གིས་གཡོ་བར་བྱེད་པ་ན།། འགྲོ་བསྙེན་སྲིད་གསུམ་རྣམ་རྒྱལ་དུས་ན་བྱང་ཆུབ་སྙིང་པོ་ཡི།། གདན་ལ་བཞུགས་བཞིན་སྡོམ་ཅན་མཚན ་མོ་རྗེ་སུ་སྒྲུབ་པར་བྱེད།། དམན་པའི་འགྲོ་བའི་སེམས་ཀྱིས་རེག་བྱས་དྲེགས་པའི་ཆགས་པ་དག། འདོད་བྱ་དོན་དུ་གཉེར་བ་རྣམས་ཀྱིས་ཁྱད་པར་སྤངས་ནས་ནི།། འཕགས་པས་རྗེས་ཆགས་བསྟན་པ་མི་སྣང་འཆིང ་བ་འཛེགས་པ་ཡི།། འདོད་པ་ལྷག་མ་མེད་པར་དགའ་བཞིན་ན་གསུ་ཞི་བར་བྱ།། སྐྱེ་དང་འཆི་དང་ན་བའི་སྡུག་བསྔལ་མཐར་ནི་མ་བྱས་པར།། སྲིད་པའི་རྒྱ་མཚོ་དག་ཏུ་བྱིང་འགྱུར་བག་མེད་མ་བྱེད་ཅིག། མཐར ་བྱེད་ཀུན་གྱི་སྲོག་ཀྱང་འཕྲོག་པར་བྱེད་པ་གང་འདི་ནི།། རྒྱུན་མི་ཆད་པར་འགྲོ་ལ་སྟ་རོའི་སོ་དག་འདར་བར་བྱེད།། ས་འཛིན་པ་ཡི་ཆུ་བོའི་ཚོགས་དག་འབབ་པ་ལྟ་བུ་ནི།། ཆོས་ཀུན་གནས་པའི་རང་བཞིན་རྗེས་སུ་ཤེས ་ནས་ནི།། རོ་ལ་སེམས་ལྡན་གཞན་ལས་དམ་པས་ལེགས་པར་གྲོལ་བ་ཡི།། སྲིད་པ་ཆགས་བྲལ་རབ་ཞི་དགའ་བ་དག་ལ་སྟེན་པར་གྱིས།། སྨྲ་བ་ཙམ་ནི་ནུས་སུ་ཟིན་ཀྱང་ཚིག་ལ་གནས་པའང་གྲུབ་མེད་དེ།། སྐྱེས་བུ། ་ཚིག་དག་སྙིང་པོར་བྱེད་པ་སྟོན་གྱི་ཆུ་བྲལ་སྤྲིན་དང་མཚུངས།། གང་ཕྱིར་དེ་བཞིན་གཤེགས་པའི་བསྟན་པ་འདི་ལ་སྒྲུབ་པ་སྙིང་པོ་ཉིད།། དེ་ཕྱིར་དེ་ཉིད་ལ་འཇུག་བློ་གྲོས་ཡིན་བཟོའི་ཚིག་ལ་མཁས།། ཀུན་ནས ་ཉོན་མོངས་དགྲ་འདི་ཡི།། བདག་ཉིད་བྲན་དུ་གྱུར་པ་སྟེ།། དེ་བས་བདུག་སེམས་ཞི་བྱེད་ཅིང་།། རང་ཉིད་ཡོངསུ་སྨྲ་བར་བྱེད།། དབེན་པའི་གཏམ་སློབ་དཔོན་ཆེན་པོས་འཚོ་བྱིན་གྱིས་མཛད་པ་རྫོགསོ།། ། ་རྒྱ་གར་གྱི་མཁན་པོ་དཱི་པཾ་ཀཱ་ར་དང་། ནུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། མངྒ་ལཾ། ་