| Wylie | e-texts produced with BDRC’s OCR application |
ཁྭ་ཆེའི་པཎྜི་ཏ་ཤྲཱི་རཱ་ཐ་དང་། ལོ་ཙཱ་བཾ་དགེ་སློང་གྲགས་འབྱོར་ཤེས་རབ་ཀྱིས་བསྒྱུ།། །། ། རྒྱ་གར་སྐད་དུ། དཱ་ན་པ་རི་ཀཾ་བྷཱ། བོད་སྐད་དུ། སྦྱིན་པའི་གཏམ། དཀོན་མཆོག་གསུམ་ལཱ་ཕྱག་འཚལ ་སྦྱིན་པ་གཏེར་ཆེ་ནི་ཕྱི་བཞིན་འབྲང་བ་ཡིན་ཏེ་ཆོམ་རྐུན་ལ་སོགས་དབྲོག་མི་ནུས།། སྦྱིན་པ་སེམས་ཀྱི་སེར་སྣ་དང་ནི་ཆགས་པའི་སྐྱོན་གྱི་རྡུལ་རྣམས་འཁྲུ་བར་བྱེད།། སྦྱིན་པ་འཁོར་བའི་ལམ་དང་ངལ་བ་སེལ་བ་ཡིན་ཏེ་བཞོན ་པོ་བདེ་བླག་ཅན།། སྦྱིན་པ་བདེ་དགུར་སྦྱོར་བ་དུ་མ་དག་གི་སྒོ་བཟུང་དགྲ་གཏན་གྱི་མཛའ་བོ་མཆོག། འབྱོར་ཅིང་དག་པ་ཕུན་སུམ་ཚིགས་དང་ཀུན་ཏུ་དཀུའ་ཉོན་ཡོན་ཏན་རྣམས་དང་ནི།། སུམ་ཅུ་རྩ་གསུམ་ལྷ་ཡུལ་གྲོང ་ཁྱེར་ལ་གནས་བྱད་གཟུགས་མཛེས་པོའི་ཡོན་ཏན་རྣམས།། ཅི་དུང་ཅི་འདོད་དེ་དྲུག་ཐམས་ཅད་སྦྱིན་པ་དག་གིས་ངེས་པར་འཐོབ་འགྱུར་ཏེ།། དེ་ལྟར་དོན་ནི་ཡོངསུ་བརྟགས་པར་གྱུར་ནས་སུ་དག་སྦྱིན་པ་སྦྱིན་མི་བྱེད།། སྦྱིན ་པ་མེ་དང་ཆུ་དང་ཆོམ་རྐུན་འཇིགས་པའི་འཁྲུགས་པ་རྣམས་ཀྱིས་བསྐྱོད་མི་ནུས།། སྦྱིན་པ་སྒྲིབ་པ་ཟད་བྱེད་སྲེད་པའི་འགྲོ་བར་ཕྱི་བཞིན་འབྲང་བའི་མཛའ་ཚན་ཡིན།། སྦྱིན་པ་འགྲོ་བའི་རྒྱུན་གྱི་ཡུལ་རྣམས་ཀུན་ཏུ་སྲོག་ཆགས་རྣམས ་ཀྱི་འཇུག་ས་ཡིན།། སྦྱིན་པ་ཚེ་རབས་བགྲངས་པ་དག་ཏུ་ཕྱི་བཞིན་འབྲངས་ཏེ་མ་ཕྱིར་བེའུ་འབྲང་བ་བཞིན།། ནོར་རྣམས་ཀུན་གྱི་སྙིང་པོ་བླང་བ་དབང་ཕྱུག་རྣམས་ཀྱི་གཞི་ནི་སྦྱིན་པ་ཡིན ་ཞེའོ།། བློ་ནྡན་ལེགས་པར་འདོད་པ་ཡིས།། ལེགས་པར་བུསྒྲིམས་ཏེ་སྦྱིན་པ་སྦྱིན།། འཁོར་བར་ཡོངསུ་འཁྱམས་པ་ནི།། སྦྱིན་པ་མ་གཏོགས་གཉེན་མེད།། སྦྱིན་པ་འཇིག་རྟེན་རྒྱུནི་ཡིན་ཏོ།། སྦྱིན་པ་སྤྲིན་འགྲོའི ་ཟློག་པ་ཡིན།། སྦྱིན་པ་མཐོ་རིས་སྐྱེས་ཡིན་ཏེ།། སྦྱིན་པ་ནཱི་བྱེ་ཤིས་པ་ཡིན།། འཇིག་རྟེན་དག་ན་རྒྱལ་པོའི་མཆོག། དཔའ་བརྟུལ་དྲེགས་ཤིང་མཐུ་ཆེ་ལ།། རྒྱ་ལ་སྲིད་རྒྱས་ལ་དབང་བྱེད་པ།། འོདི་འབྱུང་སྦྱིན་པ་བྱིན ་ལེས་བྱུང་།། སྦོམ་ཅུ་རྩ་གསུམྦྷ་གནས་རྣམས་ནི།། བརྒྱ་བྱིན་ལྕེ་སྤྱི་དབང་བྱེད་པ།། དེ་ཡང་སྦྱིན་པའི་འབྲས་བུ་མཆོག། དམ་པ་ཡིན་ཞེས་མཁས་རྣམས་སྨྲ།། མཚན་མཆོག་སུམ་ཅུ་གཉིས་མྱུ་ང་གྲོ།། དྲི་མེད་གོཿ ་བུདྡྷིད་མི་ཚུངས་མེད་དོ།། འཁོར་བའི་རྒྱ་མཚོ་རྒལ་པོ་ཡོང་།། སྦྱིན་པཱ་ལོ་ནི་བརྟེན་ཏེ་བྱུང་།། ལྷ་ཡི་འཇིག་རྟེན་སྐྱེས་ཀྱང་ཡིན།། ཐར་པའི་མཐར་གྱི་སྒོ་ཡང་ཡིན།། ངན་སོང་རྣམས་ལས་བཟློག་པ་ཡིན།། ཕུན་སུམ ་ཚོགས་ཀུན་རྒྱུ་ཡང་ཡིན།། དེ་ཡི་ཕྱིར་ནོ་མོ་རྣམས་ཀྱིས།། ལེགས་པར་བསྒྲིམས་ཏེ་སྦྱིན་པོ་སྦྱིན།། ཚིགས་དང་ཕྲག་དོག་ལ་སོགས་པ།། མེད་པར་བསོད་ནམས་བསགས་པར་གྱིས།། སངས་རྒྱས་འདྲ་བའི་སྟོན་པ་མེད།། ་ཆོས་དང་འདྲ་བའི་སྐྱོབ་པ་མེད།། དགེ་འདུན་འདྲ་བྱའི་ཞིང་མེད་དེ།། དེ་ཕྱིར་གསུམ་ལ་དབུལ་བཱར་གྱིས།། ཕྲད་པར་གྱུར་པའི་མཐའ་ནི་འབྲལ་བར་འགྱུར།། ཕུན་སུམ་ཚོགས་པའི་མཐའ་ནི་ངན་ཅིང་རྒུད།། ཚེ་ནི་གློག་ལྟར་འགྱུར་ཞིང ་འཇིག་ལ་གཡོ།། དེ་ཡི་ཕྱིར་ན་བགཱ་ཡོད་བརྟན་པོར་གྱིས།། འོད་ཀུན་བདེ་བ་མངོན་པར་འདོད།། སྐྱེས་བུ་བདེ་བ་ལོངས་སྤྱོད་མེད་པར་མིན།། ལོངས་སྤྱོད་སྦྱིན་ལས་བྱུང་བར་མཁྱེན་ནས་ནི།། ཐུབ་པས་དང་པོར་སྦྱིན་པའི་གཏམ་དག་མཛད ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་སྦྱིན་པའི་གཏམ་རྫོགས་སོ།། །། ། སྲིད་པ་ལས་ཀྱི་ཤེས་ཀྱི་འདུག་ས།། རྒྱ་གར་སྐད་དུ། དྷ་བོ་སང་ཀྵཱན་བཻ་རི་ཀཱ་ཐཱ། བོདེ་སྐད་དུ། སྲིད་པ་ལས་འདས་པའི ་