| Wylie | e-texts produced with BDRC’s OCR application |
རྒྱ་གུར་སྐད་དུ། སྭ་པ་ན་ཙྪིནྟ་མཱ་ཎི་པ་རི་ཀ་ཐཱ། བོད་སྐད་དུ། རྨི་ལཱམ་ཡིད་བཞིན་ནོར་བུའི་གཏམ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། གང་ཞིག་རྟོགས་པའི་ཕྱིར་ན་རྨི་ལམ་མཐར།། བྱང་ཆུབ ་སེམས་དཔའ་རྣམས་ལས་རིགས་རྙེད་དེ།། ཕན་ཕྱིར་སེམས་ཅན་དགའ་བ་འགའ་ཞིག་ནི།། སྐྱེ་དགུ་རྣམས་ལ་འདོམས་པར་བྱེད་པ་ཡིན།། བདག་དང་སེམས་ཅན་ཐམས་ཅད་བདེ་སྡུག་མཚུངསོ།། བདེ་སྡུག་མཚུངས་པ་ཅན་ནི་གཉེན ་ཡིན་ན།། བདག་གི་དེ་དག་རབ་ཏུ་སྤངས་ནས་ཀྱང་།། མྱ་ངན་ལས་འདས་པར་འཇུག་པ་མི་རིགསོ།། སྐྱེ་བོ་འདི་དག་དང་ནི་ལྷན་ཅིག་ཏུ།། ངན་སོང་དག་ཏུ་སྡུག་བསྔལ་དྲག་པོ་དང་།། བདེ་འགྲོ་དག་ཏུ་འང་བདེ་བ་མང་པོ་མྱོང་།། གཅིག ་ཏུ་གནས་པས་བདག་ལ་འདི་དག་དགའ།། གང་གི་མངལ་དུ་ལན་ཅིག་མིན་པར་བདག། མ་གནས་པ་འོམ་བདག་ལ་གང་མ་གནས།། སེམས་ཅན་དེ་ནི་འདི་ན་གང་ཡང་མེད།། དེ་ཕྱིར་ཐམས་ཅད་གཉེན་དུ་གྱུར་པ་ཡིན།། གཞན་ཡང་བཙོ ་ལྡན་འདས་ལ་བདག་དགའ་སྟེ།། གང་ཕྱིར་འདི་དག་ཚད་དུ་ཆེད་དུ་བཅོམ་ལྡན་འདས།། ཤིན་ཏུ་ཡུན་རིང་པོར་ནི་སྐྱོ་གྱུར་པ།། དེས་ཀྱང་བདག་ནི་སེམས་ཅན་རྣམས་ལ་དགའ།། ཇི་ལྟར་ཕན་དང་གནོད་པ་བྱས་པ་ལས།། བདེ་བ་དང་ནི ་སྡུག་བསྔལ་ཚད་མེད་པ།། གཉིས་ཀའི་རྒྱུ་རུ་འགྱུར་བ་དེ་ཕྱིར་ཡང་།། སེམས་ཅན་རྣམས་ནི་བདག་གི་བླ་མ་ཡིན།། འདི་ཉིད་ལ་ནི་གསོད་དང་འཆིང་བ་དང་།། བརྡེག་དང་སྡིག་སོགས་སྡུག་བསྔལ་མྱོང་པོ་གང་།། དེ་ནི་སེམས་ཅན་འཚེ། ་བའི་འབྲས་བུ་ཞེས།། བདེ་བར་གཤེགས་པ་རྣམས་ཀྱིས་བཀའ་སྩལ་ཏོ།། གཟུགས་དང་ནད་མྱེད་དག་གིས་གནོད་པ་དང་།། ཕོངས་དང་རིགས་ངན་ཚེ་ནི་ཐུང་བ་དང་།། ཆུང་མ་ཤི་དང་ལོང་བར་གྱུར་པ ་ཉིད།། སེམས་ཅན་གནོད་པ་བྱས་པའི་འབྲས་བུ་ཡིན།། མནར་མེད་པ་ཡི་བྱར་གྱི་ངན་སོང་གི། གནས་སུ་སྡུག་བསྔལ་སྣ་ཚོགས་མྱོང་བ་གང་།། དེ་དག་ཐམས་ཅད་རང་ཉིད་ཉེས་པ་ཡིས།། སེམས་ཅན་རྣམས་ལ་གནོད་པ་བྱས་བྱས ་ཡིན།། གང་ཞིག་འདི་ཉིད་ལ་ནི་མཆོད་བྱས་མཆོད།། གྲགས་དང་ཡིད་འོངས་ནོར་རྣམས་ཐོབ་པ་དག། ཡིད་འོང་ཡིད་དུ་མི་འདི་སེམས་ཅན་ལ།། མངོན་པར་ཕན་དང་འཚེ་བའི་སྒོ་ནས་སོ།། ནད་མེད་པ་དང་རིགས་ནི་ཕུན་སུམ་ཚོགས ་གཟུགས་མཛེས་པ་དང་ཚེ་རིང་དབང་ཕྱུག་དང་།། ནོར་ལ་སོགས་དང་ཆུང་མ་སྦས་པ་ནི།། སེམས་ཅན་ཕན་པ་བྱེད་པའི་འབྲས་བུ་ཡིན།། སེམས་ཅན་རྣམས་ལ་དགའ་བར་བྱེད་པ་ཡིས།། རྒྱལ་སྲིད་རྒྱལ་སྲིད་ཆེ་དང་ཡང་དག ་གི། རྒྱལ་སྲིད་འཁོར་ལོས་སྒྱུར་བ་མཆོག་ཉིད་དང་།། དང་པོའི་གནས་ནི་ཐོབ་པར་འགྱུར་པ་ཡིན།། སྐྱེས་བུ་སེམས་ཅན་ཕན་པར་བྱེད་པ་ཡིས།། སངས་རྒྱས་གོ་འཕང་ཡང་ནི་ཐོབ་འགྱུར་ན།། གྲང་ཞིག་སྙིང་པོ་མེད་པ་དམན་པའི ་ལྷ།། ཐོབ་པ་འདི་ལ་ངོ་མཚར་ཅི་ཞིག་ཡོད།། གལ་ཏེ་སེམས་ཅན་དེ་དག་མེད་གྱུར་ན།། འདི་ནི་གང་གི་ཆེད་དུ་སྦྱིན་པ་གཏོང་།། གལ་ཏེ་ལུས་ཅན་རྣམས་ནི་མེད་གྱུར་ན།། གང་ལས་འདུལ་བའི་ཚུལ་ཁྲིམས་ཐོབ་པར་འགྱུར།། ཉེས་པ ་བྱེད་པ་ཡང་ནི་གང་ཞིག་ཡིན།། གང་གི་ཆེད་དུ་དཔའ་བོ་བཟོད་པ་བསྒོམ།། གང་ཞིག་མངོན་པར་འདོད་པ་ཐོབ་བྱའི་ཕྱིར།། སུ་ཡི་ཆེད་དུ་བརྩོན་འགྲུས་དེ་དེ་བྱེད།། གལ་ཏེ་ལུས་ཅན་རྣམས་ནི་མེད་གྱུར་ན།། ཇི་ལྟར་དུ་བྱམས་དང་སྙིང་རྗེ ་དགའ་བ་དང་།། བཏང་སྙོམས་དྲག་ལ་ཡང་དག་བརྟེན་ནས་ནི།། བསམ་གཏན་བཏང་སྙོམས་འཇུག་བདེ་བ་ཐོབ་པར་འགྱུར།། ཐར་པའི་བདེ་བ་དངོས་དང་དངོས་མེད་ཤེས།། ཁམས་དང་བསམ་པ་བག་ལ་ཉལ་དུ་བརྗོད།། ཀུན་ནས་ཉོན་མོངས ་རྣམ་པར་བྱང་བ་དག། གལ་ཏེ་དེ་དག་མེད་ན་ཇི་ལྟར་ཤེས།། བྱང་ཆུབ་ཕྱོགས་དང་མཐུན་པའི་ཆོས་རྣམས་ཀྱིས།། རྒྱུ་ནི་འདི་ལྟར་སེམས་ཅན་རྣམས་ཡིན་པ།། དེ་ཕྱིར་རྫོགས་པའི་བྱང་ཆུབ་འདོད་པ་ཡིས།། སེམས་ཅན་རྣམས་ནི་བླ་མ ་བཞིན་དུ་བལྟ།། དེ་ལྟར་འབྱུང་པོ་རྣམས་ནི་བདེ་ཆེན་གྱིས།། སྒོ་རུ་སེམས་བཞིན་པར་ནི་བྱེད་པ་ལྔ།། འགྲོ་བ་ན་ནི་དཀའ་བའི་རྣམ་པ་ནི།། མི་བཟོད་གང་ཡིན་དེ་ལ་ཅུང་ཟད་མེད།། གྲོང་གི་སེམས་ལ་སེམས་ཅན་རྣམས།། བདག་ཉིད་ཡིན། ་པ་དེ་ལྟར་གནས།། དེ་ལ་ཕྱི་རོལ་དངོས་ཚོགས་དང་།། ཆུང་མ་དག་ཀྱང་མངོན་ཞེན་མེད།། བདག་ཉིད་དང་ནི་པ་མ་དང་།། བུ་དང་ཆུང་མ་དག་ལ་ཡང་།། གནོད་པ་དེ་འདྲ་ཁས་བླང་གི། སེམས་ཅན་རྣམས་ལྔ་གནོད་མི་བྱེད།། ཉེས་པ ་དྲག་པོ་བྱེད་པ་ཡི།། སེམས་ཅན་ལ་བཟོད་ཕན་སེམས་ལྡན།། སེམས་ཅན་རྣམས་ལ་གུས་ལྡན་པ།། ཉེས་པ་ཆུང་ངུའང་མི་བྱེད་དོ།། འདི་དག་ཉིད་ལ་ཕན་འདོད་པའི།། བརྩོན་འགྲུས་གོ་ཆ་གྱོན་པ་ནི།། འབྲས་བུ་ཆེ་ལ་བསྐལ ་སྟོང་དུ།། དམྱལ་བའི་མེར་ཡང་གནས་པར་སྤྲོ།། བདག་གི་སྐྱེ་དང་འཇིག་དང་རྟོག་པ་ལ།། ཇི་ལྟ་བ་དང་ཇི་སྙེད་གནོད་པ་ཡི།། སེམས་ཅན་དེ་དག་བསམ་གཏན་དང་པོ་ནི།། བླ་མ་དང་ནི་བླ་མར་རབ་ཏུ་བསྒོམ།། ་དེ་ལྟར་ཆོས་ལྔ་པོ་དག་ཡོད་ན་ནི།། ལེགས་སྐྱེས་རྩཝ་ཅན་བྱང་ཆུབ་སེམས་དཔའ་ནི།། འཕགས་པ་ཤེས་རབ་ཕ་རོལ་ཕྱིན་པ་ཡིས།། ངེས་པར་གང་བ་ཡིན་པར་བརྗོད་པར་བྱ།། གང་ཞིག་རྟེན་པས་ཆེན་པོ་ཉིད་ཐོབ་ཅིང་།། གནོད་པས ་དཀའ་བའི་ལོག་པར་ལྷུང་བ་འཐོབ།། སྲོག་ཀྱང་ཡོངསུ་བཏང་བར་བྱས་ནས་ཀྱང་།། དེ་དག་དགའ་བར་བྱས་ཉིད་དུ་རཱིགོས།། མང་པོ་གང་དག་རྟེན་པས་གྲུབ་པ་ནི།། ཐོབ་པ་དེ་ལྟར་སེན་དེ་དག་ཡིན།། སེན་དེ་དག་ལྔ་ནི་ཞིང་གཞན་བཱི། གྲུབ་བཱི་ཞིང ་ནི་འགྲོ་བ་ན་ཡོད་མིན།། འདི་དག་ཡིད་བཞིན་ནོར་བུ་སྟེ།། བུམ་པ་བཟོད་ཡིན་འདོད་འཇོའི་བ།། དེ་ཕྱིར་ལྷ་དང་བླ་མ་ཡིན།། དེ་དག་རྟེན་པར་བྱ་བ་ཡིན།། ལུང་དང་རིགས་པས་ཡོངསུ་བལྟས་ནས་ནི།། སེམས་ཅན་ཀུན་ནི་བདག་གི། ་སྣུམ་རློམ་པའི།། དམ་པའི་ལག་ཏུ་དགེ་ལེགས་ཐམས་ཅད་ནི།། ཡུན་མེ་རིང་བར་འབྱུང་བར་འགྱུར་བ་ཡིན།། འདི་ནི་ཐུང་པ་ཆེན་པོའི་སྤྱོད་པ་སྟེ།། དབང་བཅས་འདི་ལ་དཔྱད་པ་མཱ་བྱའོ།། ཇི་སྲིད་འདི་ནི་མངོན་དུ་མ་བྱས་པ།། ་དེ་སྲིད་གྲུབ་པ་སྲིད་པ་མ་ཡིན་ནོ།། རེ་ཞིག་བརྟག་པར་བྱ་ཕྱིར་ཇི་སྐད་དུ།། བཤད་པ་འདི་ལ་འབད་པ་གྱིས་ཤིག་དང་།། ཆེན་པོ་ཉིད་ཀྱི་རྒྱུ་མཚན་དུ་གྱུར་པ།། ཡོན་ཏན་རང་ཉིད་ཀྱིས་ནི་ཐོབ་པར་འགྱུར།། འདི་ནི་ཆེན་པོ་ཉིད་ཀྱི་ལམ། ་རིགས་ནི་སེམས་ཅན་ཆེན་པོས་བསྟེན།། སེམས་ཅན་ཀུན་ལ་བདེ་སྟེར་བའི།། འཕགས་འདི་ཡིད་བཞིན་ནོར་བུ་ཡིན།། རྨི་ལམ་ཡིད་བཞིན་ནོར་བུའི་གཏམ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགསོ།། ། ་ཁྭ་ཆེའི་པཎྜི་ཏ་ཤྲཱི་རཱ་ཐ་དང་། ལོ་ཙཱ་བཾ་དགེ་སློང་གྲགས་འབྱོར་ཤེས་རབ་ཀྱིས་བསྒྱུ།། །། ། རྒྱ་གར་སྐད་དུ། དཱ་ན་པ་རི་ཀཾ་བྷཱ། བོད་སྐད་དུ། སྦྱིན་པའི་གཏམ། དཀོན་མཆོག་གསུམ་ལཱ་ཕྱག་འཚལ ་