CLOSE WINDOW

GT3669: tshogs kyi gtam
Wyliee-texts produced with BDRC’s OCR application

ཐོབ་ནས་ས་ལ་གནས་པ་དང་།། ཕ་རོལ་ཕྱིན་དྲུག་ཐོབ་ནས་འགྲོ་བའི་དོན་བྱེད། ཤོག། ཚུལ་ཁྲིམས་ཀྱི་གཏམ་གྱི་འགྲེལ་པ་སློབ་དཔོན་གསལ་གྲགས་ཀྱིས་མཛད་པ་རྫོགས་སོ།། @#།། ཆོས་ས་ཀྱི་གཏམ་ཞེས་@# ་རྒྱ་གར་སྐད་དུ། སཾ་བྷ་ར་པ་རི་ཀ་ཐཱ། བོད་སྐད་དུ། ཚོགས་ཀྱི་གཏམ། གསུང་གི་མངའ་བདག་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།། བདག་གིས་དེ་རིང་བསོད་ནམས་དང་།། ཡེ་ཤེས་ཚོགས་ནི་གང་ཞིག་གམ།། གཞན་ལ་ཕན་པ ་གོང་བྱས་ཞེས།། བྱང་ཆུབ་སེམས་དཔས་ཡང་ཡང་བསམ།། བསོད་ནམས་རང་བཞིན་ཡེ་ཤེས་ཆེ།། ཚོ་གོས་ནི་གང་གིས་རྫོགས་འགྱུར་བ།། དེ་ནི་ལེགས་པར་བཤད་པར་བྱ།། གང་གིས་ལུས་དང་སྲོག་དག་ནི།། སེམས་ཅན ་ཀུན་ལ་བཏང་བར་བྱ།། ལུས་ཅན་ཀུན་ལ་བྱམས་པ་དང་།། སྙིང་རྗེ་ཉིད་ཀྱིས་ཁྱབ་པར་བྱ།། སྡིག་པ་ཀུན་གྱི་རྣམ་སྨིན་ནི།། རང་གི་རྒྱུད་ལ་མངོན་འདོད་ཅིང་།། བསོད་ནམས་ཀུན་ལ་ཡི་རང་དང་།། རང་སངས ་རྒྱས་བདག་ཉིད་ཆེ་བསམ།། དེ་ལྟར་ཡང་དང་ཡོང་བྱ་བ།། འདི་ནི་ཆོ་ག་གཞན་ཡིན་ནོ།། བྱང་ཆུབ་སེམས་ནི་སྔོན་འགྲོ་བས།། རྩོམ་པ་ཀུན་ཀྱང་བྱ་བ་ཡིན།། དེ་ལྟ་བུ་ཡི་ཐབས་དེ་ཡིས།། རྩོམ་པའི་ངལ་བ་མེད་པར་ཡང་།། བསོད ་ནོམས་ཡེ་ཤེས་ཚད་མེད་པ།། ཡང་དང་ཡང་དུ་སོགས་པར་འགྱུར།། སེམས་ཅན་རྣམས་ཀྱི་ལོངས་སྤྱོད་དང་།། ཡོངསུ་བསྒྲུབ་པའི་ཕྱིར་དང་ནི།། རང་གི་ལུས་དང་སྲོག་ཉིད་ནི།། ཡིད་ཀྱི་རྗེས་བཞིན་གཏང་བར་བྱ།། བཀྲེས ་སྐོམ་ངལ་དང་ཚ་གྲང་དང་།། རླུང་དང་ཆར་གྱི་གཉེན་པོ་བཞིན།། ཆོ་ག་ཤེས་པ་ལས་བདག་ཉིད་ནི།། འདི་ནི་བདེ་མྱོང་གང་ཡིན་དང་།། ཉམས་དགའ་ཁང་བཟངས་བཞིར་གནས་དང་།། གཙང་ཞིང་ཞི་བའི་གནས་གཏོགས་དང ་བདེ་བ་ཐོབ་པ་གང་ཡིན་དང་།། བསམ་གཏན་བདེ་བ་ཐོབ་པ་ཡི།། བདེ་བའི་གནས་སྐབས་གང་ཐོབ་དང་།། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་།། དགྲ་བཅོམ་ཤིན་ཏུ་སྦྱངས་ཞི་ཉིད།། དེ་ནི་སེམས་ཅན་ཐམས་ཅད ་ལ། བྱེ་བྲག་མེད་པར་ཉེ་བར་བསྟབ།། ཕལ་ཚར་མཉམ་པར་མ་བཞག་ཚེ།། དེ་ལྟར་བྱམས་པ་ཉེར་བསྟེན་ལ།། མཉམ་པར་བཞག་ཚེ་བདག་གིས་རྟོགས།། དགའ་དང་ཤིན་ཏུ་སྦྱོངས་པ་ཉིད།། ཇི་ལྟར་ཉམ་སུ་མྱོང་བ་དག། ་དེ་བཞིན་གཞན་ལ་ལྷག་མོས་བྱ།། སྐྱེ་དགུ་འདི་ནི་སྡུག་བསྔལ་གྱི།། ཆུ་བོར་ནུབ་དང་དེ་རྒྱུ་ཅན།། ངན་འགྲོ་དང་ནི་བདེ་འགྲོ་དག། བརྩེ་ལ་འབད་པས་བརྟག་པར་བྱ།། དེ་ལསྠ་ནི་དམྱལ་བ་དག། སྡུག་བསྔལ་མི་བཟང་མང་པོ་དང་།། ་དུས་རིང་རྒྱུན་མི་འཆད་པ་ཡི།། གཅོད་གཤེགས་མེ་ཡིས་གདུངས་པ་དང་།། འཚེད་ཅིང་བརྟགས་པ་ལས་བྱུང་བའི།། ཤིན་ཏུ་ཉམས་ཐག་རབ་ཏུ་འཕེལ།། ཐལ་ཆུ་ལྷོང་བུར་རབ་འཚེད་པའི།། བསྲེག་ཅིང་རིམས་འདུར་ཉམ ་ཐག། དུད་འགྲོ་ཕན་ཚུན་སྔང་སྲོག། རང་དབང་མེད་པར་བསད་སོགས་ཀྱིས།། རྟག་ཏུ་སྡུག་བསྔལ་གྱིས་གདུངས་པས།། ཕལ་ཆེར་དམྱལ་བ་དག་དང་མཚུངས།། ཡི་དགྲས་མེ་ལྕེའི་ཕྲེང་བ་ཡིས།། བསྐོར་ཅིང་སྐད་གསང་མཐོན་པོ་སྒྲོགས།། ་ལ་ལ་ཁ་ན་མེ་འབར་གཞན།། མགྲིན་པ་ཁྱབ་མིག་ལྟོ་རི་ཙམ།། རྟག་ཏུ་བཀྲེས་བསྒོམ་ལ་སོགས་པའི།། བསྲེག་ཅིང་ལུས་ནི་སྐམ་པཾ་དང་།། ཁ་ཅིག་སྐྱུགས་པ་ཟ་བ་སྟེ།། གཞན་དག་དེ་ཡང་རབ་རྙེད་དཀའ།། ངན་འགྲོའི་སྡུག ་བསྔལ་མ་ལུས་པ།། མི་རྣམས་ལ་ཡང་ཡོད་པར་སྣང་།། སྡུག་བསྔལ་གཟིར་བར་དམྱལ་བར་མཚུངས།། དབུལ་བས་གཤིན་རྗེའི་འཇིག་རྟེན་ལ།། འདི་ཡི་དུད་འགྲོའི་སྡུག་བསྔལ་ཡང་།། མཐུ་ལྡན་སྟོབས་ཀྱིས་མཐུ་མེད་པ།། ་རྣམ་པར་གནོད་ཅིང་འཚོ་བ་དག། ཆུ་བོ་ལྟ་བུ་ཉིད་ཡིན་ནོ།། ཁེ་ཅིག་དབུལ་བ་ལས་གྱུར་དང་།། གཞན་དག་ཆོག་མི་ཤེས་ལས་བྱུང་།། ཡོངས་ཚོལ་སྡུག་བསྔལ་མི་བཟད་དང་།། ཐམས་ཅད་འཁུ་ཞིང་གསོད་པ་ཡིན།། འདོད་སྤྱོད་ལྷ ་ནི་གང་ཡིན་པ།། དེ་ལའང་བདེ་བའི་སེམས་མེད་དེ།། འདོད་པའི་འདོད་ཆགས་རིམས་བཏབ་པའི།། ནང་གྲི་མེ་ཡིས་སྲེགས་གྱུར་པས།། གང་ཞིག་སེམས་གཡེང་གྱུར་པ་དགྲ། དེ་ལ་བདེ་བ་ག་ལ་ཡོད།། ་གཡེངས་མེད་སེམས་ལ་སྐད་ཅིག་ཀྱང་།། དབང་བྱེད་པ་ནི་མ་ཡིན་པས།། རྣམ་གཡེངས་དཀྲུགས་པའི་བདག་ཉིད་ཅན།། ནམ་ཡང་ཞི་བར་མི་འགྱུར་ཏེ།། རླུང་བཅས་འབར་བས་ཁྱབ་པ་ཡི།། མེ་ནི་ཤིང་དང་བཅས་དང་མཚུངས།། ། ་ཤིན་ཏུ་ངོམས་མེད་ཐ་མ་རཱ་ནི།། དབང་མེད་ཤིན་ཏུ་མྱ་ངན་བྱེད།། ལྷ་དང་མི་ནི་ལྔ་ལ་དག། སྡུག་པའི་ཆགས་པ་དམ་དུ་ཞེ་ན།། བསོད་ནམས་སྟོན་བྱས་དེ་དང་དེས།། འདོད་པ་རྨོངས་པས་གདུངས་པར་འགྱུར།། དེ་ཡང་ཉོན ་མོངས་སྣ་ཚོགས་དང་།། སྡིག་པའི་ལས་ནི་རྒྱུནི་མོ་འཆང།། རྣམ་པར་ལྟུང་བའི་མཐུར་གནས་པས།། བག་མེད་འགྱུར་ལ་བརྩེ་བྱ་རིགས།། ནད་སོས་ཡུན་རིངས་མ་ལོན་པའི།། ནད་པས་མི་འཕྲོད་ཟོས་དང་མཚུངས།། གང་ཞིག། ་གཟུགས་ཅན་གཟུགས་མེད་པ།། སྡུག་བསྔལ་སྡུག་བསྔལ་ལས་འདས་ཤིང་། ཏིང་འཛིན་བདེ་བའི་བདག་ཉིད་ཅན།། བསྐལ་པར་གཡོ་བ་མེད་པར་གནས།། དེ་ཡང་ཤིན་ཏུ་ངེས་གྲོལ་མིན།། དེ་ཡང་སླར་ཡང་ལྟུང་བར་འགྱུར།། ་ངན་འགྲོའི་སྡུག་བསྔལ་རྦ་ཀློང་ལས།། འདས་པ་ལྟ་བུར་འབྱུང་འགྱུར་བ།། འབད་ཀྱང་ཇི་ལྟར་རིང་མོར་གནས།། མཁྭལ་ལྡིང་བ་བྱ་དང་མཚུངས།། བྱིས་པའི་སྟོབས་ཀྱིས་མངའ་འཕངས་ལྟར།། དེ་ནི་ལྟུང་བའི་མཐའ་ཅན་ཡིན།། མར ་མེ་རིང་དུ་འབར་བ་དག། སྐད་ཅིག་རེ་རེ་འཇིག་པ་ལྟར།། འདུ་བྱེད་ཡོངས་འགྱུར་ཞེས་བྱ་ཡིས།། སྡུག་བསྔལ་དག་གིས་ཉེ་བར་གཙེས།། རྒྱུ་ཤི་ན་བའི་ཆོས་ཅན་གྱི།། ཉོན་མོངས་ནང་ན་རྒྱུ་སོགས་ཀྱིས།། གང་ཕྱིར་ཐམས་ཅད ་གདུངས་པས་ན།། དེ་ཕྱིར་ཤིན་ཏུ་བརྩེ་བྱ་རིགས།། སྲོག་ཆགས་ཀུན་གྱི་སྡིག་པ་རྣམས།། ཐམས་ཅད་བདག་ལ་སྨིན་པར་ནི།། དེ་ལྟར་སྡིག་པ་ལེན་བྱེད་ཅིང་།། འགྲོ་བའི་ཕོངས་པས་སྡུག་བསྔལ་བྱས།། སངས་རྒྱས་བྱང་ཆུབ ་སེམས་དཔའ་དང་།། འཕགས་པ་དག་དང་འགྲོ་བ་ཡི།། དུས་ནི་ཐམས་ཅད་དག་གི་ཡང་།། བསོད་ནམས་ཀུན་ལ་ཡི་རང་བྱ།། ཚོག་ནི་ཤིན་ཏུ་བྱ་དཀའ་དང་།། སངས་རྒྱས་ཆོས་ནི་བླ་མེད་པ།། འགྲོ་བའི་དོན་གྱི་བྱ་བ་ཉིད།། སངས་རྒྱས་རྣམས ་ཀྱིས་རྗེས་སུ་བསམ།། མང་དུ་ཐོས་ལ་མངོན་བརྩོན་དང་།། ཇི་བཞིན་དོན་ནི་སེམས་པ་དང་།། འགྲོ་བའི་ཤེས་པ་ཉ་བསྡུས་པའང་།། རྟེན་འབྲེལ་ཡིད་ལ་བྱེད་པ་ཡིས།། འདུ་བྱེད་ཙམ་ལ་སྐད་ཅིག་མ།། བྱ་བ་མེད་ལ་འཇུག་པར་བྱ།། ཐམས་ཅད ་རྟེན་འབྲེལ་ལས་བསམས་ལ།། རྟག་ཏུ་བདག་མེད་བསྒོམས་པ་ཡི།། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཚོགས།། དོན་དམ་པར་ན་འཕེལ་བར་འགྱུར།། བྱང་ཆུབ་སེམས་ནི་ཉེར་འཕེལ་བས།། ཚོགས་ནི་ཐམས་ཅད་རྫོགས་པར་འགྱུར།། དེ་ལྟར ་བསོད་ནམས་ཡེ་ཤེས་ཀྱིས།། རང་བཞིན་ཆུ་བོས་འགེངས་པ་དག། འགྲོ་བའི་ཐར་ལ་གཅིག་ཏུ་མཁས།། བྱང་ཆུབ་ལག་པའི་མཐིལ་ན་གནས།། སྦྱིན་དང་སྙན་པར་སྨྲ་བ་དང་།། དོན་སྤྱོད་དོན་ནི་མཐུན་པ་ཉིད།། དེ་ལྟར་བསྡུ་བའི་དངོས་པོ ་རྣམས། འཁོར་ལ་ཕན་པར་བྱེད་པ་ཉིད།། དེ་ནི་གང་ལ་སྦྱིན་པ་བྱིན།། གང་ཞིག་ལ་ནཱི་སྟན་སྨྲ་འམ།། དོན་སྤྱོད་པ་ནི་བྱས་འགྱུར་བ།། གང་ལ་དོན་མཐུན་བྱས་འགྱུར་ཞེས།། དེ་ལྟར་རྟག་ཏུ་བརྩོན་པ་ཡིས།། འགྲོ ་བའི་དོན་ནི་ཅི་ནུས་བྱ།། གཞན་ཀུན་བདག་གིར་བྱ་བ་དང་།། རང་ལ་གནས་པ་གཞན་གྱིར་བྱ།། ཚོགས་ཀྱི་གཏམ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་གང ་གོཏྟ་ར་དང་། ཞུ་ཆེན་གྱི་ལོ་ཙཱ་བཱ་དགེ་སློང་རིན་ཚོན་བཟང་པོ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པོའོ།། ། རྒྱ་ག་རོ་སྐད་དུ། ཨཥྚ་ཨཀྵ་ནཱཀླཱ་ཐཱ། བོད་སྐད་དུ། མཱི་ཁོམུ་པཱ་བྱརྒྱུད་ཀྱི་གཏམ། འཛུམ་དཔལ་གྲ་ནུརཱ ་