| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། རཱ་ཛ་པ་རི་ཀ་ཐཱ་རཏྣ་མཱ་ལཱི། བོད་སྐད་དུ། རྒྱལ་པོ་ལ་གཏམ་བྱ་བ་རིན་པོ་ཆེའི་ཕྲེང་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚ་ལོ།། ཉེས་པ་ཀུན་ལས་རྣམ་གྲོལ་ཞིང་།། ་ཡོན་ཏན་ཀུན་གྱིས་བརྒྱན་པ་པོ།། སེམས་ཅན་ཀུན་གྱི་གཉེན་གཅིག་པོ།། ཐམས་ཅད་མཁྱེན་ལ་བདག་ཕྱག་འཚལ།། རྒྱལ་པོ་ཁྱོད་ལ་ཆོས་བསྒྲུབ་ཕྱིར།། གཅིག་ཏུ་དགེ་བའི་ཆོས་བཤད་དེ།། དམ་པའི་ཆོས་ཀྱི་སྣོད་ལ་ནི།། ཆོས ་གྲུབ་འགྱུར་ཏེ་གང་ཞིག་ལ།། དང་པོར་མངོན་པར་མཐོ་བའི་ཆོས།། ཕྱིས་ནི་ངེས་པར་ལེགས་འབྱུང་བ།། གང་ཕྱིར་མོམངོན་པར་མཐོ་ཐོབ་ནས།། རིམ་གྱིས་ངེས་པར་ལེགས་པ་འོང་།། དེ་ལ་མངོན་མཐོ་བདེ་བ་སྟེ།། ངེས་པར་ལེགས།། ་པ་ཐར་པར་འདོད།། དེ་ཡི་བསྒྲུབ་པ་མདོར་བསྡུ་ན།། མདོར་ན་ནད་དང་ཤེས་རབ་བོ།། དད་ཅན་ཉིད་ཕྱིར་ཆོས་ལ་བརྟེན།། ཤེས་རབ་ལྡན་ཕྱིར་ཡང་དག་རིགས།། འདི་གཉིས་གཙོ་བོ་ཤེས་རབ་སྟེ།། འདི་སྔོན་འགྲོ་བ་དད་པ་ཡིན།། ་འདུན་དང་ཞེ་སྡང་འཇིགས་པ་དང་།། རྨོངས་པས་གང་ཞིག་ཆོས་མི་འདལ།། དེ་ནི་དད་པ་ཅན་ཞེས་བྱ།། ངེས་པར་ལེགས་པས་སྣོད་མཆོག་ཡིན།། གང་ཞིག་ལུས་ངག་ཡིད་ཀྱི་ལས།། ཐམས་ཅད་ལེགས་པར་ཡོངས་བརྟགས་ཏེ།། ་བདག་དང་གཞན་ལ་ཕན་ཤེས་ནས།། རྟག་ཏུ་བྱེད་པ་དེ་མཁས་པ།། མི་བསོད་པ་དང་རྐུ་སྤོང་དང་།། གཞན་གྱི་ཆུང་མ་སྤོང་བ་དང་།། ལོག་དང་ཕྲ་མ་རྩུབ་ཉིད་དང་།། མ་འབྲེལ་སྨྲ་བ་ཡང་དག་སྡོམ།། ཆགས་དང་གནོད། ་སེམས་མེད་པ་ལ།། ཉིད་ཀྱི་ལྟ་བ་ཡོངས་སྤོང་བ།། འདི་དག་ལས་རྣམས་ལམ་དཀར་བཅུ་སྟེ།། བཟློག་པ་དག་ནཱི་ནག་པོ་ཡིན།། ཆང་མི་འཐུང་དང་འཚོ་བ་བཟང་།། རྣམ་མི་ཚེ་དང་གུས་སྦྱིན་དང་། ་མཆོད་འོས་མཆོད་དང་བྱམས་པ་སྟེ།། མདོར་ན་ཆོས་ནི་དེ་ཡི་ནོ།། ལུས་གདུང་བྱེད་པ་འབའི་ཞིག་ལས།། ཆོས་མེད་འདི་ལྟར་དེ་ཡིས་ནི།། གཞན་ལ་གནོད་པ་སྤྱོད་མེད་ཅིང་།། གཞན་ལ་ཕན་འདོགས་ཡོད་མོ་ཡིན།། སྦྱིན ་ངང་ཚུལ་ཁྲིམས་བཟོད་གསལ་བ།། དམ་ཆོས་ལམ་པོ་ཆེ་ལ་གང་།། མ་གུས་ལུས་གདུང་གནག་ལམ་ལྟའི།། ལམ་གོལ་དག་ནས་འགྲོ་བ་སྟེ།། འཁོར་བའི་འབྲོག་ནི་མི་བཟད་པའི།། མཐའ་ཡས་སྐྱེ་བོ་ཤིང་ཅན་དུ།། ་ཉོན་མོངས་གདུག་པས་འཁྱུད་པའི་ལུས།། ཤིན་ཏུ་ཡུན་རིང་འཇུག་པར་འགྱུར།། བསོད་པ་ཡིས་ནི་ཚེ་ཐུང་འགྱུར།། རྣམ་པར་འཆེ། གནོད་པ་མང་།། བརྐུ་བ་ཡིས་ནི་ལོངས་སྤྱོད་ཕོངས།། བྱི་བོ་བྱེད་པས་དགྲ་དང་བཅས།། ་བརྫུན་དུ་སྨྲ་བས་སྐུར་བ་སྟེ།། ཕྲ་མ་ཡིས་ནི་བཤེས་དང་འབྱེ།། ཚིག་རྩུབ་ཉིད་ཀྱིས་མི་སྙན་ཐོས།། མ་འབྲལ་པ་ཉིད་ཀྱིས་མ་སྙན་ཐས།། མ་འབྲེལ་པ་ཡིས་ཚིག་མི་བཙུན།། བརྣབ་སེམས་ཡིད་ལ་རེ་བཱ་འཇོམས།། གནོད ་སེམས་འཇིགས་པ་སྦྱིན་པར་བྱེད།། ལོག་པར་ལྟ་བས་ལྟོ་ངན་ཉིད།། ཆང་འཐུང་བས་ནི་བློ་འཁྲུལ་ཏེ།། སྦྱིན་པ་མ་གཏང་དབུལ་བ་ཉིད།། ལོག་པར་འཚོ་བས་བསླུས་པ་སྟེ།། ཁེངས་པ་ཡིས་ནི་རིགས་ངན་ཉིད།། ཕྲག ་དྲོག་གིས་ནི་གཟི་ཆུང་ཉིད།། ཁྲོ་བས་ཁ་དོག་ངན་པ་ཉིད།། མཁས་ལ་མི་འདྲི་བླུན་པ་ཉིད།། མི་ཉིད་ལ་ནི་འབྲས་བུ་ཉིད།། ཀུན་གྱིས་དང་པོ་ངན་འགྲོར་རོ།། མི་དགེ་ཞེས་བྱ་དེ་དག་གི། རྣམ་སྨིན་བསྒྲགས་པ་གང་ཡིན་པ ་དགེ་བ་དག་ནི་ཐམས་ཅད་ལ།། འབྲས་བུ་དེ་ནི་བཟློག་སྟེ་འབྱུང་།། ཆགས་དང་ཞེ་སྡང་གཏི་མུག་དང་།། དེས་བསྐྱེད་ལས་ནི་མི་དགེ་བ།། མ་ཆགས་ཞེ་སྡང་གཏི་མུག་མེད།། དེས་བསྐྱེད་ལས་དེ་དགེ་བ་ཡིན།། མི་དགེ་བ་ལས ་སྡུག་བསྔལ་ཀུན།། དེ་བཞིན་ངན་འགྲོ་ཐམས་ཅད་དོ།། དགེ་ལས་བདེ་འགྲོར་ཐམས་ཅད་དང་།། སྐྱེ་བ་ཀུན་ཏུ་བདེ་བ་དོག། ཡིད་དང་ལུས་དང་ངག་གིས་ནི།། མི་དགེ་ཀུན་ལས་ལྡོག་བྱ་ཞིང་།། དགེ་ལ་རྟག་ཏུ་འཇུག་བྱ་བ།། ཆོས་འདི ་རྣམ་པ་གཉིས་སུ་བཤད།། ཆོས་འདིས་དམྱལ་བ་ཡི་དགས་དང་།། དུད་འགྲོ་དག་ལས་རྣམ་གྲོལ་ཞིང་།། ལྷ་དང་མི་ཡི་ནང་དྲག་ཏུ།། བདེ་དཔལ་རྒྱལ་སྲིད་རྒྱས་པ་འཐོབ།། བསམ་གཏན་ཚད་མེད་གཟུགས་མེད་ཀྱི།། ་ཚངས་སོགས་བདེ་བ་མྱོང་བར་བྱེད།། དེ་ལྟར་མངོན་མཐོའི་ཆོས་འདི་དང་།། དེ་ཡི་འབྲས་བུ་མདོར་བསྡུས་པའོ།། ངེས་པར་ལེགས་པའི་ཆོས་དག་ཀྱང་།། ཕྲ་ཞིང་ཟབ་པར་སྣང་བ་དང་།། བྱིས་པ་ཐོས་དང་མི་ལྡན་ལ།། ་སྐྲག་པར་བྱེད་པར་རྒྱལ་བས་གསུངས།། བདག་ཡོད་མ་ཡིན་ཡོད་མི་འགྱུར།། བདག་གི་ཡོད་མིན་མི་འགྱུར་ཞེས།། བྱིས་པ་དག་ནི་དེ་ལྟར་སྐྲག། མཁས་པ་ལ་ནི་སྐྲག་པ་ཟད་།། སྐྱེ་དགུ་འདི་ནི་མ་ལུས་པ།། ངར་འཛིན་པ ་ལས་བྱུང་བ་དང་།། ང་ཡིར་འཛིན་ལྡན་སྐྱེ་དགུ་ལ།། ཕན་པ་གཅིག་ཏུ་གསུང་བས་གསུངས།། བདག་ཡོད་བདག་གི་ཡོད་ཅེས་པ།། འདི་ནི་དམ་པའི་དོན་དུ་ལོག། ག་ཕྱིར་ཡང་དག་ཇི་ལྟ་བ།། ཡོངསུ ་གཉིས་མི་འབྱུང་།། ངར་འཛིན་ལྔ་བྱུང་ཕུང་པོ་རྨཱ། ངར་འཛིན་དེ་ནི་དོན་དུ་བརྫུ་ནི།། གང་གིས་ས་བོན་བརྫུན་པ་དེའི།། སྐྱེ་བ་བདེན་པ་ག་ལ་ཞིག། ཕུང་པོ་དེ་ལྟར་མི་བདེན་པར།། མཐོང་ནས་ངར་འཛིན་སྤོང་བར་འགྱུར།། ངར་འཛིན་པ་དག་སྤངས ་ནས་ནི།། ཕྱིས་ནི་ཕུང་པོ་འབྱུང་མི་འགྱུར།། ཇི་ལྟར་མེ་ལོང་བརྟེན་ནས་སུ།། རང་བཞིན་གཟུགས་བརྙན་སྣང་མོད་ཀྱི།། དེ་ནི་ཡང་དག་ཉིད་དུ་ན།། ཅུང་ཟད་ཀྱང་ནི་ཡོད་མིན་པ།། དེ་བཞིན་ཕུང་པོ་རྣམས་བརྟེན་ནས།། ངར་འཛིན་པ་ནི ་དམིགས་པར་འགྱུར།། རང་གི་བཞིན་གྱི་གཟུགས་བརྙན་བཞིན།། ཡང་དག་ཉིད་དུ་དེ་དགའ་མེད།། ཇི་ལྟར་མེ་ལོང་མ་བརྟེན་པར།། རང་བཞིན་གཟུགས་བརྙན་མི་སྣང་ལྟར།། ཕུང་པོ་རྣམས་ལཱ་མ་བརྟེན་པར།། ངར་འཛིན། ་པའང་དེ་དང་འདྲ།། འཕགས་པ་ཀུན་དགའ་བོ་ཡིས་ནི།། དེ་ལྟ་བུ་ཡི་དོན་ཐོས་ནས།། ཆོས་ལ་མིག་ཐོབ་བདག་ཉིད་ཀྱི།། དགེ་སློང་རྣམས་ལ་བཟླས་ཏེ་སྨྲས།། ཇི་སྲིད་ཕུང་པོར་འཛིན་ཡོད་པ།། དེ་སྲིད་དེ་ལ་ངར་འཛིན་ཡོད།། དྲར ་འཛིན་ཡོད་ན་ཡང་ལས་ཏེ།། དེ་ལས་ཡང་ནི་སྐྱེ་བ་ཡིན།། ལམ་གསུམ་ཐོག་མཐའ་དབུས་མེད་པ།། འཁོར་བའི་དཀྱིལ་འཁོར་འགལ་མེ་ཡི།། དཀྱིལ་འཁོར་ལྟ་བུར་ཕན་ཚུན་གྱི།། རྒྱུ་ཅན་འདི་ནི་འཁོར་བར་འགྱུར།། དེ་ནི་རང ་གཞན་གཉིས་ཀ་དང་།། དུས་གསུམ་ཉིད་དུའང་མ་འཐོབ་ཕྱིར།། ངར་འཛིན་པ་ནི་ཟད་པར་འགྱུར།། དེ་ནས་ལས་དང་སྐྱེ་བ་ཡང་།། དེ་ལྟར་རྒྱུ་འབྲས་སྐྱེ་བ་དང་།། དེ་དག་ཟད་པ་ཉིད་མཐོང་ནས།། ཡང་དག་ཉིད་དུ་འཇིག་རྟེན་། ་ལ།། ཡོད་མེད་ཉིད་དུ་མི་སེམས་སོ།། སྡུག་བསྔལ་ཐམས་ཅད་ཟད་པ་ཡིས།། ཆོས་འདི་ཐོས་ནས་རྟོག་མེད་པ།། མི་འཇིགས་གནས་ལ་སྔ་ར་བ་དག། ཡོངསུ་མི་ཤེས་ཕྱིར་སྐྲག་གོ།། མྱ་ངན་འདས་ལ་འདི་དག་ཀུན།། མེད ་གྱུར་ན་ཁྱོད་མི་འཇིགས།། འདིར་དེ་མེད་པར་བཤད་པ་ལ།། ཁྱོད་ནི་དྲི་སྟེ་འཇིགས་པར་བྱེད།། མཐར་ལ་བདག་མེད་ཕུང་པོ་མེད།། གལ་ཏེ་ཐར་པ་དེ་འདྲར་འདོད།། བདག་དང་ཕུང་པོ་གསལ་བ་ལ།། འདིར་ན་ཁྱོད ་ཀོ་ཅིས་མི་དགའ།། མྱ་ངན་འདས་པ་དངོས་མེད་པའང་།། མིན་ན་དེ་དངོས་ག་ལ་ཡིན།། དངོས་དང་དངོས་མེད་དེར་འཛིན་པ།། ཟད་པ་མྱ་ངན་འདས་ཤེས་བྱའོ།། མདོར་ན་མེད་པར་ལྟ་བ་ཉིད།། ལས་ཀྱི་འབྲས་བུ་མེད་ཅེས ་བ|བསོད་ནམས་མ་ཡིན་ངན་སོང་བ།། དེ་ནི་ལོག་པར་ལྟ་ཞེས་བཤེད།། མདོར་ན་ཡོད་པར་ལྟ་བ་ཉིད།། ལས་ཀྱི་འབྲས་བུ་ཡོད་ཅེས་པ།། བསོད་ནམས་བད་འགྲོ་རྒྱུ་མཐུན་པ།། ཡང་དག་ལྟ་བ་ཞེས་བཤད་དོ།། ཤེས་པས ་མེད་དང་ཡོད་ཞིའི་ཕྱིར།། སྡིག་དང་བསོད་ནམས་ལས་འདས་པ།། དེ་ཡི་ངན་འགྲོ་བདེ་འགྲོ་ལ།། དེ་ནི་ཐར་པར་དམ་པས་བཤད།། རྒྱུ་དང་བཅས་པས་སྐྱེ་མཐོང་བས།། མེད་པ་ཉིད་ལས་འདས་པ་ཡིན།། རྒྱུ་དང་བཅས ་པས་འགགས་མཐོང་བས།། ཡོད་པ་ཉིད་དུའང་ཁས་མི་ལེན།། སྔར་སྐྱེས་པ་དང་ལྷན་ཅིག་སྐྱེས།། རྒྱུ་མིན་དོན་དུ་རྒྱུ་མེད་དོ།། གཏགས་དང་ཡང་དག་ཉིད་དུ་ན།། སྐྱེ་བའང་རབ་ཏུ་མ་གྲགས ་ཕྱིར།། འདི་ཡོད་པས་ན་འདི་འབྱུང་དཔེར།། རིང་པོ་ཡོད་པས་ཐུང་ངུ་བཞིན།། འདི་སྐྱེས་པས་ན་འདི་སྐྱེས་དཔེར།། མར་མེ་སྐྱེས་པས་འོདི་བཞིན་ནོ།། རིང་པོ་ལྟ་ན་ཐུང་ངུ་ཉིད།། རང་གི་ངོ་བོ་ལས་མ་ཡིན།། མར་མེ་བྱུང་བ ་མེད་པའི་ཕྱིར།། འོད་ཀྱང་འབྱུང་བ་མེད་པ་བཞིན།། དེ་ལྟར་རྒྱུ་འབྲས་སྐྱེ་མཐོང་ཞིང་།། འཇིག་རྟེན་འདི་ན་ཇི་བཞིན་དུ།། སྤྲོས་ལས་བྱུང་བར་ཁས་བླངས་པས།། མེད་པ་ཉིད་དུ་ཁས་མི་ལེན།། འགོག་པ་སྤྲོས་ལས་མ་བྱུང་བ།། ་ཡང་དག་ཇི་བཞིན་ཉིད་གྱུར་པ།། ཁས་ལེན་ཡོད་པ་ཉིད་མི་འགྱུར།། དེས་ན་གཉིས་མེད་རྟེན་པ་གྲོལ།། ཐག་རིངས་ནས་ནི་མཐོང་བྱའི་གཟུགས།། ཉེ་བ་རྣམས་ཀྱིས་གསལ་བར་མཐོང་།། སྨིག་རྒྱུ་གལ་ཏེ་ཆུ་ཡིན་ན།། ཉེ་བ ་རྣམས་ཀྱིས་ཅིས་མི་མཐོང་།། ཇི་ལྟར་རིང་བ་རྣམས་ཀྱིས་ནི།། འཇིག་རྟེན་འདི་ནི་ཡང་དག་མཐོང་།། དེ་ལྟར་དེ་དང་ཉེ་རྣམས་ཀྱི།། མི་མཐོང་མཚན་མེད་སྨིག་རྒྱུ་བཞིན།། ཇི་ལྟར་སྨིག་རྒྱུ་ཆུ་འདྲ་བ།། ཆུ་མིག་དོན་དུ་མ་ཡིན་པ།། ་བཞིན་ཕུང་པོ་བདག་འདྲ་བ།། དེ་དགེ་བདག་མིན་དོན་དུ་མིན།། སྨིག་རྒྱུ་ལ་ནི་འདི་ཆུ་ཞེས།། བསམ་དེ་དེ་ནི་སོང་བ་ལས།། གལ་ཏེ་ཆུ་དེ་མེད་དོ་ཞེས།། འཛིན་པ་དེ་ནི་བླུན་པ་ཉིད།། དེ་བཞིན་སྨིག་རྒྱུ་ལྟ་བུ་ཡི།། འཇིག་རྟེན་ཡོད་པ ་འམ་མེད་པ་ཞེས།། འཛིན་པ་དེ་ནི་རྨོངས་པ་སྟེ།། རྨོངས་པ་ཡོད་ན་མྱི་གྲོལ་ལོ།། མེད་པ་པ་ནི་ངན་འགྲོར་འགྲོ།། ཡོད་པ་པ་ནི་བདེ་འགྲོར་འགྲོ།། ཡང་དག་ཇི་བཞིན་ཡོངས་ཤེས་ཕྱིར།། གཉིས་ལ་མི་བརྟེན་ཐར་པར་འགྱུར། ་ཡང་དག་ཇི་བཞིན་ཡོངས་ཤེས་བསྡུ།། མྱེད་དང་ཡོད་པར་མི་འདོད་པ།། དེ་ཕྱིར་མེད་པ་པར་གྱུར་ནཱ།། ཅི་ཕྱིར་ཡོད་པ་པར་མི་འགྱུར།། གལ་ཏེ་ཡོད་པ་སུན་ཕྱུང་བས།། དོན་གྱིས་འདི་ནི་མེད་པར་བསླན།། དེ་བཞིན་མེད ་པ་སུན་ཕྱུང་བས།། ཡོད་པར་ཅི་ཡི་ཕྱིར་མི་བསླན།། གང་དག་དོན་གྱི་དེ་ཉིད་དུ།། དམ་ནི་འཆའ་ཞིང་མི་སྤྱོད་པ།། བྱང་ཆུབ་རྟེན་ཕྱིར་སེམས་མེད་ན།། དེ་དག་ཇི་ལྟར་མེད་པར་བཤད།། གང་ཟག་ཕུང་པོར་སྨྲ་བ་ཡི།། འཇིག ་རྟེན་གྲངས་ཅན་འུག་འཕྲུག་དང་།། གོས་མེད་བཅས་ལ་གལ་ཏེ་ཞིག། ཡོད་མེད་འདས་པ་སྨྲ་ན་འདྲིས།། དེ་ཕྱིར་སངས་རྒྱས་རྣམས་ཀྱི་ནི།། བསྟན་པ་འཆི་མེད་ཡོད་མེད་ལས།། འདས་པ་ཟབ་མ་འད་བཤད་པ།། འདས ་པ་ཟབ་མོ་འདི་བཤད་པ།། ཆོས་ཀྱི་ཁུད་པ་ཡིན་ཞེས་ཀྱིས།། ཞིག་གནས་འགྲོ་མེད་འོང་མེད་ཅིང་།། སྐད་ཅིག་ཀྱང་ནི་མི་གནས་པ།། དེ་ལྟར་དུས་གསུམ་འདས་པའི་བདག། འཇིག་རྟེན་དོན་དུ་ཅི་ཡོད་དམ།། གང་ཕྱིར་གཉིས ་ཀའང་ཡང་དག་ཏུ།། འགྲོ་དང་འོངས་དང་གནས་མེད་པ།། དེ་ཕྱིར་འཇིག་རྟེན་མྱ་ངན་འདས།། དོན་དུ་ཁྱད་པར་ཇི་ལྟ་བུ།། གནས་པ་མེད་ཕྱིར་སྐྱེ་བ་དང་།། འགག་པ་ཡང་དག་ཉིད་མིན་ན།། སྐྱེ་བ་དང་ནི་གནས་པ་དང་།། འགག་པ ་དོན་དུ་ག་ལ་ཞིག། གལ་ཏེ་རྟག་ཏུ་གྱུར་ན་ནི།། ཇི་ལྟར་སྐད་ཅིག་མ་ཡིན་དངོས།། གལ་ཏེ་འགྱུར་བ་མེད་ནཱ་ནི།། དོན་དུ་གཞན་ཉིད་ག་ལ་འགྱུར།། ཕྱོགས་གཅིག་གམ་ནི་ཐམས་ཅད་དུ།། ཟད་པ ་སྐད་ཅིག་འགྱུར་གྲང་ན།། མི་འདྲ་བ་ཉིད་མི་དམིགས་ཕྱིར།། དེ་རྣམས་གཉིས་ཀའང་རིགས་ལྡན་མིན།། སྐད་ཅིག་ཡིན་ན་རིལ་མེང་ཕྱིར།། རྙིང་པ་འགའ་ལྟ་ག་ལ་ཞིག་བརྟན་ཕྱིར་སྐད་ཅིག་མིན་ན་ཡང་།། རྙིང་པ་འག ་ལྟ་ག་ལ་ཞིག། ཇི་ལྟར་སྐད་ཅིག་མཐཱ་ཡོད་པ།། དེ་བཞིན་ཐོག་མ་དབུས་པ།། དེ་ལྟར་སྐད་ཅིག་གསུམ་བདག་ཕྱིར།། འཇིག་རྟེན་སྐད་ཅིག་གནས་པ་མིན།། ཐོག་མ་དབུས་དང་ཐ་མ་ཡང་།། སྐད་ཅིག་བཞིན་དུ་བསམ་པར་བྱ།། ཐོག་མ ་དབུས་དང་ཐ་མ་ཉིད།། རང་བཞིན་ལས་ཀྱང་མ་ཡིན་ནོ།། ཐ་དད་ཕྱོགས་ཕྱིར་གཅིག་པུ་མིན།། ཕྱོགས་མེད་པ་ནི་འགའ་ཡང་མེད།། གཅིག་མེད་པར་ནི་དུ་མའང་མེད།། ཡོད་པ་མེད་ཕྱིར་མེད་པའང་མེད།། ཞིག ་པའམ་ནི་གཉེན་པོ་ཡིས།། ཡོད་ཉིད་མེད་པར་འགྱུར་གྲང་ན།། ཡོད་པ་སྲིད་པ་མ་ཡིན་ཕྱིར།། འཇིགས་པ་འམ་གཉེན་པོར་ཇི་ལྟར་འགྱུར།། དེ་བྱིར་མྱ་ངན་འདས་པ་ཡིས།། འཇིག་རྟེན་དོན་དུ་འགྲིབ་མི་འགྱུར།། འཇིག ་རྟེན་མཐའ་དང་ལྡན་ནམ་ཞེས།། ཞུས་ན་རྒྱལ་བ་མི་གསུང་ཕྱིར།། དེ་ལྟར་ཟབ་པའི་ཆོས་རྣམས་ནི།། སྣོད་མིན་འགྲོ་ལ་མི་གསུང་བ།། དེ་ཉིད་ཕྱིར་ན་མཁས་རྣམས་ཀྱིས།། ཀུན་མཁྱེན་ཐམས་ཅད་མཁྱེན་པར་ཤེས།། དེ་ལྟར ་ངེས་པར་ལགས་པའི་ཆོས།། ཟབ་མོ་ཡོངསུ་འཛིན་མེད་ཅིང་།། གནས་མེད་ཅེས་ནི་རྫོགས་སངས་རྒྱས།། ཐམས་ཅད་གཟིགས་པ་རྣམས་ཀྱིས་གསུངས།། གནས་མེད་ཆོས་འདིས་སྐྲག་པ་ཡིས།། སྐྱེ་བོ་རྣམས་ལ་མངོན ་དགའ་ཞིང་།། ཡོད་དང་མེད་ལས་མ་འདས་པ།། མི་མཁས་རྣམས་ནི་འཕུང་བར་འགྱུར།། འཇིགས་མིན་གནས་འཇིགས་དེ་དག་ནི།། ཕུང་ལ་གཞན་ཡང་ཕུང་བར་བྱེད།། རྒྱལ་པོ་ཕུང་བ་དེ་དག་གོས།། ཅི་ནས་མི་ཕུང ་དེ་ལྟར་གྱིས།། རྒྱལ་པོ་ཁྱོད་ནི་མི་ཕུང་བར།། བགྱི་སླད་འཇིག་རྟེན་འདས་ཀྱི་ཚུལ།། གཉིས་ལ་མི་རྟེན་ཡང་དག་པ།། ཇི་བཞིན་ལུང་གི་དབང་གིས་བཤད།། སྡིག་དང་བསོད་ནམས་བྱ་བ་འདས།། ཟབ་མོ་བཀྲོལ་བའི ་དོན་དང་ལྡན།། མུ་སྟེགས་གཞན་དང་རང་གཱི་ཡང་།། གནས་མེད་འཇིགས་པས་མ་མྱངས་པའོ།། སྐྱེས་བུ་ས་མིན་ཆུ་མ་ཡིན།། མེ་མིན་རླུང་མིནྡ་ན་མཁའ་མིན།། རྣམ་ཤེས་མ་ཡིན་ཀུན་མིན?་ནཱ།། དེ་ལས་གཞན་དོན་སྐྱེས ་བུ་གང་།། སྐྱེས་བུ་ཁམས་དྲུག་འདུས་པའི་ཕྱིར།། ཡང་དག་མ་ཡིན་ཇི་ལྟ་བ།། དེ་བཞིན་ཁམས་ནི་རཱི་རེ་ལའང་།། འདུས་ཕྱིར་ཡང་དག་ཉིད་དུ་མིན།། ཕུང་པོ་བདག་མིན་དེར་དེ་མིན།། དེ་ལ་དེ་མིན་དེ་མེད་མིན།། ཕུད ་བདག་མེ་ཤིང་ལྟར་འདྲེས་མིན།། དེ་ཕྱིར་བདག་ནི་ཇི་ལྟར་ཡོད།། འབྱུང་གསུམ་ས་མིན་འདི་ལ་མིན།། དེ་ལ་འདི་མིན་དེ་མེད་མིན།། རེ་རེའང་དེ་བཞིན་དེ་ཡི་ཕྱིར།། འབྱུང་བ་རྣམས་ཀྱང་བདག་བཞིན་བརྫུན།། ས་ཆུ་མེ་དང ་རླུང་ནན་།། རེ་རེའང་ངོ་བོ་ཉིད་དུ་མེད།། གུང་གསུམ་མེད་པར་རེ་རེ་མེད།། གཅིག་མེད་པར་ཡང་གསུམ་མེད་དོ།། གལ་ཏེ་གསུམ་མེད་རེ་རེ་མེད།། གཅིག་མེད་པར་ཡང་གསུམ་དེ་མིན།། སོ་སོར་ཡོད་པ་མ་ཡིན་ཏེ། ་ཇི་ལྟར་འདུས་པ་སྐྱེད་པར་འགྱུར།། འོན་ཏེ་སོ་སོར་རང་ཡོད་ན།། བུད་ང་ཤིང་མེད་པར་མེ་ཅིས་མེད།། གཡོ་དང་ཐོགས་དང་སྡུད་པ་དང་།། ཆུ་དང་རླུང་དང་ས་དེ་བཞིན།། འོན་ཏེ་མི་འདི་གླགས་ཡིན་ན།། ཇི་ལྟར་ཁྱོད ་ཀྱིས་གསུམ་གཞོན་རུང་།། གསུམ་པོ་རྟེན་ཅིང་འབྱུང་བ་དང་།། ཆོས་མི་མཐུན་པར་རུང་བའང་མིན།། སོ་སོར་རང་ཡོད་དེ་དག་ནི།། ཇི་ལྟ་བུར་ན་ཕན་ཚུན་ཡོད།། སོ་སོར་རང་ཡོད་མ་ཡིན་པ།། དེ་དག་ཇི་ལྟར་པོན ་ཚུན་ཡོད།། གལ་ཏེ་སོ་སོ་རང་མེད་ཀྱི།། གང་ན་གཅིག་དེར་ལྷག་མ་རྣམས།། སོ་སོ་རང་གི་ཡོད་ཅེ་ན།། མ་འདྲེས་པ་རྣམས་གཅིག་གནས་མེད།། འདྲེས་པ་སོ་སྔར་རང་ཡོད་མིན།། སོ་སོར་རང་ཡོད་འབྱུང་རྣམས།། ་སོ་སོའི་རང་མཚན་ག་ལ་ཡོད།། སོ་སོ་རང་མེད་ཤས་ཆེར་མེད།། མཚན་ཉིད་དག་ནི་ཀུན་རྫོབ་བ་ཤད།། ཁ་དོག་དྲི་རོ་རེག་པ་དག། དེ་དག་ལ་ཡང་ཚུལ་འདི་ཡིན།། མིག་དང་རྣམ་ཤེས་གཟུགས་རྣམས་དང་།། ་མ་རིག་ལས་དང་སྐྱེ་བ་དང་།། བྱེད་པོ་ལས་དང་བྱ་བ་གྲངས།། ལྡན་དང་རྒྱུ་འབྲས་དུས་དང་ནི།། ཐུང་དང་རིང་སོགས་ཤེས་བྱ་དང་།། མིང་དང་མིང་ཅན་དེ་བཞིན་ནོ།། ས་དང་ཆུ་དང་མེ་དང་རླུང་།། རིང་ཐུང་ཕྲ་དང་སྦོམ་ཉིད་དང་།། དགེ། ་སོགས་ཉིད་ནི་རྣམས་ཤེས་སུ།། འགག་པར་འགྱུར་ཞེས་ཐུབ་པས་གསུངས།། རྣམས་ཤེས་བསྟན་མེད་མཐའ་ཡས་པ།། ཀུན་ཏུ་བདག་པོ་དེ་ལ་ནི།། ས་དྲང་ཆུ་དང་མེ་དང་ནི།། རླུང་གིས་གནས་ཐོས་འགྱུར་མ་ཡིན།། ། ་འདིར་ནི་རིང་དང་ཐུང་བ་དང་།། ཕྲ་སྦོམ་དགེ་དང་མི་དགེ་དང་།། འདིར་ནི་མིང་དང་གཟུགས་དག་ཀྱང་།། མ་ལུས་པར་ནི་འགགས་པར་འགྱུར།། གང་མ་ཤེས་ཕྱིར་རྣམ་ཤེས་ལ།། སྔོན་ཆད་འབྱུང་བ་དེ་ཀུན་ནི།། ་དེ་ཤས་ཕྱིར་ན་རྣམས་ཤེས་སུ།། ཕྱིས་ནི་དེ་ལྟར་འགག་པར་འགྱུར།། རྣམ་ཤེས་མེ་ཡི་བུད་ཤིང་ནི།། འགྲོ་ཆོས་འདི་ཀུན་ཡིན་པར་འདོད།། དེ་དག་ཇི་བཞིན་རབ་བྱེད་པའི།། འོད་དང་ལྡན་པས་བསྲེག་ནས་ཞི།། ་མི་ཤེས་པ་ནི་སྔོན་བརྟགས་པ།། ཕྱིས་ནི་དེ་ཉིད་ངེས་པ་དང་།། གང་ཚེ་དངོས་པོ་མི་རྙེད་པ།། དེ་ཚེ་དངོས་མེད་དག་ལ་འགྱུར།། གཟུགས་ཀྱི་དངོས་པོ་མིང་ཙམ་ཕྱིར།། ན་མཁའ་ཡང་ན་མིང་ཙེ་མོ།། འབྱུང་མེད་གཟུགས ་ལྟ་ག་ལ་ཡོད།། དེ་ཕྱིར་མིང་ཙམ་ཉིད་ཀྱང་ཡིན།། ཚེར་དང་འདུད་ཤེས་འདུ་བྱེད་དང་།། རྣམ་ཤེས་འབྱུང་བ་ལྟ་བུ་དང་།། བདག་ཉིད་དུ་ནི་བསམ་བྱ་སྟེ།། དེ་ཕྱིར་ཁམས་དྲུག་བདག་མེད་།། རིན་པོ་ཆེའི་ཕྲེང་བ་ལས། མངོན ་པར་མཐོ་བ་དང་ངེས་པར་ལེགས་པ་བསྟན་པ་སྟེ་ལེའུ་དང་པོའོ།། །། ཇི་ལྟར་ཆུ་ཤིང་ཡན་ལག་དག། མ་ལུས་བཅས་ཏེ་བ་ཤིག་བྱས་ནི།། ཅི་ཡང་མེད་ལྟར་སྐྱེས་བུ་ཡང་།། ཁམས་བཅས ་བཤིག་ན་དེ་དང་འདྲ།། ཆོས་རྣམས་ཐམས་ཅད་བདག་མེད་ཅེས།། དེ་ཕྱིར་རྒྱལ་བ་རྣམས་ཀྱིས་གསུངས།། ཁམས་དྲུག་དེ་ཀུན་བདག་མེད་པ།། ཁྱོད་ལ་གཏན་ལ་ཕབ་པ་ཡིན།། དེ་ལྟར་བདག ་དང་བདག་མེད་པར།། ཡང་དག་ཇི་བཞིན་དམིགསུ་མེད།། བདག་དང་བདག་མེད་ལྟ་བ་དག། དེ་ཕྱིར་ཐུབ་པ་ཆེན་པོས་བཟློག། མཐོང་དང་ཐོས་སོགས་ཐུབ་པ་ཡིས།། བདེན་མིན་བརྫུན་པ་མིན་པར་གསུངས།། ཕྱོར ་ལས་མི་མཐུན་ཕྱོགས་འགྱུར་ན།། དེ་ནི་གཉི་ག་དོན་དུ་མིན།། དེ་ལྟས་དམ་པའི་དོན་དུ་ན།། འཇིག་རྟེན་འདི་ནི་བདེན་བརྫུན་འདས།། དེ་ཉིད་ཕྱིར་ན་ཡང་དག་ཏུ།། ཡོད་ཅེས་མེད་ཅེས་ཞལ་མི་བཞེས།། གང་ཞིག་དེ ་ལྷུར་རྣམ་ཀུན་ཏུ།། ཡོད་མིན་དེ་ནི་ཀུན་མཁྱེན་གྱིས།། མཐའ་ཡོད་མཐའ་མེད་གཉི་ག་དྲང་།། གཉིས་མ་ཡིན་ཞེས་ཇི་སྐད་བསྟན།། སངས་རྒྱས་གྲངས་མེད་གཤེགས་དེ་བཞིན།། བྱོན་གྱུར་པ་དང་ད་ལྟར་བཞུགས ་སེམས་ཅན་མཐའ་ནི་དུས་གསུམ་སྐྱེས།། བྱེད་པ་དེ་དག་ལུས་འདོད་ཅིང་།། འཇིག་རྟེན་འཕེལ་བའི་རྒྱུ་མེད་ལ།། ཟད་པ་དུས་གསུམ་དུ་སྤྱོད་ན།། ཐམས་ཅད་མཁྱེན་པས་ཇི་ལྟར་དེའི།། ཕྱིན་ཆད་ལུང་མ་བསྟན་པར ་མཛད།། སོ་སོའི་སྐྱེ་བོ་ལ་གསང་བས།། གང་ཡིན་དེ་ནི་ཟབ་མོའི་ཆོས།། འཇིག་རྟེན་སྒྱུ་མ་ལྟ་བུ་ཉིད།། སངས་རྒྱས་བསྟན་པ་བདུད་རྩི་ཡིན།། ཇི་ལྟར་སྒྱུ་མའི་གླང་པོ་ལ།། སྐྱེ་དང་འཇིགས་པ་ཉིད་སྣང་ཡང་།། དེ་ལ་དོན་གྱི ་ཡང་དག་ཏུ།། སྐྱེ་དང་འཇིག་པ་ཉིད་མེད་ལྟར།། དེ་བཞིན་སྒྱུ་འདྲའི་འཇིག་རྟེན་ལ།། སྐྱེ་དང་འཇིག་པ་ཉིད་སྣང་ཡང་།། དམ་པའི་དོན་དུ་སྐྱེ་བ་དང་།། འཇིག་པ་ཉིད་ནི་ཡོད་མ་ཡིན།། ཇི་ལྟར་སྒྱུ་མའི་གླང་པོ་ནི།། གང ་ནས་མ་འོངས་གར་མི་འགྲོ།། སེམས་རྨོངས་ཙམ་དུ་ཟད་པས་ན།། ཡང་དག་ཉིད་དུ་གནས་པ་མེད།། དེ་བཞིན་སྒྱུ་འདྲའི་འཇིག་རྟེན་ནི།། གང་ནས་མ་འོངས་གུར་མི་འོགྲོ།། སེམས་རྨོད་ཙམ་དུ་ཟད་པས་ན།། ཡང ་ངག་ཉིད་དུ་གནས་པ་མེད།། དེ་ལྟར་དུས་གསུམ་འདས་བདག་ཉིད།། ཐ་སྙད་གདགས་པར་མ་གཏོགས་པར།། གང་ཞིག་ཡོད་དམ་མེད་འགྱུར་བའི།། འཇིག་རྟེན་དོན་དུ་ཅི་ཞིག་ཡོད།། སངས་རྒྱ་སྟི་ནི་རྒྱུ་འདི་ལས།། ་མཐའ་ཡོད་པ་དང་མཐའ་མེད་དང་།། གཉིས་དང་གཉིས་མིན་རྣམ་པ་བཞི།། ལུང་བསྟན་མ་མཛད་གཞན་ལས་མིན།། རེ་ཞིག་ལུས་འདི་མི་གཙང་ཉིད།། རགས་ཤིང་མངོན་སུམ་སྤྱོད་ཡུལ་བ།། རྟག་ཏུ་སྣང་བ་གང ་གི་ཚེ།། སེམས་ལ་སྣང་བ་མ་ཡིན་པ།། དེ་ཚེ་ངམ་ཆོས་གནས་མེད་པ།། ཕྲ་རབ་མངོན་སུམ་མ་ཡིན་པ།། ཟབ་མྱོ་དེ་ཀྲོ་ཇི་ལྟ་བུར།། སེམས་ལ་བདེ་བླག་འཆར་བར་འགྱུར།། ཆོས་འདི་ཟབ་ཕྱིར་སྐྱེ་བོ་ཡིས།། ཤྭེ ་པར་དཀའ་བར་ཐུགས་ཆུད་དེ།། དེས་ན་ཐུབ་པ་སངས་རྒྱས་ནས།། ཆོས་བསྟན་པ་ལས་ལོག་པར་འགྱུར།། ཆོས་འདི་ལོག་པར་ཤེས་གྱུར་ན།། མི་མཁས་པ་ནི་ཆུད་ཀྱང་ཟ།། འདི་ལྟར་མེད་པར་ལྟ་བ་ཡི།། མི ་གཙང་དེར་ནི་བྱིང་བར་འགྱུར།། གཞན་ཡང་དེ་ནི་ལོག་བཟུང་བས།། བླུན་པ་མཁས་པའི་ང་རྒྱལ་ཅན།། སྤོང་བས་མ་རུངས་བདག་ཉིད་ཅན།། མནར་མེད་པ་ནི་སྤྱིའུ་ཚུགས་འགྲོ།། ཇི་ལྟར ་ཁ་ཟས་བཟའ་ཉེས་པས།། ཕུང་བ་དག་ཏུ་འགྱུར་བ་དང་།། བཟའ་ལེགས་ཚེ་དང་ནད་མེད་དང་།། སྟོབས་དང་བདེ་བར་འགྱུར་བ་ལྟར།། དེ་བཞིན་ལོག་པར་བཟུང་བ་སྟེ།། ཕུང་བ་དག་ནི་ཐིབོ་འགྱུར་ཞིང་།། ལེགས ་བྱར་ཤེས་པས་བདེ་བ་དང་།། བྱང་ཆུབ་བླ་ན་མེད་པ་ཐོབ།། དེ་ཕྱིར་འདི་ལ་སྤོང་བ་དང་།། མེད་པའི་ལྟ་བ་སྤངས་ནས་ནི།། དྲིན་ཀུན་བསྒྲུབ་ཕྱིར་ཡང་དག་པའི།། ཤེས་ལ་ནན་ཏན་མཆོག་མཛོད་ཅིག། ཆོས་འདི ་ཡོངསུ་མ་ཤེས་ན།། ངར་འཛིན་པ་ནི་དྷྱཻས་སུ་འཇུག། དེ་ལས་དགེ་དང་མི་དགྲའི་ལས།། དེ་ལས་སྐྱེ་བ་བཟང་དང་ངན།། དེ་ཕྱིར་ཇི་སྲིད་དེ་རཱ་འཛིན་པ།། སེལ་བའི་ཆོས་འདི་མ་ཤེས་པ།། དེ་སྲིད་སྦྱིན་དྲང་ཚུལ་ཁྲིམས ་དང་།། བཟོད་པའི་ཆོས་ལྔ་གུས་པར་མཛོད།། ལས་རྣམས་སྔོན་དུ་ཆོས་བཏོང་ཞིང་།། བར་དུ་ཆོས་ལྗོན་ཐ་མར་ཡང་།། ཆོས་ལྡན་བསྒྲུབ་པའི་ས་བདག་ནི།། འདི་དང་གཞན་དུ་གནོད་མི་འགྱུར།། ཆོས་ཀྱིས་འདིར་གྲགས ་བདེ་བ་དང་།། འདི་དང་འཆི་ཀར་འཇིག་པ་མེད།། འཇིག་རྟེན་གཞན་དུ་བདེ་བ་རྒྱས།། དེ་བས་རྟག་ཏུ་ཆོས་བརྟེན་མཛོད།། ཆོས་ནི་ལུགས་ཀྱི་དམ་པ་སྟེ།། ཆོས་ཀྱི་འཇིག་རྟེན་མངོན་དགར་འགྱུར།། འཇིག་རྟེན་དགའ་བར ་གྱུར་ངས་ཀྱང་།། འདི་དང་གཞན་དུ་བསླུས་མི་འགྱུར།། ཆོས་མིན་པས་ནི་ལུགས་འདོད་གང་།། དེ་ཡིས་འཇིག་རྟེན་མི་དགར་འགྱུར།། འཇིག་རྟེན་མི་དགའ་ཉིད་ཀྱི་ཕྱིར། འདི་དང་གཞན་དུ་དགའ་མི་འགྱུར།། དོན་མེད་རིག་པ་ངན ་འགྲོའི་ལཱམ།། གཞན་བསླུ་ལྷུར་ལེན་མི་བཟད་པ།། ཤེས་རབ་འཆལ་པ་རྣམས་ཀྱིས་ནི།། ཇི་ལྟར་དོན་གྱིས་རིག་པར་བྱས།། ཕ་རོལ་སླུ་བ་ལྷུར་ལེན་པ།། དོན་དུ་ཇི་ལྟར་ལུགས་ལྡན་ཡིན།། དེས་ནི་ཚེ་རབས་སྟོང་ཕྲག་ཏུ།། ་བདག་ཉིད་ཁོ་ན་བསླུས་པར་འགྱུར།། དགྲ་ལ་གནོད་པ་བྱས་ན་ཡང་།། སྐྱོན་རྣམས་བཏང་སྟེ་ཡོན་ཏན་བསྟེན།། དེས་ནི་ཁྱོད་ཀྱིས་རང་ཕན་འཐོབ།། དགྲ་བོ་ཡང་ནི་མི་དགར་འགྱུར།། དགྲ་བ་ཡང་ན་མེ་དགར་འགྱུར།། སྦྱིན་དང་། ་སྙན་པར་སྨྲ་བ་དང་།། ཕན་དང་དོན་ཅིག་སྤྱོད་པ་སྟེ།། དེ་དག་རྣམས་ཀྱི་འཇིག་རྟེན་དང་།། ཆོས་ཀྱང་བསྡུ་བ་ཉིད་དུ་མཛོད།། རྒྱལ་པོ་དག་ལ་ཇི་ལྟ་བུར།། བདེན་ཅིག་ཡིད་ཆེས་བསྟན་བསྐྱེད་པ།། དེ་ལས་བཟློགས་སྟེ་བརྫུན་པ ་ནི།། ཡིད་མི་ཆེས་པར་བྱེད་པའི་མཆོག། བསླུ་བ་མི་ལྡན་བདྲེན་མིན་ཏེ།། སེམས་དཔས་བསྒྱུར་བ་དོན་དུ་མིན།། གཞན་ལ་གཅིག་ཏུ་དྲན་པས་བདེན།། མི་ཕན་ཕྱིར་ནི་ཅིག་ཤོས་མིན།། ཇི་ལྟར་རྒྱལ་པོའི་ཉེས་པ་དག། སྦྱིན་གསལ ་གཅིག་གིས་སྦེད་པ་ལྟར།། དེ་བཞིན་འཇུངས་པའང་དེ་དག་གི། ཡོན་ཏན་བདོག་པ་ཐམས་ཅད་འཇོམས།། ཉེ་བར་ཞི་བ་ཟབ་པའི་ཕྱིར།། མཆོག་ཏུ་གུས་པ་བྱེད་པར་འགྱུར།། གུས་པས་བརྗིད་ལ་བཀའ་ཡང་བཙན།། དེ་བས་ཉེ ་བར་ཞི་བ་བསྟེན།། ཤེས་རབ་ལྡན་པས་བློ་མི་འཕྲོགས།། གཞན་གྱི་དྲིང་མི་འཇོག་ཅིང་བརྟན།། སླུ་བས་མི་ཚུགས་རྒྱལ་པོ་སྟེ།། དེ་བས་ཤེས་རབ་ལྷུར་བླངས་མཛོད།། བདེན་གཏོང་ཞི ་དང་ཤེས་རབ་དང་།། བཟང་པོ་བཞི་ལྡན་མི་དབང་ནི།། ཆོས་བཟང་རྣམ་པ་བཞི་ལྟ་བུར།། ལྷ་མི་རྣམས་ཀྱིས་བསྟོད་པར་གྱུར།། ཕེབས་པར་སྨྲ་ཞིང་དག་གྱུར་པ།། ཤེས་རབ་སྙིང་རྗེ་དྲི་མེད་དང་།། ལྷན་ཅིག ་འགྲོགས་ན་རྟག་ཏུ་ཡང་།། ཤེས་རབ་དང་ནི་ཆོས་ཀྱང་འཕེལ།། ཕན་པར་སྨྲ་བ་དཀོན་པ་སྟེ།། ཉན་པར་བྱེད་པ་ཤིན་ཏུ་དཀོན།། དེ་དག་པཱ་ཀྱང་མི་སྙན་ལ།། ཕན་པཱདྷ་སུ་བྱེད་པ་དཀོན།། དེ་ལྟ་བླན་མི་སྙན་ཡཱ།། པཱ་པཱ་མཁྱེན་ན་མྱུར་དུ་སྤྱད།། ནད་གསོའི་དོན ་དུ་བདག་བྱམས་པ།། མྲི་བཟད་ང་བའི་སྨན་ཡང་འཐུང་།། སྲོག་དང་ནད་མེ་དེ་རྒྱལ་སྲིད་དག། མི་རྟག་ཉིད་ནི་རྟག་དགོངས་སྟེ།། དེང་ནས་ཡང་དགྲ་བརྩོན་ལྡན་པར།། ཆོས་ལ་གཅིག་ཏུ་ནནྡ་ཏན་མཛོད།། གདོན་མི ་ཟ་བར་འཆི་འགྱུར་ཞིང་།། ཤི་ནས་སྡིག་པས་སྡུག་བསྔལ་བ།། གཟིགས་ཏོ་ཕྲལ་དུ་བདེན་ཡང་།། སྡིག་པ་བགྱི་བར་མི་རིགསོ།། ལ་ལར་འཇིགས་པ་མེད་མཐོང་ཞིང་།། དུས་འགར་འཇིགས་པ་མཐོང་གྱུར་པ།། ་གལ་ཏེ་ཅིག་ལ་ཡིད་བརྟན་ན།། གཅིག་ལ་ཁྱོད་ཀོ་ཅིས་མི་འཇིགས།། ཆང་གི་འཇིག་རྟེན་བསྙད་འགྱུར་ཞིང་།། དོན་ཡལ་ནོར་ཡང་ཟད་པར་འགྱུར།། རྨོངས་པས་བྱ་བ་མ་ཡིན་བྱེད།། དེ་བས་ཆང་ནི་རྟག་ཏུ་སྤོང་།། ་རྒྱུན་པོ་ཆགས་དང་མི་དགའ་དང་།། ཞེ་སྡང་གཡོ་རྒྱུ་དགོད་པའི་གནས།། བརྫུན་དང་བཀྱིལ་པ་ཚིག་རྩུབ་སྒྲ།། དེ་བས་རྟག་ཏུ་སྤང་བར་མཛོད།། བུད་མེད་ཆགས་པ་ཕལ་ཆེར་ནི།། བུད་མེད་གཟུགས་བཟང་སེམས ་ལམ་བྱུང་།། བུད་མེད་ལུས་ལ་དོན་དུ་ནི།། གཙང་བ་ཅུང་ཟད་ཡོད་མ་ཡིན།། ཁི་ནི་ཁ་ཆུ་རུལ་པ་དང་།། སོ་སྐྱུགས་མི་གཙང་སྟོང་ཡིན་ཏེ།། སྣ་ནཱི་སཱག་སྣབ་སྣེ་ཆུའི་སྣོད་།། མིག་ནི་མིག་སྦྲུལ་མཆི་མའི་སྣོད་།། ལྟོ་བའི་ཁོང་ནི ་བཤང་གཅི་དང་།། གློ་བ་མཆི་ན་སོགས་སྣོད་ཡིན་པར།། རྨོངས་པས་བུད་མེད་མ་མཐོང་བ།། དེ་ཡི་ལུས་ལ་ཚོགས་པར་བྱེད།། མི་ཤེས་འགའ་ཞིག་མི་གཙང་བའི།། བུམ་པ་རྒྱན་ལ་ཆགས་པ་ལྟར།། འཇིག་རྟེན་མི ་ཤེས་རྨོངས་པ་ཡིས།། བུད་མེད་རྣམས་ལ་དེ་བཞིན་ནོ།། ལུས་ཡུལ་ར་ཤིན་ཏུ་དྲི་ང་ག། ཆགས་བྲལ་རྒྱུ་ནི་གང་ཡིན་པ།། དེ་ལའང་འཇིག་རྟེན་ཆེས་ཆགས་ན།། གང་གི་འདོད་ཆགས་བྲལ་བར་བཀྲི།། ཇི་ལྟར ་བཤད་དང་གཅི་བཞི་ལ།། ངན་སྐྱུགས་ཕག་རབ་ཆགས་པ་ལྟར།། དེ་བཞིན་བཤང་དང་གཅི་བཞི་ལ།། འདོད་ལྡན་ངན་སྐྱུགས་ཕག་རྣམས་ཆགས།། ལུས་ཀྱི་གྲོང་ཁྱེར་མི་གཙང་བ།། འབྱུང་བའི་བུ་ག་འདོད་པ་གང ་དེ་ནི་སྐྱེ་བོ་བླུན་པ་ཡིས།། དགའ་བའི་དོན་དུ་ཉེ་བར་བརྟག། ཁྱོད་བདག་ཉིད་ཀྱིས་བཤང་གཅི་སོགས།། སོ་སོར་མི་གཙང་མཐོང་ནས་ནི།། དེ་འདུས་ལུས་ལ་ཇི་ལྟ་བུར།། ཡིད་དུ་འོང་བ་ཉིད་དུ་འགྱུར།། ཁྲག་དང་ཁུ་བ ་འདྲེས་པ་ཡིས།། ས་བོན་མི་གཙང་སྙིང་པོས་བསྐྱེད།། མི་གཙང་རྡོ་བར་ཤེས་བཞིན་དུ།། འདི་ལ་འདོད་ཅན་གང་ཞིག་ཆགས།། མི་གཙང་ཕུང་པོ་དེའི་བརྙན་གྱིས།། བརླན་པའི་པགས་པས་གཡོགས་པ ་གང་།། ཉལ་བ་དེ་ནི་བུད་མེད་ཀྱི།། ཆུ་སོའི་ཁོང་ནས་ཉལ་བར་ཟད་།། གཟུགས་བཟང་བ་དང་གཟུགས་ངན་ནམ།། རྒན་ནུམ་ཡང་ན་གཞོན་ཡང་རུང་།། བུད་མེད་གཟུགས་ཀུན་མི་གཅིང་ན།། ཁྱོད་ཆགས་ཁྱད་པར་གང་ལ་སྐྱེད།། ་གལ་ཏེ་མི་གཅིང་ཁ་དོག་བཟང་།། ཤིན་ཏུ་གསརུ་ལ་དབྱིབས་ལེགས་ཀྱང་།། དེ་ལ་ཆགས་པར་མི་འོས་ལྟར།། བུད་མེད་གཟུགས་ལའང་དེ་བཞིན་ནོ།། ཁོང་རུལ་ཕྱི་རོལ་པགས་པས་གཡོགས།། རོ་མྱགས་འདི་ཡི་རང་བཞིན་ནི།། ་ཤིན་ཏུ་མི་བཟད་སྣང་བཞིན་དུ།། ཇི་ལྟ་བུ་ར་ན་མཐོང་མ་གྱུར།། པགས་པ་འདི་ཡང་མི་གཙང་མིན།། རལ་གུ་བཞིན་དུ་འདུག་ཅེ་ན།། མི་གཙང་ཕུང་པོའི་པགས་པ་ལྟར།། ཇི་ལྟ་བུར་ན་གཙང་མར་འགྱུར།། མི་གཙང་བ་ཡི་བུམ་པ ་ནི། ཕྱི་རོལ་བཀྲ་ཡང་སྨད་པ་ཡིན།། མི་གཙང་བ་ཡི་རང་བཞིན་ལུས།། མི་གཙང་གང་བ་ཅིས་མི་སྨད།། གལ་ཏེ་ཁྱོད་ནི་མི་གཙང་སྨོད།། དྲི་དང་ཕྲེང་བ་བཟའ་བཏུང་ནི།། གཙང་མའང་མི་གཙང་བྱེད་པ་གང་།། ལུས་འདི་ཅི་ཡི་ཕྱིར་མི་སྨད ་ཇི་ལྟར་རང་ངམ་གཞན་དག་གི། མི་གཙང་སྨད་པར་བྱ་བ་གང་།། དེ་བཞིན་རང་དང་གཞན་དག་གི། མི་གཅི་གཟུགས་ཀཽ་ཅིས་མི་སྨད།། ཇི་ལྟར་བུད་མེད་གཟུགས་མི་གཙང་།། ཁྱོད་ཀྱི་རང་ལུས་དེ་དང་འདྲ།། དེ་བས་ཕྱི་དང་ནང་ཉིད་ལ ་འདོད་ཆགས་བྲལ་བར་རིགས་མིན་ནམ།། རྨ་དགུ་དག་ནས་འཛགས་པ་ཅན།། བདག་ཉིད་མངོན་སུམ་འཁྲུ་བྱེད་ཀྱང་།། ལུས་མི་གཙང་བར་མི་རྟོག་ན།། ཁྱོད་ལ་བཤད་པས་ཅི་ཞིག་ཕན།། གང་དག་མི་གཙང་ལུས་འདི་ལ ་སྟེག་ཆོས་སྙན་དངགས་བྱེད་པ་ནི།། ཨེ་མའོ་གཟུ་ལུམྦ་ཨེ་ཨའོ་བླུན།། ཨེ་མའོ་སྐྱེ་བོས་ཁྲེལ་དུ་རུང་།། མི་ཤེས་མུན་པས་བསྒྲིབས་པ་ཡི།། སེམས་ཅན་འདིར་ནི་ཕལ་ཆེར་ཡང་།། འདོད་པའི་དོན་དུ་བརྩོད་འབྱུང་བ།། མི་གཙང ་དོན་དུ་ཁྱི་རྣམས་བཞིན།། གཡན་པ་ཕྲུགས་ནི་བདེར་འགྱུར་བ།། དེ་བས་གཡོན་པ་མེད་ན་བདེ།། དེ་བཞིན་འཇིག་རྟེན་འོད་ལྡན་བདེ།། འདོད་པ་མེད་པ་དེ་བས་བདེ།། གལ་ཏེ་དེ་ལྟར་རྟགས་ན་ཁྱོད།། འདོད་ཆགས་བྲལ་བ་མ ་གྲུབ་ཀྱང་།། འོན་ཀྱང་འདོད་ཚགས་སྲབས་པ་ཡིས།། བུད་མེད་ཆགས་པར་མི་འགྱུརརོ།། ཚེ་ཐུང་འཇིག་དང་སྡུག་བསྔལ་དང་།། དམྱལ་བའི་རྒྱུ་ནི་མི་བཟད་པ།། རི་དགས་ལིངས་ཏེ་དེ་ལྟ་བས།། རྟག་ཏུ་གསོད་མེད་བརྟན་པོར་མཛོད།། ་ན་ལག་ཐམས་ཅད་མི་གཙང་བས།། བསྐུས་པའི་སྦྲུལ་གདུག་འཇིགས་པ་ལྟར།། གང་ལ་བརྟེན་ནས་ལུས་ཅན་རྣམས།། སྐྲག་པར་འགྱུར་བ་དེ་ར་ངན།། ཆར་སྤྲིན་ཆེན་པོ་ལངས་པ་ན།། ཞིང་པ་རྣམས་ནི་ཇི་ལྟ་བར།། ་གང་ལ་རྟེན་ནས་ལུས་ཅན་རྣམས།། དགའ་བར་འགྱུར་བ་དེ་རེ་བཟང་།། དེ་བས་ཆོས་མིན་ཡང་ཡང་བྱ་སྟེ།། གཡེལ་བ་མེད་པར་ཆོས་ལ་བརྟེན།། བདག་ཉིད་དང་ནི་འཇིག་རྟེན་འདིས།། བླ་མེད་བྱང་ཆུབ་ཐོབ་འདོད་ན།། དེ་ཡི། ་རྩབ་བྱང་ཆུབ་སེམས།། རི་དབང་རྒྱལ་པོ་ལྟར་བརྟན་དང་།། ཕྱོགས་མཐའ་གཏུགས་པའི་སྙིང་རྗེ་དང་།། གཉིས་ལ་མི་བརྟེན་ཡེ་ཤེས་ལགས།། རྒྱལ་པོ་ཆེན་པོ་སྐྱེས་ཆེན་གྱིས།། མཚན་ནཱ་སུམ ་ཅུ་རྩ་གཉིས་ཀྱིས།། ཇི་ལྟར་ཁྱོད་སྐུ་བརྒྱན་གྱུར་པ།། དེ་ལྟ་བུ་དག་གསན་པར་མཛོད།། མཆོད་རྟེན་མཆོད་བྱ་འཕགས་པ་དང་།། རྒན་རབས་རྣམས་ལ་ནི་ལེགས་བཀུར་བས།། དཔལ་ལྡན་ཕྱག་ཞབོས་འཁོར་ལོ་ཡིས།། མཚན་པའི ་འཁོར་ལོས་སྒྱུར་བར་འགྱུར།། རྒྱལ་པོ་ཆོས་ལ་རྟག་པར་ནི།། ཡང་དག་བླངས་པ་བརྟན་པར་མཛོད།། དེས་ནི་ཤིན་ཏུ་ཞབས་གནས་པའི།། བྱང་ཆུབ་སེམས་དཔར་འགྱུར་བ་ལགས།། སྦྱིན་དང་སྙན་པའི་ཚིག་དང་ནི།། ཕན་དང་དོན ་ཅིག་སྤྱོད་པ་ཡིས།། དཔལ་ལྡན་ཕྱག་སོར་དྲ་བ་ཡིས།། འབྲེལ་པའི་ཕྱག་རིས་ཅན་དུ་འགྱུར།། བཟའ་བ་དང་ནི་བཏུང་བའི་མཆོག། རབ་ཏུ་མང་པོ་བྱིན་པ་ཡིས།། དཔལ་ལྡན་ཕྱག་དང་ཞ་བས་མཉེན་ཞིང་།། ཕྱག་དང་ཞབས་དང་ཐལ ་གོང་དང་།། ལྷག་པའི་ཕྱོགས་རྣམས་མཐོ་བའི་ཕྱིར།། སྐུ་ཚེ་བདུན་ཡང་མཐོ་བར་འགྱུར།། འཚེ་མེད་བསད་པ་ཐར་བྱས་པས།། སྐུ་མཛེས་དྲང་ཞིང་ཆེ་བ་དང་།། ཚེ་རིང་སོར་མོ་རིང་བ་དང་།། རྟིང་པ་ཡངས་པ་དག་ཏུ་འགྱུར།། ཡང་དྲག ་བླངས་པའི་ཆོས་རྣམས་ནི།། སྤེལ་བས་དཔལ་ལྡན་མདོག་བཟང་ཞིང་།། ཞབས་ཀྱི་བུ་མི་མངོན་དང་།། བས་སྤྲོ་གྱེན་དུ་ཕྱོགས་མཚན་འགྱུར།། རིག་དང་བཟོ་ལ་སོགས་པའི་གནས།། གུས་པས་ལེན་དང་སྦྱིན་པས་ཁྱོད།། ཨེ ་ཎ་ཡ་ཡི་བྱིན་པ་དང་།། ཡིད་རྣོ་ཤེས་རབ་ཆེན་པོར་འགྱུར།། རང་གི་ནོར་བདོག་བླངས་གྱུར་ན།། མྱུར་དུ་བཏང་བའི་བརྟུལ་ཞུགས་ཀྱིས།། ཕྱག་རྒྱ་བདེ་དང་འཇིག་རྟེན་གྱི།། རྣམ་པར་འདྲེན་པ་ཉིད་དུ་འགྱུར།། གཉེན་བཤེས ་ཕན་ཚུན་བྱེ་བ་དག། ཡང་དག་བསྡུམ་པར་བྱས་པ་ཡིས།། དཔལ་ལྡན་འདོམས་ཀྱི་སྦ་བ་ནི།། སྦུབསུ་ནུབ་པའི་དམ་པར་འགྱུར།། ཁང་བཟང་གདིང་བ་བརྒྱན་དག་ནི།། བདེ་ཞིང་བཟང་བ་རབ་བྱིན་པས།། གསེར་ནི ་གཙོ་མོ་དྲི་མེད་པ།། ཤིམ་ཏུ་འཇམ་པའི་མདོག་འདྲར་འགྱུར།། བླ་ན་མེད་པའི་དབང་བྱིན་ཞིང་།། རིགས་པར་བླ་མས་རྗེས་འཇུག་པ།། དཔལ་ལྡན་པ་སྤུ་ཉག་རེ་དང་།། ཞལ་ནི་མཛོད་སྤུས་བརྒྱན་པར་འགྱུར།། སྙན་ཅིང ་དགའ་བར་སྨྲས་པ་དང་།། ལེགས་པར་སྨྲས་དང་མཐུས་བྱས་པས།། ཁྱོད་ནི་དཔུང་མགོ་ཟླུམ་པ་དང་།། རོ་སྟོད་སེང་གེ་འདྲ་བར་འགྱུར།། ནད་པ་རྣམས་ལ་རཱིམ་གྲོ་དང་།། གསོས་པས་ཐལ་གྲོང་རྒྱས་པ་དང་།། བདག་ཉིད ་རྣལ་དུ་གནས་པ་དང་།། རོ་བྲོ་བ་ཡི་མཆོག་ཏུ་འགྱུར།། ཆོས་དང་མཐུན་པའི་བྱ་བ་ལ།། ཐོག་དྲངས་ཁྱོད་ཀྱི་དབུ་གཙུག་ཏོར།། ལེགས་ནས་ནྱ་གྲོ་དྷ་ལྟ་བུར།། ཆུ་ཞེང་གབས་པ་དག་ཏུ་འགྱུར།། ཚིག་ནི་བདེན་པ་འཇམ་པོ་དག། ཡུན ་རིང་དུས་སུ་བརྗོད་པ་ཡིས།། མི་ཡི་དབང་པོ་ལྗགས་ཡངས་ཤིང་།། ཚངས་པ་ཡིས་ནི་དབྱངས་ལྡན་འགྱུར།། རྟག་ཏུ་རྒྱུན་མི་ཆད་པ་རུ།། བདེན་པའི་ཚིག་ནི་བརྗོད་པ་ཡིས།། འགྲམ་པ་སེང་གེའི་ལྟ་བུ་དང་།། དཔལ་ལྡན་ཐུབ་པ་དཀག ་བར་འགྱུར།། ལྷག་པར་གུས་དང་བཀུར་སྟི་དང་།། ཇི་ལྟར་རིག་པར་རྗེས་འཇུག་པར།། ཚེམས་ནི་ཤིན་ཏུ་དཀར་བ་དང་།། མདོག་ལྡན་མཉམ་པའི་ཚེམསུ་འགྱུར།། དབྱེན་དང་ཕྲ་མ་མེད་པ་ཡི།། ཚིག་ནི ་ཡུན་རིངས་གོམས་པ་ཡིས།། དཔལ་ལྡན་ཚེམས་ནི་བཞི་བཅུ་ཚང་།། མཉམ་པར་ཐག་ཀྱང་བཟང་བར་འགྱུར།། ཆགས་དང་སྡང་དང་རྨོངས་མེད་ཅིང་།། བྱམས་པས་སེམས་ཅན་བལྟས་པོ་ཡིས།། སྤྱན་ནི་བཀྲག་ཅན ་མཐོན་མཐིང་ལ།། རྫི་མ་བ་ཡི་ལྟ་བུར་འགྱུར།། དེ་ལྟར་མདོར་ན་རྒྱུར་བྱས་པའི།། སུམ་ཅུ་རྩ་གཉིས་དེ་དག་ནི།། སྐྱེས་བུ་སེང་གེ་ཆེན་པོ་ཡིས།། མཚན་རྣམས་ལེགས་པར་མཁྱེན་པར་མཛོད།། དཔེ་བྱད་བཟང་པོ་བརྒྱད ་ཅུ་ནི། བྱམས་པའི་རྒྱུ་མཐུན་ལས་བྱུང་བ།། གཞུང་ནི་མངས་སུ་དེ་གསོ་པ་ཡིས།། རྒྱལ་པོ་ཁྱོད་ལ་མ་བ།། འཁོར་ལེས་སྒྱུར་བ་ཐམས་ཅད་ལ།། འདི་དག་ཡོད་པར་འདོད་མོད་ཀྱི།། ངག་དང་མཛེས་དང་གསལ་བ ་ནི།། སངས་རྒྱས་རྣམས་ཀྱི་ཆར་མི་ཕོད།། འཁོར་ལོས་སྒྱུར་བའི་མཚན་དང་ནི།། དཔེ་བྱད་བཟང་པོ་གང་དག་གཅིག། ཐུབ་དབང་པོ་ལ་སེམས་དང་བའི།། ཡན་ལག་གཅིག་ལས་འབྱུང་བཤད་པའི།། བསྐལ་པ་བྱེ་བ་བརྒྱ ་ཕྲག་ནི།། གཅིག་ཏུ་བསགས་པའི་དགེ་བས་ཀྱང་།། སངས་རྒྱས་པ་སྤུ་ཉག་གཅིག་ཀྱང་།། བསྐྱེད་པར་ནུས་པ་མ་ཡིན་ནོ།། ཉི་མ་རྣམས་ཀྱི་འོད་བྱེད་པ།། མེ་ཁྱེར་རྣམས་དང་བག་འདྲ་ལྟར།། སངས་རྒྱས་རྣམས་ཀྱི་མཚན ་ཡང་ནི།། འཁོར་ལོས་སྒྱུར་བ་རྣམས་དང་འདྲ།། རིན་པོ་ཆེའི་ཕྲེང་བ་ལས། སྤེལ་མ་ཞེས་བྱ་བ་སྟེ་ལེའུ་གཉིས་པའོ།། །། བསོད་ནམས་བསམ་གྱིས་མི་ཁྱབ་ལས།། ཇི་ལྟར་སངས་རྒྱས་མཚན་འབྱུང་བ། ་ཐེག་པ་ཆེན་པོའི་ལུང་ཚེ་ན་ལས།། རྒྱལ་པོ་ཆེན་པོ་དེ་བཞིན་གསོན།། རང་སངས་རྒྱས་ཀུན་ལས་བྱུང་དང་།། སློབ་དང་མི་སློབ་ལས་བྱུང་དང་།། འཇིག་རྟེན་མ་ལུས་ཀུན་བསོད་ནམས།། འཇིག་རྟེན་བཞིན་དུ་དཔག་མེད ་གང་། དེ་བཅུར་བསྒྲེས་པར་གྱུར་པ་ཡིས།། བ་སྤུའི་བུ་ག་གཅིག་འགྲུབ་སྟེ།། སངས་རྒྱས་པ་སྤུའི་བུ་ག་ནི།། ཐམས་ཅད་དེ་དང་འདྲ་བས་འབྱུང་།། བ་སྤུའི་བུ་ག་ཐམས་ཅད་ནི།། སྐྱེད་པར་བྱེད་པའི་བསོད་ནམས་གང ་དེ་དག་རྒྱུར་ནི་བསྒྱུར་བ་ཡིས།། དཔེ་བྱད་བཟང་པོ་གཅིག་ཏུ་བཞེད།། བསོད་ནམས་དེ་སྙེད་དེ་སྙེད་ཀྱིས།། རྒྱལ་པོ་དཔེ་བྱད་བཟང་པོ་ནི།། གཅིག་མཐར་ཕྱིན་ཏེ་དེ་ལྟ་བུར།། བརྒྱད་ཅུའི་བར་དུ་འབྱུང་བར་འགྱུར།། དཔེ་བྱད ་བཟང་པོ་བརྒྱད་ཅུ་དགྲ། འགྲུབ་པའི་བསོད་ནམས་ཚོགས་གང་ཡིན།། དེ་དག་བརྒྱར་ནི་བསྒྱུར་བ་ཡིས།། སྐྱེས་བུ་ཆེན་པོའི་མཚན་གཅིག་གོ། མཚནྡ་ནཱི་སུམ་ཅུ་འགྲུབ་པའི་རྒྱུ།། བསོད་ནམས་རྒྱ་ཆེན་གང་ཡིན་པ།། དེ ་དག་སྟོང་དུ་བསྒྱུར་བ་ཡིས།། ཟླ་བ་ཉ་འདྲའི་མཛོད་སྨྲའོ།། མཛོད་སྤུ་ཡི་ནི་བསོད་ནམས་དག། སྟེ་ང་ཕྲག་བརྒྱར་ནི་བསྡོམས་པ་ཡིས།། སྤྱི་གཙུག་བལྟར་ནི་མི་སྣང་བ།། སྐྱོབ་པའི་གཙུག་ཏོར་སྐྱེད་པར་བྱེད།། གཙུག་ཏོར་བསོད་ནས ་བྱེ་བ་ནི།། འབུམ་ཕྲག་བརྒྱར་ནི་བསྒྱུར་བ་ལས།། སྟོབས་བཅུ་མངའ་བ་ཆོས་ཀྱི་དུང་།། གཅིག་འབྱུང་བར་ནི་ཤེས་པར་བྱ།། དེ་ལྟར་བསོད་ནམས་ཚད་མེད་ཀྱང་།། ཇི་ལྟར་འཇིག་རྟེན་ཕྱོགས་ཀུན་ནཱ།། ་བཅུར་བསྒྲེས་མ་ལུས་བརྗོད་པ་ལྟར།། ཚད་དང་ལྗོན་པར་བག་ཙམ་བཛྲོད།། གང་ཚེ་སངས་རྒྱས་གཟུགས་སྐུ་ཡི།། རྒྱུ་ཡང་དེ་ལྟར་འཇིག་རྟེན་བཞིན།། གཞལ་མེད་དེ་ལྟར་ཆོས་སྐུ་ཡི།། རྒྱུ་ལྟ་དེ་ལྟར་གཞལ་དུ་ཡོད།། ཐད ་ཀྱི་ནི་རྒྱུ་ཆུང་ལས།། འབྲས་བུ་རྒྱ་ཆེན་བསྐྱེད་འགྱུར་ན།། སངས་རྒྱས་རྒྱུ་ནི་དཔག་མེད་ལས།། འབྲས་བུ་དཔག་ཡོད་བསམ་ཐགས་ཚད་།། སངས་རྒྱས་རྣམས་ཀྱི་གཟུགས་སྐུ་ནི།། བསོད་ནམས་ཚོགས་ལས་བྱུང་བ་སྟེ།། ཆོས ་ཀྱི་སྐྱེ་ནི་མདོར་བསྡུ་ན།། རྒྱལ་པོ་ཡེ་ཤེས་ཚི་ག་ལ་འཁྲུངས།། དེ་ལྟ་བསོ་མཚོགས་འདི་གཉིས།། སྣངས་རྒྱས་ཉིད་ནི་ཐོབ་པའི་རྒྱུ།། དེ་ལྟར་མདོར་ནི་བསོད་ནམས་དང་།། ཡེ་ཤེས་འདི་ནི་རྟག་བརྟེན་མཛོད།། རིགས་པ་དང་ནི ་ལུང་བསྟན་པ།། དབུགས་འབྱིན་བྱེད་པའི་རྒྱུ་འདི་ཡིས།། བྱང་ཆུབ་བསྒྲུབ་པའི་བསོད་ནམས་ནི།། འདི་ལ་བགྱིད་ལུག་མི་བྱའོ།། ཕྱོགས་རྣམས་ཀུན་ཏུ་ན་མཁའ་དང་།། ས་དང་ཆུ་དང་མི་དང་རླུང་།། ཇི་ལྟར་མཐའ་ཡས་དེ ་བཞིན་དུ།། སྡུག་བསྔལ་སེམས་ཅན་མཐའ་ཡས་འདོད།། སེམས་ཅན་མཐའ་ཡས་དེ་དག་ནི།། བྱང་ཆུབ་སེམས་དཔའི་སྙིང་བརྩེ་བས།། སྡུག་བསྔལ་དག་ལས་དྲང་བྱ་སྟེ།། སངས་རྒྱས་ཉིད་ལ་འགོད་པར་ངེས།། དེ་ལྟར ་བརྟན་པར་གནས་དེ་ནི།། མི་ཉལ་བ་འམ་ཉལ་ཡང་རུང་།། ཡང་དག་བླངས་པ་ནས་བཟུང་སྟེ།། བག་མེད་གྱུར་ཀྱང་སེམས་ཅན་རྣམས།། མཐའ་ཡས་ཕྱིར་ན་སེམས་ཅན་བཞིན།། བསོད་ནམས་མཐའ་ཡས་རྟག་སོགས ་འགྱུར།། མཐའ་ཡས་ངེས་ན་སངས་རྒྱས་ཉིད།། མཐའ་ཡས་ཐོབ་མིན་དཀའ་ཞེས་བྱ།། གང་ཞིག་དཔག་མེད་དུས་གནས་ཏེ།། ལུས་ཅན་དཔག་མེད་དོན་དུ་ནི།། བྱང་ཆུབ་དཔག་ཏུ་མེད་འདོད་ཅིང་།། དགེ་བ་དཔག་ཏུ་མེད ་འདོད་པ།། དེས་ཀོ་བྱང་ཆུབ་དཔག་མེད་ཀྱང་།། དཔག་ཏུ་མེད་པ་རྣམ་བཞི་ཡི།། ཚིགས་ཀྱིས་རིངས་པོ་མི་ཐོགས་པར།། ཇི་ལྟ་བུར་ན་འཐོབ་མི་འགྱུར།། བསོད་ནམས་མཐའ་ཡས་ཞེས་པ་དང་།། ཡེ་ཤེས་མཐའ་ཡས་ཞེས ་པ་དེས།། ལུས་དང་སེམས་དཔའ་ཀྱི་སྡུག་བསྔལ་དག། མྱུར་བ་ཉིད་དུ་སེལ་བར་བྱེད།། སྡིག་པས་ངན་འགྲོར་ལུས་ཀྱིས་ནི།། སྡུག་བསྔལ་བཀྲེས་སྐོམ་ལ་སོགས་འབྱུང་།། དེས་སྡིག་མ་བྱས་བསོད་ནམས་ཀྱིས།། སྲིད་པ ་གཞན་ནི་མེ་།། རྨོངས་པས་ཡིད་ཀྱི་སྡུག་བསྔལ་ནི།། ཚིགས་སྡང་འཇིགས་དང་འདོད་ལ་སོགས།། དེས་རྟེན་མེད་པའི་ཤེས་པ་ཡིས།། དེ་ནི་མྱུར་བ་ཉིད་དུ་སྤོང་།། ལུས་དང་ཡིད་ཀྱི་སྡུག་བསྔལ་གྱིས།། དེ་ལྟར་ཤིན་ཏུ་མ ་སྨས་ན།། གལ་ཏེ་འཇིག་རྟེན་མཐས་གཏུགས་པར།། འཇིག་རྟེན་འདྲེན་ཀྱང་ཅིས་ཏེ་སྐྱོ།། སྡུག་བསྔལ་བ་ལ་ཡུན་ཐུང་ཡང་།། བཟོད་དཀའ་ཡུན་རིང་སྨོས་ཅི་དགོས།། སྡུག་བསྔལ་མེད་ཅིང་བདེ་བ་ལ།། མཐའ་ཡས་དུས་ཀྱང་ཇི ་ཞིག་གནོད།། དེ་ལ་ལུས་ཀྱི་སྡུག་བསྔལ་མེད།། ཡིད་ཀྱི་སྡུག་བསྔལ་ག་ལ་ཡོད།། དེ་ནི་སྙིང་རྗེས་འཇིག་རྟེན་སྡུག། དེ་ཉིད་ཀྱིས་ནི་ཡུན་རིང་གནས།། དེ་བས་སངས་རྒྱས་རིང་ཐོགས་ཤེས།། བློ་དང་ལྡན་པ ་བགྱིད་མི་ལུག། ཉེས་ཟད་ཡོན་ཏན་དོན་དུ་ནི།། འདི་ལ་རྟག་ཏུ་འབད་པར་བྱ།། ཆགས་དང་ཞེ་སྡང་གཏི་མུག་དག། ཉེས་པར་མཁྱེན་ནས་ཡོངསུ་སྤོངས།། མ་ཆགས་མི་སྡང་གཏི་མུག་མེད།། ཡོན་ཏན་མཁྱེན་ནས་གུས་པས ་བརྟེན།། ཆགས་པས་ཡ་དགས་འགྲོ་བར་འགྲོ།། ཞེ་སྡང་གིས་ནི་དམྱལ་བར་འཕེན།། རྨོངས་པས་ཕལ་ཆེར་དུད་འགྲོར་འགྲོ།། བཟློག་པས་ལྷ་དང་མི་ཉིད་དོ།། སྐྱོན་སྦྲེངས་ཡོན་ཏན་འཛིན་པ་ཡིས།། མངོན་པར་མཐོ་བ ་པ་ཡི་ཆོས།། ཤེས་པས་འཛིན་པ་ཡང་ཟད་པ།། ངེས་པར་ལེགས་པ་པོ་ཡི་ཆོས།། སངས་རྒྱས་སྐུ་གཟུགས་མཆོད་རྟེན་དང་།། གཙུག་ལག་ཁང་དག་གུས་ཚུལ་དུ།། ཤིན་ཏུ་རྒྱ་ཆེན་གནས་ལམ་སོགས།། རྒྱ་ཆེན་ཕྱུག ་པ་བསྒྲུབ་པར་མཛོད།། རིན་ཆེན་ཀུན་ལ་བགྱིས་པ་ཡིས།། སངས་རྒྱས་སྐུ་གཟུགས་དབྱིབས་ལེགས་ཤིང་།། ལེགས་པར་བྲིས་པ་པདྨ་ལ།། བཞུགས་པ་དག་ལ་རིན་པོ་ཆེ།། ཀུན་གྱིས་བརྒྱན་པ་བགྱིད་དུ་གསོལ།། དམ ་ཆོས་དགེ་སློང་དགེ་འདུན་དག། ནན་ཏན་ཀུན་གྱིས་བསྐྱང་བར་མཛོད།། གསེར་དང་རིན་ཆེན་དྲ་བ་དག། ཉིད་ཀྱི་མཆོད་རྟེན་རྣམས་ལ་ཐོགས།། གསེར་དང་དངུལ་གྱི་མེ་ཏོག་དང་།། རྡོ་རྗེ་བྷུ་རུ་མུ་ཏིག་དང་།། ཨནྡ་རྙིལ་དང་བཻ་ཌཱུརྱ ་མཐོན་ཀ་ཆེན་པོས་མཆོད་རྟེན་མཆོད།། དམ་ཆོས་སྨྲ་ལ་མཆོད་པ་ནི།། རྙེད་དང་བཀུར་སྟི་དང་ལྡན་པ།། དགའ་བར་གྱུར་པ་རྣམས་བགྱི་ཞིང་།། ཆོས་དྲུག་གུས་བརྟེན་པ་མཛོད།། བླ་མ་རིམ་གྲོ་གུས་ཉན་དང་།། ཞུམ་རིང ་དང་ནི་མདོངས་གསོལ་དང་།། བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་།། རྟག་ཏུ་གུས་པས་མཆོད་པར་མཛོད།། མུ་སྟེགས་གཞན་ལ་གུས་པ་ཡིས་མཆོད་དང་ཕྱག་ཀྱང་མི་བགྱི་སྟེ།། མི་ཤེས་པ་རྣམས་དེའི་རྐྱེན ་གྱིས།། སྐྱོན་དང་བཅས་ལ་ཆགས་འགྱུར་གདའ།། ཐུབ་དབང་གསུང་དང་དེས་བྱུང་བའི།། གཞུང་རྣམས་བྲི་དང་གླེགས་བམ་ནི།། སྣག་ཚ་དག་དང་སྨྱུ་གུ་དག། སྔོན་དུ་འགྲོ་བ་སྦྱིན་པར་མཛོད།། ཡུལ་དུ་ཡི་གེའི་གྲཝ ་ཁང་དུ།། སློབ་དཔོན་ཚོ་བའི་བྱ་བ་དག། ཞིང་བརྩལ་བ་ཡི་ངེས་པ་ནི།། ཡེ་ཤེས་སྤེལ་བའི་ཐབ་སུ་མཛོད།། རྒན་དང་བྱིས་པ་ནད་པི་དང་།། སེམས་པོ་ཅན་སྡུག་བསྔལ་བསལ་སློད་དུ།། ཡུལ་དུ་སྨན་པ་འདྲེག་མཁན ་ངག། ཞི་ཞིང་རྔན་པ་འཇོག་ཏུ་གསོལ།། འདྲོན་གནས་ཀུན་དགའ་ཆུ་ལོན་དང་།། རྫིང་དང་མདུན་ཁང་ཆུར་དག། མལ་ཟས་རྩ་དང་ཤིང་ལྡན་པ།། ཤེས་རབ་བཟང་པོ་བགྱིད་དུ་གསོལ།། གྲངས་དང་གཙུག་ལག་ཁང་དྲག་དང་།། ་གྲོང་ཁྱེར་ཀུན་ཏུ་མདུན་ཁང་དང་།། ཆུ་དཀོན་ལམ་རྣམས་ཐམས་ཅད་དུ།། ཆུར་དག་ནི་བགྱིད་དུ་གསོལ།། ནད་པ་མགོན་མེད་སྡུག་བསྔལ་གྱིས།། ཉམ་ཐག་དམན་དང་ངན་པ་ངག། སྙིང་རྗེས་རྟག་ཏུ་ཡོངས་བཟུང་ཞིང་།། ་དེ་དག་གསོ་ཕྱིར་གུས་བརྟེན་མཛོད།། དུས་སུ་འབྱུང་བའི་ཟས་སྐོམ་དང་།། བཅའ་བ་འབྲུ་དང་ཤིང་ཏོག་དང་།། དེ་དགེ་སློང་བའི་སྐྱེ་བོ་ལ།། མུ་སྩལ་བར་དུ་གསོལ་མི་རིགས།། ལྷམ་དང་གདུགས་དང ་ཆུ་ཚགས་དང་།། ཚེར་མ་དབྱུང་བའི་ཆ་སྟ་དང་།། ཁབ་དང་སྐུད་དང་བསིལ་ཡབ་དང་།། ཆུ་ར་ཡི་ནི་གནསུ་བཞག། འབྲས་བུ་གསུམ་དང་ཚ་བ་གསུམ།། མ་རོ་དང་སྦྲང་རྩི་མིག་སྨན་དང་།། དུག་སེལ་ཆུ་རར་བཞག་བགྱི་ཞིང་།། གྲུབ ་པའི་སྨན་དང་སྔགས་ཀྱང་བྲྀ།། ལུས་དང་རྐང་པ་མགོ་བསྐུ་དང་།། བལ་དང་ཁྲིའུ་དང་སྐྱོ་མ་དང་།། བུམ་པ་ཟངས་དང་དགྲ་སྟ་སོགས།། ཆུ་ར་དག་ཏུ་འཇོག་ཏུ་གསོལ།། ཏིལ་དང་འབྲས་དང་འབྲུ་དང་ཟས།། བུ་རམ་སྣུམ་དང་ལྡན ་པ་ཡི།། ཆུར་ཆུ་ངུ་བསིལ་གྲིབ་དུ།། རུང་བའི་ཆུས་བཀང་བགྱིད་དུ་གསོལ།། གྲོག་སྤུར་ཚང་གི་སྒོ་དག་ཏུ།། ཟས་དང་ཆུ་དང་བུ་རམ་དང་།། འབྲུ་ཡི་ཕུང་པོ་རྟག་པར་ནི།། ཐུབ་བརྟན་མི་རྣམས་བགྱིད་དུ་གསོལ།། བཤོས ་གསོལ་སྔོན་དང་འོག་དག་ཏུ།། ཡི་དྭགས་ཁྱི་དག་གྲོག་སྦུར་དང་།། བྱ་ལ་སོགས་པ་ཅི་བདེ་བར།། རྟག་ཏུ་ཟས་དག་སྩལ་བར་མཛོད།། བཙས་པ་དང་ནི་ལོ་ཉེས་དང་།། གནོད་པ་དང་ནི་ཡམས་ནད་དང་།། ཕམ་གྱུར་ཡུལ་དུ ་འཇིག་རྟེན་པ།། རྗེསུ་གཟུང་བ་རྒྱ་ཆེན་མཛོད།། ཞིང་པ་ཉམ་ཐག་གྱུར་རྣམས་ལ།། ས་བོན་ཟས་ཀྱི་རྗེསུ་བཟུང་།། ནན་གྱིས་དཔྱ་ཁྲལ་བཏང་བ་དང་།། ཤས་རྣམས་ཀྱང་ནི་བསྒྲུབ་བ་དང་།། ཆགས་ཉེན་པ་ལས་ཡོངས་སྐྱབས་དང་།། ་ཤོ་གམྦྷ་བཏང་དང་ཤློ་གམ་དབྱི།། དེ་དག་སྒྲོ་ན་སྡོད་པ་ཡི།། ཉོན་མོངས་ལྔས་ཀྱང་བཟློག་པར་མཛོད།། རང་གི་ཡུལ་དང་ཡུལ་གཞན་གྱིས།། ཆོམ་རྐུན་རྣམས་ཀྱང་ཞི་བར་མཛོད།། དབྱིག་གི་སྤོབས་ནི་མཉམ་པ་དང་།། ་རིན་ཐང་རིགས་པར་བགྱིད་དུ་གསོལ།། བློན་པས་ཅི་དང་ཅི་གསོལ་པ།། ཉིད་ཀྱིས་ཀུན་ཏུ་མཁྱེན་མཛོད་ལ།། འཇིག་རྟེན་སྨན་པོ་གླང་དྲང་གང་།། དེ་དང་དེ་ཀུན་རྟག་ཏུ་མཛོད།། བདག་པ་ནི་ཙོ་དང་ཅི་བྱ་ཞེས།། ཇི་ལྟར་ཁྱེད་ལ ་ས་ཡོད་པ།། གཞན་ཕན་ཅི་དང་ཅི་བྱ་ཞེས།། དེ་བཞིན་ཁྱོད་ནི་གུས་པར་མཛོད།། ས་དང་ཆུ་དང་མེ་དང་རླུང་།། སྨན་དང་ནགས་ཀྱི་ཤིང་བཞིན་དུ།། བདག་ཉིད་ཡུད་ཙམ་གཅིག་ཏུ་ཡང་།། འདོད་དགུར་སྤྲད་པ་ཉིད་དུ ་མཛོད།། གོམ་པ་བདུན་པའི་དུས་སུ་ཡང་།། བདོག་པ་ཀུན་གཏོང་སེམས་འཆང་བའི།། བྱང་ཆུབ་སེམས་དཔའ་རྣམས་ལ་ནི།། བསོད་ནམས་མཁའ་འབྲུ་དཔག་མེད་སྐྱེ།། བུ་མོ་གཟུགས་བཟང་ལུས་མཛེས་ལ།། ་དེ་དོན་གཉེར་བ་རྣམས་བསལ་ནུས།། དེས་ནི་དམ་ཆོས་ཡོངསྣ་འཛིན་པའི།། གཟུང་ནི་སོ་སོར་ཐོབ་པར་འགྱུར།། རྒྱུན་རྣམས་ཀུན་དང་ལྡན་པ་ཡི།། བུ་མོ་སྟོང་ཕྲག་བརྒྱད་ཅུ་དག། ཡོ་བྱད་ཀུན་དང་ལྷན་ཅིག་ཏུ།། ཐུབ ་པ་ཡིས་ནི་སྔོན་སྩལ་ཏོ།། སྣ་ཚོགས་པ་དང་འོད་གསལ་བའི།། བགོ་བ་དག་དང་རྒྱན་རྣམས་དང་།། དྲི་དང་ཕྲེང་བ་ལོངས་སྤྱོད་དག། སློང་བ་རྣམས་ལ་བརྩེ་བས་སྩོལ།། གང་ལ་ཚེས་དོན་གང་མེད་ན།། ཤིན་ཏུ་ཉམ ་ཐག་གྱུར་པ་དེ།། དེ་ཡི་མོད་ལ་བདེ་སྩལ་ན།། དེ་ལས་སྦྱིན་མཆོག་མ་མཆིས་སོ།། གང་ལ་དུག་ནི་ཕན་གྱུར་ན།། དེ་ལ་དུག་ཀྱང་སྦྱིན་པར་བགྱི།། ཁ་ཟས་མཆོག་ཀྱང་མི་ཕནྡ་ན།། དེ་ལ་དེ་ནི ་སྦྱིན་མི་བགྱི།། སྦྲུལ་གྱིས་ཟིན་ལ་ཇི་ལྟ་བུར།། སོར་མོ་བཅད་པ་ཕན་བཤད་ན།། དེ་བཞིན་ཐུབ་པས་གཞན་ཕྲན་པ།། མི་བདེ་བ་ཡང་བྱ་བར་གསུངས།། དམ་པོའི་ཆོས་དང་ཆོས་སྨྲ་ལ།། ཉིད་ཀྱིས་བཀུར་སྟི་མཆོག་དང་ནི།། ། ་གུས་པར་བྱས་ཏེ་ཆོས་ཉན་ཞིང་།། ཆོས་ཀྱི་སྦྱིན་པ་དག་ཀྱང་མཛོད།། འཇིག་རྟེན་གཏམ་ལ་དགའ་མ་མཛད།། འཇིག་རྟེན་འདས་ལ་དགྱེས་པར་མཛོད།། བདག་ལ་ཇི་ལྟར་དེ་བཞིན་དུ།། གཞན་ལ་ཡོན་ཏན་བསྐྱེད་པར་མཛོད།། ། ་གསན་པའི་ཆོས་ཀྱིས་མི་ངོམས་ཤིང་།། དོན་གཟུང་རྣམ་པར་དབྱེ་བ་དང་།། བླ་མ་དག་ལ་ཡོན་དབུལ་བ།། རྟག་ཏུ་གུས་པར་མཛད་དུ་གསོལ།། འཇིག་རྟེན་རྒྱང་ཕན་སོགས་མི་གདོན།། རྩོད་པའི་དོན་གྱི་ང་རྒྱལ་སྤངས།། ་རང་གི་ཡོན་ཏན་མི་བསྔགས་ཤིང་།། དགྲ་ལའང་ཡོན་ཏན་བརྗོད་པར་མཛོད།། གནས་ལ་དབབ་པར་མི་བགྱི་ཞིང་།། ངན་སེམས་ཀྱིས་ནི་གླེང་མི་བགྱི།། གཞན་རྣམས་ཀྱི་དྲང་བདག་ཉིད་ཀྱི།། འཁྲུལ་བ་སོ་སོར་བརྟག ་པར་བྱ།། ཉེས་པ་གང་ཞིག་གཞན་དག་ལ།། མཁས་པས་རྟག་ཏུ་ཁ་བྱ་བ། དེ་ནི་རང་གིས་ཡོངས་སྤང་ཞིང་།། ནུས་པ་གཞན་ཡང་བཟློག་པར་མཛོད།། གཞན་གྱིས་གནོད་པ་བགྱིས་པ་ལ།། སྔོན་གྱི་ལས་དགོངས་ཁྲོ་མི་བགྱི།། ་སྡུག་བསྔལ་ཡང་འབྱུང་མི་འགྱུར་བར།། རང་གི་ཉེས་པ་མེད་པར་བགྱི།། ལན་ལཱ་རེ་བ་མ་མཆིས་པར།། གཞན་དག་ལ་ནི་ཕན་པར་མཛོད།། སྡུག་བསྔལ་གཅིག་པུས་གནག་བགྱི་ཞིང་།། བདེ་བ་སློང་དང་ལྷན་ཅིག་སྤྱད།། ་ལྷོ་ཡི་ཕུན་སུམ་ཚོགས་པས་ཀྱང་།། ཁེང་སྨྲ་ཉིད་དུ་མི་བྱ་ཞིང་།། ཡི་དགས་བཞིན་དུ་དབུལ་བ་ཡི།། རྒུད་པས་ཀྱང་ནི་ནུམ་མྱི་བགྱི།། བདེན་པ་གང་གིས་རང་དོན་ལ།། རྒྱལ་སྲིད་ཉམས་པར་གྱུར་ནའང་དེ།། རང་གི་དོན ་ལ་རྟག་བརྗོད་ཅིང་།། དེ་ལ་གཞན་སྨྲ་མི་བགྱིའོ།། ཇི་སྐད་གསུངས་པ་དེ་བཞིན་དུ།། མཛད་པའི་བརྟུལ་ཞུགས་རྟག་བརྟེན་མཛོད།། དེས་ན་དཔལ་ལྡན་ས་སྟེང་སུ།། ཚད་མ་ཡི་ནི་དམ་པར་འགྱུར།། ཁྱོད་ནི་རྟག་ཏུ་ཐཾད་ལ ་ལེགས་པར་བརྟགས་ཏེ་མཛད་པ་དང་།། ཡང་དག་ཇི་བཞིན་དྲོན་གཟིགས་པས།། གཞན་གྱི་དྲིང་མི་འཇོག་པར་མཛོད།། ཆོས་ལས་རྒྱལ་སྲིད་བདེ་བ་དང་།། ཕྱོགས་རྣམས་ཀུན་ཏུ་གྲགས་པ་ཡི།། བླ་རེ་རྒྱ་ཆེན་འབྱུང ་འགྱུར་ཞིང་།། བློན་པོ་རྣམས་ཀྱང་ཀུན་ཏུ་འདུན།། འཆི་བའི་རྐྱེན་ནི་མང་བ་སྟེ།། གསོན་པ་ཡི་ནི་ཉུང་ཟད་གཅིག། དེ་དག་ཉིད་ནི་འཆི་བའི་ཡིན།། དེ་བས་རྟག་ཏུ་ཆོས་མཛོད་ཅིག། འདི་ལྟར་རྟག་ཏུ་ཆོས་མཛད་ན། ་འཇིག་རྟེན་ཀུན་དང་བདག་ཉིད་ལ།། ཉམས་བདེར་འགྱུར་པ་གང་ལགས་པ།། དེ་ཉིད་རེ་ཞིག་རྟོག་མོད་ལགས།། ཆོས་ཀྱི་བདེ་བར་གཉིད་ལོག་ཅིང་།། བདེ་བར་སད་པ་དག་ཏུ་འགྱུར།། ནང་གི་བདག་ཉིད་སྐྱོན་མེད་པར།། ་རྨི་ལམ་དག་ཀྱང་བདེ་བ་མཐོང་།། ཕ་མ་སྲིད་ཞུ་ལྷུར་ལེན་དང་།། རིགས་ཀྱི་གཙོ་ལ་རིམ་གྲོ་དང་།། ལོངསུ་སྤྱོད་ལེགས་སྤྱོད་བཟོད་གཏོང་དང་།། ཚིག་འཇམ་བླ་མ་མེད་བདེན་པའི།། བརྟུལ་ཞུགས ་རྩེ་ཅིག་བྱས་པ་སྟེ།། ལྷ་ཡི་དབང་པོ་ཉིད་ཐོབ་ནས།། ད་དུང་དུ་ཡང་ལྷ་དབང་བགྱིད།། དེ་བས་དེ་འདྲིབ་མཆོད་རྟེན་མཛོད།། རྫེའུ་ཆོས་སུམ་བརྒྱའི་ཁ་ཟས་དྲག། ཉིན་རི་དུས་གསུམ་བྱིན་པ་བས།། བྱམས་པ་ཡུད ་ཙམ་ཐང་གཅིག་གིས།། བསོད་ནམས་དྲུག་ལས་ཆར་མི་ཕོད།། ལྷ་མི་བྱམས་པར་འགྱུར་བ་དང་།། དེ་དག་ཀྱང་ནི་བསྲུང་བ་དང་།། ཡིད་བདེ་བ་དང་བདེ་མང་དང་།། དུག་དང་མཚོན་གྱི་གནོད་མཽད་དང་།། འབབ ་པ་མེད་པར་དོན་ཐོབ་དང་།། ཚུངས་པའི་འཇིག་རྟེན་སྐྱེ་འགྱུར་ཏེ།། གལ་ཏེ་གྲོལ་བར་མ་གྱུར་ཀྱང་།། བྱམས་ཆོས་ཡོན་ཏནྡྲ་བརྒྱུད་འཐོབ་བོ།། སེམས་ཅན་རྣམས་ནི་བྱང་ཆུབ་ཏུ།། སེམས་དེསྐྱེད་བཅུག་ཅིང་བརྟན ་བྱས་ནས།། རི་དབང་རྒྱལ་པོ་ལྟར་བརྟན་ཅིང་།། བྱང་ཆུབ་སེམས་ནི་རྟག་ཏུ་འཐོབ།། དད་པས་མི་ཁོམ་འགྲོ་མི་འགྱུར།། ཁྱམས་ཀྱི་འགྲོ་བྱ་བཟང་པོར་འགྲོ།། སྟོང་པ་ཉིད་ལ་གྲོམས་པ་ཡིས།། ཆོས་རྣམས་ཀུན་ལ ་ཚོགས་མེད་འཐོབ།། གཡོ་མེད་པས་ནི་དྲན་ལྡན་འཐོབ།། སེམས་པར་བྱེད་པས་བློ་གྲོས་འཐོབ།། བཀུར་སྟི་བྱེད་པས་དོན་རྟོགས་ལྡན།། ཆོས་སྲུང་ཤེས་རབ་ཅན་དུ་འགྱུར།། ཆོས་མཉན་པ་དང་སྦྱིན་པ་དག། སྒྲིབ་པ ་མེད་པར་བྱས་པ་ཡིས།། སངས་རྒྱས་རྣམས་དང་འགྲོགས་པ་ཉིད།། འདོད་པ་མྱུར་དུ་ཐོབ་པར་འགྱུར།། མ་ཆགས་པས་ནི་དོན་འགྲུབ་སྟེ།། སེར་སྣ་མེད་པས་ལོངས་སྤྱོད་འཕེལ།། ང་རྒྱལ་མེད་པས་གཙོ་བོར་འགྱུར།། ཆོས་ལ ་བཟོད་པས་གཟུངས་འཐོབ་བོ།། སྙིང་པོ་ལྔ་རྣམས་བྱིན་པ་དང་།། འཇིགས་ལ་མི་འཇིགས་བྱིན་པ་ཡིས།། བདུད་རྣམས་ཀུན་གྱིས་མ་ཚུགས་ཤིང་།། སྟོབས་པོ་ཆེ་ཡི་མཆོག་ཏུ་འགྱུར།། མཆོད་རྟེན་མར་མེ་ཕྲེང་བ་དང་།། མུན་པ ་དག་ཏུ་སྒྲོན་མ་དང་།། མར་མེ་འབྲུ་མར་བྱིན་པ་ཡི།། ལྷ་ཡི་མིག་ནི་འཐོབ་པར་འགྱུར།། མཆོད་རྟེན་མཆོད་པ་རོལ་མོ་དྲང་།། དྲིལ་བུ་དག་ནི་ཕུལ་བ་དང་།། དུང་དང་རྔ་ནི་རབ་ཕུལ་བས།། ལྷ་ཡི་རྣ་བ་འཐོབ་པར་འགྱུར།། གཞན ་གྱི་འཁྲུལ་པ་མི་གླེང་ཞིང་།། ཡན་ལག་ཉམས་པ་རྣམས་མི་བརྗོད།། སེམས་ནི་རྗེ་སུ་བསྲུང་བས་ན།། གཞན་གྱི་སེམས་ནི་ཤེས་པ་འཐོབ།། ལྷམ་དང་བཞོན་པ་བྱིན་པ་དང་།། ཉམས་ཆུང་བཀུར་བ་བྱས་པ་དང་།། གཞོན་པས་བླ་མ་བཀུར ་བ་ཡིས་མཁས་པས་རྫུ་འཕྲུལ་ཐོབ་པར་འགྱུར།། ཆོས་ཀྱི་ཆེད་དང་དེ་བཞིན་དུ།། ཆོས་གཞུང་དོན་དག་དྲན་པ་དང་།། ཆོས་ཀྱི་སྦྱིན་པ་དྲི་མེད་པས།། ཚེ་རླབས་དྲན་པ་འཐོབ་པར་འགྱུར།། དངོས་རྣམས་ངོ་བོ་ཉིད་མེད་པར།། ཡང་དག་ཇི་བཞིན ་ཡོངས་ཤེས་པས།། མངོན་ཤེས་དྲུག་པ་ཟག་པ་ཀུན།། ཟད་པ་མཆོག་ནི་འཐོབ་པར་འགྱུར།། སེམས་ཅན་ཐམས་ཅད་དགྲོལ་བའི་ཕྱིར།། དེ་བཞིན་ཉིད་ཤེས་མཉམ་ལྡན་པ།། སྙིང་རྗེས་བརླན་པ་བསྒོམས་པ་ཡིས།། རྣམ་པའི་མཆོག ་ལྡན་རྒྱལ་བར་འགྱུར།། སྨོན་ལམ་སྣ་ཚོགས་དགུ་པ་ཡིས།། སངས་རྒྱས་ཞིང་ནི་དག་པར་འགྱུར།། ཐུབ་དབང་རིན་ཆེན་ཕུལ་བ་ཡིས།། མཐའ་ཡས་འོད་ནི་རྣམ་པར་འཕྲོ།། དེ་བས་དེ་ལྟར་ལས་འབྲས ་དག། མཐུན་པར་མཁྱེན་མཛད་དོན་དུ་ནི།། འགྲོ་ལ་ཕན་པི་རྟག་ཏུ་མཛོད།། དེ་ཉིད་ཁྱོད་ལ་ཕནྡ་པ་ལགས།། རིན་པོ་ཆེའི་ཕྲེང་བ་ལས་བྱང་ཆུབ་ཀྱི་ཚིགས་བསྡུས་པ་ཞེས་བྱ་བ་སྟེ་ལེའུ་གསུམ་པའོ།། ། ་གང་ཕྱིར་བཟོད་དམ་མོ་བཟོད་པ།། ཤེས་པར་དཀའ་བས་རྒྱལ་པོ་ནི།། ཆོས་མིན་རིག་པ་མིན་སྤྱོད་ཀྱང་།། རྗེས་སུ་འཚོ་བ་ཕལ་ཆེར་སྟོད།། རེ་ཞིག་གཞན་སུའང་རུང་བ་ལའང་།། མི་སྙན་ཕན་པ་བརྗོད་དཀའ་ན།། སྲ་ཆེན ་མངའ་བའི་རྒྱུལ་ཁྱོད་ལ།། དགེ་སློང་བདག་ལ་ལྟ་སྨོས་ཅི་དགོས།། ཁྱོད་ཀྱིས་དགྱེས་པ་མཛད་སླང་དང་།། འགྲོ་བ་ལ་ཡང་རྩེ་སླད་དུ།། ཁྱོད་ལ་མི་སྙན་ཡང་སྨན་པ།། བདག་ལྟ་ཅིག་པུས་ཏེ་བོར་གསོལ།། བདེན་འཇ ་དོན་ལྡན་འཕྲོད་པ་ནི།། བརྩེ་བས་དུས་སུ་སློབ་མ་ལ།། བརྗོད་པར་བྱ་ཞེས་བཅོམ་ལྡན་གསུང་།། དེ་ལྟ་བས་ན་དེ་སྐད་བརྗོད།། བརྟན་པ་ཁྲོ་བ་མེད་གྱུར་པ།། བདེན་པའི་ཚིག་ནི་བསྒྲགས་པ་ན།། ཁྲུས་བྱེད་བཟུང་པོའི་ཆུ ་བཞིན་དུ།། མཉན་འོས་ཉམ་སུ་ལེན་པར་བགྱིད།། ཁྱོད་ལ་བདག་གིས་འདི་དང་ནི།། གཞན་དུ་ཕན་པ་བརྗོད་བགྱིད་པ།། མཁྱེན་པར་མཛོད་དེ་བདག་ཉིད་དང་།། གཞན་ལ་སྨན་པར་འགྱུར་དེ་མཛོད།། སློང་བ་སྔོན་ཆད་སྦྱིན ་བགྱིས་པས།། དོན་བརྙེས་གྱུར་ནས་མི་སྦྱིན་ན།། བྱས་མྱི་བཟོད་དང་ཆགས་པ་ཡིས།། ཕྱི་ནས་དོན་རྣམས་འཐོབ་མི་འགྱུར།། འཇིག་རྟེན་འདི་ན་ལས་བྱེད་པ།། བླ་མེད་ལམ་རྒྱགས་ཁྱེར་མི་བཏུབ།། སློང་ལྔ་དམུན་པ་མ་བརྔན་པར ་ཕྱི་མའི་ཚེ་ན་བརྒྱ་འགྱུར་ཁྱེ།། རྟག་ཏུ་ཐུགས་རྗེ་ཆེན་པོ་དང་།། མཛད་པ་རྒྱ་ཆེན་ལས་དགྱེས་མཛོད།། རྒྱ་ཆེན་ལས་ལས་འབྲས་བུ་ནི།། ཐམས་ཅད་རྒྱ་ཆེན་འབྱུང་བར་འགྱུར།། རྒྱལ་པོ་དམན་པ་རྣམས་ཀྱིས་ནི།། ཡིད་ལའང་བསམ། ་པར་མ་གྱུར་པའོ།། ཆོས་བཞི་དཀོན་མཆོག་གསུམ་གྱི་རྟེན།། གྲགས་པ་དཔལ་དང་ལྡན་པའི་མཛོད།། ཆོས་བཞི་གང་ཞིག་ཀུན་འབྱོར་པའི།། རྒྱལ་པོ་བ་སྤུ་མཱི་ལྡང་བ།། ཤི་ནའང་སྙན་པར་མི་འགྱུར་བས།། རྒྱལ་པོ་དེ་ནི་མ་བྱས ་བླ། རྒྱ་རབ་ཆེ་ཕྱིར་རྒྱ་ཆེན་རྣམས།། སྙེམས་བྲལ་སྤྲོ་བ་སྐྱེད་བྱེད་ཅིང་།། སྨན་རྣམས་སྤྲོ་བར་འཇོམས་བྱེད་པ།། བདོག་པ་ཐམས་ཅད་གཏུགས་ཏེ་མཛོད།། ཁྱོད་ནི་བདོག་པ་ཀུན་བོར་ནས།། དབང་མེད་གྲ་ཤེད་གཤེགས་འཚལ ་བས།། ཆོས་ཀྱི་སླད་དུ་སྤྱད་པ་ཀུན།། ཁྱོད་ཀྱི་མདུན་དུ་མདོར་བ་ཉིད།། མི་དབང་སྔ་མིའི་བདོག་པ་ཀུན།། སར་པ་ཡིས་ནི་དབང་གྱུར་ན།། སྔ་མའི་ཆོས་སམ་བདེ་བ་འམ།། གྲགས་པ་དག་ཏུ་འགྱུར་རམ་ཅི།། ནོར་སྤྱད་པ་ཡིས་འདི་ལྔ ་བདེབྱིན་པས་གཞན་དུ་བདེ་བར་འགྱུར།། མ་སྤྱད་མི་བྱིན་ཆུད་ཟོས་པས།། སྡུག་བསྔལ་འབའ་ཞིག་ག་ལ་བདེ།། འཆི་ཁར་བློན་པོ་རྗེས་ངན་ཅན།། གཅེས་པར་མི་འཛིན་རྒྱལ་པོ་གསེར།། བྱམས་པར་འདོད་པ་རྣམས་ཀྱི ་ཀྱང་དབང་མེད་བྱས་པས་སྦྱིན་མི་མོང།། དེ་བས་རྣལ་ནས་མྱུར་དུ་ནི།། བདོག་པ་ཀུན་གྱི་ཆོས་བཞི་མཛོད།། འཆི་བདག་རྐྱེན་གྱིས་ནང་གནས་པ།། རླུང་དམར་ནང་འདུག་མར་མེ་བཞིན།། སྔོན་གྱི་རྒྱལ ་ཆོས་ཀྱི་གཞི།། ལྷ་ཁང་ལ་སོགས་གཞན་གྱིས་པ།། གང་དག་ལགས་པ་དེ་དག་ཀྱང་།། སྔར་ལུགས་བཞིན་དུ་བསྐྱང་བར་མཛོད།། དེ་དག་ཚེ་མེད་དགེ་སྤྱོད་ཅིང་།། བརྟུལ་ཞུགས་ལ་གནས་གློ་བུར་བྱས།། བདེན་བཟོད་འཐབ་ཀྲོལ ་མ་མཆིས་པ།། རྟག་ཏུ་བརྩོན་རྣམས་སྤྱོད་དུ་གསོལ།། ལོང་བ་ནད་པ་དམན་པ་དང་།། མགོན་མེད་སྡུག་ཕོངས་ཡན་ལག་ཉམས།། དེ་དག་ཀྱང་ནི་ཟས་དང་སྐོམ།། དགག་པ་མེད་པར་སྙོམས་ཐོ་བོ་མཛོད།། ཆོས་ལྡན་དོན་དུ་མི ་གཉེར་བ།། རྒྱལ་པོ་གཞན་ཡུལ་གནས་རྣམས་ལའང་།། རྗེས་སུ་བཟུང་བར་བགྱིད་པ་དག། ཅི་རིགས་པ་ནི་རབ་ཏུ་མཛོད།། ཆོས་ཀྱི་གཞི་ནི་ཐམས་ཅད་དུ།། ཆོས་འཁོར་སྣ་བོས་མི་གཡེལ་བ།། མི་བཟན་མཁས་ཤིང་ཆོས ་མཐུན་པ།། དེ་དག་རྣམས་ལ་མི་གནོད་སྐོས།། ལུགས་ཤེས་ཆོས་དང་ལྡན་ལ་འབྱར།། གཙང་ཞིང་སྙིང་ཉེ་མི་བསྔར་བ།། རིག་བཟང་ངང་ཚུལ་ཕུན་སུམ་ཚོགས།། བྱས་པ་གཟོ་བའི་བློན་པོས་སྐོས།། གཏོང་པོད་མ་ཆགས་དཔའ ་བ་དང་།། འཇམ་ཞིང་རན་སྤྱོད་བརྟན་པ་དང་།། རྟག་ཏུ་བག་ནི་ཡོད་པ་དང་།། ཆོས་དང་ལྡན་པའི་དམག་དཔོན་བསྐོས།། ཆོས་ཀྱི་ངང་ཚུལ་གཙང་ལ་གཟོ།། དོན་ཤེས་གཙུག་ལག་ལ་མཁས་པ།། ཚུལ་ལྡན་སྙོམས་ཤིང་དང ་འཇམ་པ།། རྒན་རབས་རྣམས་ནི་སྣ་བོར་སྐོས།། ཟླ་རེ་ཞིང་ནི་དེ་དག་ལས།། ཉིད་ཀྱིས་འདུ་འགོད་ཀུན་གསོན་ཏེ།། གསན་ནས་ཆོས་ཀྱི་གཞི་སོགས་ཀྱིས།། དོན་ཀུན་ཉིད་ཀྱིས་བཀའ་སྩོལ་ཅིག། ཁྱོད་ཀྱིས་རྒྱལ་སྲིད་ཆོས་དོན་དུ ་གྲགས་དོན་འདོད་སླད་མ་ལགས་ན།། དེ་ནི་ཤིན་ཏུ་འབྲས་བུར་བཅས།། དེ་ལས་གཞན་དུ་འགྱུར་མ་མཆིས།། མི་དབང་ད་ལྟ་འཇིག་རྟེན་ན།། ཕལ་ཆེར་ཕན་ཚུན་ལྟོར་འཛུད་པས།། ཇི་ལྟར་ཁྱོད་ཀྱི་རྒྱལ་སྲིད་དང་།། ཆོས་སུ་འགྱུར ་བྱ་དེ་བཞིན་གསོན།། ཤེས་པས་རྒན་ཞིང་རིགས་བཟང་བ།། རིག་པ་ཤེས་ལ་སྡིག་ལ་འཛེམ།། ནང་གཤིན་དོགས་པ་མཐོང་འགྱུར་བ།། མང་པོ་རྟག་ཏུ་ཁྱོད་ཀྱིས་སོགས།། ཆུད་པ་གཟུང་དང་བསྡིག་ལ་སོགས།། རིགས་པའང ་ཁྱོད་ཀྱི་མི་བགྱི་སྟེ།། སྙིང་རྗེས་བརླན་པར་བགྱིས་ནས་ནཱི།། རྟག་ཏུ་རྗེ་སུ་བཟུང་བར་མཛོད།། མི་བཟད་སྡིག་པ་བྱེད་པ་ཡི།། ལུས་ཅན་དག་ནི་ཐམས་ཅད་ལའང་།། རྒྱལ་པོ་ཁྱོད་ཀྱི་རྟག་པར་ཡང་།། སྙིང་རྗེས་ཕན་སེམས་ཁོ་ན་བསྐྱེད། ་མི་བཟད་སྡིག་ཅན་གསོད་བྱེད་ལ།། ཁྱད་པར་དུ་ཡང་སྙིང་རྗེ་བགྱི།། བདག་ཉིད་ཉམས་པ་དེ་དག་ཉིད།། བདག་ཉིད་ཆེན་པོའི་སྙིང་རྗེའི་གནས།། ཉིན་གཅིག་བཞིན་ནམ་ཞག་ལྔ་བར།། ཉམས་ཆུང་བཙོན་རྣམས་གཏོང་བར་མཛོད། ་ལྷག་པ་རྣམས་ཀྱང་ཅི་རིགས་མཛོད།། འགའ་ཡང་མི་དགྲོལ་མིན་པར་མཛོད།། ཁྱོད་ནི་འགའ་ལང་བཏང་སེམས་མེད།། དེ་ལས་སྡོམ་པ་མིན་པ་སྐྱེ།། སྡོམ་པ་མ་ཡིན་དེ་ལས་ནི།། རྒྱུན་མི་འཆད་པར་སྡིག་པ་སོགས།། བཙོན་ནི ་ཇི་སྲིད་མ་བཏང་བ།། དེ་ཡི་བར་དུ་འདྲེག་མཁན་དང་།། ཁྲུས་དང་བཟའ་དང་བཏུང་བ་དང་།། སྨན་དང་ལྡན་པས་བདེ་བར་བགྱི།། སྣོད་མེད་པ་ཡི་བུ་དག་ལ།། སྣོད་དུ་རུང་བར་བྱ་འདོད་ལྟར།། སྙིང་རྗེ ་ཡིས་ནི་ཚར་བཅད་བྱའི།། སྡང་བས་མ་ཡིན་ནོར་ཕྱིར་མིན།། རབ་སྡང་གསོད་པར་བྱེད་པའི་མི།། བརྟགས་ཏེ་ལེགས་པར་ཤེས་བགྱིས་ནས།། མི་བསད་གནོད་པར་མི་བགྱི་བར།། ཡུལ་ནས་བསྐྲད་པ་གང་དུ་མཛོད།། རང ་དབང་ཡོད་པར་ཡུལ་ཀུན་ཡང་།། བྱ་མ་རྟ་ཡི་སྤྱན་གྱིས་གཟིགས།། རྟག་ཏུ་བག་ཡོད་དྲན་ལྡན་པས།། ཆོས་དང་མཐུན་པའི་དོན་མཛོད་ཅིག། ཡོན་ཏན་གནས་ལ་བདག་ཉིད་ཀྱིས།། རབ་སྦྱིན་བཀུར་སྟི་རིམ་གྲོ་དག། རྒྱ་ཆེ་རྗེ་སུ ་མཐུན་སྦྱར་ཞིང་།། ལྷག་མ་རྣམས་ལའང་ཅི་རིགས་བགྱི།། རྒྱལ་པོའི་ལྗོན་ཤིང་བཟོད་གྲིབ་ཅན།། བཀུར་སྟིའི་མེ་ཏོག་རྒྱས་གྱུར་ཅིང་།། རབ་སྦྱིན་འབྲས་བུ་ཆེ་ལྡན་ལ།། དམངས་ཀྱི་བྱ་རྣམས་བརྟེན་པར་འགྱུར།། ་རྒྱལ་པོ་གཏོང་བའི་ངང་ཚུལ་ཅན།། བརྗིད་དང་ལྡན་ན་དགའ་འགྱུར་ན།། སུག་སྨེལ་ན་ལེ་ཤམ་རྩུབ་པའི།། ཤ་ཁ་ར་ཡི་ལ་དུ་བཞིན།། དེ་ལྟར་རིགས་པས་སྤྲད་ན་ནི།། ཁྱོད་ཀྱི་རྒྱལ་སྲིད་འདོད་མི་འགྱུར།། རིགས་པ ་མ་ཡིན་མི་འགྱུར་ཞིང་།། ཆོས་མིན་མ་ཡིན་ཆོས་སུ་འགྱུར།། རྒྱལ་སྲིད་འཇིག་རྟེན་ཕ་རོལ་ནས།། བསྒྲུབས་ཏེ་མ་བྱོན་བསྣབས་མི་འགྱུར།། ཆོས་ཀྱི་སྙེམས་པས་དེའི་སླད་དུ།། ཆོས་མིན་ཁྱོད་ཀྱིས་བགྱི་མི་རིགས།། འཚོག་ཆས ་ཟོང་ནི་རྒྱལ་སྲིད་ཀྱིས།། སྡུག་བསྔལ་འཚོགས་ཆས་བརྒྱད་པ་དག། ཅི་ནས་བསྒྲུབ་པར་མི་འགྱུར་བར།། རྒྱལ་པོ་དེ་ལྟར་ནན་ཏན་མཛོད།། འཆོག་ཆས་ཟོང་ནི་རྒྱལ་སྲིད་ཀྱིས།། རྒྱལ་སྲིད་འཚོག་ཆས་བརྒྱུད་པ་དག། རྒྱལ་པོ ་ཅི་ནས་མཉེས་འགྱུར་པ།། དེ་ལྟ་བུར་ནི་ནན་ཏན་མཛོད།། གླིང་བཞི་པ་ཡི་ས་ཐོབ་ཀྱང་།། འཁོར་ལོས་སྒྱུར་བའི་བདེ་བ་ནི།། ལུས་ཀྱི་དག་དང་སེམས་ཀྱི་སྟེ།། འདི་གཉིས་ཁོ་ནར་ཟད་པར་འདོད།། ལུས་ཀྱི་ཚོར་བ་བདེ་བ་ནི།། སྡུག ་བསྔལ་ཕྱིར་ན་བཅོས་པ་ཙམ།། སེམས་ཀྱི་འདུ་ཤེས་རང་བཞིན་ཏེ།། རྟོག་པས་བྱས་པ་ཁོ་ནར་ཟད།། འཇིག་རྟེན་བདེ་བས་བདོག་པ་ཀུན།། སྡུག་བསྔལ་ཕྱིར་ནི་བཅོམ་ཙམ་དང་།། རྟོག་པ་ཙམ་ཉིད་ཡིན་དེའི་ཕྱིར།། དེ་ནི་དོན ་དུ་དོན་མེད་དོ།། གླིང་དང་ཡུལ་དུདུ་གནས་དང་ཁྱམ།། ཁྱོགས་དང་སྟན་དང་གོས་རྣམས་དང་།། མལ་ཆ་བཟའ་བཏུང་གླང་པོ་རྟ།། བུད་མེད་སྤྱད་བྱཱ་རྀ་རེར་ཟད།། གང་ཚེ་གང་ལ་སེམས་འཇུག་པ།། དེ་ཚེ་དེ་ཡིས་བདེ་ཞེས་གྲགས།། ་ལྷག་མ་ཡིད་ལ་མི་བྱེད་པས།། དེ་ཚེ་དོན་དུ་དོན་མེད་ཉིད།། མིག་ལ་སོགས་པའི་དབང་པོ་ལྔས།། ཡུལ་ལྔ་འཛིན་ཚེ་གང་གི་ཕྱིར།། རྟོག་པ་མི་བྱེད་དེ་ཡི་ཕྱིར།། དེ་ཚེ་དེ་ལ་བདེ་བ་མེད།། གང་ཚེ་ཡུལ་ནི་གང་དང་གང་།། དབང ་པོ་གང་གིས་ཤེས་གྱུར་པ།། དེ་ཚེ་ལྷག་མས་ལྷག་མ་མིན།། གང་ཚེ་དེ་ཕྱིར་དོན་མེད་ཉིད།། དབང་པོ་ཡིས་ནི་མིག་གྱུར་པ།། འདས་པའི་ཡུལ་གྱི་རྣམ་པ་ལ།། ཡིད་ཀྱིས་དམིགས་ནས་རྟོགས་པ་ན།། བདེའོ་སྙམ་དུ་རློམ་པར་བྱེད།། ་འདི་ནི་དབང་པོ་གཅིག་གིས་ནརྀ།། དོན་གཅིག་ཤེས་པ་གང་ཡིན་པ།། དེ་ཡང་དོན་མེད་པར་དོན་མེད།། དོན་ཡང་དེ་མེད་པར་དོན་མེད།། ཇི་ལྟར་པ་དང་མ་དྲག་ལ།། བརྟེན་ནས་བུ་ནི་འབྱུང་བཤད ་བ། དེ་བཞིན་མིག་དང་གཟུགས་བརྟེན་ནས།། རྣམ་པར་ཤེས་པ་འབྱུང་བར་བཤད།། ཡུལ་ནི་འདས་དང་མ་ཐོངས་རྣམས།། དབང་པོ་དང་བཅས་དོན་མེད་ལ།། དེ་ཉིད་ལས་ཐ་དད་མེད་ཕྱིར།། གང་དག་ད་ལྟར་ཡང་དོན ་མེད།། ཇི་ལྟར་མིག་ནི་འཁྲུལ་པ་ཡིས།། མགལ་མེའི་འཁོར་ལོ་འཛིན་བྱེད་པ།། དེ་བཞིན་དབང་པོ་རྣམས་ཀྱིས་ནི།། ད་ལྟའི་ཡུལ་དག་འཛིན་པར་བྱེད།། དབང་པོ་རྣམས་དང་དབང་དོན་རྣམས།། འབྱུང་བ་རྣམས་ཀྱི་རང ་བཞིན་འདོད།། འབྱུང་བ་སོ་སོར་དོན་མེད་པས།། འདི་དག་དོན་དུ་དོན་མེད་དོ།། འཁྱུང་རྣམས་སོ་སོར་ཐ་དད་ན།། བུད་ཤིང་མེད་པའི་མེད་ཐལ་འགྱུར།། འདུས་ན་མཚན་ཉིད་མེད་འགྱུར་ཏེ།། ལྷག་མ་ལ་ཡང་དེ་ལྟར་ངེས།། ་དེ་ལྟར་འབྱུང་རྣམས་རྣམ་གཉིས་སུའང་།། དོན་མེད་པས་ན་འདུས་དོན་མེད།། འདུས་དོན་མེད་ཉིད་ཀྱི་ཕྱིར།། གཟུགས་ཀྱང་དོན་དུ་དོན་མེད་དོ།། རྣམ་ཤེས་ཚོར་དང་འདུ་ཤེས་དང་།། འདུ་བྱེད་རྣམས་ཀྱང་ཐམས་ཅད་དུ།། ་སོ་སོར་བདག་ཉིད་དོན་མེད་ཕྱིར།། དམ་པའི་དོན་དུ་དོན་མེད་དོ།། ཇི་ལྟར་སྡུག་བསྔལ་ཕྱིར་བཅོས་ལ།། དོན་དུ་བདེ་བར་ང་རྒྱལ་བྱེད།། དེ་བཞིན་བདེ་འཇོམས་བྱུང་བ་ལ།། སྡུག་བསྔལ་དུ་ཡང་ང་རྒྱལ་བྱེད།། ད་ལྟར་ངོ་བོ་ཉིད ་མྱེད་ཕྱིར།། བདེ་དང་ཕྲད་པའི་སྲེད་པ་དང་།། སྡུག་བསྔལ་རྣལ་ནི་སྲིད་པ་སྦྱོང་།། དེ་བཱིར་དེ་ལྟར་མཐོང་བ་གྲོལ།། གངྒ་གྲྀ་སེམས་མཐོང་འགྱུར་ཞེ་ན།། ཐ་སྙད་དུ་ནི་སེམས་བརྗོད་དེ།། སེམས་བྱུང་མེད་པར་སེམས་མི་འབྱུང་།། ་དོན་མེད་ལྷན་ཅིག་མི་འདོད་དོ།། དེ་ལྟར་ཡང་དགྲ་ཇི་བཞིན་དུ།། འགྲོ་བ་དོན་མིད་ཤེས་ནས་ནི།། རྒྱུ་མེད་པ་ཡི་མེ་བཞིན་དུ།། གནས་མེད་ལེན་མེ་མྱི་ངན་འདའ།། དེ་ལྟར་བྱང་ཆུབ་སེམས་དཔས་ཀྱང་།། མཐོང་ནས ་བྱང་ཆུབ་ངེས་པར་འདོད།། དེ་ནི་སྙིང་རྗེ་འབའ་ཞིག་གི་ཁྱང་ཆུབ་པར་དུ་སྲིད་མཚམ་སྦྱོར།། དེ་བཞིན་གཤྀཌ་པཱུ་ཐེག་ཆེན་ལས།། བྱང་ཆུབ་སོའི་ཚོགས་བསྟན་ན།། དེ་ལ་ཀུན་ཏུ་རྨོངས་པ་དང་།། རབ་ཏུ་སྡང་བས་སྨོད་པར་བྱེད།། ཡོན་ཏན ་སྐྱོན་དུ་འདུ་ཤེས་པའམ།། ཡང་ན་ཡོན་ཏན་སྡང་བ་ཞིག། ཐེག་པ་ཆེ་ལ་སྨོང་བྱེད་གྲངས།། གཞན་ལ་གནོད་པ་སྐྱོན་དུང་ནི།། གཞན་ལ་ཕན་པ་ཡོན་ཏན་དུ།། ཤིས་ན་ཐེག་པ་ཆེན་པོ་ལ།། སྨོད་བྱེད་ཡོན་ཏནྡོ་སྡང་ཞེས ་བརྗོད།། རང་གི་དོན་ལ་མི་ལྟ་ཞིང་།། གཞན་དོན་རོ་གཅིག་དགའ་བ་གང་།། ཡོན་ཏན་འབྱུང་གནས་ཐེག་ཆེན་ཏེ།། དེས་ན་དེས་སྡང་བསྲེག་པར་འགྱུར།། དྲང་པ་ཅན་ནི་བཟུང་ཉེས་པས།། ཅིག་ཤོས་སྡང་ཞིང་ཁྲོས་པ ་ཡིས།། དད་པ་ཅན་ཡང་བསྲེགས་བཤད་ན།། སྡང་བས་ཕྱིར་ཕྱོགས་སྨོས་ཅི་དགོས།། དུག་གི་དུག་ནི་གསལ་བྱ་བར།། ཇི་ལྟར་སྨན་དཔྱད་ལས་བཤད་བཞིན།། སྡུག་བསྔལ་གྱིས་ཀྱང་མི་ཕན་པ།། གསལ་བར་བྱེད་པ ་ཅི་ཞིག་འགལ།། ཆོས་རྣམས་སྔོན་དུ་ཡིད་འགྲོ་ཞིང་།། ཡིད་ནི་གཙོ་བོ་ཞེས་གྲགས་བས།། སྡུག་བསྔལ་གྱིས་ཀྱང་ཕན་ཡིད་ཀྱང་།། པན་པར་བྱེད་པ་ཅིས་མི་ཕན།། མི་བདེ་བ་ཡང་ཕྱིས་རྗེས་ཕན ་འགྱུར་བ།། བྱ་ན་བདག་དང་གཞན་དག་ལ།། བདེ་ཕན་ལྟེ་ཞིག་ཅི་སྨོས་ཏེ།། ཆོས་འདི་གནའ་ཡི་ལུགས་ཡིན་ནོ།། གལ་ཏེ་བདེ་ཆུང་ཡོངས་བཏང་བས།། བདེ་བ་རྒྱ་ཆེན་མཐོང་འགྱུར་ན།། བརྟན་པས་བདེ་ཆེན་ཡང ་གཟིགས་ལ།། བདེ་བ་ཆུང་ངུ་བཏང་བར་མཛོད།། གལ་ཏེ་དེ་ཡང་མི་བཟོད་ན།། དེས་ན་སྨན་པ་ལ་སོགས་པ།། མི་ཞིག་སྨན་ནི་སྦྱིན་བྱེད་པ།། བཅོམ་འགྱུར་འདི་ནི་རྟད་མ་ཡིན།། གནོད་པར་འགྱུར་བ་གང་ཡིན་དེ།། ལ ་ལར་མཁས་བྱས་ཕནྡ་པར་མཐོང་།། སྤྱིར་བཏང་དམིགས་ཀྱིས་བསལ་བ་དག། བསྟན་བཅོས་དག་ནི་ཀུན་ལ་བསྔགས།། ཐེག་པ་ཆེན་པོ་གང་ཞིག་ལས།། སྙིང་རྗེ་སྔོན་བཏང་སྤྱོད་ཡུལ་དང་།། ཡེ་ཤེས་དྲི་མ་མེད་བཤད ་པ།། སེམས་ཡོད་སུ་ཞིག་དེ་ལ་སྨོད།། ཤིན་ཏུ་རྒྱ་ཆེ་རབ་ཟབ་ལ།། སྒྱིད་ལུག་བདག་ཉིད་མ་སྦྱངས་པས།། བདག་གཞན་དགྲ་རྣམས་རྨོངས་པ་ཡིས།། འདི་ན་ཐེག་པ་ཆེ་ལ་སྨོད།། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན ་འགྲུས།། བསམ་གཏན་ཤེས་རབ་སྙིང་རྗེའི་བདག། ཐེག་ཆེན་ཡིན་ན་དེ་ཡི་ཕྱིར།། འདི་ལ་ཉེས་བཤད་ཅི་ཞིག་ཡོད།། ཚུལ་ཁྲིམས་སྦྱིན་པས་གཞན་གྱི་དོན།། བརྩོན་འགྲུས་བཟོད་པོས་བདག་ཉིད་ཀྱིས།། བསམ་གཏན ་ཤེས་རབ་ཐར་པའི་རྒྱུ།། ཐེག་ཆེན་དོན་ནི་བསྡུས་པ་ཡིན།། བདག་དང་གཞན་ཕན་ཐརྱཱ་པའི།། མདོར་ནཱ་སངས་རྒྱུས་བསྟན་དེ་དག། ཕ་རོལ་ཕྱིན་དྲུག་ཁོ་ན་ཡིན།། དེ་བས་འདི་ནི་སངས་རྒྱས་བཀའ།། བྱང་ཆུབ་ལམ་ཆེན། ་བསོད་ནམས་དང་།། ཡེ་ཤེས་རང་བཞིན་སངས་རྒྱས་ཀྱིས།། གང་ལས་བསྟན་པའི་ཐེག་ཆན་དེ།། མི་ཤེས་ལྗོངས་རྣམས་མི་བཟོད་དོ།། ཡོན་ཏན་མཁའ་ལྟར་བསམ་ཡས་པས།། རྒྱལ་པོའི་ཡོན་ཏན་བསམ་ཡས་གསུང། ་གྲང་ཕྱིར་སངས་རྒྱས་བདག་ཉིད་ཆེ།། ཐེག་ཆེན་ལས་ཁོ་ཤད་འདིར་བཟོད་ཀྱི།། འཕགས་པ་ཤཱ་ར་དྭ་ཏིའི་བུས།། ཚུལ་ཁྲིམས་ཙམ་ཡང་མ་ཤེས་པས།། དེས་ན་སངས་རྒྱས་བདག་ཉིད་ཆེ།། དེ་བསམ་ཡས་པར་ཅི་མི་བཟོད ་ཐེག་པ་ཆེ་ལས་སྐྱེ་མེད་བསྟན།། གཞན་གྱི་ཟད་པ་སྟོང་པ་ཉིད།། ཟད་དང་མི་སྐྱེ་དོན་དུ་ནི།། གཅིག་པས་དེ་ཕྱིར་བཟོད་པར་གྱིས།། སྟོང་ཉིད་སངས་རྒྱས་ཆེ་བདག་ཉིད།། དེ་ལྟར་རིགས་པས་རྗེས་ལྟས་ན།། ཐེག་ཆེན་ཅིག་ཤོས་ལས ་གསུངས་པ།། མཁས་པ་རྣམས་ལ་ཅིས་མི་མཉམ།། དེ་བཞིན་གཤེགས་དགོངས་གསུངས་པ་རྣམས།། ཤེས་པར་སྨྲ་མིན་དེ་ཡི་ཕྱིར།། ཐེག་གཅིག་ཐེག་པ་གསུམ་གསུངས་པས།། བཏང་སྙོམས་ཀྱིས་ནི་བདག་བསྲུང་བྱ།། བཏང ་སྙོམས་ཀྱིས་ནི་སྡིག་མི་འགྱུར།། སྡང་བས་སྡིག་འགྱུར་དགེར་མི་འགྱུར།། དེ་བས་ཐེག་ཆེན་ཞེ་སྡང་བ།། བདག་ལེགས་འདོད་པས་བྱར་མི་རིགས།། ཉན་ཐོས་ཐེག་པ་དེ་ལས་ནི།། བྱང་ཆུབ་སེམས་དཔའི་སྨོན་ལམ་དང་།། སྤྱོད་པ ་ཡོངས་བསྔོ་མ་བཤད་ངེས།། བྱང་ཆུབ་སེམས་དཔར་ག་ལ་འགྱུར།། བྱང་ཆུབ་སེམས་དཔའི་བྱང་ཆུབ་ཕྱིར།། བྱིན་རླབས་སངས་རྒྱས་ཀྱིས་མ་བཤད།། དོན་འདི་ལ་ནི་རྒྱལ་བ་ལས།། ལྷག་པའི་ཚད་མ ་གཞན་སུ་ཡོད།། བྱིན་རླབས་འཕགས་པའི་བདེན་དོན་དང་།། བྱང་ཆུབ་ཕྱོགས་མཐུན་ལྡན་པ་ཡི།། ལམ་ནི་ཉན་ཐོས་ཐུན་མོང་ལས།། སངས་རྒྱས་འབྲས་བུ་གང་གིས་ལྷག། བྱང་ཆུབ་སྤྱོད་ལ་གནས་པའི་དོན།། མདོ་སྡེ་ལས་ནི་བཀའ་མ ་སྩལ།། ཐེག་པ་ཆེ་ལས་བཀའ་སྤྲུལ་པས།། དེ་ཕྱིར་མཁས་པ་རྣམས་ཀྱིས་བཟུང་།། བརྡའ་སྤྱོད་པ་དག་ཇི་ལྟ་བུར།། ཡི་གེའི་ཕྱི་མོའང་ཀློག་འཇུག་ལྟར།། དེ་བཞིན་སངས་རྒྱས་གདུལ་བྱ་ལོ།། ཇི་ཙམ་བཟོད་པའི་ཆོས་སྟོན་ཏོ།། ཁ་ཅིག་ལྔ ་ནི་སྡིག་པ་ལས།། རྣམ་པར་བཟློག་ཕྱིར་ཆོས་སྟོན་ཏེ།། ཁ་ཅིག་བསོད་ནམས་འགྲུབ་བྱའི་ཕྱིར།། ཁ་ཅིག་ལ་ནི་གཉིས་བརྟེན་པ།། ཁ་ཅིག་ལ་ནི་གཉིས་མི་བརྟེན།། ཟབ་མོ་ཁུ་འཁྲིག་ཅན་འཇིགས་པ།། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན།། ་བྱང་ཆུབ་བསྒྲུབ་པ་ཁ་ཅིག་ལ།། དེ་ལྟར་མཁས་པས་ཐེག་ཆེན་ལ།། ཁོང་ཁྲོ་བ་ནི་བླང་བྱ་ཞིང་།། རྫོགས་པའི་བྱང་ཆུབ་འགྲུབ་བྱའི་ཕྱིར།། ལྷག་པར་རབ་ཏུ་དྲང་བར་བྱ།། ཐེག་པ་ཚེ་ལ་རབ་དང་ཞིང་།། དེ་ལས་བཤད་པ་སྤྱད་པ་ཡིས།། བླ་མེད་བྱང ་ཆུབ་ཐོབ་འགྱུར་ཞིང་།། བདེ་བ་ཀུན་ཀྱང་ཞར་ལ་འགྲུབ།། དེར་ནི་སྦྱིན་དང་ཚུལ་ཁྲིམས་དང་།། བཟོད་པའི་ཆོས་ནི་ཁྱད་པར་དུ།། ཁྱིམ་པ་ལ་བཤད་སྙིང་རྗེ་ཡི།། སྙིང་པོ་ཅན་དེ་བརྟན་གོམས་མཛོད།། འོན་ཏེ་འཇིག་རྟེན་མི་བསྲུན་ཕྱིར།། ་ཆོས་ཀྱི་རྒྱལ་སྲིད་བགྱིད་དཀའ་ན།། དེས་ན་ཆོས་དང་གྲགས་དོན་དུ།། ཁྱོད་ཀྱི་རབ་བྱུང་ཐོབ་ཚད་མཛད་རིགས།། རིན་པོ་ཆེའི་ཕྲེང་བ་ལས་རྒྱལ་པོའི་ཚུལ་བསྟན་པ་སྟེ། ལེའུ་བཞི་པའོ།། །། དེ་ནས་རབ་ཏུ་བྱུང་བ་ཡི།། ་དང་པོར་བསླབ་ལ་རབ་གུས་བྱ།། སོ་སོར་ཐར་པ་འདུལ་བཅས་དང་།། མང་ཐོས་དོན་བསྟན་ངབབ་ལ་བསྒྲིམ།། དེ་ནས་ཉེས་པ་ཕྲན་ཚེགས་ཤེས།། ཉེས་པའི་གཞི་རྣམས་སྤང་བར་བྱ།། ལྔ་བཅུ་རྩ་བདུན་བསྒྲགས་པ་རྣམས།། ་འབད་དེ་ངེས་པར་བརྟག་པར་བྱ།། ཁྲོ་བ་སེམས་ཀྱི་འཁྲུག་པ་སྟེ།། དེ་དང་རྗེས་འབྲེལ་ཁོན་དུ་འཛིན།། འཆབ་པ་སྡིག་པ་འཆབ་པ་སྟེ།། འཚིག་པ་སྡིག་ལ་ཞེན་པའོ།། གཡོ་ནི་ཤིན་ཏུ་བསླུ་བ་སྟེ།། སྒྱུ་ནི་སེམས་རྒྱུད་གྱ་གྱུ་ལ།། ་ཕྲག་དོག་གཞན་གྱི་ཡོན་ཏན་གདུང་།། སེར་སྣ་གཏོང་བྱས་འཇིགས་པ་ཉིད།། ངོ་ཚ་མེད་དང་ཁྲེལ་མེད་པ།། རང་ལ་གཞན་དང་མི་འཛེམ་པའོ།། ཁེངས་པ་འདུད་པར་མི་བྱེད་པ།། ཉིས་རྩོམ་ཁྲོས་པས་སླད་པོའོ།། རྒྱགས ་པ་དྲེགས་པ་བག་མེད་པ།། དགེ་བ་རྣམས་ལ་མི་སྦྱོར་བའོ།། ང་རྒྱལ་རྣམ་པ་བདུན་ཡིན་ཏེ།། དེ་ནི་རབ་ཏུ་ཕྱེ་སྟེ་བཤད།། དེ་ལ་མངོན་པར་རློམ་བྱེད་པ།། དམན་པ་དམན་ཞིང་མཉམ་དང་མཉམ།། མཉམ་པས་ལྷག་པ་མཉམ ་སྙམ་པ།། བདག་ཉིད་ང་རྒྱལ་ཞེས་པའོ།། ཆོས་གོང་བདག་ཉིད་ཁྱད་འཕགས་དང་།། མཉམ་པར་རློམ་པོ་གང་ཡིན་ཏེ།། ལྷག་པའི་ང་རྒྱལ་ཁྱོད་འཕགས་པས།། ཁྱད་པར་འཕགས་པར་རློམ་པ་གང་།། ཤིན་ཏུ་མཐོ ་བས་མཐོ་སྙམ་པ།། ང་རྒྱལ་ལས་ཀྱང་ང་རྒྱལ་ཏེ།། འབྲས་ཀྱི་སྟེང་དུ་ཕོལ་མིག་དག། བྱུང་བ་བཞིན་དུ་ཐུབ་པ་ཡིན།། ཉེ་བར་ལེན་པ་ཞེས་བྱ་བ།། ལྔ་པོ་སྟོང་པ་དེ་དག་ལ།། རྨོངས་པས་ང་མཉམ་འཛིན་པ ་གང་།། དེ་ནི་ངའོ་སྙམ་པར་བཤད།། འབྲས་མ་ཐོབ་པར་ཐོབ་མཉམ་པ།། གང་ཡིན་མངོན་པའི་ང་རྒྱལ་ཏེ།། སྡིག་ལས་བྱེད་ལ་བསྟོད་པ་ནི།། མཁས་པས་ལོག་པའི་ང་རྒྱལ་རྟོགས།། བདག་དགོས་མེད་པ་ཉིད་དུ་ཞེས།། བདག ་ཉིད་སྨོད་པ་གང་ཡིན་དེས།། དམུན་པའི་ང་རྒྱལ་ཞེས་བྱ་སྟེ།། དེ་དག་མདོར་བདུན་བཤད་པའོ།། ཚུལ་ཆོས་རྙེད་དང་བཀུར་སྟིའི་ཕྱི་ར།། དབང་པོ་སྡོམ་པར་བྱེད་པ་སྟེ།། ཁྭ་གསག་རྙེད་དང་བཀུར་སྟིའི་ཆོས།། ཚིག་འཇམ་སྔར ་ནི་སྨྲ་བའོ།། གཞོགས་སློང་དེ་ནི་ཐོ་བ་བྱའི་ཕྱིར།། གཞན་གྱི་རྫས་ལ་བསྔགས་བྱེད་པ།། ཐོབ་ཀྱི་འཇལ་བ་རྙེད་པའི་ཕྱིར།། མངོན་སུམ་གཞན་ལ་སྨོད་བྱེད་པ།། རྙེད་པས་རྙེད་པ་རྣམ་འདོད་པ།། སྔར་ཐོབ་པ་ལ་བསྔགས་བྱེད་པའོ།། ་སྐྱོ་ནི་ཟློས་གཞན་གྱི་འཁྲུལ་གྱུར་པ།། དེ་དང་དྭེ་ནི་གང་ཟློས་པའོ།། སྤུངས་མེད་སོ་སོར་མ་བརྟགས་པར།། ནད་ལས་གྱུར་པའི་སློང་བ་འམ།། བདག་གཽ་ཡོ་བྱད་དྲན་པ་ལ།། ཆགས་ངན་ལེ་ལོ་ཅན་གྱི་ཡིན།། ཐ་དད་འདུ་ཤེས ་འདུ་ཤེས་གང་།། ཆགས་སྡང་མུན་གྱིས་བསྒྲིབས་པའོ།། ཡིད་ལ་མི་བྱེད་གང་ཡིན་དེ།། སེམས་ལ་ལྟ་བ་མེད་པར་བབཤད།། མཐུན་པར་བྱ་བ་རྣམས་ལ་ནི།། ལེ་ལོས་བཀུར་སྟི་ཉམས་པ་གང་།། བླ་མར་བཅོས་ལྡན་ཚུལ་མིན། ་ཏེ།། སྐྱེ་བ་ངན་པར་ཡོད་པར་འདོད།། ཞེན་པས་ཀུནྡ་ནས་དཀྲིས་པ་ཆུང་།། འདོད་པའི་འདོད་ཆགས་ལས་འབྱུང་བའོ།། ཡོངས་ཞེན་པདྨ་འདོད་པ་ལས་བྱུང་བའི།། ཀུནྡ་ནས་དཀྲིས་པ་ཆེ་རབ་ཡིན།། ཆགུས་པ་རང་གི་རྫས་ལ་ནི ་ཆགས་པས་འདོད་ཆགས་ལྡན་པའི་ཡིད།། གཞན་གྱི་རྫས་ལ་ཞེན་པ་ནི།། མི་རིགས་ཆགས་པ་ཞེས་བྱའོ།། སྤྱང་བྱ་བུད་མེད་ཆགས་སྟོན་པ།། ཆགས་པ་མ་ཡིན་འདོད་ཆགསོ།། སྡིག་འདོད་ཡོན་ཏན་མེད་བཞིན་དུ།། ཡོན་ཏན ་ལྡན་པར་ཚུལ་འཆོས་པའོ།། འདོད་ཆེན་ཤིན་ཏུ་བརྐམ་པ་སྟེ།། ཆོ་ག་ཤེས་དཔལ་ལས་འདའ་བའོ།། ཐོབ་འདོད་བདག་ཉིད་ཅི་ནས་ཀྱང་།། ཡོན་ཏན་ཡང་དག་ལྡན་ཤེས་འདོད།། མི་བཟོད་གནོད་པ་བྱེད་པ་དང་།། སྡུག ་བསྔལ་དག་ཀྱང་མི་བཟོད་པའོ།། ཚུལ་མེད་སློབ་དཔོན་བླ་མ་ཡཱི།། བྱ་བ་རྣམས་ལ་མ་གུས་པའོ།། བཀའ་བློ་བདེ་བ་མ་ཡིན་གང་།། ཆོས་མཐུན་ཚིག་སྨྲས་མེ་གུས་པའོ།། ཉེ་དུ་དང་འབྲེལ་རྣམ་རྟོག་ཉིད།། ཉེ་དུ་ལ་བྱས་ཆཊ་པའོ།། དེ་བ ་ཡུལ་སྲེད་དེ་དོན་དུ།། དེ་ཡི་ཡོན་ཏན་བརྗོད་པའོ།། དེ་བཞིན་མི་འཆི་རྟོག་པ་གང་།། འཆི་བའི་འཇིགས་པས་མི་དགོངས་པ།། རྗེས་རྣམས་རིགས་དང་ལྡན་རྟག་ནི།། བདག་ཉིད་ཅི་ནས་གཞན་དག་གི། ཡོན་ཏན་བདོག་པའི ་རྣམ་པ་ཡིས།། བླ་མར་བྱེད་པར་འགྱུར་སྙམ་པའོ།། གཞན་རྗེས་ཆགས་དང་ལྡན་པ་ཡི།། རྣམ་རྟོག་གང་ཡིན་གཞན་དག་ལ།། ཆགས་དང་གནོད་སེམས་རེག་པ་ཡིས།། ཕན་དང་མི་རྣམས་སེམས་པའོ།། མི་དགའ ་བརྟན་པ་མེད་པ་ཡི། ཕྲག་དོག་བསྒྲོགས་པའི་ཡོད་ཡིན་ནོ།། སྙོམས་པ་བཅོམ་པ་མེད་པའི་ལུས།། སྙིང་ལྐུག་དོན་ནི་ཉེས་བྱ་ཡིན།། འགྱུར་བ་ཉོན་མོངས་དབྱུང་གིས་ནི།། ལྷས་དང་ཁ་དག་འགྱུར ་ཟང་མྱི་འདོད་པ་བཟའ་གྲགས་པས།། སུས་མི་བདེ་བ་ཡིན་པར་བཤད།། སེམས་ནི་ཤིན་ཏུ་དམྱུར་བུ་ཉིད།། སམས་ཞུམ་ཡིན་པ་ཉིད་དུ་བཏྟམྦྷ།། འདོད་འ་ཡོན་ཏན་ལྔ་དག་ལ།། འདོད་པ་དོན་དུ་གཏོར་བ་ཉིད།། གནོད ་བདག་དང་གྲོགས་དང་སྒྱུའི། ཕྱོགས་ལ་དུས་གསུམ་དོན་མིན་པ།། གནོད་བྱས་གནོད་པ་གནོད་དོགས་ཕྱོགས།། དོག་པའི་གཞན་ལ་གནོད་པའི་སེམས།། རྒྱུ་དགུ་ལས་ནི་བྱུང་བ་ཡིན།། ལུས་སེམས་ལྕི་བཱིརརྱ་ལས་བྲལ་གཱ ་གླང་ཡིན་བྱིན་མརྫིག།། ཉིད་ནི་གཉིད་ཉིད་རྒོད་པ་ནི།། ལུས་སེམས་རབ་ཏུ་མན་པའོ།། འགྱོད་པ་དེན་པར་བྱས་ལ་འགྱོད།། བྷྲཱུཾས་གདུང་བ་ལས་བྱུང་བའོ།། བ~ཾ་དེ་ནི་དང་དུཀ་ནི་མཆོག་གསུམ་སོགས་ལཱྀ།། བློ་རྣམས་ག ་ནིཐེ་ཚོམ་མོ།། དེ་དག་བྱང་ཆུབ་སེམས་དཔས་སྤྱང་།། སྡོམ་བརྩོན་ཅན་གྱི་ལྷག་པར་སྤང་།། ཉེས་པ་དེ་རྣམས་དང་བྲལ་ནོ།། ཡོན་ཏན་རྣམས་ལ་བདེ་བླག་བརྟེན།། དེ་ལ་བྱང་ཆུབ་སེམས་དཔའ་ཡིས།། ཨོཾན་ཏན་མདུན ་ན་བྱ་བ་ནི།། སྦྱིན་དེ་ཚུལ་ཁྲིམས་བཟོད་བརྩོན་འགྲུས།། རྣམ་མ་ཀྱི་སོགས།། བྱིན་པ་ནི་ཚོངས་གཏོང་གི། ཚུལ་ཁྲིམས་གཞན་ལན་གྱི་བའི།། བཟོང་གི་ཁྲོ་བ་སྤངས་པ་སྟེ།། བརྩོན་འགྲུས་དས་། ་སྤྲོ་བ་ཉིད།། བསུམ་གཏན་རྩེ་གཅིག་ཉོན་མོངས་མེད།། ཤེས་རབ་བདེན་དོན་གཏན་ལ་འབེབས།། སྙིང་བརྩེ་སེམས་ཅན་ཐམས་ཅད་ལ།། སྙིང་རྗེ་རོ་གཅིག་ཟླ་སྨྲས་སོ།། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱི་བདྨོ།། བཟོད་པས ་མདངས་ལྡན་བརྩོན་པས་བརྗིད།། བསམ་གཏན་གྱིས་ཞི་བློ་ཡིས་གྲོལ།། སྙིང་བརྩེ་བས་ནི་དོན་ཀུན་འགྲུབ།། བདུན་པ་འདི་དགྲ་མ་ལུས་པར།། ཅིག་པར་ཕ་རོལ་ཕྱིན་པ་ཡི།། ཡེ་ཤེས་བསམ་གྱིས་མི་ཁྱབ་ཡུལ།། ་འཇིག་རྟེན་མགོན་པོ་ཉིད་ཐོབ་འགྱུར།། ཇི་ལྟར་ཉན་ཐོས་ཐིག་པཱ་ལ།། ཉན་ཐོས་ས་ས་ནི་བརྒྱད་བཻ་ཤད་པ།། དེ་བཞིན་ཐེག་པ་ཆེན་པོ་ལ།། བྱང་ཆུབ་སེམས་དཔྱིའོ་ས་བཅུའོ།། དེ་དག་དང་པོར་རབ་དགའ་བ།། བྱང་ཆུབ ་སེམས་དཔའ་དགའ་བྱེད་ཕྱིར།། ཀུན་ཏུ་སྦྱོར་བ་གསུམ་སྤངས་ཤིང་།། དེ་བཞིན་གཤེགས་པའི་རིགས་སྐྱེས་ཕྱིར།། དྲི་ཡི་རྣམ་པར་སྨིན་པོས་ན།། སྦྱིན་པའི་ཕ་རོལ་ཕྱིན་མཆོག་འགྱུར།། འཇིག་རྟེན་ཁམས་ནི་བརྒྱུ ་གཡོ་ཞིང་།། འཇིམ་གླིང་དབང་ཕྱུག་ཆེན་པོར་འགྱུར།། གཉིས་པ་དྲི་མ་མེད་ཅེས་བྱ།། ལུས་དང་ངག་དང་སེམས་ཀྱི་ལས།། བཅུ་ཆར་དྲི་མ་མེད་པའི་ཕྱིར།། ངང་གི་སྣ་དེ་དག་ལྷ་གནས་ཕྱིར།། དེ་ཡི་རྣམ་པར་སྨིན་པས ་ན། ཚུལ་ཁྲིམས་ཕ་རོལ་ཕྱིན་མཆོག་འགྱུར།། དཔལ་ལྡན་རིན་ཆེན་བདུན་གྱི་བདག། འགྲོ་བན་འཁོར་ལོས་སྒྱུར་བར་འགྱུར།། སེམས་ཅན་རྣམས་ཀྱི་འཆལ་པའི་ཁྲིམས།། སྤོང་བར་བྱེད་ལ་མཁས་པར་འགྱུར།། ་སཱ་གསུམ་པ་ནི་འོད་བྱེད་པ།། ཡེ་ཤེས་ཝཱ་སློང་འབྱུང་ཕྱིར།། བསམྦྷ་གཏན་མངོན་ཤེས་སྐྱེ་བ་དང་།། འདོད་ཆགས་ཞེ་སྡང་ཡོངས་ཟད་ཕྱིར།། དེ་ཡི་རྣམ་པར་སྨིན་པས་ནི།། བཟོད་དང་བརྩོན ་འགྲུས་ལྷག་པར་སྤྱོད།། ལྷ་ཡི་དབང་ཆེན་མཁས་པ་སྟེ།། འདོད་པའི་འདོད་ཆགས་ཟློག་པ་ཡིན།། བཞི་པ་འོད་འཕྲོ་ཅན་ཞེས་བྱ།། ཡང་དག་ཡེ་ཤེས་འོད་འབྱུང་ཕྱིར།། བྱང་ཆུབ་ཕྱོགས་མཐུན་མ་ལུས་པ།། ཁྱད ་པར་དུ་ནི་བསྒོམས་པོ་ཡིས།། དེ་ཡི་རྣམ་པར་སྨིན་པས་ནི།། རབ་འཐབ་བྲལ་ནུས་ལྷ་རྒྱལ་འགྱུར།། འཇིགས་ཚོགས་ལྟ་བ་རོབ་བྱུང་བ།། ཀུན་ནས་འཇོམས་བྱེད་མཁས་པ་ཡིན།། ལྔ་པ་ཤིན་ཏུ་སྦྱང་དཀའ་བདུད།། ་ཀུན་གྱི་ཤིན་ཏུ་ཐུབ་དཀའི་ཕྱིར། འཕགས་པའི་བདེན་སོགས་ཕྲ་མོའི་དོན།། ཤེས་ལ་མཁས་པ་འབྱུང་བའི་ཕྱིར།། དེ་ཡི་རྣམ་པར་སྨིན་པས་ནི།། དགའ་ལྡན་གནས་ཀྱི་ལྷ་རྒྱལ་འགྱུར།། མུ་སྟེགས་བྱེད་པ་ཐམས་ཅད ་ཀྱི།། ཉོན་མོངས་ལྟ་གནས་ཟློག་བྱེད་པའོ།། དྲུག་པ་མངོན་ཕྱོགས་ཞེས་བྱ་སྟེ།། སངས་རྒྱས་ཆོས་ལ་མངོན་ཕྱོགས་ཕྱིར།། ཞི་གནས་ལྷག་མཐོང་གོམ་པ་ཡིས།། འགོག་པ་ཐོབ་པས་རྒྱས་པའི་ཕྱིར།། དེ་ཡི་རྣམ་པར་སྨིན ་བས་ནི།། ལྷ་ཡི་རྒྱལ་པོ་རབ་འཕྲུལ་འགྱུར།། ཉན་ཐོས་རྣམས་ཀྱིས་མི་འཕྲོགས་པ།། ལྷག་པའི་ང་རྒྱལ་ཅན་ཞི་བྱེད།། བདུན་པ་རིང་དུ་སོང་བ་སྟེ།། གྲངས་ནི་རིང་དུ་སོང་ལྡན་ཕྱིར།། གང་ཕྱིར་སྐད་ཅིག་སྐད་ཅིག་ལ།། ་དེར་ནི་འགོག་ལ་སྙོམས་པཱར་འཇུག། དྭེ་ཡི་རྣམ་པར་སྨིན་པས་ནི།། དབང་སྒྱུར་ལྷ་ཡི་བདག་པོར་འགྱུར།། འཕགས་པའི་བདེན་མངོན་རྟོགས་ཞེས་པའི།། སློབ་དཔོན་ཁྱུ་མཆོག་ཆེན་པོར་འགྱུར།། དེ་བཞིན ་བརྒྱུད་པ་གཞོན་ནུའི་ས།། མི་གཡོ་བ་དེ་མི་རྟོག་ཕྱིར།། མི་གཡོ་དེ་བཞིན་ལུ་ས་དིང་ནི།། ངག་སེམས་སྤྱོད་ཡུལ་བསམ་མི་ཁྱབ།། དེ་ཡི་རྣམ་པར་སྨིན་པས་ནརྀ།། སྟོང་གི་བདག་པོའི་ཚངས་པར་འགྱུར།། དགྲ ་བཅོམ་རང་སངས་རྒྱས་སོགས་ཀྱིས།། དོན་གཏན་འབེབས་ལས་འཕྲོགས་པ་མེད།། ས་དགུ་པ་ནི་ལེགས་པ་ཡི།། བློ་གྲོས་ཞེས་བྱ་རྒྱལ་ཚབ་བཞིན།། གླིང་ཕྱིར་སོ་སོར་ཡང་དག་རིག།། ཐོབ་པས་འདི་ལ་བློ་གྲོས ་བཟང་།། དེ་ཡི་རྣམ་པར་སྨིན་པས་ནི།། སྟོང་ཉིད་བདག་པོ་ཚངས་པར་འགྱུར།། སེམས་ཅན་བསམ་པ་དྲིས་པ་ལ།། དགྲ་བཅོམ་སོགས་ཀྱིས་འཕྲོགས་པ་མེད།། བཅུ་པ་ཆོས་ཀྱི་སྤྲིན་ཡིན་ཏེ།། དམ་པ་ཆོས་ཀྱི་ཆར ་འབེབས་ཕྱིར།། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི།། འོད་ཟེར་དག་གིས་དབང་བསྐུར་ཕྱིར།། དེ་ཡི་རྣམ་པར་སྨིན་པས་ན།། གནས་གཙད་ལྕེ་ཡི་བདག་པོར་འགྱུར།། བསམ་ཡས་ཡེང་ཤེས་ཡུལ་གྱི་བདག། ་དབང་ཕྱུག་ཆེན་པོ་མཆོག་ཡིན་ནོ།། དེ་ལྟར་བཅུ་པོ་དེ་དག་ནི།། བྱང་ཆུབ་སེམས་དཔའི་ས་བཅུར་བསྒྲགས།། སངས་རྒྱས་རྣམས་ཀྱི་ས་གཞན་ཏེ།། རྣམ་པ་ཀུན་ཏུ་གཞལ་ཡས་པར།། རྒྱ་ཆེ་དེ་ནི་སྟོབས་བཅུ་དང་།། ་ལྟ་བ་ཡིན་པ་ཙམ་ཞིག་བརྗོད།། དེ་ཡི་སྟོབས་ནི་རེ་རེ་ཡང་།། འགྲོ་བ་ཀུན་བཞིན་དཔག་ཏུ་མེད།། སངས་རྒྱས་རྣམས་ཀྱི་ཚད་མེད་ཉིད།། ཕྱོགས་རྣམས་ཀུན་གྱི་ན་མཁའ་དང་།། ས་ཆུ་མེ་རླུང་ཇི་ལྟ ་དེ་ཙམ་ཞིག་ཏུ་བརྗོད་པ་བས།། གལ་ཏེ་རྒྱུ་ནི་དེ་ཙམ་དུ།། ཚད་མེདང་ཉིད་དུ་མ་མཐོང་ན།། སངས་རྒྱས་རྣམས་ཀྱི་ཚད་མེད་པ།། དེ་ལ་ཡིད་ཆེས་མི་འགྱུར་བས།། ངོ་ཕྱིར་སྐུ་གཟུགས་མཆོད་རྟེན་གྱི།། སྤྱན་སྡེ་འམ་ཡང་ན ་གཞན་ཡང་རུང་།། ཚིགསུ་བཅད་པ་ཉི་ཤུ་འདི།། ཉིན་གཅིག་བཞིན་ཡང་དུས་གསུམ་བརྗོད།། སྤངས་རྒྱུས་ཆོས་དང་དགེ་འདུན་དང་།། བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་།། རྣམ་ཀུན་བཏུད་དེ་སྐྱོབས་མཆིས་ན།། ་མཆོད་འོས་རྣམས་ལ་ཕྱག་འཚལོ།། སྡིག་པ་ལས་ནི་ལྡོག་བགྱིད་ཅིང་།། བསོད་ནམས་ཐམས་ཅད་ཡོངསུ་བཟུང་།། ལུས་ཅན་ཀུན་གྱི་བསོད་ནམས་དག། ཀུན་ལ་རྗེ་སུ་ཡི་རང་ངོ་།། བདག་ནི་སྤྱི་བཏུད་ཐལ་སྦྱོར་ཏེ།། ཆོས་ཀྱི ་འཁོར་ལོ་སྐོར་སྨད་དང་།། འགྲོ་གནས་བར་དུ་བཞུགས་སླད་དུ།། རྫོགས་པའི་སངས་རྒྱས་རྣམས་ལ་གསོལ།། དེ་ལྟར་བགྱིས་པའི་བསོད་ནམས་དང་།། བདག་གིས་བགྱིས་དང་མ་བགྱིས་དང་།། དེས་ནི་སེམས་ཅན་ཐམས ་ཅད་ཀྱང་།། བླ་མེད་བྱང་ཆུབ་སེམས་ལྡན་ཤོག། སེམས་ཅན་ཐམས་ཅད་དྲི་མེད་དབང་།། ཡོངས་རྫོགས་མི་ཁོམ་ཀུན་འདུས་ཤིང་།། སྤྱོད་པ་རང་དབང་ཡོད་པ་དང་།། འཚོ་བ་བཟང་དང་ལྡན་པར་ཤོག། ལུས་ཅན་དག་ནི ་ཐམས་ཅད་ཀྱང་།། ལག་ན་རིན་ཆེན་ཉིད་ལྡན་ཞིང་།། ཡོ་བྱད་ཐམས་ཅད་མཐའ་ཡས་པ།། འཁོར་བ་སྲིད་དུ་མི་ཟད་ཤློག། བུད་མེད་ཐམས་ཅད་དུས་ཀུན་ཏུ།། སྐྱེས་མཆོག་ཉིད་དུ་འགྱུར་བར་ཤོག། ལུས ་ཅན་ཐམས་ཅད་རིག་པ་དང་།། རྐང་པར་ལྡན་པ་ཉིད་དུ་ཤོག། ལུས་ཅན་ཁ་དོག་ལྡན་པ་དང་།། གཟུགས་བཟང་གཟི་བརྗིད་ཆུ་བ་དང་།། བུལྟ་ན་སྡུག་ཅིང་ན་དཱ་མེད་དང་།། སྟོས་ཅན་ཚེ་དང་ལྡན་པར་ཤོག། ཐམས་ཅད ་ཐབས་ལ་མཁས་གྱུར་ཏེ།། སྡུག་བསྔལ་ཀུན་ལས་ཐར་པ་དང་།། དཀོན་མཆོག་གསུམ་ལ་གཞོལ་བ་དང་།། སངསུ་རྒྱས་ཆོས་ནོར་ཆེ་ལྡན་ཤོག། བྱམས་དང་སྙིང་རྗེ་དགའ་བ་དང་།། ཉོན་མོངས་བཏང་སྙོམས་གནས་པ་དང་། ་སྦྱིན་དང་ཚུལ་ཁྲིམས་བཟོང་བརྩོན་འགྲུས།། བསམ་གཏན་ཤེས་རབ་ཀྱིས་བརྒྱན་ཅིང་།། ཚོགས་རྣམས་ཐམས་ཅད་ཡོངས་རྫོགས་ཏེ།། མཚན་དང་དཔེ་བྱད་གསལ་བ་དང་།། བསམ་གྱིས་མི་ཁྱབ་ས་བཅུ་དག། རྒྱུན་མི ་ཆད་པར་བགྲོད་པར་ཤོག། བདག་ཀྱང་ཡོན་ཏན་དེ་དག་དང་།། གཞན་ཀུན་གྱིས་ཀྱང་བརྒྱན་ལྡན་ཏེ།། ཉེས་པ་ཀུན་ལས་གྲོལ་བ་དང་།། སེམས་ཅན་ཀུན་མཆོག་བྱམས་པ་དང་།། སེམས་ཅན་ཀུན་ཡིད་རེ་བ་ཡི།། དགེ ་བ་ཐམས་ཅད་རྫོགས་བགྱིད་ཅིང་།། རྟག་ཏུ་ལུས་ཅན་ཐམས་ཅད་ཀྱི།། སྡུག་བསྔལ་སེལ་པོར་བགྱིད་པར་ཤོག། འཇིག་རྟེན་ཀུན་ན་སྐྱེ་བོ་གང་།། སུ་དག་འཇིགས་པོས་སྐྱོ་བ་རྣམས།། བདག་གི་མིང་ཙམ་ཐོས་པས་ཀྱང་།། ་ཤིན་ཏུ་འཇིགས་པ་མེད་པར་ཤོག། བདག་ནི་མཐོང་དང་དྲན་པ་དང་།། མིང་ཙམ་ཐོས་པས་སྐྱེ་བོ་རྣམས།། རབ་དང་འཁྲུགས་མེད་སྣལ་མ་རྣམས།། རྫོགས་པའི་བྱང་ཆུབ་ངེས་པ་དང་།། ཚེ ་རངས་ཀུན་ཏུ་རྗེས་འབྲང་བའི།། མངོན་ཤེས་ལྔ་པོ་ཐོབ་པར་ཤོག། སེམས་ཅན་ཀུན་ལྔ་རྣམ་ཀུན་ཏུ།། རྟག་ཏུ་ཕན་བདེ་བགྱོད་པར་ཤོག། འཇིག་རྟེན་ཀུན་ན་སྐྱེ་བོ་གྲང་།། སྡིག་པ་བྱེད་པར་འདོད་གྱུར་པ།། དེ་དག་ཐད་གནོད། ་མེད་པར།། རྟག་ཏུ་ཅིག་ཅར་ཟློག་གྱུར་ཅིག། ས་དྲང་ཆུ་དང་མེ་དང་རླུང་།། སྨན་དང་དགོན་པའི་ཤིང་བཞིན་དུ།། རྟག་ཏུ་སེམས་ཅན་ཐམས་ཅད་ཀྱིས།། རང་དགརཱི་དགོག་མེད་སྤྱོད་པར་ཤོག། སེམས་ཅན་རྣམས་ལ་སྲོག་བཞིན ་འཕངས།། བདག་ལས་དེ་དག་ཆེས་འཕངས་ཤོག། བདག་ལ་དེ་དག་སྡིག་སྨིན་ཅིང་།། བདག་དགེ་མ་ལུས་དེར་སྨིན་ཤོག། ཇི་སྲིད་སེམས་ཅན་འགའ་ཞིག་ཀྱང་།། གང་དུ་མ་གྲོལ་དེ་སྲིད་དུ།། དེ་ཕྱིར་བླ་ན་མེད་པ་ཡི།། བྱང ་ཆུབ་ཐོབ་ཀྱང་གནས་གྱུར་ཅིག། དེ་ལྟར་བརྗོད་པའི་བསོད་ནམས་གང་།། གལ་ཏེ་དེ་ནི་གཟུགས་ཅན་འགྱུར།། གང་གཱའི་བྱེ་མ་སྙེད་ཀྱི་ནི།། འཇིག་རྟེན་ཁམས་སུ་ཤོང་མི་འགྱུར།། དེ་ནི་བཅོམ་ལྡན་འདས་ཀྱིས་གསུངས།། གཏན ་ཚིགས་ཀྱང་ནི་འདི་ལ་སྣོད་།། སེམས་ཅན་ཁམས་ནི་ཚད་མེད་ལ།། ཕན་འདོད་དེ་ནི་དེ་འདྲའི།། དེ་ལྟར་བདག་གིས་ཁྱོད་ལ་ནི།། མདོར་བསྡུས་ཆོས་བཤད་གང་ཡིན་ཏེ།། ཁྱོད་ལ་ཇི་ལྟར་རྟག་ཏུ་སྐུ།། འཕངས་པ་བཞིན་དུ་འཕངས་པར ་མཛོད།། གང་ལ་ཆོས་དེ་འཕངས་གྱུར་པ།། དེ་ལ་དོན་དུ་བདག་ལུས་འཕངས།། འཕངས་ལ་ཕན་པ་བྱ་དགོས་ན།། དེ་ནི་ཆོས་ཀྱི་བྱེད་པར་འགྱུར།། དེ་བས་ཆོས་ནི་བདག་བཞིན་བརྟེན།། ཆོས་བཞིན་དུ་ནི་བསྒྲུབས་པ་དང་།། ་ཤེས་རབ་བཞིན་དུ་མཁས་པ་བརྟེན།། གཙང་ཞིང་བྱམས་ལ་བློ་ལྡན་པ།། ཕེབས་པས་ཕན་པ་སྨྲ་བོ་ལ།། གང་ཞིག་བདག་དྲན་དོགས་བྱེད་པ།། དེ་ནི་རང་དོན་ཆུད་ཀྱང་སོན།། གཙང་ཞིང་བྱམས་ལ་བློ་ལྡན་པ།། སྤོབས་པ ་ཕན་པར་སྨྲ་བ་ལ།། བདག་ནི་དགོན་དང་བཅས་འགྱུར་ཞེས།། མི་དབང་བདག་ཐུལ་ཐུགས་དམཱ་མཛོད།། དགེ་བུའི་བ་ཤེས་གཉེན་དེ་དག་གི། མཚན་ཉིད་མདོར་བསྡུས་མཁྱེན་པར་མཛོ་།། ཆོ་ག་ཤེས་སྙིང་རྗེ་ཚུལ་ཁྲིས ་ལྡན།། ཉོན་མོངས་སེལ་བའི་ཤེས་རབ་ཅན།། དེ་དག་གིས་ནི་ཁྱོད་བརྟན་ན།། ཁྱོད་ཀྱི་མཁྱེན་གྱིས་གུས་པར་མཛོད།། ལུགས་ནི་ཕུན་སུམ་ཚོགས་པ་འདིས།། གྲུབ་པོ་ཡིས་ནི་མཆོག་ཐོབ་འགྱུར།། བདེན་དང་སེན་འཇམ ་ཞིང་།། བདེ་བའི་ངང་ཚུལ་བསྙེན་དཀའ་བ།། ཚུལ་ལྡན་ཁྱང་དུ་བསོད་མི་འདོད།། རང་དབང་ལེགས་པར་སྨྲ་བར་མཛོད།། ལེགས་བཏུལ་བག་ལ་ཉལ་གཏོང་དང་།། བརྗིད་བག་ལྡན་ཞིང་སེམས་ཞི་བ།། རྒོད་པ་མེད་ཅིང ་མཐའ་མི་རིང་།། གཡོ་བ་མེད་དང་དེས་པ་མཛོད།། ཟླ་བ་ཉེ་བཞི་ནི་ངེས་པ་དང་།། སྔོན་གྱི་ཉི་བཞིན་གཟི་ལྡན་དང་།། རྒྱ་མཚོ་བཞིན་དུ་ཟབ་པ་དང་།། རི་རབ་བཞིན་དུ་ཆོས་བརྟན་མཛོད།། ཉེས་པ་ཀུན་ལས་རྣམ་གྲོལ་ཞིང་།། ཡོན། ་ཏན་ཀུན་གྱི་རྒྱན་གྱུར་ཏེ།། སེཾན་ཀུན་གྱི་ཉེར་འཚོ་དང་།། ཐད་མཁྱེན་པ་ཉིད་དུ་མཛོད།། ཆོས་འདི་རྒྱལ་པོ་འབའ་ཞིག་ལ།། བསྟན་པ་ཁོ་ནཱ་ར་མ་བས་ཀྱིས།། སེམས་ཅན་གཞན་ལའང་ཅི་རིགས་པར།། ཕན་པར་འདོད ་པས་བསྟན་པ་ལགས།། བདག་དང་གཞན་རྣམས་ཡང་དག་པར།། རྫོགས་པའི་སངས་རྒྱས་འགྲུབ་བགྱིའི་སླད།། རྒྱལ་པོ་གཏམ་དུ་བགྱི་བ་ནི།། གདུགས་རེ་ཞིང་ཡང་བསམ་པའི་རིགས།། ཚུལ་ཁྲིམས་སྐྱེ་བོ་བླ་མ ་མཆོག། བཀུར་བཟོད་དེ་བཞིན་བྲག་དྲོག་མེད།། སེར་སྣ་དང་བྲལཱ་རེ་དྭ་མེད་པར་བྱས་ནས་གཞན་དོན་ནོར་ཅནྡ་དང་།། ཕོངས་པར་གྱུར་ལ་ཕན་བྱེད་མཆོག་དང་མཆོག་མིན་ཡོངས་བཟུང་དོར་བ་དང་།། དམ་ཆོས་ཡོངས་བཟུང ་བྱང་ཆུབ་དོན་ཕྱིར་གཉེར་བ་རྣམས་ཀྱིས་རྟག་ཏུ་བྱ།། རིན་པོ་ཆེའི་ཕྲེང་བ་ལ་སྷོ། བྱང་ཆུབ་སེམས་དཔའི་སྤྱོད་པའི་ལེའུ་བསྟན་པི་སྟེ་ལྔ་པའོ།། ། རྒྱལ་པོ་ལ་གཏམ་བྱེ་བ་རིན་པོ་ཆེའི་ཕྲེང ་བློ་ཞེས་བྱ་བ་སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྐྱོབ་ཀྱིས་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ཛྙཱ་ན་གཱར་བྷ་དང་། བོད་ཀྱི་ལོ་ཙཱ་བོ་དགེ་སློང་ཀླུའི་རྒྱུ་ལོ་མཚན་གྱིས་བསྒྱུར ་ཅིང་ཞུས་ཏེ་གདོན་ལ་ཕབ་པའོ།། ། སླང་ཀྱི་རྒྱ་གར་གྱི་མཁན་པོ་ཀ་ན་ཀ་ལ་རྒྱ་དང་། ཁོད་ཀྱི་ལོ་ཙཱ་བ་པ་ཆེ་བ་ཉི་མ་གྲག་ཀྱིས་རྒྱ་པེ་གསུལ་གཏུན་ནས་ལེགས་པར་བཅོས་པའོ།། །། འདིས་ཀྱང་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་སྐེམ་ནུས་བརྒྱ ་