CLOSE WINDOW

GT367: kye rdo rje'i sgrub pa'i thabs kyi dka' 'grel
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཧེ་བཛྲ་སཱ་དྷ་ན་པཉྫི་ཀཾ། བོད་སྐད་དུ། ཀྱེ་རྡོ་རྗེའི་སྒྲུབ་པའི་ཐབས་ཀྱི་དཀའ་འགྲེལ། བྱང་ཆུབ་སེམས་དཔའ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། སྲིད་མུན་ཉིན་མོར་མཛད་པ་ཡི། ་ཀྱེ་ཡི་རྡོ་རྗེར་ཕྱག་འཚལ་ནས།། དེ་ཡི་སྒྲུབ་ཐབས་མདོར་བསྡུས་པའི།། དཀའ་འགྲེལ་བདག་གིས་བཤད་པར་བགྱི།། དེ་ལ་སློབ་དཔོན་ཌོམྦི་བའི་ཞབས་ཀྱིས་ཕྱིའི་བགེགས་ཉེ་བར་ཞི་བའི་དོན་དུ་ཆོས་དང་། ལོངས་སྤྱོད་པ་དང་། སྤྲུལ་པ་དེ་སྐུ་གསུམ ་གྱི་བདག་ཉིད་ཅན་གང་ལས།། དངོས་པོ་ཀུན་གྱི་རང་བཞིན་ཏོ།། ཧེ་རུཀ་དཔལ་མགོན་ལ་འདུད།། ཅེས་བྱ་བ་གསུངས་ཏེ། ཧེ་རུ་ཀ་དཔལ་ཞེས་པ་ལ།། དཔལ་དང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པ་ཉིད་ཀྱི་ཕྱིར་ཧེ་རུ་ཀ་དཔལ་ཏེ། འདིར ་ལྡན་པའི་སྒྲ་ཕྱིས་པའོ།། ཧེ་ཡིག་གིས་ནི་སྙིང་རྗེ་གསུངས་ལ།། རུ་ཡིག་གིས་ནི་རྣམ་པར་རྟོག་པ་ལ་སོགས་པའི་གནས་སྐབས་ཀྱི་མཚན་ཉིད་ཉམས་པའི་དོན་དུ་སྟོང་པ་ཉིད་དོ།། ཀ་ཡིག་གིས་དེ་དག་གི་དབྱེར་མེད་པའི་གཟུགས་ཏེ། དཔལ ་རུ་ཀ་ཞེས་གསུངསོ།། ཡང་ན། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ།། ཧེ་ནི་རྒྱུ་སོགས་སྟོང་པ་ཉིད།། རུ་ནི་བཀོད་པ་དང་བྲལ་བ།། ཀ་ནི་གང་དུའང་མི་གནས་པ།། གཟུང་བ་དང་འཛིན་པ་དང་བྲལ་བ་ཉིད་ཀྱིས་གཉིས་མེད་དོ།། རྒྱུ་དང་རྐྱེན་དང་དེའི་ཡན་ལག ་རྣམས་ཀྱིས་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་བསྐྱེད་བཞིན་དུ་མ་སྐྱེས་པ་ཉིད་ལས་འདུས་མ་བྱས་པ་ཉིད་ཀྱི་ཕྱིར་ཧེ་ནི་རྒྱུ་སོགས་སྟོང་པ་ཉིད་དོ།། གཡོ་བ་དང་མི་གཡོ་བ་དང་བྲལ་བ་ཉིད་ཀྱི་ཕྱིར་བཀོད་པ་དང་བྲལ་བའོ།། རྫས་ཀྱི་གཟུགས་མེད་པས ་རང་གྱི་ཡུལ་གྱི་གནས་སྐབས་མེད་པའི་ཕྱིར་ན། རང་བཞིན་མེད་པའི་གཟུགས་ཉིད་ལས། གང་དུ་ཡང་མི་གནས་པ་ཞེས་པའི་དོན་ཏོ།། མགོན་པོ་ནི། འགྲོ་བ་ཐམས་ཅད་ཀྱི་སྐྱབས་སུ་གྱུར་པའོ།། ཀུན་ཏུ་རྟོག་པ་ཀུན་ཏུ་སྤངས ་ཤེས་པ་ལ།། རྟོག་པ་ཡང་དེ་ཡིན་ལ་ཀུན་ཀྱང་ཡིན་པ་ནི་ཀུན་ཏུ་རྟོག་པ་ཀུན་དེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་རྣམ་པར་རྟོག་པ་རྣམ་སོ།། དེ་རྣམས་དང་བྲལ་བ་ནི་སྤངས་པའོ།། འདིར་ནི་རང་གི་དོན་གྱི་མཚན་ཉིད་ཆོས་ཀྱི་སྐུ་གསུངས་པ་ཡིན་ནོ།། ་ཀྱང་ནི་གཱི་སྒྲ་ནི་ཡང་གི་དོན་ཏོ།། དངོས་པོ་ཀུན་གྱི་རང་བཞིན་ཏེ།། ཞེས་པ་ནི། བཅོམ་ལྡན་འདས་ཀྱི་སྐུ་འདི་ལྟ་བུ་དེས། གདུལ་བྱ་དང་རྗེས་སུ་འཐུན་པའི་སྔོན་གྱི་སྨོན་ལམ་གྱི་སྟོབས་ལས་བསྐུར་བསྟན་པ་ཡིན་ནོ།། དངོས་པོ་ཡང་དེ་ཡིན་ལ་ཀུན་ཀྱང ་ཡིན་པ་ནི་དངོས་པོ་ཀུན་དེ། དེ་རྣམས་འདི་ལས་འབྱུང་བའི་མཚན་ཉིད་ཀྱིས་ན་དངོས་པོ་ཀུན་གྱི་རང་བཞིན་ཏེ་ལོངས་སྤྱོད་རྫོགས་པའི་སྐུ་གསུངས་པ་ཡིན་ནོ།། ཡང་ན་དངོས་པོ་ཀུན་ནི། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམ་པར་དག་པའི་དེ ་བཞིན་གཤེགས་པའོ་ཞེས་བྱས་ནས་དེའི་རྣམ་པ་ཉིད་ལས་དངོས་པོ་ཐམས་ཅད་དོ།། འོ་ན་གང་ལས་དངོས་པོའི་རང་བཞིན་ཡིན་ཞེ་ན། ཐབས་ཆེན་བདག་ཉིད་ཅན་གང་ལས། ཤེས་བྱ་བ་གསུངས་ཏེ། ཐབས་ཀྱང་ཡིན་ལ་ཆེན་པོ་ཡང་འདི་ཡིན་པས་ཐབས ་ཆེན་ཏེ། དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་མཐའ་ཡས་པའི་སྤྲུལ་པ་སྤྲོས་པ་རྣམས་ཀྱིས་སྣ་ཚོགས་པའི་བསམ་པའི་དབྱེ་བས་ཐ་དད་པའི་སེམས་ཅན་གྱི་ཁམས་འཇུག་པར་ནུས་པ་སྙིང་རྗེའི་རང་བཞིན་ནོ།། དེའི་བདག་ཉིད་ཅན་ནི་གཞན ་གྱི་དོན་ཕུན་སུམ་ཚོགས་པས་ཁྱད་པར་དུ་འཕགས་པའི་སྤྲུལ་པའི་སྐུའོ།། དེ་ལ་བརྗོད་པར་བྱེད་པ་དང་། བརྗོད་པར་བྱ་བའི་མཚན་ཉིད་དེ། ཐབས་དང་ཐབས་ལས་བྱུང་བའི་དངོས་པོའི་མཚན་ཉིད་ཀྱི་འབྲེལ་པ་ཡང་སྟེ། ཀྱེ་རྡོ་རྗེའི་སྒྲུབ་པའི་ཐབས་ཀྱི་ཚིག་གི ་ཚོགས་ནི་བརྗོད་པར་བྱེད་པའོ།། བདག་མེད་མས་ཕྲག་པར་འཁྱུད་པ། རྣལ་འབྱོར་མ་བརྒྱད་ཀྱི་བདག་ཉིད་དཔལ་ཧེ་རུ་ཀའི་སྒྲུབ་པའི་ཐབས་ནི་བརྗོད་པར་བྱ་བའོ།། རྗོད་པར་བྱེད་པ་དང་བརྗོད་པར་བྱ་བའི་མཚན་ཉིད་ནི་འབྲེལ་པའོ།། ཐབས་དང་ཐབས་ལས་བྱུང་བའི ་མཚན་ཉིད་དོ།། ཞེས་པ་ནི་གཞན་གྱིའོ།། འདོད་ཆགས་དང་ཞེ་སྡང་སྐྱེ་བ་དང་ལྡན་པའི་སེམས་ཅན་འཇུག་པ་ནི་དགོས་པའོ།། དེའི་འབྲས་བུ་ཐོབ་པའི་མཚན་ཉིད་སངས་རྒྱས་ཉིད་དང་། གྲུབ་པ་བརྒྱད་པོ་ཡང་དགོས་པའི་དགོས་པའོ།། ད་ནི་སྐྱེས་མ ་ཉིད་བཤད་པར་བྱ་སྟེ། དོན་གྱི་རྣམ་པ་འདི་ལྟ་བུ་གང་དུ་སྒྲུབ་པར་བྱ་ཞེ་ན། སློབ་དཔོན་གྱིས་གནས་ཀྱི་ཁྱད་པར་གསུངས་པ། རབ་སྦས་ཤེས་པ་ལ་སོགས་པ་སྟེ་འགའ་ཞིག་ཅེས་པ་ནི་དུར་ཁྲོད་ལ་སོགས་པ་རྣམས་སོ།། རབ་སྦས་ནི་སྐྱེ་བོའི་རྒྱུན ་ལུགས་སྤངས་པའོ།། སའི་ཆར་ནི། སའི་ཕྱོགས་གཅིག་ཏུའོ།། གློ་རྩི་ལ་སོགས་པས་ཤེས་པས་ནི། རི་དགས་ལྟེ་བ་དང་ག་པུར་དང་སི་ཧཱ་དང་བཞི་མཉམ་དང་སཱ་ལུ་སྐྱེས་ལ་སོགས་པ་དམ་ཚིག་གིས་རྫས་རྣམས་ཀྱིས་བསྟར་བའོ།། དེར་རྣལ ་འབྱོར་འདི་ལྟར་བསྒོམ་པར་བྱ་ཞེས་སྦྲེལ་ལོ།། ཅི་ཞིག་བྱས་ནས་ཤེ་ན། གསུངས་པ། འཇམ་པའི་སྟན་ལ་ཞེས་པ་ལ་སོགས་པ་སྟེ། འཇམ་པ་ཡང་ཡིན་ལ་སྟན་ཡང་དེ་ཡིན་པས་འཇམ་པའི་སྟན་ཏེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་བྲལ་བ ་རོའི་སྟན་ཞེས་བྱ་བའི་དོན་ཏོ།། དེའི་སྟེང་ན་དེའི་སྙིང་ཁར་ཉེ་བར་འདུག་ནསོ།། འདི་ལྟར་ཞེས་པ་ནི་འཆང་བར་འགྱུར་བའི་རྣལ་འབྱོར་ཏེ་གོམས་པར་བསྒོམ་པར་བྱའོ།། དོན་ནི་འདི་ཡིན་ཏེ། དཔལ་ཧེ་རུ་ཀ་སྒྲུབ་པར་བརྩོན་པའི་རྣལ ་འབྱོར་པས་སྔ་བར་ལངས་ནས་བདུད་རྩི་ལྔས་འདམ་སྐྱེས་སྦྱངས་ཏེ་དུར་ཁྲོད་པ་ལ་སོགས་པ་རྣམསུ་རོལ་སྙིང་ཁར་གནས་པར་བྱས་ནས། རྣམ་པར་རྟོག་པ་ངན་པའི་དྲ་བ་ཐམས་ཅད་དོར་བར་བྱས་ནས་རྣལ་འབྱོར་འདི་བསྒོམ་པར་བྱའོ།། སྦྱར་བར་བྱ ་བས་ན་རྣལ་འབྱོར་ཏེ་ཐ་མལ་པའི་འདུ་བྱེད་སྤངས་པའི་མཚན་ཉིད་འཇིག་རྟེན་ལས་འདས་པའི་འདུ་བྱེད་ཀྱི་ཁྱད་པར་རོ།། དེ་ཡང་རྣམ་པར་ཤེས་པའི་ཡིན་ནོ་ཞེས་བྱས་ནས་དེ་ལ་ཉེ་བར་དམིགས་པའི་གནས་གསུངས་པ། སྙིང་ཁོར་ཞེས་པ་ལ་སོགས ་པ་སྟེ། བཾ་ལས་སྐྱེས་པའི་པདྨའི་སྟེང་དུ་ཨ་ཡིག་ལས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཐུགས་ཀྱི་དབང་པོ་མི་བསྐྱོད་པའི་ས་བོན་ཕུང་པོ་ལྔ་རྣམ་པར་དག་པ་ལས་ཡེ་ཤེས་ལྔའི་རང་བཞིན་ཆ་ལྔའི་བདག་ཉིད་ཧཱུཾ་ཡིག་གི་འོད་ཟེར་སོ ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་རྣམས་ཀྱི། གཅིག་དང་དུ་མ་དང་བྲལ་བས་ལུས་མེད་པ་ན། རྟེན་མེད་པས་ཚོར་བ་དང་སེམས་དང་ཆོས་རྣམས་ཕན་ཚུན་མ་གྲུབ་པས་ན། རང་བཞིན་མེད་པ་ཉིད་དུ་བསྒོམ་པར་བྱའོ།། ཐ་མལ་པའི་ལུས ་འདི་ལྟ་བུར་རྣམ་པར་དག་པས་ན་རྣལ་འབྱོར་པས་ནི་ཅི་ཞིག་བྱ་ཞེ་ན། གསུངས་པ། སྔགས་ཀྱང་དྲན་པར་བྱ་ཞེས་པ་སྟེ། དྲན་པ་ཉེ་བར་གཞབསྒོམ་པའི་དེ་མ་ཐག་ཏུ་ཡང་སེམས་ཅན་ལ་ཕན་པའི་སླད་དུ་སྔགས་ནི་ཧཱུཾ་ཡིག་སྟེ། དྲན་པར ་བྱ་ནི་མངོན་དུ་ཕྱོགས་པར་བྱའོ།། སྔགས་ཤེས་པའི་དོན་ཅི་ཞེ་ན། ཡིད་ལ་སོ་སོར་རྟོག་པ་ནི། དེ་ཡང་ཁམས་གསུམ་སྐྱོབ་པ་སྟེ།། ཡིད་དག་བྱེད་པའི་རང་བཞིན་ལས།། སྔགས་ཤེས་མངོན་པར་བརྗོད་པར་བྱ།། སྔགས་དྲན་ནས་ཅི་ཞིག་བྱ་ཞེ་ན། ་གསུངས་པ། བ་སྤུའི་བུ་ག་ནས་སྤྲོས་དེའི།། སྣང་བས་མ་ལུས་འགྲོ་བ་ནི།། ཞེས་པ་ལ་སོགས་པ་སྟེ། རྣལ་འབྱོར་པ་ཡི་བ་སྤུའི་བུ་ག་ལས་སྤྲོས་པའི་ཧཱུཾ་ཡིག་གི་འོད་ཀྱི་སྒྲོན་མ་རྣམས་ཀྱིས་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་གྱིས་མནན ་པའི་འགྲོ་བ་དྲུག་གི་སེམས་ཅན་གྱི་ཁམས་མཐོང་ནས་སྙིང་རྗེ་ཆེན་པོ་ལ་དམིགས་པར་བྱ་སྟེ། གོ་བླ་བས་ན་མ་བཤད་དོ།། དེ་རྣམས་ཀྱིས་ནི་སྒྲོལ་བའི་བསྒྱུར།། ཞེས་པས་སོ།། འགྲོ་བ་དྲུག་ཏུ་འཇུག་པའི་སྐྱེ་འགྲོ་དེ་རྣམས་ཀྱིའོ།། འདི་རྣམས ་སྒྲོལ་བའི་རྒྱུ་གང་ཡིན་པ་དེའི་དོན་དུ་སྟེ། འདི་རྣམས་སྒྲོལ་བའི་རྒྱུ་གང་ཡིན་པ་དེའི་དོན་ནི་བསོད་ནམས་ཀྱི་ཚོགས་འཕེལ་བའོ།། བསོད་ནམས་འཕེལ་བའི་ཐབས་གསུངས་པ། བླ་མ་ལྷ་ཞེས་པ་ལ་སོགས་པ་སྟེ། བླ་མ་ནི་རྡོ་རྗེ་འཛིན་པའི་སྤྲུལ ་པའོ།། ལྷ་ནི་དཔལ་ཧེ་རུ་ཀའི་རྣམ་པའོ།། རྒྱལ་བ་ནི་དོའི་བ་སྤུའི་བུ་ག་ནས་སྤྲོས་པས་འོད་ཟེར་གྱིས་སྤྲུལ་པའོ།། བྱང་ཆུབ་སེམས་དཔའ་ནི། དེ་བཞིན་གཤེགས་པ་དེ་རྣམས་ཀྱི་ཡང་སྤྲུལ་པ་སྟེ། ཚོགས་ནི་ཡང་དག་པར་འདུས་པའོ།། དེ་རྣམས་དང་བཅཝ ་བ་ནི་ཡང་དག་པར་རྗེ་སུ་སོང་བའོ།། མཐོང་ནས་མཆོད་པ་རབ་ཏུ་བརྟག་སྟེ། ཡིད་ཀྱི་རང་བཞིན་གྱི་མཆོད་པ་བྱའོ་ཞེས་དགོངས་པ་ཡིན་ནོ།། འོ་ན་གང་ལས་ཇི་ལྟར་ཅི་ཞིག་གིས་མཆོད་པར་བྱ་ཞེ་ན། གསུངས་པ། ཐོགས་མར་སྔགས་ཏེ་ཞེས་པ་ལ ་སོགས་པ་སྟེ། དེ་ནི་བྱ་བའི་ཁྱད་པར་ཡིན་ལ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ་ཞེས་པ་ལ་སོགས་པ་འཆད་པར་འགྱུར་བའི་སྔག་སོ།། རང་སྙིང་གི་ས་བོན་ནི། ཡེ་ཤེས་ལྔའི་བདག་ཉིད་ཧཱུཾ་ཡིག་གི་ས་བོན་ལས་མེ་ཏོག་དང་བདུག་སྤོས ་ལ་སོགས་པ་སྟེ། མཁའ་འགྲོ་མའི་ཚོགས་སྤྲོས་ནས་མེ་ཏོག་ལ་སོགས་པས་མཆོད་པར་བྱའོ་ཞེས་པ་ཉེ་བར་སྤྱོད་པ་ལྔ་རབ་ཏུ་བསྟན་པ་ཡིན་ནོ།། གདུགས་དང་རྒྱལ་མཚན་པ་དྲན་སོགས་ནས་བརྩམས་ཏེ། མི་ཡི་བུད་མེད་སོགས་ཀྱི་མཐར་ཐུག ་པའི་ཡོ་བྱད་དང་བཅས་པའི་རིན་པོ་ཆེ་བདུན་གྱི་རང་བཞིན་གྱི་མཆོད་པར་གསུངས་པ་ཡིན་ནོ།། འོ་ན་རྫས་རྣམས་གང་ལས་བྱུང་ཞེས་དོག་པ་ལ། གསུངས་པ། ཐམས་ཅད་རིན་ཆེན་རིགས་ལས་བྱུང་ཞེས་པ་སྟེ། སྔར་གསུངས་པའི་ཆོས་པའི ་རྫས་ཐམས་ཅད་ནི་རིན་པོ་ཆེའི་རིགས་ལས་བྱུང་བ་སྟེ།། ནམ་མཁའི་མཛོད་ཀྱི་ཏིང་ངེ་འཛིན་ལས་ཡང་དག་པར་བྱུང་བའོ།། གསང་བ་དང་གཞན་དེ་རྣམས་ཐམས་ཅད་ཀྱི་མཆོད་པར་བྱའོ་ཞེས་ཡང་དག་པར་འབྲེལ་ཏོ།། སྤྱིར་བསྟན་ནས་གསང ་བའི་མཆོད་པ་བྱེ་བྲག་ཏུ་བཤད་པར་བྱ་སྟེ། གཽ་རཱི་སོགས། བདུད་རྩི་ལྔ་ཞེས་པ་ལ་སོགས་པ་རྒྱུད་དུ་གསུངས་པའི་རིམ་པས་ཁོང་དུ་ཆུད་པར་བྱའོ།། ན་མཁའ་ལ་རྗེ་བཙུན་དཔལ་ཧོ་རུ་ཀཱ་དང་། དེ་ནས་བླ་མ་དང་། དེའི་མདུན་དུ་བདར་བ་གཞན་དང ་གཞན་ཡང་བལྟས་ནས། སྙིང་ཁའི་ས་བོན་ལས་འོད་ཟེར་ལས་སྤྲོས་པའི་གེ་རཱི་ལ་སོགས་པའི་ལྷ་མོ་བརྒྱད་པོ་རྣམས་ཀྱིས་མཆོད་པར་བྱའོ།། དེ་ལ། དཀར་མོ་རི་དགས་མཚན་མ་འཛིན།། ཆོམ་རྐུན་མ་ནི་ཉི་མའི་སྣོད།། རོ་ལངས་མ་ཡང ་ཆུ་ལག་མ། གྷཱསྨ་རཱི་ནི་སྨན་འཛིན་ཞིང་།། དུཀ་སཱི་ཡང་རྡོ་རྗེ་ལག། དེ་བཞིན་རི་ཁྲོད་མ་རོ་འཛིན།། གཏུམ་མོས་ཅང་ཏེའུ་བརྡུང་བར་བྱ།། འདི་རྣམས་ཀྱིས་ནི་ཁྱབ་བདག་མཆོད།། འདོད་ཆགས་ཆེན་པོས་རྗེས་ཆགས་པ།། གཡུང་མོས་འགུལ ་ལ་འཁྱུད་པའོ།། མཆོད་པ་བྱས་ནས་ཅི་ཞིག་བྱ་ཞེ་ན།། གསུངས་པ། སྡིག་པ་རྣམས་ནི་བཤགས་པར་བྱ།། ཞེས་པ་ལ་སོགས་པ་སྟེ། སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེ་སུ་ཡི་རང་བ་དང་། བསྔོ་བ་དང་། སྐྱབསུ་འགྲོ་བ་དང་། ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། བདག་ཉིད་ཀྱི་དངོས་པོ་དབུལ་བ་རྣམས་བྱའོ།། ཅི་ལྟར་བྱ་ཞེ་ན། ཚིགསུ་བཅད་པ་ཐོག་མར་བརྗོད།། དེ་དཀོན་མཆོག་གསུམ་ལ་ཞེས་པ་ལ་སོགས་པའི་ཚིགསུ་བཅད་པ་རྣམས་ཀྱིས་ཐམས་ཅད་ཡང་དག ་པོར་བསྡུས་ནས། དེ་ནས་དེ་བཞིན་གཤེགས་པའི་བཀའ།། ཐོབ་ནས་སེམས་ཅན་དོན་བྱེད་རྒྱུར་ཞེས་པ། དེ་ནས་དེ་མ་ཐག་ཏུ་སྒྲུབ་པ་པོ་བསོད་ནམས་བྱེད་པའི་ཚེ་ན་དེ་བཞིན་གཤེགས་པ་རྣམས་ཀྱིས་རྗེ་སུ་སྣང་བ་མཐོང་ངོ་།། ཅིའི་དོན ་དུ་ཞེ་ན། སེམས་ཅན་གྱི་དོན་བྱེད་པའི་རྒྱུར་ཏེ། སེམས་ཅན་གྱི་དོན་རྫོགས་པར་བྱའོ།། བཀའ་ཐོབ་པ་ནི་ཅི་ཞིག་བྱ་ཞེ་ན། གང་ཞིག་འགྲོ་ཀུན་དབྱེར་མེད་པསོ། ཤེས་པ་པོ་ལ་སོགས་པ་སྟེ། ཉི་ཆེ་བ་ལས་ཆེ་བས་བྱམས་པ་ཆེན་པོ་སྟེ། སེམས ་ཅན་ཐམས་ཅད་སྐྱོབ་པས་ན། འགྲོ་བ་མ་ལུས་པ་བུ་གཅིག་པ་ལྟ་བུར་འཛིན་པོའོ།། འདི་ཉིད་འགྲོ་བ་འབྲས་ལ་སོགས་པའི་སྡུག་བསྔལ་བ་ལ་རྟེན་ནས་སྙིང་རྗེ་བསྐྱེད་དེ། སྙིང་རྗེ་བསྐྱེད་ནས་སྙིང་ཁའི་འོད་ཀྱི་སེམས་ཅན་གྱི་ཁམས་སྦྱངས ་ནས་སངས་རྒྱས་ཀྱི་གཟུགས་སུ་རྣམ་པར་བསམས་ཏེ། དགའ་བ་བསྒོམ་པར་བྱ་ཞིང་བསྐྱེད་པར་བྱའོ་ཞེས་དགོངསོ།། དེ་ནས་བཏང་སྙོམས་བསྒོམ་པར་བྱ་ཞེས་པ། དེ་ནས་སེམས་ཅན་གྱི་ཡུལ་ལ་བླང་བ་དང ་དོར་བ་དང་བྲལ་བའི་བློས་བཏང་སྙོམས་ཏེ། ཡེ་ཤེས་ཀྱི་ཚོགས་ཀྱི་རང་བཞིན་བསྒོམ་པར་བྱ་ཞེས་དགོངས་སོ།། དེ་ལྟར་བསོད་ནམས་ཀྱི་ཚོགས་ཏེ། རྣལ་འབྱོར་པས་ཡེ་ཤེས་ཚོགས་དོན་དམ་པ། སྟོང་པ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་བསྒོམ ་པར་བསྟན་པའི་ཕྱིར་གསུངས་པ། རང་བཞིན་བྲལ་ཕྱིར་སྟོང་པ་སྟེ་ཞེས་པ་ལ་སོགས་པ་སྟེ། འགྲོ་བ་ནི་སྟོང་པ་ཉིད་ཀྱི་རང་བཞིན་ཏེ། གང་གི་ཕྱིར་ན། རང་བཞིན་བྲལ་ཕྱིར་ཏེ། མདོ་སྡེ་པའི་གྲུབ་པའི་མཐའི་འདོད་པས་གཏན་ཚིགས་ནི། གཞན་ལ ་ལྟོས་པས་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་དང་། རང་བཞིན་ཉེ་བར་དམིགས་པ་མེད་པས་རང་བཞིན་དང་བྲལ་བ་དེའི་ཕྱིར། དངོས་པོ་ཐམས་ཅད་ནི་རང་བཞིན་མེད་པའི་རང་བཞིན་ནོ།། དེ་ལྟར་ཡང་གསུངས་པ། རབ་འབྱོར་སྟོང་པ་ཉིད་ཀྱིས ་ཆོས་རྣམས་སྟོང་པ་ཡང་མ་ཡིན་གྱི་རང་བཞིན་གྱིས་ཤེས་པ་སྟེ། འདིས་རྣམ་པར་ཐར་པའི་སྒྲོ་དང་པོ།། དོན་དམ་པ་ལ་འཇུག་པའི་སྒོར་གྱུར་པ་གསུངསོ།། རྒྱུ་མེད་པ་ལས་མཚན་མ་མེད་ཅེས་པ་རྒྱུ་མ་ཡིན་པ་ནི་རྒྱུ་མེད་དོ།། དེར་ཕྱིར་ན་རྒྱུ་མེད ་པ་ལས་སོ།། མཚན་མ་མེད་ནི་དོན་དམ་པར་རྣམ་པར་དཔྱད་ནི། འགྲོ་བ་རྒྱུ་ཞེས་བྱ་བ་མེད་དོ།། དེ་ལྟར་ཡང་གསུངས་པ། ངེས་པར་ཆོས་རྣམས་ཐམས་ཅད་ཀྱི་བྱེད་པ་དམིགས་པ་མ་ཡིན་ནོ།། བྱེད་པ་ཡོད་པ་མ་ཡིན་ན། བྱ་བ་རྣམས་ཀྱང ་འབྱུང་བ་མ་ཡིནྡ་ཞེས་བྱ་བ་དང་། གཞན་དུ་ཡང་བདག་ལས་མ་ཡིན་གཞན་ལ་མིན།། གཉིས་ལས་མ་ཡིན་རྒྱུ་མེད་མིན།། དངོས་པོ་གང་དགུ་གང་ན་ཡང་།། སྐྱེ་བ་ནམ་ཡང་ཡོད་མ་ཡིན་ཞེསོ།། གང་ཕྱིར་གང་གི་རང་བཞིན་མེད་ཉིད་ན།། དེ་ནི་རང་བཞིན་གཞ ་སྦྱིསྐྱེན་ཅི་ལྟར་ཡིན། རང་བཞིན་མེད་པ་ཅི་ལྟར་གཞན་སྐྱེད་འགྱུར།། བདེ་བར་གཤེགས་པས་གཏན་ཚིགས་འདི་གསུངསོ།། ཞེས་སོ།། ལྷག་པར་བསྒོམ་པ་དང་བསྐྱེད་པའི་རྒྱུད་དམིགས་པ་འགའ་ཡང་མེད་པ་ན། གང་གི་མཚན་མ་དང་བཅས ་པབར་འགྱུར་ཞེས་པ་མཚན་མ་མེད་པའི་རྣམ་པར་ཐར་པའོ།། རང་གི་རྟོག་པས་མི་བྱེད་པས། འགྲོ་བ་སྨོན་པ་དང་ཡང་བྲལ། ཞེས་པ་རྒྱུ་བ་དང་བཅས་པ་དང་རྒྱུ་བ་མེད་པའི་དངོས་པོ་ནི། སྨན་པ་དང་བྲལ་བ་ཡིན་ཏེ། གང་ལས་ན་རང་གི་རྟོག ་པ་ཁོ་ནས་དེ་ལྟར་གཟུངས་པ་དང་འཛིན་པར་ཕྱེ་བ་ཡིན་པའི་ཕྱིརརོ།། དེ་ལྟར་ཡང་། ཤིན་ཏུ་མཁས་པ་ཅི་ལྟར་ཡང་།། རང་བཞིན་རྣམ་པར་དག་པ་ལས།། གཟུང་འཛིན་དབྱེ་བས་སེམས་གཅིག་ཉིད།། རྣམ་པ་གཉི་སུ་སྣང་བ་ཡིན།། ་དེལྟར་བག་ཆགས་ཀྱི་དབང་གིས་གཟུང་བ་དང་འཛིན་པར་བྱེད་ལས་དམིགས་པའོ་ཞེས་པ་ལས། འགའ་ཞིག་ཏུ་དོན་དམ་པར་སྐྱེ་བ་མེད་པའི་བྱེ་བྲག་གིས་སྨོན་ལམ་དང་བཅས་པ་ཆ་ཤས་མེད་པའི་སྟོང་པ་ཉིད་ནི། སྨོན་པ་མེད་པའི་རྣམ ་པར་ཐར་པའོ།། དེ་ནས་ཐམས་ཅད་སྟོང་བལྟས་ནས། ཤེས་པ་ནི་སྟོང་པ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་ཁྱད་པ་ལས་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པའི་སྒོ་བསྒོམ་ནས་ཕྱི་དང་ནང་གི་བདག་ཉིད་སྟོང་པར་བལྟའོ།། དང་པོ་ཉིད་དུའོ་སྔགས་བརྗོད ་བྱ་ཞེས་པ་ལ། ཉིད་ནི་བསྡུ་བའི་མཐའ་སྟེ། དེས་དང་པོར་སྟོང་པར་བལྟས་ནས་ཕྱི་ནས་སྔགས་བརྗོད་པར་བྱའོ།། འོ་ན་མངོན་པར་འདོད་པའི་དོན་ཅི་ཡིན་ཞེ་ན། སྟོང་པ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་བསྒོམ་པས་ནས་ཡོངསུ ་གྱུར་པའི་མཚན་ཉིད་ཀྱིས་སེམས་སྦྱངས་ཤིང་དགེ་བྱའི་རྣལ་འབྱོར་བ་རང་དང་རྗེསུ་མཐུན་པར་ས་བོན་བསྡུ་བ་དང་། བྱང་ཆུབ་ཀྱི་སེམས་ཀྱིས་གཟུགས་རྫོགས་ནས། དེའི་རྗེས་སུ་སྔགས་ཀྱི་རྣམ་པ་ཀྱང་གཞན་རྣམས་རྣམ་པར་སྦྱོང་བ་བྱེད་དོ།། ་ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ནཱ་བཛྲཱ་སྟྲ་བྷཱ་བྷཏྨ་ཀོ་ཧོ་ཞེས་བྱ་ལ། ཨོཾ་ཤཱུ་ནྱེ་ཏཱ་ཞོས་པ་ནི། ཟུང་སྟེ་གཟུགས་དང་ཁ་དོག་ནི། ཨོཾ་ཡིག་དཀར་པོ་མེ་ལོང་ལྟ་བུའི་རང་བཞིན་ནོ།། ཛྙཱ་ན་བཛྲ་ཞེས་པ་ནི། ཨཱ་ཡིག་ཁ་དོག་དམར་པོ་སོ་སོར་རྟོག་པའི་རང་བཞིན་ནོ།། སྭདྡྷ ་ཝཱཏྨ་ཀོ་ཞེས་པ་ནི། ཧཱུ~ཾ་ཡི་གེ་ཁཾ་དོག་ནག་པོ་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ནོ།། ཨཱ་ཧཾ་ཞེས་པ་ནི་ང་ཡིན་ནོ་ཞེས་པ་སྟེ། ཡེ་ཤེས་གསུམ་པོའི་བདག་ཉིད་ཅན་བར་མ་དོར་སྲིད་པའོ།། འོ་ན་སྟོང་པ་ཉིད་བསྒོམ ་པ་ལས་ཅི་ལྟར་གནས་གྱུར་པ་ཡིན་ཞེ་ན། དེ་ཁོ་ན་ཉིད་ལ་འཇུག་པར་གསུངས་ཏེ། ཤེས་རབ་ཐབས་ཀྱི་རང་བཞིན་ཞི།། འདིར་དེ་མཆོག་གི་དེ་ཉིད་དེ།། གཉིས་མེད་ཡེ་ཤེས་དེ་ཁོ་ན།། འདི་ནི་བྱང་ཆུབ་སེམས་མཆོག་ཡིན།། གནས་ནི་ཡོངས ་གྱུར་པ་སྟེ།། ཀུན་རྟོག་ཐམས་ཅད་སྤངས་པའོ།། འཇིག་རྟེན་འདས་པའི་ཡེ་ཤེས་ཏེ།། ཐུབ་ཆེན་ཆོས་སྒྲ་ཉིད་ཀྱང་ཡིན་ཞེས་པའོ།། སྟོང་པ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་ནི་དེ་ཁོ་ན་ཉིད་དུ་འགྱུར་ཞེ་ན། ས་བོན་བསྡུ་བ་དང་། གཟུགས་རྫོགས་པ་དང་། ་ཡི་གེ་དགོད་པ་དང་རྣམས་དངོས་པོའི་རང་བཞིན་ཡིན་ན། ཅི་ལྟར་དེ་ཁོ་ན་ཉིད་ཡིན་ཞེ་ན། དེ་ལ་མངོན་པར་འདོད་པ་ནི་འདི་ཡིན་ཏེ། འོད་གསལ་བའི་རྣམ་པས་རེ་ཕ་དང་ཉི་མ་དང་ཧཱུཾ་དང་རྡོ་རྗེའི་འོད་རྣམས་ཀྱིས་བདག་ཉིད་བསྲུང་བར ་བྱས་ནས། བརྟན་པ་དང་གཡོ་བ་གཉིས་སུ་མེད་པའི་རང་བཞིན་དཔལ་ཧེ་རུ་ཀ་ས་བོན་བསྡུ་བ་དང་། རྣམ་པ་ལྔ་རྣམ་པར་དག་པའི་རང་བཞིན་གཟུགས་རྫོགས་པ་དང་། ཡི་གེ་དགོད་པའི་རང་བཞིན་ཉིད་ཀྱི་སྐྱེ་མཆེད་ཐམས་ཅད་རྣམ ་བོར་དག་པ་འདོད་པའི་ཁམས་ཀྱི་དབང་ཕྱུག་དཔལ་ཧེ་རུ་ཀའི་སྤྲུལ་པས་འགྲོ་བའི་དོན་བྱེད་པ་ལས་ས་བོན་བསྡུ་བ་ལ་སོགས་པ་རྣམས་རང་བཞིན་ཉིད་ཀྱི་ཕྱིར། བྱང་ཆུབ་ཀྱི་སེམས་དེ་ཁོ་ན་ཉིད་ཡིན་པ་ལ་སྐྱོན་མེད་པ་ཁོ་ནའོ།། ་ཕྱག་རྒྱ་རྒྱུ་དང་སྦྱོར་བྲལ་ལས།། རྣལ་འབྱོར་སྙིང་རྗེ་ཐབསུ་འགྱུར།། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ།། འདི་ནི་བྱང་ཆུབ་སེམསུ་བརྗོད་ཅེས་པའོ།། དེ་ནས་ཉི་ནསོ་ཧཱུཾ་ཡིག་གིས། སྔགས་ལས་འཐོན་པའི་རྡོ་རྗེའི་གུར་ཞེས་པ་ནི། དེ་ནས ་དེ་མ་ཐག་ཏུ་རེ་ཕེཾ་ཡོངསུ་གྱུར་པས་མདུན་དུ་ཉི་མའི་དཀྱིལ་འཁོར་རྣམ་པར་བསྒོམས་ནས། དེའི་སྟེང་དུ་ཧཱུ~ཾ་ཡིག་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེ། དེའི་འོད་ཟེར་རྣམས་ཀྱིསྐུ་རྡོ་རྗེའི་རཱ་བ་དང་གུར་བཅིངས་པ་ལ་སོགས་པ་བྱའོ།། ཡང ་ན་ཉི་མ་ལ་གནས་པའི་ཧཱུཾ་ཡོག་དང་སྣ་ཚོགས་རྡོ་རྗེས་ཡོངསུ་གྱུར་པ་ལས་ཕྱག་གཉིས་པའི་སྒྲར་སྣང་བ་བགོགས་ཉམས་པོར་བྱེད་པ། ཧེ་རུ་ཀ་ཁྲོ་བོའི་གཟུགས་མཆེ་བ་གཙིགས་པ། འཇིགས་པར་བྱེད་པ། གཡོན་རྡོ་རྗེ་ཕུར་བུ་འཛིན ་གཡས་ན་རྡོ་རྗེ་ཐོ་བ་བསྣམས་པ་རྣམ་པར་བསམས་པ། དེའི་ཡེ་ཤེས་སེམས་དཔའི་འོད་ཟེར་རྣམས་ཀྱིས་ཕྱོགས་བཅུའི་བགེགས་རྣམས་བཀུག་སྟེ་ཕུར་བུས་གདབ་པར་བྱའོ་ཞེས་དགོང་སོ།། གུར་གྱི་ནང་དུ ་ཅི་ཞིག་བྱ་ཞེ་ན། གསུངས་པ། ཆོས་ཀྱི་དབྱིངས་གྱུར་པསམ་བྱ་ཞིང་།། ཁང་རྩེགས་ཡང་ནི་འབྱུང་ལས་སྐྱེས་པ་སྟེ། གུར་གྱི་འོག་ཏུ་ཧཱུཾ་ཡིག་གིས་སྤྲུབ་པའི་རྡོ་རྗེའི་ས་གཞི་ལ། ཨེ་ཡིག་གིས་རྣམ་པས་རྫོགས་པའི་ཆོས་ཀྱི་དབྱིངས ་ཀྱི་ཕྱག་རྒྱ་གྲུ་གསུམ་པ། བརྟན་པ་དང་གཡོ་བའི་ཚིག་གིས་དོན་ཐམས་ཅད་ཀྱི་གཞིར་གྱུར་པའོ།། དྲིའི་སྟེང་དུ་ཡ་ཡིག་ཡོངསུ་གྱུར་པའི་རླུང་གི་ནི་ཅིག་ད་ཀྱི་རྗེ་རྐྱེ་ཆོག་སྟེང་དུ་བཾ་ཡིག་ལས་སྐྱེས་པའི་ཆུའི་དཀྱིལ་འཁོར་རོ།། ་དོངོརོ་སྟེང་དུ་ལྀ་ཡིག་ལས་སྐྱེས་པའི་སའི་དཀྱིལ་འཁོར་རོ།། དེའི་སྟེང་དུ་བྷྲཱུཾ་ཡིག་ལས་སྐྱེས་པ་ཆུའི་དཀྱིལ་འཁོར་འཁོར་ལོའི་རྩིབས་དྲུག་པའི་སྟེང་དུ་ཨོཾ་ཡིག་ལས་སྐྱེས་པའི་འོད་ཟེར་རྣམས་ཀྱི་སྔར་བཤང་བའི་བར་མ་དོའི ་སྲིད་བའོ།། ཡིག་གཉིས་མངལ་དུ་བྱས་པར་བཀུག་ནས་ཨོཾ་ཡི་ག་དང་གཅིག་ཏུ་འདྲེས་པར་གྱུར་པར་རྣམ་པར་བསྒོམས་ཏེ། ཨོཾ་བཛྲ་བྷྲྀ་ཛ་སྭ་བྷཱུ་རྫྙཱཏྨ་ཀེ་ཧ་ཞེས་དྲན་པར་བྱའོ།། དེ་ནས་ཨོཾ་ཡིག་དང་འཁོར་ལོ་དང་འབྱུང་བའི་དཀྱིལ ་འཁོར་རྣམས་ཡོངསུ་གྱུར་པས་ཁོང་པ་བརྩེགས་པ་བསམ་པར་བྱའོ་ཞེས་པའི་དོན་དུ། གྲུ་བཞི་པ་ལ་སྒོ་བཞི་པ། དོ་ཤལ་སྣམ་བུ་སོགས་ཀྱིས་བརྒྱན་ཞེས་པ་ནི་གོ་བླའོ།། དེར་ནི་དབུས་སུ་པདྨ་དམར་ཞེས་པ་ལ་སོགས་པ་ནི། ་དེར་ཁང་བརྩེགས་པའི་དབུས་སུ་ཆོས་འབྱུང་གི་ཕྱག་རྒྱ་དང་རྗེསུ་ཆོས་འབྱུང་གི་ཕྱག་རྒྱ་དང་རྗེ་སུ་མཐུན་པའི་འདོད་ཆགས་ལ་སོགས་པའི་གཟུགས་པཾ་ཡིག་ཡོངསུ་གྱུར་པ་ལས་ཏེ། འདོད་ཆགས་ཆེན་པོའི་རང་བཞིན་ཉིད་ཀྱི་ཕྱིར་འདབ་མ ་དམར་པོའོ།། འདབ་མ་བརྒྱད་པར་བྱ་སྟེ།། དམིགས་པར་བྱའོ་ཞེས་པའི་དོན་ཏོ།། དེར་ནི་གཟེ་འབྲུ་ལ་གནས་པའི།། བདུད་བཞི་པོ་ནི་བསམ་པར་བྱ།། ཞེས་པ་ཕྱི་མའི་དུས་ཀྱི་བསྒོམ་པ་པོས་དེར་པདྨའི་ཟེ་འབྲུའི་དབུས་སུ་རྒྱུའི་ཀྱེ་རྡོ་རྗེའི ་གདན། དཔལ་ཧེ་རུ་ཀའི་ཞབས་ཀྱི་མཐིལ་དུ་སོན་པ་ཉིད་ལས། འཇིགས་པའི་དབང་གི་གནས་ཤིང་ལྟུང་བ་ཁེངས་པ་དང་བྲལ་བ་བསམ་པར་བྱ་ཞིང་སེམས་པར་བྱའོ།། དེ་ལ་ཉོན་མོངས་པའི་བདུད་ནི། སྣ་ཚོགས་མདོག་གདོང་གཅིག ་པ་ལག་པ་གཉིས་པ། ལག་པ་གཉིས་ཀྱིས་ཞགས་པ་བཟུང་བའོ།། ལྷའི་བུའི་བདུད་ནི། མདོག་སྔོ་བསངས་རང་གཟུགས་ཉམས་ཀྱིས་ཕྱུག་ཅིང་ལག་པ་གཉིས་ཀྱི་མེ་ཏོག་གི་མངའ་དང་གཞུ་འཛིན་པའོ།། ཕུང་པོའི་བདུད་ནི། མདོག ་ནག་པོ་ལྷག་པ་གཉིས་ཀྱིས་དགྲ་སྟ་དང་ཞགས་པ་འཛིན་པའོ།། འཆི་བདག་གི་བདུད་མདོག་དམར་པོ། མཆེ་བ་གཙིགས་པའི་གདོང་། ལྷག་པ་གཉིས་ཀྱིས་དབྱུག་པ་འཛིན་པ་སྟེ། འདི་རྣམས་སྟན་དུ་བཏིང་ནས་གནས་པར་བསཾ ་མོ། འོ་ན་ཅི་ལྟར་ན་འདི་རྣམས་ཀྱི་གཟུགས་བསྒོམ་པར་གསུངས་ཤེ་ན། བདེན་ཏེ་རང་བཞིན་པ་ནི་མ་ཡིན་གྱི་མི་ཡི་སྐྱེ་བར་ཡིད་ཆེས་པའི་ཡིད་ཆེས་དེ་རྣམ་པར་གཞོམ་པའི་སླད་དུ་འདི་རྣམས་ཀྱི་གཟུགས་བརྟག་པར་བྱའོ།། ་བཅོམ་ལྡན་འདས་ཀྱིས་གདུན་གསུངས་ནས། གོ་ནཱི་ལ་སོགས་པ་རྣམས་ཀྱིས། རྒྱས་པར་གསུངས་པ། ཚངས་པ་དབང་པོ་ཉེ་བར་དྲག། ཅེས་པ་ལ་སོགས་པ་སྟེ། ཚངས་པ་ལ་སོགས་པ་ལྷ་བརྒྱད་པོ་འདི་རྣམས ་ཀྱི་གདོང་དང་ལག་པ་དང་མདོག་དང་དབྱིབས་དང་མཚོན་ཆ་འཛིན་པ་རྣམས་ནི། འཇིག་རྟེན་དུ་ཇི་ལྟར་རབ་ཏུ་གྲགས་པ་དེ་ཁོ་ན་ལྟར་འང་བ་མ་བརྒྱད་པོ་རྣམས་སུ་བསམ་པར་བྱའོ་ཞེས་པ་ཁང་པ་བརྩེགས་པ་ཡང་རྣམ་པར་བསྒོ ་པབཔར་བྱ་སྟེ། སརྦྦ་ཏ་ཐཱ་ག་ཏཱ་ཡ་བཛྲ་སྥོ་བྷཱ་ཝཱཏྨ་ཀོ་ཧོ་ཞེས་པ་འདི་རྣམ་པར་སྣང་མཛད་ཀྱི་རང་བཞིན་གྱི་ཡན་ལག་དང་པོ་ཁོང་དུ་ཆུད་བར་བྱའོ།། དེ་ནི་གཟུགས་འོད་གསལ་བ་ལིཾ་སོགས་པའི་མཚན་ཉིད་རང་གི་སེམས་ལ་སོ་སོར ་བརྟག་པའི་ཕྱིར་གསུངས་པ། ཨཱ་ལི་ཀཱ་ལི་ཟླ་ཉའི་དབུས།། ཤེས་པ་ལ་སོགས་པ་སྟེ། ཨཱ་ལི་ཡོངསུ་གྱུར་པའི་ཟླ་བའི་གཟུགས་ཀྱིས་ཀི་ཟླ་བའོ།། ཀཱ་ལི་ལས་ཉི་མ་ནི་ཀཱ་ལི་ཉིའོ།། དེ་དག་ཡང་དག་པར་སྦྱར་བའི་དབུས་སུ་ཧཱུཾ ་ཡིག་དང་ཨོཾ་ཡིག་ཏེ། ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་ས་བོན་གཉིས་བསམ་པར་བྱའོ།། གང་གིས་ས་བོན་བསྒོམ་པར་བྱ་ཞེ་ན། གསུངས་པ། དེ་དག་གིས་ཐོད་པ་དང་གྲི་གུག་སྤྲོ་བར་བྱའོ།། ཅི་ལྟར་གྱུར་པ་ཞེ་ན། རང་གི ་ས་བོན་གྱིས་བྱིན་གྱིས་བརླབས་པ་སྟེ། མཚན་མ་གཉིས་པོ་རང་གི་རྒྱུས་མཚན་པ་ཞེས་པའི་དོན་ཏོ།། གསུངས་པ། འབྲས་བུ་ལ་ནི་རྒྱུས་རྒྱས་གདབ།། རྒྱུ་ལ་འབྲས་བུས་རྒྱས་གདབ་བོ་ཞེས་སོ།། འདིར་རྒྱུ་དང་འབྲས་བུ་གཉིས་སུ་མེད ་བ་ཉིད་དུ་བསྟན་པ་ཡིན་ནོ།། འདིས་ཟླ་བ་དང་ཉི་མའི་ས་བོན་བསྒོམས་པའི་དགོས་པ་ཅི་ཡིན་ཞེ་ན། དགོས་པ་གསུངས་པ། དེ་ལ་རྣམ་ལྔ་མངོན་བྱང་ཆུབ་རྣལ་འབྱོར་རིགས་པའི་བསྒོམ་པར་བྱ་ཞེས་པ་ལ་སོགས་པ་སྟེ། དེ་ལ་སྟེ་དེར ་ཟླ་བ་དང་ཉི་མ་དང་ས་བོན་དང་མཚན་མ་དང་རང་གི་གཟུགསུ་སྟེ། རྣམ་པ་ལྔ་རྣམས་ཀྱིས་མངོན་པར་བྱང་ཆུབ་པའི་སངས་རྒྱས་ཉིད་དུ་རྣལ་འབྱོར་རིགས་པས་བསྒོམ་པར་བྱའོ།། སྦྱོར་བ.རརོ་བྱེད་པས་ན་རྣལ་འབྱོར་ཏེ། ཐ་མལ ་པའི་ཕུང་པོ་ལ་སོགས་པ་རྣམས་འཇིག་རྟེན་ལས་འདས་པའི་འདུ་བྱེད་ཀྱི་ཁྱད་པར་གྱིས་སྦྱོང་བར་འགྱུར་རོ་ཞེས་པ་རྣལ་འབྱོར་རིག་གོ། དེས་མངོན་པར་བྱང་ཆུབ་པ་བསྒོམ་པར་བྱ་ཞེས་དགོངས་སོ།། འོ་ན་ཐ་མལ་བའི ་ཕུང་པོ་ལ་སོགས་པ་རྣམས་ཅི་ལྟར་ན་སྦྱངས་ཞིང་སྐྱེས་པ་ཡིན་ཞེ་ན། བཤད་པའི་རྒྱུད་ལས་གསུངས་པ་སྨྲས་པ། གང་དག་གང་གི་འཕེལ་བར་འགྱུར་བ་དེ་རྣམས་དེ་ལ་མ་བཀག་པར་གྱུར་པ་ཡིན་ཞེ་ན། བུད་ཤིང་བསྲེགས་པའི་ཚུལ་གྱིསོ་ཞེས་པ་དང་། ་ཕུང་པོ་འདི་རྣམས་སངས་རྒྱས་འདི།། ཡེ་ཤེས་རྣམས་ནི་རིགས་འདི་རྣམས།། ཐ་མལ་ལུས་ཅན་འདི་རྣམས་ནི།། མེ་ལོང་ལ་སོགས་རབ་ཏུ་གྲགས།། ཤེས་གསུངས་པ་ལས་སོ།། འོ་ན་འདིར་ཅི་དེ་རྣམས་མེ་ལོང་ལ་སོགས་པ་གང་རྣམས་ཀྱི་མངོན ་བར་བྱང་ཆུབ་པ་ཡིན་ཞེ་ན། མེ་ལོང་མཉམ་ཉིད་ཡེ་ཤེས་དག། ཟླ་ཉི་དག་ཏུ་རབ་ཏུ་གྲགས།། ཤེས་བྱ་བ་གསུངས་ཏེ། ཀུན་ཏུ་མཐོང་བར་བྱེད་ཅིང་ཡིད་ཆེས་པར་བྱེད་ཅིང་ཡིད་ཆེས་པར་བྱེད་པའི་གཟུགས་བརྙན་ལས་གཞན་མ་ཡིན་པའི ་རྣམ་པར་དངོས་པོ་རྣམས་འདིར་ཀུན་ཏུ་མཐོང་ངོ་ཞེས་པས་མེ་ལོང་གི་ཆོས་དང་བཅས་པ་ཉིད་ཀྱི་ཕྱིར་མེ་ལོང་ཟླ་བའོ།། མེ་ལོང་ལྟ་བུའི་ཡེ་ཤེས་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་གཟུགས་བརྙན་དང་མཐུན་པ་ནི་མེ་ལོང ་གི་ཡེ་ཤེས་གཟུགས་ཀྱི་ཕུང་པོའོ།། དེ་རྣམ་པར་དག་པ་ལས་ཨཱ་ལི་གཉིས་འགྱུར་གྱི་རང་བཞིན་ཟླ་བ་སྟེ། འོད་གསལ་པོའི་སེམས་སུ་བཤད་པ་མྱ་ངན་ལས་རྣམ་པར་གྲོལ་ཞིང་རྣམ་པར་རྟོག་པའི་རབ་རིབ་སེལ་བ་ཉོན་མོངས་པའི་དྲི་མ ་ཐམས་ཅད་དག་པ་ཟླ་བ་ལྟ་བུའི་སེམས་ནི་ཟླ་བའོ།། ཆོས་རྣམས་ཀྱི་གཟུགས་བརྙན་གྱིས་རྣམ་པས་མཚུངས་པའི་དངོས་པོ་ནི་མཉམ་པ་ཉིད་དེ། མི་འདྲ་བ་མ་ཡིན་པ་རོ་གཅིག་པའི་ཚོར་བའི་ཕུང་པོའོ།། བར་མེད་པར་སེམས་ཅན་གྱི་དོན ་མཛད་པ་ལས་ཀ་ལ་སོགས་པའི་གསལ་བྱེད་ཉིས་འགྱུར་གྱིས་བརྒྱན་པ་ཉི་མ་ལྟ་བུའི་སེམས་ནི་ཉི་མ་སྟེ། མི་ཤེས་པའི་མུན་པ་སེལ་བར་བྱེད་པ་ཉིད་ཀྱི་ཕྱིརརོ།། དེ་སྐད་དུ་ཡང་། སེམས་ཅན་རྗེས་སུ་འཛིན་བྱེད་པའི།། སྙིང་རྗེ་རྒྱུན་ཏུ ་ཡང་དག་འབྱུང་།། དགེ་ཆོས་རྣམས་ཀྱིས་ཀུན་ཏུ་གང་།། ཉོན་མོངས་ཐམས་ཅད་ངེས་དོན་བྱེད་ཅེས་སོ།། ལྷ་ཡི་ས་བོན་ཕྱག་མཚན་གྱིས། ཤེས་པོ་ལ་ཐབས་དང་ཤེས་རབ་དག་གཉིས་སུ་མེད་པ་ཉིད་ལས་ས་བོན་ཞེས་པ་གཅིག་ཚིག་གོ།། ་ས་བོན་གྱི་བྱེད་པ་འབྱུང་བས་འཆད་པར་འགྱུར་བའི་ལྷ་རྒྱུའི་ཧེ་རུ་ཀ་དང་། ལྷ་རྣམས་ཀྱི་མཚན་མ་གང་ཡིན་པ་དེ་ནི་སོ་སོར་རྟོག་པའི་མཚན་ཉིད་དུ་བརྗོད་པར་བྱ་སྟེ་བཤད་པར་བྱའོ།། དོན་ནི་འདི་ཡིན་ཏེ། རང་གི་ས་བོན་ཡོངསུ་གྱུར་པའི་རང ་གི་མཚན་མ་ནི། ཀུན་ཏུ་བཟང་པོའི་སྤྱོད་པ་བླ་ན་མེད་པ་ཀུན་ཏུ་སངས་རྒྱས་པའི་སའི་མཚན་ཉིད་འདུ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པའི་གཟུགས་ཏེ། བསམ་པ་སྣ་ཚོགས་པའི་གདུལ་བྱའི་སེམས་ཅན་གྱི་ཕུང་པོ་ལ་སོ་སོར་རྟོག་པའི་ཕྱིར། སོ་སོར་བརྟག ་པ་ཞེས་བྱ་བ་དོན་ཏོ།། ཡང་གསུངས་པ། བྱང་ཆུབ་སྤྱོད་དང་དེ་བཞིན་སོ།། ཡེ་ཤེས་དག་པ་ཟད་པ་མེད།། དེ་ནི་དཀྱིལ་འཁོར་གཉིས་དབུས་གནས།། དེ་ནི་རང་གི་མཚན་མར་བལྟ།། ཞེས་སོ།། ཐམས་ཅད་གཅིག་ཉིད་ནན་ཏན་ཏེ་ཞེས་པ་ནི། ཟླ་བ་དང ་ཉི་མ་དང་ས་བོན་རྣམས་ཐ་དད་མེད་པའི་གཟུགས་ནི། སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་མ་སྐྱེས་ཤིང་མ་བྱས་པ་རྟེན་མེད་པ་ཆོས་ཀྱི་སྐུར་བཤད་དེ། དེ་ལ་སེམས་ཅན་གྱི་ཁམས་རབ་ཏུ་གནས་པའི་ཕྱིར་ན་བྱ་བ་ཡིན་ལ། དེའི་རྗེསུ་གནས ་པའི་ཕྱིར་ན་བྱ་བ་ཡིན་ལ། དེའི་རྗེ་སུ་གནས་པའི་ཕྱིར་ན། བྱ་བ་ནན་ཏན་ཏེ། ཐ་མལ་བའི་འདུ་བྱེད་ལོག་པའོ།། ནན་ཏན་ཞེས་པ་འདིར་ཚིག་སྔ་མ་ཕྱིས་པ་སྟེ། བདེན་འཇིགས་ལ། འཇིགས་པ་ལྟ་བུའོ།། དེས་ནོན་ཏནཽ་ཞེས་གསུངས་པས་བྱ་བ་ནན་ཏན ་ཞེས་གསུངས་པ་ཡིནོ།། དེ་སྐད་དུ་ཡང་གསུངས་པ། སངས་རྒྱས་རྣམས་ཀྱི་སྐུ་གང་ཞིག། སྣང་བ་མེད་བིང་རྟེན་མེད་པ།། མ་སྐྱེས་མ་བྱས་དག་པ་སྟེ།། དངོས་མེད་ལ་སོགས་རྣམ་པར་སྤངས།། མི་ཆོད་དབྱེར་མེད་གཟུང་དུ་མེད།། ཐུབ་པ་ཆེན་པོའི་ཆོས ་ཀྱི་སྐུ། ཞེས་སོ།། རྫོགས་པ་དག་པའི་ཆོས་ཉིད་དོ་ཞེས་པ་ལ།། རྫོགས་པ་ནི་བཞེངས་པ་སྟེ། བཅོམ་ལྡན་འདས་དཔལ་རྒྱུའི་རྡོ་རྗེ་གདུལ་བྱའི་སྐྱེ་བོ་དང་རྗེ་སུ་མཐུན་པ་ལོངས་སྤྱོད་རྫོགས་པའི་སྐུར་བཤད་པའི་རྣམ་པར་རྫོགས་པའོ།། དེ་ཡང་དག་པའི ་ཆོས་ཉིད་དོ་ཞེས་པ་འདིར་སྔ་ཕྱིའི་ཚིག་རྐང་པ་བཞིས་བསྡུས་པ་དག་པའི་ཆོས་ཉིད་དེ། ཤིན་ཏུ་དང་རྣམ་པར་ཞེས་པའི་ཚིག་སྔ་གཉིས་ནི་དག་པ་ཞེས་པའི་ནུས་པ་ཉིད་ལས་གཟུང་བར་བྱ་ལ་ཉིད་ཅེས་པའི་སྐྱོན་ཡོད་པ་ཙམ་གྱི ་དོན་དུ་ཡིད་ཆེས་པ་ན། དབྱིངས་ཀྱི་ཡེ་ཤེས་ཀྱི་སྒོ་ཡང་གཟུང་སྟེ། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི་མ་ཡིན་ནོ།། རྣམ་པར་ཤེས་པའི་ཕུང་པོ་གནས་གྱུར་པ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པོའི་ལྷའི་སྐུ་ཞེས ་པའི་དོན་ཏོ།། ཡང་གསུངས་པ། བཅོམ་ལྡན་འདས་ཀྱིས་སྒྲུབ་པ་པོ།། གཟུགས་བརྙན་བསྒོམ་བྱར་སྨྲ་བ་ཅི།། རྣམ་པ་ཀུན་གྱི་མཆོག་ལྡན་པའི།། རྡོ་རྗེ་སེམས་དཔའ་བསྒོམ་པར་བྱ།། ཞེས་སོ།། འདི་རྣམས་ཀྱིས་ནི་རྣམ་པ་ལྔ་རྣམས་ཀྱིས་རྫོགས་པ་ཉེ ་བར་སྔགས་པ་ཡི་ནོ།། ཡང་གསུངས་པ། སྐུ་དང་དེ་བཞིན་གསུང་གི་ཡང་།། གསང་བ་སྤྱོད་ཡུལ་དེ་ཉིད་རྟོགས།། རྣམ་ལྔ་མངོན་པར་བྱང་ཆུབ་པ།། རྣམ་པ་ཐམས་ཅད་མཆོག་ཏུ་མཛེས།། ཞེས་སོ།། དེ་ལྟར་ཡེ་ཤེས་ལྔའི་བདག་ཉིད་ཅན་རྡོ་རྗེ ་སེམས་དཔར་ཅི་ལྟར་འགྱུར་ཞེ་ན། སྤྲོ་དང་བསྡུ་བ་བྱས་ནས་ནི།། ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལྟར་ཞུ་བའི་གཟུགས་ལས། ཐོག་མ་དང་ཐ་མ་མེད་པ་རང་བཞིན་གྱི་འོད་གསལ་བའི་གཟུགས་ལས། འོད་ཟེར་གྱི་ཕྲེང་བ་རྣམས་ཀྱིས ་རྡོ་རྗེ་རྩེ་ལྔ་པ་བསྒོམ་པར་བྱ་ཞིང་འོད་ཟེར་སྤྲོས་པས་སེམས་ཅན་གྱི་ཁམས་མ་ལུས་པ་སྦྱངས་ནས་དེ་ཉིད་དུ་བསྡུ་བར་བྱའོ་ཞེས་པའི་དོན་ཏོ།། གདོད་མ་ནས་མ་སྐྱེས་པ་ཉིད་ཀྱིས་མི་ཕྱེད་པ་ནི་རྡོ་རྗེའོ།། སེམས་དཔའི་རྒྱུད་ཉིད་ཀྱི་ཕྱིར་སེམས་ད ་སྟེ། མི་གནས་པའི་མྱ་ངན་ལས་འདས་པའི་རང་བཞིན་ནི་རྡོ་རྗེ་སེམས་དཔའོ།། རང་ཉིད་འགྱུར་ཞེས་པ་ནི། དེའི་གཟུགས་སུ་འགྱུར་བ་སྟེ། རྣལ་འབྱོར་པའི་ཁྱད་པར་རོ།། དེས་ན་རྣལ་འབྱོར་པ་དེ་འདྲ་བར་འགྱུརརོ་ཞེས་དགོང་སོ།། ཅིའི་རྣམ་པར་འགྱུར་ཞེ་ན། ་ཕྱག་མཚན་ཞལ་སྲོགས་སྲས་བཞིན་ཏེ་ཞེས་བྱ་བ་ལ། རིགས་རྒྱས་པར་བྱེད་པས་ན་སྲས་ཏེ། འབྲས་བུ་ཀྱེ་རྡོ་རྗེའི་སྤྲུལ་པའི་སྐུའི་རང་བཞིན་ནོ།། དེ་ཡང་ཐབས་སྣ་ཚོགས་པ་རྣམས་ཀྱིས་སྣ་ཚོགས་པའི་སེམས་ཅན་གྱི་རྒྱུན་རྒྱས་པར་བྱེད་པས་ན ་སྲས་ཀྱི་བྱ་བ་བྱེད་པའི་ཕྱིར། སྲས་ཏེ་དོ་དང་འདྲོ་བའི་ཕྱག་མཚན་དང་ཞལ་ལོ་སོགས་པ་རྣམས་ཀྱིས་ཉེ་བར་མཚོན་པར་བྱའོ།། ཁྱད་པར་ནི། ཟླ་བ་ཆུ་ཤེལ་ནོར་བུའི་འད་ཅེས་པ་སྐུ་མདོག་དཀར་པོའོ།། དེ་སྐད་དུ་ཡང་གསུངས་པ། རྡོ་རྗེ་ཡོངས་གྱུར་དེ་མ་ཐག། ་རྡོ་རྗེ་སེམས་དཔཔེར་བསམ་པར་བྱ།། རྣམ་པ་ཀུན་གྱི་མཆོག་ལྡན་པ།། ཟླ་བ་ཆུ་ཤེལ་ནོར་བུའི་འོད་ཅེསོ།། ད་ནི་དཀྱིལ་འཁོར་གྱི་འཁོར་ལོའི་བདག་ཉིད་ཉིད་ཀྱིས་སྣ་ཚོགས་པ་བསྐྱེད་པའི་སླད་དུ་ཐབས་དང་ཤེས་རབ་གཉིས་འདོད་ཆགས་ཆེན་པོས ་སྙོམས་པར་འཇུག་པ་བསྟན་པོའི་ཕྱིར། དགའ་བས་གཉིས་གཉིས་སྙོམས་པར་འཇུག་པས།། སངས་རྒྱས་ཐམས་ཅད་བསྡུ་བར་བྱ་ཞེས་གསུངས་ཏེ། དགའ་བ་ནི་འདོད་ཆགས་ཆེན་པོའོ།། དེའི་མཚན་མཱ་ནི། ཟླས་དབྱེ་བ་སྟེ། དབང་པོ་གཉིས ་སྦྱོར་བའོ།། དེ་ལ་སྙོམས་པར་ཞུགས་པ་ནི་རྗེ་སུ་ཞུགས་པའོ།། དེ་ཡང་སངས་རྒྱས་ནི་འབྱུང་བ་ཆེན་པོ་ལྔ་རྣམ་པར་དག་པའི་རང་བཞིན་རྣམ་པར་སྣང་མཛད་ལ་སོགས་པ་རྣམསོ།། དེ་ནས་བསྡུ་བར་བྱ་ཞེས་པ་ནི། ཤེས་རབ་དང་ཐབས་རྣམ་པར་དག ་པས་ཉེ་བར་དམིགས་བཞིན་པ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ལ། དོན་དམ་པའི་བད་པ་ཆེན་པོ་རྗེས་སུ་ཞུགས་པ་ཡོད་ན་རོ་གཅིག་པའི་གཟུགས་སུ་བྱེད་དོ་ཞེས་པའི་དོན་ཏོ།། རྒྱུད་དུ་ཡང་གསུངས་པ། བོ་ལ་ཀཀྐོ་ལ ་སྦྱོར་བས།། རེག་པའི་སྲ་བའི་བག་ཆགས་ཀྱིས།། སྲ་བ་གཏི་མུག་ཆོས་བདག་ཕྱིར།། གཏི་མུག་རྣམ་པར་སྣང་མཛད་འདོད།། བྱང་སེམས་ཞུ་བ་གང་གིས་ན།། ཞུ་བ་ཆུ་ཡི་ཁམསུ་འདོད།། ཅེས་པ་ལ་སོགས་པ་ནི་གསང་ཚོན་ཉིད་ཀྱི་ཕྱིར་བདག་གིས་ནཱི་མ་བཤད ་དོ། ཡང་ན། དགའ་བས་གཉིས་གཉིས་སྙོམས་འཇུག་པས།། ཤེས་པ་ནི་གདུལ་བྱའི་སེམས་ཅན་འདོད་ཆགས་ཅན་གྱི་དོན་དུ་གསུངས་པ་མ་ཡིན་ཏེ་འདི་ཉིད་དུ། སངས་རྒྱས་ཐམས་ཅད་བསྡུ་བར་བྱ། ཉེས་པའོ།། འདོད་ཆགས་ཆེན་པོའི་སྒྲས ་སངས་རྒྱས་རྣམས་བཀུག་སྟེ་ཞལ་དུ་ཞུགས་ནས་རྡོ་རྗེའི་ལམ་ནས་ཕྱུང་སྟེ་ལྷ་མའི་པདྨའི་ནང་དུ་བྱང་ཆུབ་ཀྱི་སེམས་ཞུ་བའི་གཟུགས་ཉིད་ཀྱིས་བསྡུ་བར་བྱ་ཞིང་གཙུག་ཏུ་འདྲིས་པར་གྱུར་པར་བྱའོ་ཞེས་པའི་དོན་ཏོ།། ཨོཾ་སརྦ་ཏ་ཐཱ་གཱ་ཏཱ་ནུ་རཱ་ག་ཎ་བཛྲ ་སྭ་བྷཱ་ཝཱཏྨ་ཀོ་ཧེ་ཞེས་པ་ནི་རྗེ་སུ་ཆགས་པ་རྡོ་རྗེ་སེམས་དཔའི་རང་བཞིན་ཏེ། ཡན་ལག་གཉིས་པའོ།། འོ་ན་སངས་རྒྱས་རྣམས་འདུས་ཤིང་བསྡུ་བར་བྱ་བ་ཁོ་ན་ཡིན་གྱི་སྤྲོ་བ་ནི་མ་ཡིན་པས། འཆད་པར་འགྱུར་བའི་ལྷ་མོ་རྣམས་བསྐྱེད་པར་མ་གྲུབ ་བོ་ཞེ་ན། བསྲུབ་བྱ་སྲུབ་བྱེད་སྦྱོར་བ་ཡིས།། ཤེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་རབ་བཅོམ་ལྡན་འདས་བདག་མེད་མའི་རྣམ་པ་མཱ་མི་ཀཱི་ནི་བསྲུབ་པར་བྱ་བ་ཡིན་ལ། ཐབས་བཅོམ་ལྡན་འདས་ཧེ་རུ་ཀའི་རྣམ་པ་རྡོ་རྗེ་འཚང་ནི་སྲུབ་པར་བྱེད ་པའོ།། དེ་དག་གི་སྦྱོར་བ་ནི་མ་རིག་པ་ལ་སོགས་པའི་རྟེན་ཅིང་འབྲེལ་བར་འབྱུང་བའི་གཉེན་པོར་གྱུར་པའི་ལྷ་ཉིད་ཀྱི་རྣམ་པའོ།། འབྱོར་པས་ན་སྦྱོར་བ་སྟེ། དེས་ན་སྲུང་བྱ་སྲུབ་བྱེད་སྦྱོར་བ་ཡིས་ནི་ཉེ་པར་བྱ་བ་དང་ཉེ་པར་བྱེད་པའི་དངོས་པོས་ལྷར་རྫོགས ་པ་གསུངས་པ་ཡིན་ནོ།། འོ་ན་ཅི་དོན་དམ་པ་ལས་འཕོ་བ་ན་ལྷ་མོའི་འཁོར་ལོ་སྤྲོ་བ་ཡིན་ནམ་ཞེ་ན། བདེ་ཆེན་གོ་འཕང་ལ་བཞུགསོ་ཞེས་བྱ་བ་གསུངས་ཏེ། བདེ་བ་ཆེན་པོའི་རྒྱུ་ཉིད་ཀྱི་ཕྱིར། བདེ་ཆེན་པོའི་སྟེ་ཀུན་རྫོབ་བོ།། པདྨར་བྱང་སེམས་རྣམ ་པབ་ལས། ཤེས་པ་ལ་སོགས་པ་ལ། པདྨར་ནི་ཆོས་ཀྱི་དབྱིངས་སུ་འམ། གསང་བའི་པདྨའི་ཟེ་འབྲུའི་ནང་དུའོ།། བྱང་སེམས་རྣམ་པ་ནི། སངས་རྒྱས་ཐམས་ཅད་དང་པོར་ཞུགས་ནས་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ཞུ་བའི་གཟུགས་ཉིད་དུ་གྱུར་པའོ།། ་གོ་རཱི་ལ་སོགས་རྣམ་པ་འཛིན། ཞེས་པ་འདྲིས་ནི་འདོད་ཆགས་དང་ཞེ་སྡང་སྐྱེ་བ་དང་ལྡན་པའི་སེམས་ཅན་འདུལ་བར་བསྟན་པ་ཡིན་ནོ།། དེ་སྐད་དུ་ཡང་གསུངས་པ། བུད་མེད་རྣམ་པས་འཇིག་རྟེན་དབང་།། ཁྲོ་བོའི་རྣམ་པས་སྐྲག་པར་བྱེད།། ཅེས་སོ ་འདི་ཉིད་ནི། ཁྱབ་འཇུག་གི་འཇུག་པ་ལ་ཞུགས་པ་རྣམས་ཁྲོས་པས་དགུག་པ་དང་། སྡིག་པ་ཅན་གྱི་སྐྱེ་བོ་དགུག་པར་བསྟན་པ་ཡིན་ནོ།། དེ་ནས་གཽ་རཱི་སྐུ་མདོག་གནག། གྲཱྀ་གུག་དང་ནི་ཉ་འཛིན་པ།། ཞེས་བྱ་བ་ནས་བརྩམས་ཏེ། གཡོན་པས་རྡོ ་རྗེ་དང་བཅས་པའི།། སྡིབ་མཛུབ་མཛད་པ་བསམ་པར་བྱ།། ཞེས་པའི་བར་དུ་གོ་སླའོ།། གཾ་ཙ་བཾ་ཞེས་པ་ལ་སོགས་ནི།། གཾ་ཙ་ལ་སོགས་པའི་ས་བོན་བརྒྱད་པོ་འདི་རྣམས་ཀྱིས་དབྱུང་བར་བྱ་ཞེས་པ་དབང་པོ་དམན་པ་ལ་ལྟོས་ནས་གསུངས་པ ་ཡིན་ཏེ། སེམས་ཀྱི་ཐིག་ལེའི་འོད་དང་ཁ་དོག་རྣམས་ཀྱང་བསམ་པའི་དབྱེ་བས་སྤྲོས་པའི་ཕྱིརརོ།། གང་ལས་དབྱུང་བར་བྱ་ཞེ་ན། གནས་ཀྱི་ཁྱད་པར་གསུངས་པ། ཀ་ཀྐོ་ལ་ལས་རིམ་ཇི་བཞིན། ཞེས་པ་ལ་སོགས་པ་སྟེ། ་ཀཀྐོ་ལ་ལས་ནི་གསང་བའི་པདྨ་ལས་སོ།། རིམ་ཇི་བཞིན་ནི། ཤར་ལ་སོགས་པའི་ཕྱོགས་ཀྱི་རིམ་པས་སོ།། གར་གྱིས་ནི་འགྲོ་བའི་དོན་བྱེད་པའི་སླད་རྡོ་རྗེ་འཚོང་གིས་བཀའ་ཐོབ་པ་ན་དགའ་བ་ཡང་དག་པར་སྐྱེས་པ་ཞེས་པའི་དོན ་ཏོ། རོ་ཡི་སྟེང་དུའོ་ཞེས་པ། ཚངས་པ་ལ་སོགས་པའི་གདུལ་བྱ་རྣམས་ཀྱི་སྟེང་དུ་སྤྲོ་བར་བྱའོ།། ཞེས་འབྲེལ་ཏོ།། འོ་ན་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་རྣམས་ཅི་ལྟར་གཾ་ཙེ་ལ་སོགས་པ་ལས་སྤྲོ་བར་བྱ་ཞེས་དོགས་ན། ལན་ནི ་བཤད་པའི་རྒྱུད་ལས་གསུངས་པ་སྨྲས་པ། དང་པོར་སྐྱེས་བུ་བསམ་དེ་ནས།། མཁའ་འགྲོ་མོ་ཡི་འཁོར་ལོ་སྤྲོ།། རྡོ་རྗེ་རྗེ་སོ་ཆགས་བྱ་ཞིང་ཞུ།། དེ་ཡང་འཛག་བྱ་རྒྱལ་བར་འགྱུར།། ས་བོན་བརྒྱད་པོ་དེ་རྣམས་ནི།། དེ་བཞིན་གཤེགས ་པའི་ཐིག་ལེ་རྣམས།། གཾ་ཙ་བཾ་གྷཾ་པཾ་ཤཾ་ཙེ། ཌཾ་ས་བོན་གྱིས་ལྷ་མོ་དབྱུང་།། དབང་དཀར་གཤིན་རྗེར་ཆོམ་རྐུན་མ།། དེ་བཞིན་ཆུར་ནི་རོ་ལོངས་མ།། ལུས་ངན་ལྷ་མཽ་གྷསྨ་རཱི།། དེ་བཞིན་དབང་ལྡན་པུ་ཀྐ་སཱི།། བྱིན་ཟའི་མཚམས་སུ་རི་ཁྱོད ་མ། བདེན་བྲལ་དུ་ནི་གཏུམ་མོ་བཞུགས།། གཡུང་མོ་ཡང་ནི་རླུང་དུ་སྟེ།། རིམ་པས་ལྷ་མོའི་འཁོར་ལོ་སྤྲོ།། ཞེས་སོ།། སྤྱན་གསུམ་སྐྲ་ནི་གྱེན་དུ་སྟེ།། ཞེས་པ་ནས། སྨིན་མ་སེར་སྐྱའོ་ཞེས་པའི་མཐར་ཐུག་པ་ནི་གོ་བླའོ།། འཁོར་ལོ་འདི ་ལྟར་རྣམས་བསམས་ནས།། ཤེས་པ་ལ། འཁོར་ལོ་ནི་ལྷ་མོའི་འཁོར་ལོའོ།། འདི་ལྟར་རྣམས་བསམས་ནི་སྤྱན་གསུམ་ལ་སོགས་པ་ནི་ཁྱད་པར་གྱིས་ཁྱད་པར་དུ་འཕགས་པ་བསམས་ནས་སོ།། སྤྲོས་ནས་གཙོ་བོ་དང་བཅས་པ་ཞུ་བས་ཤེས ་སྦྲེལ་བར་བྱའོ།། དོན་ནི་འདི་ཡིན་ཏེ། དེ་ནས་མྱ་ངན་ལས་འདས་པ་འདོད་པས། རང་གི་སྙིང་ཁའི་འོད་ཟེར་རྣམས་ཀྱི་ན་མཁའ་ལ་གནས་པའི་ཧོ་ཡིག་དམར་པོ་གཉིས་ཀྱི་ནང་དུ་ཆུད་པའི་དྲི་ཟའི་སེམས་ཅན་ཞལ་གྱི་ལམ་ནས་རིག་མའི་པདྨའི ་ནང་དུ་རབ་ཏུ་ཞུགས་པ་བསྒོམ་པར་བྱའོ།། ཡང་གསུངས་པ། ལྷ་མོའི་པདྨར་བསམ་བྱ་བ་འདི་ནི་དྲི་ཟའི་སེམས་ཅན་བཤད། དྲི་ཟ་ཤིན་ཏུ་ཞུགས་པ་ན།། ཞུ་བ་སྟོང་པ་རྗེས་དྲན་བྱ།། ཞེས་སོ།། གཙོ་བོ་རིག་མར་བཅས་པ་དག། ཞུ་བས ་འདོད་ཆགས་ཆེན་པོ་ལས།། ཤེས་པོ་ལ། དེ་ནས་གཙོ་བོ་དང་བཅས་པ་སྟེ། ཁམས་གསུམ་གྱི་བདག་ཉིད་དཀྱིལ་འཁོར་གྱི་འཁོར་ལོའི་བདག་པོའོ།། རིག་མ་ནི་དངོས་པོ་ཐམས་ཅད་རྣམ་པར་འབྱེད་པའི་མཚན་ཉིད་དོ།། བཅས་པ་སྟེ ་གཉིསུ་མེད་པ་ཉིད་ཀྱིས་ཞུ་བ་ནི་འདམ་ཉིད་ཐོབ་པའོ།། གང་ལས་ཤེས་ན། འདོད་ཆགས་ཆེན་པོ་ལྔས་ཏེ། བདེ་བ་ཆེན་པོ་ལས་སོ།། རང་རིག་པའི་ཡེ་ཤེས་རྗེ་སུ་ཞུགས་པ་ལས་ཤེས་བྱ་བའི་ཐ་ཚིག་གོ།། ཡང་ན། འདོད་ཆགས་ཆེན ་བ་ནི། སྐུ་གསུང་ཐུགས་ཀྱི་ཡི་གེ་གསུམ་གྱི་སྙིང་པོ་ཧོཿཡིག་དམར་པོ་གཉིས་ཀྱི་བདག་ཉིད་དྲི་ཟའི་སེམས་ཅན་ནོ།། ཡང་གསུངས་པ། ཧཾ་ཡིག་དམར་པོ་ལྟ་བུ་ཡི།། སྙིང་པོར་སྐུ་གསུང་ཐུགས་གནས་པ།། འདོད་ཆགས་མེ་ཡིས་ཞུ་གྱུར་པ ་སྐྱེས་བུ་བུད་མེད་ཞུ་བར་བརྗོད་ཞེས་སོ།། སླར་ཡང་གསུངས་པ། བསྡུས་ནས་རྒྱལ་བའི་འཁོར་ལོ་སྤྲོ།། སྔགས་ཀྱི་སྐུ་ཡིས་ཡང་དག་དབྱུང་།། དྲི་ཟ་ཡང་དག་ཞུགས་པ་ན།། ཞུ་བ་ལྟུང་བ་རྗེས་དྲན་བྱ་ཞེས་སོ།། ་བག་ཆགས་ཀྱི་དྲི་ཟའོ་ཞེས་པ་ནི་དྲི་ཟ་སྟེ། བར་དོ་སྲིད་པའི་སེམས་ཅན་ནོ།། དེ་རྗེས་སུ་ཞུགས་པས་ཞུ་བ་ཞེས་པའི་དོན་ཏོ།། འོ་ན་ཅི་ཁ་བ་ལྟ་བུ་འདི་ཝ་ཀྱང་དེ་ཡང་དེ་ག་ཡིན་ནམ་ཞེ་ན། ཞུ་བ་མར་གྱི་བུམ་པ་བཞིན།། ཞེས་བྱ་བ་གསུངས་ཏེ།། ། ་ཞུ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་དང་བཅས་པ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་གཟུང་བ་དང་འཛིན་པ་སྤངས་པ་དོན་དམ་པའི་ཆོས་ཀྱི་སྐུར་བཤད་པའི་གོ་འཕང་ལ་རབ་ཏུ་ཞུགས་པ་སྟེ། སེམས་ཅན་རྣམས་ལ་སྙིང་རྗེ་བའི ་རླན་དེ་ཉིད་ལས་གཡོ་བ་མེད་པ་ཉིད་ལས་གཡོ་བ་མེད་པ་ཉིད་ཀྱིས་མར་གྱི་བུམ་པ་བཞིན་དུ་མཐོང་བའོ།། ཞུ་བར་གྱུར་ནས་ཡང་ཇི་ལྟར་སད་པར་འགྱུར་ཞེ་ན། དེ་མཐོང་པུཀྐ་སཱི་ལ་སོགས་ཤེས་བྱ་བ་ལ་སོགས་པ་གསུངས་ཏེ། ་དེ་ཞེས་པ་ནི་བཅོམ་ལྡན་འདས་རིག་མ་དང་བཅས་པ་ཞུ་བའོ།། མཐོང་ནས་སྦོམ་མོ་སྔོན་ནི་སྐྱེས་མོ་ལ་སོགས་པ་གྲཝ་བཞིའི་ལྷ་མོ་ཚངས་པའི་གནས་པ་བཞིའི་རང་བཞིན་བཅོམ་ལྡན་འདས་རྡོ་རྗེ་འཆང་གི་སེམས་ལས་བྱུང་བའི ་དགེ་བའི་ཆོས་ཀྱི་གཟུགས་རྣམསོ།། སྙན་པ་སྟེ་དངར་བའི་གླུ་རྣམས་ཀྱིས་སེམས་ཅན་གྱི་དོན་ནི། འདོད་ཆགས་ལ་སོགས་པའི་ཉོན་མོངས་པས་སྒྲིབས་པའི་སྐྱེ་བོ་སྒྲོལ་བའི་དོན་དུ་རྒྱུར་རབ་ཏུ་སད་པར་བྱེད་དོ།། བསྐུལ་བར་བྱེད ་པ་ནི་འདི་ལྟ་སྟེ། ཁྱོད་བཞེངས་རྗེ་བཙུན་སྙིང་རྗེའི་ཡིད་ཅེས་བྱ་བ་ལ་སོགས་པ་སྟེ། བྱམས་པའི་རང་བཞིན་ཅན་པུཀྐ་སཱིས་བསྐུལ་བའོ།། སྙིང་རྗེའི་རང་བཞིན་ཤ་བ་རཱིས་བསྐུལ་བ་ནི། ཁྱོད་མེད་ན་ནི་བདག་འགུམ་པས། ཤེས་བྱ་བ་ལ ་སོགས་པ་གསུངས་པ་ཡིན་ནོ།། དགའ་བའི་རང་བཞིན་ཙཎྜ་ལཱིས་བསྐུལ་བ་ནི། དགོའ་གཙོ་འཇིག་རྟེན་འགྲོན་གཉེར་ནས། ཤེས་བྱ་བ་ལ་སོགས་པས་གསུངས་པ་ཡིནོ།། བཏང་སྙོམས་ཀྱི་རང་བཞིན་ཌོམྦི་ནཱི་སྱ་བསྐུལ་བ་ནི།། ་བདག་གི་སྣ་ཁྱོད་ཐུགས་མིག་འཕྲུལ་ཤེས། ཤེས་བྱ་བ་ལ་སོགས་པས་གསུངས་པ་ཡི་ནོ།། ཨཾ་ཧཱུཾ་དཱག་གིས་གྲི་གུག་དང་ཞེས་པ་ལོ་སོགས་པ་ལ། འདི་ལྟར་བསྐུལ་བ་ན། བཅོམ་ལྡན་འདས་དང་ཞེས་པ་སྔོན་གྱི་སྨོན་ལམ་རྗེས་སུ ་དྲན་ཏེ། སྙིང་རྗེ་ལ་ཞུགས་པ། ཐུགས་ཀར་ཨཾ་ཡི་ག་དང་ཧཱུཾ་ཡིག་གིས་གྲི་གུག་དང་ཐོད་པའི་རྣམ་པོའི་ཐབས་དང་ཤེས་རབ་ཀྱི་མཚན་མ་གཉིས་པོ་རྣམ་པར་བསམས་ནས། དེའི་འོད་ཟེར་གྱིས་མ་ལུས་པའི་སེམས་ཅན་གྱི་ཁམས་རྣམས ་པར་སྦྱངས་ཏེ། སངས་རྒྱས་ཉིད་ལ་རབ་ཏུ་བཞག་ནས་བཀུག་སྟེ། ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་གྱི་མཚན་མ་དེ་ཉིད་དུ་བཞུག་ཅིང་སྤྲོས་ཏེ། གྲི་གུག་དང་ཀ་བ་ལའི་རྣམ་པ་ལས་རང་གི་ལྷའི་རྣམ་པ་དང་ཁྲོ་བོའི་གདན་དང་། ཕྱག་རྒྱ ་དང་། བདུད་ལ་ཞོན་པ་རྣམས་ནི། ཞུ་བའི་གཟུགས་ལས་སོ་ཞེས་པའི་དོན་ཏོ།། དབུས་སུ་རྐང་མཐིལ་བརླ་དང་ལྡན།། གཡོན་པའི་རྐང་རྩེ་སྣ་ཚོགས་སོ།། མ་འཁྲུགས་ཤིང་ནི་མ་ལོག་པས།། ཕྱག་རྒྱ་ཁྲོ་བོའི་གདན་དུ་བརྗོད།། ཅེས་གསུངས ་པ་ལས་སོ།། བཅོམ་ལྡན་འདས་འབྲས་བུའི་ཀྱེ་རྡོ་རྗེ་འདི་ཅི་ལྟ་བུ་ཞེ་ན། ཞལ་བརྒྱད་པ་ལ་ཞབས་བཞི་པ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་ཐར་པ་བརྒྱད་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་ཞལ་བརྒྱད་དོ།། བསྡུ་བའི ་ཞབས་ཀྱིས་འགྲོ་བའི་ཕྱིར་ཞབས་བཞིའོ།། བཅུ་དྲུག་ཕྱག་གིས་བརྒྱན་པ་ནི་སྟོང་པ་ཉིད་བཅུ་དྲུག་རྣམ་པར་དག་པ་ཉིད་ཀྱི་ཕྱིར་རོ།། ཉི་ཤུ་རྩ་བརྒྱད་སྤྱན་གྱིས་ཕྱུག་པ་ནི། ཡེ་ཤེས་གསུམ་གྱི་རང་བཞིན་གྱི་སྤྱན་གསུམ་གྱི་ཞལ་སོ་སོ་ལ ་མཛེས་པ་ཉིད་ཀྱི་ཕྱིར་རོ།། གཟུགས་དང་གཟུགས་མེད་པར་རྟོགས་པའི་ཉོན་མོངས་པ་ཟ་བའི་ཕྱིར་སྟེང་གི་ཞལ་རྣམ་པར་གཙིགས་པ་ཞེས་པོའི་དོན་ཏོ།། གཡསུ་ཡང་ཞེས་པ་དཀར་བའི་ཞལ་ནི། གཡས་པ་ཐབས་ཀྱི་ཆ་སྟེ། སྐུ་རྡོ་རྗེ ་ཉིད་ཀྱི་ཕྱིར་དཀར་པོའོ།། གཡོན་པ་ཤེས་རབ་ཀྱི་ཆ་གསུང་རྡོ་རྗེ་རྣམ་པར་དག་པ་ཉིད་ཀྱི་ཕྱིར་དམར་པོ་སྟེ། དེ་བསྒོམ་པར་བྱ་ཞེས་འབྲེལ་ཏེ།། སྤྱི་བོར་ཞེས་པ་ལ་སོགས་པ་ལ། སྣ་ཚོགས་རྡོ་རྗེ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཏེ། སྤྱི་བོ་ལ ་ཐོགས་པ་ཞེས་པའི་དོན་ཏོ།། མགོ་བོའི་མེ་ཏོག་ཅེས་པ་ལ་སོགས་པ་ནི།། འདུ་བྱེད་ལྔ་བཅུ་རྩ་གཅིག་གི་མགོ་བོ་བཅད་ནས་ཁྱད་པར་དུ་འཕགས་པའི་འདུ་བྱེད་ཉེ་བར་མཚོན་པོའི་མགོ་བོའོ་མེ་ཏོག་གི་ཕྲེང་བས་བརྒྱན་པ་སྟེ་སྤྲོས་པ ་ཞེས་པའི་དོན་ཏོ།། ལྷ་ཡི་ཞེས་པ་ལ་སོགས་པ་ནི། ལྷ་ནི་དཔལ་ཧེ་རུ་ཀ་སྟེ། དེ་བཞིན་གཤེགས་པ་ལྔ་རྣམས་འཆད་པར་འགྱུར་བའི་ཕྱག་རྒྱའི་རྣམ་པས་འཛིན་པར་བྱེད་དོ་ཞེས་པའི་དོན་ཏོ།། སྤྱི་བོར་ཐོད་པར་བྱས་པའོ་ཞེས་པ་ནི། ཀཾ་ནི་བདེ་བ ་ཆེན་པོ་སྟེ། དེ་སྐྱོང་བར་བྱེད་དོ་ཞེས་པ་ཀཱ་པཱ་ལ་སྟེ་དེ་བཞིན་གཤེགས་པ་རྣམསོ།། དེ་རྣམ་པར་དག་པ་ལས་ཐོད་པའི་དུམ་བུ་སྟེ་སོར་མོ་ལྔ་རྣམས་ཀྱིས་སྤྱི་བོར་རྣམ་པར་བཀྲ་བའི་ཅོད་པན་བྱས་པའོ།། སྒེག་པ་ལ་སོགས་རོ་དང་ལྡན་ཞེས་པ་ལ ་སོགས་པ་རྣམས་ཀྱིས་སྙིང་སྟོབས་ཅན་གྱི་དངོས་པོས་སྒེག་པ་ལ་སོགས་པ་སྐྱེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་ཀུན་འདུལ་བར་བསྟན་པ་ཡིན་ནོ།། སྐུ་མདོག་ནག་ཅིང་ཞེས་པའོ་སོགས་པ་ནི། ཁ་དོག་ཐམས་ཅད་དང་བྲལ་བ་ཉེ་བར་མཚོན་པ ་ཉིད་ཀྱི་ཕྱིར་སྐུ་མདོག་ནག་པོའོ།། འདི་ཉིད་ནི་ཤིན་ཏུ་འཇིགས་ཏེ། བྱིས་པའི་སྐྱེ་བོ་སྐྲག་པར་བྱེད་པའོ།། འཁོར་ལོ་རྣ་ཙ་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་ནི། རྒྱན་འདོད་པའི་སྐྱེ་བོ་དགའ་བ་སྐྱེད་པར་བྱེད་པའི་རྒྱན་དང་ལྡན་པས་མི་དགེ་བའི ་ཆོས་འཇོག་པར་བསྟན་པ་ཡིན་ནོ།། རྒྱད་དུ་ཡང་གསུངས་པ། བླ་མོ་སློབ་དཔོན་འདོད་ལྷ་ལ།། གུས་པའི་དོན་དུ་འཁོར་ལོ་འཛིན།། བླ་མ་རྡོ་རྗེ་འཛིན་ལ་ཡང་།། རྣ་བར་རྣ་ཅ་རླུང་དག་གིས།། སྔགས་བཟླས་མགྲིན་པའི་རྒྱན་ཡིན་ནོ།། གདུབ་བུ་སྲོག ་ཆགས་གསོད་པ་སྤངས།། ཕྱག་རྒྱ་བསྟེན་ཕྱིར་སྐ་རགསོ།། འཁོར་ལོའི་རྣམ་པས་མི་བསྐྱོད་པ།། རྣ་ཙཱའི་བདག་ཉིད་འོད་དཔག་མེད།། མགུལ་གྱི་ཕྲེང་བ་རིན་ཆེན་དབང་།། ལག་གདུབ་རྣམ་པར་སྣང་མཛད་བརྗོད།། སྐ་རོགས་ལ་ནི་དོན་ཡོད་གནས ་ཕྱག་རྒྱ་ལྔར་ནི་རྣམ་པར་ངེས།། ཤེས་སོ་དེ་ལྟར་བརྒྱན་པའི་བཅོམ་ལྡན་འདས་སྔར་བཤད་པའི་དུས་ཀྱི་རྒྱབ་ཏུ་ཞུགས་ནས་ལྷ་དང་ལྷ་མིན་བསྡིགས་པར་མཛད་དེ། གདུག་པ་འདུལ་བར་བྱེད་པ་ཉིད་ངེས་པར་གསུངས་པ་ཡིན་ནོ།། སྐྱིལ་ཀྲུང་ཕྲེང ་པའི་ཞེས་པ་ལ་སོགས་པ་ལ་རབ་ཏུ་མི་གནས་པའི་མྱ་ངན་འདས་པའི་མཚན་ཉིད་ལ་གནས་པར་བྱེད་པའི་བྱེ་བྲག་གིས་དང་། གར་གྱིས་བཞུགས་པ་ནི། སངས་རྒྱས་ཐམས་ཅད་ཁོང་དུ་ཆུད་པའི་ཕྱིར་གར་རོ།། ་ཕྲག་པར་འཁྱུད་པའི་བདག་མེད་མ། ཞེས་བྱ་བ་ལ་སོགས་པ་ལ། བདག་མེད་མའི་དངོས་པོ་ནི་བདག་མེད་མ་སྟེ། དེ་ཉིད་ཤེས་རབ་ཀྱི་མཚན་ཉིད་ཀྱི་ཕྱིར་བུད་མེད་ཉིད་དོ།། དེས་ཕྲག་པར་འཁྲུད་བ་སྟེ་མགྲིན་པ་ལའོ།། དེ་དེ་ལྟ་བུར་བརྗོད་ན་ཇི ་སྐད་དུ་བརྗོད་པར་འགྱུར་ཞེ་ན། སྤྲོས་པ་ཐམས་ཅད་དང་བྲལ་བའི་སྟོང་པ་ཉིད་དོན་དམ་པའི་ཡེ་ཤེས་ཁྱབ་པའི་སྐུ་སྟེ་དོན་དམ་པའོ།། སླར་ཡང་ཀུན་རྫོབ་ཀྱི་རྣམ་པས་བདག་མེད་མར་ཅི་ལྟར་འགྱུར་ཞེ་ན། གཡོན་ན་ཐོད་པ་ཁཱ་ཊྭཱཾ་ག། ཞེས་བྱ ་བ་ལ་སོགས་པ་གསུངས་ཏེ། དམིགས་པ་མེད་ཅིང་སྤྲོས་པ་མེད་པའི་རང་བཞིན་དུ་ཡོད་པ་ནི་གདུལ་བྱ་དང་རྗེ་སུ་མཐུན་པ་ལས་དབང་པོའི་མཚོན་ཆ་གཞན་དུ་རྣམ་པ་དང་བཅས་པའོ།། ཐོད་པ་དང་ཁ་ཊྭཱཾ་ག་དང་གྲི་གུག་འཛིན་པ་ནི་གཡོན ་དང་གཡས་ཀྱི་ཕྱག་མཛེས་པའོ།། ཐོད་བ་ལ་སོགས་པ་རྣམས་ཀྱི་རྣམ་པར་དག་པ་ནི་རྒྱུད་དུ་གསུངས་པ་ལས་ཤེས་པར་བྱའོ།། པདག་མདུས་ན་ཨཾ་ཡིག་རྣམ་པར་དག་པ་ཉིད་ཀྱི་སྐུ་མདོག་ནག་མོ་སྟེ། གདུག་པ་འདུལ་བའི་ཕྱིར། རབ ་ཏུ་འཇིགས་པའོ།། རང་རིག་པའི་ཐར་པའི་སྒོར་བརྩོན་པའི་རྒྱུ་ཉིད་ཀྱི་ཕྱིར་ལྷ་མོར་གྱུར་ཞེས་པ་རྣལ་འབྱོར་པས་བསྒོམ་ཞིང་བསྒོམ་པར་བྱའོ་ཞེས་དགོངས་པ་ཡིན་ནོ།། རྗེ་བཞིན་རྒྱན་དང་ལྡན་པའོ།། ཞེས་པ་འདིས་ནི། དེའི་བཅོམ་ལྡན་འདས ་དཔལ་ཧེ་རུ་ཀ་དང་དབྱེར་མེད་པའི་གཟུགས་ཉིད་དུ་བསྟན་པ་ཡིན་ནོ།། རྗེའི་མཚོན་ཚྭའི་སྐད་པར་རྟོག་པར་བྱ་བའི་ཕྱིར། གླང་པོ་རྟ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་རྣམས་ནི་ནཱང་ཉེ་བར་མཚན་པར་བྱེད་པ་ཉིད་ཀྱི་ཕྱིར། གསོལ་བར ་བྱེད་ཅིང་ཐོད་པ་བརྒྱད་པོ་ཤ་མེད་ཅིང་ཁྲག་མེད་པ་ཉིད་ལས་དམིགས་པ་མེད་པའི་ཡན་ལག་ཏུ་གྱུར་པ་རྣམསུ་བཞག་ནས་སོ།། སྒེག་པ་ནི་དཔའ་བོ་མ་ཡིན་པ་སྟེ། འཆང་བ་ནི་འཛིན་པར་མཛད་པ་ཞེས་པའི་དོན་ཏོ།། གཡས་ཤེས ་པ་ཕྱག་རྣམས་ཀྱིས་ཏེ། འཇིག་རྟེན་པའི་ཐ་སྙད་ལས་གྲུབ་པ་སྟེ། འཇིག་རྟེན་ཇི་བཞིན་བསྟན་བཅོས་སོ་ཞེས་གསུངས་པའི་ཕྱིརརོ།། ས་དང་ཆུ་ཞེས་པ་ལ་སོགས་པ་ནི། ས་ལ་སོགས་པ་ནས་ནོར་སྦྱིན་གྱིས་མཐར་ཐུགས་པ་རྣམས་ནི། ་དབང་ཕྱུག་བརྒྱད་ཀྱི་རང་བཞིན་རྣམས་ཏེ། དེ་རྣམས་སེམས་ཅན་རྣམས་ཀྱི་བསམ་པ་ཡོངསུ་རྫོགས་པར་བྱེད་པའི་ཕྱིར་དུ་བཅོམ་ལྡན་འདས་ཀྱི་གཡོན་གྱི་ཆར་སོན་པའི་ཐོད་པ་བརྒྱད་པོ་རྣམས་ཀྱིས་སྦྱིན་བར་མཛད་པ་ཡིན་ནོ།། ་འོ་ན་ཅི་ལྟར་གཡོན་པའི་ཕྱག་རྣམས་ཀྱིས་སྦྱིན་ལ། གཡས་པ་རྣམས་ཀྱིས་མ་ཡིན་ཞེ་ན། འདི་ལ་དགོངས་པ་ནི་འདི་ཡིན་ཏེ། གཡོན་པས་སྦྱིན་པ་ལས་ནི་སྦྱིན་པར་བྱེད་པ་ཡིན་གྱི་འབྲས་བུ་ནི་མེད་དོ་ཞེས་བྱ་བའི་མུ་སྟེག་པའི་འདོད་པ ་ཡོངསུ་དེར་ནས་འབྲས་བུ་ལ་ལྟོས་པ་མེད་པས་སམ། གྲུབ་པའི་གཏོང་བ་དང་སྦྱིན་པ་པོའི་མཚན་ཉིད་རབ་ཏུ་བསྟན་པའོ་ཞེས་པའི་དོན་ཏོ།། གླང་པོ་ལ་སོགས་པ་དང་། སོ་ལ་སོགས་པའི་ཡང་རྣམ་པར་དག་པ་བཤད་པའི་རྒྱུད་ཀྱི་རྗེས་སུ ་བྲང་བར་བྱ་སྟེ། དེ་སྐད་དུ་ཡང་གསུངས་པ། གླང་སོགས་སེམས་ཅན་རྣམས་ཀྱི་ནི།། རླུང་ནད་ཉེ་བར་ཞི་ཕྱིར་ཏེ།། གློ་དང་དབུགས་དང་དེ་བཞིན་སྒྲོ།། ཟང་བྱེད་མཛེ་དང་རྐང་བམ་དང་།། འཆར་བ་མཆིན་པའི་རང་བཞིན་གྱིས།། ་གླང་པོ་ལ་སོགས་རབ་ཏུ་གྲགས།། ས་ལོ་སོགས་པ་བརྒྱད་ཉིད་ཀྱང་།། དབང་ཕྱུག་བརྒྱད་དུ་རབ་ཏུ་གྲགས།། ཤེས་པ་ལ་སོགས་པ་གསུངས་པ་ལས་སོ།། སྤྱན་དམར་ཞེས་བྱ་བ་ལ་སོགས་པ་ལ། སྙིང་རྗེ་དང་ཚུགས་པ་དང་དགའ་བའི་དེ་ཁོ་ན་ཉིད་ལས་སྤྱན ་དམར་བའོ།། སེར་སྐྱ་ནི་ཤིན་ཏུ་འོད་གསལ་བ་ཉིད་ཀྱི་སྨིན་མ་གང་གི་ཡིན་པ་སྟེ། འདིར་ཅན་ཡིག་ནི་བསྡུ་བའི་མཐའོ།། མགོ་སྐྱེས་གྱེན་དུ་འབར་བའོ་ནི་གང་གི་མགོ་སྐྱེས་གྱེན་དུ་འབར་བ་དེ་ལྟ་བུར་གསུང་སོ།། དགོངས་པ་ནི་འདི་ཡིན་ཏེ། ཐུགས་ཀྱི་རྡོ་རྗེའི ་སྟེང་དུ་ཡེ་ཤེས་སེམས་དཔའི་འོད་ཀྱི་ཤུགས་ཀྱིས་སྤྲོས་ཤིང་བཏེག་པའི་སྣང་བའོ་ཞེས་པའི་དོན་ཏོ།། དེ་ནས་རྣལ་འབྱོར་རང་ཉིད་འགྱུར་ཞེས་པ་ལ་སོགས་པ་ལཱྀ། རྣལ་འབྱོར་པ་ནི་བསྒོམ་པ་རྒྱས་པ་སྟེ། འདི་ལྟར་རྣམ་པར་བསམ་པས་རྣམ་པར ་རྟོག་པ་ཐམས་ཅད་དང་ཐ་མལ་པའི་བག་ཆགས་སད་པའི་ཕྱིར་རོ།། གདུག་པ་ཐམས་ཅད་ངེས་གནོད་བྱེད་ནི་བདུད་ཐམས་ཅད་རབ་ཏུ་ཉེད་པར་བྱེད་པ་སྟེ། ཀྱེ་བ་འདི་ཉིད་དུ་དཔལ་ཧེ་རུ་ཀ་ཉིད་དུ་གཞུ་དང་རང་ཉིད་ལ་མངོན་སུམ་དུ་འགྱུར་ཞིང་ཀུན ་ནས་ཐོབ་པར་རོ་ཞེས་པ་ནི་བསམ་གཏན་གྱི་ཕན་ཡོན་ནོ།། ཡེ་ཤེས་འཁོར་ལོ་ཡང་དག་པར་ཞེས་བྱ་བ་ལ་སོགས་པ་ནི། དེ་ནས་དམ་ཚིག་སེམས་དཔའི་ཐུགས་ཀའི་པདྨ་དང་ཉི་མ་ལ་གནས་པའི་ཧཱ་ཡིག་རྡོ་རྗེ་ལས་སྟེང་དུ་ཧཱུཾ་ཡིག་ཡེ་ཤེས ་སེམས་དཔའ་ལས་སྤྲོས་པའི་འོད་ཟེར་རྣམས་ཀྱིས་ཐོག་མ་མེད་པ་ནས་གྲུབ་པའི་དཔལ་ཧེ་རུ་ཀ་ཡེ་ཤེས་སེམས་དཔའ་ཡང་དག་པར་བསྐུལ་ནས། བདུད་རྩི་ལྷ་དང་མཆོད་ཡོན་གྱི་མཆོད་པ་བྱས་ཏེ། ཛཝ་ཧཱུཾ་བཾ་ཧོ།། ཞེས་པའི་སྔགས་བརྗོད་པ་སྟེ་འདོན་པས། གཽ་རྣཾ་ལ ་སོགས་པའི་རྣམ་པ་དང་། ལྕགས་ཀྱུ་དང་། ཞགས་པ་དང་ལྕགས་སྒྲོག་དང་། དྲིལ་བུའི་ཕྱག་རྒྱ་རྣམས་ཀྱིསོ།། རང་གི་འཁོར་ལོ་དམ་ཚིག་གི་འཁོར་ལོ་སྟེ། གཅིག་ཉིད་ནི་གཉི་སུ་མེད་པ་ཉིད་དོ།། བྱ་ནི་ཐོབ་པ་སྟེ། སངས་རྒྱས་ཉིད་ཐོབ་པ་ཞེས ་པའི་དོན་ཏོ།། དེ་ལྟར་ཡང་བཤད་པའི་རྒྱུད་དུ་གསུངས་པ། ཡེ་ཤེས་འཁོར་ལོ་ཆེར་འབར་བ།། དམ་ཚིག་འཁོར་ལོ་མྱུར་བར་བཞུགས།། རྣམ་གཞན་སངས་རྒྱས་ཉིད་དང་ནི།། བྱང་ཆུབ་སེམས་དཔའ་ཉིད་མི་འགྲུབ།། ཡང་ནི། ཛཿཧཱུཾ་བཾ་ཧོཿས་དགུག། ་གཽ་རཱི་སོགས་བཞིས་དགུག་པ་དང་། གཞུག་པར་བྱ་བ་ཉིད་ཀྱང་སྟེ།། བཅིང་བྱ་རྗེས་སུ་མཉེས་པར་བྱ།། གཽ་རཱི་བཀུག་བྱས་ཆོམ་རྐུན་མས།། ཞགས་པས་བཅིང་ཞིང་རོ་ལངས་མོའི།། ལྕགས་སྒྲོགས་གིས་བཅིང་གྷསྨ་རཱིས།། དྲིལ་བུ་ཡིས་ནི་དབང་དུ ་བྱ་ཞེས་སོ།། ལྷ་མོ་བཞི་པོ་འདི་རྣམས་ཉིད་ཀྱི་ཡེ་ཤེས་ཀྱི་འཁོར་ལོ་དགུག་པར་ནུས་ཀྱི་གཞན་གྱིས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་བླ་མ་རྣམས་ལ་དྲི་བར་བྱ་བ་ཡིན་ནོ།། དེ་ལྟར་ཡེ་ཤེས་ཀྱི་འཁོར་ལོ་བཅུག་ནས། དེའི་དཔྲལ་བར་གནས་པའི་པདྨ་དང ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་ཡོངསུ་གྱུར་པ་ལས་ས་སྤྱོད་མ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་མ་སྟེ། ཕྱག་ན་གྲི་གུག་དང་ཀ་པཱ་ལོ། སྐྱིལ་ཀྲུང་ཕྱེད་པས་གནས་པ་རྣམ་པར་སྣང་མཛད་ཀྱི་རིགས་ལས་བྱུང་བ་བསྒོམ་པར་བྱའོ།། ། ་དེ་ལྟར་མགྲིནྡྲ་བྷར་ཨཱཿཡིག་ཡོངསུ་གྱུར་པ་ལས་མཁའ་སྤྱོང་མ་དམར་པོ་སྒྲ། དེ་བཞིན་དུ་ཐུགས་ཀར་ཧཱུཾ་ཡིག་ལུས་སྐྱེས་བྱའི་ས་བོག་ན་གནས་མ་ནག་མ་བསྒོམ་པར་བྱའོ།། དི་རྣམས་ཐུགས་ཀཔ་ཡེ་ཤེས་སེམས་དཔའ་འོད་ཟེར། ་རྣམས་ཀྱིས་ན་མཁའ་ལ་གནས་པའི་དེའི་རྣམ་པ་ཅན་གྱི་ལྷ་མོ་རྣམས་བཀུག་ནས། སྐུ་དང་གསུང་དང་ཐུགས་ལ་བཞུགས་པར་བྱའོ།། ཨོཾ་ཡོ་ག་ཤུདྡྷ་སྱཱརྦྦཱ་དྷརྨྨ་ལོ་ག་ཤྲདྡྷོ་ཏེ། ཨོཾ་སརྦྦཱ་བྷྱོ་ར་ཡོ་གི་ནཱཾ་ཀཱ་ཡ་ཝཀ་ཙིཏྟ་སྭ་བྷཱ་ཝཱཏྨཱ་ཀོ་ཧེ་ཞེས་བརྗོད་དོ།། ་སྐད་དུ་ཡང་གསུངས་པ། ཨོཾ་ཨཱཿཧཱུཾ་གི་སྔགས་ལས་ནི། སྐུ་གསུང་དེ་བཞིན་ཐུགས་ལ་ནི།། ས་སྤྱོད་མཁའ་སྤྱོད་མ་ཉིད་ཀྱང་།། ས་འོག་གནས་མ་བསམ་པར་བྱ།། ཞེས་སོ།། ད་ནི་དབང་པོ་དང་ཡུལ་དང་ཕུང་པོ་དང་འབྱུང་བ་རྣམས་ཀྱི་རྣམ་པར་སྦྱོང་བ་གསུངས།། ་འོ་ན་གལ་ཏེ་རྣམ་པར་མ་དག་པའི་དངོས་པོ་འདི་རྣམས་དེས་ཅི་ལྟར་སྦྱོང་བར་བྱེད་དེ། མ་དག་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ།། འདི་རྣམ་པར་དག་པ་ཡོན་ན་ཡང་སྦྱོང་ངོ་ཞེས་པ་འདིས་བྱ་སྟེ། ནུས་པ་མེད་ཅིང་དོན་མེད་པའི་ཕྱིར་ནི་ཉེ་བར་ཐོབ་པ་མེ ་པའོ་ཞེ་ན། བརྗོད་པར་བྱ་སྟེ། དེ་ནི་ཡང་དག་པ་མ་ཡིན་ཏེ། གང་གི་ཕྱིར་ན། རང་བཞིན་གྱིས་ཡོངསུ་དག་པ་ཁོ་ནའི་དངོས་པོ་རྣམས་ཀྱི་གཟུང་བ་དང་འཛིན་པའི་དྲི་མ་ལྷོག་པོ་རྣམས་ཀྱི་དྲི་མོར་བྱས་པ་ལས་སྦྱོར་བར་བྱེད་པ་ཡིད་ཏེ། གསེར་ལ་སོགས ་པ་བཞིན་ནོ།། གང་དྲི་མ་བློ་བུར་བ་སྦྱོང་བར་མཐོང་ཞིང་འཇིག་རྟེན་དུ་གྲགས་པ་ཡིན་ནོ།། དེ་ལྟར་ཡང་གསུངས་པ། ཆུ་ཁམས་གསེར་དང་ན་མཁའ་རྣམས།། དག་པ་བཞིན་དུ་དག་པར་འདོད།། ཅེས་སོ།། མིག་ལོ་གཏི་མུགོ་རྡོ་རྗེར་གྱུར་ཞེས་བྱ་བ་ལ་སོགས ་བ་ལ། མིག་དག་ལ་སྟེ། རྣམ་པར་ཤེས་པའི་རྟེན། གཟུགས་རབ་ཏུ་གསལ་བའི་མིག་གི་དབང་པོའོ།། དེ་གཏི་མུག་རྡོ་རྗེ་མ་ནི་གཏི་མུག་གི་མཉེན་པོ་ཉིད་ཀྱི་མེ་ལོང་ལྟ་བུ་ཡེ་ཤེས་ཀྱི་རང་བཞིན་རྣམ་པར་སྣ་མཛད་གྱི་རིགས་ལས་བྱུང་བ་གཱསྨཱ། ་ཞིང་དྲི་མ་མེད་པའི་དེ་བཞིན་ཉིད་དུ་གྱུར་པ་སྟེ་སོང་བའོ་ཞེས་པའི་དོན་ཏོ།། དེ་ལྟར་རྣ་བའི་རྣམ་པར་ཤེས་པའི་རྟེན་སྒྲ་རབ་ཏུ་གསལ་བའི་རྣ་བའི་དབང་པོ་དང་། དེ་བཞིན་དུ་སྣའི་དབང་པོ་དང་། ལྕེའི་དབང་པོ་དང་། ལུས་ཀྱི་དབང་པོ་དང་། ཡིད་ཀྱི་དབང་པོའོ།། ་འདི་རྣམས་གཏི་མུག་དང་། ཞེ་སྡང་དང་། སེར་སྣ་དང་། འདོད་ཆགས་དང་། ཕྲག་དོག་གི་གཉེན་པོར་གྱུར་པའི་གཏི་མུག་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་དེའི་བདག་ཉིད་ཀྱིས་སྦྱང་བར་བྱའོ།། དབང་པོ་རྣམས་སྦྱངས་ནས། ཡུལ་སྦྱོང་བ་གསུངས་པ ་གཟུགས་ལ་གོ་རཱི་སྒྲ་ཆོམ་རྐུན་ཞེས་པ་ལ་སོགས་པ་སྟེ། དེ་ལ་གཟུགས་ནི་མིག་གི་དབང་པོའི་སྤྱོད་ཡུལ་ཏེ། ཁ་དོག་དང་དབྱིབས་ཀྱི་དབྱེ་བས་དངོས་པོ་ཉི་ཤུ་རྩ་ལྔ་ཉེ་བར་བླངསོ་ནས་རིག་པར་བྱའོ།། དྷཱ་ནི་ཞེས་པོ་སྒྲ་སྟེ་རྣ་བའི་གཟུང་བྱའོ།། དེ་ཡང ་སྙན་པ་དང་། མི་སྙན་པ་དང་། གཉིས་ཀ་མ་ཡིན་པ་ཡང་སྟེ་རྣམ་པ་གསུམ་མོ།། ཡང་རྣམ་པ་ལྔ་སྟེ། འཇིག་རྟེན་གྱི་གྲགས་པ་དང་། གྲུབ་པས་བསྟན་པ་དང་། ཀུན་བརྟགས་པ་དང་། འཕགས་པས་ཐེ་སྙད་བརྟགས་པ་དང་། འཕགས་པ་མ་ཡིན ་པ་ཐ་སྙད་བརྟགས་པ་ཡང་ངོ་།། དྲི་ནི་སྣའི་དབང་པོ་གཟུང་བར་བྱ་སྟེ། དྲི་ཞིམ་པ་དང་། གཉིས་དགའ་མ་ཡིན་པ་ཡང་ཞེས་པ་རྣམ་པ་གསུམོ།། ལྷན་ཅིག་སྐྱེས་པ་དང་། ཡང་དག་པར་སྦྱར་བ་ཅན་དང་། ཡོངསུ་གྱུར་པ་ཅན་དེ་སླར་ཡང་རྣམ་པ་གསུམོ།། ་ལྕེའི་དབང་པོས་གཟུང་བར་བྱ་བ་ནི་རོ་སྟེ་ཁ་བ་དང་། སྦྱར་བ་དང་། ཚ་བ་དང་། སྐ་བ་དང་། མངར་བ་དང་། ལན་ཚྭ་ཞེས་པ་དྲུག་གོ།། རེག་བྱ་ནི་ལུས་ཀྱི་དབང་ཟའི་སྤྱོད་ཡུལ་ཏེ། འཛུམ་པ་དང་། རྩུབ་པ་དང་། ལྕི་བ་དང་། ་ཡང་བ་དང་། ལྷོད་པ་དང་། གྲང་བ་དང་། དྲོ་བ་དང་། བཀྲེས་པ་དང་། སྐོམ་པ་ལ་སོགས་པ་རྣམ་པ་ཉི་ཤུ་རྩ་ལྔའོ།། ཡིད་ཀྱིས་གཟུང་བར་བྱ་བའི་ཆོས་ཀྱི་སྐྱེ་མཆོད་བའི་གཟུགས་གཅིག་པུ་རྣམ་པ་ལྔ་སྟེ། བསྡུས་པ་ལས་གྱུར་པ་དང་། ་མངོན་པར་སྐབས་ཡོད་པ་དང་། ཡང་དག་པར་བླངས་པ་ལས་བྱུང་བ་དང་། ཀུན་བརྟགས་པ་དང་། དབང་པོ་འབྱོར་པ་ཞེས་རྣམ་སོ།། དེ་ལྟར་སྐྱེ་མཆེད་དྲུག་པོ་རྣམས་ལ་གཽ་རཱི་དང་། ཆོམ་རྐུན་མ་དང་། རོ་ལངས་མ་དང་། གྷསྨ་རཱི་དང་། ས་སྤྱོད་མ་དང་། ་མཁའ་སྤྱོད་མ་རྣམས་གོ་རིམས་བཞིན་དུ་བཀོད་པས་སྦྱང་བར་བྱའོ།། འོ་ན་ཅི་ལྟར་སྐྱེ་མཆེད་སྦྱོང་ཞེ་ན། བརྗོད་པར་བྱ་སྟེ། ཡུལ་དང་ཡུལ་ཅོན་འདི་རྣམས་ཁོ་ནའི་གཟུགས་ཉིད་ཀྱིས་རིང་དུ་རྒྱས་པར་བྱེད་པ་དེའི་ཕྱིར་སྐྱེ་མཆེད་སྦྱོང་པོར་ཡང ་བརྗོད་དོ།། ཕུང་པོ་རྣམ་པར་དག་པ་གསུངས་པ། གཟུགས་ཕུང་རྡོ་རྗེ་མ་རུ་འགྱུར་ཞེས་པ་ལ་སོགས་པ་སྟེ། དེ་ལ་གཟུགསུ་རུང་བའི་མཚན་ཉིད་ནི་གཟུགསོ།། གཟུགསུ་རུང་བ་དེ་ནི་རྣམ་པ་གཉིས་ཏེ། རིགས་པས་གཟུགསུ་རུང་བ་དང་། ་ཡུལ་དཔྱད་པས་གཟུགསུ་རུང་བའོ།། གང་དང་གང་དུ་ལག་པ་དང་རྐང་པ་དང་དབྱུག་པ་ལ་སོགས་པ་རྣམས་ཀྱིས་རེག་ན་འཇམ་པ་དང་སྲ་བ་ལ་སོགས་པར་དཔྱད་པར་བྱ་བ་ནི་རེག་པས་གཟུགསུ་རུང་བའོ།། མངོན་དུ་ཕྱོགས་པའི་ཡུལ་སོ ་སོར་སྔོན་པོ་དང་སེར་པོ་ལ་སོགས་པར་དཔྱང་བར་བྱ་བ་གང་ཡིན་པ་དེ་ནི་ཡུལ་དཔྱད་པས་གཟུགསུ་རུང་བའོ།། དེ་ལ་ཚོར་བ་ནི་མྱོ་ཚ་བའི་མཚན་ཉིད་དེ། དགེ་བ་དང་མི་དགེ་བ་དང་། གཉིས་ཀ་མ་ཡིན་པའི་ལས་ཀྱི་རྗེ་སུ་མཐུན་པའི་རྣམ ་པར་སྨིན་པའི་འབྲས་བུའི་དངོས་པོ་རྣམ་པ་གསུམ་སྟེ། བདེ་བ་དང་། སྡུག་བསྔལ་དང་། གཉིས་ཀ་མ་ཡིན་པའོ།། འདུ་ཤེས་ནི་འདུ་ཤེས་པར་བྱེད་པའི་མཚན་ཉིད་དེ། མཐོང་བའི་འདུ་ཤེས་དང་། ཐོས་པའི་འདུ་ཤེས་དང་། རྣམ་པར ་ཤེས་པའི་འདུ་ཤེས་སོ།། མཐོང་བའི་འདུ་ཤེས་ནི། མིག་དང་གཟུགས་དང་། ཐོས་པའི་འདུ་ཤེས་ནི་རྣ་བ་ལ་རྟེན་ནས་འདོད་དོ།། རང་ཉིད་ཀྱི་རྟོགས་པར་བྱས་པའོ།། རྣམ་པར་ཤེས་པ་ནི། སོ་སོར་མྱོང་བའོ།། འདུ་བྱེད་ནི་མངོན་པར ་འདུ་བྱེད་པའི་མཚན་ཉིད་དེ། དགེ་བ་འམ། མི་དགེ་བ་ཡང་རུང་སྟེ། བདེ་བ་དང་སྡུག་བསྔལ་གྱི་གནས་སྐབས་རྣམས་སུ་སེམས་འཇུག་པར་བྱེད་པ་རྣམས།། རྣམ་པར་ཤེས་པ་ནི། རྣམ་པར་ཤེས་པའི་མཚན་ཉིད་དེ། གང་དང་གང ་གིས་གཟུགས་དང་། སྒྲ་དང་དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམ་པར་ཤེས་པར་བྱེད་པ་དེ་ནི། རྣམ་པར་ཤེས་པ་སྟེ། རྣམ་པར་ཤེས་པའི་ཕུང་པོའོ།། འདི་རྣམས་ལ་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་རྣམས་གོ་རིམས་བཞིན་དུ་རྣམ ་པར་སྣང་མཛད་ལ་སོགས་པ་ལས་གཞན་མ་ཡིན་པའི་གཟུགས་ཀྱིས་དགོས་པར་བྱ་སྟེ། དེ་བཞིན་གཤེགས་པ་རྣམས་ནི་རྣལ་འབྱོར་མའི་གཟུགས་རྣམསུ་འགྱུར་རོ།། དེ་རྣམས་རྣམ་པ་དང་བཅས་པའི་ཕྱིར་ན། ཅི་ལྟར་ཕུང་པོ་ལ་སོགས ་རྣམས་དེ་བཞིན་ཉིད་ཀྱི་རང་བཞིན་དུ་འགྱུར་ཞེ་ན། བརྗོད་པར་བྱ་སྟེ། འདིར་དེ་བཞིན་གཤེགས་པའི་སྒྲ་ནི། ཌིདྦྷ་དང་། ཌི་བིཏྟཱ་ལ་སོགས་པར་སྨྲ་བཻཪྵཱ་བྱ་བ་མ་ཡིན་གྱི། དཔལ་ལྡན་དེ་བཞིན་ཉིད་དུ་གཤེགས།། དེ་བཞིན ་ཁོ་ནར་འོངས་པ་ཡང་།། ཤེས་རབ་ལྡན་པ་འདི་ཡིས་ནི།། དེ་བཞིན་གཤེགས་ཤེས་མངོན་བརྗོད་བྱ།། ཞེས་བཅོམ་ལྡན་འདས་ཀྱིས་ངེས་པའི་ཚིག་གིས་བསྒྲུབས་པ་ཡིན་ནོ།། དེའི་ཕྱིར། དེ་བཞིན་ཉིད་དུ་འོངས་པ་ལས་སམ། འོངས་པ་ལས ་དེ་བཞིན་དུ་གཤེགས་པ་ཞེས་པ་སྟེ། དེ་བཞིན་གཤེགས་པའི་རིགས་དང་འབྲེལ་པའི་གཏི་མུག་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་ཐམས་ཅད་ནི་དེ་བཞིན་ཉིད་ཀྱི་རང་བཞིན་ལྟ་བུའོ།། དེ་བཞིན་ཉིད་དུ་ཡང་སྟེ། ཆོས་ཐམས་ཅད་ཀྱི་རྣམ་པར ་དག་པས་དང་། ལྷ་རྣམས་ཀྱི་ཆོས་རྣམས་རྣམ་པར་སྦྱང་བར་བྱ་བ་ཁོ་ནའོ།། དེ་སྐད་དུ་ཡང་གསུངས་པ། ངེས་པར་དངོས་པོ་ཐམས་ཅད་ཀྱི།། རྣམ་དག་དེ་བཞིན་ཉིད་དུ་བརྗོད།། ཕྱི་ནས་རེ་རེའི་དབྱེ་བ་ཡིས།། ལྷ་རྣམས་ཀྱིས་ནི་བརྗོད་པར་བྱ། ་ཞེས་སོ།། ད་ནི། གཟུགས་གང་ཡིན་པ་ཅི་ཡང་རུང་སྟེ། དེ་ཐམས་ཅད་འབྱུང་བ་ཆེན་པོ་བཞི་ཉེ་བར་བླངས་ནས་རིག་པར་བྱའོ་ཞེས་འབྱུང་བ་ཆེན་པོ་ཁོ་ན་གཟུགས་རྣམ་པར་རྟོག་པའི་གནས་ཉིད་ཡིན་པ་གཅོད་པའི་ཕྱིར། སྤོས་མོ་རི་ཁྲོད ་མ་ཉིད་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྤོས་མོ་ལ་སོགས་པའི་མཚམས་བཞིའི་ལྷ་མོ་རྣམས། སྤྱན་མ་ལ་སོགས་པ་རྣམས་ལས་གཞན་མ་ཡིན་པའི་གཟུགས་ཀྱིསོ།། ས་ཆུ་མེ་དང་རླུང་རྣམས་ནི། སྲ་བ་དང་། གཤེར་བ་དང་། ་དྲོ་བ་དང་། གཡོ་བ་རྣམས་ལ་སྟེ། བརྟན་པའི་སྤྱན་མའི་བདག་ཉིད་ཅན་རྣམས་ལའོ།། སྦྱང་སླད་ཅེས་པ། ཆོས་ཉིད་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པར་བྱ་བའི་དོན་དུའོ།། རྣལ་འབྱོར་པས་ཤེས་པ་ནི། བླང་བ་དང་དོར་བའི་གནས་དེ་ཁོ་ན་ཉིད་དུ ་ཤེས་ཤིང་བསྒོམ་པའི་རྣལ་འབྱོར་དང་ལྡན་པའོ།། དགོད་བྱ་ཞེས་པ་ནི། དེ་རྣམསུ་ལྷ་མོ་དེ་རྣམས་དང་མི་ཕྱེད་པའི་གཟུགསུ་མོས་པར་བྱའོ་ཞེས་པའི་དོན་ཏོ།། དེ་ནས་ཏེ་རྣམ་པར་དགུ་པ་བསྒོམས་པས་ཉོན་མོངས་པའི་སྒྲིབ་པ་དང་བྲལ ་ནས། ཡང་དེ་མ་ཐག་ཏུའོ།། སྤངས་ནས་དེ་བཞིན་གཤེགས་པའི་དབང་བསྐུར་ཏེ། གང་ལས་ཤེས་ན། མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བ་གང་ཡིན་ཞེས་རྣམ་པར་དཔྱོད་པའི་སྔགས་ཀྱི་སྒོ་ནས་དཔྱད་པ་སྤྱོད་པའི་བྱང་ཆུབ ་སེམས་དཔས་དེ་ཁོ་ན་ཉིད་ཤེས་པར་བྱ་བ་ཡིན་ཏེ། ཤེས་བྱའི་སྒྲིབ་པ་ཟད་པའོ་ཞེས་བྱས་ནས། སངས་རྒྱས་ཀྱི་དབང་བསྐུར་བ་རབ་ཏུ་བསྟན་པའི་ཕྱིར་དཀྱིལ་འཁོར་ལོའི་བདག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དཀྱི་ལོ་ནི་སྙིང ་བོ་སྟེ། བདེ་བ་ཆེན་པོའི་རང་བཞིན་དོན་དམ་པ་བའི་བྱང་ཆུབ་ཀྱི་སེམསོ།། དེ་ལེན་པར་བྱེང་པས་དཀྱིལ་འཁོར་ཏེ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ལས་སྤྲོས་པའི་ཧེ་རུ་ཀ་དང་ལྷོ་མོའི་ཚོག་སོ།། དེ་ཉིད་གཉི་སུ་མེད་ཅིང་རོ་གངྒཱ ་པར་ཉེ་བར་མཚོན་པར་བྱེད་པ་ཉིད་ཀྱི་འཁོར་ལོའོ།། དེའི་བདག་སྟེ། དེའི་རྣམ་པ་ཞེས་པོ་རྣལ་འབྱོར་པའི་ཁྱད་པར་རོ།། ཡེ་ཤེས་ས་བོན་འོད་སྤྲོས་པས་ཤེས་པ་ནི། ཐུགས་རྡོ་རྗེའི་སྟེང་དུ་ཡེ་ཤེས་སེམས་དཔའི་ཡི་གེ་འོད་ཟེར་ལས ་སྤྲོས་པའི་ལྷ་མོ་རྣམས་ཀྱིས་མཁར་བཞུགས་ཏེ། ནམ་མཁའ་ལ་གནས་པའི་སངས་རྒྱས་རྣམས་ལ་དབང་གི་སླད་དུ་སྟེ་བྱིན་གྱིས་བརླབ་པའི་སླད་དུའམ། རྣམ་པར་འགྱུར་བའི་སླད་དུ་གསོལ་བ་གདབ་པ ་སྟེ་བློང་བར་བྱ་བའོ།། སངས་རྒྱས་དེ་རྣམས་ཤེས་པ་ལ་སོགས་པ་ལ། དེ་རྣམས་ནི། ཡེ་ཤེས་སེམས་དཔའི་འོད་ཟེར་གྱི་གསོལ་བ་བཏབ་པ་ཅན་ན་མཁའ་ལ་གནས་པ་དེ་རྣམས་ཀྱིས་སོ།། ཧེ་རུ་ཀའི་རྣམ་པར་ཤེས་པ་ནི། རྣལ་འབྱོར ་པའི་མོས་པའི་དབང་ལས་བྱུང་བའི་ཧེ་རུ་ཀའི་སྐུ་རྣམས་ཀྱིསོ།། ཆོ་གས་ནི། སྔགས་ལ་སོགས་པའི་ཆོ་གས་བདུད་རྩིའི་བུམ་པ་རྣམས་ཀྱིསོ།། དབང་བསྐུར་རོ་ཞེས་པ་ནི། འགྲོ་བ་མ་ལུས་པའི་དོན་ཐོབ་པར་བྱེད་པས་ན་རྒྱལ་སྲིད ་ལ་དབང་བསྐུར་བ་ཞེས་པའི་དོན་ཏོ།། གཽ་རཱི་ལ་སོགས་དང་སྤྱན་མ་སོགས་ཤེས་པ་ལ་སོགས་པ་ལ། དང་ཡིག་ནི་བསྡུ་བ་ལ་སྟེ། དེས་ན་ཇི་ལྟར་སངས་རྒྱས་རྣམས་ཀྱིས་དབང་བསྐུར་བ་དེ་བཞིན་དུ། གཽ་རཱི་ལ་སོགས་པ་དང་སྤྱན་མ་ལ་སོགས་པ་དེའི་དཀྱིལ ་འཁོར་བའི་ལྷ་མོའི་ཚོགས་རྣམས་ཀྱིས་རབ་ཏུ་མཆོད་སྟེ། གར་དང་གླུ་དང་། སིལ་སྙན་དང་། བཀྲ་ཤིས་ཀྱི་ཅ་ཅོའི་སྒྲ་དང་། དེ་བཞིན་དུ་མེ་ཏོག་དང་། བདུག་སྤོས་དང་། མར་མེ་དང་། དྲི་དང་། ཞལ་ཟས་དང་། གོས་དང་། རྒྱན་ལ་སོགས་པ་རྣམས་ཀྱིས་མངོན ་པར་མཆོད་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ།། འོ་ན་ཆུ་ཅི་ཞིག་གི་གང་བཱི་བུཾ་བ་རྣམས་ཀྱིས་དབང་བསྐུར་བ་ཡིན་ཞེ་ན། བདུད་རྩི་ལྔ་པོས་རྒྱས་པ་ཡི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡེ་ཤེས་ལྔའི་རང་བཞིན་གྱི་བདུད་རྩི་ལྔ་པོ་སྐྱེ་བ་དང་རྒ་བ་དང་འཆི་བ ་སེལ་བའི་མཚན་ཉིད་ཀྱིས་རྒྱས་པ་སྟེ་ཡོངསུ་གང་བ་རྣམས་ཀྱི་སོ།། མེ་ཏོག་ཆར་ལྡན་པས་ནི། ལྷ་མོ་རྣམས་ཀྱིས་མེ་ཏོག་གིས་ཆར་དང་ལྡན་པས་ཞེས་པའི་དོན་ཏོ།། དགོས་པ་གསུངས་པ། རྣལ་འབྱོར་པ་ནི་དབང་བསྐུར་འགྱུར་ཞེས་བྱ་བ་ལ་སོགས ་པ་སྟེ། སངས་རྒྱས་ཐམས་ཅད་ཀྱི་དབང་བསྐུར་བས། རྣལ་འབྱོར་པ་ཕྱིར་མི་ལྡོག་པའི་རང་བཞིན་དུ་དབང་བསྐུར་བ་ཡིན་ནོ།། དབུ་རྒྱན་དཔལ་ལྡན་ཐུགས་ཀྱིས་ནི། མི་བསྐྱོད་པའི་དབུ་རྒྱན་ནོ་ཞེས་པ། འཁོར་བའི་བར་དུ་འགྲོ་བའི་དོན་བྱེད་པ་ཐོབ ་པའི་ང་རྒྱལ་ལས་གཡོ་བར་བྱ་བ་མ་ཡིན་པའི་རང་བཞིན་ཉིད་ཉེ་བར་མཚོན་བྱེད་དུ་གྱུར་པ་མི་བསྐྱོད་པའི་མཚན་མ་ཅོད་པན་ལ་འགྱུར་བ་སྟེ་ཐོབ་པར་བྱ་ཞེས་པའི་དོན་ཏོ།། དེ་སྐད་དུ་གསུངས་པ། རང་གི་སྙིང་གའི་ས་བོན་ལས་སྤྲོས་པའི་འོད་ཟེར ་དང་འོད་ཟེར་གྱི་གཟུགས་ཅན་རྣམས་ཀྱིས་སངས་རྒྱས་རྣམས་བཀུག་ནས་དགྱེས་པར་བྱས་ཤིང་། དབང་བསྐུར་བས་གསོལ་བ་གདབ་པར་བྱ་སྟེ། ཨོཾ་བྷི་ཥིཉྩནྟུ་མཱཾ་ཞེས་པའོ།། སངས་རྒྱས་ཁྱེད་རྣམས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད ་དོ།། དེ་ནས་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱས་པའི་ཧེ་རུ་ཀའི་སྐུ་རང་གི་ཕྱག་གིས་བདུད་རྩི་ལྔའི་ཆུས་གང་བའི་བུམ་པ་བཟུང་བ་རྣམས་ཀྱིས་དབང་བསྐུར་བར་བྱ་སྟེ། དབང་བསྐུར་བ་རྣམསུ་དེའི་དབུ་རྒྱུན་ལ་མི་སྤྱོད་པས་རྒྱས་གདབ། ཨོཾ ་སརྦ་ཏ་ཐཱ་ག་ཏཱ་བྷི་ཥེ་ཀ་བཛྲ་སྭ་བྷ་ཝཱཏྨ་ཀོ་ཧཾ་ཞེས་པའོ།། བཅོམ་ལྡན་འདས་ཀྱིས་དབང་བསྐུར་བ་དང་རྒྱས་གདབ་པ་གསུངས་ནས། ལྷ་མོ་རྣམས་ཀྱིས་གསུངས་པོ། གཽ་རཱི་པུཀྐ་སཱི་ཉིད་ཀྱང་ཞེས་པ་ལ་སོགས་པ་སྟེ། འདིར་ཉིད་ཡིག་ནི་ངེས་བཱ ་གྱི་དོན་ཏོ།། དེས་ན་གཟུགས་ཀྱི་རང་བཞིན་ཅན་གཽ་རཱི་དང་། དེ་བཞིན་དུ་སའི་རང་བཞིན་ཅན་དུ་པུཀྐ་སཱི་ལ་ཐུགས་ཀྱི་དབང་པོ་ཉིད་ཀྱིས་རྒྱས་གདབ་པར་བྱ་བ་ཡིན་གྱི། གཞན་རྣམ་པར་སྣང་མཛད་ཀྱིས་ནི་མ་ཡིནོ།། ། ་རྣམ་པ་གཞན་དུ་ན། ཡེ་ཤེས་ཀྱི་རྣམ་པ་དོར་ནས་དེ་ཉིད་ཀྱིས་བརྟུལ་པོ་ཉིད་ཀྱི་སྐྱོན་ལས་ལྷ་མོའི་དངོས་གྲུབ་ཉིད་མ་ཡིན་ནོ་ཞེས་པས་མི་བསྐྱོད་པ་ཁོ་ནར་གསུང་སོ།། དེ་ལྟར་ལྷ་མོ་ཐམས་ཅད་ཀྱི་རྒྱུད་དུ་གསུངས་ཏེ། མ་ལོག་པའི་ཚུལ ་གྱིས་རྒྱས་གདབ་པར་ཁོང་དུ་ཆུད་པར་བྱའོ།། ཆོམ་རྐུན་མ་དང་དེ་བཞིན་རི་ཁྲོད་མ་ལ་སྐུ་ཡི་དབང་པོ་རྣམ་པར་སྣང་མཛད་དོ།། དེ་ལྟར་རོ་ལངས་མ་ནི་རིན་ཆེན་འབྱུང་ལྡན་སྟེ། སེར་སྣས་རྒྱས་གདབ་བོ།། གཏུམ་མོའི་དབུ་རྒྱན་ཞེས་པ ་ལ་སོགས་པ་ནི། མེའི་རང་བཞིན་ཅན་གྱིས་དབུ་རྒྱན་ནི་རིན་ཆེན་འབྱུང་ལྡན་ཏེ། དབུ་རྒྱན་ནི་གཙོ་བོ་ཉིད་ཀྱིས་ཤེས་པའི་དོན་ཏོ།། གཡུང་མོ་ཆགས་པའི་རྡོ་རྗེ་ཅན་ཞེས་པ་ནི། ཕྲག་དོག་གི་རང་བཞིན་ཅན་གྱིས་རྒྱས་གདབ་པ་ནི།། ་ཆགས་པའི་རྡོ་རྗེ་ཅན་འོད་དཔག་མེད་དོ་ཞེས་པའི་དོན་ཏོ།། གྷསྨཱ་རཱྀ་ཡང་དབང་བསྐུར་གནས་ཤེས་པ་ནི།། གྷསྨ་རཱི་ཡི་དབང་བསྐུར་བའི་གནསུ་དེ་དང་འདྲ་བར་འོད་དཔག་མེད་དེ། སོ་སོར་རྟོག་པ་ནི། རྡོ་རྗེའི་དབང་བསྐུར་བའི་གཙོ་བོ་ཡིན་པ་ཉིད ་ཀྱི་ཕྱིར་རོ།། རྣལ་འབྱོར་རིག་ཅེས་པ་ལ་རྣལ་འབྱོར་ནི། ཀུན་རྫོབ་དང་དོན་དམ་པ་དག་མི་ཕྱེད་པར་རྟོགས་པ་སྟེ། དེ་ལ་རྒྱས་གདབ་པར་བྱ་བའི་ལྷའི་རྣམ་པ་ནི་ཀུན་རྫོབ་ཡིན་ལ། དེ་བཞིན་གཤེགས་པ་རྣམས་ཀྱི་རྒྱས་གདབ་པ་ནི་དོན་དམ ་བའོ།། དེ་དག་གི་རོ་གཅིག་པའི་རྣམ་པ་ནི་སྦྱོར་བ་སྟེ། དེ་རིག་གོ་ཞེས་པ་རྣལ་འབྱོར་པའི་རིག་གོ།། རྟག་ཏུ་གོམས་པ་དང་མ་བྲལ་བས་ཏེ། བསྒོམ་པར་བྱ་བ་ནི་དྲན་པར་བྱ་ཞེས་དགོང་སོ།། དེ་ལྟར་ཡང་གསུངས་པ། རིགས་ནི་ཡོངསུ་ཤེས་པའི་ཡང་། ་རྒྱས་གདབ་ལྷ་ནི་གྲུབ་པ་སྟེ།། རིགས་འཆོལ་བསྒོམ་པའི་རྣལ་འབྱོར་ལས།། གྲུབ་པ་མེད་ཅིང་སྒྲུབ་པ་མེད་ཞེསོ།། དེ་ནས་མཆོད་དེ་བདག་ཉིད་ནི།། ཞེས་པ་ལ་སོགསོ་བ་ལ། དེ་ནས་ཏེ། དབང་བསྐུར་བའི་དེ་མ་ཐག་ཏུ་མཆོད་པ་བྱའོ།། དེ་ལ་རང ་གི་སྙིང་གའི་ཡེ་ཤེས་ཀྱི་འོད་ཟེར་གྱིས་སྤྲོས་པའི་ལྷ་མོ་བརྒྱད་པོ་རང་དང་ཕན་ཚུན་དབྱེར་མེད་པ་རྣམས་ཀྱིས་གཟུང་བའི་མཆོད་ཡོན་དང་། མེ་ཏོག་དང་། བདུག་སྤོས་དང་། མ་རུ་མེ་དང་། དྲི་དང་། ཞལ་ཟས་དང་། ན་བཟའ་དང་། རྒྱན་ལ་སོ ་པ་རྣམས་ཀྱིས་ཏེ། མཆོད་པར་བྱ་བ་དང་མཆོད་པ་པོ་དང་མཆོད་པ་རྣམས་དམིགས་པ་མེད་པའི་རང་བཞིན་སྣང་བརྟན་ཙམ་དུ་ཡང་དག་པར་རིག་ནས་མཆོད་པར་བྱ་ཞིང་། ཨོཾ་སརྦྦ་ཏ་ཐཱ་ག་ཏཱ་པཱུ་ཛཱ་བཛྲ་སྭ་བྷཱ་ཉྫཏྨ་ཀོ་ཧཾ་ཞེས་བརྗོད་པར་བྱའོ།། ་དེ་ལྟར་ཡང་གསུངས་པ། ཡེ་ཤེས་སྣ་ཚོགས་ཡོ་བྱད་ནི།། སྤྲོ་བྱེད་ལྷ་མོ་བརྒྱད་རྣམས་ཀྱི།། དཀྱིལ་འཁོར་དཀྱིལ་འཁོར་ཅན་བདག་གིས།། སྤྱནྡ་སྔ་རུ་ནི་མཆོད་པར་བྱ།། ཞེས་སོ།། རིམ་པ་འདིས་མཆོད་པ་སྟེ། མངོན་པར་མཆོད་པའོ།། བདག ་ཉིད་ནི་ཧེ་རུ་ཀའི་གཟུགས་ཏེ། བསྟོད་པས་ཤེས་པོ་ནི། སྔར་བཤད་པའི་ལྷ་མོ་རྣམས་ཀྱིས། བྲག་ཆ་ལྟ་བུའི་སྒྲའི་བྱེད་པར་གྱུར་པ་རྣམས་ཀྱིས་ཀུན་ཏུ་དགྱེས་པར་བྱ་བ་སྟེ། འདི་ལྟར་ཚིམ་པར་བྱའོ།། རྣལ་འབྱོར་མ་ཚོགས་གྲོགས་མོས ་ཡོངས་བསྐོར་ཁྱོད།། ཅེས་བྱ་བ་ལ་སོགས་པ་ལ། ཁྱོད་ནི་རྣལ་འབྱོར་མའི་ཚོགས་ཀྱིས་ཡོངསུ་བསྐོར་བ་ཡིན་ཏེ། དེ་ཁོང་དུ་ཆུད་པའི་བདག་ཉིད་ཅན་གྱི་ཐུགས་ཀྱིས་མཆོག་བརྙེས་པ་སྟེ། སེམས་ཅན་ཡོངསུ་སྒྱུང ་བའི་སླད་དུ་བཀའ་ཐོབ་པའོ།། འདི་ལས་ན། ཁྱོད་ཡོད་ན་རྒྱུ་བ་དང་བཅས་པ་མི་རྒྱུ་བའི་འགྲོ་བ་མཛེས་པར་མཛད་དོ།། ཉོན་མོངས་པ་ཡོངསུ་ཟད་པ་ལས་མཆོད་པ་ཞེས་པའི་དོན་ཏོ།། ཐུགས་ཀྱི་དབང་ཕྱུག་ལ་གནས་པ་ཉིད་རྗེ་སུ་གནང་བའི་བདག་ཉིད ་ཆེན་པོས་འགྲོ་བ་སད་པར་མཛད་དེ། སྒྱུ་མའི་སྤྲོས་པ་ལྟུང་བར་མཛད་དོ།། རྡོ་རྗེ་ཞེས་པ་ནི་བོད་པ་སྟེ། དབྱེ་བར་བྱ་བ་མ་ཡིན་པའི་ཡེ་ཤེས་ཤེས་པའི་དོན་ཏོ།། དགྱེས་མཛོད་ཅེས་བྱ་བ་ལ་སོགས་པ་ལ། ཡོངསུ་དགྱེས་པར་འགྱུར་བ་སྟེ། ཧེ་རུ་ཀ་རྡོ ་རྗེ་ཞེས་པ་ནི་བོད་པའོ།། བསྟོད་པའི་མཐར། ཨོཾ་སརྦྦ་ཏ་ཐཱ་ག་ཏཱ་སྟུ་ཏི་བཛྲ་སྭ་བྷཱ་ཝཱཏྨ་ཀོ་ཧཾ་ཞེས་བརྗོད་དེ། ཁམས་གསུམ་པའི་གནས་པ་ཉིད་ཀྱི་རང་བཞིན་ལས་ཤེས་དགོངསོ།། ད་ནི་ཐོག་མ་མེད་པའི་དུས་ཀྱི་ཁམས་ཀྱི་ཟས་ཀྱི་བག་ཆགས་གོམ ་བལྡོག་པའི་དོན་དུ་རྣལ་འབྱོར་པའི་བསམ་གཏན་གྱི་སྦྱོར་བས་བདུད་རྩི་ཉེ་བར་ལོངས་སྤྱོད་པ་གསུངས་པ། བདུད་རྩི་མྱང་བ་བྱས་ནས་ནི་ཞེས་པ་ལ་སོགས་པའོ།། དེ་ལ་ཆོ་ག་ནི་འདི་ཡིན་ཏེ། མདུན་དུ་ཡཾ་ཡིག་ཡོངསུ་གྱུར་པའི་རླུང་གི་ད ་འཁོར་རྣམ་པར་བསྒོམས་ནས། དེའི་སྟེང་དུ་རེ་ཕས་མོ་འབར་བའོ།། འབར་བའི་སྟེང་དུ་ཨོཾ་ཡིག་ལས་སྐྱེས་པའི་པདྨའི་སྣོད་དོ།། དེའི་ནང་དུ་བཞི་མཉམ་དང་། གྲ་རྩི་དང་། ག་བུར་དག་མཆོག་གི་དབུགས་དང་ལྡན་པ་ནི། རང་གི་སྐུ་དང་། གསུང་དང ་ཐུགས་རྣམས་ཀྱིས་སོ།། ཡི་གེ་གསུམ་པོ་བྱུང་བའི་རིམ་པས་སྦྱང་བ་ལ་སོགས་པ་བྱ་སྟེ། ཧཱུཾ་གིས་སྦྱང་བ་དང་། ཨཱཿཡིས། སད་པ་དང་། ཨོཾ་གྱིས་འབར་བར་བྱས་ནས་སླར་ཡང་ཡི་གེ་གསུམ་པོ་དེ་རྣམས་ཁོ་ནས་བྱིན་གྱིས་བརླབ་པར་བྱའོ།། དེ་ནས ་རང་གི་སྙིང་ཁའི་ཡེ་ཤེས་སེམས་དཔའི་ས་བོན་ལས་སྔར་བཤད་པའི་ལྷ་མོ་བརྒྱད་པོ་སྤྲོས་ལ་དེ་རྣམས་ཀྱིས་བདུད་རྩིའི་སྣོད་དེ་བླངས་ནས། རང་གི་སྙིང་གར་སྔར་བཤད་པའི་དཀྱིལ་འཁོར་གྱི་འཁོར་ལོ་རྣམ་པར་བསམས་ཏེ། ཧཱུཾ་རྡོ་རྗེའི་རྩེས ་བདུད་རྩི་མྱང་བར་བྱའོ་ཞེས་པ་ནི་ཆོ་གའོ།། དེ་ལྟར་ཡང་གསུངས་པ། དེ་ནས་རླུང་དང་མེ་ལ་གནས་པའི་པདྨའི་སྣོད་དུ། རང་བྱིང་དང་བཞི་མཉམ་དང་། གླ་རྩི་དང་། ག་བུར་དག་མཆོག་གི་དབུགས་དང་ལྡན་པ་ཧཱུཾ་དང་རྡོ་རྗེ་དཀར་པོ་ནི་སྦྱང་བ་དང་། ་ཨཿཡིག་གིས་རབ་ཏུ་སད་པ་དང་། པྲ་ན་བས་འབར་བའི་སྣང་བ་ཅན་དུ་བྱིན་གྱིས་བརླབས་ཤིང་བསྔགསོ།། རང་གི་ལྕེའི་པདྨའི་གདབ་མ་དེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་དཀར་པོ་དེས་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་གཟུགས་རབ་ཏུ་ཚིམ་པར་བྱ ་ཞེས་སོ།། བཤད་པའི་རྒྱུད་དུ་ཡང་གསུངས་པ། དབུགས་དང་འབར་དང་ཐོད་པོ་ལ་སྣོར་མོ་ལྔའི་ས་བོན་ལྔ་ལས་ཡང་དག་པར་བྱུང་བའི་ལྕེ་ཡི་བདུད་རྩི་མྱོང་བར་བྱ་སྟེ། དཔལ་རྡོ་ཧེ་རུ་ཀཱས་སོ།། ཨོཾ་སརྦྦ་ཏ་ཐཱ་ག་ཏཱ་མྲྀ་ཏ་སཱ་ད་ནཱ་བཛྲ་སྭཱ་བྷཱ་ཝཱཏྨ་ཀ~ཾ་ཧ~ཾ། ་འདི་ལྟར་བདུད་རྩི་མྱང་བའི་མཐར་ཐུག་པའི་ཡན་ལག་དྲུག་བསྒོམ་པར་བསྟན་པ་ཡིན་ཏེ། དེ་ལྟར་ཡང་གུར་གྱི་རྒྱུད་དུ་གསུངས་པ། རྡོ་རྗེ་རྗེས་སུ་ཆགས་པར་བྱ།། སངས་རྒྱས་གནས་ནི་རྣམ་པར་བསྒོམ།། དབང་བསྐུར་བ་དང་བདུད་རྩི་མྱང་། ་མཆོད་བསྟོད་ཡན་ལག་དྲུག་ཉིད་དོ།། མྱུར་དུ་གྲུབ་པ་བཅས་ཐོབ་བྱ།། ཡན་ལག་དྲུག་བསྒོམ་རྣལ་འབྱོར་པའོ།། ཁང་རྩེགས་སངས་རྒྱས་རྣམ་སྣང་མཛད།། དབང་བསྐུར་མི་བསྐྱོད་དེ་བཞིན་གཤེགས།། བདུད ་རྩི་མྱང་བ་འོད་དཔག་མེད།། བསྟོད་པ་རིན་ཆེན་འབྱུང་དཔལ་ལོ།། མཆོད་པ་དོན་ཡོད་བརྟག་ཏུ་བཤད།། རྗེས་ཆགས་རྡོ་རྗེ་སེམས་དཔའོ།། དེ་ལྟར་ཡན་ལག་དྲུག་ལ་དགོད་པ་ཡང་ཁོང་དུ་ཆུད་པར་བྱ་སྟེ། དང་པོར་ནག་པོ་བསྒོམ་པར ་བྱ། གཉིས་པར་དམར་པོ་རྣམ་པར་བསྒོམ།། གསུམ་པར་སེར་པོ་བསྒོམ་པར་བྱ།། བཞི་པ་ལྗང་ཁུ་དེ་བཞིན་ནོ།། ལྔ་པ་ལ་ནི་སྔོན་པོའི་མདོག། དྲུག་པ་ཡང་ནི་དཀར་པོའི་ལུས།། རྣལ་འབྱོར་པའི་ཡོན་ལག་དྲུག། བསྒོམ་བྱ་དགའ ་བྲལ་མཐར་དེ་བཞིན།། དེ་ལྟར་ཡན་ལག་དྲུག་བསྒོམས་པ་ཉིད་ཀྱིས་བསྐྱེད་པའི་རིམ་པ་རྣམ་པར་བསྒོམས་ནས། དེ་མ་ཐག་ཏུ་རྫོགས་པའི་རིམ་པས་ཡེ་ཤེས་ཀྱི་མཚན་མ་ལ་ཉེ་བར་དམིགས་པར་བྱ་སྟེ།། སྤྲོས་པ་ཐམས་ཅད་དང ་བྲལ་བའི་དོན་དམ་པ་ལ་འཛེག་གོ། དེ་ལྟར་བཤད་པའི་རྒྱུད་ལས་གསུངས་པ། ཡན་ལག་དྲུག་པོ་ཉེར་སྐྱེད་བྱེད།། དེ་འདི་ཉེ་བར་གྲུབ་པ་ན།། དང་པོར་སྤྲིན་དང་འདྲ་བར་སྣང་།། གཉིས་པར་དུ་བ་ལྟ་བུའོ།། གསུམ་པར་མཁའ་སྣང་རྣམ ་བ་སྟེ། བཞི་པར་སྒྲོན་མ་འབར་བ་ཡིན།། སྤྲིན་མེད་ན་མཁའི་ལྟ་བུར་ནི།། རྟག་ཏུ་སྣང་བ་ལྔ་པ་ལ།། ཕྱི་ནས་སྒྱུ་ལྟའི་རྣམ་པ་དང་།། རྨི་ལམ་རྣམ་པར་སྐད་གཅིག་འགྱུར།། ལྟེ་བར་གཏུམ་མོ་འབར་བ་ཡིས།། དེ་བཞིན་གཤེགས་པ་ལྔ ་རྣམས་བསྲེག། སྤྱན་ལ་སོགས་པ་ཡང་བསྲེག་སྟེ། རི་བོང་ཅན་ཧཱུཾ་འཛག་པ་བསྲེག། ཅེས་སོ།། འདིར་དེ་ཁཾ་ན་ཉིད་བསྒོམས་པས་དུབ་པ་ན་ཅི་ཞིག་བྱ་ཞེ་ན། སྤྲོ་དང་བསྡུ་བ་མོན་མ་ཅན། ཞེས་པ་ལ་སོགས་པ་གསུངས་ཏེ། སྤྲོ་བ་དང་བསྡུ ་སྟོན་མ་ཅན་གྱི་སྔགས་ཀྱི་བཟླས་པ་བྱ་སྟེ། སྐུ་དང་གསུངས་དང་ཐུགས་ཀྱི་ཡི་གེ་གསུམ་པོ་རྣམས་ལས་དེ་བཞིན་གཤེགས་པ་རྣམས་དཔལ་ཧེ་རུ་ཀའི་གཟུགསུ་ཕྱི་རོལ་ཏུ་སྤྲོ་ཞིང་སྤྲོས་ནས། ཡང་དག་པར་མཆོད་དེ། ཡི་གེ་གསུམ་གྱི་སྔགས་ཀྱི་སྐུའི་གཟུག ་ཀྱི་ཡོངསུ་གྱུར་པ་དེ་རྣམས་སླར་ནང་དུ། རང་གི་སྐུ་དང་གསུངས་ཐུགས་རྡོ་རྗེ་རྣམས་ལ་རབ་ཏུ་བཞུགས་པར་བྱའོ།། དེ་ལྟར་སྤྲོ་བ་དང་བསྡུ་བ་བྱས་ནས་སྔགས་བཟླས་ཏེ་ཡི་གེ་གསུམ་གྱི་སྔགས་བཟླའོ།། རབ་ཏུ་བྱ་ནི། རབ་ཏུ་གྱིས་ཤིག་སྟེ། འཇུག་པ ་དང་། གནས་པ་དང་། ལྡང་བའི་རིམ་པས་བརྟན་པོ་སྟེ་ཉིན་མཚན་རྟག་ཏུའོ།། རྩེ་གཅིག་སེམས་ཀྱིས་ཤེས་པ་འདིས་ནི། ནང་གི་ཐུན་མོཚམས་དྲན་པ་དང་བྲལ་བ་ཁྲི་ཕྲག་གཉིས་ལ་སོགས་པའི་གྲངས་ཀྱི་རིམ་པ་བཤད་པ་ཡིན་ཞེས་པ ་ནི་སྔགས་བཟླས་པའི།། ཡེ་ཤེས་སེམས་དཔའི་སྙིང་ཟླར་གནས། ཤེས་པ་ལ་སོགས་པ་ལ། རྣལ་འབྱོར་པའི་བྲང་ལ་གནས་པའི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཐིག་ལཱི་གང་ཡིན་པ་འདིའོ།། དེ་ལ་ས་བྷོ་ན་ནཱི་ཧེ་རུ་ཀར་བཤད་དེ། ཐིག ་ལེ་དེར་སོང་བ་དེ་ཞུགས་པར་གནས་པའོ།། སྔར་བཤད་པའི་ཡི་གེ་གསུམ་གྱི་སྔགསུ་ལྡང་བས་སླར་སྤྲོ་བར་བྱ་ཞེས་དགོངས་པ་ཡིན་ནོ།། འདིར་མན་ངག་ནི། དཔྲལ་བ་དང་། མགྲིན་པ་དང་། སྙིང་གར་གནས་པའི་ཨོཾ་ཨཱཿཧཱུཾ་ཞེས་པ་ནི་ཁམས ་གསུམ་པ་སྟེ། ཡིད་ཆེས་མཚན་མ་སྐུ་དང་གསུང་དང་ཐུག་སུ་རྣམ་པར་བརྟག་ཅིང་། ཡེ་ཤེས་སེམས་དཔའི་སྙིང་ཁ་ལས་ལྡང་བ་གང་ཡིན་པའི་ཤེས་རབ་ཀྱི་འོད་ཟེར་གྱི་རཱི་ཁཱ་འཐུར་སྣརེལ་དང་སྦྱོར་བས་བཀུག་སྟེ་རིམ ་གྱིས་ཨོཾ་ཡིག་ནི་ཨཱཿཡིག་ལའོ།། ཨཱ་ཡིག་ནི་ཧཱུཾ་ཡིག་ལའོ།། ཧཱུཾ་ཡིག་ཀྱང་ཡེ་ཤེས་སེམས་དཔའི་ནང་དུ་ཏིང་ངེ་འཛིན་སེམས་དཔར་བརྗོད་པའི་ས་བོན་ལ་བཅུག་ནས་དེ་ཡང་རིམ་གྱི་ཨཱུ་ཡིག་ནི་ཧ་ཡིག་ལ་སྟེ། ཧཾ་ཡིག་ནི་མགོ་བོ་ལའོ།། དེ་ཡང་སྟོང ་པཔ་ཉིད་ཀྱི་རང་བཞིན་ཐིག་ལེ་ལའོ་ཞེས་པ་ཐིག་ལེ་འབའ་ཞིག་གི་ཆ་རང་བཞིན་གྱི་འོད་གསལ་བ། བཅོམ་ལྡན་འདས་དཔལ་ཧེ་རུ་ཀའི་ཆོས་ཀྱི་སྐུར་རྣམ་པར་བསྒོམས་ནས། སླར་ཡང་ཐིག་ལེ་ཙམ་དེ་ལས་འགྲོ་བའི་དོན་བྱེད་པའི་སླད་དུ་རིམ་གྱིས་སྣང ་བརྙན་ཙམ་གྱི་ཐུགས་དང་གསུང་དང་སྐུར་སྣང་བའི་གར་མཁན་སྔགས་ཀྱི་སྐུས་སྤྲོ་བར་བྱ་ཞེས་པའོ།། རང་བཞིན་ལས་མེ་ངོ་བོ་ཉིད་དྲན་པ་ལས་རང་བཞིན་གྱི་བཟླས་པ་ཁོང་དུ་ཆུད་པར་བྱའོ།། སྔགས་ཕྲེང་ཞེས་པ་ལ་སོགས་པ་ལ། དགོངས་པ་ནི ་འདི་ཡིན་ཏེ། རང་གི་སྙིང་ཁའི་ཡེ་ཤེས་སེམས་དཔའི་འོད་ཀྱི་སྒྲོན་མ་རྣམས་ཀྱིས་རྣམ་པར་ཁྱབ་པར་བྱས་པས་ཀྱང་། སེམས་ཅན་གྱི་ཁམས་མ་ལུས་པ། མ་ལུས་པའི་ཉོན་མོངས་པས་སྒྲིབས་པར་མཐོང་ནས། རླུང་གི་སྙིང་ཁའི་ས་བོན་ལས ་སྤྲོས་པའི་སྔགས་ཀྱི་ཕྲེང་བའི་ནང་དུ་འོད་གསལ་བའི་ཡེ་ཤེས་ཀྱི་ཡོན་ཏན་གྱི་འབར་བའི་ཨོཾ་དེ་ཝོ་པི་ཙུ་བོཛྲ་ཞེས་པ་ལ་སོགས་པའི་ཡི་གེའི་ཕྲེང་བ་ཞི་བ་ལ་སོགས་པའི་ལས་རབ་འབྱམས་ཀྱི་གཟུགས་དང་ཁ་དོག་གོ། འདི་རྣམས་ཉིད་སེམས་ཅན ་ཀུན་གྱི་དོན་བྱེད་པ་ཅན་དེ། ཕྱི་རོལ་ཏུ་སྤྲོས་ནས་སེམས་ཅན་གྱི་བྱ་བ་བྱའོ་ཞེས་པ་རྒྱུ་འདིས་ཕྱི་རོལ་ཏུ་འགྲོ་བ་སྟེ་སྤོང་བའོ།། སྔགས་ཀྱིས་དོན་རྣམ་པ་བཞི་ཤེས་པའི་རྣལ་འབྱོར་པས་སྲོག་དང་ཐུར་སེལ་གྱི་རླུང་དག་ཤིན་ཏུ་བསྡམ་པ་སྟེ། བཅད་པར་བྱས ་ནས་སླར་སྤྲོ་བར་བྱ་ཞིང་རང་གི་སྙིང་གར་གཞུག་པར་བྱའོ་ཞེས་པའི་དོན་ཏོ།། རྣམ་པ་གཞན་དུ་ན་རྣལ་འབྱོར་པ་འཆི་བར་འགྱུརརོ་ཞེས་པ་དམ་ཚིག་གིས་བཟླས་ཁོང་དུ་ཆུད་པར་བྱའོ།། བཟླས་པ་བྱས་ནས་ཤེས་པ་ལ་སོགས་པ་ལ། དེ་ལྟར་བཟླས་པའི་རྣམ ་པ་རྣམ་པ་གསུམོ་བྱས་ནས་བསོད་ནམས་བསགས་པོར་གྱུར་པ་གང་ཡིན་པ་དེ་ཐམས་ཅད་སེམས་ཅན་རྣམས་ཀྱིས་བླ་ན་མེད་པའི་འབྲས་བུ་ཐོབ་པའི་ཕྱིར་དུ་ཡོངསུ་བསྔོ་བར་བྱ་ཞིང་བཏང་བར་བྱའོ།། ཏིང་ངེ་འཛིན་ལས་ལངས་པ་ན་ཞེས་པ་ལ ་ལ་སོགས་པ་ལ། གང་གི་ཚེ་རྣལ་འབྱོར་པའི་ཏིང་ངེ་འཛིན་གྱིས་དུབ་པ་དེའི་ཚེ་བསམ་གཏན་ལས་ལྡང་བ་ན་ཡང་གཞན་དུ་གཡེང་བ་ཡོངསུ་སྤངས་ནས། སངས་རྒྱས་ཉིད་ཐོབ་པར་བྱེད་པའི་སྨོན་ལོ་མ་འཆད་པར་འགྱུར་བ་འདི་ནི་གླག་པ་སྟེ་གདོན ་པར་བྱའོ།། རིགསུ་སྐྱེ་དང་ཞེས་པ་ལ་སོགས་པ་ལ། དེ་ཡང་རིག་སུ་སྟེ་བྱང་ཆུབ་སེམས་དཔའི་རིགསུ་སྐྱེའོ།། དེ་བཞིན་དུ་སྨྱོ་མེད་ནི་བག་ཡོད་པར་སྤྱོད་པ་ཅན་ནོ།། དམ་ཚིག་ཅན་ནི་དམ་ཚིག་བསྙེན་པ་ཅན་ཏེ། རང་བཞིན་གྱི་དོན་བྱེད་པའི་རྒྱུར་བྱང་ཆུབ ་ཀྱི་སེམས་ཡོངསུ་སྐྱོང་བར་བྱེད་པའོ།། ཀྱེ་ཡི་རྡོ་རྗེ་སྟོན་ནི་ཤེས་རབ་དང་ཐབས་གཉིསུ་མེད་པར་སྤྲོས་པ་མེད་པའི་ཆོས་ཉིད་ཀྱི་ལམ་སྟོན་པར་བྱེད་པའོ།། བརྩེར་ལྡན་ནི། སྡུག་བསྔལ་གསུམ་གྱི་སྤུངས་པའི་འགྲོ་བ་རྣམས་ལ་སྙིང་རྗེས་རླན་པོའི ་ཐུགས་སོ།། བླ་མར་གུས་པ་ནི། དེ་རྡོ་རྗེ་འཛིན་པ་མངོན་སུམ་དུ་འཛིན་པའོ།། ཡང་གི་སྒྲ་ལས་དགེ་བའི་བཤེས་གཉེན་བཀུར་བར་བྱེད་པའོ།། སྐྱེ་བ་ནས་སྐྱེ་བ་ནི། སྐྱེ་བ་ཐམས་ཅད་དུ་སྟེ། གང་བྱང་ཆུབ་ཀྱི་སྙིང་པོ་ཇི་སྲིད་པའི་བར ་དུ་གྱུར་ཅིག་པའོ།། ལག་པས་རྡོ་རྗེ་དྲིལ་བུ་ཞེས་པ་ལ་སོགས་པ་ལ། རྡོ་རྗེ་ནི་བྱང་ཆུབ་ཀྱི་སེམས་ཉེ་བར་མཚོན་པར་བྱེད་པའོ།། དྲིལ་བུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཏེ། སྙིང་རྗེ་དང་ཤེས་རབ་དེ་དག་གིས་མཚན་པའི་ལག་པ་གང་གི་ཡིན་པ ་དེ་སྐད་དུ་བཤད་ལ། གཞན་དག་གི་འཁྲོལ་ཞེས་འདོན་ཏེ། ཟབ་མོའི་ཆོས་ཀློག་པ་ཡང་ངོ་།། བཙུན་མོ་ནི་སྟོང་པ་ཉིད་ཡིན་ལ། དེའི་ཁུ་བ་ནི་བྱང་ཆུབ་ཀྱི་ས་བོན་འབྱུང་བ་ཀུན་ཏུ་བསྲུང་བའོ།། དེ་ཡང་དག་པར་འཐུང་བ་ནི་ཡོངསུ་ཟ་བ་སྟེ་ཡོངས་སུ་སྦྱོང ་བཞེས་པོའི་ཐ་ཚིག་གོ།། གང་གིས་སྐྱེ་བ་ནས་སྐྱེ་བར་རྣམ་པར་ལྟ་བུར་གྱུར་ཅིག་པའོ།། དེ་ནས་གཏོར་སོགས་ཚྭ་ག་ཞེས་བྱ་བ་ལ་སོགས་པ་། དེ་ནས་ནི་དེ་མ་ཐག་ཏུ་འདོད་པའི་དོན་གྲུབ་པའི་ཕྱིར་དང་། བགེགས་ཉེ་བར་ཞི་བའི་དོན་དུ་འབྱུང་པོ་ཐམས་ཅད ་ལ་གཏོར་མ་བྱའོ།། སོགས་པའི་སྒྲས་ནི་སྦྱིན་སྲོག་དང་དཀྱིལ་འཁོར་མ་ཚང་བ་ལ་སོགས་པ་གསུངས་པ་ཡིན་ནོ།། དེ་ལ་བཤད་པའི་རྒྱུད་ཀྱི་རིམ་པས་གཏོར་མ་བརྗོད་པར་བྱ་སྟེ། ན་མཁའི་ཕྱོགས་ཀྱི་དབུས་གནས་པར།། འདབ་མ་བརྒྱད་པདྨ་བསྒོམ་པར ་བྱ་དབང་པོ་ཤོར་གྱི་འདབ་མ་ལཾ།། བསམས་ནས་མཐར་བྱེད་ལྷོ་རུ་དགོད།། ནུབ་ཀྱི་འདབ་མར་ཆུ་ལྕི་སྟེ། དེ་བཞིན་བྱང་དུ་ནོར་སྦྱིན་ནོ།། མིར་ནི་མེ་ལྷ་ཆེ་བཞིན།། བདེན་བྲལ་དུ་ནི་རི་ཟན་ནོ།། རླུང་དུ་རླུང་ལྷ་བསམས་བྱས་ནས།། དབང་ལྡན་དུ་ནི་འབྱུང་བར། ་གཙོ། ཟླ་བ་ཉི་མ་ཚངས་ལྷ་སོགས།། མཆོག་གི་ཚངས་པའི་གཙོ་བོ་དང་།། ཚངས་པའི་མདུན་ན་འདོན་དང་ནི།། དགའ་ལྡན་དང་ནི་ཐབས་བྲལ་གནས།། རྒྱལ་པོ་ཆེ་ལས་བྱུང་བ་རྣམས།། གཞན་གྱིས་སྤྲུལ་པ་འཇུག་པ་དང་།། འཕྲུལ་དགའ་ཡི་ནི་ལྷ་རྣམས ་དང་། གནས་གཙང་མ་ན་གང་གནས་དང་།། བདེ་བ་ཅན་ན་བདེ་བར་གནས།། འོག་མིན་ན་ནི་གནས་པ་དང་།། དེ་རྣམས་ཐམས་ཅད་སྟེང་དུ་ནི།། བསམ་བྱ་ཆོས་འབྱུང་དབུས་སོན་པ།། སྟོབས་ཀྱི་རྒྱུ་དང་དུང་སྐྱོང་དང་།། དེ་བཞིན་མཐའ་ཡས་ནོར་རྒྱལ་ཏེ།། ་འཇོག་པོ་དང་ནི་རིགས་ལྡན་ཉིད།། པད་ཆེན་པདྨ་བཟང་པོའོ།། འོག་གི་ཆོས་འབྱུང་རྣམསུ་ཡང་།། ལྷ་མིན་དམྱལ་བའི་སེམས་ཅན་རྣམས།། ཨོཾ་ལོས་ཚངས་ལྷ་ལ་སོག་སྟེ།། ཧཱུཾ་ལས་དུམ་བུས་བླངས་ལ་སོགས།། ཨཱཿལས་སྟོབས་ཀྱི་རྒྱུ་སོགས་རྣམ།། ། ་ཞལ་གཅིག་ཕྱག་ནི་གཉིས་པ་སྟེ།། སྟེང་གི་ལྷ་རྣམས་དཀར་པོ་སྟེ།། ཚངས་པ་ལ་སོགས་ནག་པོར་སྣང་།། སྟོབས་ཀྱི་རྒྱུ་སོགས་ཆེར་སྣང་བ།། རང་འདྲའི་རིགས་མ་རྣམས་ཀྱིས་འཁྱུད་།། རྡོ་རྗེ་དྲིལ་བུ་ལག་ན་འཛིན།། གཡས་བརྐྱང་གིས་ནི་སྟན་ལ ་གནས།། ཚངས་ལོགས་རྟག་པས་རྒྱས་གདབ་སྟེ།། མཆོད་སྦྱིན་བརྒྱ་སོགས་རྡོ་རྗེ་ཅན།། སྟོབས་ཀྱི་རྒྱུ་སོགས་མཐའ་ཡས་དབང་།། ཐམས་ཅད་རིགས་གསུམ་ལས་སྐྱེས་པའོ།། གཽ་རཱྀ་ཡིས་ནི་དགུག་བྱ་སྟེ།། ཆོམ་རྐུན་མས་ཀྱང་གཞུག་པར་བྱ།། ་རོ་ལངས་ལྕགས་སྒྲོག་གིས་བཅིང་སྟེ།། ཟ་ནུས་སིལ་སྙན་དྲིལ་བུ་བྱ།། མཆོད་ཡོན་ཞབས་བསིལ་ཕུལ་དེ་ནས།། སྣ་ཚོགས་གཏོར་མ་འདི་བསྒྲུབས་བྱ།། རླུང་མེའི་དཀྱིལ་འཁོར་བསམ་བྱ་པདྨ་ནི།། ཨཱཿལས་བྱུང་བ་འབར་བས་གདུངས་པོ་དེར།། ་བདུད་རྩི་ལྔ་ཡི་ཆ་ཤས་འདི་འདི་བསྒྲུབ།། བསམས་ནས་པྲ་ཎ་བ་ཡིས་བྱིན་བརླབས་པའོ།། ཨིནྡ་ཛ་མ་ཛ་ལ་ཛཀྵ་བྷཱུ་བཧྣི་བཱ་ཨུ་རཀྵ། ཙནྡ། སུདྡྷཾ། མཱ་ཨ། བཔྤ། ཏ་ལ་བ་ཏཱ་ལ། ཨ་བཱ་ས་བྷྲསྶ་ཧཱ། ཨཱི་མཱ་བི་ལཾདྦྷཉྫ་ཛིགྷྣ་པུལླ་དྷྭཾ་བྷྲ་མཱས། ་བིགྷྣ། ཨམྦྷཀྟརྞྞ། སརྦྦ་སྭཔྟཱ་རམྦྷི་བྷཱུབྷྱཱཾ། བིཌ་གཱ་། ཨོཾ་ཨ་ཀཱ་རོ་མུ་ཁེ་སརྦྦ་དྷརྨྨ་ཙྪ་མཱ་དྲཱ་མ་ནུཏྤནྣཏྟཏ་ཨོཾ་ཨཱཿཧཱུཾ་ཕཊ་སཱཧཱ། དེ་ནས་ག་ཤེགསུ་གསིལ་བོ་མེ་ཨོཾ་བོདྡྷ་ས་ཏོ་སེ་མ་ཡཾ་མ་ནུ་པཱ་ལ་ཡ། བཛྲ་སཏྭེ་ཏྭེ་ནོ་བ་ཏིཥྛ་ཌི་ཌྷེཾ་མེ་བྷཻ་ཐཱ་སུ་ཙྪོ་དྷྲྀརྠཱ་ཤྩཱ་ཤ་ཏི་མེ་བྷཱཿ། ་ཨ་ནུ་རཀྟོ་ཏཾ་མེ་བྷ་བ། ཧྲི་དཱ་ཡཾ་མེ། ཨ་དྷི་ཏིཥྛ་སརྦྦ་སིདྡྷ་མ་ནུ་པྲཱ་ཡཙྪ། སརྦྦ་ཀཱིརྱེ་ཥྱ་ཙིཏྟཾ་མཻ་ཤྲེ་ཡཿཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿབྷ་ག་ཝནྡ་སརྦྦ་ཏ་ཐཱ་ག་ཏཱ་བཛྲ་མཱ་མེ་མུཉྩ་མ་ཧཱ་ས་མ་ཡ་སཏྭ་ཨཱཿདཀྱིལ་འཁོར་དང་སྦྱིན་སྲེག་ལ་སོགས་པའི་ཚི་ག་རྣམས་ནི། ་བཟང་པོ་ཡོངསུ་འཛིན་པའི་རྗེསུ་འབྲང་ནས་བྱའོ།། ང་ལ་གསོའི་དོན་དུ་ཞེས་པ་ལ་སོགས་པ་ལ། ངལ་གསོའི་དོན་དུ་སྟེ་ཕྱི་རོལ་གྱི་རྣམ་པར་རྟོག་པའི་དྲི་བ་ལས་ལྡོག་པའི་ཕྱིར་དུ་སྔར་དང་འདྲ་བར་གོང་དུ་གསུངས་པའི་ཚུལ་གྱིས་བཟླས་པ་རྣམ་པ ་གསུམ་པོ་ཐམས་ཅད་དེ། དཀྱིལ་འཁོར་པའི་སྔགས་དང་ལྡན་པའོ།། ཚི་ག་བཞིན་ནི་མི་བྱེད་པའི་ཡན་ལག་ལ་སོགས་པའི་ཁྱད་པར་རྣམས་ཀྱི་ཁོང་དུ་ཆུད་པར་བྱའོ།། ངོ་ལྟར་བཅོམ་ལྡན་འདས་ཀྱི་སྐུ་གཉིས་ཉིན་མོའི་རང་བཞིན་གྱིས་རྫོགས་པར ་ཉེ་བར་བསྟན་ཏོ།། ད་ནི་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་སྐུར་བཤད་པ། ཆ་ཤས་མེད་པའི་སྟོང་པ་ཉིད་སྣང་བ་མེད་པའི་མཚན་ཉིད། ཐོག་མ་དང་ཐ་མར་དམིགས་པ་མེད་པ། ཤེས་རབ་ཀྱི་རང་བཞིན་མཚན་མོའི་བརྡའ་ཡིས་གསུངས་པ་རྣམ ་བར་བསྒོམ་པར་བྱ་བའི་ཕྱིར། ཐུགས་ཀཱའི་འཁོར་ལོར་འཇུག་པའི་མཐར་ཞེས་བྱ་བ་ལ་གསུངས་ཏེ། ཐུགས་ཀ་ནཱི་ཡེ་ཤེས་སེམས་དཔའི་ཐིག་ལེའོ།། འཁོར་ལོ་ནི་ཉི་མར་སྤྲོས་པ་སྟེ་དཀྱིལ་འཁོར་གྱི་འཁོར་ལོའོ།། འཇུག་པ་ནི ་རབ་ཏུ་གཞུག་པར་བྱ་བའོ།། མཐར་ནི་ཉིན་མོའི་མདྲུག་ཐོགསུ་སྟེ། མཚན་མོ་ཤེས་རབ་དང་ཐབས་གཉིསུ་མེད་ཅིང་རོ་གཅིག་པའི་བདག་ཉིད་ཉིད་ཀྱིས་ཉལ་བར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་ཤུགས་ཀྱི་བླང་བར་བྱའོ།། ཤེས་རབ་ཐབས ་བདག་ཅེས་པ་ནི། སྟོང་པོ་ཉིད་དང་སྙིང་རྗེ་དབྱེར་མེད་པ་ཉིད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོའི་ཁྱད་པར་རོ།། བདེ་བ་ཆེན་པོའི་རྒྱུ་ཉིད་ཀྱི་ཕྱིར་བདེ་བ་སྟེ། མར་ལ་ཚེ་ཞེས་པ་འདིར་ཚེའི་རྒྱུ་ཉིད་ལས་འབྲས་བུ་ལ་ཉེ་བརྟགས་པ་ཡིན་ནོ།། ཤེས་རབ་ཐབས་བདག་ཀྱང ་དེ་ཡིན་ལ། བདེ་བ་ཡང་ངོ་ཞེས་པ་ལས་འཛིན་པའི་བསྡུ་བའོ།། ཡང་ན། རང་རིག་པའི་བདེ་པ་འབྱུང་བ་ཉིད་ཀྱི་ཕྱིར་ན་དཀྱིལ་འཁོར་ཡང་བདེ་བ་སྟེ། དེ་ལྟར་གསུངས་པ། ཕྱག་རྒྱ་ཆེན་པོའི་དབང་བསྐུར་བ།། ཇི་བཞིན་ཡེ་ཤེས་བདེ་ཆེན་ཏེ།། དེ་ཉིད་དེ་ཝ ་རབ་འབྱུང་ཕྱིར།། གཞན་ལས་དཀྱིལ་འཁོར་འབྱུང་མ་ཡིན།། བདེ་བ་དམར་ཞིང་བདེ་བ་སེར།། བདེ་བ་ལྡང་ཞིང་བདེ་བ་ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་གྱི་འཁོར་ལོའི་རང་རིག་པའི་རང་བཞིན་ཉིད་རིག་པར་བྱས་སོ།། ཞེས་པ་ཉལ་བའི་ཚེ ་གའོ།། དོན་དམ་པ་ལ་མངོན་པར་འཇུག་པ་ལས་ལྡོག་པ་སྟོན་པར་བྱེད་པ། གླུ་རྣམས་ཀྱིས་བསྐུལ་ཞེས་པ་ལ་སོགས་པ་གསུངས་ཏེ། པུཀྐ་སཱི་ལ་སོགས་པའི་གླུ་རྣམས་ཀྱིས་བསྐུལ་བ་ལས་རབ་ཏུ་སད་དེ། སྔ་བར་སྐྱ་རེང་ཤར་བའི་དུས་སུ ་བཤད་པའི་ཆོ་ག་ལས་ཏེ་སྔར་གསུངས་པའི་རྣམས་པ་ལྔས་མངོན་པར་རྫོགས་པར་བྱང་ཆུབ་པའི་རིམ་པས་སྟོང་པ་ཉིད་ཀྱི་མཚན་ཉིད་རབ་ཏུ་བསལ་བར་ཞུ་བའི་གཟུགས་ལས། ལོངས་སྤྱོད་རྫོགས་པ་དང ་སྤྲུལ་པའི་སྐུ་གཉིས་ཀྱི་རང་བཞིན་ཉིད་ཀྱིས་ལངས་པའི་ཀུན་ཏུ་སྤྱོད་པས་གནས་པར་བྱ་ཞེས་པའི་དོན་ཏོ།། ནུས་པ་རྙེད་པ་ན་ཞེས་པ་ནི་བསྒོམ་པའི་སྟོབས་ཐོབ་པའོ།། རྫོགས་པར་ནི། ཕྱིར་མི་ལྡོག་ཅིང་ཁ་ན་མ་ཐོ་བ་མེད་པར་སེམས་ཅན་གྱི་དོན ་བརྩམ་པ་སྟེ་བྱའོ་ཞེས་པ་བྱས་ནས་དགེ་ཞིང་ཞེས་བྱ་བ་ལ་སོགས་པ་ལ་ཞེས་པ་ནི་རོབ་ཏུ་བྱེད་པ་སྟེ། འདིས་སོ།། དགེ་བ་ནི་མྱ་ངན་ལས་འདས་པའི་རྒྱུའོ།། བདེ་བའི་སྒྲུབ་ཐབས་ནི་དཀའ་བ་མེད་པར་ཡོངསུ་བརྟགས་པསོ།། བྱང་ཆུབ་སྒྲུབ་པའི ་ཐབས་ནི་དེ་ལྟ་བུ་སྟེ་མ་ལུས་པའི་སེམས་ཅན་གྱི་བདེ་བ་ཆེན་པོ་སྒྲུབ་པར་བྱེད་པ་སྟེ་རང་རིག་པའི་ཡེ་ཤེས་སྒྲུབ་པར་བྱེད་པའོ།། སྒྲུབ་ཐབས་འདི་བྱས་ནས་ཏེ་བགྱིས་ནས་དྲི་མ་མེད་ཅིང་དྲི་མ་དང་བྲལ་བ་ཁ་ན་མ་ཐོ་བ་མེད་པའི་དགེ་བ་གང་ཞིག་ཉེ ་བར་བསྔགས་པའི་དགེ་བ་དེ་ཡིས་འགྲོ་བ་སྟེ་ཁམས་གསུམ་པས་ནཱ་མཁའ་སྟེ་ཀུན་ཏུ་གསལ་བ་ཐོབ་པར་གྱུར་ཅིག། ཅེས་པ། མཁའ་ལ་སྤྱོད་པའི་གྲུབ་པ་ཐོབ་པར་གྱུར་ཅིག་ཅེས་པའི་དོན་ཏོ།། ཡེ་ཤེས་སྒྲོན་མ་བྲིས་ལས ་བདག་གིས་ཉེར་བསགས་དགེ་བ་གང་ཡིན་པ།། བསོད་ནམས་དེ་ཡིས་སེམས་ཅན་ཡེ་ཤེས་སྒྲོན་མ་རབ་ཏུ་འབར་གྱུར་ཅིག། རྒྱལ་པོ་བྱང་ཆུབ་འོད་ཀྱི་རྗེས་མཐུན་ཁོ་ནར་བདག་གིས་བགྱིས་པ་སྟེ། དཀའ་འགྲེལ་འདི་ནི་བློ་ཞན་རྟོགས ་བའི་རྒྱུ་ནི་ཅི་ཞིག་མིན་པ་ཉིད།། རྡོ་རྗེའི་སྒྲུབ་པའི་ཐབས་ཀྱི་རྣམ་འགྲེལ་ཁ་ཆེ་དངུལ་གྱི་བུམ་པས་མཛད་པ་རྫོགས་སོ།། ། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏཱ་ཆེན་པོ། ་གནས་བརྟན་བྱང་ཆུབ་སེམས་དཔའ་ནགས་ཀྱི་རིན་ཆེན་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་རྡོ་རྗེ་རྣལ་འབྱོར་མའི་ཞབས་ཀྱི་རྡུལ་ཡང་དག་པར་རེག་པའི་ཞལ་སྔ་ནས། ལོ་ཙ་བ་གཞོན་ནུ་དཔལོ་གྱིས་བསྒྱུར་བའོ།། ་ལེགས་པར་སྦྱར་ལ་རིང་དུ་མ་འདྲིས་པ།། དེ་ལྟ་ན་ཡང་སྔོན་གྱི་དམ་པའི་སྲོལ།། གསོ་ཕྱིར་འདི་ལྟ་བུ་བདག་བགྱིས་པ་ལ།། དེང་དུས་མཁས་པའི་སྐྱེ་བོས་བཟོད་པར་མཛོད།། ་